| Wylie | e-texts based on the Adarsha |
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་རྒྱལ་པོ་ཁྱོད་ཀྱིས་དེ་ལྟར་བྱོས་ཤིག་།རྡོ་རྗེ་མཆུའི་ཆོ་ག་རྫོགས་སོ།། །། བོད་སྐད་དུ། རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཐམས་ཅད་འདུས་ནས་ཀླུ་ཐམས་ཅད་ཀྱི་སྙིང་འཕྲོག་པར་བགྱིད་པ། སྙིང་འགེམས་པར་བགྱིད་པ། ཀླུ་མ་རུངས་པ་རྣམས་ཀྱི་རིགས་ཕུང་བར་འགྱུར་བ། རླུང་དང་སེར་བའི་སྤྲིན་ཐམས་ཅད་བཟློག་པར་བགྱིད་པ། མེ་ཏོག་དང་འབྲས་བུ་དང་ལོ་ཏོག་ཐམས་ཅད་འབྱོར་པར་བགྱིད་པ་རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་བརྗོད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་སླད་དུ་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་དང་རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་ངས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། འཕགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱི་བརླབས་ཀྱིས་ཁྱེད་ཀྱིས་སྨྲོས་ཤིག་ཅེས་བཀའ་སྩལ་པ་དང་། དེ་ནས་ཚངས་པ་དང་ཁྱབ་འཇུག་དང་། དབང་ཕྱུག་དང་རྒྱལ་པོ་ཆེན་པོ་བཞིས་གཟུངས་སྔགས་འདི་སྨྲས་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་དྲག་པོ་ལ་ཕྱག་འཚལ་ལོ། །ཕ་རོལ་ཟིལ་གྱིས་གནོན་པའི་མཐུ་བོ་ཆེ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་གཙོ་བོ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་བཞི་ལ་ཕྱག་འཚལ་ལོ། །རྡོ་རྗེ་གནམ་ལྕགས་འབར་བ་མ་རུངས་པ་དྲག་ཏུ་དགོད་པ་ལ་ཕྱག་འཚལ་ལོ། །མ་ཐཱ་མ་ཐཱ། པྲ་མ་ཐཱ་པྲ་མ་ཐཱ། ཛ་ལི་ཏ། བི་ཀྲི་ཏ། བཛྲ་ཛཱ་ཡ་ཛཱ་ཡ། མ་ཧཱ་བཱ་ལ་བྷྱོཿར་བི་ར་བ་ར་ཀྲ་མ་ཀྲོ་དྷ་རཱ་ཛཱ། པྲ་མ་བྷ་བུ་བུ་མ། པྲ་མ་སྭ་རེ། བྷོ་བྷོ་ནཱ་ག་དེ་བི་དི། བྷྱི་སར་མ་དྷ། པྲ་མ་དྷ་ན་དྷེ་ན། མུར་དྷ་ནན། སྤོ་དྷ་ཡཱ་མ། ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ། བྷ་ར་བྷ་ར། བྷརྣ་ཙཀྲ། ཧཱ་དྷ་ནི་བྷོ་པན་ནཱ་གེན་དྲེ། མ་ཏི་ཀྲ་མ་དེ་བན་ཙ་ཀྲེ་ན། ཤི་ར་ཙིན་ད་མི་ཧཱུ~ཾ་ཏི་ཧཱུ~ཾ་ཏི་ལི་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། མུ་དུ་མུ་དུ་མུ་ཧྱེན་དུ། སརྦ་དུཥྚ་ན་སྥོ་ཊ་ཡཱ། ཧྲི་ད་ཡ། མ་ཧེ་ཤྭཱ་ར་ཛྭ་ལ་དི། ཏྲི་ཤཱུ་ལ་དྷ་ར་དྷ་ར། ཧ་ན་ཧ་ན། ཧཱུ~ཾ་ཧཱུ~ཾ་ཕཊ། མུ་ཙི་མུ་ཙི། དུ་དི་བ་བྷ་བ་བྷ། ཀྵ་ནེ་ཀྵ་ཎེ་ཙ་ཏུར་ནཱ~ཾ། མ་ཧཱ་རཱ་ཛ་ནཱ~ཾ། ཛ་ལ་ཏི། ཤག་ཏི། དྷ་ར་དྷ་ར། ཧཱུ~ཾ་ཕཊ། སྤུ་ར་སྤུ་ར། བི་སྤུ་ར་བི་སྤུ་ར་བི་སྤུ་ར། ཙ་ར་རྦ་ཙ་ར་རྦ་ཙ་ར་རྦ། ན་ཤ་ཡ་དུཥྚན་ནཱ་ག་ཧྲི་ད་ཡ། སྥོ་ཊ་ཡཱ། ཧཱུ~ཾ་ཧཱུ~ཾ་ཕཊ། དུཥྚ་ཨ་ཤ་ནི། བྷད་ཏ་མ་ག་ཤི་བིདྱུ་ཛྭ་ལ། བྷསྨི་ཀུ~ཾ་རུ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། ས་མ་ཡ་མ་ནུ་སྨ་ར། བྷོ་ནཱ་གཱ་དྷི་བ་ཏི་བི་ཙིན་ཏུ། བྷྱི་བྷོ་ཡཱ། བྷོ་བྷོ་དུ། ཏི་ཏུ་ཏི་ཏུ། ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཨཱ་ཤཱ་ནི་ན་ཤཱ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཨཱ་ཤཱ་ནི་ན་ཤཱ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། སརྦ་ནཱ་ག་ཧྲི་ད་ཡཱ་ནི། བི་སྤོ་ཊ་ཀ་ཡཱ་ཧཱུ~ཾ་ཕཊ་སྭཱ་ཧཱ། བུད་དྷ་བི་ལོ་ཀི་ཏཱ་ཡ་སྭཱ་ཧཱ། པྲ་མཱ་ཡ་སྭཱ་ཧཱ། བིསྣུ་མུ་རཱ་ཡ་སྭཱ་ཧཱ། མ་ཧེ་ཤྭཱ་ར་ཛྭ་ལི་ཏ་ཏྲི་ཤཱུ་ལ་ཡེ་སྭཱ་ཧཱ། ཙ་ཏུར་མ་ཧཱ་རཱ་ཛ་ས་མ་དྷ་རཱ་ཡ་སྭཱ་ཧཱ། བི་ཙ་ག་ཏི་ཡ་ཕཊ་སྭཱ་ཧཱ། ཨོཾ་དི་རི་དི་རི་སྭཱ་ཧཱ། ཛ་ལི་ཏ་བག་ཏྲ་ཡཱ་སྭཱ་ཧཱ། ཛུ་ཏི་ཛུ་ཏི་སྭཱ་ཧཱ། ཕཊ་ཕཊ། རྡོ་རྗེ་འབར་བ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་སྔགས་འདི་ཐོས་མ་ཐག་ཏུ་ཀླུ་མ་རུངས་པ་ཐམས་ཅད་ལུས་རུལ་ནས་དྲི་མི་ཞིམ་པ་མནམ་པར་འགྱུར་རོ། །ལུས་སོ་སོར་ཞིག་ཅིང་འཕོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བསྐྱབ་ཏུ་གསོལ། ལྷ་དང་འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་དམད་པར་གྱུར། བདག་ཅག་ནི་མ་རུངས་པར་གྱུར་ཏོ། །བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་དུ་སེམས་ཅན་རྣམས་ལ་གནོད་པར་མི་བགྱིད། འགུམས་པར་མི་བགྱིད། ཆུང་ངུ་ན་མིག་ཀྱང་བལྟ་བར་མི་བགྱིད་ན་སྐམས་ལྟ་བ་ལྟ་ཅི་སྨོས། རྒྱ་མཚོ་ཀླུའི་རྒྱལ་པོ་དང་། ཀླུའི་རྒྱལ་པོ་གདུགས་ལྟ་བུ་དང་། ཀླུའི་རྒྱལ་པོ་མཐུ་ཆེ་བ་དང་། མདངས་ཆེ་བ་དང་། མ་རུངས་པ་ལ་སོགས་ཏེ། ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་འཚལ་ནས། ཀླུ་ཐམས་ཅད་ཀྱིས་དུས་ཕྱི་མའི་ཚེ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལ་གནོད་པར་མི་བགྱིད། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། ལོ་མ་དང་། ཡལ་ག་ཐམས་ཅད་སྲུང་བར་བགྱིད། རླུང་དང་། སེར་བ་ཐམས་ཅད་དགག་པར་བགྱིད། དུས་དུས་སུ་ཆར་དབབ་པར་བགྱིད་པར་རང་གི་བྲོའི་ཚིག་གི་ཡི་དམ་དང་། དེ་བཞིན་གཤེགས་པའི་དམ་ཚིག་རྗེས་སུ་བསྲུང་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བ་དང་ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་བགྱིད། གནོད་པར་མི་བགྱིད་དོ་བཅོམ་ལྡན་འདས་ཡོན་ཏན་གྱི་ཁྱད་པར་འདི་དག་ལ་འགལ་བར་བགྱིད་ན། བདག་ཅག་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག་།བྲོའི་ཚིག་ཀྱང་