CLOSE WINDOW

J456(b): མངོན་སྤྱོད་ཀྱི་ལས
Wyliee-texts based on the Adarsha Input

།རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག་།རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཆོག་།རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིག་པ་བྱེ་བའི་ཚོགས་ཀྱི་སྐོར། །ཧ་ལ་ཧ་ལ་ནག་པོ་ཆེ། །སྒྲ་ཆེ་ཞིང་ནི་འཇོམས་པ་ཅན། །རྡོ་རྗེ་འདོད་པ་འདོད་པ་ཆེ། །རྙོག་པའི་དུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བ་ཐེ་ཚོམ་གཅོད། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་སྣང་མཛད་པ། །ཉི་མ་སྟོང་གིས་གདུངས་པའི་ཞལ། །སྤྱན་དམར་འཇིགས་པར་མཛད་པ་པོ། །ཁྲོ་བོ་དུ་མ་འོད་བཞིན་འཕྲོ། །ཕྱག་རྣམས་དུ་མ་མཚོན་ཆ་བརྒྱ། །དུ་མའི་ཞལ་ལ་སྐུ་ཡང་སྟོང་། །འཁྱིལ་ཅིང་རྒྱན་ཡང་འཁྱིལ་པ་ལ། །སེམས་ཀྱི་ཆོས་པས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་སྤངས། ། མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །སྒྱུ་མ་གཏོགས་འདོད་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་སྟེ། །སངས་རྒྱས་སངས་རྒྱས་རབ་རྟོགས་པ། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །ཀུན་དུ་བཟང་པོ་ཆེར་བཟང་བ། །མཚན་རྣམས་དམ་པས་རྣམ་པར་བརྒྱན། །ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེ་བདག་ཉིད་གཙོ། །གང་གིས་འདི་བྲིས་བཀླགས་གྱུར་ཏམ། །རྟག་ཏུ་དེ་དོན་འཆང་བྱེད་དམ། །དྲན་ནམ་ཉན་པར་བྱེད་ཀྱང་རུང་། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྟག་པ་ཕྱོགས་གཅིག་པ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ཤཱན་ཏིང་གརྦྷ་དང་། བོད་ཀྱི་ལོ་ཙྪ་བ་བནྡེ་ཛ་ཡ་རཀྵི་ཏས་བསྒྱུར་ཅིང་ཞུས། ཨཱ་ཙཨཱརྱ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་བཅོས་ནས་གཏན་ལ་ཕབ་པ།། །།དགེའོ། ཞུས་དག་། @#། །དུར་ཁྲོད་དག་དང་ཤན་པ་ཡི། བོད་ཀྱི་ལོ་ཙྪ་བ་བནྡེ་ཛ་ཡ་རཀྵི་ཏས་བསྒྱུར་ཅིང་ཞུས། ཨཱ་ཙཨཱརྱ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་བཅོས་ནས་གཏན་ལ་ཕབ་པ།། །།དགེའོ། ཞུས་དག་། @#། །དུར་ཁྲོད་དག་དང་ཤན་པ་ཡི། །ཁྱིམ་དང་སྲིན་པོའི་གནས་རྣམས་སུ། །མངོན་སྤྱོད་ཀྱི་ནི་ལས་བྱ་བ། །ཐབ་ཁུང་ཐ་མ་བར་མ་མཆོག་།ཕྱེད་དང་གསུམ་འམ་ཁྲུ་གསུམ་འམ། །ཁྲུ་དགུ་པ་ནི་བྱས་པ་ལས། །སྟེགས་བུ་དེ་ཡི་ཚད་བརྩིགས་ཏེ། །གྲུ་གསུམ་པའམ་མདུང་རྩེ་འདྲ། །ཁྱིམ་དང་སྲིན་པོའི་གནས་རྣམས་སུ། །མངོན་སྤྱོད་ཀྱི་ནི་ལས་བྱ་བ། །ཐབ་ཁུང་ཐ་མ་བར་མ་མཆོག་།ཕྱེད་དང་གསུམ་འམ་ཁྲུ་གསུམ་འམ། །ཁྲུ་དགུ་པ་ནི་བྱས་པ་ལས། །སྟེགས་བུ་དེ་ཡི་ཚད་བརྩིགས་ཏེ། །གྲུ་གསུམ་པའམ་མདུང་རྩེ་འདྲ། །ལུགས་ཕྱེ་སོལ་ཕྱེ་དུག་གིས་ནི། །བསྐུས་པས་ཐབ་ཁུང་ནག་པོར་བྱ། །དབུས་སུ་རྡོ་རྗེ་རྩེ་དགུ་པ། །ནག་པོ་ཤིན་ཏུ་འབར་བ་བྲི། །མུ་རན་སྟེང་དུ་རྩེ་གསུམ་དང་། །རྒྱ་གྲམ་པ་ཡི་རྡོ་རྗེས་མཚན། །དེ་ཡི་ཕྱི་རོལ་མུ་ཁྱུད་ལ། །ལུགས་ཕྱེ་སོལ་ཕྱེ་དུག་གིས་ནི། །བསྐུས་པས་ཐབ་ཁུང་ནག་པོར་བྱ། །དབུས་སུ་རྡོ་རྗེ་རྩེ་དགུ་པ། །ནག་པོ་ཤིན་ཏུ་འབར་བ་བྲི། །མུ་རན་སྟེང་དུ་རྩེ་གསུམ་དང་། །རྒྱ་གྲམ་པ་ཡི་རྡོ་རྗེས་མཚན། །དེ་ཡི་ཕྱི་རོལ་མུ་ཁྱུད་ལ། །དབྱུག་པ་དང་ནི་དགྲ་སྟ་དང་། །རལ་གྲི་ཤིན་ཏུ་འབར་བ་བྲི། །དེ་ཡི་ཕྱི་རོལ་ཀེང་རུས་ཏེ། །བདེ་གཤེགས་ལ་སོགས་ཕྱག་རྒྱས་མཚན། །དུད་སྤྲིན་མདོག་འདྲ་དྲང་སྲོང་མཆོག་།མི་རོའི་སྟེང་བཞུགས་རྩེ་གསུམ་དང་། །གཟར་བུ་ཕྲེང་བ་རིལ་བར་ལྡན། །དབྱུག་པ་དང་ནི་དགྲ་སྟ་དང་། །རལ་གྲི་ཤིན་ཏུ་འབར་བ་བྲི། །དེ་ཡི་ཕྱི་རོལ་ཀེང་རུས་ཏེ། །བདེ་གཤེགས་ལ་སོགས་ཕྱག་རྒྱས་མཚན། །དུད་སྤྲིན་མདོག་འདྲ་དྲང་སྲོང་མཆོག་།མི་རོའི་སྟེང་བཞུགས་རྩེ་གསུམ་དང་། །གཟར་བུ་ཕྲེང་བ་རིལ་བར་ལྡན། །དེ་ལྟའི་མེ་ལྷ་སྤྱན་དྲངས་ནས། །ལྷོར་བལྟས་ཁྲོས་པའི་སེམས་ཀྱིས་སྲེག་།ཤིན་ཏུ་གདུག་ཅིང་ཚེར་མར་བཅས། །སྲེག་ཤིང་ཡམ་ཤིང་བྱས་ནས་ཀྱང་། །ཤ་དང་ཁྲག་དང་ལྕགས་ཕྱེ་དང་། །རུས་ཕྱེ་དུག་དང་ཀེ་ཚེ་དང་། །དེ་ལྟའི་མེ་ལྷ་སྤྱན་དྲངས་ནས། །ལྷོར་བལྟས་ཁྲོས་པའི་སེམས་ཀྱིས་སྲེག་།ཤིན་ཏུ་གདུག་ཅིང་ཚེར་མར་བཅས། །སྲེག་ཤིང་ཡམ་ཤིང་བྱས་ནས་ཀྱང་། །ཤ་དང་ཁྲག་དང་ལྕགས་ཕྱེ་དང་། །རུས་ཕྱེ་དུག་དང་ཀེ་ཚེ་དང་། །དྲི་ཆེན་དྲི་ཆུ་ལ་སོགས་པའི། །རྫས་རྣམས་ཀུན་ལ་དུག་གིས་ནི། །བསྒོས་པས་ལན་གྲངས་འབུམ་སྲེགས་ནས། །དེ་ཡི་ལོངས་སྤྱོད་འབྱོར་པ་དང་། །གཉེན་དང་འཁོར་དང་བྲན་རྣམས་དང་། །བུ་དང་ཆུང་མར་བཅས་པ་རྣམས། ། །དྲི་ཆེན་དྲི་ཆུ་ལ་སོགས་པའི། །རྫས་རྣམས་ཀུན་ལ་དུག་གིས་ནི། །བསྒོས་པས་ལན་གྲངས་འབུམ་སྲེགས་ནས། །དེ་ཡི་ལོངས་སྤྱོད་འབྱོར་པ་དང་། །གཉེན་དང་འཁོར་དང་བྲན་རྣམས་དང་། །བུ་དང་ཆུང་མར་བཅས་པ་རྣམས། ། སྤངས་ཏེ་སྲོག་དང་བྲལ་ནས་ནི། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར། །མངོན་སྤྱོད་ཀྱི་ལས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱིན་ཏིང་གརྦྷ་དང་། ལོ་ཙྪ་བནྡེ་ཛ་ཡ་རཀྵི་ཏས་བསྒྱུར་བའོ། །སྭ་པ་ར་ཧི་ཏ་བྷ་བནྟུ། སྤངས་ཏེ་སྲོག་དང་བྲལ་ནས་ནི། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར། །མངོན་སྤྱོད་ཀྱི་ལས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱིན་ཏིང་གརྦྷ་དང་། ལོ་ཙྪ་བནྡེ་ཛ་ཡ་རཀྵི་ཏས་བསྒྱུར་བའོ། །སྭ་པ་ར་ཧི་ཏ་བྷ་བནྟུ། ། །། @#། །རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ཏེ་ཛྭ་རཱ་ཛ་སྱ་ཏ་ཐཱ་ག་ཏ་སྱ་ཨ་ར་ཧ་ཏེ་སཾ་མྱཀ་སཾ་བུད་དྷ་སྱ་ཀལ་བ་ཨེ་ཀ་དེ་ཤ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ཞེས་བྱ་བ། ། །། @#། །རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ཏེ་ཛྭ་རཱ་ཛ་སྱ་ཏ་ཐཱ་ག་ཏ་སྱ་ཨ་ར་ཧ་ཏེ་སཾ་མྱཀ་སཾ་བུད་དྷ་སྱ་ཀལ་བ་ཨེ་ཀ་དེ་ཤ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ཞེས་བྱ་བ།

CLOSE WINDOW