Wylie | e-texts based on the Adarsha ![]() ![]() |
།དེ་བཞིན་དུ་ཡིད་རྣམ་པར་དག་པ་ལྔ་ཡང་ཐོབ་པར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སངས་རྒྱས་མཐོང་བ་དང་ཆོས་མཐོང་བ་དང་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་འབྲལ་བར་མི་འགྱུར་རོ། །ལུས་མཛེས་པར་འགྱུར་རོ། །སེམས་དང་བར་འགྱུར་རོ། །འཕགས་པ་པད་མའི་སྤྱན་ཞེས་བྱ་བའི་གཟུངས་རྫོགས་སོ། ། །། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་ས~ཾ་བྷ་བེ། ཨ་མི་ཏ་བི་ཀྲཱན་ཏ་གཱ་མི་ནི། ག་ག་ན་ཀཱིར་ཏི་ཀ་རི། སརྦ་གླེ་ཤ་ཀྵ་ཡ~ཾ་ཀ་རི་སྭཱ་ཧཱ། གཟུངས་འདིའི་ཡོན་ཏན་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པའང་ལན་གསུམ་བཟླས་པ་བྱས་ན་དེ་རྣམས་ཟད་པར་རིག་པར་བྱའོ། །ཉི་ཤུ་རྩ་གཅིག་ཏུ་བཟླས་པ་བྱས་ན་རྩ་བ་བཞིའི་ལྟུང་བའི་སྡིག་ཡོངས་སུ་བྱང་བར་འགྱུར་ཏེ། སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་བསྐྲུན་པར་ཡང་འགྱུར་རོ། །སྣང་བ་མཐའ་ཡས་རྗེས་སུ་དྲན་པ་རྫོགས་སོ།། །། ཟླ་བའི་འོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙན་དྲེ་ཙན་དྲེ། སུ་ཙན་དྲ། མ་ཏི་ཙན་དྲ། ཙན་དྲ་ཀ་ར་ཎ། སི་རི་སི་རི། བུདྡྷ་ཨ་དྷི་ཥྛི་ཏེ། ཀི་ལི་ཀི་ལི། དྷརྨ་ཨ་དྷི་ཏེ། ཀི་ལི་ཀི་ལི། ས~ཾ་གྷ་ཨ་དྷི་ཏེ་སྭཱ་ཧཱ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་རྟག་ཏུ་ནང་པར་ལངས་ཏེ། ཟླ་བའི་འོད་དེ་བཞིན་གཤེགས་པའི་མཚན་དྲན་པར་བྱེད་པ་དེ་ནི་བསྐལ་པ་བཞི་ཁྲིར་ཚེ་རབས་དྲན་པར་འགྱུར་ཏེ། དེ་ནི་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །ཟླ་བའི་འོད་ཀྱི་མཚན་རྗེས་སུ་དྲན་པས་ཡོན་ཏན་དེ་རྣམས་ཐོབ་པར་འགྱུར་རོ། །ཟླ་བའི་འོད་ཀྱི་མཚན་རྗེས་སུ་དྲན་པ་རྫོགས་སོ།། །། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨཱ་ནུ་ག་ཏེ། ཨོཾ་ཀུ་རུ~ཾ་གི་ནི་སྭཱ་ཧཱ། འདི་ལན་ཅིག་བཟླས་པས་ཀྱང་བསྐལ་པ་འབུམ་ཕྲག་བརྒྱད་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་ཟད་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པ་རྫོགས་སོ།། །། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། ཨོཾ་ཀུ་རུ~ཾ་གི་ནི་སྭཱ་ཧཱ། འདི་ལན་ཅིག་བཟླས་པས་ཀྱང་བསྐལ་པ་འབུམ་ཕྲག་བརྒྱད་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་ཟད་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པ་རྫོགས་སོ།། །། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །ན་མོ་རད་ན་ཤི་ཁེ་ནེ། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་སམྱག་ས~ཾ་བུདྡྷཱ་ཡ། ཏདྱ་ཐཱ། རད་ནེ་རད་ནེ་རད་ན་ཤི་ཁེ་ནེ་སྭཱ་ཧཱ། འཆི་བའི་ཚེ་དྲན་ན་ངན་སོང་ཀུན་ལས་རྣམ་པར་གྲོལ་བར་འགྱུར། འཆི་འཕོས་ནས་ཀྱང་སུམ་བཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེའོ། །སངས་རྒྱས་རིན་ཆེན་གཙུག་ཏོར་གྱི་མཚན་རྗེས་སུ་དྲན་པ་རྫོགས་སོ།། །། @#། །རྒྱ་གར་སྐད་དུ། ཨཱརྱ་བི་མ་ལ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་པ། བློ་གྲོས་རྣམ་པར་དག་པ་ཚུལ་ཁྲིམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། །བློ་གྲོས་རྣམ་པར་དག་པ་ཏིང་ངེ་འཛིན་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། །བློ་གྲོས་རྣམ་པར་དག་པ་བཟོད་པ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། །བློ་གྲོས་རྣམ་པར་དག་པ་ཕན་པའི་དངོས་པོ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། །བློ་གྲོས་རྣམ་པར་དག་པ་བྱམས་པ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། །བློ་གྲོས་རྣམ་པར་དག་པ་སྙིང་རྗེ་ཡོངས་སུ་དག་པ་དང་། དགའ་བ་ཡོངས་སུ་དག་པ་དང་། བཏང་སྙོམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། །བློ་གྲོས་རྣམ་པར་དག་པ་རྣམ་པར་གྲོལ་བ་ཡོངས་སུ་དག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།
CLOSE WINDOW