CLOSE WINDOW

H723: མི་དགའ་བར་བྱེད་པའི་གཟུངས་
Wyliee-texts based on the ACIP/ALL Input

།ཉི་མ་རེ་རེ་ཕྱག་གསུམ་གསུམ་བྱས་ན་ཚེ་འདི་ཉིད་ལ་མཐོང་པའི་ལམ་གྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐོབ་ཀྱི་བར་དུ་མི་དང་། མི་མ་ཡིན་པ་དང་། འབྱུང་པོ་དང་། ནད་རིམས་ཀྱི་གནོད་པ་འབྱུང་བར་མི་འགྱུར་རོ། །ོཾ་ན་མོ་མཉྫུ་ཤྲི་ཡེ། ན་མཿསུ་ཤྲི་ཡེ། ན་མ་ཨཏྟ་མ་ཤྲི་ཡེ་སྭཱཧཱ། ཕྱག་བྱ་བའི་གཟུངས་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ི་རི་མི་རི། དྷ་དཾ་མེ། བ་ཧུ་ཕ་ལཾ་བྷ་བ་ཏུ་སྭཱཧཱ། གོས་ཕྲུགས་གཅིག་ལ་ལན་སྟོང་བཟླས་བརྗོད་བྱས་ཏེ་མི་ཡ་རབས་སམ། སློབ་དཔོན་ནམ། གཞན་གང་ཡང་རུང་བ་ཞིག་ལ་བྱིན་ན་ཟླ་བ་ཕྱེད་ཕན་ཆད་ཀྱིས་གོས་ཕྲུགས་བརྒྱ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ནོར་ཟས་སམ། རྐང་འགྲོས་གང་ཡང་རུང་བ་རྣམས་ཀྱང་དེ་དང་འདྲའོ། །གོས་བརྒྱ་ཐོབ་པའི་གཟུངས་རྫོགས་སོ། ། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ོཾ་ན་མཿཤ་པ་ར་ན་མ་སྭཱཧཱ། སོ་རྩི་ལ་སྔགས་འདིས་བཏབ་སྟེ་ཁར་བཅུག་ན་གང་ལ་བལྟས་པ་དེ་དག་དགའ་བར་འགྱུར་རོ། ། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ོཾ་ན་མཿཤ་པ་ར་ན་མ་སྭཱཧཱ། སོ་རྩི་ལ་སྔགས་འདིས་བཏབ་སྟེ་ཁར་བཅུག་ན་གང་ལ་བལྟས་པ་དེ་དག་དགའ་བར་འགྱུར་རོ། །མི། དགའ་བར་བྱེད་པའི་གཟུངས་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྤྱན་ལ་ཕྱག་འཚལ་ལོ། །མི། དགའ་བར་བྱེད་པའི་གཟུངས་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྤྱན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། བྷ་ཡ་བྷ་ཡ། ཀུ་རུ་ཀུ་རུ། སརྦ་ཀརྨ་ཨཱ་བ་ར་ཎ་ཛ་ནི་མེ་ཤ་པྲ་བྷ་ཡ་སྭཱཧཱ། ཛྭ་ལ་ནེ་བི་དྷ་ནི་བཻ་སྭཱཧཱ། ཀུ་རུ་པཉྩ་ལི་སྭཱཧཱ། སཱ་ག་ར་སམ་བི་རེ་སྭཱཧཱ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་སྭཱཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ནང་པར་ལངས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཞག་ཉི་ཤུ་རྩ་གཅིག་ལོན་པའི་ཚེ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ་། སྤྱན་ལྔའང་རྣམ་པར་དག་པར་འགྱུར་རོ། །དེ་ལ་མིག་ནད་འབྱུང་བར་མི་འགྱུར་རོ། །ལུས་ལ་ནད་འབྱུང་བར་མི་འགྱུར་རོ། །ཡིད་ཀྱི་ཉེས་པ་འབྱུང་བར་མི་འགྱུར་རོ། །སྤྱན་ངའང་རྣམ་པར་དག་པར་འགྱུར་རོ།

CLOSE WINDOW