CLOSE WINDOW

H711: རལ་པ་གྱེན་བརྫེས་ཀྱི་རྟོག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པར་འཕྲུལ་པ་ལེའུ་རབ་འབྱམས་ལས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་རྟོག་པ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

བོད་ཀྱི་ལོཙྪ་བ་དགེ་སློང་རྡོ་རྗེ་འཛིན་པ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨཱུརྡྷྭ་ཛ་ཊཱ་མ་ཧཱ་ཀལྤ་མཧཱ་བོ་དྷི་སཏྭཱའི་བི་ཀུརྦྦ་ཎ་པ་ཊ་ལ་བི་ས་རཱ་བྷ་ག་ཏཱི་ཨཱརྱ་ཏཱ་རཱ་མུ་ལ་ཀལྤ་ནཱ་མ། བོད་སྐད་དུ། རལ་པ་གྱེན་བརྫེས་ཀྱི་རྟོག་པ་ཆེན་པོ། བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པར་འཁྲུལ་པ་ལེའུ་རབ་འབྱམས་ལས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་རྟོག་པ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སྒྲོལ་མའི་གྲུའི་སྟེང་གི་ནམ་མཁའི་མཐིལ་ན་རབ་ཏུ་བཞུགས་ཏེ། ངོ་མཚར་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པས་རབ་ཏུ་ཕྱེ་བའི་བྱང་ཆུབ་སེམས་དཔའ་འདུས་པའི་དཀྱིལ་འཁོར་དང་ལྡན་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་གཙང་མའི་རིགས་ཀྱི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ། ཁྱེད་རྣམས་ཉོན་ཅིག་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་གྱི་སྤྱོད་པ་ཏིང་ངེ་འཛིན་དང་། རྫུ་འཕྲུལ་གྱི་ཁྱད་པར་རྣམ་པར་ཐར་པའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱེད་པ་དང་། ཚེ་དང་། ནད་མེད་པ་དང་། དབང་ཕྱུག་དང་། ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པར་བྱེད་པའི་རིག་སྔགས་དང་། གསང་སྔགས་ཀྱི་གཞི། སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་བཤད་ཀྱིས། དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་གྱིས་ཤིག་།ངས་བཤད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་སོ། །དེ་ནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་རྣམས་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྤྱོད་པ་ཏིང་ངེ་འཛིན་གྱི་ཁྱད་པར་སོ་སོར་ཐོབ་བར་བྱེད་པ། རྡོ་རྗེའི་གདན་གནོན་པར་བྱེད་པ། བདུད་འདུལ་བར་བྱེད་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་བྱེད་པ། ཉན་ཐོས་དང་། རང་སངས་རྒྱལ་ཐམས་ཅད་ངེས་པར་འབྱུང་བར་བྱེད་པ། ལྷ་དང་། མི་རྣམས་སུ་སྐྱེ་བར་བྱེད་པ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། དབུལ་བ་དང་། ནད་ཀྱིས་བཏབ་པ་ཐམས་ཅད་ཀྱི་ནད་སེལ་བར་བྱེད་པ་ཉིད་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་པ་ཟིལ་གྱིས་མི་ནོན་པ་ཉིད་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ་གསུང་དུ་གསོལ། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་དོན་མེད་པར་གསུངས་པར་བྱེད་པ་མ་ལགས་ན། བཅོམ་ལྡན་འདས། བྱམས་པའི་སེམས་དང་། བདག་ཅག་དང་། སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བ་ཉེ་བར་བཟུང་ནས་དེ་གསུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འ་ཁོར་ཆེན་པོ་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ནས་རྣམ་པར་དག་པའི་ཡུལ་ལ་འོད་ཟེར་རྣམ་པར་འཕྲོ་བ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ནས་མེ་ཏོག་ལྟ་བུའི་བྱང་ཆུབ་སེམས་དཔའ་རྣམས་ཀུན་ཏུ་སྐུལ་བར་བྱེད་པ་ཨ་ཞེས་བྱ་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བ་ཉིད་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་སྟོང་གསུམ་གྱི་སྟོང་ཆེན་པ་ཨོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་འདས་ནས་ནུབ་ཕྱོགས་ཀྱི་ཆར་གངྒཱའི་ཀླུང་བརྒྱ་སྟོང་ཕྲག་གི་བྱེ་མ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ལས་འདས་པ་ན། བདེ་བ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཀྱི་རྗེས་སུ་ཞུགས་ཏེ་གང་དུ་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་པ་དེར་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་ལ་སོ་སོར་གནས་པ་རྣམས་ཀ་ཡི་ཐབས་གཅིག་ཏུ་བཞུགས་པ་དེ་འོད་ཟེར་གྱི་སྣང་བ་མཐོང་བས་ཅུང་ཟད་རབ་ཏུ་བཞད་པའི་ཞལ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་བཀའ་སྩལ་ཏོ། །ཀྱེ་རྒྱལ་བའི་སྲས་རྣམས། འདི་ནི་བདག་ཅག་རྣམས་ཀུན་ཏུ་སྐུལ་བར་བྱེད་པའི་འོད་ཟེར་འདིར་འོངས་པ་ཡིན་པར་ཁྱེད་ཅག་གིས་ཤེས་པར་གྱིས་ཤིག་། དེ་ནས་ཡང་སེམས་དཔའ་ཆེན་པོ་དེ་རྣམས་སྤྱན་འཛུམ་པ་སྤྱན་གདངས་ནས་འདིའི་འོད་ཟེར་གྱི་སྣང་བ་གང་ཡིན་པ་དེར་མངོན་པར་ཕྱོགས་ཏེ་གནས་སོ། །དེ་ན་ཨས་ཀུན་ཏུ་སྐུལ་བར་བྱེད་པའི་འོད་ཟེར་དེས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཆེན་པོ་ཀུན་ཏུ་སྣང་བར་བྱས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་ལན་གསུམ་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་ཡེ་ཤེས་ཀྱི་སྤྱི་བོར་ནུབ་པར་གྱུར་ཏོ། །དེ་ནས་ས་ཨེམས་དཔའ་ཆེན་པོ་དེ་སྟན་ལས་ལངས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ལན་གསུམ་བསྐོར་བ་བྱས་ནས་མགོ་བོས་རབ་ཏུ་ཕྱག་བཙལ་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགོངས་སུ་གསོལ། བདག་ཅ་ཨག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་བཅོམ་ལྡན་འདས་མི་མཇེད་ཀྱི་ཁམས་དེ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བལྟ་བ་དང་། ཕྱག་འཚལ་ཞིང་བསྙེན་བཀུར་བ་དང་། རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་བ་དང་། སྒྲུབ་ཐབས་ཀྱི་ཆོ་ག་དང་། དཀྱིལ་འཁོར་གྱི་ཆོ་གའི་རྟོག་པ་དང་། གསང་བའི་རས་རིས་ཀྱི་ཆོ་ག་དང་། བཟླས་པ་དང་། རིག་པའི་དབང་བསྐུར་བ་ཐམས་ཅད་ཁྱད་པར་དུ་བསྟན་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འཚལ་ལོ། །དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་གང་ད་ལྟ་དེའི་དུས་ལ་བབ་པར་ཤེས་ན་སོང་ཞིག་།ངའི་ཚིག་གིས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། ལྡང་བ་ཡང་ངམ། རེག་པར་གནས་སམ་ཞེས་རྨེད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་ཏོ། །སེམས་དཔའ་ཅ་ཧེན་པོ་གང་གཱའི་ཀླུང་བརྒྱ་སྟོང་ཕྲག་གང་གཱའི་བྱེ་མ་ལ་སོགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཁྱོད་ཀྱི་རིགས་དང་། གསང་སྔགས་ཀྱི་སྤྱོད་པ་དང་། དཀྱིལ་འཁོར་གྱི་རྟོག་པ་དང་། གསང་བའི་དབང་བསྐུར་བ་དང་། ཕྱག་རྒྱ་དང་། རས་རིས་ཀྱི་ཆོ་ག་དང་། སྦྱིན་སྲེག་དང་། བཟླས་པའི་ངེས་པར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། སེམས་ཅན་ཐམས་ཅད་ཀུན་ནས་དགའ་བར་བྱེད་པ། རིན་པོ་ཆེ་སྣང་བའི་ལེའུ་རབ་འབྱམས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་རྣམས་ཀྱིས་རང་གི་རིག་སྔགས་དང་། གསང་སྔགས་ལ་འཇུག་པར་བྱེད་པ་སྟོན་པ། མཐར་ཐུག་པར་ཟིན་པ་དང་། ནང་གི་དུས་དང་ལྡན་པ་དང་། དམ་ཚིག་རབ་འབྱམས་ཀྱི་ལེའུ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་མཐའ་དག་མ་ལུས་པར་བསྡུས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ས་ལ་བཞུགས་པ་དང་། སྤྱོད་པ་མཐར་ཐུག་པ་གསུང་བ་དང་ལྡན་པ་དག་གསུངས་པ་ལའང་འདི་ལ་རྗེས་སུ་ཡི་རང་བ་ཁོ་ནའོ། །སེམས་དཔའ་ཆེན་པོ། ད་ལྟ་དེའི་དུས་ལ་བབ་པར་ཤེས་ན་ཁྱོད་སོང་ཞིག། ཤཱཀྱ་ཐུབ་པའི་དྲུང་དུ་དེ་ལ་མངོན་དུ་ཕྱོགས་པས་དམ་པའི་ཆོས་ཀྱི་རྣམ་གྲངས་འདི་ཉོན་ལ་ཁྱོད་ཀྱང་སྨྲ་བར་འགྱུར་རོ། །འདི་ལའང་རྩ་བའི་རིག་སྔགས་སུ་འགྱུར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུད་དྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། ན་མོ་བྷ་ག་བ་ཏྱཻ་ཨཱརྱ་ཏཱ་རཱ་ཡཻ། བོ་དྷི་སཏྭཱ་ཡཻ། ཏདྱ་ཐཱ། ཏཱ་རེ་རྀ་ཛུ་ཀ་དྷརྨ་ནི་ཏྱ་ཏེ། ཏཱ་རེ་ཏུཏྟཱ་རེ། ཤཱནྟ་དྷརྨ་ནི་ཪྻ་ཏེ། ཏཱརེ་ཨ་ན་བྷི་ལཱ་བྱ། དྷརྨ་ནིརྱ་ཏེ། ཏུཏྟ་རེ། ཏུ་རེ་ཏུ་རེ་ཧི་ནི། ཏྲ་ས་ནི་ཏྲ་ས་ནི། ཨོཾ་ཧ་ནི། མོ་ཧ་ནི། ཛམྦྷ་ནི། སྟམྦྷ་ནི། པྲ་བྷེ། ཙནྡྲ་པྲ་བེ་ཧི་ལི་ཧི་ལི། ཙི་ལི་ཙི་ལི། བྷེ་ག་སཱ་མི་ནི། ཀུཎྜི་ཀུཎྜི་མཧཱ་ཀུཎྜ། དྷ་ར་དྷ་ར། དྷ་ན་པ་ནི་ཏཱ་རེ། ཧུ་རུ་ཧུ་རུ། ཀུ་རུ་ཀུ་རུ། ཨ་ཧཾ་ཡཱ་ཡ། ཙིནྟ་ཡཱ་མི་ཙིནྟ་དྷ་མི་ཀུ་རུ་སྭཱ་དྷཱ་ཡ་སྭཱཧཱ། འདི་ནི་སེམས་དཔའ་ཆེན་པོ་ཁྱོད་ཀྱི་འཕགས་མ་སྒྲོལ་མའི་རྩ་བའི་རིག་པ་དེ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱིས་གསུངས་ཤིང་གསུང་བར་འགྱུར་བ་ཏེ། ཁྱོད་ཀྱིས་ཀྱང་ད་ལྟ་སྨྲ་བར་འགྱུར་རོ། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དྲི་རྒྱས་པས་རྣམ་པར་ཕྱེ་བའི་མཐར་ཤཱཀྱ་ཐུབ་པ་བྱོན་ཏེ་ཤཱཀྱ་ཐུབ་པས་རྗེས་སུ་གནང་བའོ། །འདི་ལ་མཆོག་གི་སྙིང་པོར་འགྱུར་བ་ཡང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། འདི་ལ་ཉེ་བའི་སྙིང་པོ་ཡང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ཨོཾ་ཀུ་རུ་ཀུལླེ་སྭཱཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པ་ཨོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུ་མཐུན་པའི་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་ཐོབ་པར་བྱེད་པ་ཐམས་ཅད་ཀྱི་བཀོད་པའི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཕྱོགས་བཞི་རྣམས་དང་། སྟེང་དང་། འོག་དང་། ཐད་ཀའི་མཐར་ཐུག་པའི་ཐམས་ཅད་དང་ལྡན་པའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་ཏོ། །རྒྱལ་བའི་སྲས་པོ། ལེགས་སོ། །ལེགས་སོ། །གང་ཁྱོད་ཀྱི་ཏིང་ངེ་འཛིན་ཁྱད་པར་འདི་ལྟ་བུ་ལ་སྙོམས་པར་ཞུགས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་མི་ནུས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་ཞུགས་པས་བཅུ་ལ་རབ་ཏུ་བཞུགས་བ་རྣམས་ཀྱིས་ཀྱང་སྙོམས་པར་འཇུག་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་ཐབས་གཅིག་བྱམས་པ་དང་བཅས་པ་བ་ཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་མཆོག་གི་སྙིང་པོ་མཆོག་གསང་བ་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཡི་གེ་གཅིག་པ་ཞེས་བྱ་བ་མཆོག་ཏུ་གསང་བའི་སེམས་ཅན་ཐམས་ཅད་ཀྱིས་ལས་ཐམས་ཅད་བྱེད་མ། རིག་སྔགས་གཞན་རྣམས་ཀྱིས་ཀྱང་རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་པའི་ཁྱད་པར་གྱིས་སྒྲུབ་པར་བྱེད་པ་དང་མཐུན་པའི་རིག་སྔགས་གསུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཡུད་ཙམ་ཞིག་ཅིའང་མི་གསུང་བར་གྱུར་ཏོ། །ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འ་ཇིག་རྟེན་ལ་སངས་རྒྱས་ཀྱི་སྤྱན་གྱིས་ཀུན་ཏུ་གཟིགས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་བྱམས་པའི་བདག་ཉིད་ཀྱི་སེམས་ཀྱིས་རིག་སྔགས་གསུངས་པར་གྱུར་ཏོ། ན་མཿསརྦ་བུད་དྷཱ་ནཱི། ཨོཾ་གིཿ། འདི་ནི་བཅོམ་ལྡན་འདས་མའི་མཆོག་གི་སྙིང་པོ་ལས་ཐམས་ཅད་བྱེད་པའོ། །དེ་ནས་བྱང་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་དེ་ལས་ལངས་ནས། འདི་ལྟ་སྟེ། སྐྱེས་བུ་སྟོབས་ལྡན་པ་ཞེས་བྱ་བ་དེ་ལག་པ་བསྐུམ་པ་ལས་རྐྱོང་བའམ། བརྐྱང་བ་ལས་སྐུམ་པ་དང་། སེ་ག་ཨོལ་གཏོགས་པ་ཙམ་གྱིས་ཀྱང་མིག་བྱེད་འཛུམས་པ་སྐད་ཅིག་ཙམ་གྱིས་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་སྟོབས་མགྱོགས་པའི་བློ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་རྣམ་པར་འཕྲུལ་པ་ན་ཡིད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ཏེ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་འོངས་ནས་ཀྱང་སླར་འཁོད་དེ་སྟེང་གི་ནམ་མཁའི་མཐིལ་དུ་ནོར་བུ་རིན་པོ་ཆེ་ཆེན་པོ་ལ་སོ་སོར་འཁོད་པའི་ད་ཀྱིལ་འཁོར་ཆེན་པོ་སླར་འཁོད་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དུ་འོད་ཟེར་ཆེན་པོ་ཀུན་ཏུ་སྣང་བས་ཀུན་ཏུ་སྣང་བར་བྱས་ནས་རིན་པོ་ཆེའི་སྣང་བའི་བདག་པོའི་རྒྱན་གསལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཁང་བ་བརྩེགས་བ་རིན་པོ་ཆེ་དུ་མས་རྣམ་པར་ཕྱེ་བ་དང་། རིན་པོ་ཆེའི་གདུགས་དུ་མས་དཔག་ཚད་བརྒྱ་སྟོང་ཕྲག་ཏུ་ཁྱབ་པ་དང་། ལྷའི་གོས་དང་། དར་གྱི་རྒྱན་གྱིས་མཛེས་པར་སྤྲས་པ་དང་། ལྷའི་མེ་ཏོག་དང་། པ་དན་དང་། རྒྱལ་མཚན་དང་། ཕྲེང་བ་དང་། རིན་པོ་ཆེ་གཡེར་ཁའི་དྲ་བ་བཅིངས་པ། སྒྲ་སྙན་པ་འཁྲོལ་བ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་སོ་སོར་གནས་པར་བྱེད་པ། ལྷའི་བྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མའི་ཆར་འབེབས་པར་བྱེད་པ་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་པའི་ལས་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་མཐོང་ངོ་། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་རྣམས་དགའ་བ་དང་བཅས་པ་སྤུ་ཟིང་ཞེས་བྱེད་དོ། །ལྷའི་གནས་ཐམས་ཅད་རབ་ཏུ་གཡོས་པ་དང་ལྡན་པ་མཐོང་ནས་སྐྲག་ཅིང་སྙིང་འདར་ཏེ་འོན་ཏེ་འབྱོར་པ་ཡོངས་སུ་ཉམས་སམ། ཅི་ཞེས་ཕན་ཚུན་རིངས་ཐབས་སུ་སྐད་མཐོན་པོས་སྨྲ་བར་རྩོམ་ཞིང་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། ཡོངས་སུ་སྐྱོབས་ཤིག་།ཤཱཀྱ་ཐུབ་པ། ཡོངས་སུ་སྐྱོབས་ཤིག་། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་ལྷའི་འཁོར་ལ་བཀའ་སྩལ་ཏོ། །མ་འཇིགས་ཤིག་།མ་འཇིགས་ཤིག་།འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ནས་མེ་ཏོག་ཅན་ལྟ་བུ་ནས་ང་ཉིད་ལྟ་བ་དང་། ཕྱག་འཚལ་ཞིང་བསྙེན་བཀུར་བར་འདོད་དེ་དོན་ཆེན་པོ་སྤྱོད་པ་དང་། རིག་སྔགས་ཀྱི་ཚིག་དང་། ཆོས་ཀྱི་ཚིག་རྨད་དུ་བྱུང་བའང་ངེས་པར་བསྟན་པའི་ཕྱིར་འོངས་སོ། །དེ་ནས་བཅོམ་ལྡན་འ་དས་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་བལྟས་ཏེ་ཞབས་གཉིས་ལ་བཏུད་ནས་ཡི་གེའི་ཚིག་རབ་ཏུ་སྨྲས་པ་འདི་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །ཕྱག་འཚལ་སྐྱེས་བུ་མཁྱེན་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །སྤྱོད་པའི་དོན་ཀུན་སྒྲུབ་པ་པོ། །ཕྱག་འཚལ་སྐྱེས་བུ་གཙོ་ཁྱོད་ལ། །དོན་མེད་ཐམས་ཅད་བཟློག་པ་པོ། །ཕྱག་འཚལ་སྐྱེས་བུ་སེངྒེ་ཁྱོད། །ངན་སོང་ཐམས་ཅད་འཇོམས་པ་པོ། །དཔའ་བོ་ཆེན་པོ་ཁྱོད་ཕྱག་འཚལ། །བསོད་ནམས་དྲི་ནི་མཐའ་ཡས་པ། །ཕྱག་འཚལ་སྐྱེས་བུ་པད་དཀར་ཁྱོད། །སྲིད་གསུམ་འདམ་ནི་རྣམ་སྦྱོང་བ། །ཕྱག་འཚལ་སྐྱེས་བུ་པདྨ་ཁྱོད། །སྡུག་བསྔལ་ཐམས་ཅད་རྣམ་གྲོལ་བྱེད། །ཐམས་ཅད་གྲོལ་ཁྱོད་ཕྱག་འཚལ་ལོ། །གདུང་བ་ཐམས་ཅད་ལེགས་འདུལ་བྱེད། །ཞི་བ་ཁྱོད་ལ་ཕྱག་འཚལ་ལོ། །སྔགས་ཀྱི་སྤྱོད་དོན་སྒྲུབ་པ་པོ། །ཐམས་ཅད་ཁྱོད་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ། །བཀྲ་ཤིས་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་རྣམས་ཐམས་ཅད་ཀུན་ཏུ་རྟོགས། །སངས་རྒྱས་དམ་ཚིག་ཁྱོད་ཕྱག་འཚལ། ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྤྲོས་པ་མེད་པའི་རྣམ་པ་ནི། །ཡང་དག་རྗེས་འཇུག་སྟོན་པ་པོ། །དེ་བཞིན་གཤེགས་པ་ཁྱོད་ཕྱག་འཚལ། །ཤེས་དང་ཤེས་བྱའི་དངོས་པོ་ཀུན། །ལེགས་པར་བྱས་ཤིང་ཡང་དག་ཐོས། །ཐེག་གསུམ་ལམ་དང་མྱང་འདས་ལ། །རབ་ཏུ་གནས་འཇུག་རབ་གནས་པ། །ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཡི་གེའི་ཚིག་རབ་ཏུ་སྨྲས་པ་འདི་རྣམས་ཀྱིས་བསྟོད་པའི་ཚིག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མངོན་པར་བསྟོད་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས། འདི་ནས་ག་ཨང་གཱའི་ཀླུང་བརྒྱ་སྟོང་ཕྲག་གི་བྱེ་མ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་འདས་ནས་ནུབ་ཕྱོགས་ཀྱི་ཆར་ཀུན་ནས་མེ་ཏོག་ལྡན་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་དུ་གྱུར་པ་དེར་བདེ་བ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་གང་ན་བཅོམ་ལྡན་འདས། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། ལྷ་དང་། མི་རྣམས་ཀྱི་སྟོན་པ་ཚེ་དཔག་ཏུ་མེད་པ་བཞུགས་ཏེ་དེ་ཆོས་སྟོན་པར་མཛད་པ་ནི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུལ་བཟང་པོ། མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཚངས་པར་སྤྱོད་པ། ཡང་དག་པར་སྟོན་པར་མཛད་ཅིང་དེ་འདི་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་མཛད་དོ། །རིག་སྔགས་དང་། གསང་སྔགས་ཀྱི་དོན་གྱི་སྤྱོད་པ་རྣམས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ལམ་གསུམ་གྱི་སྤྱོད་པའི་རྗེས་སུ་འཇུག་པའི་ལམ་དང་། སྐྱོབ་པ་དང་། གནས་དང་། སྐྱབས་དང་། དཔུང་གཉེན་དང་། བདེ་བ་དང་། ཤིན་ཏུ་མཐར་ཐུག་པ་དང་། ཤིན་ཏུ་ཡོངས་སུ་མཐར་གཏུགས་པས་སེམས་ཅན་ཐམས་ཅད་ལ་སྟོན་ཏེ་བཅོམ་ལྡན་འདས་དེ་ཉིད་ཀྱི་མཛད་པས་རྗེས་སུ་གནང་ནས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དང་ཉེ་བ་འདིར་འོངས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། ལྡང་བ་ཡང་ངམ། བསྙུན་མི་མངའམ། བདེ་བ་ལ་རེག་པར་གནས་སམ་ཞེས་ཡོངས་སུ་འདྲི་བར་བྱེད་དེ། འདི་སྐད་ཅེས་ཀྱང་གསུང་ངོ་། །གང་རྣམ་པ་འདི་ལྟ་བུའི་སྙིགས་མའི་དུས་གང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་དེའང་ཆོས་སྟོན་པར་མཛད་ཅིང་རྗེས་སུ་རྟོགས་པར་བྱ་བའི་སྐྱེ་བོ་ལ་ལམ་གསུམ་གྱི་བྱང་གྲོལ་དང་། ལྷ་དང་། མི་རྣམས་ཀྱི་སྐྱེ་བ་རྙེད་པར་མཛད་པ་དེ་ནི་ངོ་མཚར་རོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་བརྩོན་འགྲུས་ཀྱིས་གང་དུ་སྐལ་པ་མེད་པའི་སེམས་ཅན་གྱི་ཚོགས་སྲིད་པ་གསུམ་ཡང་དག་པར་འཇོམས་པའི་ལམ་དུ་མཐར་ཐུག་པར་འཇུག་པར་བྱེད་གཏན་དུ་གྲུབ་པ་དང་། བདེ་བའི་རྗེས་སུ་མཐུན་པའི་མྱ་ངན་ལས་འདས་པ་ལ་སེམས་ཅན་རྣམས་རབ་ཏུ་འགོད་པར་མཛད་པ་ནི་ངོ་མཚར་རོ། །བཅོམ་ལྡན་འདས། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ནི་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱི། བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་བ་རྣམས་སངས་རྒྱས་ཀྱི་རྣམ་འཕྲུལ་དུ་ཤེས་པར་འདོད་པའམ། ཐུགས་ཀྱི་སྤྱད་པ་སྤྱོད་པ་ལ་རབ་ཏུ་འཇུག་པའི་སྒྲུབ་བ་དང་། སེམས་པ་ཤེས་པར་འདོད་པའམ། མཐའ་དག་ངེས་པར་སྟོན་པ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་རྣམས་ཀྱིས་ཀྱང་བརྗོད་པར་ཡང་ག་ལ་ནུས། གང་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པ་རྣམས་སྒྲུབ་པ་བསྡུས་པ་དང་། སོ་སོ་བ་མ་ལུས་པའི་ངོ་བོ་འདུས་མ་བྱས་ཆོས་ཉིད་བལྟ་བར་བྱ་སྟེ་མཐོང་བས་སྤང་བར་བྱ་བ་སྤོང་བ་དང་། རིང་པོར་མི་ཐོགས་པར་སྤྱོད་པ་སྨྲ་བར་འདོད་པའམ། ཡོན་ཏན་བསྟོན་པར་འདོད་པ་ནི་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱི། བདག་གིས་ནི་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ས་ཨེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྤྲུལ་ཏེ་རིན་པོ་ཆེ་ཆེན་པོ་པདྨ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བལྟ་བཞིན་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་རྣམ་པ་སྣ་ཚོགས་པའི་གཏམ་གྱིས་ར་ཇེས་སུ་འབྲངས་པའི་དེ་བཞིན་གཤེགས་པའི་གཏམ་གྱིས་མཐར་གྱི་དྲི་བ་སྔོན་དུ་འགྲོ་བས་ཕན་ཚུན་ཆོས་བསྟན་པའི་མཐར་རིགས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་པའི་དོན་དུ་ཉེ་བར་ཚོགས་པ་རྣམས་ལ་ཚངས་པའི་དབྱངས་དང་། ཀ་ལ་པིང་ཀ་དང་། ཀུ་ཏ་ར་དང་། བི་ཏ་རས་བསྒྲུབས་པའི་རྔ་བོ་ཆེའི་དབྱངས་སུ་གྲགས་པའི་སྒྲ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ། ཁྱོད་ལེགས་པར་འོངས་སམ། སེམས་དཔའ་ཆེན་པོའི་སྤྱོད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དོན་ཡང་དག་པར་ཐོབ་པར་བྱེད་པ་དང་། རིག་སྔགས་དང་། གསང་སྔགས་ཀྱི་ཚིག་ཐམས་ཅད་དང་། གསང་བའི་དབང་བསྐུར་བ་དང་བཅས་པ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། རྟོག་པའི་དབང་བསྐུར་བ་དང་། ཚེ་དང་། ནད་མེད