| Wylie | e-texts based on the Adarsha |
རྒྱ་གར་སྐད་དུ། ཨཱརྱ་མཱ་རཱི་ཙྱེ+ེ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ཉི་མ་དང་ཟླ་བའི་མདུན་དང་མདུན་ནས་འགྲོ་སྟེ། དེ་བལྟར་མེད། བཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་གཅད་དུ་མེད། མགོ་བྲེག་དུ་མེད། གཞུར་མེད། ཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོའོ། །དགེ་སློང་དག་གང་གིས་ཀྱང་ལྷ་མོ་འོད་ཟེར་ཅན་དེའི་མིང་ཤེས་པ་དེ་ཡང་བལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་གཅད་དུ་མེད། མགོ་བྲེག་ཏུ་མེད། གཞུར་མེད། ཚིག་པར་བྱར་མེད། དེ་དགྲའི་དབང་དུ་འགྲོ་བར་མི་འགྱུར་རོ། །དེ་ལྟར་བདག་གིས་ཀྱང་ལྷ་མོ་འོད་ཟེར་ཅན་གྱི་མིང་ཤེས་ཀྱིས་བདག་ཀྱང་བལྟར་མེད་པར་གྱུར་ཅིག་། གཟུང་དུ་མེད་པར་གྱུར་ཅིག་།བཅིང་དུ་མེད་པར་གྱུར་ཅིག་།དགག་ཏུ་མེད་པར་གྱུར་ཅིག་།བརྒལ་དུ་མེད་པར་གྱུར་ཅིག་།རྨོངས་པར་བྱར་མེད་པར་གྱུར་ཅིག་།ཆད་པས་གཅད་དུ་མེད་པར་གྱུར་ཅིག་།མགོ་བྲེག་ཏུ་མེད་པར་གྱུར་ཅིག་། གཞུར་མེད་པར་གྱུར་ཅིག་།ཚིག་པར་བྱར་མེད་པར་གྱུར་ཅིག་།དགྲའི་དབང་དུ་མི་འགྲོ་བར་གྱུར་ཅིག་།དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨོ~ཾ`་པ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུ་ད་ཡ་མ་སི། ནཻ་ར་མ་སི། ཨརྐ་མ་སི། མརྐ་མ་སི། ཨཱུར་མ་མ་སི། བ་ནཱ་མ་སི། གུལ་མ་སི། ཙི་བ་ར་མ་སི། མ་ཧཱ་ཙཱི་བ་ར་མ་སི། ཨན་ཏ་ར་དྷཱ་ན་མ་སི་སྭཱ་ཧཱ། ཨོཾ་ལྷ་མོ་འོད་ཟེར་ཅན་བདག་ལམ་དུ་སྐྱོབས་ཤིག་།བདག་ལམ་ལོག་པ་ལས་སྐྱོབས་ཤིག་།བདག་སྐྱེ་བོའི་འཇིགས་པ་ལས་སྐྱོབས་ཤིག་། བདག་རྒྱལ་པོའི་འཇིགས་པ་ལས་སྐྱོབས་ཤིག་།བདག་གླང་པོ་ཆེའི་འཇིགས་པ་ལས་སྐྱོབས་ཤིག་།བདག་ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབས་ཤིག་།བདག་ཀླུའི་འཇིགས་པ་ལས་སྐྱོབས་ཤིག་། བདག་སེང་གེའི་འཇིགས་པ་ལས་སྐྱོབས་ཤིག་།བདག་སྟག་གི་འཇིགས་པ་ལས་སྐྱོབས་ཤིག་།བདག་མེའི་འཇིགས་པ་ལས་སྐྱོབས་ཤིག་།བདག་ཆུའི་འཇིགས་པ་ལས་སྐྱོབས་ཤིག་།བདག་སྦྲུལ་གྱི་འཇིགས་པ་ལས་སྐྱོབས་ཤིག་། བདག་དུག་གི་འཇིགས་པ་ལས་སྐྱོབས་ཤིག་།བདག་ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་ལས་སྐྱོབས་ཤིག་།འཁྲུགས་པ་དང་། མ་འཁྲུགས་པ་དང་། ཉམས་པ་དང་། མ་ཉམས་པ་ཐམས་ཅད་དུ་ཡང་བདག་སེང་གེ་ལས་སྲུངས་ཤིག་།བདག་སྟག་ལས་སྲུངས་ཤིག་། བདག་ཀླུ་ལས་སྲུངས་ཤིག་།བདག་སྦྲུལ་ལས་སྲུངས་ཤིག་སྭཱ་ཧཱ། བདག་འཇིགས་པ་ཐམས་ཅད་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་།ན་མོ་རད་ན་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ལོ་ཏ་ལོ། ཀ་ལོ། སཙྪ་ལོ་ས་མ་པ་མུར་དྷ་ཌི་རཀྵ་རཀྵ་མ~ཾ། བདག་དང་སེམས་ཅན་ཐམས་ཅད་ལ་འཚེ་བ་དང་། འཇིགས་པ་དང་། ནད་ཐམས་ཅད་ལས་སྲུངས་ཤིག་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ། ཏདྱ་ཐཱ། ཨོཾ་བདཱ་ལི། བ་ཏཱ་ལི། བ་རཱ་ལི། བ་ར་ཧ་མུ་ཁི། སརྦ་དུཥྚན། པྲ་དུཥྚ་ན~ཾ། ཙཀྵུར་མུ་ཁ~ཾ་བན་དྷ་བན་དྷ། བན་དྷ་མུ་ཁཾ། ཛ~ཾ་བྷཱ་ཡ། སྟ~ཾ་བྷཱ་ཡ། མོ་ཧཱ་ཡ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཨོཾ་བ་རཱ་ལེ། བ་དཱ་ལེ། བཏ་ཏཱ་ལཱི། བཱ་རཱ་ཧཱ་མུ་ཁུ། སརྦ་དུཥྚཱན་པྲ་དུཥྚ་ནཱ~ཾ། ཙཀྵུ་མུ་ཁ~ཾ་བན་དྷ་བན་དྷ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།པཎ་ཌི་ཏ་ཨ་མོ་གྷ་བཛྲ་དང་། ལོ་ཙྪ་བ་དགེ་སློང་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ། ། །། @#། །རྒྱ་གར་སྐད་དུ། ཨཱརྱ་ཙུན་དེ་དེ་བི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལྷ་མོ་སྐུལ་བྱེད་མ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ།
CLOSE WINDOW