འདི་ལགས་ཏེ། ཏདྱ་ཐཱ། ཨོཾ་ཏ་གི་ཙ་གི་གྷུ་ལི་གྷུ་ལི། མུ་ལི་ཤ་ཤ་།གུ་གུ་ཤི་ཏི། བི་ར་མ་ཏི། ཧུ་ཡུ་ཧུ་ཡུ་སྭཱ་ཧཱ། ཆར་ཆེ་བ་འམ་ཆར་མི་འབབ་པ་འམ་དུས་མ་ཡིན་པར་ཆར་འབབ་པ་འམ་ཀླུང་དང་། སྤྲིན་དང་སེར་བ་དང་གྲང་བའི་རླུང་དང་གནམ་ལྕགས་ལྷུང་བའི་ཚེ་རིག་འཛིན་གྱི་བྲོ་ཚིག་འདི་ཁང་ཏོག་གམ་ས་མཐོན་པོ་འམ་རིའི་སྟེང་དུ་ཡང་རུང་ཁ་ཤར་ཕྱོགས་སུ་བལྟས་ཏེ་ལན་བདུན་སྐད་ཆེན་པོར་བཟླས་ཡུངས་དཀར་ལ་ལན་བདུན་བཟླས་ཏེ་གྱེན་དུ་གཏོར་ན། གཏོར་མ་ཐག་ཏུ་ཀླུ་ཐམས་ཅད་དུམ་བུར་འགྱུར་ཞིང་ནན་ཏན་བྱས་པས་མྱུར་དུ་ཆར་འབེབས་སོ། ། གཟུངས་འདི་ཉིད་ཀྱིས་དྲིལ་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཡུངས་དཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ནན་ཏུར་དྲག་པོར་བྱས་ཏེ་ཕྱོགས་བཞིར་གཏོར་ན་མཚམས་བཅད་པར་འགྱུར། རྡོ་རྗེ་གནམ་ལྕགས་མཆུ་ལན་བརྒྱད་དུ་བཟླས་པས་ཀླུ་དགུག་པར་བྱ་ལན་ཅིག་དྲན་པས་རླུང་དང་སེར་བ་སླར་བཟློག་པར་བྱའོ། །གནམ་ལྕགས་ལྷུང་ན་ཡང་ཆུར་འགྱུར་རོ། །རྡོ་རྗེ་སྐོར་ན་ཕྱོགས་གང་དུ་བསྐོར་བ་དེར་སེར་བ་འབྱོལ་ལོ། །ནང་པར་སྔར་ས་དབེན་པར་འདུག་སྟེ་སྔགས་འདི་ལན་སུམ་བཅུ་རྩ་གཉིས་བཟླས་ན་རླུང་དང་སྤྲིན་དང་སེར་བ་ཡང་འགག་པར་འགྱུར་རོ། །ཀླུས་གནོད་པ་མི་བྱེད་ཅིང་ཕྱིས་ཀྱང་མི་ཚུགས་སོ། །ཡུངས་དཀར་ལ་སྔགས་ཏེ་ཕྱོགས་བཞིར་གཏོར་ན་ལོ་གཅིག་གི་བར་དུ་མཚམས་བཅད་དེ་རླུང་དང་སྤྲིན་དང་སེར་བ་ཡང་མི་གཡོའོ། །ངག་ཉན་ཅིང་ཀུན་དུ་བསྲུང་བ་དང་ལས་བྱེད་པར་འགྱུར་རོ། །སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་དྲིལ་བུ་དཀྲོལ་ན་ཀླད་པ་འགས་ཤིང་ས་ལ་ལྟུང་བར་འགྱུར་ཏེ་གནོད་པ་བྱེད་པ་སེལ་ལོ། །མཆོད་པ་ཚུལ་བཞིན་བསྔགས་པར་བྱས་ཏེ་སྐད་གསལ་བར་བཀླགས་ཏེ་ཕྱོགས་བཞི་སྟེང་འོག་ཏུ་ཡུངས་དཀར་གཏོར་ན་སེར་བ་དང་རླུང་དང་ཀླུས་གནོད་པ་བྱེད་པ་བཅིངས་པར་འགྱུར། ལྟས་ངན་པ་དང་། མི་དགེ་བ་དང་བཀྲ་མི་ཤིས་པ་དང་གཟའ་དང་འབྱུང་པོ་དང་ཤ་ཟ་དང་གནོད་སྦྱིན་དང་སྲིན་པོ་ཡང་ཕྱིར་བསྐྲད་པར་འགྱུར། དཔག་ཚད་ཁོ་ར་ཁོར་ཡུག་ཏུ་མཚམས་བཅད་པར་འགྱུར། ནད་དང་གནོད་པར་སེམས་པ་དང་ཕས་ཀྱི་རྒོལ་བའི་དགྲ་བགེགས་ཐམས་ཅད་ཟློགས་པར་འགྱུར་རོ། །ལོ་ཏོག་དང་འབྲས་བུ་དང་ཁུ་བ་རྒྱས་པ་དང་། སྨིན་པ་དང་ཆེ་བར་འགྱུར། འབྱུང་པོ་དང་གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ། རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །། @#། །རྒྱ་གར་སྐད་དུ། ཨཱརྱ་ས་དྷྲི་ཤ་ཨ་ཡ་ཨོ+ོཥྛ། བོད་སྐད་དུ། འཕགས་པ་ལྕགས་མཆུ་ནག་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
CLOSE WINDOW