་པ་དང་། དབང་ཕྱུག་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། སྒྲུབ་ཐབས་ཐམས་ཅད་ཀྱི་ཆོ་གའི་རྒྱུད་དང་། ཤེས་པ་དང་། ཤེས་བྱ་དུས་ཀྱི་མཐར་ནུབ་པ་དང་། རྒྱལ་སྲིད་དང་། ཞིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་མདོར་བསྡུས་པ་ལས། སེམས་ཅན་ཐམས་ཅད་ཀྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། རང་གི་ཡོན་ཏན་འབྱུང་བ། གསང་སྔགས་ཀྱི་སྤྱོད་པའི་མཐར་འཇུག་པར་བྱེད་པ། སེམས་ཅན་གཞན་དགའ་བར་བྱེད་པ། མི་སྣང་བ་དང་། ནམ་མཁར་འགྲོ་བར་བྱེད་པ། རྐང་པ་རབ་ཏུ་བརྒྱུས་པ། ཡིད་གཞུངས་པར་བྱེད་པ། འཆུགས་པར་བྱེད་པ། ས་འོག་ཏུ་རབ་ཏུ་འཇུག་པར་བྱེད་པ། མངོན་པར་སྤྱོད་པར་བྱེད་པ། དོན་ཐམས་ཅད་ཐོབ་པ། འབྲས་བུ་དང་བཅས་པ། གནོད་སྦྱིན་དང་གནོད་སྦྱིན་མོ་དང་། ཅི་བགྱི་དང་། ཤ་ཟ་དང་། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། བྱིས་པ་དང་། རྒན་པོ་དང་། ལང་ཚོ་ཇི་ལྟར་གནས་བཞིན་དུ་གནས་པར་བྱེད་པ་སྟེ་མདོར་བསྡུས་ན་ལས་ཐམས་ཅད་བྱེད་པ། ཡིད་ཀྱི་ཤིང་རྟ་ཐམས་ཅད་རྫོགས་པར་བྱེད་པ། རྒྱས་པ་ཅན་དང་། ཞི་བ་ཅན་གྱིས་ལས་རབ་ཏུ་བྱེད་པ། ཇི་ལྟ་ཇི་ལྟར་ལས་རབ་ཏུ་སྦྱར་བར་བྱ་བཞིན་པ། དེ་ལྟ་དེ་ལྟར་བསྒྲུབ་པར་བྱ་བཞིན་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ། ཕལ་པོ་ཆེ་རྟོག་པ་ཆེན་པོ་རིན་པོ་ཆེའི་ལེའུ་རབ་འབྱམས་ངས་རྗེས་སུ་གནང་། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། དག་པའི་སེམས་ཅན་རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་པའི་དོན། ཆོས་ཀྱི་མཛོད། །སྐྱེ་བོ་མང་པོ་ལ་ཕན་པའི་ཆེད་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཆེད་དུ་ལྷ་དང་། མི་རྣམས་དང་། སེམས་ཅན་ཐམས་ཅད་ལ་སྟོན་ཅིག། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཀུན་ཏུ་སྐུལ་བར་བྱེད་པ་རྒྱན་བཀོད་པའི་འོད་ཟེར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་དག་པའི་སེམས་ཅན་དུ་མ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དང་། སངས་རྒྱས་ཀྱི་ཞིང་རྣམས་འོད་ཟེར་གྱི་སྣང་བས་ཇི་སྲིད་འོག་མིན་གྱི་སྲིད་པ་ནས་ཇི་སྲིད་མནར་མེད་བའི་དམྱལ་བ་ཆེན་པོའི་བར་གྱི་སེམས་ཅན་གང་ལ་ལ་སྡུག་བསྔལ་གྱི་ཤིན་ཏུ་གདུངས་པའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་འགྲོ་བ་རྣམས་ཞི་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་བཅོམ་ལ་དན་འདས་ཀྱིས་ཡང་དག་པར་བསྐུལ་ནས་སླར་ཡང་འོད་ཟེར་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོར་ནུབ་བར་གྱུར་ཏོ། །འདི་ལ་གཞན་ཤར་ཕྱོགས་ལ་སོགས་པ་རྣམ་པར་གནས་པའི་སངས་རྒྱས་ཀྱི་ཞིང་གང་ཡིན་པ་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྐུལ་བའི་འོད་ཟེར་དེས་རླུང་གི་དཀྱིལ་འཁོར་ཡང་དག་པར་བསྐུལ་བས་བསྒྲུབས་པ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཟླ་བ་ཉིད་ཀྱི་སྣང་བ་དྲི་ཀུན་ཏུ་གསལ་བའི་དཔལ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བའི་དཔལ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཡང་དག་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཚེ་དང་། ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བ་མཐའ་ཡས་པའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་བཻ་ཌཱུཪྻའི་སྣང་བའི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་དང་། དེ་ལྟ་བུ་ལ་སོགས་པའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་བ་མཐའ་ཡས་ཤིང་མུ་མ་ཨེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སྒྲོལ་མའི་གྲུའི་ཚལ་ན་གནས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་པ་ངེས་པར་སྟོན་པའི་ཚིག་གི་དོན་ཀྱི་ལེའུ་རབ་འབྱམས་གསུངས་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་འཛུམ་པ་ཡང་དག་པར་སྟོན་པར་མཛད་དོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་བྲལ་རྣམས་སུ་ཞེས་པས་སྟེང་དང་། འོག་དང་། ཐད་ཀ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྣང་བར་བྱས་ནས་ས་ཨངས་རྒྱས་ཀྱི་ཞིང་རྣམས་སུ་ཐམས་ཅད་དུའང་བདུད་ཀྱི་གནས་ཐམས་ཅད་སྤ་བཀོང་བར་བྱས་ཏེ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པས་མདུན་དུ་བདར་ནས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་གནས་པ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་བྱང་ཆུབ་སེམས་དཔའི་བདག་ཉིད་ཆེན་པོ་ཉིད་ལྟ་བར་འདོང་པ། མ་ཆོག་གི་རིག་པའི་རྗེས་སུ་སྤྱོད་པ་སྒྲུབ་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་ལེའུ་རབ་འབྱམས་དེ་བཞིན་གཤེགས་པའི་བསྟན་པ་ཐོགས་པ་མེད་པའང་གསལ་བར་བྱེད་འདོད་པས་སོ་སོར་འཁོད་པར་གྱུར་ཏོ། །འདི་ལྟ་སྟེ། ལག་བཟང་དང་། རིན་ཆེན་བཟང་པོ་དང་། བརྟུལ་ཞུགས་བཟང་པོ་དང་། དགའ་བ་བཟང་པོ་དང་། ཆོས་བཟང་པོ་དང་། དངོས་གྲུབ་འཆར་བཟང་དང་། ཐམས་ཅད་འཕགས་དང་། ཆོས་འཕགས་དང་།རིན་ཆེན་འཕགས་དང་། རིན་ཆེན་དཔལ་དང་། ལྷུན་པོའི་དཔལ་དང་། བསམ་གྱིས་མི་ཁྱབ་པའི་དཔལ་དང་། འོད་བྱེད་དཔལ་དང་། རབ་སྣང་དཔལ་དང་། སྣང་བའི་དཔལ་དང་། དོན་ཐམས་ཅད་ཀྱི་དཔལ་དང་། ལག་ན་ཐམས་ཅད་རིན་ཆེན་དང་། གཙུག་ན་ནོར་བུ་དང་། ལག་ན་རིན་ཆེན་དང་། ལག་ན་ལྷུན་པོའི་རྒྱལ་མཚན་དང་། རྣམ་པར་སྣང་མཛད་སྙིང་པོ་དང་། རིན་ཆེན་སྙིང་པོ་དང་། ཡེ་ཤེས་སྙིང་པོ་དང་། དོན་བསམ་གྱིས་མི་ཁྱབ་པའི་སྙིང་པོ་དང་། ཆོས་འཕགས་སྙིང་པོ་དང་། མཆོད་སྦྱིན་ཏོག་དང་། ཏོག་བཟང་པོ་དང་། མཐའ་ཡས་ཏོག་དང་། འོད་ཟེར་ཏོག་དང་། དྲི་མེད་ཏོག་དང་། མ་ལུས་ཏོག་དང་། ནམ་མཁའི་ཏོག་དང་། རིན་ཆེན་ཏོག་དང་། འབྲུག་སྒྲ་དབྱངས་དང་། རྔ་པོ་ཆེའི་ང་རོའི་རྒྱལ་པོ་དང་། མཐའ་ཡས་གསལ་བའི་ཡེ་ཤེས་རྒྱལ་པོ་དང་། མུན་པ་མུན་ནག་ཐམས་ཅད་རྣམ་པར་སེལ་བའི་རྒྱལ་པོ་དང་། རྣམ་པར་གཡེང་བ་ཐམས་ཅད་འཇོམ་པའི་རྒྱལ་པོ་དང་། སྤྱོད་པ་ཐམས་ཅད་ཕུལ་དུ་བྱུང་བའི་ཡེ་ཤེས་ཀྱི་རྒྱལ་པོ་དང་། འཇིག་རྟེན་དབང་པོའི་རྒྱལ་པོ་དང་། ཕུལ་དུ་བྱུང་བའི་དབང་པོའི་རྒྱལ་པོ་དང་། རྣམ་པར་སེལ་བའི་རྒྱལ་པོ་དང་། མི་གཡོ་བའི་རྒྱལ་པོ་དང་། ཉི་མའི་རྒྱལ་པོ་དང་། ཐམས་ཅད་གསལ་བ་ཡང་དག་པར་འཕགས་པའི་རྒྱལ་པོ་དང་། རང་བཞིན་ཡང་དག་པར་འཕགས་པའི་རྒྱལ་པོ་དང་། དངོས་པོ་མེད་པར་ཡང་དག་པར་འཕགས་པའི་རྒྱལ་པོ་དང་། ཕྱོགས་ལྷག་པའི་རྒྱལ་པོ་དང་། རང་གི་དངོས་པོ་མེད་པར་སྣང་བ་དང་། བསོད་ནམས་སྣང་བ་དང་། ཀུན་ཏུ་ལྟ་བའི་སྣང་བ་དང་། འོད་དཔག་མེད་དང་། དཔག་ཡོད་སྣང་བ་དང་། སྤྱན་བཟང་སྣང་བ་དང་། ལེགས་འབྱུང་སྣང་བ་དང་། མཐའ་ཡས་སྣང་བ་དང་། མི་ཚུགས་སྣང་བ་དང་། མ་སྒྱུར་བ་དང་། འོག་མིན་དང་། དྲི་མེད་དང་། མེ་དང་། སྣང་བ་དང་། བློ་གྲོས་དང་། རྟོགས་པ་དང་། བདེ་བ་དང་། བདེ་བའི་མུ་ཁྱུད་དང་། མུ་ཁྱུད་ཀྱི་ཏོག་དང་། འདོད་བའི་ལྷ་དང་། ལྷའི་ལྷ་དང་། ལྟེ་བ་རྒྱས་པ་དང་། འཇིག་རྟེན་ཞི་བ་དང་། ཉེ་བའི་འཆི་ལྟས་དང་། རྔ་བོ་ཆེ་དང་། གྲུབ་པ་དང་། དཀར་པོར་གྲགས་པ་དང་། ལྷ་རབ་ཏུ་བཟོད་དཀའ་ལ་གདུལ་དཀའ་བ་དང་། གསལ་དཀའ་བ་དང་། རིང་དུ་སོང་བ་དང་། རིང་པོར་ལེན་དང་། རིང་པོར་གནས་དང་། མཐོ་ཞིང་མཐོ་བའི་མུན་པ་དང་། མཁའ་སྣང་དང་། ཀུན་ནས་སྣང་དང་། སྣང་མིན་དང་། ཁྱུ་མཆོག་དང་། ཀུན་ནས་སྣང་ལྡན་དང་། ངེས་པར་མཉམ་པ་དང་། ལྷ་ཆེན་པོ་དང་། ཤིན་ཏུ་ངེས་པའི་དཀྱིལ་འཁོར་དང་། དྲི་མ་མཐར་ཐུག་པ་དང་། མཉམ་པའི་མཚན་མ་བཟང་པོ་དང་། དཀར་པོ་དང་། ཨི་མི་ཀི་མི་དང་། ཐ་ཆུང་དང་། དཀའ་བས་འཚོ་བ་དང་། བདེ་བར་འཚོ་བ་དང་། ལེགས་པར་སྐྱེས་པ་དང་། དུ་བའི་ཏོག་དང་། མཆོད་སྦྱིན་ཏོག་དང་། དཀར་པོའི་ཏོག་དང་། ཏོག་བཟང་པོ་དང་། དབྱིག་གི་ཏོག་དང་། ནོར་དགག་ཏུ་མེད་པ་དང་། ཕ་ཆེན་པོ་དང་། དོ་ཤལ་ཕྱེད་པ་དང་། འཇིག་རྟེན་གྲགས་པ་དང་། ཀུན་ཏུ་གྲགས་པ་དང་། ཆེན་པོར་གྲགས་པ་དང་། མཆོག་ཏུ་གྲགས་པ་དང་། སྐྱེས་པ་དང་། སྣང་བ་དང་། ཅི་བགྱི་དང་། མཉམ་པར་བྱེད་པ་དང་། འཇིག་རྟེན་བྱེད་པ་དང་། སྣང་བ་བྱེད་པ་དང་། ཉིན་མོར་བྱེད་པ་དང་། འབྱུང་བར་བྱེད་པ་དང་། དོན་ཐམས་ཅད་བྱེད་པ་དང་། གྲུབ་པར་བྱེད་པ་དང་། འོད་བྱེད་བ་དང་། ཀུན་ཏུ་གསལ་བར་བྱེད་པ་དང་། རྔ་བོ་ཆེའི་དབྱངས་དང་། སྒྲ་དབྱངས་དང་། དབྱངས་བཟང་དང་། མཐའ་ཡས་དབྱངས་དང་། ཏོག་གི་དབྱངས་དང་། འབྱུང་བའི་ཐུབ་པ་དང་། གསེར་ཐུབ་དང་། ལོག་པར་དང་སེལ་དང་། འོད་སྲུང་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། རྣམ་པར་གཟིགས་དང་། ཤཱཀྱ་ཐུབ་པ་ཞེས་བྱ་བ་འདི་རྣམས་ཀྱིས་དང་། སངས་རྒྱས་བཅོམ་ལྡན་འདས་གཞན་མང་པོ་རྣམས་ཀྱིས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ཀུན་ཏུ་སྣང་བར་བྱས་ནས་པདྨའི་གདན་ལ་སོ་སོར་བཞུགས་པར་གྱུར་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚོགས་དེ་རྣམས་ཀྱང་བཞུགས་པ། འདི་ལྟ་སྟེ། ཕྱག་ན་རིན་ཆེན་དང་། ཕྱག་ན་རྡོ་རྗེ་དང་། ཕྱག་ན་བཟང་པོ་དང་། ནམ་མཁའི་ཕྱག་དང་། མཐའ་ཡས་ཕྱག་དང་། སའི་དྱ་དང་། སྣང་བའི་ཕྱག་དང་། ཤིན་ཏུ་དྲི་མེད་དང་། བཟང་པོ་བརྩེགས་པ་དང་། མང་པོ་བརྩེགས་པ་དང་། ནོར་བུ་བརྩེགས་པ་དང་། རིན་ཆེན་བརྩེགས་པ་དང་། ཨེ་ན་བརྩེགས་པ་དང་། རིན་ཆེན་གླང་པོ་དང་། ཀུན་ནས་གླང་པོ་དང་། སྤོས་ཀྱི་གླང་པོ་དང་། བཟང་འགྲོ་དང་། དྲི་མ་དང་བྲལ་བར་འགྲོ་བ་དང་། འཇིག་རྟེན་འགྲོ་བ་དང་། མཛེས་པར་འགྲོ་བ་དང་། མཐའ་ཡས་འགྲོ་བ་དང་། མཐའ་ཡས་གྲགས་པ་དང་། ལེགས་གྲགས་དང་། དྲི་མ་དང་བྲལ་བར་གྲགས་པ་དང་། འགྲོ་བར་གྲགས་པ་དང་། དྲི་མེད་གྲགས་པ་དང་། གྲགས་པའི་མགོན་པོ་དང་། མགོན་མེད་ཀྱི་མགོན་པོར་གྱུར་པ་དང་། འཇིག་རྟེན་མགོན་པོ་དང་། ཀུན་ནས་མགོན་པོ་དང་། རྒྱུན་ཤེས་ཀྱི་བུ་དང་། མཐའ་ཡས་བཤེས་ཀྱི་བུ་དང་། ཀུན་ཏུ་བཤེས་ཀྱི་བུ་དང་། བྱམས་མའི་བུ་དང་། མིག་བཟང་གི་བུ་དང་། ཕྱག་འཚལ་བཤེས་ཀྱི་བུ་དང་། ཏྭ་ཥ་ཏྲའི་བུ་དང་། འབྲས་བཤེས་ཀྱི་བུ་དང་། རིན་ཆེན་བཤེས་ཀྱི་བུ་དང་། སྐྱབས་གསུམ་བཤེས་ཀྱི་བུ་དང་། ཐེག་གསུམ་བཤེས་ཀྱི་བུ་དང་། མཐུ་བསྒྱིངས་དང་། ཤིན་ཏུ་ཡིད་དུ་འོང་བ་དང་། ཡིད་འོང་ལྡན་དང་། ཆོས་ཀྱི་དབང་ཕྱུག་དང་། དངོས་པོ་མེད་པའི་དབང་ཕྱུག་དང་། ཀུན་ནས་དབང་ཕྱུག་དང་། འཇིག་རྟེན་དབང་ཕྱུག་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ལེགས་གཟིགས་དབང་ཕྱུག་དང་། རྣམ་གཟིགས་དབང་ཕྱུག་དང་། འཇིག་རྟེན་འདྲེན་པ་དང་། མཆོད་པ་བཟང་པོ་དང་། འབྲུག་སྒྲའི་དབང་ཕྱུག་དང་། རྔ་བོ་ཆེའི་དབང་ཕྱུག་དང་། བཀོད་པའི་དབང་ཕྱུག་དང་། བི་ཥ་ཏེ་སྭ་ར་དང་། ཆར་བཟང་པོ་དང་། མཆོད་པ་བཟང་པོ་དང་། གྲགས་ལྡན་དང་། ཉི་མའི་འོད་དང་། རབ་ཏུ་སྐྱེས་པ་ལ་གནས་པ་དང་། ཟླ་བའི་དབང་ཕྱུག་དང་། སོ་བའི་ཟླ་བ་དང་། ཟླ་བ་ཉིད་དང་། མཐའ་ཡས་དཔལ་དང་། ཀུན་ཏུ་དཔལ་དང་། འཇིག་རྟེན་དཔལ་དང་། ནམ་མཁའི་དཔལ་དང་། ནམ་མཁའི་ཀུན་སྡུད་དང་། ནམ་མཁའི་མཛོད་ནང་། སའི་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། སའི་སྙིང་པོ་དང་། སྒྲིབ་པ་མེད་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་དང་། བཟང་སྐྱོང་དང་། ནོར་བཟང་དང་། ལེགས་པར་ཀུན་སྡུད་དང་། ལོ་ཐོག་ཀུན་འགྱེད་བའི་ནམ་མཁའ་དང་། ནམ་མཁའི་སྙིང་པོ་དང་། དོན་ཀུན་རྟོགས་པ་དང་། ཐམས་ཅད་འབྱུང་དང་། ལྡོག་བྱ་མིན་པ་དང་། མི་ལྡོག་པ་དང་། ངན་སོང་བཟོད་དང་། རྣམ་པར་སྒྱུར་མེད་དང་། བཀྲ་ཤིས་རྣམ་འགྲེལ་དང་། གནད་ཐམས་ཅད་སྲུང་བ་ཞེས་བྱ་བ་འདི་རྣམས་ཀྱིས་དང་། གཞན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱོད་ཡུལ་དུ་སྒྲོལ་མའི་གྲུ་ལ་བཞུགས་པར་གྱུར་ཏོ། །གཞན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད་ཀྱི་ག་ཟུགས་འཛིན་པ་རྣམས་ཀྱིས་འཇིག་རྟེན་གྱི་སྤྱོད་པའི་དོན་མཐའ་ཡས་པ་སྒྲུབ་པ་སེམས་ཅན་མཐའ་ཡས་པ་དག་གི་བསམ་པ་རྣམ་པར་འཇུག་པར་བྱེད་པའི་ལམ་ལ་རབ་ཏུ་གནས་སུ་འཇུག་པའི་བྱ་བ་བསམ་གྱིས་མི་ཁྱབ་པའི་རིག་སྔགས་ཀྱི་གཞི་རྗེས་སུ་འཛིན་པར་བྱེད་པ་སྨན་གྱི་ཆ་བྱད་ཀྱི་གཟུགས་འཛིན་པ་རྣམས་དང་། འདབ་ཆགས་ཀྱི་ཚོགས་རྣམ་པ་སྣ་ཚོགས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནོར་བུ་དང་། སྔགས་དང་། རིན་པོ་ཆེའི་རྒྱལ་པོ་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་གྲངས་མེད་པ་ཐམས་ཅད་ཀུན་དུ་འཇུག་ཅིང་སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་རྣམས་དང་། བསམ་པ་ཇི་ལྟ་བས་སེམས་ཅན་འདུལ་བ་དེ་ལྟ་བུའི་རྗེས་སུ་འཇུག་པ་རྣམས་དང་། དེ་དག་སོ་སོའི་ཁྱད་པར་དུ་འཕགས་པའི་རྗེས་སུ་འཇུག་པ་རྣམས་དང་། རིག་པའི་རྒྱལ་པོའི་ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་དུ་ཆོས་ངེས་པར་འབྱུང་བ་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་ཀུན་ཏུ་འཇུག་པའི་དམ་ཚིག་གི་རིམ་པ་ལས་འདའ་བར་མི་བྱ་བར་ཚིག་གི་ལམ་ལ་རབ་ཏུ་གནས་པར་བྱེད་ཅིང་དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པ་རྣམས་ཏེ། འདི་ལྟ་སྟེ། གཙུག་ཏོར་མངོན་པར་འཕགས་པ་དང་། གདུགས་དཀར་མངོན་པར་འཕགས་པ་དང་། ལོ་མ་མཐའ་ཡས་དང་། ལོ་མ་བརྒྱ་པ་དང་། གཙུག་ཏོར་རྒྱལ་བ་དང་། མངོན་པར་འཕགས་པའི་གཙུག་ཏོར་དང་། པདྨའི་འོད་ཟེར་དང་། གསེར་གྱི་འོད་ཟེར་དང་། འོད་ཟེར་དཀར་པོ་དང་། གཙུག་ཏོར་བཀོད་པ་དང་། གསེར་གྱི་ཕུང་པོ་དང་། དཀར་པོའི་ཕུང་པོ་དང་། གཟི་བརྗིད་ཕུང་པོ་དང་། ནོར་བུའི་ཕུང་པོ་དང་། ཀུན་ནས་ཕུང་པོ་དང་། རྣམ་པར་གྲགས་པའི་ཕུང་པོ་དང་། འབྱུང་བའི་ཕུང་པོ་དང་། བདེན་པའི་ཕུང་པོ་དང་། དངོས་པོ་མེད་པའི་ཕུང་པོ་དང་། མ་ནོར་བ་དེ་བཞིན་ཉིད་ཀྱི་ཕུང་པོ་སྟེ་འདི་རྣམས་དང་། གཞན་ཡང་། གཙུག་ཏོར་གྱི་རྒྱལ་པོ་ཆོས་ཀྱི་དབྱིངས་མཐའ་ཡས་པ་ལ་རབ་ཏུ་ཞུགས་པ་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པ་ཡོངས་སུ་སྐོང་བར་བྱེད་པ། སྐྱེ་བོ་ཐམས་ཅད་ཀྱི་ཡིད་ཀྱི་བསམ་པ་རྟོགས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་ཀྱང་མི་ནུས་པའི་གཙུག་ཏོར་རྒྱལ་པོ་ནམ་མཁའི་མཐར་ཐུག་པ་བརྗོད་པ་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། ཕ་རོལ་གནོན་པའི་བདག་ཉིད་ཆེན་པོ་ལྟ་བུར་སྟོན་པར་འདོད་པས་མཐའ་དག་རྒྱས་པར་བཤད་པ་ལས་མདོར་བསྡུས་ནས་བསྟན་པར་བྱ་སྟེ་རིག་པའི་རྒྱལ་པོ་རྣམས་ཀྱིས་འདུས་པ་བཤད་པར་བྱ་བ། འདི་ལྟ་སྟེ། མཛོད་སྤུ་དང་། སྨིན་མ་དང་། སྤྱན་དང་། རྫི་མ་དང་། སྙན་དང་། མགྲིན་པ་དང་། མི་འཇིགས་པ་དང་། སྙིང་རྗེ་དང་། བྱམས་པ་དང་། བརྩེ་བའི་ཚིམ་པ་དང་། ཤེས་རབ་དང་། འོད་ཟེར་དང་། སེམས་དཔའ་དང་། འོད་ཟེར་དྲི་མ་མེད་དང་། ཆོས་གོས་ཏེ་འདི་རྣམས་དང་། གཞན་ཡང་། རིག་པའི་རྒྱལ་པོ་མཐའ་ཡས་མུ་མེད་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་སྤྲོས་པ་རྣམས། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ལྷུང་བཟེད་དང་། ཆོས་ཀྱི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་གཟིམས་ཆ་དང་། དེ་བཞིན་གཤེགས་པའི་ཐེག་པ་དང་། དེ་བཞིན་གཤེགས་པ་ཀུན་ཏུ་གསལ་བ་དང་། དེ་བཞིན་གཤེགས་པའི་གསུང་དང་། དེ་བཞིན་གཤེགས་པའི་མཥྛ་དང་། དེ་བཞིན་གཤེགས་པའི་གཤེགས་པ་དང་། དེ་བཞིན་གཤེགས་པའི་དྲི་མ་དང་། དེ་བཞིན་གཤེགས་པའི་རྒྱལ་མཚན་དང་། དེ་བཞིན་གཤེགས་པའི་ཏོག་དང་། དེ་བཞིན་གཤེགས་པའི་མཚན་མ་སྟེ་འདི་རྣམས་དང་། གཞན་ཡང་། དེ་བཞིན་གཤེགས་པའི་སྔགས་གསུང་བ་རྣམས་ཏེ་རིག་པའི་རྒྱལ་པོ་དང་། རྒྱལ་མོ་དང་། ཅི་བགྱི་དང་། བྲན་ཕོ་དང་། བྲན་མོ་དང་། ཕོ་ཉ་དང་། ཕོ་ཉ་མོ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། སེམས་ཅན་དང་། སེམས་ཅན་མིན་པ་སོ་སོར་ཁྱད་པར་དུ་འཕགས་པའི་རྒྱན་བཀོད་པའི་ཆོས་ཀྱི་སྤྲིན་ངེས་པར་སྤྲོས་པ། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་རྒྱུ་མཐུན་པ་བྱེ་བ་བརྒྱ་སྟོང་ཕྲག་ཚད་མེད་པས་ཡོངས་སུ་བསྐོར་བ། རིག་པའི་ཚོགས་ཐམས་ཅད་གོང་ནས་གོང་དུ་རབ་ཏུ་འཇུག་བཞིན་པའི་རིག་པའི་རྒྱལ་པོ་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེར་རིགས་བཟང་པོར་ལྷགས་བར་གནས་པ་དང་ལྡན་པར་གྱུར་ཏོ། །རིག་པའི་རྒྱལ་པོ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཕྱག་བཅུ་གཉིས་དང་། ཕྱག་དྲུག་པ་དང་། ཕྱག་བཞི་པ་དང་། ཧཱ་ལ་ཧཱ་ལ་དང་། དོན་ཡོད་ཞགས་པ་དང་། རྟ་མགྲིན་དང་། མགྲིན་པ་མཐའ་ཡས་དང་། མགྲིན་པ་སྔོན་པོ་དང་། མགྲིན་པ་བཟང་པོ་དང་། མགུལ་བཟང་དང་། མགྲིན་དཀར་དང་། མགྲིན་སྔོན་དང་། འཇིག་རྟེན་མགྲིན་པ་དང་། རྣམ་པར་གཟིགས་པའི་དབང་ཕྱུག་དང་། འོད་ཟེར་སྟོང་འདུད་དང་། རྣམ་པར་གྲགས་པའི་ཡིད་དང་། པདྨའི་ཕྱག་དང་། ཡིད་ཀྱི་ཤིང་རྟ་དང་། ཚིག་འབྱིན་པ་པོ་དང་། རབ་ཏུ་བཤད་པ་དང་། སྒྲ་བཟང་དང་། སྒྲ་མཐའ་དང་། རྒྱུ་སྐར་དང་། རྒྱུ་སྐར་རྒྱལ་པོ་དང་། ཟླ་བའི་བུ་དང་། སྐལ་བཟང་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། མཐའ་ཡས་རྣམ་རྒྱལ་དང་། ལྷ་ལས་རྣམ་རྒྱལ་དང་། འདོད་པ་ཕུན་ཚོགས་བྱེད་དང་། ལེགས་པར་འདུལ་བ་དང་། འདུལ་བ་པོ་ཞེས་པ་འདི་རྣམས་དང་། གཞན་ཡང་། རིག་པའི་རྒྱལ་པོ་ཆུ་སྐྱེས་གཙུག་ཏོར་ལ་སོགས་པ་རྣམས་ཀྱིས་ཆོས་ཀྱི་སྤྲིན་གྱི་རྒྱུ་མཐུན་པར་མཐའ་ཡས་པ་སྒྲུབ་པའི་ཏིང་ངེ་འཛིན་དུ་གྱུར་པ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་དུ་མའི་རིག་པས་ཡོངས་སུ་བསྐོར་བ་དང་། རིག་པ་འཛིན་པའི་རྒྱལ་མོ་དུ་མ་དང་། འཇིག་རྟེན་དབང་ཕྱུག་དང་། སྐུའི་ཏིང་ངེ་འཛིན་གྱི་རྣམ་པར་སྤྲོས་པ་དུ་མ་རྣམས་ལ། འདི་ལྟ་སྟེ། སྒྲོལ་མ་དང་། བསམ་པའི་སྒྲོལ་མ་དང་། གར་མ་དང་། ཁྲོ་གཉེར་ཅན་མ་དང་། ཨ་ནུཏྟཱ་ཊཱི་དང་། ལཽ་ཊཱི་དང་། སོ་ཐོབ་པར་བྱེད་པ་དང་། དྲི་མ་དང་བྲལ་བ་དང་། དཀར་མོ་དང་། དཀར་ཤམ་མ་དང་། དཀར་ཤམ་ཆེན་མོ་དང་། གོས་དཀར་མོ་དང་། འཇིག་རྟེན་གོས་མ་དང་། དྲི་མེད་གོས་མ་དང་། བྱང་ཆུབ་ཡན་ལག་གི་གོས་མ་དང་། ཆུ་སྐྱེས་གོས་མ་དང་། སྟོབས་བཅུ་གོས་མ་དང་། གྲགས་ལྡན་མ་དང་། ལོངས་སྤྱོད་ལྡན་མ་དང་། ལོངས་སྤྱོད་ཚེ་ལྡན་མ་དང་། ཨུརྣཱ་ཀཱ་དང་། ཥ་ལཱུ་ཀཱ་དང་། དྲི་མེད་མཐར་བྱེད་མ་དང་། དྲི་བྲལ་མཐར་བྱེད་མ་དང་། ཀུན་ཏུ་མཐར་བྱེད་མ་དང་། སྡུག་བསྔལ་མཐར་བྱེད་མ་དང་། འབྱུང་པོ་མཐར་བྱེད་མ་དང་། དཔལ་མོ་དང་། དཔལ་ཆེན་མོ་དང་། མཐར་དཔལ་དང་། སྟོད་པའི་དཔལ་དང་། འཇིག་རྟེན་དཔལ་དང་། རྣམ་པར་གྲགས་པའི་དཔལ་དང་། འཇིག་རྟེན་ཡུམ་དང་། ཀུན་ཏུ་ཡུམ་དང་། སངས་རྒྱས་ཡུམ་དང་། སྲིང་མོ་དང་། སྐལ་ལྡན་ཤིང་རྟ་མ་དང་། ཤིང་རྟ་བཟང་མོ་དང་། ཤིང་རྟ་ལྡན་མ་དང་། ཀླུ་འདུལ་མ་དང་། འདུལ་བྱེད་མ་དང་། འབྱུང་པོ་ལྡན་མ་དང་། དཔག་མེད་མ་དང་། ལོངས་སྤྱོད་སྟོབས་མ་དང་། འགུགས་བྱེད་མ་དང་། འོད་ཟེར་རྨད་བྱུང་མ་དང་། རོ་བཟང་མོ་དང་། ཚད་ལྡན་མ་དང་། རབ་ཏུ་འགུམ་དང་། མཆོད་ལྡན་མ་དང་། འགྲམ་མ་དང་། ཀུན་ཏུ་འགྲམ་མ་དང་། སྐར་འོད་མ་དང་། ཟླ་བ་མ་དང་། ཟླ་བ་ལྡན་མ་དང་། རྨ་བྱ་མ་དང་། ནགས་ལྡན་མ་དང་། ནོར་སྦྱིན་མ་དང་། ཆང་ལྡན་མ་དང་། འཇིག་རྟེན་ལྡན་མ་དང་། འོད་འཕྲོ་ལྡན་མ་དང་། སྟོང་བུ་ཆེན་མོ་དང་། ཆེ་ལྡན་མ་དང་། ལེགས་པར་རྒྱས་བྱུང་མ་དང་། ལེགས་པར་དགའ་མ་དང་། དབྱིག་སྦྱིན་མ་དང་། དཔལ་མོ་དང་། ངག་ལྡན་མ་དང་། ནད་མཐར་བྱེད་མ་དང་། ནད་ཐམས་ཅད་གསོ་བྱེད་མ་དང་། ནད་མེད་ལྷ་མོ་དང་། གྲགས་བྱེད་མ་དང་། དབང་བྱེད་མ་དང་། མྱུར་བྱེད་མ་དང་། བདེ་སྦྱིན་མ་དང་། བཀྲ་ཤིས་མ་དང་། བཀྲ་ཤིས་ཐོབ་བྱེད་དགའ་མ་དང་། ཟླ་བ་བཟང་མོ་དང་། ཟླ་བ་ལྡན་མ་ཞེས་བྱ་བ་འདི་རྣམས་དང་། གཞན་ཡང་། རིག་པའི་རྒྱལ་མོ་རི་ཁྲོད་ལོ་མ་ཅན་དང་། དུག་སེལ་མ་དང་། ཡིད་ལས་བྱུང་བ་ལ་སོགས་པ་རྣམས་ཀྱིས་ཆོས་ཀྱི་དབྱིངས་ནམ་མཁའི་རང་བཞིན་གྱི་སྒྲུབ་པ་མཐའ་ཡས་པ་སྤྱོད་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་བྱིན་གྱིས་བརླབས་པ་ཡང་དག་པ་སྐྱེས་པ་ཡིད་ལས་བྱུང་བ་རྣམས་ཏེ་ཕོ་ཉ་དང་། ཕོ་ཉ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ཅི་བགྱི་དང་། ཅི་བགྱི་མོ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། སྲིན་པོ་དང་། སྲིན་མོ་དང་། ཤ་ཟ་དང་། ཤ་ཟ་མོ་པདྨའི་རིགས་ཀ་