| Wylie | e-texts based on the Adarsha |
ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ོཾ་མུ་ཙི་ནི་སྭཱ་ཧཱ། མུ་ཁེ་སེ་སྭཱ་ཧཱ། མོ་ཧཱ་ནི་སྭཱ་ཧཱ། དན་ཏི་རི་སྭཱ་ཧཱ། ཆོ་ག་ནི་ཆུ་ཁྱོར་བ་གང་ལ་བཟླས་པ་བྱས་ཏེ་འཐུངས་ནས་སེམས་བཞིན་དུ་ཉལ་ན་ལག་ན་རྡོ་རྗེས་རྨི་ལམ་བསྟན་པར་འགྱུར་རོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ོཾ་མུ་ཙི་ནི་སྭཱ་ཧཱ། མུ་ཁེ་སེ་སྭཱ་ཧཱ། མོ་ཧཱ་ནི་སྭཱ་ཧཱ། དན་ཏི་རི་སྭཱ་ཧཱ། ཆོ་ག་ནི་ཆུ་ཁྱོར་བ་གང་ལ་བཟླས་པ་བྱས་ཏེ་འཐུངས་ནས་སེམས་བཞིན་དུ་ཉལ་ན་ལག་ན་རྡོ་རྗེས་རྨི་ལམ་བསྟན་པར་འགྱུར་རོ། །རྨི་ལམ་མཐོང་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །རྨི་ལམ་མཐོང་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་བདག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་གཞོན་ནུའི་རིག་སྔགས་བཤད་དོ། །དངོས་གྲུབ་ཐོབ་པ། དུས་མ་ཡིན་པར་འཆི་བ་ཐམས་ཅད་ཡོངས་སུ་སྐྱོབ་པ། གདོན་ཐམས་ཅད་ཡོངས་སུ་འདུལ་བ། ཀུན་ཏུ་སྲུང་བ། སླར་ལྡོག་པ་འདི་ནི་རྡོ་རྗེ་འཛིན་པས་བཤད་དེ། ཏདྱ་ཐཱ། བཛྲེ་བཛྲེ། ས་ར་ས་ར། ཨ་མོ་གྷ་བཛྲེ། བཛྲ་ཀ་ལ་ཀ་ལ་ཨཱ་ཙི་ཏ་བཛྲེ་ནི། རཀྵ་རཀྵ་ར། ན་མཿསརྦ་གྲ་ཧོ་སུ་པ་ཏྲ་བེ་བྷྱེཿ། ཀ་ཏ་ཀ་ཏ། ཧ་ན་ཧ་ན། སརྦ་དུཥྚ་ནན། ཀ་ར་མ་ནི་ཏ་ནཱ་ཡ། པྲ་ས་ར་པྲ་ས་ར། ད་མ་ད་ར། ཤ་མ་ཤ་མ། གྷུ་མ་གྷུ་མ། གྷུ་མེ་གྷུ་མེ། བཛྲ་མ་ལ་ད་རི། ཙྪིན་ད་ཙྪིན་ད། ཙ་ཀྲེ་ཧྲི་ད་ཡ། ནི་ར་མི་ཏེ། ནཱི་ལ་བ་སེ་ནེ། སོ་མ་ཀ་སཱ་ཡ། བི་ཙིན་དྲ། ས་ནན་ཏི་ས་ཀ་ལ་རསྟྲི། ཀྲི་ཤན་པ~ཾ་ག་ལི། བི་ཀྲི་ཏྲ་བེ་ཏ་ལི་རཀྵ་རཀྵ་མན། སརྦ་ཏ་སརྦ་ཏ། བྷྱ་ཡེ་བྷྱཿ། སརྦ་པ་ལཱ་ཡ། བྷྱི་ས་ས་སྱ། སརྦཱ་ད་ཏྲ་རཀྵ་ཀུ་རུ་ཀུ་རུ། བ་རི་བ་པ་རི་གྲཱ་མ་ལ་ན~ཾ་ཤཱན་ཏིང་སྭ་སྱ་ཡ་ན~ཾ། ད་ན་ར་པ་རི་ཧ་ར~ཾ། ཤསྟ་ཐ་རི་ཧ་ར~ཾ། བི་ཤ་ཏུ་ཤ་ནན། སརྦ་ཨ་མྲྀ་ཏ་ནི་པ་ར་ནན། ཏདྱ་ཐཱ། བཛྲེ་བཛྲེ། མ་ཧཱ་བཛྲེ། བཛྲེ་མཱ་ལ་དྷ་རི། བཛྲ་ནི་ད་ནི། བདག་དང་། སེམས་ཅན་ཐམས་ཅད་ལ་སྲུངས་ཤིག་སྲུངས་ཤིག་།གདུག་པ་ཐམས་ཅད་མེད་པར་མཛོད་ཅིག་།ཧ་ད་ཧ་ཧ་ཧ་ད། གདོན་ཐམས་ཅད་ལའོ། ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་། ཕཊ་ཕཊ་ཕཊ། དྷ་ཀ་དྷ་ཀ་།ཀ་ད་ཨུག་ཀ་རུ་པི་ནི་པ་ཙ་པ་ཙ། ཕྲ་མེན་མ་ཐམས་ཅད་བསྐྲད་དོ་བཟློག་གོ། ཨ་པེ་ཨ་པེ་རྡོ་རྗེ་གཞོན་ནུ་རྡོ་རྗེ་གཞོན་ནུས་འཐེན་པ་རིམས་ཐམས་ཅད་མེད་པར་བྱེད་པ། གདོན་ཐམས་ཅད་འཇོམས་པ། བྷ~ཾ་ཛ་བྷ~ཾ་ཛ། ཏ་མ་ཏ་མ། བདག་ལ་སུ་ཞིག་སྨོད་དེ། ཏདྱ་ཐཱ། ས་ར་ས་ར། ད་ར་ཡ་ད་ར་ཡ། གདོན་ཐམས་ཅད་འགོག་པ་དང་། རྡོ་རྗེ་གཞོན་ནུ་སླར་ལྡོག་པའི་རིག་སྔགས་འདི་ལ་སུ་ཞིག་འདའ་བར་བྱེད་ན། དེ་ལ་རྡོ་རྗེ་གཞོན་ནུ་འབར་བས་སྤྱི་བོ་ཚལ་པ་བདུན་དུ་འགས་སོ། །སྥོ་ཊ་ཡ་སྥོ་ཊ་ཡ། གྲ་ས་ཙྪིན་ད་ཙྪིན་ད། སུ་ཞིག་བདག་ལ་གཞན་གྱིས་རིག་སྔགས་དང་། བྱད་སྟེམས་བྱེད་པ་དང་། བྱེད་དུ་འཇུག་པ་དེ་དག་གི་ལུས་ལ་སླར་འགྲོ་ཞིང་སླར་འབར་བར་འགྱུར་རོ། །ག་ག་ཏེ་ཨ་ཙ་ལེ། རི་པེ་རི་པེ། པྲ་ཧ་ར་སྟམ་བྷ་ནི། པྲ་ཧ་ར་ས~ཾ་ཀ་མ་ནི། འཚོ་བའི་དབང་པོ་ལ་སྲུངས་ཤིག་སྲུངས་ཤིག་།སུ་ཞིག་བདག་ལ་བགེགས་བྱེད་པ། སྡིག་པ་ཐམས་ཅད་དུ་གདུང་བར་བྱེད་པའི་རིག་སྔགས་ཀྱི་ཕྲེང་བས་སོ། །ས་ར་ས་ར། སུ་རེཎ་ཌེ་སུ་རེཎ་ཌེ། རྡོ་རྗེའི་ཕོ་ཉ་མོས་ཕྱོགས་ཐམས་ཅད་བཅིང་ངོ་བཅིང་བར་བྱའོ། །ཏདྱ་ཐཱ། མོ་ཧ་ནི། ཛམ་བྷ་ནི། སྟམ་བྷ་ནི། ནད་ཐམས་ཅད་འཇིལ་བ། སུ་ཞིག་རིག་སྔགས་འདི་ལས་འདའ་བར་བྱེད་ན་དུག་ཆེན་པོར་འགྱུར་རོ། ། གང་ཞིག་རིག་སྔགས་འདི་ལུས་ལ་འཆང་བ་དང་། ཁ་ཏོན་བྱེད་ན། དེ་ལ་ནམ་ཡང་དུག་གིས་མི་ཚུགས། མ་རུངས་པའི་གདོན་ཐམས་ཅད་ཀྱང་འདའ་བར་མི་བྱེད། འཕྲ་མེན་མ་ཐམས་ཅད་ཀྱང་འདའ་བར་མི་བྱེད། མཐོང་བ་ཙམ་གྱིས་ཀྱང་དབང་དུ་འགྱུར་རོ། །འཐབ་མོ་དང་། རྩོད་པ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །རིག་སྔགས་འདིའི་སྟོབས་ཀྱིས་ཐམས་ཅད་སྒྲོལ་ལོ། ། མྲྀ་ཏེ་ས~ཾ་བྷ་བ་སྭཱ་ཧཱ། བདག་ལ་སྲུངས་ཤིག་སྲུངས་ཤིག་།དགྲ་ཐམས་ཅད་ཀྱི་ནང་དུ་སོང་ཡང་རུང་།
CLOSE WINDOW