CLOSE WINDOW

J826: སྙིང་རྗེས་མི་བཤོལ་བ་ཞེས་བྱ་བའི་གཟུངས
Wyliee-texts based on the Adarsha Input

རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སྐར་མས་ཞུས།། @#། །བོད་སྐད་དུ། སྙིང་རྗེས་མི་བཤོལ་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་མངའ་བ། གནོད་པ་ཐམས་ཅད་ལས་ཐར་བར་མཛད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་པ། འབྱུང་པོ་ཐམས་ཅད་ངེས་པར་བཟློག་པ། སེམས་ཅན་མི་ཁོམ་པ་བརྒྱད་དུ་ལྷུང་བ་རྣམས་ཡང་དག་པར་སྒྲོལ་བ་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་འཚལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཤད་པའི་གཟུངས་ཐུགས་རྗེ་ཆེན་པོ་མི་བཤོལ་བ་ཞེས་བྱ་བ་འདི་བརྗོད་ཀྱིས། ཐུགས་རྗེ་ཆེན་པོ་མངའ་བ་བདག་ལ་དགོངས་སུ་གསོལ། །འདི་ལྟ་སྟེ། ཨོཾ་ཛ་ཏ་ཛ་ཏ། ཛི་ཏི་ཛི་ཏི། ཛུ་ཏུ་ཛུ་ཏུ། ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། ཐུགས་རྗེ་ཆེན་པོ་མངའ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་འདུས་པ་རྗེས་སུ་དགོངས་ཏེ་གཤེགས་སུ་གསོལ། ཙ་ཏ་ཙ་ཏ། ཙི་ཏི་ཙི་ཏི། ཙུ་ཏུ་ཙུ་ཏུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་རྗེས་ཀྱི་སྤྲིན་དུ་རྗེས་སུ་དགོངས་ཏེ་ཐུགས་རྗེ་ཆེན་པོ་མངའ་བ་མྱུར་དུ་གཤེགས་སུ་གསོལ། །ར་ལ་ར་ལ། རི་ལི་རི་ལི། རུ་ལུ་རུ་ལུ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་གཞི་ལས་བཞེངས་སུ་གསོལ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། བོ་དྷི་བོ་དྷི། ཨེ་ཧི་ཨེ་ཧི། བུད་དྷ་བུད་དྷ། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པས་བཞེངས་སུ་གསོལ་བཞེངས་སུ་གསོལ། །བྱམས་པ་ཆེན་པོས་འབྱུང་པོ་ཐམས་ཅད་བཟློག་ཏུ་གསོལ། །ཐུགས་རྗེ་ཆེན་པོའི་སྤྲིན་གྱིས་བདག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ། །བྷུ་ན་བྷུ་ན། བི་བྷུ་ན་བི་བྷུ་ན། མ་ཐཱ་མ་ཐཱ། པྲ་མ་ཐཱ་པྲ་མ་ཐཱ། བཞེངས་སུ་གསོལ་བཞེངས་སུ་གསོལ། །ཚུར་གཤེགས་ཚུར་གཤེགས། བདག་གི་བསམ་པ་རྫོགས་པར་མཛད་དུ་གསོལ། ལས་སྦྱང་དུ་གསོལ། མ་ཧཱ་ཀ་རུ་ཎི་ཀཱ་ཡ་སྭཱ་ཧཱ། མ་ཧཱ་པད་མ་ཧསྟཱ་ཡ་སྭཱ་ཧཱ། པད་མ་ཨ་ས་ནཱ་ཡ་སྭཱ་ཧཱ། ཤ་ཏཱ་ཛྙཱ+ོ་ཨུ་པ་བཱི་ཏི་ཡ་སྭཱ་ཧཱ། ཀི་རི་ཏ་ནེ་སྭཱ་ཧཱ། ཤཱུ་ལ་ནེ་སྭཱ་ཧཱ། ཙཀྲ་ནེ་སྭཱ་ཧཱ། བཛྲ་ནེ་སྭཱ་ཧཱ། ཏྲ་ན་ཏྲེ་ཡ་པྲ་ཧ~ཾ་རུ་རུ་པ་ཡ་སྭཱ་ཧཱ། ཨཱ་ཀཱ་ཤ་ཡ་སྭཱ་ཧཱ། ཤི་ཤི་ནི་སྭཱ་ཧཱ། པྲ་ཙ་པ་ཏ་ཡེ་སྭཱ་ཧཱ། ཡ་མ་ཡེ་སྭཱ་ཧཱ། ཡ་མ་བྷུད་ཡ་སྭཱ་ཧཱ། ཨཱ་ཏ་ཛེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ། ཛ་ར་ཡུ་ཛེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ། ས~ཾ་སྭ་ད་ཚེ་བྷྱོ་བྷུ་དེ་བྷྱཿསྭཱ་ཧཱ། ཨ་བ་ཡུ་པ་པ་དུཿཁེ་བྷྱོ་བྷྱ་ཏེ་བྷྱཿསྭཱ་ཧཱ། བི་ཏི་ཀ་བྷྱོ་བྷྱ་དྷྱི་བྷྱཿསྭཱ་ཧཱ། བཻ་དྷ་ཏི་ཀེ་བྷྱོ་བྷྱ་དྷྱི་བྷྱཿསྭཱ་ཧཱ། ཥྥ་ཥྞ་ཀེ་བྷྱོ་བྷྱ་དྷྱི་བྷྱཿསྭཱ་ཧཱ། ས་ན་ནི་ས་ཧི་ཀེ་བྷྱོ་བྷྱ་དྷྱེ་བྷྱཿ་སྭཱ་ཧཱ། སརྦ་བུད་དྷོ་བྷྱོ་སྭཱ་ཧཱ། སརྦ་བྷྱ་ཏི་བྷྱཿསྭཱ་ཧཱ། བྷུ་མི་ཨནྟ་རི་ཥ་ཙ་རྱེ་བྷྱོ་བྷྱཿསྭཱ་ཧཱ། འདི་ལྟ་སྟེ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲི་ཊི་ཏྲི་ཊི། ཏྲུ་ཊུ་ཏྲུ་ཊུ། བདག་འཇིགས་པ་ཐམས་ཅད་དང་། འཚེ་བ་ཐམས་ཅད་ལས་སྲུངས་ཤིག་སྭཱ་ཧཱ། གྲ་ས་གྲ་ས། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཨད་ཛྙ་པ་ཡ་ཏི་སྭཱ་ཧཱ། སྙིང་རྗེས་མི་བཤོལ་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།སྐར།། @#། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་མཱ་ཏཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།

CLOSE WINDOW