ཡི་དམ་ཚིག་ལ་རྗེས་སུ་འཇུག་པ་གསང་སྔགས་རྣམ་པར་སྤྱོད་པ་རྣམས་གང་གིས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་ལྡན་པ་དག་པའི་སེམས་ཅན་ངེས་པར་འཁོད་པ་ངེས་རབ་ཏུ་གནས་པར་བྱེད་པས་རབ་ཏུ་གནས་ཏེ་རང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་པའི་ལས་བྱེད་པ་ལ་བརྩོན་པའི་ཡིད་དང་ལྡན་པར་གྱུར་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉེ་བ་ཨར་ལོགས་དེར་གནས་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རང་གི་རིག་པའི་ཚོགས་ལ་བོས་པར་གྱུར་ཏེ་འདིར་འདུས་པར་གྱུར་པ་ཁྱེད་རྣམས་ནི་རིག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཁྲོ་བོའི་རྒྱལ་པོ་དང་། རྒྱལ་མོ་དང་བཅས་པ་རྣམས་ཀྱིས་ཕོ་ཉ་མོ་ཆེན་མོ་དྲན་པ་ཙམ་ཉིད་ཀྱིས་རིག་པའི་ཚོགས་ཐམས་ཅད་འདུས་པ་རྣམས། འདི་ལྟ་སྟེ། རིག་པ་མཆོག་དང་། རིག་པ་བཟང་པོ་དང་། ལེགས་པར་གྲུབ་པ་དང་། དཔུང་བཟང་དང་། སྡེ་བཟང་དང་། ལྷ་མཐར་བྱེད་དང་། སོ་བཟང་དང་། གང་བ་བཟང་པོ་དང་། རྡོ་རྗེའི་སྡེ་དང་། རྡོ་རྗེའི་མཐའ་དང་། རྡོ་རྗེའི་ལག་པ་དང་། རྡོ་རྗེའི་དཔུང་པ་དང་། རྡོ་རྗེའི་རྒྱལ་མཚན་དང་། རྡོ་རྗེའི་བ་དན་དང་། རྡོ་རྗེའི་སྤྱོད་ཡུལ་དང་། རྡོ་རྗེ་མགོ་པོ་འཆང་དང་། རྡོ་རྗེ་མཆེ་བ་དང་། དག་པའི་རྡོ་རྗེ་དང་། རྡོ་རྗེའི་སྤུ་དང་། རྡོ་རྗེ་མཆོད་པ་དང་། རྡོ་རྗེ་དུ་མ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེ་མགྲིན་པ་དང་། རྡོ་རྗེ་གསུང་བ་དང་། རྡོ་རྗེ་ལྟེ་བ་དང་། རྡོ་རྗེ་མཐའ་དང་། རྡོ་རྗེ་གུར་དང་། རྡོ་རྗེ་ར་བ་དང་། རྡོ་རྗེ་མཚོན་ཆ་དང་། རྡོ་རྗེ་གཞུ་དང་། རྡོ་རྗེ་མདའ་དང་། རྡོ་རྗེ་ལྕགས་མདའ་དང་། རྡོ་རྗེ་མཚན་མ་དང་། རྡོ་རྗེ་དགྱེས་པ་དང་། རྡོ་རྗེ་ས་འོག་དང་། རྡོ་རྗེ་འཇིགས་སྤྱན་དང་། རྡོ་རྗེ་ནོར་མཐའ་དང་། རྡོ་རྗེ་ཁྲོ་བོ་དང་། ཆུའི་ཡིད་དུ་འོང་བའི་ང་རོ་དང་། འབྱུང་པོའི་ཡིད་དུ་འོང་བའི་ང་རོ་དང་། ཁྲོ་བོ་ཆེན་པོའི་ཡིད་དུ་འོང་བའི་ང་རོ་དང་། དབང་ཕྱུག་ཆེན་པོའི་ཡིད་དུ་འོང་བའི་ང་རོ་དང་། སྦྱིན་པའི་བུའི་ཡིད་དུ་འོང་བའི་ང་རོ་དང་། རིག་པ་ཐམས་ཅད་ཀྱི་ཡིད་དུ་འོང་བའི་ང་རོ་དང་། དྲག་པོ་དང་། ཤིན་ཏུ་དྲག་པོ་དང་། འཕེན་པ་དང་། ཉེ་བར་འཕེན་པ་དང་། རྟག་ཏུ་འཕེན་པ་དང་། འདུལ་བའི་མཐའི་འཕེན་པ་དང་། ཤིན་ཏུ་རྣམ་བཀོད་འཕེན་པ་དང་། འཚོལ་བར་འཕེན་པ་དང་། སྟོབས་དང་། སྟོབས་པོ་ཆེ་དང་། ལེགས་འབྱུང་གསོད་བྱེད་དང་། བྷྲྀང་གི་རི་ཊི་དང་། ཁྲོ་བོ་དང་། ཁྲོ་བོ་ཆེན་པོ་དང་། མི་རྒས་པ་དང་། མི་གཉིད་པ་དང་། གདུང་བའི་དབྱངས་དང་། ཀླུའི་མཐའ་དང་། དབྱུག་ཆུ་དང་། དབྱུག་པ་སྔོན་པོ་དང་། ལུས་སྦྱིན་དང་། ལུས་དམར་དང་། རྡོ་རྗེའི་དབྱུག་པ་དང་། སྤྲིན་དང་། སྤྲིན་ཆེན་དང་། ནག་པོ་དང་། ནག་པོ་བརྩེགས་པ་དང་། སྣ་ཚོགས་ནད་དང་། ཐམས་ཅད་འཕེན་པ་པོ་དང་། འདུད་དང་། འདུད་ཆེན་པོ་དང་། ཉམ་ཐག་པ་དང་། ཉམ་ཐག་པ་ཆེན་པོ་དང་། དུས་མཐར་བྱེད་པ་དང་། གནོད་སྦྱིན་ནག་པོ་དང་། དྲག་པོ་དང་། དྲག་པོའི་གཟུགས་དང་། རྩེ་གསུམ་ཁ་གདེངས་པ་དང་། མདའ་བོ་ཆེ་དང་། བེ་ཅོན་རབ་འཇོམས་དང་། ཟ་བ་སྡུད་པའི་དཔའ་བོ་དང་། དུས་ཀྱི་མཐའ་ཉི་མ་དང་། སྲོག་འཕྲོག་པ་དང་། སྒྲ་འཇོམས་པ་དང་། ཞེ་སྡང་མི་འཛིན་པ་དང་། འཁྱིལ་བ་དང་། འཁྱིལ་བ་མིན་པ་དང་། མཐའ་ཡས་འཁྱིལ་བ་དང་། ཁྲག་འཁྱིལ་བ་དང་། དཔུང་པ་དང་། དཔུང་པ་ཆེན་པོ་དང་། གདུག་པའི་ནད་ཆེན་པོ་དང་། མེ་དབལ་དང་། མཛེ་ཐམས་ཅད་ལས་རྒྱལ་བ་དང་། འབྲོས་པ་དང་། རྣམ་པར་འབྲོས་པ་པོ་དང་། དེ་བཞིན་རྣམ་འབྲོས་དང་། ཟ་བ་པོ་དང་། ཚིམ་མེད་འཚོལ་བ་ཞེས་པ་འདི་རྣམས་དང་། གཞན་ཡང་། རིག་པའི་རྒྱལ་པོ་ཁྲོ་བོ་ཆེན་པོ་རྣམས་ཀྱིས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གདུལ་བ་དང་། སྐྲོད་པ་དང་། གཞིག་པ་དང་། དགག་པ་དང་། གསོད་པ་དང་། རྣམ་པར་འཇོམས་པ་དང་། ཕ་དང་། ཟས་རྣམས་སྟེར་བར་བྱེད་པ་དང་། ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་སྤྱོད་ཅན་གྱི་ལས་རྣམས་ཤིན་ཏུ་སྦྱོར་བར་བྱེད་པ་པོ་རིག་པའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་པ་ཧཡུག་ལ་ངེས་པར་སེམས་པས་རང་གི་རིག་པའི་རྒྱལ་པོ་རྡོ་རྗེའི་རིགས་སྐྱོང་བ་ལ་ཕྱག་བཙལ་ཏེ་གནང་བ་ནོང་ནས་རང་གི་རིགས་ལ་གནས་པར་བྱེད་ཅིང་གནས་པས་རང་རང་གི་སྟན་ལ་འདུག་པར་གྱུར་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཕུལ་བའི་ཕོ་ཉ་མོ་རིག་པའི་རྒྱལ་མོ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་ཡོངས་སུ་བསྐོར་བའང་རང་ཆོས་ཀྱི་དབྱིངས་ནམ་མཁའི་རང་བཞིན་སྤྲོས་པ་མེད་པ་ལ་དམིགས་ནས་གནས་དེར་འདུས་པར་གྱུར་པ། འདི་ལྟ་སྟེ། འོག་པག་མ་དང་། འོག་པག་མ་བཟང་མོ་དང་། ལུ་གུ་རྒྱུད་མ་དང་། རྡོ་རྗེ་འོད་དང་། རྡོ་རྗེའི་ལྕེ་མ་དང་། རྡོ་རྗེའི་སྨིན་མ་དང་། རྡོ་རྗེའི་སྤྱན་དང་། རྡོ་རྗེའི་ལྟེ་བ་དང་། རྡོ་རྗེ་ཁྲོ་གཉེར་མ་དང་། རྡོ་རྗེ་སྙེན་མ་དང་། རྡོ་རྗེ་རི་མོ་མ་དང་། རྡོ་རྗེ་ཁབ་མ་དང་། རྡོ་རྗེ་ཁུ་ཚུར་མ་དང་། རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་རལ་གྲི་མ་དང་། རྡོ་རྗེ་ཐོག་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། སཱ་ལ་ལྡན་མ་དང་། སཱ་ལ་བི་ར་ཊི་མ་དང་། མཆོག་ཏུ་བྱེད་མ་དང་། འདོད་ལྡན་མ་དང་། རྡོ་རྗེ་འདོད་ལྡན་མ་དང་། འདོད་པའི་རྡོ་རྗེ་མ་དང་། མཐོང་ཅན་མ་དང་། མཐོང་ལྡན་མ་དང་། མཐོང་བ་ཆེན་མོ་དང་། རྩེ་མོའི་གོས་མ་དང་། ཕུག་ལེན་མ་དང་། ཕུག་ལྡན་མ་དང་། ཕུག་གནས་མ་དང་། སྒོ་གནས་མ་དང་། འདོད་པ་རྡོ་རྗེ་མ་དང་། ཡིད་མགྱོགས་མ་དང་། མི་ཕམ་མགྱོགས་མ་དང་། མྱུར་མགྱོགས་མ་དང་། སྤྱན་བཟང་མ་དང་། ཆང་གནས་མ་དང་། བུང་བ་མ་དང་། བུང་བ་ལས་བྱུང་བ་མ་དང་། མཆོད་སྦྱིན་གྲུབ་མ་དང་། རླུང་མ་དང་། གང་བའི་གོས་མ་དང་། སྐྲག་བཟང་མ་དང་། ཧིཎྜ་ནི་དང་། སྡིགས་མཛུབ་མ་དང་། ཕོ་ཉ་མོ་དང་། ཕོ་ཉ་བཟང་མོ་དང་། མཱ་མ་ཀཱི་དང་། གཡོན་པ་མ་དང་། གཟུགས་ཅན་མ་དང་། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། གཞན་གྱིས་མི་ཐུབ་མ་དང་། དགེ་ལེགས་མ་དང་། བཞད་ལྡན་མ་དང་། བཞད་པའི་རྡོ་རྗེ་མ་དང་། འཇིག་རྟེན་ལྡན་མ་དང་། གྲགས་ལྡན་མ་དང་། རྡོ་རྗེ་ལྡན་མ་དང་། མ་དུལ་མ་དང་། འཇིག་རྟེན་གསུམ་པོ་དབང་དུ་བྱེད་མ་དང་། དབྱུག་པ་མ་དང་། དབྱུག་པ་ཆེན་མོ་དང་། སྙན་པར་སྨྲ་བ་ལྡན་མ་དང་། སྐལ་བཟང་ཉིད་ལྡན་མ་དང་། དོན་ལྡན་མ་དང་། དོན་ཆེན་ལྡན་མ་དང་། གོང་མ་སྲེག་མ་དང་། དཀར་མོ་དང་། ཤིན་ཏུ་སྤྲུལ་མ་དང་། ཤིན་ཏུ་དྲི་མེད་མ་དང་། དྲིལ་བུ་མ་དང་། རལ་གྲི་མ་དང་། རྩེ་གསུམ་ཁ་གདེངས་མ་དང་། ཁམ་མ་དང་། རྒྱལ་བྱེད་མ་དང་། གོས་མ་དང་། ཕྱག་འཚལ་མ་དང་། མིང་ཅན་མ་དང་། གསང་བ་མ་དང་། དབྱུག་འབྱིན་མ་དང་། གཏུན་ཤིང་མ་དང་། ཕོ་ཉ་མོ་ཐམས་ཅད་དབང་བྱེད་མ་ཞེས་པ་འདི་རྣམས་དང་། གཞན་ཡང་། ཕོ་ཉ་མོ་ཆེན་མོ་ཕོ་ཉ་མོ་དུ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ་འདུས་པར་གྱུར་ཏོ། །ཏིང་ངེ་འཛིན་གྱི་རྒྱུ་མཐུན་པ་ཡོངས་སུ་སྒོམ་པའི་ཡིད་ལས་བྱུང་བ་གཟུངས་མ་དུ་མའི་གདུག་པའི་སེམས་ཅན་རྣམས་ཚར་གཅོད་ཅིང་ཆད་པས་གཅོད་པ། འདི་ལྟ་སྟེ། རྡོ་རྗེའི་མེ་རབ་ཏུ་རྨོངས་པར་བྱེད་པའི་གཟུངས་མ་དང་། རི་རབ་ཀྱི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་མ་དང་། རིན་ཆེན་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་མ་དང་། ས་འཛིན་མ་དང་། ལེགས་པར་བརྩེགས་མ་དང་། ཆད་པའི་གཟུངས་མ་དང་། ཚར་གཅོད་པའི་གཟུངས་མ་དང་། དགུག་པའི་གཟུངས་མ་དང་། དཔུང་རྒྱན་མ་དང་། དཔུང་རྒྱན་ལྡན་མ་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་མ་དང་། རིན་ཆེན་རྩེ་མོའི་དཔུང་རྒྱན་མ་དང་། འཇིག་རྟེན་རྩེ་མོའི་དཔུང་རྒྱན་མ་དང་། བ་དན་རྩེ་མོའི་དཔུང་རྒྱན་མ་དང་། གསུམ་འཁྱིལ་མ་དང་། འཇིག་རྟེན་འཁྱིལ་མ་དང་། སྟོང་འཁྱིལ་མ་དང་། ཉི་མའི་བུ་འཁྱིལ་མ་དང་། འབྱུང་པོ་ཀུན་འཁྱིལ་མ་དང་། ཏོག་ལྡན་མ་དང་། རིན་ཆེན་ལྡན་མ་དང་། ནོར་བུ་རིན་ཆེན་གཙུག་མ་དང་། བྱང་ཆུབ་ཡན་ལག་གི་སྟོབས་དང་ལྡན་མ་དང་། མཐའ་ཡས་ཏོག་དང་། ཀུན་ཏུ་ཏོག་དང་། རིན་ཆེན་ཏོག་དང་། རྣམ་པར་གྲགས་པའི་ཏོག་དང་། འབྱུང་པོ་ཐམས་ཅད་ཀྱི་ཏོག་དང་། མི་ཕམ་ལྡན་མ་དང་། གོས་ཤིན་ཏུ་དྲི་མེད་མ་དང་། གདོང་དྲུག་མ་དང་། དྲི་བྲལ་མ་དང་། འཇིག་རྟེན་གྲགས་མ་ཞེས་པ་འདི་དག་དང་། གཞན་ཡང་། གཟུངས་མ་བརྒྱ་སྟོང་ཕྲག་བྱེ་བ་དུ་མས་ཡོངས་སུ་བསྐོར་བ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ་འདུས་པར་གྱུར་ཏོ། །སངས་རྒྱས་མཐའ་ཡས་པས་བྱིན་གྱིས་བརླབས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དང་། སངས་རྒྱས་ཀྱི་ཞིང་གཞན་སངས་རྒྱས་ཀྱིས་རྣམ་པར་སྤངས་པ་ན་རང་སངས་རྒྱས་བཅོམ་ལྡན་འདས་བསེ་རུ་ལྟ་བུ་དང་། ཆོགས་ན་སྤྱོད་པ་རྣམས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ནི་ཅང་མི་གསུང་བར་གྱུར་བ་ལྷག་པར་གནས་པས་ཆོས་ཀྱི་ཚུལ་ཡང་དག་པར་སྟོན་པ། དེ་འཁོར་བའི་རྗེས་སུ་འཇུག་པ་རྟག་ཏུ་ཡིད་སྐྱོ་བ་རྒྱུ་ལ་སྙིང་རྗེ་ཆེན་པོ་སྤངས་ཤིང་མ་འདྲེས་པའི་སེམས་ཀྱི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པ། སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ། ཡོངས་སུ་བསྒོས་པའི་སེམས་པས་ས་གཅིག་དང་། ས་གཉིས་དང་། ས་གསུམ་དང་། ཇི་སྲིད་བྱང་ཆུབ་སེམས་དཔའི་ས་བརྒྱད་པའི་བར་ལ་ཡིད་མི་འཇུག་པ། འཁོར་བས་ཡིད་སྐྱོ་ཞིང་འཇིགས་ཤིང་འཇིགས་པ་དང་ལྡན་པ་དེ་རྣམས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་པར་གྱུར་ཏོ། །སྤོས་དྲི་ལེན་དང་། ཀུན་ནས་སྐྱེ་མཆེད་དང་། ཀུན་ཏུ་འོད་དང་། ཙནྡན་དང་། དུས་དང་། མུ་ཁྱུད་དང་། ཉེ་བའི་མུ་ཁྱུད་དང་། འཆི་ལྟས་དང་། ཉེ་བའི་འཆི་ལྟས་དང་། ལོགས་བཟང་པོ་དང་། རྔ་བོ་ཆེ་དང་། ཉེ་བའི་རྔ་བོ་ཆེ་དང་། འཇིག་རྟེན་གྲགས་པ་དང་། འཇིག་རྟེན་འོད་དང་། རྒྱལ་བྱེད་དང་། རྡུལ་མེད་དང་། ཉེ་བའི་རྡུལ་དང་། ཆ་ཤས་དང་། ཉེ་བའི་ཆ་ཤས་དང་། མཚན་མ་དང་། མཚན་མ་བཟང་པོ་དང་། ཉིན་མོར་བྱེད་པ་དང་། ལེགས་བྱེད་འོད་ལྡན་དང་། འོད་བྱེད་དང་། འཇིག་རྟེན་བྱེད་པ་དང་། རྣམ་ཐོས་དང་། ལེགས་ཐོས་དང་། མཛེས་སྡུག་དང་། ལེགས་འཛིན་མཐའ་དང་། དུལ་མཛེས་དང་། མཐའ་ཡས་མཐའ་དང་། སྲིད་མཐའ་དང་། ཏོག་དཀར་པོ་དང་། མཚན་མའི་ཏོག་དང་། ཏོག་དང་ཉེ་བའི་ཏོག་དང་། རྒྱལ་དང་། པདྨའི་བླ་མ་དང་། པདྨའི་འབྱུང་བ་དང་། རང་འབྱུང་དང་། སྐྱེས་པ་དང་། ཡིད་འོང་དང་། ཡིད་ལས་བྱུང་དང་། དབང་ཆེན་དང་། བརྩེགས་པར་གྲགས་པ་དང་། བུམ་པ་དང་། མཐའ་དག་སྤྱན་དང་། བདེ་བྱེད་དང་། ཕན་བྱེད་དང་། ཞི་བ་དང་། ཞི་བའི་ཡིད་དང་། ཆོས་དང་། ཉེ་བའི་ཆོས་དང་། རྣམ་པར་སྣང་བྱེད་དང་། མེ་ཏོག་དང་། ལེགས་སོ་དང་། དཔལ་ལྡན་དང་། གཉེན་ལས་ཐག་རིང་བྱེད་པ་དང་། བཟོད་པར་དཀའ་བ་དང་། གསེར་དང་། དྲི་མེད་ཏོག་དང་། ཟླ་བ་དང་། ཉེ་བའི་ཟླ་བ་དང་། སྡེ་བཟང་དང་། ལེགས་པར་སྦྱངས་པ་དང་། བརྒྱ་བྱིན་དང་། འདོད་པ་དང་། ཉེ་དབང་དང་། ནོར་ལྷ་ཞེས་པ་འདི་རྣམས་དང་། གཞན་ཡང་། རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བསམ་གྱིས་མི་ཁྱབ་ཅིང་གཞལ་གྱིས་མི་ལང་བ་སྨོན་པ་མེད་པའི་ཆོས་ཀྱི་དབྱིངས་ནམ་མཁའི་རང་བཞིན་སྤྲོས་པ་མེད་ཅིང་འདུས་མ་བྱས་པ་ཐེག་པ་འབྲིང་ལ་རབ་ཏུ་ཞུགས་ཤིང་ངེས་པར་གཏན་ཏེ་གནས་པ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བ་རྣམས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པ་དང་ཐབས་གཅིག་ཏུ་བཞུགས་པར་གྱུར་ཏོ། །ཉན་ཐོས་བརྒྱ་སྟོང་ཕྲག་བྱེ་བ་དུ་མས་ཡོངས་སུ་བསྐོར་བའི་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་གཅིག་པ། འདི་ལྟ་སྟེ། འོད་སྲུང་ཆེན་པོ་དང་། ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་དང་། ལྟེང་རྒྱས་འོད་སྲུང་དང་། བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང་། བྷ་ར་དྷྭ་ཛ་དང་། མཽངྒལ་གྱི་བུ་དང་། མཽངྒལ་གྱི་བུ་ཆེན་པོ་དང་། ཤཱ་རིའི་བུ་དང་། ཤཱ་རིའི་བུ་ཆེན་པོ་དང་། སྣ་ཚོགས་མཛེས་དང་། རབ་འབྱོར་དང་། རབ་འབྱོར་ཆེན་པོ་དང་། བ་ལང་བདག་དང་། ཀ་ཏྱའི་བུ་དང་། ཀ་ཏྱའི་བུ་ཆེན་པོ་དང་། ཉེ་བར་འཁོར་དང་། བཟང་ལྡན་དང་། ཀ་བི་ན་དང་། དགའ་བོ་དང་། མཛེས་དགའ་བོ་དང་། ཉེ་དགའ་དང་། རྣ་བ་བྱེ་བ་རི་བ་དང་། འཇིག་རྟེན་འབྱུང་བ་དང་། མཐའ་ཡས་འབྱུང་བ་དང་། ཡིད་འོང་བ་དང་། ཉེ་བའི་ཡིད་འོང་བ་དང་། དགའ་ལྡན་དང་། ཉེ་བའི་དགའ་ལྡན་དང་། མ་འགགས་པ་དང་། རྩ་བ་ཀུན་ཏུ་གང་བ་དང་། ཉེ་བར་གང་བ་དང་། རྒྱལ་དང་། ནབ་སོ་དང་། རུ་རུ་དང་། དྲག་པོའི་བུ་དང་། རུ་རུའི་བུ་དང་། ཀུ་རུ་དང་། ལྔས་རྩེན་དང་། ཉེ་བའི་ལྔས་རྩེན་དང་། དུས་དང་། མཉམ་པའི་དུས་དང་། ལྷ་འཛིན་དང་། སྒྲ་གཅན་འཛིན་དང་། ལྗང་སྔོ་དང་། ཉེ་བའི་ལྗང་སྔོ་དང་། བསམ་བྱ་དང་། དགའ་བ་སེམས་པ་པོ་དང་། འཆར་ཀ་དང་། ཉེ་བའི་འཆར་ཀ་དང་། དཔལ་ལྡན་དང་། ཀ་དྲུའི་བུ་དང་། གྱད་ཀྱི་བུ་དང་། ཉེར་རྫས་ལྡན་དང་། དུམ་བུ་དང་། རྒྱལ་བ་དང་། ཉེ་རྒྱལ་དང་། རྒྱལ་ཆེན་པོ་དང་། ཀུན་ཏུ་རྒྱལ་དང་། འབོད་བྱེད་དང་། གྲགས་སྦྱིན་དང་། གྲགས་ལྡན་དང་། ནོར་ཅན་དང་། ནོར་གྱི་རྒྱ་མཚོ་དང་། ཉེ་བའི་ནོར་ཅན་དང་། བི་ལིནདའི་བུ་པི་པ་ལ་ཀ་དང་། འབྲས་བུ་དང་ཉེ་བའི་འབྲས་བུ་དང་། མཐའ་ཡས་འབྲས་བུ་དང་། འབྲས་བུ་དང་བཅས་པ་དང་། གཞོན་ནུ་དང་། གཞོན་ནུ་འོད་སྲུང་དང་། ཆེར་སྦྱིན་དང་། བཅུ་དྲུག་སྡེ་པའི་དགའ་བྱེད་དང་། ཉེ་བའི་དགའ་བྱེད་དང་། ཡོན་པོར་ཡོ་བ་དང་། རྒྱལ་བའི་ཞགས་པ་དང་། དབུགས་འབྱིན་ཆེན་པོ་དང་། བེའུའི་བུ་དང་། ཀུ་རུ་ཀུལླེ་དང་། གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་བ་དང་། ཁྲག་ཕ་རོལ་གྱི་མཐར་བྱེད་པ་དང་། གངྒཱའི་བུ་དང་། རིའི་རྣ་བ་ཅན་དང་། ཉེ་བའི་ཟེ་བ་དང་། དབྱར་ཅན་དང་། སྣང་བ་དང་། མཛེས་པར་སྣང་བ་དང་། དཔལ་སྦས་དང་། འཇིག་རྟེན་སྦས་པ་དང་། བླ་མ་སྦས་པ་དང་། སྣང་བ་ལ་དགའ་བ་དང་། ཞི་བྱེད་དང་། བྱིས་པ་དང་། ཉེ་བའི་བྱིས་པ་དང་། བྱེ་བ་ཉི་ཤུ་པ་དང་། མགོན་མེད་སྦྱིན་དང་། ཉེ་བའི་འཇུག་པ་དང་། ལྡོག་པ་དང་། སྨྱོ་བྱེད་དང་། ཀུན་ཏུ་འོད་དང་། མཚོ་བཟང་དང་། ལེགས་པ་དང་། རབ་སད་དང་། ལེགས་འོངས་དང་། ཉེར་འོངས་དང་། ཉེར་འགྲོ་དང་། འཇིག་རྟེན་འགྲོ་དང་། སྡུག་བསྔལ་མཐར་བྱེད་དང་། བསྐལ་བ་བཟང་པོ་དང་། ཆེན་པོ་བཟང་ལྡན་དང་། དོན་སྤྱོད་པ་དང་། ཕ་ཆེན་པོ་དང་། འགྲོ་ལྡན་དང་། རྒྱལ་སྐྱོང་དང་། རྒྱལ་དང་། གསལ་ལྡན་དང་། ཉེ་བའི་གསལ་ལྡན་དང་། སྨན་ཆེན་པོ་དང་། གཟི་བརྗིད་ཆེན་པོ་དང་། ལྷ་མཚམས་དང་། སྒྲུབ་བྱེད་དང་། ཚོགས་ཅན་དང་། ཚངས་པ་བཟང་པོ་དང་། མཛེས་མ་བཟང་དང་། འཇིག་རྟེན་བཟང་དང་། མཉམ་པ་དང་། ཡང་དག་གཞལ་བ་ཞེས་པ་འདི་རྣམས་དང་། གཞན་ཡང་། ཆོས་ཀྱི་དབྱིངས་མཐའ་ཡས་པ་རྣམ་པར་གྲོལ་བའི་རོའི་རོ་མྱོང་བ། ཐེག་པ་གསུམ་ལ་སྙོམས་པར་འཇུག་པ། ཐེག་པ་ཆུང་ངུའི་ལམ་ཀུན་ཏུ་ཐོབ་པ། འཁོར་བ་ལས་བྲོས་པ་རྣམ་པར་ཐར་པའི་ལམ་གསུམ་གྱི་བསམ་གཏན་བསམ་པ། ཚངས་པའི་གནས་བཞིའི་སྤྱོད་ལམ་ལ་སྙོམས་པར་ཞུགས་པ། ལེགས་པར་མཉམ་པར་བཞག་པ། ལེགས་པར་བསྙེན་པར་རྫོགས་པ། ལེགས་པའི་ཚུལ་ལ་རབ་ཏུ་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་མཉམ་པར་འཇུག་པ། མཉམ་པ་ཉིད་སྤྲོས་པ་མེད་པ་བློ་གྲོས་ཅན་རྣམས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ས་བཅུ་པའི་བར་མ་ཆད་པ་དཀོན་མཆོག་གསུམ་གྱི་གནས་སུ་གནས་པ་དང་ཐབས་གཅིག་ཏུ་དེ་རྣམས་ཀྱང་དེར་ཀུན་ཏུ་འཁོད་པར་གྱུར་ཏོ། །ཉན་ཐོས་མ་ཆེན་མོ་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་མཉམ་པར་འཇུག་པས་རབ་ཏུ་ཞུགས་པ་དུ་མ་རྣམས་ཀྱང་འདུས་མ་བྱས་ཀྱི་ལམ་གྱི་ཐེག་པ་ལ་དམིགས་པ་དག་ཅིང་འདོད་ཆགས་དང་བྲལ་བ་ཀུན་ནས་སྣང་བ་ཀུན་ཏུ་ཐོབ་པ། སྦྱིན་པར་བྱ་བའི་ཞིང་གི་ཡོན་ཏན་འཛིན་ཅིང་རྣམ་པར་སྦྱོང་བ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཟིལ་གྱིས་གནོན་པ། འཇིག་རྟེན་མཆོག་གི་བདག་མོ་ལྷས་མཆོད་པ། བསོད་ནམས་ཀྱི་ཞིང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། རྐང་མངས་དང་། རྐང་མེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མཆོག་གི་བདག་མོ་རྣམས་ལ། འདི་ལྟ་སྟེ། གྲགས་འཛིན་མ་དང་། གྲགས་སྦྱིན་མ་དང་། སྐྱེ་དགུའི་བདག་མོ་ཆེན་མོ་དང་། སྐྱེ་དགུའི་བདག་མོ་ལེགས་སྐྱེས་མ་དང་། དགའ་མོ་དང་། སྦོམ་དགའ་མོ་དང་། མཛེས་དགའ་མོ་དང་། སེམས་པ་མོ་དང་། མཛེས་མ་དང་། མཐའ་ཡས་མ་དང་། ཡིད་ཀྱི་ཤིང་རྟ་མ་དང་། རྒྱལ་ལྡན་མ་དང་། དཔལ་མོ་དང་། ཉེ་བའི་དཔལ་མོ་དང་། ལྷ་མོ་དང་། ལེགས་ལྷ་མོ་དང་། ལེགས་དཔལ་མོ་དང་། དཔལ་མ་དང་། རབ་སྤྱོད་མ་དང་། རབ་དགའ་མ་དང་། སྙན་པར་སྨྲ་མ་དང་། སྣར་མ་མ་དང་། ཡུལ་འཁོར་སྲུང་མ་དང་། སྲུང་མ་དང་། རྗེ་བོ་མ་དང་། ཕུན་ཚོགས་མ་དང་། ལུས་ཅན་མ་དང་། པད་པ་མ་དང་། དགའ་མ་དང་། རལ་བ་མ་དང་། ཉེ་བའི་རལ་པ་མ་དང་། ཀུན་ནས་རལ་པ་མ་དང་། འབྱུང་བ་མ་དང་། སྣང་ལྡན་མ་དང་། ཡིད་མགྱོགས་མ་དང་། སྐྲ་ལྡན་མ་དང་། ཁྱབ་འཇུག་ལེན་མ་དང་། ཁྱབ་འཇུག་ལྡན་མ་དང་། ཡིད་བཟངས་མ་དང་། ཡིད་མངས་མ་དང་། དཔལ་ལྡན་མ་དང་། སྡུག་བསྔལ་མཐར་ཐུག་མ་དང་། ལས་སྦྱིན་མ་དང་། ལས་འབྲས་མ་དང་། རྣམ་རྒྱལ་མ་དང་། རྒྱལ་ལྡན་མ་དང་། ནོར་བདག་མ་དང་། ནོར་སྦྱིན་མ་དང་། ཆོས་སྦྱིན་མ་དང་། ལེགས་སྦྱིན་མ་དང་། རབ་ཟ་མ་དང་། ཨ་མྲ་མ་དང་། གྲགས་པ་འཇུག་མ་དང་། ཡིད་ལྡན་མ་དང་། རབ་བཞད་མ་དང་། སྲིད་གསུམ་མཐར་བྱེད་མ་དང་། འཁོར་གསུམ་མཐར་བྱེད་མ་དང་། སྡུག་བསྔལ་བ་མོ་དང་། ཡིད་འབྱུང་མ་དང་། ལོ་མ་གསུམ་པ་དང་། པདྨའི་ལོ་མ་དང་། པདྨ་ལྡན་མ་དང་། པདྨའི་འོད་མ་དང་། དཀའ་ཟློག་རྐང་སྤྱོད་མ་དང་། དཀའ་ཟློག་རྐང་སྤྱོད་ལྡན་མ་དང་། འདབ་གསུམ་མ་དང་། འདབ་བདུན་མ་དང་། ཨུཏྤ་ལའི་མདོག་མ་ཞེས་པ་འདི་དག་དང་། གཞན་ཡང་། གནས་བརྟན་མ་ཆེན་མོ་ཉན་ཐོས་མ་ཆེན་མོ་རྣམས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་ཕྱག་འཚལ་བའི་ཕྱིར་ཉེ་བར་ལྷགས་པར་གྱུར་ཏོ། །འཁོར་གྱི་དཀྱིལ་འཁོར་དེ་རྣམས་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པར་འཕྲུལ་པའི་མཐུ་མཐོང་བར་འདོད་ནས་འདུས་ཤིང་འཁོད་པར་གྱུར་ཏེ་ཆོས་ཉན་པའི་ཕྱིར་དང་། སྔགས་ཀྱི་སྤྱོད་པའི་དོན་བསྒྲུབ་པ་ལ་བརྩོན་པར་འདོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་ལྷག་པའི་བསམ་པ་རིག་པ་དང་། དངོས་པོ་མེད་པའི་རང་བཞིན་ནམ་མཁའི་ངོ་བོ་སེམས་ཅན་གྱི་ཁམས་གསུམ་ལས་ཡང་དག་པར་འདས་པ་མཁྱེན་ནས་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ། སེམས་ཅན་གྱི་དོན་གྱི་སྤྱོད་པ་ལ་སོ་སོར་སོམས་ཤིག་།བསམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པའི་ལས་ཀྱི་འབྲས་བུ་ལ་དད་པ་དང་ལྡན་པ། སྔགས་ཀྱི་སྤྱོད་པའི་དོན་ཡང་དག་པར་ཐོབ་པ་ཞེས་བྱ་བའི་ཆོས་ཀྱི་ཚིག་དང་། ཞི་བའི་ཚིག་དང་། ཐར་པའི་ཚིག་དང་། རྟོག་པའི་སྒྲུབ་པ་དང་། རྣམ་པར་རྟོག་པའི་མཉམ་པ་ཉིད་ཐོབ་པར་བྱེད་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཀུན་གྱི་སྟོབས་དང་། བདུད་ཀྱི་སྟོབས་ཐམས་ཅད་ཟིལ་གྱི་གནོན་པར་བྱེད་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྒོམས་ཤིག་། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྙོམས་པར་ཞུགས་པར་གྱུར་ཏོ། །སྤྱན་རས་གཟིགས་དབང་ཕྱུག་སྙོམས་པར་ཞུགས་མ་ཐག་ཏུ་ཇི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འ་དི་ཡང་དག་པར་རབ་ཏུ་གཡོས་ཏེ་སྣང་བ་ཆེན་པོ་གསལ་བར་བྱས་ནས་རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་སྟོན་པ་གྱུར་ཅིང་རང་གི་སྔགས་ཀྱི་ཚིག་ཀྱང་གསུངས་པར་གྱུར་ཏོ། །རྟོག་པའི་སྔགས་རྣམས་ཀྱི་སྔགས་དུ་མ། ཐུན་མོང་པ་ཅིག་གིས་རིམ་པ་ལས་མ་འདས་པར་འབྱུང་བ་ནི། ན་མཿས་མནྟ་བུདྡྷཱ་ནཱཾ་ཨ་བྷཱ་བ། སྭ་བྷཱ་བ། ས་མུངྒ་ཏཱ་ནཱཾ། ན་མཿབྲཏྱེ་ཀ་བུདྡྷཱ་ཨཱརྱ་ཤྲཱ་བ་ཀཱ་ནཱཾ། ན་མོ་བོ་དྷི་སཏྭཱ་ནཱཾ། ད་ཤ་བྷུ་མི་པྲ་ཏིཥྛ་ཏེ་ཤ་ར་ཎཾ་བོ་དྷི་སཏྭ་ནཱཾ། མ་ཧཱ་སཏྭ་ནཱཾ། མཧཱ་སཏྭཱ་ནཱཾ། ཏདྱ་ཐཱ། ཨོཾ་ཁ་ཁ། ཁཱ་ཧི། དུཥྚ་སཏྭཱ་ད་མ་ཀ་། ཨ་སི། མུ་ས་ལ། པ་ར་ཤུ། པཱ་ཤ། ཧསྟི། ཙ་ཏུར་མུ་ཁ། ཥ་ཊ་ཙ་ར་ཎ། གཙྪ་གཙྪ། མཧཱ་བི་གྷྣཱཾ། །བི་གྷྣཱན་ཏ་ཀ། བི་ཀྲྀ་ཏཱ་ནན། སརྦ་བྷུ་ཏ། བྷ་ཡཾ་ཀ་ར། ཨཊྚཊྚ། ཧཱ་ས་ནཱ་དི་ནེ། བྱཱ་གྷྲ་ཙརྨ་ནི་བཱ་ས་ན། ཀུ་རུ་ཀུ་རུ་སརྦ་ཀརྨཱ་ཎཱཾ། ཙྪིནྡ་ཙྪིནྡ། བིནྡ་བིནྡ། ས་ར་མུ་དྲ། ཨཱ་ཀཪྵ་ཨཱ་ཀཪྵ། བྷཱུ་ཏཱ་ན། ནིརྨ་ཐ་ན། སརྦ་དུཥྛ། པྲ་བེ་ཤ་ཡ། མཎྜ་ལ་མདྷྱེ། བཻ་བ་སྭ་ཏ་ཛཱི་བི་ཏཱ་ན་ཏ་ཀ་ར་ཀུ་རུ་ཀུ་རུ་མ་མ་ཀརྱཱཾ། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་བི་ལམྦ་ས་མ་ཡམ་ནུ་སྨ་ར། ཧཱུཾ་ཧཱུཾ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ། སརྦ་ཨཱ་ཤཱ་བ་རི་པཱུ་ར་ཀ། ཧེ་ཧེ་བྷ་ག་བཱ་ན། ཀཉྩི་ར་ཡ་སི་མ་མ། སརྦ་ཨརྠ་སཱ་དྷ་ཡ་སྭཱཧཱ། འདི་ནི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ཁྲོ་བོ་ཆེན་པོ་སྒྲོལ་མས་གནོན་པ་ཞེས་བྱ་བ་གང་འདོད་པ་དེ་འགུགས་པར་བྱེད་ཅིང་ཐོབ་པར་བྱེད་པ། དབང་པོ་དང་། གཤིན་རྗེའི་རྒྱལ་པོའང་འགུགས་པར་བྱེད་ཅིང་འཇོམས་པར་བྱེད་པ་ཡིན་ན་སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྲོ་བོའི་རྒྱལ་པོ་ཆེན་པོས་གསུངས་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཉམ་ཐག་ཅིང་འཇིགས་སྐྲག་སྟེ་ཡིད་སྐྱོ་ཞིང་སྙིང་གས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་མ་གཏོགས་སྐྱབས་གཞན་མེད། སྐྱོབ་པ་གཞན་མེད། དཔུང་གཉེན་གཞན་མེད་པས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་ལྷགས་པར་གྱུར་ཏོ། །དེ་ནས་གང་ལ་ལ་ས་ལ་སྤྱོད་པ་དང་། མཁའ་ལ་སྤྱོད་པ་དང་། བརྟན་པོ་དང་། གཡོ་བ་དང་། མངལ་སྐྱེས་དང་། སྒོང་སྐྱེས་དང་། དྲོད་གཤེར་སྐྱེས་དང་། བརྫུས་ཏེ་སྐྱེས་པ་སེམས་ཅན་གྱི་གྲངས་སུ་གཏོགས་པ་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་ན་རྣམ་པར་གནས་པ་སྟེང་དང་། འོག་དང་། ཐད་ཀ་དང་། ཕྱོགས་དང་། ཕྱོགས་བྲལ་རྣམས་སུ་སྐད་ཅིག་དེ་དང་། ཡུད་ཙམ་དེ་ལ་གབ་པ་རྣམས་ཁྲོ་བོའི་རྒྱལ་པོ་ཆེན་པོས་སྐད་ཅིག་ལ་འདིར་བཀུག་པར་གྱུར་ཏོ། །ཁྲོ་བོའི་རྒྱལ་པོ་སྒྲུབ་པར་གྱུར་པ་འདི་འདོད་ཆགས་དང་མ་བྲལ་བར་གྱུར་པ་རྣམས་ཀྱིས་མདུན་དུ་བཟླས་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའང་འཆི་བར་འགྱུར་རམ། སྐམ་པར་འགྱུར་བའི་ཕྱིར་རོ། །དེ་ཚིག་བྱིན་གྱིས་བརླབས་ནས་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔའམ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། དམ་པའི་ཆོས་ཀྱི་གླེགས་བམ་མམ། སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔ་རུ་བཟླས་བརྗོད་བྱ་ཡི། ལས་གཞན་གྱི་ཆེད་དུའམ། གང་ཡང་རུང་བ་དེར་བཀླག་པར་མི་བྱ་སྟེ། ཅིའི་ཕྱིར་ན་ལྟས་ངན་ཆེན་པོ་དང་། མྱ་ངན་ཆེན་པོ་དང་། བདག་ཉིད་ཉེ་བར་འཇོམས་པར་འགྱུར་བའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འབའ་ཞིག་ནི་ཐུགས་རྗེ་མཆོག་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་པ་སྒྲུབ་ཅིང་རྗེས་སུ་འཇུག་པ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པ། ཆོས་ཀྱི་ཚུལ་ཡང་དག་པར་གནས་པར་བྱེད་པ། སེམས་ཅན་གྱི་ཁམས་མ་ལུས་པ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ། བསྟན་པ་མེད་པར་བསྟན་པ་དང་། ལམ་གསུམ་ལ་ཡང་དག་པར་སྦྱོར་བ་དང་། དཀོན་མཆོག་གི་གདུང་རྒྱུན་མི་འཆད་པ་དང་། སྔགས་ཀྱི་སྤྱོད་པ་གསལ་བར་བྱེད་པ་དང་། ཐུགས་རྗེ་ཆེན་པོའི་མཐུའི་རྒྱུ་མཐུན་པའི་ཐུགས་ཀྱིས་བདུད་ཀྱི་སྟོབས་ཟིལ་གྱིས་གནོན་པ་དང་། བགེགས་ཆེན་པོ་རྣམ་པར་གཞིག་པ་དང་། གདུག་པའི་རྒྱལ་པོ་བཟློག་པ་དང་། བདག་གི་སྟོབས་མངོན་པར་འཕེལ་བ་དང་། གཞན་གྱི་སྟོབས་ཟློག་པར་བྱེད་པ་དང་། རེངས་པ་དང་། ལྟུང་བ་དང་། ཉམས་དགང་འཆོས་པ་དང་། སྐེམས་པ་དང་། དགའ་བ་དང་། རང་གི་སྔགས་ཀྱི་སྤྱོད་པ་གསལ་བར་བྱེད་པ་དང་། ཚེ་དང་། ནད་མེད་པ་དང་། རང་གི་དབང་ཕྱུག་མངོན་པར་འཕེལ་བ་དང་། མྱུར་དུ་ལས་རྗེས་སུ་སྒྲུབ་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། ཡང་དག་པར་སྡོམ་པ་དང་། དེ་དག་གི་རྒྱུ་མཚན་དང་། རྒྱུ་ལ་ཐམས་ཅད་དུ་རྟོག་གེ་པ་དང་། རྣམ་པར་རྟོག་གེ་པ་དང་བྲལ་བའི་སེམས་ཀྱིས་སྨྲས་སོ། ། དེ་ནས་ཀླུ་དང་། ཀླུ་ཆེན་པོ་དང་། གནོད་སྦྱིན་དང་། གནོད་སྦྱིན་ཆེན་པོ་དང་། སྲིན་པོ་དང་། སྲིན་པོ་ཆེན་པོ་དང་། ཤ་ཟ་དང་། ཤ་ཟ་ཆེན་པོ་དང་། སྲུལ་པོ་དང་། སྲུལ་པོ་ཆེན་པོ་དང་། ལུས་སྲུལ་པོ་དང་། ལུས་སྲུལ་པོ་ཆེན་པོ་དང་། མ་མོ་དང་། མ་མོ་ཆེན་མོ་དང་། གྲུལ་བུམ་དང་། གྲུལ་བུམ་ཆེན་མོ་དང་། གཅན་གཟན་དང་། གཅན་གཟན་ཆེན་པོ་དང་། རོ་ལངས་དང་། རོ་ལངས་ཆེན་པོ་དང་། ཀམ་པོ་ཛ་དང་། ཀམ་པོ་ཛ་ཆེན་པོ་དང་། སྲིང་མོ་དང་། སྲིང་མོ་ཆེན་མོ་དང་། མཁའ་འགྲོ་མ་དང་། མཁའ་འགྲོ་མ་ཆེན་མོ་དང་། གཞིབས་པ་དང་། གཞིབས་པ་ཆེན་པོ་དང་། གནོན་པོ་དང་། གནོན་པོ་ཆེན་པོ་དང་། བྱིས་པ་དང་། བྱིས་པ་ཆེན་པོ་དང་། བྲམ་པ་དང་། བྲམ་པ་ཆེན་པོ་དང་། ནད་དང་། ནད་ཆེན་པོ་དང་། བརྗེད་བྱེད་དང་། བརྗེད་བྱེད་ཆེན་པོ་དང་། གདོན་དང་། གདོན་ཆེན་པོ་དང་། ནམ་མཁའ་མ་མོ་དང་། ནམ་མཁའ་མ་མོ་ཆེན་མོ་དང་། གཟུགས་ཅན་མ་དང་། གཟུགས་ཅན་མ་ཆེན་མོ་དང་། གཟུགས་ངན་མ་དང་། གཟུགས་ངན་མ་ཆེན་མོ་དང་། ངུ་འབོད་དང་། དུ་འབོད་ཆེན་པོ་དང་། གྲིབ་གནོན་དང་། གྲིབ་གནོན་ཆེན་པོ་དང་། སྦོད་གཏོང་དང་། སྦོད་གཏོང་ཆེན་པོ་དང་། ཅི་བགྱི་དང་། ཅི་བགྱི་ཆེན་པོ་དང་། གནོད་སྦྱིན་མོ་དང་། གནོད་སྦྱིན་མོ་ཆེན་མོ་དང་། ཤ་ཟ་མོ་དང་། ཤ་ཟ་མོ་ཆེན་མོ་དང་། རིམས་ནད་དང་། རིམས་ནད་ཆེན་པོ་དང་། རིམས་ཉིན་གཅིག་པ་དང་། རིམས་ཉིན་གཅིག་པ་ཆེན་པོ་དང་། རྟག་པའི་རིམས་དང་། རིམས་མི་བཟད་པ་རྣམས་དང་། རྟག་པ་ལས་བྱུང་བའི་རིམས་དང་། ཡུད་ཙམ་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། གཅོང་དང་། གཅོང་ཆེན་པོ་དང་། གྲུབ་པ་དང་། གྲུབ་པ་ཆེན་པོ་དང་། སྦྱོར་ལྡན་དང་། སྦྱོར་ལྡན་ཆེན་པོ་དང་། དྲང་སྲོང་དང་། དྲང་སྲོང་ཆེན་པོ་དང་། མིའམ་ཅི་དང་། མིའམ་ཅི་ཆེན་པོ་དང་། ལྟོ་འཕྱེ་ཆེན་པོ་དང་། ལྟོ་འཕྱེ་ཆེན་པོ་ཆེན་པོ་དང་། དྲི་ཟ་དང་། དྲི་ཟ་ཆེན་པོ་དང་། ལྷ་མ་ཡིན་དང་། ལྷ་མ་ཡིན་ཆེན་པོ་དང་། མི་དང་། མི་ཆེན་པོ་དང་། ལྗོངས་དང་། ལྗོངས་ཆེན་པོ་དང་། རྒྱ་མཚོ་དང་། རྒྱ་མཚོ་ཆེན་པོ་དང་། ཆུ་ཀླུང་དང་། ཆུ་ཀླུང་ཆེན་པོ་དང་། རི་དང་། རི་ཆེན་པོ་དང་། གཏེར་དང་། གཏེར་ཆེན་པོ་དང་། ས་དང་། ས་ཆེན་པོ་དང་། ཤིང་དང་། ཤིང་ཆེན་པོ་དང་། འདབ་ཆགས་དང་། འདབ་ཆགས་ཆེན་པོ་དང་། རྒྱལ་པོ་དང་། རྒྱལ་པོ་ཆེན་པོ་དང་། བརྒྱ་བྱིན་དང་། དབང་པོ་ཆེན་པོ་དང་། ནོར་ལྷའི་བུ་དང་། སྒྲ་སྒྲོགས་དང་། འབྱུང་པོའི་བདག་པོ་དང་། དབང་ལྡན་དང་། གཤིན་རྗེ་དང་། ཚངས་པ་དང་། ཚངས་པ་ཆེན་པོ་དང་། ཉི་མའི་བུ་དང་། ནོར་སྦྱིན་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ལུས་ངན་པོ་དང་། གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། ལྔས་རྩེན་དང་། རྨུགས་འཛིན་དང་། རེངས་འཛིན་དང་། ཀུཥྨ་འཛིན་དང་། ལྗང་སྔོ་དང་། སྐྲ་ལྗང་སྔོ་དང་། སེང་གེ་དང་། འཕྲོག་མ་དང་། དགའ་བྱེད་དང་། ནོར་བྱེད་དང་། ཆུའི་དབང་པོ་དང་། འཇིག་རྟེན་དབང་པོ་དང་། ཉེ་བའི་དབང་པོ་དང་། གསང་བ་དང་། གསང་བ་ཆེན་པོ་དང་། གཡོ་བ་དང་། གཡོ་བྱེད་དང་། ཆུ་སྟོད་དང་། རྟག་པའི་རི་དང་། ཁ་བའི་རི་དང་། རི་ཆེན་པོ་དང་། མིག་བརྩེགས་པ་དང་། མགོ་བོ་གསུམ་པ་ཞེས་པ་འདི་རྣམས་དང་། གཞན་ཡང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ། བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་དང་། རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་ཆོས་མཉན་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། །གང་ཡང་སྲིན་པོའི་རྒྱལ་པོ་ཆེན་པོ་སྲིན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ་ཁྲོ་བོའི་རྒྱལ་པོ་ཆེན་པོས་བཀུག་པ། འདི་ལྟ་སྟེ། བྲོས་པ་དང་། འབྲོས་བྱེད་དང་། རྣམ་པར་འཇུ་བྱེད་དང་། གཟེར་གྱི་རྣ་བ་དང་། བུམ་པའི་རྣ་མ་དང་། ཀུན་ནས་རྣམ་དང་། གཤིན་རྗེ་དང་། རྣམ་པར་འཇིགས་བྱེད་དང་། འཇིགས་སུ་རུང་བ་དང་། དྲག་པོ་དང་། ཤིན་ཏུ་དྲག་པོ་དང་། མི་བཟད་པ་དང་། སྡིག་ལྡན་དང་། དབང་པོ་རྒྱལ་དང་། འཐབ་པ་དང་། ལེགས་པར་འཐབ་པ་དང་། མདུང་དང་། མདུང་རྩེ་གསུམ་དང་། མགོ་བོ་གསུམ་པ་དང་། མགོ་བོ་མཐའ་ཡས་པ་ཞེས་པའང་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ། །གང་ཡང་ཤ་ཟ་དང་། ཤ་ཟ་ཆེན་པོ་དང་། ཤ་ཟ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཀྱང་། འདི་ལྟ་སྟེ། འཐུང་གཅོད་དང་། ཉེ་བའི་འཐུང་གཅོད་དང་། ལེགས་པར་འཐུང་གཅོད་དང་མཐའ་ཡས་འཐུང་གཅོད་དང་། ཡིད་ཀྱི་ཤིང་རྟ་དང་། ལེགས་པར་ཡིད་ཀྱི་ཤིང་རྟ་དང་། ལེགས་པར་འདྲེན་པ་དང་། ཟ་བྱེད་དང་། སྤུ་བཟང་པོ་དང་། དྲག་པོའི་གཟུགས་ཅན་ཞེས་པ་དེ་རྣམས་ཀྱང་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏེ། །གང་ཡང་ཀླུའི་རྒྱལ་པོ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བའི་ཁྲོ་བོའི་རྒྱལ་པོས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་བཀུག་པ། འདི་ལྟ་སྟེ། དགའ་བོ་དང་། ཉེ་དགའ་བོ་དང་། ཟླ་བ་དང་། ཉེ་བའི་ཟླ་བ་དང་། ནོར་རྒྱས་ཀྱི་བུ་དང་། མཐའ་ཡས་དང་། འཇོག་པོ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། དུང་དང་། དུང་སྐྱོང་མ་དང་། སྟོབས་ཀྱི་རྒྱུ་དང་། རིགས་ལྡན་དང་། བརྫུན་པའི་བཏུང་བ་དང་། བུམ་པ་སྦྱིན་དང་། རྡོ་རྗེ་ཅན་དང་། ཙམ་པའི་བུ་དང་། ཡིད་ལྡན་ཀླུ་དང་། ང་རྒྱལ་འཇོམས་དང་། ཌཾ་ཀུ་ར་དང་། ཉེ་བའི་ཌཾ་ཀུ་ར་དང་། ལ་ཀུ་ཊཱ་དང་། ལ་ཀུ་ཊཱ་ཆེན་པོ་དང་། དཀར་པོ་དང་། དཀར་པོ་བཟང་པོ་དང་། སྔོན་པོ་དང་། སྔོན་པོ་ཆུ་སྦྱིན་དང་། འོ་མའི་ཆུ་དང་། སོག་མ་མེད་དང་། རྒྱ་མཚོ་དང་། ཉེ་བའི་རྒྱ་མཚོ་ཞེས་པ་འདི་རྣམས་དང་། གཞན་ཡང་། ཀླུའི་རྒྱལ་པོ་ཆེན་པོ་ཀླུ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཆོས་མཉན་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་ཆེན་པོར་དེར་འདུས་ཤིང་འདུག་པར་གྱུར་ཏོ། །གང་ཡང་དྲང་སྲོང་དང་། དྲང་སྲོང་ཆེན་པོ་དེ་རྣམས། འདི་ལྟ་སྟེ། རྒྱུན་ཤེས་ཀྱི་བུ་དང་། གནས་འཇོག་དང་། གཽ་ཏ་མ་དང་། སྐལ་ལྡན་ཤིང་རྟ་དང་། ཛཧྣུ་དང་། ཨཾ་གི་ར་ས་དང་། ཨ་མ་སྟི་དང་། སུ་ལ་སྟི་དང་། རི་བྱི་དང་། རྒྱས་པ་དང་། ནག་པོ་དང་། གཽ་ཏ་མ་ནག་པོ་དང་། མེ་དང་། མེའི་རྒྱུད་དང་། ཏཾཿགིར་ས་དང་། ཛཱ་མད་ཨགྣི་དང་། ཡོད་པ་པ་དང་། ཐུབ་པ་དང་། ཐུབ་པ་མཆོག་དང་། བཻ་སམྤ་ཡ་ན་དང་། རྩིབས་ལོགས་སྐྱེས་དང་། དགྲ་སྟ་དང་། རྣལ་འབྱོར་དབང་ཕྱུག་དང་། པི་སྤ་ལ་དང་། པི་སྤ་ལ་ཟ་བ་དང་། གྲོག་མཁར་བ་དང་། བདུད་མདའ་ཞེས་པ་འདི་རྣམས་དང་། གཞན་ཡང་། དྲང་སྲོང་ཆེན་པོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་ཉེ་བར་ཕྱིན་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་བཙལ་ནས་གསང་སྔགས་སྤྱོད་པའི་དོན་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མཉན་ཅིང་རྗེས་སུ་ཡི་རང་བར་འདོད་པས་འདོད་པ་འཁོད་པར་གྱུར་ཏོ། །གང་ཡང་ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་དེ་རྣམས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་རབ་ཏུ་ཞུགས་ཤིང་འཁོད་པར་གྱུར་པ། འདི་ལྟ་སྟེ། བྷེ་རཎྜ་དང་། བྷུ་རུཎྜ་དང་། མ་རུཎྜ་དང་། འོད་ཟེར་དང་། འོད་ཟེར་འབར་བ་ཞེས་པའོ། །གང་ཡང་ནམ་མཁའ་ལྡིང་གི་རྒྱལ་པོ་དེ་རྣམས་ཀྱང་ནམ་མཁའ་ལྡིང་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་འཁོར་དེར་འབུས་པར་གྱུར་པ། འདི་ལྟ་སྟེ། འདབ་བཟང་དང་། འདབ་དཀར་དང་། ཀླུ་དང་། འདབ་འགྲོ་དང་། འདབ་བཟང་སྐྱེས་དང་། ཡིད་མགྱོགས་དང་། ཀླུ་འཇོམས་དང་། རྣམ་འདུད་བུ་དང་། བྷ་ར་དྭ་ཛ་དང་། དགེ་མཚན་དང་། དགེ་མཚན་ཆེན་པོ་དང་། འདབ་ཆགས་རྒྱལ་པོ་སྟེ་དེ་རྣམས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་པར་གྱུར་ཏོ། ། གང་ཡང་མིའམ་ཅིའི་རྒྱལ་པོ་མིའམ་ཅི་བརྒྱ་སྟོང་ཕྲག་དུ་མས་བསྐོར་བ་དེ་རྣམས་ཀྱང་། འདི་ལྟ་སྟེ། ལྗོན་པ་དང་། ཉེ་བའི་ལྗོན་པ་དང་། ལེགས་པའི་ལྗོན་པ་དང་། མཐའ་ཡས་ལྗོན་པ་དང་། འཇིག་རྟེན་ལྗོན་པ་དང་། ལྗོན་པ་གསལ་བ་དང་། བྲང་རྒྱས་དང་། བྲང་རྒྱས་ཆེན་པོ་དང་། ཡིད་ཀྱི་གཟི་བརྗིད་དང་། གཟི་བརྗིད་ཆེན་པོ་དང་། རྫུ་འཕྲུལ་ཆེན་པོ་དང་། རྣམ་པར་སྒྲོགས་པ་དང་། དབྱངས་བཟང་པོ་དང་། ཡིད་འོང་དང་། སེམས་བསྐྱེད་པར་བྱེད་པ་དང་། སྨྱོ་བྱེད་དང་། ད་ན་དྷཱ་ཏ་དང་། བཏང་སྙོམས་པ་དང་། སྙིང་རྗེ་དང་། སྙིང་རྗེ་མེད་པ་ཞེས་པ་འདི་རྣམས་དང་། གཞན་ཡང་། མིའམ་ཅིའི་རྒྱལ་པོ་སྟོང་ཕྲག་གིས་ཡོངས་སུ་བསྐོར་བ་རྣམས་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ། །དེ་བཞིན་དུ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་པ་ཆེན་པོ་དང་། ཀུན་ཏུ་འོད་གསལ་དང་། རབ་ཏུ་འོད་གསལ་དང་། དགའ་བའི་འོད་དང་། བསོད་ནམས་འོད་དང་། མི་ཆེ་བ་དང་། མི་གདུང་བ་དང་། འོག་མིན་དང་། འོག་བཟང་དང་། འཇིག་རྟེན་མཐའ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། ཅི་ཡང་མེད་པ་མིན་པ་དང་། ནམ་མཁའ་མཐའ་ཡས་དང་། ནམ་མཁའ་མཐའ་ཡས་མིན་པ་ཉིད་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། ལེགས་པར་སྤྲུལ་པ་དང་། ཡོངས་སུ་སྤྲུལ་པ་དང་། གནས་གཙང་མ་དང་། དགའ་ལྡན་དང་། འཐབ་བྲལ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་བཞིའི་རིས་དང་། རྟག་མྱོས་དང་། ཕྲེང་ཐོགས་དང་། གཞོང་ཐོགས་དང་། པི་ཝང་གསུམ་པ་དང་། རི་ལ་གནས་པ་དང་། ཁང་པ་བརྩེགས་པ་ལ་གནས་པ་དང་། རྩེ་མོར་གནས་པ་དང་། ལྕང་ལོ་ཅན་ན་གནས་པ་དང་། གྲོང་ན་གནས་པ་དང་། གཞལ་མེད་ཁང་ན་གནས་པ་དང་། ནང་ན་གནས་པ་དང་། བར་སྣང་ལ་རྒྱུ་བ་དང་། ས་ན་གནས་པ་དང་། ཤིང་ལ་གནས་པ་དང་། ཁྱིམ་ན་གནས་པ་དང་། དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་རབ་ཚིམ་དང་། སྟོབས་ལྡན་དང་། ཐག་བཟང་རིས་དང་། ལེགས་བཀྲ་དང་། དགེ་བཀྲ་དང་། སྒྲ་གཅན་དང་། ལག་པ་ལ་སོགས་ལྷ་མ་ཡིན་བྱེ་བ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་འགྲོས་རྣམ་པ་སྣ་ཚོགས་དང་། ནོར་རྣམ་པ་སྣ་ཚོགས་དང་། ལྷ་དང་། གཡུལ་འགྱེད་པའི་ལྷ་མ་ཡིན་དེ་རྣམས་ཀྱང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བར་འདོད་པས་འཁོར་གྱི་དཀྱིལ་འཁོར་དེར་འདུས་པར་གྱུར་ཏོ། །གང་ཡང་གཟའ་དང་། གཟའ་ཆེན་པོའི་འཇིག་རྟེན་གྱི་དོན་དུ་སྤྱོད་པ་བར་སྣང་ལ་སྤྱོད་པ་ལ། འདི་ལྟ་སྟེ། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། ལྷག་པ་དང་། ཕུར་བུ་དང་། པ་སངས་དང་། སྤེན་པ་དང་། སྒྲ་གཅན་དང་། ས་འགུལ་དང་། མཇུག་རིང་དང་། ཐོག་གིས་འཇོམས་པ་དང་། སྐར་མ་དང་། རྒྱལ་མཚན་དང་། དྲག་པོ་དང་། དུ་ལྡན་དང་། དུ་བ་དང་། རྡོ་རྗེ་དང་། དྲང་སྲོང་དང་། ཆར་དང་། ཉེ་བའི་ཆར་དང་། དོན་ཉམས་དང་། ངེས་པར་ཉམས་དང་། དགོད་པའི་མཐའ་དང་། མཱཥྚི་དང་། རིཥྚི་དང་། དགའ་མ་དང་། འཇིག་རྟེན་མཐའ་དང་། ཟད་པ་དང་། རྣམ་པར་ལྟུང་བྱེད་དང་། མི་ལྟུང་བ་དང་། ཏོག་དང་། གླ་སྒང་དང་། དུས་ཀྱི་མཐའ་དང་། དུར་ཁྲོད་དང་། བི་ཤཱི་ཏ་དང་། དྲག་པོ་དང་། དཀར་པོ་དང་། བྱི་བཞིན་དང་། བྱི་བཞིན་གྱི་བུ་དང་། བྱམས་པ་དང་། ཕུར་བུ་དང་། ཕུར་བུ་གསུམ་པ་དང་། ལུ་བྷ་དང་། རོ་ཏྲ་དང་། བརྟན་པ་དང་། ཉམས་བྱེད་དང་། སྟོབས་ལྡན་དང་། དྲག་པོ་དང་། སྐྱ་རེངས་དང་། རྣམ་པར་དགོད་པ་དང་། འཆི་ལྟས་མིན་པ་དང་། སྐེམ་བྱེད་དང་། སྡེ་དང་། ཉེ་སྡེ་དང་། གཞོན་ནུ་དང་། རྩེ་བྱེད་དང་། དགོད་བྱེད་དང་། སེམས་པར་བྱེད་པ་དང་། ཐེང་པོ་དང་། གཟུགས་ན་གན་ཞེས་པ་སྟེ་གཟའ་ཆེན་པོ་དེ་རྣམས་ཀྱང་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་བཅས་པ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་གཙང་མའི་གནས་དེར་འཁོར་དུ་འདུས་ཤིང་འཁོད་པར་གྱུར་ཏོ། །དེ་ནས་རྒྱུ་སྐར་ནམ་མཁའ་ལ་འགྲོ་ཞིང་རྗེས་སུ་འབྲང་བ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ། འདི་ལྟ་སྟེ། ཐ་སྐར་དང་། བྲ་ཉེ་དང་། སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་དང་། ནབ་སོ་དང་། རྒྱལ་དང་། སྐག་དང་། མཆུ་དང་། གྲེ་དང་། དབོ་གཉིས་དང་། མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་དང་། ལྷ་མཚམས་དང་། སྣརོན་དང་། སྣུབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། གྲོ་བཞིན་དང་། མོན་གྲུ་དང་། མོན་གྲེ་དང་། ཁྲུམས་སྟོད་དང་། ཁྲུམས་སྨད་དང་། ནམ་གྲུ་དང་། ལྷ་མོ་དང་། བྱི་བཞིན་དང་། སླར་ཡང་འབྱུང་བ་དང་། སྐར་འོད་དང་། ཨངྒི་ཪྶཱ་དང་། རྒྱུ་སྐར་ལྡན་མ་དང་། ཉེ་བར་སྡུ་གུ་དང་། ཉེ་བའི་གྲེ་དང་། འཇིག་རྟེན་རབ་མཆོག་དང་། རབ་མཆོག་ལྡན་མ་དང་། དཔལ་ལྡན་མ་དང་། འཇིག་རྟེན་མགོན་པོ་དང་། ཆང་ལྡན་དང་། རྒྱལ་བ་ཐོབ་པ་དང་། ནོར་ལྡན་དང་། ལྷའི་ནོར་ཞེས་པ་དེ་ལྟར་རྒྱུ་སྐར་རྒྱལ་པོ་དེ་རྣམས་རྒྱུ་སྐར་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་གནས་གཙང་མའི་གནས་སུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་ཤིང་འཁོད་པར་གྱུར་ཏོ། །ཁྱིམ་སུམ་ཅུ་རྩ་དྲུག་ལ། འདི་ལྟ་སྟེ། ལུག་དང་། གླང་དང་། འཁྲིག་པ་དང་། ཀརྐ་ཊ་དང་། སེང་གེ་དང་། བུ་མོ་དང་། སྲང་དང་། སྡིག་པ་དང་། གཞུ་དང་། ཆུ་སྲིན་དང་། བུམ་པ་དང་། ཉ་དང་། སྤྲེའུ་དང་། ཉེ་བའི་བུམ་པ་དང་། གསེར་བུམ་དང་། རལ་གྲི་དང་། གླང་པོ་ཆེ་དང་། མ་ཧེ་དང་། ལྷ་དང་། མི་དང་། དགེ་མཚན་དང་། དྲི་ཟ་དང་། འཇིག་རྟེན་དགོངས་པ་དང་། རྒྱལ་བའི་མཆོག་དང་། གཟི་བརྗིད་དང་། ནམ་མཁའ་དང་། གྲིབ་མ་དང་། ས་གཞི་དང་། མུན་པ་དང་། རྡུལ་དང་། ཉེ་བའི་རྡུལ་དང་། སྡུག་བསྔལ་དང་། བདེ་བ་དང་། ཐར་པའི་བྱང་ཆུབ་དང་། རང་བྱང་ཆུབ་དང་། ཉན་ཐོས་དང་། དམྱལ་བའི་རིག་འཛིན་དང་། གཟི་བརྗིད་ཆེན་པོ་དང་། གཟི་བརྗིད་ཆེ་ལྡན་དང་། བྱོལ་སོང་དང་། ཡི་དྭགས་དང་། ལྷ་མ་ཡིན་དང་། ཤ་ཟ་དང་། ཤ་ཟ་མོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་པ་དང་། ཕྱོགས་ཀྱི་གླང་པོ་དང་། སྟེང་འགྲོ་དང་། ཐམས་ཅད་འགྲོ་དང་། རྣམ་བྱེ་དང་། རྣལ་འབྱོར་འགྲོ་དང་། རབ་ཏུ་གནས་པ་དང་། མཆོག་དང་། འབྲིང་དང་། ཐ་མ་ཞེས་པ་འདི་རྣམས་དང་། ཁྱིམ་ཆེན་པོ་ཁྱིམ་བརྒྱ་སྟོང་ཕྲག་དུ་མས་ཡ་ཨོངས་སུ་བསྐོར་བ་འདི་རྣམས་འཁོར་གྱི་དཀྱིལ་འཁོར་ཆེན་པོར་འདུས་པ་གང་ན་བ་དེར་ཉེ་བར་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་རང་རང་གི་གནས་སུ་འཁོད་པར་གྱུར་ཏོ། །གང་ཡང་གནོད་སྦྱིན་ཆེན་མོ་གནོད་སྦྱིན་མོ་བརྒྱ་སྟོང་ཕྲག་བྱེ་བས་བསྐོར་བ། འདི་ལྟ་སྟེ། མིག་བཟང་མ་དང་། སྨིན་མ་བཟང་མོ་དང་། སྐྲ་བཟང་མ་དང་། དབྱངས་སྙན་མ་དང་། བློ་གྲོས་བཟང་མོ་དང་། དབྱིག་ལྡན་མ་དང་། མིག་བཀྲ་མ་དང་། བསམ་རྫོགས་མ་དང་། གསང་བ་མ་དང་། འོག་པག་མ་དང་། འོག་པག་བཟང་མོ་དང་། པདྨའི་དུས་མ་དང་། མི་འཇིགས་མ་དང་། མི་འཇིགས་སྦྱིན་མ་དང་། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། ནམ་གྲུ་ཅན་མ་དང་། སྐྲ་ལྡན་མ་དང་། སྐྲ་མཐའ་མ་དང་། རླུང་མ་དང་། ཡིད་འཕྲོག་མ་དང་། ཡིད་ལྡན་མ་དང་། མེ་ཏོག་ལྡན་མ་དང་། མེ་ཏོག་གྲོང་གནས་མ་དང་། སེར་སྐྱ་མོ་དང་། འཕྲོག་མ་དང་། དཔའ་མོ་ལྡན་མ་དང་། དཔའ་མོ་དང་། དཔའ་བཟང་མ་དང་། སྣ་བཟང་མ་དང་། འོད་ལྡན་མ་དང་། ལྷ་མཛེས་མ་དང་། རོ་བཟང་མ་དང་། གསང་མཆོག་མ་དང་། བརྗོད་པ་ལ་གནས་མ་དང་། མྱ་ངན་མེད་པ་དང་། སྣང་བར་མཛེས་མ་དང་། འོད་ལྡན་མ་དང་། ཕུལ་བྱུང་ལྡན་མ་དང་། གཟུགས་ལྡན་མ་དང་། གཟུགས་མཛེས་མ་དང་། དཀར་མིན་དང་། ཞི་བ་མ་དང་། ཕྲ་མོ་མ་དང་། སྡེ་མ་དང་། དགའ་བྱེད་མ་དང་། ཉེ་བར་དགའ་བྱེད་མ་དང་། འཇིག་རྟེན་འདས་མ་ཞེས་པ་སྟེ། གནོད་སྦྱིན་མ་ཆེན་མོ་འདི་རྣམས་གནོད་ས་བྱིན་མ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་བཙལ་ཏེ་འཁོད་པར་གྱུར་ཏོ། །གང་ཡང་ཤ་ཟ་མོ་དག་ཤ་ཟ་མོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་བཙལ་ཏེ་འདུས་པར་གྱུར་པ་ལ། འདི་ལྟ་སྟེ། རྒྱན་པ་མོ་དང་། ཕྱག་དར་གྱི་ཤ་ཟ་མོ་དང་། དྲག་མོ་ཤ་ཟ་མོ་དང་། ཏ་ལ་ལའི་ཤ་ཟ་མོ་དང་། འབར་བའི་ཤ་ཟ་མོ་དང་། ཐལ་བ་ཟ་མ་དང་། ཤ་ལ་ཟ་བ་མོ་དང་། འཛིན་དཀའ་མ་དང་། འཁྲུལ་བྱེད་མ་དང་། རྨོངས་བྱེད་མ་དང་། སྒྲོགས་བྱེད་མ་དང་། སྐྱེད་བྱེད་མ་དང་། འཇིག་རྟེན་མཐར་གནས་མ་དང་། ཐལ་བའི་མཐའ་ཅན་མ་དང་། འཐུང་གཅོད་ལྡན་མ་དང་། མང་པོ་མ་དང་། གདུལ་དཀའ་མ་དང་། ཨེ་ལ་མ་དང་། མཚན་མ་ཅན་མ་དང་། དུ་བའི་མཐའ་ཅན་མ་དང་། དུ་བ་མ་དང་། དུ་བ་བཟང་མོ་མ་ཞེས་པ་ཤ་ཟ་མོ་ཆེན་མོ་འདི་རྣམས་ཤ་ཟ་མོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་རྣམས་ཀྱང་འཁོར་འདུས་པའི་དཀྱིལ་འཁོར་ཆེན་པོ་དེར་རབ་ཏུ་ཞུགས་པར་གྱུར་ཏོ། །གང་ཡང་མ་མོ་དང་། མ་མོ་ཆེན་མོ་དག་འཇིག་རྟེན་གྱི་རྗེས་སུ་སྤྱོད་ཅིང་སེམས་ཅན་ལ་རྣམ་པར་འཚེ་བར་བྱེད་པ་གཏོར་མ་དང་ཕྲེང་བ་ཉིད་སྡུད་པར་བྱེད་པ་ལ། འདི་ལྟ་སྟེ། ཚངས་མ་དང་། དབང་ཕྱུག་ཆེན་མོ་དང་། ཁྱབ་འཇུག་མ་དང་། གཞོན་ནུ་མ་དང་། རྒན་བྱེད་མ་དང་། ཕག་མོ་དང་། དབང་མོ་དང་། གཤིན་རྗེ་མ་དང་། མེ་མོ་དང་། ཉི་མའི་བུ་མོ་དང་། འཇིག་རྟེན་པར་མ་དང་། ཆུ་ལྷ་མོ་དང་། དབང་ལྡན་མོ་དང་། རླུང་ལྷ་མོ་དང་། གཞན་གྱི་སྲེག་འཕྲེག་མ་དང་། ཞལ་རྒྱན་པ་མོ་དང་། དགེ་མཚན་མ་དང་། དགེ་མཚན་མ་ཆེན་མོ་དང་། སྲུལ་མོ་དང་། ལུས་སྲུལ་མེ་དང་། སྐེམ་བྱེད་མ་ཞེས་པ་མ་མོ་ཆེན་མོ་འདི་རྣམས་མ་མོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དེ་རྣམས་འཁོར་འདུས་པའི་དཀྱིལ་འཁོར་ཆེན་པོ་དེར། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་འདོན་ཅིང་འཁོད་པར་གྱུར་ཏོ། །དེ་བཞིན་དུ་མི་དང་། མི་མ་ཡིན་པ་བརྒྱ་སྟོང་ཕྲག་དུ་མ་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་ཇི་སྲིད་དམྱལ་བ་ཆེན་པོ་མནར་མེད་པ་ནས། སྲིད་པའི་རྩེ་མོའི་བར་སྐབས་འདིར་ཐམས་ཅད་ནམ་མཁའི་དཀྱིལ་དུ་གསལ་བར་གྱུར་ཏོ། །སེམས་ཅན་གྱི་ཚོགས་ཀྱི་སྲོག་ཆགས་འགའ་ལའང་གནོད་པ་མེད་པར་གྱུར་ཏོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྒྱན་གྱིས་སེམས་ཅན་ཐམས་ཅད་ཀྱིས་སྤྱི་བོ་ན་སངས་རྒྱས་བཅོམ་ལྡན་འདས་དང་། སྤྱན་རས་གཟིགས་དབང་ཕྱུག་བཞུགས་པ་ཡང་དག་པར་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐམས་ཅད་དང་ལྡན་པའི་འཁོར་ལ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ནས་སེམས་དཔའ་ཆེན་པོ་དེ་ལ་བཀའ་སྩལ་ཏོ། །སེམས་ཅན་དག་གསང་སྔགས་ཀྱི་སྤྱོད་པའི་དོན་རྣམ་པར་ངེས་པའི་ཏིང་ངེ་འཛིན་གྱི་ལེའུ་རབ་འབྱམས་བྱང་ཆུབ་སེམས་དཔའི་སྡེ་སྣོད་གང་ད་ལྟ་དེའི་དུས་ལ་བབ་པར་ཤེས་ན་ཤོད་ཅིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྗེས་སུ་གནང་བས་ནམ་མཁའི་རང་བཞིན་གྱིས་རྒྱན་བཀོད་པ་རྡོ་རྗེ་སྡུག་ཅིང་སྲ་བའི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སེམས་དཔའ་ཆེན་པོ་སྙོམས་པར་ཞུགས་མ་ཐག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ཐམས་ཅད་དཔག་ཚད་བརྒྱ་སྟོང་ཕྲག་དུ་མར་རྡོ་རྗེའི་རང་བཞིན་རྒྱ་ཆེན་པོར་ལྷག་པར་གནས་པར་གྱུར་ཏོ། །དེར་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། རླུང་ལྷ་དང་། ཤ་ཟ་དེ་རྣམས་དང་། མདོར་བསྡུས་ན་སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་གཞལ་ཡས་ཁང་དེ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལྟ་བུར་ཡང་དག་པར་རབ་ཏུ་གནས་སོ། །འཁོད་པར་གྱུར་པ་རྣམས་ཕན་ཚུན་རྣམ་པར་འཚེ་བ་མེད་དོ། །དེ་ནས་སེམས་དཔའ་ཆེན་པོ་དེ་འཁོར་ཆེན་པོ་འདུས་པར་མཁྱེན་ནས། ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ལ་བོས་པར་གྱུར་ཏོ། །ཀྱེ་ཀྱེ་ཁྲོ་བོ་ཆེན་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་པ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདུས་པ་འདིའི་སེམས་ཅན་ཐམས་ཅད་སྲུངས་ཤིག། སྲུངས་ཤིག། དབང་དུ་གྱིས་ཤིག། གདུག་པ་རྣམས་ཐུལ་ཅིག་། ཞི་བ་རྣམས་སད་པར་གྱིས་ཤིག། མ་དད་པ་རྣམས་དད་པར་གྱིས་ཤིག། ཇི་སྲིད་ངའི་རིག་སྔགས་དང་། གསང་སྔགས་སྤྱོད་པ་རྗེས་སུ་སྒྲུབ་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྒྱ་ཆེན་པོ་དེ་ཉིད་ཀྱི་རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་པའི་དཀྱིལ་འཁོར་གྱི་ཆོ་ག་འཆང་བ་དེ་སྲིད་ཀྱི་བར་དུ་འདི་དག་གི་ཕྱི་རོལ་དུ་སོང་ལ་སྲུངས་ཤིག། དེ་སྐད་ཅེས་སྨྲས་པ་དང་། ཁྲོ་བོའི་རྒྱལ་པོ་ཆེན་པོའི་བཀའ་མནོས་ནས། རྣམ་པར་འགྱུར་བ་ཆེན་པོའི་གཟུགས་ཡོངས་སུ་བརྟགས་ཏེ་སེམས་ཅན་ཐམས་ཅད་བསྲུང་བར་བྱ་བའི་དོན་དང་། བརྟན་པར་བྱ་བའི་དོན་དུ་བཀོད་པ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ཁྲོ་བོ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་ཕྱོགས་བཞི་ཀུན་ནས་དེ་ལྟར་སྟེང་དང་། འོག་དང་། ཐད་ཀར་སྒྲ་དྲག་པོ་འདོན་བཞིན་པས་རབ་ཏུ་གནས་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་རྣམས་ཞི་བ་ཉིད་ཀྱི་ཡིད་དང་ལྡན་པས་ཡང་དག་པར་འཇུག་པའི་བཀའ་ལས་མི་འདའ་བར་གྱུར་ཏེ་སྒྲ་འདི་ལྟ་བུའང་ཐོས་པར་གྱུར་ཏོ། །གང་དམ་ཚིག་འདི་འདའ་བར་བྱེད་པ་འདི་དག་ནི་ཨ་རྫ་ཀའི་དོག་པ་བཞིན་དུ་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏེ་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱང་དེ་ཡིན་ནོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་དེ་རང་གི་རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་པའི་དོན་དུ་ཆོས་ཀྱི་ཚིག་གསུངས་པ། ཆོས་གཅིག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གསང་སྔགས་འགྲུབ་པར་འགྱུར་ཏེ། གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་ཡང་དག་པར་རྗེས་སུ་མི་མཐོང་བའོ། །ཆོས་གཉིས་པོ་དག་ལ་རབ་ཏུ་གནས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གསང་སྔགས་འགྲུབ་པར་འགྱུར་ཏེ། གཉིས་པོ་དག་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དོ། །ཆོས་གསུམ་རྣམས་ཀྱི་རང་གི་གསང་སྔགས་ཀྱི་སྤྱོད་པའི་དོན་ངེས་པར་བརྟན་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གསུམ་གང་ཞེ་ན། སེམས་ཅན་ཡོངས་སུ་མི་གཏོད་བ་ཉིད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་སྲུང་བ་ཉིད་དང་། རང་གི་གསང་སྔགས་ཡོངས་སུ་མི་གཏོང་བ་ཉིད་དོ། །ཆོས་བཞི་ཡང་དག་པར་ལྡན་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་རིག་སྔགས་འགྲུབ་པར་འགྱུར་ཏེ། བཞི་གང་ཞེ་ན། རང་གི་གསང་སྔགས་རྫོགས་པ་ཡོངས་སུ་མི་གཏོང་བ་ཉིད་དང་། གཞན་གྱི་གསང་སྔགས་ཉེ་བར་གཅོད་པ་མིན་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་གནས་པ་ཉིད་དང་། སྙིང་རྗེ་ཆེན་པོ་སྒོམ་པའི་སེམས་ཏེ་ཆོས་བཞི་པོ་འདི་དག་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་འགྲུབ་པར་འགྱུར་རོ། །ཆོས་ལྔས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཡང་དག་པར་འཇུག་ཅིང་གསང་སྔགས་ཀྱི་སྤྱོད་པའི་སྒྲུབ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ལྔ་གང་ཞེ་ན། རྣམ་པ་སྣ་ཚོགས་པའི་ཡུལ་བསྟེན་པ་ཉིད་དང་། བས་མཐའི་དགོན་པ་བསྟེན་པ་ཉིད་དང་། སེམས་ཅན་གཞན་ལ་ཞེ་སྡང་མེད་པ་ཉིད་དང་། འཇིག་རྟེན་པའི་སྔགས་ལ་མི་ལྟ་བ་ཉིད་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། སྤྱོད་པ་ལ་གནས་པར་བྱེད་པ་ཉིད་དེ་ཆོས་ལྔ་པོ་འདི་དག་གིས་སྔགས་ཀྱི་སྤྱོད་པའི་དོན་གྱི་དངོས་གྲུབ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་དྲུག་ནི་གསང་སྔགས་ཀྱི་སྤྱོད་པའི་དངོས་གྲུབ་ཡོངས་སུ་རྫོགས་པར་འགྱུར་ཏེ། དྲུག་གང་ཞེ་ན། དཀོན་མཆོག་གསུམ་ལ་དད་པ་ཉེ་བར་གཅོད་པ་མེད་པ་ཉིད་དང་། ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོའི་ཚིག་གི་དོན་མི་འདོར་བ་ཉིད་དང་། སྐྱོ་བ་མེད་པའི་སེམས་ཉིད་ཀྱིས་གསང་སྔགས་ཀྱི་སྤྱོད་པའི་དོན་ཡོངས་སུ་ཚོལ་ཞིང་དགེ་བའི་ཕྱོགས་ཡོངས་སུ་མི་སྤོང་བ་ཉིད་དེ་ཆོས་དྲུག་པོ་འདི་ནི་རིག་སྔགས་ཀྱི་སྤྱོད་པ་དང་། གསང་སྔགས་ཀྱི་དངོས་གྲུབ་ལ་ཡང་དག་པར་ཀུན་ཏུ་འཇུག་པ་ཉིད་དུ་འགྱུར་རོ། །ཆོས་བདུན་རྣམས་ནི་རིག་སྔགས་གྲུབ་པའི་ཆོ་ག་དང་། གསང་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་འཇུག་པར་བྱེད་པ་ཉིད་དུ་འགྱུར་ཏེ། བདུན་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཟབ་མོ་སྒོམ་པ་དང་། ཟློས་པ་དང་། ཉན་པ་དང་། ཁ་ཏོན་བྱེད་པ་དང་། འདྲི་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མོས་པས་དུས་གསུམ་དུ་སྟོན་པ་དང་། ངེས་པར་སྡོམ་པ་དང་། བཟླས་པ་དང་། སྦྱིན་སྲེག་དང་། སྨྲ་བཅད་དང་། དཀའ་ཐུབ་ལ་མ་ཐོགས་པ་དང་། བློ་གྲོས་དང་། དྲན་པ་དང་། ཤེས་རབ་དང་། བརྟན་པ་དང་དུ་ལེན་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་། ཐེག་པ་ཆེན་པོའི་ཆོས་ཟབ་མོའི་ཚུལ་ལ་ཡང་དག་པར་རབ་ཏུ་འཇུག་པའི་ཚུལ་དང་། རང་གི་གསང་སྔགས་དང་། སྔགས་དགུག་པ་དང་། སྲུང་བ་དང་། སྒྲུབ་པའི་བྱ་བ་ལ་མཁས་པ་ཉིད་དང་། སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། དགའ་བ་ཆེན་པོ་ཡོངས་སུ་སྒོམ་པར་བྱེད་པ་ལས་དང་། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་དེ་བཞིན་ཉིད་ལ་ཡང་དག་པར་འཇུག་པ། གཉིས་སུ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཚོལ་བ་ལས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ལ་ཐེག་པ་དམན་པ་ལ་དགའ་བ་མེད་པ་ལས་ཏེ་ཆོས་བདུན་པོ་འདི་རྣམས་ནི་རིག་སྔགས་དང་། གསང་སྔགས་ཀྱི་དངོས་གྲུབ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་བརྒྱད་ནི་རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་པའི་དོན་གྱིས་དངོས་གྲུབ་ཡང་དག་པར་འཇུག་པ་ཉིད་དུ་འགྱུར་ཏེ། བརྒྱད་གང་ཞེ་ན། མཐོང་བ་དང་། མ་མཐོང་བའི་འབྲས་བུ་ལ་དད་པས་ངོ་མཚར་བར་སེམས་པར་འདོད་པ་ཉིད་དང་། བྱང་ཆུབ་སེམས་དཔའི་དད་པའི་འབྲས་བུ་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་བ་ཐེ་ཚོམ་མེད་པ་ལས་དང་། ཕྱིན་ཅི་མ་ལོག་པའི་གསང་སྔགས་འཛིན་པ་ལས་བླ་མ་ལ་གུས་པ་ལས་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་སྔགས་དང་། རྒྱུ་དང་། སྤྱོད་པ་ཉེ་བར་བསྟན་བ་མི་སླུ་བར་འཛིན་ཅིང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལས་དང་། དངོས་གྲུབ་ཀྱི་ཞིང་གནས་དང་། གནས་མ་ཡིན་པ་རྨི་ལམ་དུ་མཐོང་བ་སྟོན་པ་ལ་མཁས་པ་ཉིད་དང་། སེར་སྣ་དང་། གཉིད་དང་། རྨུགས་པ་མཐའ་དག་དང་བྲལ་བར་བྱེད་པ། རྟག་ཏུ་བརྩོན་འགྲུས་རྩོམ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་འབུལ་བར་བྱེད་པ་ལས་དང་། མདོར་བསྡུས་ན་དགེ་བའི་རྩ་བ་ལ་ངོམས་མི་ཤེས་པའི་གོ་ཆ་བགོས་ཏེ་བགེགས་ཐམས་ཅད་རབ་ཏུ་སེལ་བར་བྱེད་པ་ལས་དང་། བྱང་ཆུབ་ཀྱི་རྒྱུད་གནོན་པར་བྱེད་པ་དང་། ལོངས་སྤྱོད་ཆེན་པོ་དང་། དབང་ཆེ་བར་གྲགས་པ་བདག་ཉིད་སོ་སོར་འདོད་པ་དང་། དབང་ཆེ་བར་གྲགས་པའི་གང་ཟག་ལ་ཡང་དག་པར་འགྲོགས་པ་དང་། དགེ་བའི་བཤེས་གཉེན་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཡང་དག་པར་འགྲོགས་པར་བྱེད་པ་སྟེ་ཆོས་བརྒྱད་པོ་འདི་ནི་གསང་སྔགས་ཀྱི་སྤྱོད་པའི་དོན་གྱི་དངོས་གྲུབ་ལ་ཡང་དག་པར་འཇུག་པར་འགྱུར་རོ། །གྲོགས་པོ་དག་། མདོར་ན། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་དཀོན་མཆོག་གསུམ་ལ་ལྷག་པར་མོས་པ། མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ལའང་ས་ཀྱོ་བ་མེད་པའི་ཡིད་ཀྱིས་རྟག་ཏུ་མངོན་པར་བརྩོན་པས་ཡིད་སྔགས་ཀྱི་ལེའུ་རབ་འབྱམས་མཐའ་ཡས་ཤིང་རྨད་དུ་བྱུང་བ་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུ་མཐུན་པའི་ཡིད་ལས་བྱུང་བ་འགྲུབ་པར་འགྱུར་རོ། །དེ་ལས་གཞན་དུ་རྟོགས་པར་བྱ་བ་མ་ཡིན་ནོ། །རྣམ་པར་རྟོག་པ་མེད་པའི་ཡིད་དུ་གྱུར་པས་ཉམས་སད་པའི་རྒྱུར་ཡང་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ནས་ཡང་ཐམས་ཅད་དང་ལྡན་པའི་འཁོར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་བྱིན་གྱིས་བརླབས་པ་རྣམས་འདི་སྐད་དུ་བརྗོད་པར་བྱེད་དེ། ཀྱེ་རྒྱལ་བའི་སྲས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་གསང་སྔགས་ཀྱི་སྤྱོད་པ་སྣ་ཚོགས་པའི་དོན་བྱ་བའི་ཆོས་ཀྱི་ཚུལ་ལ་རབ་ཏུ་འཇུག་པའི་རྗེས་སུ་མཐུན་པའི་ཆོས་སྟོན་ཅིག་ལེགས་སོ། །ལེགས་སོ། །ེ་མ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སྣ་ཚོགས་པའི་ཆོས་སྟོན་པའི་རྗེས་སུ་འཇུག་པར་བྱེད་པ་གསང་སྔགས་ཀྱི་སྤྱོད་པ་དགེ་བ་ལེགས་པར་གསུངས་སོ། །རྒྱལ་པོ་ཆེན་པོ། གང་ལ་ལ་ཞིག་འདུས་པའི་ལེའུ་འདི་འཛིན་པར་འགྱུར་བ་དང་། ཡིད་ལ་བྱེད་པར་འགྱུར་བ་དང་། གཡུལ་དུའང་ཐོག་མར་གླང་པོ་ཆེའི་སྟེང་དུ་འཇོག་པར་འགྱུར་བ་དང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། བྱུག་པ་རྣམ་པ་སྣ་ཚོགས་པས་མཆོད་པར་འགྱུར་བ་དེ་ལ་བདག་ཅག་མཚུངས་པར་བརྟག་པར་བགྱི། ཕྱིར་རྒོལ་བ་དང་། དགྲ་བོ་ངག་དབང་དུ་བགྱི། ཕ་རོལ་གྱི་དམག་དཔུང་དག་འཇིག་ཅིང་བཟློག་པར་བགྱི། གླེགས་བམ་དུ་བྲིས་ནས་རང་གི་ཁྱིམ་དུ་འཇོག་པར་འགྱུར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། རྒྱལ་པོ་ཆེན་པོའམ། རྒྱལ་མོ་ཆེན་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། སྲུང་བ་ཆེན་པོ་དང་། ལོངས་སྤྱོད་ཆེན་པོ་དང་། ཚེ་རིང་པོར་འགྱུར་བ་དང་། ནད་མེད་པ་དང་། རྟག་ཏུ་ལོངས་སྤྱོད་འཕེལ་པ་ཉིད་ཀྱང་བགྱིའོ། །དེ་སྐད་སྨྲས་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ཅིའང་མི་གསུང་བར་གྱུར་ཏོ། །ཐེག་པ་ཆེན་པོའི་རིག་སྔགས་དང་། གསང་སྔགས་ཀྱི་སྤྱོད་པ་ངེས་པར་བ་སྟན་པ་ལས་རལ་པ་གྱེན་བརྫེས་ཀྱི་རྟོག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་འཕྲུལ་གྱི་ལེའུ་རབ་འབྱམས་ལས་བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་རྩ་བའི་རྟོག་པ་ལས། འདུས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཐམས་ཅད་དང་ལྡན་པའི་འཁོར་ཀྱི་དཀྱིལ་འཁོར་ལ་གཟིགས་ནས། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ལ་རྗེས་སུ་འཇུག་ཅིང་ཀུན་ཏུ་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྙོམས་པར་ཞུགས་མ་ཐག་ཏུ་ལྟེ་བའི་དཀྱིལ་འཁོར་གྱི་པ་ཧཡོགས་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བའི་འོད་ཟེར་བྱུང་སྟེ་སེམས་ཅན་གྱི་ཁམས་ཐམས་ཅད་ཀུན་ནས་སྣང་བར་བྱ་བར་བྱས་ནས་སྔར་ཉིད་དུ་འཁོར་འདུས་པའི་དཀྱིལ་འཁོར་ཆེན་པོ་ཀུན་ཏུ་སྣང་བར་བྱས་ནས་འཁོད་པར་གྱུར་ཏོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དག་པའི་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲས་པ། སེམས་དཔའ་ཆེན་པོའི་དམ་ཚིག་ལ་རྗེས་སུ་འཇུག་པ་ལས་བྱ་བའི་དཀྱིལ་འཁོར་གྱི་ལེའུ་རབ་འབྱམས་ཀྱི་སྤྱོད་པ་སྒྲུབ་པ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་པ། ཁྱེད་ཀྱིས་ཚོགས་གང་དུ་སེམས་ཅན་རྣམས་ཡང་དག་པར་རྗེས་སུ་ཞུགས་ནས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་རིག་སྔགས་དང་། གསང་སྔགས་ཀྱི་དངོས་གྲུབ་ཡང་དག་པར་ཐོབ་པ་དང་ལྡན་པ་ཁྱོད་སྨྲོས་ཤིག་།སྨྲོས་ཤིག། གསང་བའི་བདག་པོ་གནོད་སྦྱིན་དབང་པོས་དེ་སྐད་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་མཆོག་ཏུ་གསང་བའི་དཀྱིལ་འཁོར་གྱི་རྒྱུད་གསུངས་པ། རིག་སྔགས་ཐམས་ཅད་ཡང་དག་པར་བསྐུལ་བར་བྱེད་པ་ཞེས་བྱ་བའི་རྫུ་འཕྲུལ་རྣམ་པར་སྟོན་པར་བྱེད་ཅིང་ལག་པ་གཡས་པ་བཏེག་ནས་སོར་མོའི་རྩེ་མོས་འཁོར་གྱི་དཀྱིལ་འཁོར་ལ་སྟོན་པར་བྱེད་ཅིང་། སོར་མོའི་རྩེ་མོ་དེར་རིག་པའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ངེས་པར་ཕྱུང་སྟེ་ཕྱུང་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དེ་སྣང་བ་ཆེན་པོས་ཀུན་ཏུ་སྣང་བར་བྱས་ནས་གནས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པའི་སྙིང་པོ་ལས་ཐམས་ཅད་པ། དཔའ་བོ་གཅིག་པ་སྤྱན་དྲངས་པ་དང་། གཤེགས་སུ་གསོལ་བ་དང་། ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་སྤྱོད་ཅན་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ས་འོག་ཏུ་འཇུག་པ་དང་། རྐང་པ་རབ་ཏུ་རྒྱུ་བ་དང་། དགུག་པ་དང་། རྣམ་པར་སྡང་བ་དང་། དབང་དུ་བྱེད་པ་དང་། དྲི་དང་། ཕྲེང་བ་དང་། མར་མེ་ཐམས་ཅད་རང་གི་རྒྱུད་ཀྱི་སྔགས་ཀྱིས་རབ་ཏུ་སྦྱིན་པར་བྱེད་དེ། མདོར་ན། ཇི་ལྟར་སྦྱར་བ་དེ་བཞིན་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་བཞིན་པ་ནི་ཡི་གེ་གསུམ་ཞེས་བྱ་བ་བརྩོན་འགྲུས་ཆེན་པོས་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོའོ། །དེ་གང་ཞེ་ན། ཨོཾ་ཨཱཿཧཱུཾ། འདི་ནི་ཁྲོ་བོ་ཆེན་པོ་དེའི་སྙིང་པོ་ལས་ཐམས་ཅད་པ་སྟེ་དཀྱིལ་འཁོར་ཐམས་ཅད་དང་། གསང་སྔགས་སྤྱོད་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ངེས་པར་བསྟན་ཏེ་བགེགས་ཐམས་ཅད་འཇིག་པར་བྱེད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་པ་བཏེག་ནས་ཁྲོ་བོའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་སུ་གསོལ། །གང་ལ་ལ་ཕྱོགས་བཅུའི་འ་ཇིག་རྟེན་གྱི་ཁམས་ན་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤིང་མུ་མེད་པའི་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་དམ་ཚིག་ལ་ལྷག་པར་གནས་པར་གྱིས་ཤིག། དེ་སྐད་ཅེས་སྨྲས་ནས་ཁྲོ་བོའི་རྒྱལ་པོ་དེ་བསྐོར་ནས་བཏང་བར་གྱུར་ཏོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་བཏང་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཀ་ཧམས་དག་ཏུ་སོང་ནས་སྐད་ཅིག་ཙམ་གྱིས་གདུག་སེམས་ཅན་གྱི་སེམས་ཅན་རྫུ་འཕྲུལ་ཆེན་པོ་དེ་རྣམས་ཚར་བཅད་ཅིང་བཀུག་ནས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ད་ཨག་པའི་སེམས་ཅན་ལ་ཡང་དག་པར་བཅུག་སྟེ་གནས་ཇི་ལྟ་བ་བཞིན་དུ་གནས་པར་བྱས་ནས་སེམས་ཅན་གདུག་པ་རྣམས་ཀྱི་སྤྱི་བོར་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པར་གྱུར་ནས་ངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་སླར་ཡང་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། སེམས་ཅན་ཁྱེད་ཅག་ཐམས་ཅད་ཉོན་ཅིག། གང་ཡང་ངའི་དམ་ཚིག་འདི་ལས་འདའ་བར་བྱེད་པ་དེ་ལ་ཁྲོ་བོའི་རྒྱལ་པོས་ཚར་གཅོད་པར་འགྱུར་ཏེ་གང་གི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །རིག་སྔགས་དང་། གསང་སྔགས་ཀྱི་དོན་གྱི་ཚིག་གསང་ཆེན་ཇི་ལྟར་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཏིང་ངེ་འཛིན་ངེས་པར་བསྟན་པ་འཆད་པར་བྱེད་དོ། །དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུད་དྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། ན་མོ་བྷ་ག་བ་ཏྱཻ། ཨཱརྱ་ཏཱ་རཱ་ཡཻ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱཱ་ཐཱ། རྀ་ཛུ་ཀ་དྷརྨ་ནི་ཪྻ་ཏེ། ཏཱ་རེ་ཏུཏྟ་རེ། ཤཱནྟ་དྷརྨ་ནི་རྱཾ་ཏེ། ཏཱ་རེ་ཨ་ན་བཱི་ལཱ་བྱ་དྷརྨ་ནིརྱ་ཏེ་ཏུཏྟཱ་རེ་ཏུ་རེ་ཧི་ནི། ཏྲཱ་ས་ནི། བི་ཏྲཱ་ས་ནི། ཨོ་ཧ་ནི། མོ་ཧ་ནི། ཛམྦྷ་ནི། སྟམྦྷ་ནི། པྲ་བྷེ། ཙནྟྲ་པྲ་བྷེ་ཧི་ལི་ཧི་ལི། བི་ལེ་བི་ལེ། བེ་ག་གཱ་མི་ནི། ཀུཎྜི་མཧཱ་ཀུཎྜི། དྷ་ར་དྷ་ར་དྷ་ན་པ་ཏི། ཏཱ་རེ་ཧུ་རུ་ཧུ་རུ། ཀུ་རུ་ཀུ་རུ། ཨ་ཧཾ། ཡཱཾ་ཡཱཾ། ཙིནྟི་ཡཱ་མི། ཙིཏྟ་ཏ་མ་ཀུ་རུ་སྭཱཧཱ། གྲོགས་པོ་དག་།འདི་ནི་ངའི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རིག་སྔགས་ལས་ཐམས་ཅད་བྱེད་མ། སྲིད་པ་གསུམ་གྱི་ཆོས་ཉེ་བར་གཅོད་པ། ངན་འགྲོ་ཐམས་ཅད་ཟློག་པར་བྱེད་མའོ། །ཕྱག་རྒྱའང་འདིར་རྩ་བའི་རིག་སྔགས་ཤེས་པ་རྣམ་པར་གྲགས་པ་དེ་ལ་རབ་ཏུ་སྦྱར་བར་འགྱུར་རོ། །འདིར་མཆོག་གི་སྙིང་པོ་ལས་ཐམས་ཅད་བྱེད་པ། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པ། ཞི་བ་ཐམས་ཅད་བྱེད་པ། སངས་རྒྱས་མངོན་སུམ་དུ་མཐོང་བ་བཞིན་དུ་ཉེ་བར་གནས་པ། རང་ཉིད་ངའི་གྲོགས་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་མཆོག་ཏུ་གསང་བའི་རིག་སྔགས་ཀྱི་ངོ་བོས་ཉེ་བར་གནས་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད། གང་དང་། གང་དྲན་པ་ཉིད་ཀྱིས་ལས་ཐམས་ཅད་མཐར་བྱེད་པ། འཇིགས་པ་ཆེན་པོ་རྣམས་ཡོངས་སུ་སྦྱོང་བར་བྱེད་པ་སྟེ། བཟླས་པས་ལྟ་སྨོས་ཀྱང་ཅི་དགོས། དེ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟ་རེ་སྭཱཧཱ། ཕྱག་རྒྱའང་འདིར་ཨུཏྤལ་ཞེས་ཀྱང་རྣམ་པར་གྲགས་པ་ལོངས་སྤྱོད་ཐམས་ཅད་མངོན་པར་འཕེལ་བར་བྱེད་པའོ། །འདིར་ཉེ་བའི་སྙིང་པོར་གྱུར་པའང་མཆོག་ཏུ་དཔལ་དང་ལྡན་པའི་དག་བྱེད་ཆེན་པོ་སྟེ། ན་མོ་རཏྣ་ཏྲ་ཡཱ་ལ། ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ནཱ། ཨོཾ་ཀུ་རུ་ཀུལླེ་སྭཱཧཱ། ཕྱག་རྒྱའང་འདིར་པདྨའི་ཕྲེང་བ་ཞེས་རྣམ་པར་གྲགས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་དབང་དུ་བྱེད་མའོ། །འདིར་མཆོག་གི་སྙིང་པོར་གྱུར་པའང་། ན་མཿསརྦ་བུད་དྷེ་ནཱཾ། ཨོཾ་གཱི། འདི་ནི་སྙིང་པོའི་མཆོག་སྟེ་མདོར་བསྡུ་ན་བྱ་བ་ཐམས་ཅད་ལ་ཡོན་ཏན་ཆེན་པོ་རྒྱས་པ་སྟེ། ཡོན་ཏན་མུར་ཐུག་པར་བརྗོད་པ་ནི་དུས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཀྱང་མི་ནུས་སོ། །ཕྱག་རྒྱའང་འདིར་བརྩོན་འགྲུས་ཆེན་པོ་ཞེས་རྣམ་པར་གྲགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །འདིར་སྤྱན་དྲང་བའི་རིག་སྔགས་སུ་གྱུར་པའང་། ན་མཿསརྦ་བུད་དྷཱ་ནཾ། ཨོཾ་ཧེ་ཧེ་བྷ་ག་བ་ཏི་བི་ཤྭ་རཱུ་པི་ཎི་སརྦ་བ་ལ། བྷཱ་ཥི་ཏ། པྲ་བོ་དྷི་ན་ཨཱ་ཡཱ་ནི། བྷ་ག་བ་ཏི། ཀྲཱི་ཌ་ཨུཏྤལ་དྷི་ནི། མ་མ་ཤུད་དྷཱ་ཡ། ཏིཥྛ་ཏིཥྛ། ས་མ་ཡ་མ་ནུ་སྨ་ར། ཨ་པྲ་ཏི་ཧ་ཏ། ཤཱ་ས་ན་ཧཱུཾ། མཱ་བི་ལམྤ་ཀུ་རུ་ཀུ་རུ་ཕཊ་སྭཱཧཱ། འདི་ནི་བཅོམ་ལྡན་འདས་མ་སྤྱན་དྲང་བའི་རིག་སྔགས་ཏེ། སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཀྱིའང་ཡིན་ནོ། །ཙནྡན་གྱི་ཆུ་ལ་ལན་བདུན་མངོན་པར་སྔགས་པ་བྱས་ཏེ་ཕྱོགས་བཞི་དང་། དེ་བཞིན་དུ་སྟེང་དང་། འོག་དང་། ཐད་ཀ་ཐམས་ཅད་དུ་གཏོར་བ་བྱའོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བཅོམ་ལྡན་འདས་སྒྲོལ་མ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་གསང་སྔགས་འདི་ཡིན་ཏེ། འབྱུང་པོའི་ཚོགས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱང་འོང་བར་འགྱུར་རོ། །ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་དྷུ་རུ་དྷུ་རུ། དྷུ་མ་བཱ་སི་ནི། མ་མཱ་རྩི་ཥ་ཧཱུཾ། ཏིཥྛ་ས་མ་ཡ་མ་ནུ་སྨར་སྭཱཧཱ། བདུག་པའི་རིག་སྔགས་ཏེ། ཙནྡན་དང་། གུར་གུམ་དང་། ག་བུར་གཅིག་ཏུ་བྱས་ནས་བདུག་པ་དབུལ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་བྱོན་པ་རྣམས་སྤོས་ཀྱི་བདུག་པས་ཡིད་ཚིམ་ནས་ཁུགས་པར་འགྱུར་རོ། །འདིར་ཕྱག་རྒྱར་གྱུར་པའང་། པདྨའི་ཕྲེང་བ་ཞེས་གྲགས་པ་སེམས་ཅན་ཐམས་ཅད་འགུགས་པར་བྱེད་ཅིང་ཞིབ་སྟེ་སྤྱན་དྲང་བའི་རིག་སྔགས་ལའང་ཕྱག་རྒྱ་པདྨའི་ཕྲེང་བ་བཟང་པོ་འདི་ཉིད་དོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་བྱོན་པ་ལའང་མཆོད་ཡོན་དབུལ་བར་བྱ་སྟེ། ག་པུར་དང་། ཙནྡན་དང་། གུར་གུམ་ཆུ་དང་སྦྱར་ནས་ཛཱ་ཏིའི་མེ་ཏོག་དང་། མཱ་ལི་ཀ་གསར་པ་དང་། དབྱར་གྱི་མེ་ཏོག་དང་། པུན་ནཱ་ཀ་དང་། བ་ཀུ་ལི་དང་། རྒྱ་སྤོས་རྣམས་ཏེ་འདི་དག་གང་ཡང་རུང་བའི་མེ་ཏོག་གམ། དུས་ཇི་ལྟ་བུའི་མེ་ཏོག་གམ། དྲི་བཟང་པོའི་མེ་ཏོག་རྣམས་དང་བསྲེས་ནས་སྔགས་འདིས་མཆོད་ཡོན་དབུལ་བར་བྱའོ། །ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤ་ས་ནཱ་ནཱཾ། ཏ་དྱ་ཐཱ། ཧེ་ཧེ་མཧཱ་ཀ་རུ་ཎི་ཀཱ། བི་ཤྭ་རཱུ་པ་དྷཱ་ར་ཎི་ཨརྒྷཾ་པྲ་ཏིཙྪ་ས་མ་ཡ་ས་མ་ཡ་མ་ནུ་སྨར། ཏིཥྛ་ཏིཥྛ་དེ་བ་ཏཱ་དྷིཥྛ་ན། མ་དྷྱེ་པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། སརྦ་བུདྡྷཱ། ཨ་ནུ་ཀཾ་པ་ཀ། གྲྀཧྣ་གྲྀཧྣ་ཧཱུཾ། ཨམྦ་རི་བི་ཙཱ་རི་ཎི་སྭཱཧཱ། ཕྱག་རྒྱ་འདིར་གང་བ་ཞེས་གྲགས་ཏེ་སེམས་ཅན་ཐམས་ཅད་ཀྱིས་རྗེས་སུ་འཇུག་ཅིང་བརྟན་པའོ། །འདིར་དྲིའི་རིག་སྔགས་སུ་གྱུར་པའང་། ན་མཿསརྦ་བུད་དྷཱ་ནཱཾ། ན་མཿས་མནྟཾ་གྷནྡྷ་ཨ་བ་བྷ་ཥི་ཏེ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། གནྡྷེ་གནྡྷེ་ཧྭཱ་དེ་གནྡྷ་མ་ནོ་ར་མེ་པྲ་ཏིཙྪ་པྲ་ཏིཙྪ་དཾ། གནྡྷཾ་ས་མ་ནཱ་ནུ་ཙཱ་རི་ཎི་སྭཱཧཱ། འདིར་ཕྱག་རྒྱར་འགྱུར་བ་ཡང་། ལོ་མ་ཞེས་བྱ་བ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །འདིར་མེ་ཏོག་གི་སྔགས་སུ་གྱུར་པའང་ན་མཿསརྦ་བུད་དྷཱ་བོ་དྷཱི་སཏྭ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ན་མཿསཾ་ཀུ་རུ་མི་ཏ་རཱ་ཛྙ་སྱ། ཏ་ཐཱ་ག་ཏཱ་སྱ། ཏདྱ་ཐཱ། ཀུ་སུ་མེ་ཀུ་སུ་མེ་ཀུ་སུ་མཱ་དྷྱོ་ཀུ་སུ་མཱ་སཱུ་ར་བཱ་སི། ཀུ་སུ་མཱ་བ་ཏི་སྭཱཧཱ། བདུག་པའི་སྔགས་འདི་ཉིད་ཀྱིས་སྔར་བཤད་པའི་བདུག་པས་བདུགས་པར་བྱའོ། །རྨད་བྱུང་བསམ་མི་ཁྱབ་པའི་སྐུ། །སངས་རྒྱས་ཀུན་ལ་ཕྱག་བྱས་ནས། །ཡང་དག་རྫོགས་སངས་རྒྱས་གསུངས་པའི། །གཏོར་མའི་རིག་སྔགས་རབ་འཆད་བྱེད། །ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཧེ་ཧེ་བྷ་ག་བ་ཏི་མཧཱ་སཏྭེ་སརྦ་བུད་དྷཱ་ཨ་བ་ལོ་ཀི་ཏེ། མཱ་བི་ལཾ་བ་ཨི་དམ་བ་ལིཾ་གྲྀཧྣ་པ་ཡ་གྲིཧྣ་པ་ཡ་གྲིཧྣ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་སརྦ་ར་ར་ཊ་ཕཊ་སྭཱཧཱ། ལྷ་བཤོས་འདིས་དབུལ་བར་བྱ་སྟེ། འབྱུང་པོ་ཐམས་ཅད་པའི་གཏོར་མར་འགྱུར་རོ། །འདིར་ཡང་ཕྱག་རྒྱ་ནི་དབྱུག་པ་སྟེ། བདུག་པ་ཐམས་ཅད་ཟློག་པར་བྱེད་པའོ། །ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཾ། སརྦ་ཏ་མོ་ཨུ྅ནྡྷ་ཀཱ་ར་བི་དྱཾ་སི་ཏཱ་ནཱཾ། ན་མཿས་མནྟ་ཛྱོ་ཏི་གནྡྷ་ཨ་བ་བྷ་ས་པྲི་ཡཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། ཧེ་ཧེ་བྷ་ག་བཱན་ཛྱོ་ཏེ་རསྨི་ཤ་ཏ་ས་ཧ་སྲ། པྲ་ཏི་མཎྜི་ཏ་ཤ་རཱ་རི། བི་ཀུར་བ་བི་ཀུར་བ་མཧཱ་བོ་དྷི་སཏྭ་མནྟྲེ་ཛྭོ་ལོ་ཏྱོ་ཏ་མཱུ་དྷེ། ཁུརྷ་ཁུརྷ། ཨ་བ་ལོ་ཀཱི་ཡ། ཨ་བ་ལོ་ཀཱི་ཡ། མཎྜ་ལཾ་སརྦ་སཏྭ་ནཱཾ་སྭཱཧཱ། མར་མེའི་རིག་སྔགས་རེ་འདིས་མར་མེ་དབུལ་བར་བྱའོ། །ཕྱག་རྒྱ་ནི་ཁ་བྱེ་བ་ཞེས་སེམས་ཅན་ཐམས་ཅད་རྣམ་པར་སྣང་བར་བྱེད་པའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཛྭ་ལ་ཛྭ་ལ། ཛྭ་ལ་ཛྭ་ལ་ཡ་ཧཱུཾ་བི་བོ་དྷ་ཀ་ཧ་ར་ཀྲྀཥྞ་པིཾ་ག་སྭཱཧཱ། མེའི་བྱ་བ་བྱེད་པའི་རིག་སྔགས་སུ་འགྱུར་རོ། །འདིར་ཡང་ཕྱག་རྒྱ་ནི། ཁ་སྦྱོར་ཞེས་པའི་འཇིག་རྟེན་གྲགས། །སེམས་ཅན་ཀུན་འོད་ཀྱིས་གསལ་བྱེད། །བྱང་ཆུབ་སེམས་དཔའ་བློ་ལྡན་དང་། །ཐུབ་པ་མཆོག་གིས་སྔོན་གསུངས་པའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སྨྲས་པ། གསང་བ་པའི་བདག་པོ་སྔགས་ཀྱི་ཚིག་འདི་ནི་གསང་ཆེན་དང་བཅས་ཤིང་མཆོག་ཏུ་གསང་བ་ཡིན་ཏེ། བུ་ཁྱོད་ལ་ཕན་དྲག་པོའི་མཐའ། །མི་བཟད་པ་ཡི་རིགས་སུ་གྲགས། །སྔགས་རྣམས་ཐམས་ཅད་གང་ཁོ་ན། །མཁས་པ་རྣམས་ཀྱིས་བསྒྲུབ་བྱའོ། །སྤྱི་བོའི་གདུ་བུ་ཞེས་གྲགས་པ། །རྡོ་རྗེ་པདྨའི་རིགས་དག་ཀྱང་། །དེ་ནི་ངེས་པར་གཞིག་དོན་དུ། །རིག་པ་འདི་ནི་ཡང་དག་བརྗོད། །ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། མ་མ་ཀཨཱརྱཾ་ཛཾ་བྷ། ཛཾ་བྷ་སརྦ་སརྦ་ད་ཧ་ད་ཧ། སརྦ་བཛྲ་བི་ནཱ་ཤ་ཀ། མཱུརྡྷ་ཌཱ་ཀ་ཛཱི་བནྟཾ་ཏ་ཀ་རཱ་མཧཱ་བི་ཏྲི་ཏ་རཱ་པི་ཎེ་པ་ཙ་པ་སརྦ་དུཥྚཾ་མཧཱ་ག་ན་པ་ཏི་ཛཱི་བནྟཱཾ་ཏ་ཀ་ར། བནྡྷ་བནྡྷ། སརྦ་གྲ་ཧཱཾ། ཥ་ཌ་མུ་ཁ་ཋ་ཌ་བྷུ་ཛ་ཥ་ཊ་ཙ་ར་ཎ་རུ་ཏྲ་མཱ་ན་ཡ་པྲཧྨ་ཏྱཾ་དེ་བ་ན་ན་ཡཱ་མཱ་བི་ལམ་བ་མཱ་མཱ་བི་ལཾ་བ་བྷུ་ཥ་ཧྲཱི་མཎྜལ་མ་དྷྱེ་པྲ་བེ་ཤ་ཡ་ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། གསང་བ་པའི་བདག་པོ། འདི་ནི་མཆོག་ཏུ་གསང་བ་བརྩོན་འགྲུས་ཆེན་པོ་སྒྲོལ་མའི་ཡན་ལག་ཟ་ཧལ་དྲུག་པ་ཞེས་བྱ་བ་ཁྲོ་བོའི་རྒྱལ་པོ་ཆེན་པོ་ཐམས་ཅད་རྣམ་པར་འཇོམས་པ་པོ་སྟེ་འདི་བཀླགས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པའི་དབང་ཕྱུག་རྣམས་ཀྱང་རྣམ་པར་འཇིག་པར་བྱེད་ན། མ་རུངས་པའི་བགེགས་རྣམས་ལྟ་ཅི་སྨོས། འདི་བཀླགས་པ་ཙམ་གྱིས་སྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །འདིར་ཕྱག་རྒྱ་ཡང་རིགས་ཆེན་པོ་ཞེས་བྱ་བར་འགྱུར་ཏེ་བགེགས་རྣམ་པར་འཇིག་པར་བྱེད་པའོ། །ཁྲོ་བོའི་རྒྱལ་པོ་འདི་ཉིད་ཀྱི་སྙིང་པོ་ནི། །ོཾ་ཧྲཱིཿཥྚྲིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་སརྦ་ཤ་ཏྲུཾ་སྟམྦྷ་ཡ་ཕཊ་ཕཊ་སྭཱཧཱ། སྔགས་འདིས་དགྲ་ཐམས་ཅད་གཟེར་ཆེན་པོའི་ནད་དང་། ཡང་རིམས་ཉིན་གཅིག་པས་ཟིན་པར་འགྱུར་རོ། །རྟག་ཏུ་བཟླས་པས་ཇི་སྲིད་སྣང་བར་བྱམས་པ་ཉིད་དུ་མི་འགྱུར། ཡང་ན་སྙིང་རྗེའི་སེམས་ཐོབ་པར་མི་འགྱུར་ཏེ་བཟླས་པ་ཟིན་གྱི་བར་དུ་གྲོལ་བར་མི་འགྱུར་ཞིང་འཆིང་བར་མི་འགྱུར་རོ། །དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་བྱ་ཡི། ཞི་བའི་སེམས་ཡོད་པ་གཞན་ལ་མ་ཡིན་ནོ། །ཕྱག་རྒྱ་མདུང་ཆེན་པོ་ཡང་སྦྱར་བར་བྱའོ། །འདིར་ཉེ་བའི་སྙིང་པོར་གྱུར་པ་ཡང་། ཨོཾ་ཧྲིཿཀཱ་ལ་རཱུ་པཾ་ཧཱུཾ་ཁཾ་སྭཱཧཱ། སྔ་མའི་མདུང་ཆེན་ཡང་སྦྱར་བར་བྱའོ། །གདུག་པ་ཐམས་ཅད་ལ་གང་འདོད་པ་དེ་བྱེད་པར་འགྱུར་རོ། །མཆོག་གི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡི་གེ་གཅིག་པ་ཞེས་བྱ་བ་ནི། ཧཱུཾ། འདི་ནི་ལས་ཐམས་ཅད་བྱེད་པ་སྟེ། ཕྱག་རྒྱ་མདུང་ཆེན་པོའང་སྦྱར་བར་བྱའོ། །ཕུང་ཁྲོལ་ཐམས་ཅད་ཟློག་པར་བྱེད་པ་འབྱུང་པོ་ཐམས་ཅད་དབང་ད་ཨུ་བྱེད་པ་སྟེ་མདོར་ན་ཁྲོ་བོའི་རྒྱལ་པོ་འདི་ནི་ལས་ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱ་སྟེ་དཀྱིལ་འཁོར་གྱི་དབུས་སུ་བཟླས་པས་གྲུབ་པའི་དུས་སུའང་ཁྱད་པར་འབྱུང་བར་འགྱུར་རོ། །གཤེགས་སུ་གསོལ་བའི་སྔགས་སུ་གྱུར་པའང་། ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཛ་ཡ་ཛ་ཡ། སུ་ཛ་ཡ། མཧཱ་ཀཱ་རུ་ཎི་ཀ་བི་ཤྭ་རཱུ་པི་ནི། གཙྪ་གཙྪ་སྭ་བྷ་བ་ནཾ། སརྦ་བུད་དྷ་སྭ་བི་སརྫཱ་ཡ། ས་པ་རི་བཱ་རཾ། སྭ་བྷ་བཱ་ནཱཾ་ཙཱ་ནུ་པྲ་བེ་ཤ་ཡ། ས་མ་ཡ་མ་ནུ་སྨ་ར། སརྦཱ་རྠ་སྭ་མེ་སིདྷྱཾ་ཏུ། བི་དྷྱ་ས་དཱཿམ་ནོ་ར་ཐཾ་ཙ་མེ་པ་རི་པཱུ་ར་ཡ་སྭཱཧཱ། འདི་ནི་གཤེགས་སུ་གསོལ་བའི་སྔགས་ཏེ་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །ཕྱག་རྒྱ་བཟང་པོའི་གདན་ཞེས་གྲགས་པ་སྟེ་འདིས་གདན་ཡང་སྦྱིན་པར་བྱའོ། །ཡིད་ཀྱིས་ལན་བདུན་བཟླས་པས་ཐམས་ཅད་གཤེགས་སུ་གསོལ་ལོ། །འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རྣམས་དང་། སྔགས་རྣམས་ཉིད་ལའང་སྔགས་ཀྱི་དངོས་གྲུབ་དང་། དམ་ཚིག་དང་། བཟླས་པ་དང་། དུས་དང་། ངེས་པ་སྡོམ་པ་རྣམས་ལའང་རབ་ཏུ་སྦྱར་བར་བྱའོ། །དེ་ན་ཨས་ཡང་སེམས་དཔའ་ཆེན་པོས་སླར་ཡང་གནས་གཙང་མའི་ལྷའི་བུ་རྣམས་ལ་ཀུན་ཏུ་གཟིགས་ཏེ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་རང་གི་རིག་པའི་ཆོ་གས་སྔགས་ཀྱི་ལེའུ་རབ་འབྱམས་གསུངས་པར་གྱུར་ཏོ། །ན་མཿསརྦ་བུད་དྷ་ནཾ། ཨ་པྲ་ཏི་ཧ་ཏ་ག་ཏཱི་ནཱཾ་ཨོཾ་ནི་ཊི་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་སྐྲ་ཅན་མ་ཞེས་བྱ་བའི་རིག་པ། ལས་ཐམས་ཅད་པ་སྟེ་དམ་ཚིག་ཆེན་པོའི་ཕྱག་རྒྱའི་སྙིང་པོ་དུག་གི་ལས་ཐམས་ཅད་ལ་ཀུན་ཏུ་སྦྱར་རོ། །ན་མཿས་མནྟ་བུདྡྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ནི་ཊི། འདི་ནི་ཉེ་བར་སྤྱོད་པའི་སྐྲ་ཅན་མ་ཞེས་བྱ་བའི་རིག་པ་ལས་ཐམས་ཅད་པ་སྟེ་ཕྱག་རྒྱ་ནི་ཁ་བྱེ་བ་ཞེས་པ་གཟའི་ལས་ཐམས་ཅད་ལ་སྦྱར་བར་བྱའོ། ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ནི། རིག་པ་འདི་ནི་སྡོང་བུ་ཅན་ཞེས་བྱ་བ་སྤྱོད་པའི་དགེ་བའི་ལས་ཐམས་ཅད་བྱེད་པ་སྟེ་ཕྱག་རྒྱ་ནི་བཟང་པོའི་གདན་གྱིས་གནོད་སྦྱིན་མོ་རྣམས་དགུག་པར་བྱ་བ་ལ་སྦྱར་རོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིནྟྱ་དྦྷཱུ་ཏ་རཱུ་པི་ཎི། ཨོཾ་ཥྚཻ་སྭཱཧཱ། མཁའ་འགྲོ་མ་ཀུན་འཇོམས་པ་ཡི། །ཕྱག་རྒྱ་སྦུབས་ཅན་ཡང་དག་སྦྱར། ། བྱང་ཆུབ་སེམས་དཔས་བཤད་པ་ཡི། །རིག་སྔགས་ཐོད་པ་ཅན་ཞེས་བྱ། །སངས་རྒྱས་ཀུན་གྱི་པདྨ་ཉིད། །རབ་བསྔགས་ལྷ་ཡི་གཟུགས་ཅན་མ། །ན་མཿས་མནྟ་བུདྡྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ག་ཏི། ཙཱ་ར་ཎཾ། ཏདྱ་ཐཱ། ཨོཾ་བ་ར་དེ་སྭཱཧཱ། ཕྱག་རྒྱ་ཨུཏྤ་ལ་ཉིད་ནི། །དཔལ་གྱི་བདག་ཉིད་སྤྱན་ལ་སྦྱར། །གཟུགས་མང་འཆང་བའི་ལྷ་མོ་ནི། །མྱུར་དུ་ལོངས་སྤྱོད་རབ་སྒྲུབ་པའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིནྡྱ་དྦྷཱུ་ཏ་རཱུ་པི་ཎཾ་ཨོཾ་སུ་རི་སྭཱཧཱ། ཕྱག་རྒྱ་མདུང་དང་ཡང་དག་ལྡན། །རིམས་རྣམས་ཐམས་ཅད་རྣམ་འཇོམས་པའོ། །ན་མཿ་ས་མནྟ་བུདྡྷ་ནཱཾ། ཨ་ཙིནྟྱ་དྦྷཱུ་ཏ་རུ་པི་ཎཾ་ཏུ་རེ་སྭཱཧཱ། བསམ་པའི་སྒྲོལ་མ་ལྡན་པ་ཞེས། །རབ་བསྔགས་ལས་རྣམས་ཐམས་ཅད་པ། །དབྱུག་པའི་ཕྱག་རྒྱར་ཡང་དག་ལྡན། །བགེགས་རྣམས་འཇོམས་བྱེད་མ་ལ་སྦྱར། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིནྟྱ་དྦྷུ་ཏ་རཱུ་པི་ཎཱཾ། ཏདྱ་ཐཱ། ཨོཾ་བི་ལོ་ཀི་ནི་སྭཱཧཱ། །རིག་པ་སྣང་ལྡན་ཞེས་བྱ་བ། །འཇིག་རྟེན་ཐམས་ཅད་དབང་དུ་བྱེད། །བདེ་བ་ཐམས་ཅད་རབ་སྦྱིན་པ། །པདྨའི་ཕྱག་རྒྱས་སྦྱར་བར་བྱ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིནྟྱི་བིདྡྷཱུ་ཏ་རཱུ་པི་ཎཱ། ཏདྱ་ཐཱ། ཨོཾ་བི་ཤྭེ། བི་ཤྭ་སཾ་བྷ་བེ་བི་ཤྭ་རཱུ་པི་ཎཾ་ཀ་ཧ་ཀ་ཧ་ཨཱ་བི་ཤ་ཨཱ་བི་ཤ་ས་མ་ཡ་མ་ནུ་སྨ་ར་རུ་རུ་ཏི་ཥྛ་སྭཱཧཱ། །རིག་པ་བརྩོན་འགྲུས་ཆེན་མོ་ནི། །འཇིག་རྟེན་འདྲེན་པས་བསྟེན་པ་སྟེ། །སྙིང་པོ་ཕྱག་རྒྱ་མཉམ་པ་ཉིད། །སེམས་ཅན་ཐམས་ཅད་འབེབས་ཤིང་དགེ། །སྣ་ཚོགས་ཞེས་བྱ་ཡང་དག་བསྒྲགས། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨོཾ་ཙིནྟྱདྦྷུ་ཏ་རུ་པི་ཎཾ། ཏདྱ་ཐཱ། ཨོཾ་ཤྭེ་ཏེ་པྲ་བ་སུ་སྭཱཧཱ། པདྨའི་གདན་གྱིས་རྣམ་པར་དགོད། །ལས་རྣམས་ཐམས་ཅད་བྱེད་པའོ། །ན་མཿས་མནྟ་བུདྡྷ་ནཱཾ། ཨ་པྲ་ཏ་ཧི་ཏ་ག་ཏི་པྲཱ་ཏི་རི་ཎཱཾ། ཏདྱ་ཐཱ། ཨོཾ་ཤྲཱིཿརིག་པ་འདི་ནི་དཔལ་མོ་ཆེ། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །ཕྱག་རྒྱ་ཁ་སྦྱོར་ལྡན་པ་ཡི། །རྒྱལ་སྲིད་ཆེན་པོ་རབ་སྦྱིན་བྱེད། །ན་མཿས་མནྟ་བུདྷཱ་ནཱཾ། སརྦ་སཏྭ་བྷ་ཡ་པྲ་དཱ་ཡི་ཀཱ། ཏ་དྱ་ཐཱ། ཨོཾ་ཨ་ཛི་ཏེ་ཀུ་མཱ་ར་རཱུ་པི་ཎཱི། ཨོཾ་ཧི་ཨཱ་གཙྪ་མ་མ་ཀ་ར་ཡཾ་ཀུ་རུ་སྭཱཧཱ། མི་ཐུབ་མ་ཞེས་རྣམ་གྲགས་མ། །གཞོན་ནུ་བདུད་རྩི་ལས་བྱུང་བ། །གང་བའི་ཕྱག་རྒྱར་ལྡན་པ་ཡིས། །དགྲ་རྣམས་ཐམས་ཅད་ཟློག་པར་བྱེད། །ན་མཿས་མནྟ་བུད་དྷཱ་ནཱི། ཨ་ཙིནྡྱ་དྦྷུ་ཏ་རཱུ་པི་ཎཾ། ཏདྱ་ཐཱ། ཨོཾ་ཛ་ཡེ་སྭཱཧཱ། བི་ཛ་ཡེ་སྭཱཧཱ། ཨ་ཛི་ཏེ་སྭཱཧཱ། སྲིད་མོ་བཞི་ཞེས་རྣམ་གྲགས་པ། །བྱང་ཆུབ་སེམས་དཔའི་རྗེས་འགྲོ་བ། །ས་རྣམས་མཐའ་དག་ཡོངས་རྒྱུ་ཞིང་། །སེམས་ཅན་རྗེས་སུ་འཛིན་བྱེད་པ། །མིང་པོ་ཏུ་མ་བུ་རུ་ཞེས་གྲགས། འདི་རྣམས་ཀྱིས་ནི་རྗེས་སུ་སྤྱོད། །གྲུ་ཡི་བཞོན་པ་མཉམ་ཞོན་ནས། །རྒྱ་མཚོ་ལ་ནི་ངེས་པར་གནས། །ཁུ་ཚུར་ཕྱག་རྒྱས་རྣམ་པར་དགོད། །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །ན་མཿས་མནྟ་བུད་དྷཱ་ནཱཾ། ལོ་ཀཱ་གྲཱ་དྷི་པ་ཏཱི་ནཱཾ། ཏདྱ་ཐཱ། ཨོཾ་ཀུ་མཱ་རི་མཧཱ་ཀུ་མ་རི་ཀྲཱི་ཌ་ཀྲཱི་ཌ། མཧཱ་རཱཀྵ་སི་བོ་དྷི་སཏྭཱ་ནུ་ཛྙཱ་ཏ་མ་ཡུ་རཱ་ས་ནེ་སཱ་ཤ། ས་ར་ཤུ་པཱ་ནི་རཀྟཾ་གཱི་རཀྟཾ་གནྡྷ་ནུ་ལེ་བ་ན་པྲི་ཡེ་པྲི་ཡེ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ནརི་ཏྱ་རཀྟ་པུཥྤཱ་རྩི་ཏ་མུརྟི་ས་མ་ནུ་སྨ་ར། བྷྲ་མ་བྷྲ་མ། བྷྲ་མ་ཡ་བྷྲ་མ་ཡ། ཧུ་ལུ་ཧུ་ལུ་མཱ་བི་ལམྦ། སརྦ་ཀརྨཱ་ཎི་མེ་ཀུ་རུ་ཀུ་རུ། བི་ཙི་ཏྲ་རཱུ་པ་དྷཱ་རི་ཎི། ཏིཥྛ་ཏིཥྛ། ཧཱུཾ་ཧཱུཾ་སརྦ་བུད་དྷཱ་ནུ་ཛྙཱ་ཏེ་སྭཱཧཱ། སེམས་ཅན་རྗེས་སུ་འཛིན་བྱེད་པའི། །བྱང་ཆུབ་སེམས་དཔས་བཤད་པས་ན། །ས་རྣམས་མ་ལུས་ཀུན་ནས་ནི། །རྣམ་པ་དྲུག་ཏུ་རབ་ཏུ་གཡོས། །སེམས་ཅན་ཀུན་ལ་ཕན་དོན་དང་། །གདུག་པའི་སེམས་ཅན་ཟློག་བྱེད་པ། །བདག་གི་རིག་པ་རྟག་ཏུ་གྲགས། །རྟག་ཏུ་སྲུང་བར་ཡོངས་སུ་གྲགས། །སྲུང་བ་ལྟོས་འགྲོ་དེ་ཉིད་ཀྱི། །འཇིག་རྟེན་མཚན་མས་ལེགས་པར་མཚན། །སྙིང་རྗེས་ཐུགས་ནི་བརླན་པ་ཡི། །བྱང་ཆུབ་སེམས་དཔའ་དེ་ནས་གསུངས། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །བྱིས་པ་རྣམས་ལ་ཕན་དོན་དུ། །གང་ལས་སེམས་ཅན་སྤྱོད་གསུངས་པ། །འགྲོ་བ་རྣམས་ལ་རྣམ་སྤྱོད་ལྡན།། ཕྱག་རྒྱ་དབྱུག་པའི་སྲོག་ཤིང་ལྡན། །བདག་ཉིད་ཆེན་པོས་སྦྱར་ནས་ནི། །ཚངས་པ་ལ་སོགས་འགུགས་བྱེད་ན། །མི་རྣམས་འབྲས་བུ་སྨོས་ཅི་དགོས། །གཞོན་ནུའི་སེམས་སུ་མ་ལུས་པའི། །རྟོག་པ་འདི་ནི་བསྡུས་ནས་སུ། །སྲིན་པོ་རྣམས་སུ་གྲགས་པ་ཡི། །རིག་སྔགས་འདི་ནི་ཡང་དག་བསྟན། །སེམས་ཅན་རྗེས་གཟུང་འདོད་པ་ཡི། །བྱང་ཆུབ་སེམས་དཔའ་དེ་ལྟར་བཤད། །ཡིག་གསུམ་ཞེས་བྱའི་སྙིང་པོ་འདི། །རིག་སྔགས་འདི་ནི་ཡང་དག་བཤད། །སེམས་ཅན་ཀུན་ལ་ཕན་དོན་དུ། །ཉེ་བར་ལོངས་སྤྱོད་འགུགས་པའི་མཆོག། །ཕྱག་རྒྱ་དབྱུག་པའི་སྲོག་ཤིང་ནི། །རྣམ་བཀོད་ལས་རྣམས་ཐམས་ཅད་པའོ། །ོཾ་ཧཱུཾ་ཛཿ། རིག་སྔགས་འདི་ནི་མདོར་བསྡུས་ནས། །མི་རྣམས་འབྲས་བུ་བྱེད་པ་ཡིན། །ན་མཿས་མནྟ་བུད་དྷཱ་ནཱཾ། ས་མནྟོ་དྱོ་ཏི་ཏ་མཱུརྟྟི་ནཱཾ། ཨ་བི་ཀྲྀ་ཏ་གྲ་ཧ་ཧཱུཾ་ཕཊ་སྭཱཧཱ། །ཉེ་བའི་སྙིང་པོ་འདི་ཡང་ནི། །ཕྱག་རྒྱ་དགྲ་སྟ་ཡང་དག་ལྡན། ། དེ་བཞིན་འབྱུང་པོ་འགུགས་པར་བྱེད། །དེ་བཞིན་གཟའ་དང་མ་མོར་བཅས། །ཐམས་ཅད་ཕྱག་རྒྱས་རྒྱས་བཏབ་པ། །བཀོད་ན་འབྲས་བུ་བཅས་པར་འགྱུར། །འབྱུང་པོ་རྣམས་ནི་རྣམ་སྐྲག་བྱེད། །གདུག་པ་ཞུགས་པ་རྣམ་པར་གྲོལ། །འདི་ནི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ཕོ་ཉ་མོ་ཆེན་མོ་ལས་ཐམས་ཅད་པ་རལ་པ་གཅིག་མ་ཞེས་བྱ་བ་རྗེས་སུ་སྤྱོད་པ་ལས་ཐམས་ཅད་པ་སྟེ་བཟླས་པ་ཙམ་ཁོ་ནས་ལས་ཐམས་ཅད་བྱེད་དོ། །འབྱུང་པོ་ཐམས་ཅད་སྐྲག་པར་བྱེད་པ་དང་། འགུགས་པར་བྱེད་པ་དང་། དབང་དུ་བྱེད་པ་དང་། རིག་པ་འཛིན་པ་ཇི་ལྟར་འདོད་པ་དེ་ཐམས་ཅད་རྫོགས་པར་བྱེད་དོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་པྲཧྨཱ་སུ་པྲཧྨ་པྲཧྨ། བརྩ་སེ་ཤིནྟཾ་ཀུ་རུ་སྭཱཧཱ། སྔགས་འདི་ཚངས་པ་ཆེན་པོ་སྟེ། །བྱང་ཆུབ་སེམས་དཔས་བཤད་པ་ཡིན། །འབྱུང་པོ་ཞི་བ་རབ་ཏུ་ཐོབ། །སྐད་ཅིག་ཉིད་ལ་བསིལ་བར་འགྱུར། །ཕྱག་རྒྱ་པདྨ་ཡང་དག་ལྡན། །མྱུར་དུ་དགེ་ལེགས་ཐོབ་པར་འགྱུར། །མངོན་སྤྱོད་ཀྱི་ནི་ལས་རྣམས་ལ། །སྲིད་སྲུང་གི་ནི་རིག་བྱེད་འདོད། །འདི་ནི་མདོར་བསྡུས་བརྗོད་པ་སྟེ། །ཆོ་ག་འདི་ནི་མདོར་བསྡུས་པའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏཱི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་ག་རུ་ཌ་བ་ཧ་ན་ཙཀྲ་པཱ་ན་ཙ་ཏུར་བྷུ་ཛ་ཧཱུཾ་ཧཱུཾ། ས་མ་ཡ་མ་ནུ་སྨ་ར། བོ་དྷི་སཏྭ་ཨཛྙཱ་པ་ཡ་ཏི་སྭཱཧཱ། བྱང་ཆུབ་སེམས་དཔས་བཀའ་སྩལ་པ། །ཞི་བའི་དོན་ནི་མྱུར་དུ་བྱེད། །འབྱུང་པོ་རྣམས་ནི་རྣམ་འཇིག་བྱེད། །ཁྱབ་འཇུག་གཟུགས་ཀྱིས་ལུས་ཅན་ཡིན། །ཕྱག་རྒྱའི་འཁོར་ལོར་ཡང་དག་ལྡན། །བརྟན་པའི་དོན་ནི་ཡང་དག་བྱེད། །གང་འདི་ཁྱབ་འཇུག་རྒྱུད་དུ་ནི། །ཆོ་ག་རྒྱས་པར་བསྟན་པ་དེ། །སེམས་ཅན་ཀུན་གྱི་སྒྲུབ་བྱེད་དེ། །བྱང་ཆུབ་སེམས་དཔས་བཤད་པ་ཡིན། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏ་དྱ་ཐཱ། མཧཱ་མ་ཧེ་ཤྭ་ར་བྷུ་ཏཱ་དྷི་པ་ཏི་པྲི་ཥ་བྷ། དྷྭ་ཛ་པྲ་ལ་བ་ཛ་ཊ་མུ་ཀུ་ཊ་དྷཱ་རི་ཎཱི། སི་ཏ་བྷ་སྨ་དྷུ་ས་ར་ཏ། མཱུ་རྟི་ས་ཨཾ་ཕཊ་ཕཊ་བོ་དྷི་སཏྭ་ཨཛྙཱ་པ་ཡ་ཏི་སྭཱཧཱ། སེམས་ཅན་རྣམས་ལ་ཕན་འདོད་པས། །སྔགས་འདི་བདག་གིས་རབ་ཏུ་བརྗོད། །མདུང་གི་ཕྱག་རྒྱ་མཉམ་པར་ལྡན། །འབྱུང་པོ་ཐམས་ཅད་རྣམ་འཇིག་པ། །འདི་ཡང་བསྟན་པའི་ཆོ་ག་འདི། །སེམས་ཅན་ས་སྟེང་གནས་པ་ལ། །སྔོན་ནི་ཞི་བའི་རྒྱུད་དུ་བསྟན། །ཡོན་ཏན་སྣ་ཚོགས་རྒྱ་ཆེ་བ། །ཞི་བའི་རྒྱུད་ཀྱིས་ཀྱང་བརྗོད་དོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་ཤ་ཀུ་ནི་པ་ཏ་ཏ་བཀྵི་ཎ། ཤཱ་ཀ་ཁ་ཁ། ཁཱ་ཧི་ཁཱ་ཧི་ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཏིཥྛ་བོ་དྷི་སཏྭ་ཨཱ་ཛྙཱ་པ་ཡ་ཏི་སྭཱཧཱ། སྔགས་འདི་བརྩོན་འགྲུས་ཆེན་པོ་སྟེ། །ནམ་མཁའ་ལྡིང་ཞེས་རྣམ་པར་གྲགས། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག་།གདེངས་ཀ་ཅན་གྱི་དུག་རྣམས་འཇོམས། །ཕྱག་རྒྱ་ཆེ་དང་ཡང་དག་ལྡན། །ཕུང་ཁྲོལ་མི་བཟད་བཅས་པ་འཇོམས། ། བརྟན་དང་གཡོ་བའི་དུག་རྣམས་ནི། །གསོ་བར་བྱེད་པར་ཐོ་ཚོམ་མེད། །གདུལ་བྱའི་སེམས་ཅན་ལ་བརྩེ་བས། །བྱང་ཆུབ་སེམས་དཔའི་ཡང་དག་བཀའ། །ནམ་མཁའ་ལྡིང་གི་གཟུགས་ཀྱིས་སྤྱོད། །འདབ་ཆགས་རྒྱལ་པོ་འོད་ཆེན་ལྡན། །ཇི་སྲིད་ནམ་མཁའ་ལྡིང་རྒྱུད་དུ། །བསྟན་པའི་ཆོ་ག་རྒྱས་དེ་རྣམས། །སེམས་ཅན་ཀུན་ལ་ཕན་པའི་རྒྱུད། །བདག་གིས་ཀྱང་ནི་བརྗོད་པ་ཡིན། །མཁའ་ལྡིང་མངོན་པར་བརྗོད་རྒྱུད་དུ། །ཁྲོ་བོའི་རྒྱལ་པོ་མ་བསྟན་ན། །གདེངས་ཅན་དུག་ནི་གཞོམ་པའི་ཕྱིར། །འདབ་ཆགས་གཟུགས་ཀྱིས་རྣམ་པར་རྒྱུ། །ཇི་སྲིད་འཇིག་རྟེན་པ་ཡི་སྔགས། །དེ་རྣམས་ཆོ་ག་དཔེར་བརྗོད་པ། །གདུལ་བྱའི་སེམས་ཅན་དོན་དུ་ནི། །དེ་ལྟ་དེ་ལྟར་རྣམ་པར་སྤྱོད། །གང་ཡང་དེ་བཞིན་གཤེགས་སྔགས་དང་། །རྡོ་རྗེ་པདྨའི་རིགས་དག་ཀྱང་། །དེ་རྣམས་ཆོ་ག་རབ་འབྱམས་འདིར། །སྔ་མ་ཁོ་ནར་གསུངས་པས་ཡིན། །ཇི་ལྟར་མ་མ་རྣམ་མང་པོ། །བྱིས་པ་འབད་པས་སྲུང་བྱེད་པ། །དེ་བཞིན་བྱིས་མཐའི་བློ་ཅན་ལ། །ང་ནི་རིག་སྔགས་གཟུགས་ཀྱི་རྒྱུ། །སྟོབས་བཅུ་ལྡན་པས་སྔོན་གསུངས་པ། །ད་ལྟའང་ང་ཡིས་བསྟན་པ་ཡིན། །སྔགས་རྒྱུད་དོན་ནི་མ་ལུས་པ། །རྟོགས་པས་རབ་གསུངས་འོད་ཆེན་པོ། །རྒྱལ་བ་མཆོག་གིས་གང་གསུངས་པ། །སྟོབས་བཅུ་ལྡན་པའི་སྲས་ཀྱིས་གསུངས། །རྨད་བྱུང་བསམ་མི་ཁྱབ་གཟུགས་ཅན། །སྤྱན་རས་གཟིགས་ཀྱིས་གསུངས་པའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དེ་དང་། འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ལ་ཀུན་ཏུ་གཟིགས་ནས་དམ་ཚིག་ཐམས་ཅད་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གང་དུ་ཏིང་ངེ་འཛིན་ལ་གནས་པས་སེམས་ཅན་མ་ལུས་པའི་སྒྲུབ་པའི་སྤྱོད་པའི་ཡིད། །སེམས་ཅན་ཐམས་ཅད་ལ་རབ་ཏུ་གནས་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙོམས་པར་ཞུགས་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་ཆེན་པོ་གནས་རྣམ་པར་བཀྲ་བའི་ཕྱག་ན་རིན་པོ་ཆེའི་སྙིང་པོ་རྒྱན་བཀོད་པའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་བའི་རྣམ་པར་འཕྲུལ་བ་རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ས་བཅུ་དང་ལྡན་པ་ས་བཅུའི་དབང་ཕྱུག་ལ་གནས་པ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་དེ་བྲི་བའམ། འདྲིར་འཇུག་པར་མི་ནུས་ན་སོ་སོའི་སྐྱེ་བོར་གྱུར་པའི་སེམས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། འཕགས་པའི་དཀྱིལ་འཁོར་བཟང་པོ་དེའི་དམ་ཚིག་སྒྲུབ་པའི་གནས་ལ་གནས་པ་བྱང་ཆུབ་སེམས་དཔའ་ཆེན་པོས་གཟིགས་ནས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་ཞིང་དམ་ཚིག་ཐོབ་པ་ཐམས་ཅད་དང་། སྤྱོད་པ་ལ་ཞུགས་པ་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་དབང་ཕྱུག་གིས་བྱིན་གྱིས་བརླབས་ཀྱིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་རྒྱུ་མཐུན་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་ཐུགས་ལས་བྱུང་བའི་དཀྱིལ་འཁོར་དུ་ཞུགས་པ་བདག་ཉིད་ཀྱིས་ཡང་དག་པར་ཤེས་པར་གྱུར་ཏོ། །སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་དེ་ཡིད་ཀྱིས་དམིགས་པར་མི་ནུས་ན་བྲི་བའམ། འདྲིར་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་དཀྱིལ་འཁོར་ཆེན་པོའི་དམ་ཚིག་ལ་རྗེས་སུ་རབ་ཏུ་ཞུགས་པའི་སེམས་ཅན་དེ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཉོན་ཅིག། འདི་ནི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་འདའ་བར་མི་བྱ་བའི་དམ་ཚིག་ཡིན་ན་སེམས་ཅན་རྣམས་དང་། འཕགས་པ་གཞན་རྣམས་ཀྱང་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཡང་སེམས་དཔའ་ཆེན་པོས་ཕྱག་ན་རྡོ་རྗེ་གསང་བ་པའི་བདག་པོ་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས། མི་ལས་འདས་པའི་དམ་ཚིག་ཡིད་ལས་བྱུང་བ་ནི་ངེས་པར་བསྟན་ཏོ། །མི་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ན་ཡང་དག་ཏུ་སེམས་ཅན་རྣམས་ཡང་དག་པར་ཞུགས་ནས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་རིག་པ་དང་། སྔགས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བར་བཤད་པར་བྱའོ། །དེ་ནས་ཡང་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས། གང་ད་ལྟ་དུས་ལ་བབ་པར་ཤེས་ན་གསུངས་ཤིག་།གསུངས་ཤིག་། ཤཱཀྱ་སེངྒེ་འཇིག་རྟེན་མགོན། །ཡོངས་སུ་མྱ་ངན་འདས་པ་ན། །མི་རྣམས་མཆོག་གི་སངས་རྒྱས་ཞིང་། །སེམས་ཅན་ས་སྟེང་ཁྱོད་དཀྱིལ་འཁོར། །མཐོང་བ་ཙམ་གྱིས་འཇིག་རྟེན་ན། །སྔགས་ཀྱི་དངོས་གྲུབ་རབ་ཏུ་སྐྱེ། །མི་ཤེས་ཆོ་ག་ཉམས་པའམ། །དམ་ཚིག་བདག་པོར་མ་གྱུར་ན། །ཚངས་པ་བདག་ཉིད་ཆེན་པོས་ཀྱང་། །རིག་སྔགས་དངོས་གྲུབ་མི་འགྱུར་རོ། །སྔགས་ལ་མངོན་པར་མི་བརྩོན་དང་། །དམ་ཚིག་བསྟན་པ་མི་མཐོང་ན། །རྣམ་བ་དུ་མར་འབད་བྱས་ཀྱང་། །རིག་པའི་དངོས་གྲུབ་མི་འགྱུར་རོ། །དམ་ཚིག་སྦྱོར་བ་ཉམས་པ་ན། །བརྒྱ་བྱིན་གྱིས་ཀྱང་རབ་འབད་ལས། །རིག་པའི་དངོས་གྲུབ་མི་འགྱུར་ན། །ས་སྟེང་མི་རྣམས་སྨོས་ཅི་དགོས། །དམ་ཚིག་བསྟན་བཅོས་དེ་ཉིད་ཤེས། །སྤྱོད་པའི་ལས་རྣམས་སྒྲུབ་པ་སྟེ། །འཇིག་རྟེན་པ་དང་འཕགས་པའི་སྔགས། །བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ། །རབ་ཞུགས་ལས་རྣམས་ཐམས་ཅད་བྱེད། །བྱང་ཆུབ་སེམས་དཔའ་བསྟན་པ་ལ། །དེ་ཡི་རིག་པའི་དངོས་གྲུབ་རྟག་།དེ་ནས་ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། སེམས་དཔའ་ཆེན་པོ་དེ་ལ་གསོལ་བ་བཏབ་པར་གྱུར་ཏོ། །ཀྱེ་ཀྱེ་སེམས་དཔའ་སེམས་དཔའ་ཆེན་པོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་གྱི་དོན་གྱི་ཕྱིར་དཀྱིལ་འཁོར་ཆོ་ག་གསུངས་སོ། ། དང་པོ་རེ་ཞིག་ཆོ་འཕྲུལ་གྱི་ཟླ་ཕྱེད་དམ། ནག་པ་ཅན་ནམ། ས་གཅན་གྱི་ཟླ་བའི་དཀར་པོའི་ཕྱོགས་ལ་རབ་ཏུ་བསྔགས་པའི་ཉི་མ་དང་། གཟའ་བཟང་པོ་བལྟས་ཏེ་རྒྱུ་སྐར་དགེ་བ་དང་ཡང་དག་པར་ལྡན་པའི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་དང་། ཟླ་བ་ཉ་བའམ། དུས་གཞན་ལ་དབྱར་གྱི་ཟླ་བ་སྤངས་ཏེ་སྔ་དྲོས་རབ་ཏུ་གནས་པར་བྱའོ། །གྲོང་ཁྱེར་ཆེན་པོ་ལ་བརྟེན་པའམ། གང་དུ་དཀྱིལ་འཁོར་གྱི་སློབ་དཔོན་རང་ཉིད་གནས་པར་ཏེ་རྒྱ་མཚོར་འཇུག་པའམ། ཆུ་ཀླུང་ལ་བརྟེན་པའམ། རྒྱ་མཚོའི་ངོགས་དང་ཉེ་བར་གྲོང་ཁྱེར་ཆེན་པོའི་བྱང་ཤར་གྱི་ཕྱོགས་ཀྱི་ཆར་ཧ་ཅང་ཡང་མི་རིང་ཧ་ཅང་མི་ཉེ་བར་དཀྱིལ་འཁོར་གྱི་སློབ་དཔོན་སོང་ནས་ཉི་མ་བདུན་ནམ། ཟླ་ཕྱེད་དུ་མཐའ་གཅིག་ཏུ་སྨྱུང་བའམ། ཉེ་བར་གནས་ནས་སོ་སོར་གནས་པར་བྱའོ། །གང་གནས་དེ་རྣམས་སུའང་གཙང་མའི་ས་ཕྱོགས་རྡོ་བ་དང་། གྱོ་མོ་དང་། ཐལ་བ་དང་། སོལ་བ་དང་། ཕུབ་མ་དང་། ཐོད་པ་དང་། རུས་པ་དང་། རུས་པ་གནས་པ་དང་བྲལ་བ། ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པའི་ས་ཕྱོགས་སུ་སྲོག་ཆགས་མེད་པའི་ཆུ་ལ་བ་བྱུང་ལྔ་དང་བསྲེས་པའི་ཙནྡན་དང་། ག་བུར་དང་། གུར་གུམ་གྱི་ཆུས་ཁོར་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་སྟོང་ཕྲག་བརྒྱད་ཀྱིས་མངོན་པར་སྔགས་པ་དེས་བཅོམ་ལྡན་འདས་མའི་ཕྱག་རྒྱ་ཆེན་པོ་ཡང་དག་པར་ལྡན་པས་ས་ཕྱོགས་དེ་ལ་ཕྱོགས་བཞི་རྣམས་སུ་མངོན་པར་གཏོར་ཞིང་སྟེང་དང་། འོག་དང་། ཐད་ཀ་དང་། ཕྱོགས་བྲལ་རྣམས་སུའང་ཀུན་ནས་གཏོར་བར་བྱའོ། །དེ་ནས་ས་ཕྱོགས་དེར་ཀུན་ནས་གྲུ་བཞིར་ཁྲུ་བཅུ་དྲུག་གམ། ཁྲུ་བཅུ་གཉིས་སམ། ཁྲུ་བརྒྱད་བྱ་སྟེ། དེ་ལ་ཆེན་པོ་ནི་ཁྲུ་བཅུ་དྲུག་གོ། བར་མ་ནི་ཁྲུ་བཅུ་གཉིས་སོ། ། ཆུང་དུ་ནི་ཁྲུ་བརྒྱད་དོ། །དཀྱིལ་འཁོར་རྣམ་པ་གསུམ་པོ་འདི། །ཐམས་ཅད་གཟིགས་པས་གསུངས་པ་ཡིན། །རྒྱལ་སྲིད་འདོད་ཕྱིར་ཆེན་པོ་སྟེ། །བར་མ་ལོངས་སྤྱོད་འཕེལ་བར་བྱེད། །ཆུང་ངུ་སྔགས་ཀྱི་དམ་ཚིག་ནི། །ལས་རྣམས་ཀུན་བྱེད་ཞི་བ་ཡིན། །དེ་ལ་ཡིད་ལ་འདོད་པ་གང་ཡང་རུང་བའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་སའི་ཕྱོགས་དེར་ཁྲུ་གཉིས་ཙམ་བརྐོས་ལ། དེར་རྡོ་བ་དང་། སོལ་བ་དང་། ཐལ་བ་དང་། རུས་པ་དང་། སྐྲ་ལ་སོགས་པ་དང་། སྲོག་ཆགས་ཀྱི་རིགས་རྣམ་པ་སྣ་ཚོགས་པ་གལ་ཏེ་མཐོང་ན་སའི་ཕྱོགས་གཞན་དུ་བརྐོ་བར་བྱའོ། །གནོད་པ་མེད་པ་དང་། ཉེ་བར་འཚེ་བ་མེད་པ་དེར་འགྱུར་རོ། །རིའི་རྩེ་མོ་དང་། རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོའི་ཆུ་ངོགས་རྣམས་སུའང་གང་རབ་ཏུ་འབད་པ་པ་ཆེན་པོས་ཤིན་ཏུ་སོ་སོར་བརྟགས་ཏེ་ཤིན་ཏུ་གཙང་ཞིང་སྲོག་ཆགས་མེད་པར་བྱས་ནས་བྲི་བར་བྱའོ། །སའི་ཕྱོགས་དེར་སླར་ཡང་སྲོག་ཆགས་མེད་པའི་ཆུ་ལ་བའི་རྣམ་ལྔ་བསྲེས་པས་ཆུ་ཀླུང་གི་འགྲམ་གྱི་ས་གཙང་མའམ། གྲོག་མཁར་གྱི་སའམ། གང་དུ་སྲོག་ཆགས་མེད་པའི་ས་དེས་དགང་བར་བྱའོ། །བཀང་ནས་ཀྱང་ལེགས་པར་བརྡུངས་ཏེ་ཀུན་ནས་མཉམ་པར་བྱས་ལ་ཇི་ལྟར་འདོད་པའི་དཀྱིལ་འཁོར་རྣམ་པ་གསུམ་བྱའོ། །སེང་ལྡེང་གི་ཕུར་བུ་བཞི་ལ་ཁྲོ་བོའི་རྒྱལ་པོ་ཉིད་ཀྱིས་ལན་བདུན་མངོན་པར་སྔགས་པར་བྱས་ནས་ཕྱོགས་བཞི་རྣམས་སུ་གདབ་པར་བྱའོ། །ཚོན་སྣ་ལྔའི་སྐུད་པ་ལ་ཁྲོ་བོའི་རྒྱལ་པོས་ལན་བདུན་མངོན་པར་སྔགས་པར་བྱས་ནས་ཀུན་ནས་དཀྱིལ་འཁོར་གྲུ་བཞི་པའི་རྣམ་པར་དཀྲི་བར་བྱའོ། །དེ་བཞིན་དུ་དབུས་ཀྱི་གནས་སུ་ནང་དུའང་ཟུར་བཞིའི་རྣམ་པར་བྱའོ། །དབུས་ཀྱི་ནང་ན་གནས་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་རྩ་བའི་རིག་ང་འམ། རྩ་བའི་སྙིང་པོ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཕྱག་རྒྱ་ཆེན་པོ་དང་། རྩ་བའི་སྔགས་ཀྱིས་གཙུག་ཏོར་བཅིངས་ཏེ་ཁྲོ་བོའི་རྩ་བའི་སྔགས་ཀྱིས་གྲོགས་བ་སྲུངས་ནས་བདག་ཉིད་བསྲུང་བར་བྱས་ཏེ་བཟླས་པ་བྱེད་བཞིན་དུ་ཕྱི་རོལ་དུ་བྱུང་སྟེ་དཀྱིལ་འཁོར་ལ་གཡས་སུ་བསྐོར་བ་བྱས་ནས་ཁ་ཤར་དུ་ཕྱོགས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ལ་བྱས་ཏེ་དཀྱིལ་འཁོར་དེ་ཀུན་ནས་གྲུ་བཞིའི་རྣམ་པར་དཀྲི་བར་བྱའོ། །དེ་ཉིད་ཀྱི་ཕྱི་རོལ་ཏུ་ཞག་གཅིག་སྨྱུང་བར་གནས་པས་རབ་ཏུ་གནས་པར་བྱའོ། །དེ་ལ་འདིར་དཀྱིལ་འཁོར་གྱི་སློབ་དཔོན་གྱི་སྔོན་སྤྱད་པ་རྣམས་བྱས་ཏེ་རང་གི་རིག་པ་དང་། སྔགས་དང་། རྒྱུད་ལ་མཁས་པའི་མཁན་པོས་སེམས་ཅན་ཐམས་ཅད་གྱི་དོན་གྱི་ཕྱིར་ཐེག་པ་ཆེན་པོ་ལ་ལྷག་པར་མོས་པས་ཞག་གཅིག་སྨྱུང་བར་གནས་པར་གྲོགས་བཟང་པོ་དང་ཡང་དག་པར་ལྡན་པ། བསྟན་བཅོས་རྣམ་པ་སྣ་ཚོགས་པའི་བྱ་བ་མཐོང་བས་ཚོན་ལྔའི་ཕྱེ་མ་ཞིབ་མོ་འབར་བས་ལེགས་པར་སྦྱང་བ་བྱས་ནས་རྩ་བའི་རིག་པའི་སྔགས་དང་། སྙིང་པོས་མངོན་པར་སྔགས་པའི་ཕྱེ་མ་དཀྱིལ་འཁོར་དབུས་སུ་གདབ་པར་བྱའོ། །ཕ་རོལ་དུའང་རྒྱལ་མཚན་དང་། བ་དན་སྒྲེང་བ་དང་། རྟ་བབས་བཞིས་བརྒྱན་པ་དང་། ཆུ་ཤིང་གི་སྡོང་བུ་འབྲས་བུའི་ཚོགས་ཀྱིས་གཡུར་ཟ་ཞིང་ཀུན་ནས་འབྲས་བུའི་ཚོགས་རྣམས་ཀྱིས་རབ་ཏུ་འཕྱང་བཞིན་པ་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། དུང་གི་སྒྲ་ངེས་པར་སྒྲོགས་པའི་སའི་ཕྱོགས་སུ་བསྒྲགས་པར་བྱའོ། །ངོས་བཞིར་རྗེས་སུ་མཐུན་པའི་བར་དུ་བསྔགས་པའི་སྒྲ་ཆོས་མཉན་པར་བྱའོ། །ཕྱོགས་བཞི་རྣམས་སུ་ཐེག་པ་ཆེན་པོའི་མདོ་སྡེའི་གླེགས་བམ་བཀག་པར་བྱའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷོ་ཕྱོགས་སུ་བཀླག་པར་བྱའོ། །འཕགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ནུབ་ཕྱོགས་སུའོ། །འཕགས་པ་སྡོང་པོ་བཀོད་པ་བྱང་ཕྱོགས་སུའོ། །འཕགས་པ་གསེར་འོད་དམ་པ་ཤར་ཕྱོགས་སུའོ། །དེ་ལྟར་གླེགས་བམ་ཀློག་པ་པོ་མེད་ན་མདོ་སྡེ་བཞི་པོ་ཀློག་པར་རྟོགས་པའི་གང་ཟག་ཆོས་སྨྲ་བ་པོ་ལ་ཆོས་མཉན་པའི་ཕྱིར་གསོལ་བ་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་ལངས་ནས། ཙནྡན་དང་། ག་བུར་དང་། གུར་གུམ་རྣམ་པར་བསྲེས་པའི་མེ་ཏོག་དཀར་པོ་དྲི་ཞིམ་པ་ལ་རྩ་བའི་རིག་པ་བཟླས་ཏེ་དཀྱིལ་འཁོར་དེ་ཐམས་ཅད་དུ་གཅལ་དུ་དགྲམ་པར་བྱའོ། །མངོན་པར་བཀྲམ་ནས་ཕྱི་རོལ་དུ་བྱུང་སྟེ་ཞག་བདུན་གྱི་བར་དུ་འདོད་པའི་ཁ་ཟས་བསྟེན་པ་གཉིས་སམ། གསུམ། བྱང་ཆུབ་ཀྱི་སེམས་བསྐྱེད་པ། གསོ་སྦྱོང་ཉེ་བར་གནས་པ་བསྟེན་པ་ལ་གནས་པའི་རི་མོ་མཁས་པ་དེ་གྲོགས་སམ། སློབ་མ་དེས་ཁས་བླངས་པ་རབ་ཏུ་གཞུག་པར་བྱའོ། །གང་རྩ་བའི་རིག་པ་ཉིད་ཀྱིས་གཙུག་ཏོར་བཅིང་བར་བྱས་ནས་དེ་ནས་གསེར་དང་། དངུལ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་པའི་གོ་འཕང་རྣམས་པར་བཀྲ་ཞིང་འབར་ལ་མཛེས་པའི་ཟངས་ཀྱི་ཕྱེ་མ་ཞིབ་མོ་སོ་སོར་བཟུང་ནས་ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་ཆོས་དང་ལྡན་པའི་རྒྱལ་པོ་ཆེན་པོ་རྣམས་འདིར་གཞུག་པར་བྱའོ། །དཀྱིལ་འཁོར་མཐོང་བ་ཉིད་ལས་ངེས་པར་བྱང་ཆུབ་ལ་གཞོལ་བ་ཡིན་ན་སྔགས་སྒྲུབ་པར་བྱེད་པ་ལྟ་ཅི་སྨོས། ཤཱཀྱའི་སྐྱེས་མཆོག་མྱ་ངན་འདས། །སེམས་ཅན་བསོད་ནམས་ཆུང་རྣམས་ལ། །འདི་ལྟའི་ལོངས་སྤྱོད་ག་ལ་ཡོད། །ཆོ་ག་འདི་ནི་བསྟན་པར་བྱ། །བྱང་ཆུབ་སེམས་དཔའ་འོད་ཆེན་ལྡན། །སྐྱེ་བོ་བཀྲེན་པ་གཟིགས་ནས་ནི། །ཉུང་ཞིང་མདོར་བསྡུས་དཀྱིལ་འཁོར་ནི། །མདོར་བསྡུས་ནས་ནི་བསྟན་པ་ཡིན། །འབྲས་སཱ་ལུ་དང་། ཐུག་པོ་ཆེའི་ཕྱེ་མ་ཤིན་ཏུ་ཞིབ་མོ་ཚོན་སྣ་ལྔ་པ་འབར་བས་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་དང་། ལྗང་གུའི་ཁ་དོག་ཏུ་ཁ་བསྒྱུར་ལ་སྔར་བཞག་པའི་ཕྱེ་མ་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བླངས་ནས་བཅོམ་ལྡན་འདས་མའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་རྩ་བའི་རིག་པས་ཕྱེ་མ་ལ་ཕྱག་རྒྱས་གདབ་པར་བྱའོ། །གཞན་ཞི་བསྒྲུབ་པའི་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷོ་ཤར་གྱི་ཕྱོགས་སུ་ལས་ཀྱི་ཆོ་ག་མཐོང་བས་མེ་ཐབ་བྱའོ། །ཁྲུ་གཉིས་ཀྱི་ཚད་ལ་དཔངས་ཁྲུ་གང་ཙམ་ཁོ་ར་ཁོར་ཡུག་ཏུ་པདྨའི་ཟེ་བའི་རྣམ་པར་ཤིང་པཱ་ལ་ཤའི་ཡམ་ཤིང་རྣམས་ཀྱིས་མེ་རབ་ཏུ་སྦར་ཏེ་ཤིང་དཔལ་འབྲས་ཀྱི་ཡམ་ཤིང་མཐོ་གང་ཙམ་གྱི་ཚད་ལ་རླན་དང་བཅས་པ། ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ་རྣམས་ཀྱིས་རྩ་བའི་སྙིང་པོས་སམ། ཕྱག་རྒྱ་དང་། རྩ་བའི་རིག་སྔགས་ཀྱིས་མེ་ལྷ་སྤྱན་དྲང་པར་བྱའོ། །སྤྱན་དྲངས་ནས་ཀྱང་སྔར་བརྗོད་པའི་ཡི་གེ་གཅིག་པ་ཉིད་ཀྱི་རིག་པའམ། རྩ་བའི་རིག་པའི་སྙིང་པོས་སླར་ཡང་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་གཙུག་ཏོར་གཙང་ཞིང་ཡོ་བྱད་ཚོགས་པར་བྱས་ནས་བདག་ཉིད་དང་། རི་མོ་མཁན་ཆེས་མཁས་པའམ། སློབ་མ་བྱེད་དུ་གཞུག་གོ། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཡིད་ལ་བྱས་ནས་སྔར་བརྗོད་པའི་བདུག་པའི་རིག་པས་བསྲེག་གོ་། ཐལ་མོར་སྦྱར་བ་བྱས་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་བྱས་ནས་ཕྱེ་མ་བླངས་ཏེ་གཟུགས་ཀྱི་རྣམ་པར་བྱ་ཞིང་རི་མོ་མཁན་མཁས་པས་རྫོགས་པར་བྱའོ། །ཆོ་ག་འདི་དག་གིས་དང་པོ་ཁོ་ནར་རེ་ཞིག་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རིན་པོ་ཆེ་སེངྒེའི་ཁྲི་ལ་བཞུགས་པ། གནས་གཙང་མའི་གནས་ན་ཆོས་སྟོན་པར་མཛད་བཞིན་པ་ཀུན་ཏུ་པྲིའོ། །དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ཀུན་ཏུ་བྲིས་ནས་རྗེས་སུ་སྒྲུབ་པ་པོས་བདག་ཉིད་སྲུང་བའི་ཆོ་ག་དང་། རིག་པ་བྱས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་པར་བྱ་སྟེ། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཕྱོགས་བཞི་དང་། སྟེང་དང་། འོག་ཏུ་གཏོར་བར་བྱའོ། །དེ་ནས་ཁྲུས་བྱས་ནས་མེ་ཐབ་དང་ཉེ་བར་སོང་ནས་གོས་གཙང་མ་བགོས་ཏེ་གཙང་སྦྲ་དང་། སྲུང་བའི་ཆོ་ག་བྱས་ཏེ་རྩ་བའི་རིག་པས་གུར་གུམ་དང་བསྲེས་པའི་མར་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་དེ་ཉིད་དུ་བཟླས་པ་བྱེད་ཅིང་དེ་ཉིད་དུ་གནས་པར་བྱའོ། །ཡུངས་ཀར་དཀར་པོ་ལ་ཁོར་བོའི་རྒྱལ་པོ་སྒྲོལ་མས་ནོན་པའི་སྔགས་བརྒྱ་རྩ་བརྒྱད་དུ་མངོན་པར་སྔགས་ཏེ། མངོན་པར་སྔགས་ནས་ཁམ་ཕོར་ཁ་སྦྱར་དུ་གཞག་པར་བྱའོ། །བགེགས་ཀྱི་རྣམ་པར་འགྱུར་བའི་གཟུགས་རྣམས་དུ་མ་དང་། ང་རོ་དྲག་པོ་དང་། རླུང་དང་། ཆར་དང་། ཡུལ་ངན་གཞན་དང་། གཞན་གང་ཡང་རུང་བ་འོངས་པ་མཐོང་ན་ཁྲོས་པས་ཡུངས་ཀར་གྱི་སྲེག་བླུགས་ལན་བདུན་སྦྱིན་སྲེག་བྱའོ། །དེ་ནས་བགེགས་རབ་ཏུ་འཇིགས་པར་འགྱུར་རོ། །མིའི་བགེགས་ལ་ནི་ལན་ལྔ་ཚང་བ་ནས་སྦྱིན་སྲེག་བྱས་ན་སྐྱེས་བུ་དེ་རེངས་པར་འགྱུར་བའམ། ནུས་པ་མེད་པར་འགྱུར་བའམ། འཆི་བར་འགྱུར་བའམ། སྐད་ཅིག་དེ་ཉིད་ལ་མི་མ་ཡིན་པས་ཟིན་པར་འགྱུར་རོ། །དེ་ནས་རྗེས་སུ་སྒྲུབ་པ་པོས་དེ་ཉིད་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས་ཁོར་བོའི་རྒྱལ་པོ་སྒྲོལ་མས་ནོན་པས་བཟླས་པ་བྱེད་ཅིང་གནས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་གཟུགས་གཡས་ཀྱི་གཞོགས་སུ་རང་སངས་རྒྱས་གཉིས་པདྨའི་གདན་ལ་བཞུགས་པ་སྐྱིལ་ཀྲུང་གིས་ཉེ་བར་བཞུགས་པར་བྱའོ། །དེའི་འོག་ཏུ་ཉན་ཐོས་ཆེན་པོ་གཉིས་ཆོས་ཉན་པར་བྱའོ། །དེ་རྣམས་ཀྱི་གཡས་སུ་འང་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟོན་ཀའི་སྤྲིན་གྱི་མདོག་ལྟར་དཀར་བ། པདྨའི་གདན་ལ་བཞུགས་པ། ཕྱག་གཡོན་པས་པདྨ་བསྣམས་ནས་གཡས་པས་མཆོག་སྦྱིན་པའོ། །དེའི་ཡང་གཡས་སུ་བཅོམ་ལྡན་འདས་མ་གོས་དཀར་མོ་ཕྱག་ན་པདྨ་བསྣམས་པ། ཕྱག་གཡས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བཞིན་པ་པདྨའི་གདན་ལ་ཉེ་བར་བཞུགས་པ། རལ་པའི་ཅོད་པན་འཆང་བ། དར་ལ་དཀར་པོའི་ན་བཟའ་བསྣམས་པ། དར་ལའི་སྟོད་གཡོགས་བླ་གོས་བསྣམས་པ། ཐལ་བ་ནག་པོའི་ཐིག་ལེ་གསུམ་བྱས་པའོ། །དེ་བཞིན་དུ་བརྟན་པ་དང་། ཁོར་གཉེར་ཅན་མའང་རང་རང་གི་གདན་ལ་རང་རང་གི་སྤྱོད་ལམ་དུ་གནས་ཤིང་ཉེ་བར་བཞུགས་པའང་བྱའོ། །དེ་རྣམས་ཀྱི་གཡས་སུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། དེ་བཞིན་གཤེགས་པ་སྤྱན་མ་དང་། གཙུག་ཏོར་རྒྱལ་མོའང་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བཅུ་དྲུག་བྱ་བ་ལ། འདི་ལྟ་སྟེ། ཀུན་ཏུ་བཟང་པོ་དང་། སའི་སྙིང་པོ་དང་། ནམ་མཁའི་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་སྟོང་དང་། བྱམས་པ་ཕྱག་ན་རྔ་ཡབ་ཐོགས་པ་སངས་རྒྱས་བཅོམ་ལྡན་འདས་ལ་ལྟ་བཞིན་པ་དང་། དྲི་མ་མེད་པའི་བློ་གྲོས་དང་། དྲི་མ་མེད་པའི་ཏོག་དང་། ནོར་བཟང་དང་། ཟླ་འོད་དང་། དྲི་མ་མེད་པར་གྲགས་པ་དང་། ནད་ཐམས་ཅད་གསོ་བར་བྱེད་པ་དང་། ཆོས་ཐམས་ཅད་ཀྱི་དབང་ཕྱུག་རྒྱལ་པོ་དང་། འཇིག་རྟེན་འགྲོ་བ་དང་། བློ་གྲོས་ཆེན་པོ་དང་། མངོན་པར་འཛིན་པ་ཞེས་པ་སྟེ་བྱང་ཆུབ་སེམས་དཔའ་ཆེན་པོ་བཅུ་དྲུག་པོ་འདི་རྣམས་རབ་ཏུ་ཞི་བའི་སྐུ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འབྲིའོ། །རིག་པའི་རྒྱལ་པོའི་གཙོ་བོ་དང་། རིག་པའི་རྒྱལ་མོ་དང་། པདྨའི་རིགས་གཟུགས་དང་། ཕྱག་རྒྱ་རྣམས་ལུང་ལས་ཇི་ལྟར་བཤད་པ་བཞིན་དང་། གནས་ཇི་ལྟ་བ་བཞིན་དུ་བྲིའོ། །མཐའི་གནས་སུའང་གྲུ་བཞིའི་རྣམ་པར་གནས་བཞག་པར་བྱའོ། །པདྨའི་མེ་ཏོག་ལེགས་པར་བྱས་པ་དང་། རིག་པའི་ལྷ་གང་གིས་དྲན་པའང་གནས་དེ་རྣམས་སུ་བཞག་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡས་ཀྱི་གཞོགས་སུ་རང་སངས་རྒྱས་ནམ་མཁའ་དང་། ཡོངས་སུ་ཞེས་བྱ་བ་གཉིས་ཀྱང་ངོ་། །དེ་བཞིན་དུ་ཤར་དུ་ཁ་བལྟས་པའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་སྒོ་རྣམས་བྱའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་གྱི་གཞོགས་སུ་རང་སངས་རྒྱས་ཙནྡན་དང་། གྲུབ་པ་ཞེས་པ་གཞན་གཉིས་ཀྱང་ཀུན་ཏུ་བྲིའོ། །དེ་རྣམས་ཀྱི་འོག་ཏུ་ཉན་ཐོས་ཆེན་པོ་འོད་སྲུང་ཆེན་པོ་དང་། ཀ་ཏྱ་ན་དང་གཉིས་ཀུན་ཏུ་བྲིའོ། །དེ་རྣམས་ཀྱི་འང་གཞོགས་སུ་འཕགས་པ་ཕྱག་ན་རྡོ་རྗེ་ཨུཏྤལ་ལྟར་སྔོ་བསངས་སུ་སྣང་བ། རབ་ཏུ་ཞི་བའི་གཟུགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་རྔ་ཡབ་ཐོགས་པ། གཡོན་པ་ཁྲོ་བོའི་སྦྱི་བོར་བཞག་པའོ། །རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ལྕགས་སྒྲོག་དང་། དཔུང་བཟང་དང་། རྡོ་རྗེ་སྡེ་རྣམས་ཆ་བྱད་ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་བཞིན་དུ་བགེགས་རྣམས་འཇོམས་པའོ། །རིག་པའི་རྒྱལ་པོ་དང་། རྒྱལ་མོ་འཁོར་དང་བཅས་པ་ཐམས་ཅད་དང་། གཟུགས་དང་། ཕྱག་རྒྱ་ལ་སོགས་པ་རྣམས་ཇི་ལྟར་དྲན་པ་བཞིན་དུ་བྲིའོ། །དེ་རྣམས་ཀྱིའང་གཡོན་དུ་གྲུ་བཞིའི་རྣམ་པར་རྡོ་རྗེའི་ཕྱག་རྒྱ་གཉིས་བྲི་བར་བྱའོ། །བྲིས་ནས་ཀྱང་གནས་གང་དུ་རིག་པའི་ཚོགས་མ་དྲན་པ་དེ་རྣམས་གནས་འདིར་བཞུགས་ཤིག་ཅེས་བརྗོད་པར་བྱའོ། །དེ་རྣམས