CLOSE WINDOW

J521(c): འཕགས་པ་པརཎ་ཤ་བ་རིའི་མདོ
Wyliee-texts based on the Adarsha Input

། །། འཕགས་པ་པརྞ་ཤ་བ་རིའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེཾདའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེཾདའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །བཱ་མ་ནེ་ཏྭཱ~ཾ་ན་མ་ཥྱཱ་མཱི་ཏྭ~ཾ་ན་མ་སྱཱ་མི་བཱ་མ་ནེ། བྷ་ག་བ་ཏེ་པི་ཤཱ་ཙི། པརྞྞ་ཤ་བ་རི། པི་ཤཱ་ཙི་པ་ཤ་པར་ཤུདྷཱ་རི་ཎཱི། ཡ་ནི་ཀ་ནི་ཙིད་བྷ་ཡཱ་ནྱད་པ་དྱད་ཏེ། ཡཿཀཱ་ཙིད་མ་ཧཱ་མ་ར་ཡོ། ཡཿཀཱ་ཙིད་ཏི་མཧཱ་མར་ཡོ། ཨཿཀཱ་ཙིད་ཏི་ཡོ། ཡི་གེ་ནི་ཙིད་ཨུ་པ་དྲ་བཱཿ། ཡི་གེ་ཙིད་ཨཱུ་པཱ་ཡཱ་སཱ། ཡི་གེ་ཙིད་ཨདྷྱཱ་ཨད་མི་གཱ་བྷ་ཡཱ། ཡེ་ཀེ་ཙིད་ཨུ་པ་ཡཱརྒྒ་ཨུ་པ་སརྒྒ་ས~ཾ་བད་དྷ་བཱ་ཨུད་པ་དྱད་ཏེ། སརྦ་ནི་ཏཱ་ནི། སརྦ་སྟ། སརྦེ་ཏེ་བཱ་ལ་ཏ་ཨེ་བོད་བ་དྱནྟེ། ན་པ་ཎ་ཌི་ཏ་ཏཿ། ཏད་ནེ་ན་ས་ཏྱེ་ན་ས་ཏྱ་བ་ཙ་ནེ་ན་ས་ཏྱ་བཱ་ཀ་ཀེ་ནཿཏདྱ་ཐཱ། ཨུ0f00་ཛཿཛཱཿཛཿཛཱཿེ་བྷི་ཤ་པཎྜི་ཏ་ཨ་དྷིཥྛི་ཏེར་མནྟྲ་པ་དཻར། མ་མ་སརྦ་སཏྭ་ནཱན་ཙ། རཀྵ་ཀུ་རུ་པ་རི་ཏྲཱ་ན~ཾ་ཀུ་རུ། པ་རི་གྲ་ཧ~ཾ་ཀུ་རུ། པ་རི་པཱ་ལ་ན~ཾ་ཀུ་རུ། ཤཱནྟི་ཀུ་རུ་སྭ་སྟྱ་ཡ་ན~ཾ་ཀུ་རུ། དཎྜ་པ་རི་ཧཱ་ར~ཾ་ཀུ་རུ། སསྟྲ་པ་རི་ཧ་ར་ཀུ་རུ། ཡ་བད་བ་ཥི་དྷུ་ཥ་ཎ~ཾ་ཀུ་རུ། ཨཀ་ནི་པ་རི་ཧཱ་ར~ཾ་ཀུ་རུ། ཨུ་ད་ག་པ་རི་ཧཱ་ར~ཾ་ཀུ་རུ། ཀ་ཁོར་ད་ཙྪེ་ད་ན~ཾ་ཀུ་རུ། སཱི་མཱ~ཾ་བནྡྷ~ཾ་ཀུ་རུ། དྷ་ར་ཎཱི་བནྡྷ~ཾ་ཀུ་རུ། ཏདྱ་ཐཱ། ཨ་མི་ཏེ་ཨ་མི་ཏེ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་ས~ཾ་བྷ་བེ། ཨ་སྭ་སྟེ། ཨ་སྭ་སྟྱཱ~ཾ་གེ། མཱ་མ་ར་མཱ་མ་ར། མཱ་ས་ར་མཱ་ས་ར། ཤ་མ་པྲ་ཤ་མ་ཨུ་པ་ས་མ་སརྦ་བྱ་དྷཱ+ེ། ནུ་པ་ས་མ་སརྦ་ཨ་ཀཱ་ལ་མྲི་ཏྱ། ནུ་པ་ས་མ་སརྦ་ནཀྵ་ཏྲ་གྲ་ཧ་དོ་ཥཱ་ནུ་ས་མ། སརྦ་ད~ཾ་ཥྚི་ཎཱ~ཾ། ཙོ་ས་ས་མ། བྷ་ག་བ་ཏེ། པརྣྞ་ཤ་བ་རི། ཏྱུ~ཾ་ན་ཏྱུ~ཾ་ན། བི་ཏྱུ~ཾ་ན་བི་ཏྱུ~ཾ་ན། ཏུ་ན་ཏུ་ན་ཏུ་མུ་ལེ་སྭཱ་ཧཱ། ཨུ0f00་གཽ་རྀ་གནྡྷཱ་རི་ཙཎྜ་ལེ་མཱ་ཏ~ཾ་གི་། པུཀྐཱ་སཱི་སྭཱ་ཧཱ། ན་མཿསརྦ་ཤ་པ་རཱ་ཎཱ~ཾ། མ་ཧཱ་ཤཱ་བ་རཱ་ཎ~ཾ། བྷ་ག་བ་ཏེ་པི་ཤཱ་ཙེ་པརྞྞ་ཤ་བ་རི་སྭཱ་ཧཱ། ཨུ0f00་པི་ཤཱ་ཙི་པརྞྞ་ཤ་བ་རི་ཧྲིཿཧཿ། ཧཱུ~ཾ་ཕཊ་པི་ཤཱ་ཙི་སྭཱ་ཧཱ། ཨུ0f00་ཨཾ་ཀུ་རེ། ཀུ་རེ་ཀུ་ར་རེ་པརྞྞ་ཤ་བ་རི་སྭཱ་ཧཱ། གནག་ནད་ལ་སྲད་བུ་བྱས་ཏེ། བརྒྱ་རྩ་བརྒྱད་དུ་བཟླས་ཤིང་མདུད་པ་བརྒྱ་རྩ་བརྒྱད་དུ་མདུད་དེ། སྔགས་ཀྱི་སྙིང་པོ་བྲིས་པའི་སྣོད་དང་བཅས་པས་བཟླས་པ་ཚུལ་བཞིན་དུ་བྱས་ལ། དེའི་རྗེས་ལ་ནད་པའཾ། རྟ་དང་བ་ལང་ལ་སོགས་པ་ལ་སྤོས་ཆུས་བཀྲུས་ནས་ཁྱུ་མཆོག་ཀྱང་བཀྲུས་ཏེ་དེའི་མགོ་ལ་བཅིང་ན་ཞི་བར་འགྱུརོ། །དེ་བཞིན་དུ་མ་ཧེ་དང་། ར་ལུག་རྣཾས་ལ་གནོད་པ་བྱུང་བ་ལ་ཡང་ལྷསུ་བྲིས་བྱའོ། །བུཾ་པ་ཆུ་གཙང་མས་བཀང་སྟེ་བརྒྱ་རྩ་བརྒྱད་དུ་སྔགས་ནས་བཀྲུས་ན་ཞི་བར་འགྱུརོ། །སྔ་དྲོ་ཕྱུགས་ཀྱི་ལྷསུ་སོང་ལ་དྲི་དང་མེ་ཏོག་གི་གཏོར་མ་བྱས་ཏེ། བུཾ་པ་སར་པ་མ་སྤྱད་པ་ཆུས་བཀང་ལ་བརྒྱ་རྩ་བརྒྱད་དུ་སྔགས་ཏེ། ཕྱུགས་ལྷས་ཀྱི་སྒོར་རྟ་བབས་གཟུགས་ཤིང་། རྟ་བབས་དེ་ལ་ཆུ་ཤིང་གི་ལོ་མ་ལ་རིག་པ་གིའུ་ཝང་གིས་བྲིས་ཏེ། རྟ་བབས་ཀྱི་ཁར་གདགས་སོ། །དེ་ནས་ཕྱུགས་ཐཾད་གཟས་ལ་སོང་བ་རྟ་བབས་ཀྱི་སྒོ་དེ་ནས་གཟུད་དོ། །གཞན་ཡང་བུཾ་པ་བཞི་ཆུས་བཀང་སྟེ་བརྒྱ་རྩ་བརྒྱད་དུ་སྔགས་ནས་མི་བཞི་ཆུས་གཏོར་ན་ཕྱུགས་ནད་མེད་པར་འགྱུརོ། །དེ་བཞིན་དུ་ཞག་བདུན་དུ་བྱས་ན་ནད་ཐཾད་ཞི་བར་འགྱུར་རོ། །མི་ནད་དང་ཕྱུགས་ནད་ལ་གྲོ་ག་ལ་བྲིས་ཏེ། མཆོད་པ་བྱས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་གདགས་སོ། །སྟག་གི་འཇིགས་པ་ལ་དྲིལ་བུ་ལ་བཟླས་ནས་དཀྲོལ་བར་བྱའོ། །ཆུ་སྲིན་གྱིས་འཇིགས་པ་ལ་མདའ་དང་། ཕ་གུ་ལ་བསྔགས་ན་སྦྲུལ་དང་། བྱི་བ་དང་། སྡིག་པ་ལ་སོགས་པ་རྣཾས་ཀྱང་ཁ་བཅིངས་པར་འགྱུརོ། །གཡུལ་ངོར་ཐལ་བ་ལ་བསྔགས་ཏེ། སྤྱི་བོ་དང་མགུལ་དུ་བྱུགས་ན་མཚོན་ཆ་བཟློག་པར་བྱེད་དོ། །སྐུད་པ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་ནད་པའི་ཁྲི་ལ་བཅིང་ངོ་། །བུཾ་པ་ལ་བརྒྱ་རྩ་བརྒྱད་དུ་བསྔགས་པས་ཁྲུས་བྱའོ། །ལག་པའི་སྐུད་པ་ལ་བཟླས་ནས་བཅིང་ངོ་། །དེ་ནས་བདེ་བར་འགྱུརོ། །ཡུལ་བསྐོར་ཏེ་དྲིལ་བུ་དང་། རྔ་དང་། དུང་ལ་བཟླས་པ་བྱས་ན་བགེགས་ཐཾད་འབྱེར་ཏེ་གནོད་པ་འང་ཞི་བར་འགྱུར་རོ། །སྐྱེས་བུ་དཔའ་བོ་ཡི་དཔྲལ་བར་རིག་པའི་མདོངས་གཞག་ལ་མཚོན་ཆ་བསྐུར་ན་དགྲ་འམ་གཡུལ་ཞི་བར་འགྱུརོ། །འཕགས་པ་པརྞྞ་ཤ་བ་རིའི་མདོ་རྫོགསྷོ།། །། རྒྱ་གར་སྐད་དུ། ཨཱརྱ་པརྞྞ་ཤ་བ་རི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགྶ་མ་རི་ཁྲོད་ལོ་མ་གྱོན་པ་ཞེས་བྱ་བའི་གཟུངས།

CLOSE WINDOW