་ཀྱི་སྟེང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བཅོམ་ལྡན་འདས་མ་མ་མཱ་ཀི་ཀུན་ཏུ་བྲི་སྟེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རབ་ཏུ་ཞི་བའི་ལས་སོ། །དེ་རྣམས་ཀྱིའང་སྟེང་དུ་གཙུག་ཏོར་གྱི་རྒྱལ་པོ་བརྒྱད་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། ཕྱག་རྒྱ་བཅིངས་པ་རང་རང་གི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོའི་གཟུགས་སུ་ཀུན་ཏུ་བྲི་སྟེ་གསར་མདོག་དབང་པོ་རབ་ཏུ་ཞི་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཅུང་ཟད་བལྟ་བ་སྦྱིན་པ་རྣམས། འདི་ལྟ་སྟེ། གཙུག་ཏོར་འཁོར་ལོས་བསྒྱུར་བ་དང་། གཙུག་ཏོར་མངོན་པར་འཕགས་པ་དང་། གཙུག་ཏོར་གདུགས་དཀར་པོ་དང་། རྒྱལ་བའི་གཙུག་ཏོར་དང་། པདྨའི་གཙུག་ཏོར་དང་། རྣམ་པར་རྒྱལ་བའི་གཙུག་ཏོར་དང་། གཟི་བརྗིད་ཕུང་པོ་དང་། གཙུག་ཏོར་མཐོན་པོ་ཞེས་པ་སྟེ་གཙུག་ཏོར་བརྒྱད་པོ་འདི་རྣམས་ཀུན་ཏུ་བྲིའོ། །འཇུག་པའི་ཕྱོགས་ཀྱི་སྒོར་ནི་བྱང་ཆུབ་སེམས་དཔའ་གཉིས་བྱ་སྟེ་གཡས་ཕྱོགས་སུ་ནི་འཇིག་རྟེན་ལས་འདས་པར་འགྲོ་བ་ཞེས་བྱ་བ། རབ་ཏུ་ཞི་བའི་ལུས། རལ་པའི་ཅོད་པན་འཆང་བ། ཕྱག་གཡས་མཆོག་སྦྱིན་པས་ཕྲེང་བ་འཛིན་པ། ཕྱག་གཡོན་པས་སྤྱི་བླུགས་འཛིན་ཅིང་སྒོ་ལ་མངོན་དུ་ཕྱོགས་པ། བཞིན་ཅུང་ཟད་ཁྲོ་གཉེར་དང་བཅས་པ་ཀུན་ཏུ་བྲིའོ། །འཇུག་པའི་སྒོའི་གཡོན་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མ་རྒྱལ་བ་ལས་རྒྱལ་བ་བྲི་བར་བྱ་སྟེ་རབ་ཏུ་ཞི་བའི་ལུས། རལ་པའི་ཅོད་པན་འཆང་བ། ཕྱག་གཡོན་དབྱུག་གུ་དང་། རིལ་བ་སྤྱི་བླུགས་འཛིན་པ། ཕྱག་གཡས་པས་བགྲང་ཕྲེང་བཟུང་ནས་མཆོག་སྦྱིན་པས་རབ་ཏུ་སྦྱིན་པར་བྱེད་པ། བཞིན་ཅུང་ཟད་ཁྲོ་གཉེར་ཅན་འཇུག་པའི་སྒོ་ལ་མངོན་པར་ཕྱོགས་བ་ཀུན་ཏུ་བྲིའོ། །སེང་གེའི་ཁྲིའོ་འོག་ཏུ་ཆོས་ཀྱི་འཁོར་ལོ་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། དེའི་འོག་ཏུ་རིན་པོ་ཆེའི་གཞལ་ཡས་ཁང་། དེ་ལ་གནས་པའི་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ། ཧ་ཅང་མི་སྐེམ་ཧ་ཅང་མི་སྦོམ་པའི་ལུས་སུ་གནས་པ། རབ་ཏུ་ཞི་བའི་སྐུ། གཟུགས་མཛེས་ཤིང་ཅུང་ཟད་འཛུམ་པའི་བཞིན། ཕྱག་གཡོན་པས་ཨུཏྤལ་སྔོན་པོ་བསྣམས་པ། ཕྱག་གཡས་པས་དཔལ་འབྲས་བསྣམས་པ། བྱིས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་འཆང་བ། མུ་ཏིག་གི་ཕྲེང་བས་མཆོད་ཕྱིར་ཐོགས་པ་བྱས་པ། དར་ལའི་སྟོད་གཡོགས་མནབས་པ། དར་གྱི་ན་བཟས་སྨད་གཡོགས་པ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། པདྨའི་གདན་ལ་ཉེ་བར་བཞུགས་པ། ཁྲོ་བོའི་རྒྱལ་པོར་གྱུར་པ། སྒྲོལ་མས་ནོན་པ་ལ་གཟིགས་པར་གྱུར་པ། དཀྱིལ་འཁོར་དུ་འཇུག་པའི་སྒོ་ལ་མངོན་པར་ཕྱོགས་པ། ལྟ་ན་སྡུག་པ་ཐམས་ཅད་དུ་སྲིན་མོ་རལ་གཅིག་པ་བྱས་པའི་གཟུགས་འཆང་བ་ཀུན་ཏུ་བྲིའོ། །དེའི་གཡས་ཕྱོགས་ཀྱི་གཞོགས་སུ་པདྨའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་བྲི་སྟེ། རྣམ་པར་འགྱུར་བ་ཆེན་པོའི་གཟུགས་ཅན། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། བཀའ་སོ་སོར་བཞེས་བཞིན་པ། བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་པ་ལ་བལྟ་བ་ཀུན་ནས་བྲིའོ། །གཡོན་གྱི་གཞོགས་སུ་པདྨའི་འོག་ཏུ་གནས་གཙང་མའི་རིས་ཀྱི་ལྷའི་གཟུགས་ཅན་བྱང་ཆུབ་སེམས་དཔའ་ལྔ་བྲི་བར་བྱ་སྟེ། འདི་ལྟ་སྟེ། ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་དུལ་བ་དང་། དག་པ་དང་། མུན་པ་སེལ་བྱེད་དང་། ཀུན་ཏུ་སྣང་བ་ཞེས་པ་དེ་རྣམས་ཐམས་ཅད་ཀྱང་གནས་གཙང་མའི་གནས་ན་འདུག་པ། རིན་པོ་ཆེ་འབར་བ་དུ་མའི་རྡོའི་མཐིལ་དང་འདྲ་བ། ཀུན་ནས་འབར་བ་རྣམ་པར་བཀྲ་བའི་མེ་ཏོག་རྣམས་ཀྱིས་གཅལ་དུ་བཀྲམ་པ། གཟུགས་མཛེས་པ་ཀུན་ཏུ་བྲིའོ། །ཕྱི་རོལ་གྱི་ཁོར་ཡུག་ཏུ་གྲུ་བཞིར་རྟ་བབས་བཞི་དང་ལྡན་པ་རྣམ་པར་བཀྲ་བའི་ཚོན་སྣ་ལྔས་གསལ་བ། ཤིན་ཏུ་དྲང་བའི་མི་དམར་བས་ནང་གི་དཀྱིལ་འཁོར་བྱའོ། །ཤར་གྱི་ཕྱོགས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྟེང་དུ་རི་མོའི་དབུས་སུ་མེ་ཏོག་གི་རྒྱལ་པོའི་དབང་པོ། པདྨའི་གདན་ལ་ཉེ་བར་བཞུགས་པ། དེ་བཞིན་གཤེགས་པའི་གཟུགས་ཤིན་ཏུ་ཆུང་ཙམ་དུ་བྱ་སྟེ་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། ཕྱག་མཆོག་སྦྱིན་པ་རབ་ཏུ་སྦྱིན་པ། སྐུའི་གཙུག་ཏོར་ལ་བཞུགས་པའོ། །དེའི་གཡས་སུ་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ཕྱག་རྒྱ་བྲི་བར་བྱའོ། །གཡོན་དུ་གཟི་བརྗིད་ཕུང་པོའི་ཕྱག་རྒྱ་བྲི་བར་བྱའོ། །དེ་བཞིན་གཤེགས་པའི་སྤྱན་མའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བྲི་བར་བྱའོ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གཡས་སུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ། དེ་བཞིན་གཤེགས་པའི་སྐུར་བྱ་སྟེ་ཕྱག་མཆོག་སྦྱིན་པས་རབ་ཏུ་སྦྱིན་པ། པདྨའི་གདན་ལ་ཉེ་བར་བཞུགས་པ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པའོ།། དེའི་ཡང་གཡས་སུ་ལྷུང་བཟེད་དང་། ཆོས་གོས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་མཐར་གྱིས་འཇུག་པའི་གནས་སུ་པདྨའི་ཕྱག་རྒྱ་བྱའོ། །བཅོམ་ལྡན་འདས་མེ་ཏོག་ཀུན་ནས་རྒྱས་པའི་རྒྱལ་པོ་དེ་བཞིན་གཤེགས་པའི་གཡོན་དུ་གཙུག་ཏོར་གཟི་བརྗིད་ཕུང་པོའི་ཕྱག་རྒྱ་བྲི་སྟེ་ཀུན་ནས་འབར་བས་འཁྲུགས་པའོ། །དེའི་ཡང་གཡོན་དུ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སྐུ་རིན་པོ་ཆེའི་རི་ལ་ཉེ་བར་བཞུགས་པ། ཆོས་སྟོན་པར་མཛད་བཞིན་པ། བཻ་ཌཱུཪྻ་སྔོན་པོ་དང་། མར་གད་དང་། པདྨ་རཱ་ག་རྣམ་པ་སྣ་ཚོགས་པ་འབར་བའི་འོད་འབྱིན་པ། ཀུན་ནས་ཀུན་ཏུ་འོད་གསལ་བ་བྲིའོ། །དེའི་ཡང་གཡོན་དུ་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱ་ཀུན་ནས་འབར་བ་འཁྲུགས་བ་ཀུན་ཏུ་བྲིའོ། །དེའི་ཡང་གཡོན་དུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཀུན་ནས་འབར་བ་བྲིའོ། །དེའི་ཡང་གཡོན་དུ་རིལ་བ་སྤྱི་བླུགས་དང་། བགྲང་ཕྲེང་དང་། བཟང་པོའི་གདན་གྱི་ཕྱག་རྒྱ་བྲིའོ། །སྒོའི་གནས་སུ་རྡོ་རྗེ་རྩེ་གསུམ་ལ་གཉིས་ཀ་ནས་ཀུན་ནས་འབར་བར་བྲིའོ། །བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་ཕྱག་རྒྱ་ཆེན་པོ་དབྱུག་བ་ཅན་དང་། ཨུཏྤ་ལའི་ཕྱག་རྒྱ་ཀུན་ནས་འབར་བ་འདི་དག་ཕན་ཚུན་མ་འབྱར་བར་ཀུན་ཏུ་བྲིའོ། །དཀྱིལ་འཁོར་གྱི་རྣམ་པ་ཀུན་ཏུ་བྲིས་པའི་ཕྱི་རོལ་གྱི་དཀྱིལ་འཁོར་དེའང་ཚོན་སྣ་ལྔས་འབར་བ་རྣམ་པར་བཀྲ་ཞིང་ལྟ་ན་སྡུག་པ། ཟུར་བཞིས་རྣམ་པར་མཛེས་པ། རྟ་བབས་བཞིའི་རྣམ་པ་ཕྱོགས་བཞིར་རོ། །ནང་གི་དཀྱིལ་འཁོར་ཡང་ཁྲུ་གཉིས་ཙམ་གྱི་ཕྱི་རོལ་གྱི་ཤར་ཕྱོགས་སུ་ཚངས་པ་ཆེན་པོ་བྲི་བར་བྱ་སྟེ། གདོང་བཞི་པ། གོས་དཀར་པོ་བགོས་པ། སྟོང་གཡོགས་གོས་དཀར་པོ་ཅན། མཆོད་ཕྱིར་ཐོགས་པ་དཀར་པོ་ཅན་གསེར་གྱི་མདོག་རལ་བའི་ཅོད་པན་འཆང་བ། གཡོན་ན་དབྱུག་པ་དང་། སྤྱི་བླུགས་ཐོགས་པ། ཕྱག་ན་རྡོ་རྗེའོ། །དེའི་ཡང་གཡས་སུ་འོད་གསལ་གྱི་ལྷའི་བུ་བྱ་སྟེ་ལུས་དར་ལའི་གོས་བགོས་པ། དར་ལའི་སྟོད་གཡོགས་ཅན་བཞིན་རབ་ཏུ་ཞི་བ། རལ་པའི་ཅོད་པན་འཆང་བ། མཆོད་ཕྱིར་ཐོགས་དཀར་པོ་ཅན། སྐྱིལ་ཀྲུང་གིས་ཉེ་བར་འདུག་པ། ཕྱག་གཡས་མཆོག་སྦྱིན་པའོ། །དེའི་ཡང་གཡས་སུ་འོག་མིན་པའི་ལྷའི་བུ་བྱ་སྟེ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རབ་ཏུ་ཞི་བའི་ལུས། སེམས་བསམ་གཏན་ལ་གནས་པ། དར་ལའི་གོས་བགོས་པ། དར་ལའི་སྟོང་གཡོགས་ཅན། སྐྱིལ་ཀྲུང་གིས་ཉེ་བར་འདུག་པ། ཕྱག་གཡས་པས་མཆོག་སྦྱིན་པ། མཆོད་ཕྱིར་ཐོགས་དཀར་པོ་ཅན་ནོ། །དེའི་རིམ་པས་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། འཐབ་འབྲལ་དང་། བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་རྣམས་བྲི་བར་བྱ་སྟེ་གོ་རིམས་ཇི་ལྟ་བ་བཞིན་དང་། ཆ་བྱད་དང་། དབྱིབས་ཇི་ལྟ་བ་བཞིན་ནོ། །བརྒྱ་བྱིན་གྱི་འོག་ཏུ་རྒྱལ་པོ་ཆེན་པོ་བཞིའི་རིས་ཏེ། རྟག་མྱོས་དང་། ཕྲེང་ཐོགས་དང་། ལག་ན་གཞོང་ཐོགས་དང་། པི་ཝང་གཉིས་པ་དང་། ས་བླ་བའི་ལྷའི་བུ་རྣམས་གོ་རིམས་ཇི་ལྟ་བ་དང་། ཆ་བྱད་ཇི་ལྟ་བ་བཞིན་བྲི་བར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དང་། དགེ་ཆུང་དང་། བསོད་ནམས་སྐྱེས་ལ་སོགས་པའི་ལྷའི་བུ་རྣམས་ཆ་བྱད་དང་། དབྱིབས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་བཞིན་དུ་ནུབ་ཀྱི་ཕྱོགས་དང་། དེ་བཞིན་དུའང་བྱང་གི་ཕྱོགས་སུའང་ངོ་། །ནུབ་ཀྱི་ཕྱོགས་སུ་དེ་རྣམས་ཀྱི་འོག་ཏུ་ཕྲེང་གཉིས་ལ་བརྟེན་ནས་བྲི་བར་བྱའོ། །དཀྱིལ་འཁོར་གཉིས་ཀྱི་ཕྱི་རོལ་དུ་དཀྱིལ་འཁོར་གསུམ་པར་འགྱུར་ཏེ་ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི་གོ་རིམས་བཞིན་དུ་བྲི་བར་བྱའོ། །བྱང་ཕྱོགས་སུ་འཇུག་པའི་གཡས་ངོས་སུ་ནོར་སྦྱིན་གཏེར་དང་། ཉེ་བར་གནས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཅོད་པན་ཅུང་ཟད་བཅོམ་པ། གནོད་སྦྱིན་གྱི་གཟུགས་ཅན་ནོ། །དེའི་གཡས་སུ་ནོར་བུ་བཟང་པོ་དང་། གང་བ་བཟང་པོ་གནོད་སྦྱིན་གྱི་སྡེ་དཔོན་དག་བྲིའོ། །དེ་བཞིན་དུ་རིམ་གྱིས་གནོད་སྦྱིན་མ་ཆེན་མོ་འཕྲོག་མ་བྲི་སྟེ་གཞོན་ནུ་དགའ་བྱེད་ཕང་ན་འདུག་པ། དཀྱིལ་འཁོར་ལ་ངེས་པར་རྟོག་བཞིན་པ་བྲིའོ། །ལྔས་རྩེན་དམར་སེར་འཇིགས་སུ་རུང་བའང་བྲི་སྟེ། དེ་རྣམས་ཀྱི་ཉེ་ལོགས་སུ་གནོད་སྦྱིན་རྣམས་ཀྱི་ཕྱག་རྒྱ་བྲི་བར་བྱའོ། །དེ་བཞིན་དུ་རིམ་གྱིས་ནུབ་ཀྱི་ཕྱོགས་སུ་ལྷ་ལག་ན་ཞགས་པ་ཐོགས་པ་དང་། ཀླུ་དགའ་བོ་དང་། ཉེ་དགའ་བོ་དང་། འཇོག་པོ་དང་། ནོར་རྒྱས་ཀྱི་བུ་ལ་སོགས་པ་རྒྱལ་པོ་ཆེན་པོ་བརྒྱད་བྲི་བར་བྱའོ། །དེ་བཞིན་དུ་ཕྲེང་གཉིས་པ་ལ་བརྟེན་ནས་གོ་རིམས་བཞིན་དུ་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟེ་འཕྱེ་ཆེན་པོ་དང་། དྲང་སྲོང་དང་། གྲུབ་པ་དང་། ཡི་དྭགས་དང་། ཤ་ཟ་དང་། ནམ་མཁའ་ལྡིང་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་དང་། སྨན་དང་། ནོར་བུ་རིན་པོ་ཆེའི་བྱེ་བྲག་དང་། རི་བོ་དང་། ཆུ་བོ་དང་། གླིང་རྣམས་གོ་རིམས་བཞིན་དུ་གཙོ་བོར་གྲགས་པ་དང་། མཆོག་ཏུ་གཙོ་བོ་ཐམས་ཅད་ཀྱང་བྲི་བར་བྱའོ། །བགྲང་ཕྲེང་ལག་ན་ཐོགས་པ། རལ་བའི་ཅོད་པན་འཆང་བ། གོས་དཀར་པོ་བགོས་པ། དར་ལའི་སྟོད་གཡོགས་པས་འཁྲུགས་པ། དབྱུག་པ་དང་། རིལ་བ་སྤྱི་བླུགས་དང་། བགྲང་ཕྲེང་ལག་ན་ཐོགས་པ། རལ་པའི་ཅོད་པན་འཆང་བ། གོས་དཀར་པོ་བགོས་པ། དར་ལའི་སྟོད་གཡོགས་ཅན། མཆོད་ཕྱིར་ཐོགས་དཀར་པོ་ཅན། གསེར་གྱི་མདོག་ཐལ་བའི་ཐིག་ལེ་གསུམ་བྱས་པ། སྣ་ཚོགས་པའི་རྒྱན་དང་། མཚོན་ཆ་དང་། ཆ་བྱད་དང་། དབྱིབས་དང་། ཁ་དོག་དེའང་ཕྲེང་གཉིས་པ་ལ་བརྟེན་ནས་བྲི་བར་བྱའོ། །ཐམས་ཅད་ནས་འཇུག་པའི་དཀྱིལ་འཁོར་ཆེན་པོར་དཀའ་ཟློག་གི་བདག་པོ་ཁྱུ་མཆོག་ལ་ཞོན་པ། ལག་པ་གཡས་རྩེ་གསུམ་ཐོགས་པའོ། །ལྷ་མོ་དཀའ་ཟློག་མའང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྨིན་དྲུག་གི་བུའང་རྨ་བྱ་ལ་ཞོན་པ། ལག་ན་མདུང་ཐུང་ཐོགས་པ་གཞོན་ནུའི་གཟུགས་ཅན། གདོང་དྲུག་པ། ལུས་དམར་པོར་སྣང་བ། གོས་སེར་པོ་བགོས་ཤིང་སྟོད་གཡོགས་གོས་སེར་པོ་ཅན། ཕྱག་གཡོན་པས་དྲིལ་བུ་ཐོགས་ནས་བ་དན་དམར་པོ་ཐོགས་པའོ། །གོ་རིམ་བཞིན་དུ་བྷྲིང་གི་རི་ཏེ་ཤིན་ཏུ་རིང་བའི་རྣམ་པ་དང་། ཚོགས་ཀྱི་བདག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་། ནག་པོ་ཆེན་པོ་དང་། མ་མོ་བདུན་པོ་རྒྱན་དང་། ཆ་བྱད་དང་། དབྱིབས་ཇི་ལྟ་བ་བཞིན་དུ་མངོན་པར་བྲིའོ། །ནོར་ལྷ་བརྒྱད་དང་། དྲང་སྲོང་བདུན་དང་། ཁྱབ་འཇུག་ཕྱག་བཞི་པ། ཕྱག་ན་འཁོར་ལོ་དང་། བེ་ཅོན་དང་། དུང་དང་། རལ་གྲི་ཐོགས་པ། ནམ་མཁའ་ལྡིང་ལ་བཞོན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །གཟའ་བརྒྱད་དང་། སྒྱུ་སྐར་ཉི་ཤུ་རྩ་བདུན་དང་། གངས་སྟེང་གི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བའི་ཉེ་བའི་གཟའ་བརྒྱད་ཀྱང་བྲིའོ། །གོ་རིམ་བཞིན་དུ་དཀར་པོ་དང་། ནག་པོའི་ཚེས་བཅོ་ལྔ་དང་། ཁྱིམ་བཅུ་གཉིས་དང་། དུས་དྲུག་དང་། ཟླ་བ་བཅུ་གཉིས་དང་། ལོ་ཚིགས་དང་། སྲིང་མོ་བཞི་གྲུ་ལ་ཞོན་པ་དང་། ལྔ་པ་མིང་པོ་ཆུ་ལ་གནས་པ་རྣམས་ཏེ་མདོར་ན་ཕྱག་རྒྱ་རྣམས་སུ་རྣམ་པར་གཞག་པར་བྱའོ། །ལྷ་རྣམས་གོ་རིམས་བཞིན་དུ་ཕྲེང་གཉིས་སུ་བྱའོ། །མདོར་ན་དཀྱིལ་འཁོར་གསུམ་པར་ཡང་དཀྱིལ་འཁོར་གསུམ་ལ་བརྟེན་ནས་མངོན་པར་བྲི་བར་བྱ་སྟེ་དཀྱིལ་འཁོར་གསུམ་པོ་རྣམས་སུའང་གྲུ་བཞིར་རྣམ་པར་གཞུག་པར་བྱའོ། །འདི་རྣམས་བཅོམ་ལྡན་འདས་སོ། །མདོར་བསྡུས་ན་སངས་རྒྱས་བཅོམ་ལྡན་འདས་སེམས་དཔའ་ཐམས་ཅད་ཀྱི་གཙོ་བོ་ནི་ངེས་པར་མངོན་པར་བྲི་བར་བྱའོ། །པདྨའི་རིགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་གཡས་སུ་ངེས་པར་བྲི་བར་བྱའོ། །རྡོ་རྗེའི་རིགས་འཕགས་པ་ཕྱག་ན་རྡོ་རྗེ་ནི་གཡོན་དུ་ངེས་པར་བྲི་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོ་འཕགས་པ་ཀུན་ཏུ་བཟང་པོའང་ངེས་པར་བྲི་བར་བྱའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ངེས་པར་བྲི་བར་བྱའོ། །ལྷག་མ་རྣམས་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ཕྱག་རྒྱ་རྣམས་སུ་ངེས་པར་བྲི་བར་བྱའོ། །འདི་དག་ནི་ནང་གི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བ་ལའང་ཤར་གྱི་ཕྱོགས་སི་མི་མཇེད་ཀྱི་བདག་པོ་ཚངས་པ་ངེས་པར་བྲི་བར་བྱའོ། །དེ་བཞིན་དུ་ལྷོའི་ཕྱོགས་སུ་འོད་གསལ་བའོ། །འོག་མིན་དང་། གཟུགས་ཅན་མིན་པ་རྣམས་ལྷའི་དཀྱིལ་འཁོར་གྱི་རྣམ་པར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་མི་གསལ་བའི་ལྷ་རྣམས་ནི་མ་ཡིན་ནོ། །བྱང་གི་ཕྱོགས་སུ་བརྒྱ་བྱིན་ལྷའི་རྒྱལ་པོ་དང་། རབ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། འོད་ཆུང་ལ་སོགས་པའི་ལྷའི་བུ་རྣམས་ལྷའི་རྒྱལ་པོ་རེ་རེ་ངེས་པར་མངོན་པར་བྲི་བར་བྱའོ། །ལྷག་མ་རྣམས་ནི་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ཕྱག་རྒྱ་རྣམས་སུ་མངོན་པར་བྲི་བར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གསུམ་པར་ཡང་བྱང་གི་ཕྱོགས་སུ་འབྱུང་པོའི་བདག་པོ་དབང་ལྡན་དཀའ་ཐུབ་ཟློག་པ་དང་བཅས་པ་ངེས་པར་མངོན་པར་བྲི་བར་བྱའོ། །སྒོ་གཉིས་པའི་ཉ་ལོགས་སུ་གཞོན་ནུ་སྨིན་དྲུག་གི་བུ་རྨ་བྱའི་གདན་ལ་ལག་ན་མདུང་ཐུང་ཐོགས་པ། ལུས་དམར་པོར་སྣང་བ། གོས་སེར་པོའི་སྟོད་གཡོགས་བགོས་པ། ཕྱག་གཡས་ན་དྲིལ་བུ་དང་། བ་དན་དམར་པོ་ཐོགས་པ། གཞོན་ནུའི་གཟུགས་ཅན། དཀྱིལ་འཁོར་ལ་ངེས་པར་རྟོག་བཞིན་པའོ། །ཤར་གྱི་ཕྱོགས་སུ་ནམ་མཁའ་ལྡིང་འདབ་ཆགས་ཀྱི་གཟུགས་ཅན་དང་། དྲང་སྲོང་མཱ་རྐཎྜ་ངེས་པར་མངོན་པར་བྲི་བར་བྱའོ། །ལྷག་མ་རྣམ་པར་བཞག་པ་བཞིན་དུ་ཕྱག་རྒྱ་རྣམས་སུའང་ངོ་། །ལྷོ་ཤར་དུ་གཞོན་ནུ་བཞི་དང་། གཞོན་ནུ་མིང་པོ་དང་ལྷན་ཅིག་པ་གྲུའི་བཞོན་པ་ལ་ཀུན་ཏུ་གནས་པ། ཆུ་གཏེར་ཆེན་པོ་ལ་ཡོངས་སུ་རྒྱུ་བར་བྱེད་པ། མེ་ལྷའི་རྒྱལ་པོའང་ངེས་པར་མངོན་པར་བྲི་བར་བྱའོ། །དེ་བཞིན་དུ་ལྷོའི་ཕྱོགས་སུ་ལང་ཀའི་གྲོང་གི་སྲིན་པོའི་བདག་པོ་ཤིན་ཏུ་འཇིགས་སུ་རུང་བ་སྟེ་དེར་ཤིང་བི་ཙུ་མརྡ་ལ་བརྟེན་ནས་གནས་པ་དང་། རྨུགས་འཛིན་ཆུའི་དབང་པོ་ཞེས་བྱ་བ་གནོད་སྦྱིན་གྱི་གཟུགས་ཅན་བྱང་ཆུབ་སེམས་དཔའ་ངེས་པར་མངོན་པར་བྲི་བར་བྱའོ། །ལྷག་མ་ཕྱག་རྒྱ་རྣམས་སུའང་རྣམ་པར་བཞག་པར་བྱའོ། །དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་སུ་ཀླུའི་གཙོ་བོ་དགའ་བོ་དང་། ཉེ་དགའ་པོ་ངེས་པར་བྲི་བར་བྱ་སྟེ་གཟའི་གཙོ་བོ་ཉི་མའང་ངོ་། །ནུབ་ཀྱི་ཕྱོགས་སུ་ཐུབ་པ་སེར་སྐྱ་ཞེས་བྱ་བ་དྲང་སྲོང་མཆོག་དང་། མུ་སྟེགས་ཅན་གཅེར་བུ་པའི་ཁྱུ་མཆོག་གཅེར་བུའི་གཟུགས་སུ་གོ་རིམ་བཞིན་དུ་ཕྱག་རྒྱ་རྣམས་སུ་རྣམ་པར་བཞག་པར་བྱའོ། །བྱང་ནུབ་ཀྱི་ཕྱོགས་སུ་གནོད་སྦྱིན་གྱི་རྒྱལ་པོ་ནོར་སྦྱིན་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པ་སྟེ་འདི་རྣམས་ངེས་པར་བྲི་བར་བྱའོ། །ལྷག་མ་དབྱིབས་ཇི་ལྟར་ཀུན་ཏུ་གནས་པ་བཞིན་དུ་གོ་རིམ་བཞིན་ཕྱག་རྒྱ་རྣམས་སུའང་མངོན་པར་བྲི་བར་བྱའོ། །དཀྱིལ་འཁོར་བཞི་པ་མངོན་པར་བྲིའོ་ཞེས་པ་ཕྱི་རོལ་གྱི་དཀྱིལ་འཁོར་བཞི་པར་རི་མོ་ལྔས་སྤྲས་པ། ཕྱག་རྒྱའི་ཕྲེང་བས་མཛེས་པར་བྱས་པ། གྲུ་བཞི་དང་། རྟ་བབས་བཞིའི་རྣམ་པ་དང་། རྒྱལ་པོ་ཆེན་པོ་བཞིས་རྣམ་པར་བརྒྱན་པ། གོ་རིམ་ཇི་ལྟ་བ་བཞིན་དུ་གནས་པ། འདི་ལྟ་སྟེ། འཇུག་པའི་སྐོར་ཕྱག་རྒྱར་གྱུར་པ་ནི་ཨུཏྤལ་སྔོན་པོར་བྲིའོ། །གཡས་དང་། གཡོན་དུ་ནི་པདྨ་དང་། རྡོ་རྗེ་དང་། དགྲ་སྟ་དང་། དུང་དང་། མདུང་རྩེ་གསུམ་དང་། བེ་ཅོན་དང་། འཁོར་ལོ་དང་། སྭསྟི་ཀ་དང་། བུམ་པ་དང་། ཉ་དང་། དུང་དང་། གདུབ་ཀོར་དང་། རིལ་བ་སྤྱི་བླུགས་དང་། རྒྱལ་མཚན་དང་། བ་དན་དང་། ཞགས་པ་དང་། དྲིལ་བུ་དང་། གྲི་དང་། ཐོ་བ་དང་། གཞུ་དང་། ལྕགས་མདའ་སྟེ་འདི་རྣམས་རྣམ་པ་སྣ་ཚོགས་པའི་མཚོན་ཆའི་མཆོག་གི་ཕྱག་རྒྱས་ཁོར་ཡུག་ཏུ་གྲཝ་བཞིར་ཕྲེང་བས་ཁྱབ་པར་བྱའོ། །དེ་ནས་ཕྱི་རོལ་གྱི་ཕྱོགས་བཞིར་ཕྱག་རྒྱ་ཆེན་པོ་བཞི་བཞག་པར་བྱ་སྟེ། བྱང་ཕྱོགས་སུ་དཀྱིལ་འཁོར་གྲུ་བཞི་པའི་རྣམ་པ་ཅན་བྱས་ནས་རྡོ་རྗེ་གཉིས་ཀ་ནས་རྩེ་མོ་གསུམ་པའི་རྣམ་པ་ཀུན་ནས་འབར་བའོ།། ཤར་ཕྱོགས་སུ་དཀྱིལ་འཁོར་གྲུ་གསུམ་པའི་རྣམ་པ་ཅན་ཀུན་ནས་འབར་བ་ཅན་བཞག་པར་བྱའོ། །ལྷོའི་ཕྱོགས་སུ་དཀྱིལ་འཁོར་གཞུའི་རྣམ་པ་ཅན་བྱས་ནས་ལྷུང་བཟེད་ཀུན་ནས་འབར་བ་ཅན་བཞག་པར་བྱའོ། །ནུབ་ཀྱི་ཕྱོགས་སུ་དཀྱིལ་འཁོར་ཉི་མའི་རྣམ་པ་ཅན་བྱས་ནས་ཨུཏྤལ་སྔོན་པོ་རང་གི་སྡོང་བུ་དང་། འདབ་མ་དང་ལྡན་པ་ཀུན་ནས་འབར་བའོ། །ཕྱོགས་བྲལ་རྣམས་སུ་ཕྱག་རྒྱ་བཞིར་འགྱུར་རོ། །ནུབ་བྱང་གི་ཕྱོགས་སུ་དཀྱིལ་འཁོར་ཟླུམ་པོའི་རྣམ་པ་ཅན་བྱས་ནས་ཞགས་པ་ཀུན་ནས་འབར་བའོ། །ལྷོ་ནུབ་ཀྱི་ཕྱོགས་སུ་དཀྱིལ་འཁོར་རིང་པོའི་རྣམ་པ་བྱས་ནས་དབྱུག་པ་ཀུན་ནས་འབར་བའོ། །ལྷོ་ཤར་གྱི་ཕྱོགས་སུ་དཀྱིལ་འཁོར་གྲུ་གསུམ་པའི་རྣམ་པ་ཅན་བྱས་ནས་དགྲ་སྟ་ཀུན་ནས་འབར་བའོ། །བྱང་ཤར་གྱི་ཕྱོགས་སུ་རལ་གྲི་ཀུན་ནས་འབར་བ་བཞག་པར་བྱའོ། །ཐམས་ཅད་ནས་མངོན་པར་བྲིས་ནས་སྟེང་དང་། འོག་དང་། ཐད་དཀར་ཕྱག་རྒྱ་གསུམ་ཕྱིའི་དཀྱིལ་འཁོར་གྱི་སྒོ་དང་ཉེ་བར་ཕྱི་མ་ཉིད་ཀྱི་བྲི་བར་བྱ་བ་ལ། འདི་ལྟ་སྟེ། གོས་དང་། བསིལ་ཡབ་དང་། ལྷ་མ་ཀུན་ནས་འབར་བ་དེ་རྣམས་མངོན་པར་བྲི་བར་བྱའོ་ཞེས་སོ། །བྱང་ཆུབ་སེམས་དཔའ་བློ་ལྡན་པས། །སེམས་ཅན་ཕན་དོན་འདོད་པ་ཡི། །དཀྱིལ་འཁོར་ཆོ་ག་འདི་རྣམས་ཀྱིས། །མདོར་བསྡུས་འདིར་ནི་བསྟན་པ་ཡིན། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་དང་པོ་ཉིད་དུ་སློབ་མ་གཟུང་བར་བྱ་སྟེ། དབང་པོ་མཚང་བ་མེད་པ་དང་། ཡན་ལག་ཐམས་ཅད་མཛེས་པའི་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐེག་པ་ཆེན་པོའི་ཐེག་པ་པ། ཐེག་པ་གཞན་མི་འདོད་པའི་ངང་ཚུལ་ཅན་གྱི་སེམས་དཔའ་ཆེན་པོ་དད་ཅིང་དགེ་བའི་ཆོས་ཅན་དང་། རྒྱལ་སྲིད་ཆེན་པོ་མངོན་པར་འདོད་པ་དང་། ལོངས་སྤྱོད་ཆུང་བ་ལ་སྨོད་པ་དང་། ལོངས་སྤྱོད་ཆེན་པོ་མངོན་པར་འདོད་པ་དང་ལྡན་པ་དང་། བཟང་ཞིང་དུལ་ལ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་སྡོམ་པ་ལ་གནས་པ། གསོ་སྦྱོང་ལ་ཉེ་བར་གནས་ཤིང་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་ཞེ་མི་སྡང་བ་དང་། ཕྱོགས་ཆེན་པོ་དང་། རིགས་དང་ལྡན་པ་དང་། རང་བཞིན་གྱིས་ཆོས་སྤྱོད་པ། ཉིན་དང་། མཚན་དུ་སྨྱུང་བར་གནས་པ། གོས་གཙང་མ་བགོས་པ། སྐྲ་དྲི་ཞིམ་པ་དང་། ཁྲུས་གསུམ་བྱས་པ། མི་སྨྲ་བར་གྱུར་པ། དེའི་ཉིན་མོ་ག་པུར་དང་། གུར་གུམ་དང་། མ་ལ་ཡའི་ཙནྡན་དྲི་ཞིམ་པོས་དྲི་ཞིམ་པར་བྱས་པ། རྟག་ཏུ་ཉེ་རེག་བྱས་པ་དང་ལྡན་པ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་བསྲུང་བའི་ཆོ་ག་བྱས་པ་དང་། ཚངས་པར་སྤྱོད་པ་དང་། བདེན་པ་དང་ལྡན་པ་དང་། རྒྱལ་བར་དགོངས་པ་ཕྱིའི་དཀྱིལ་འཁོར་དེ་ཉིད་དུ་ཧ་ཅང་ཡང་མི་ཉེ་ཧ་ཅང་ཡང་མི་རིང་བར་བཞག་པར་བྱའོ། །གཙང་ཞིང་གཙང་སྦྲ་བྱས་པ་ཇི་སྲིད་གཅིག་ནས་བརྒྱད་ལ་སོགས་པའི་བར་རྣམས་ཏེ་གཞན་རྣམས་ནི་མ་ཡིན་ནོ། །དེ་རྣམས་ཀྱང་ཕན་ཚུན་ཀུན་ཏུ་ཆགས་པ། རྒྱལ་རིགས་སྤྱི་བོར་མངོན་པར་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དང་། དེ་རྣམས་ཀ་ཡི་བུ་གཞོན་ནུ་མ་རྣམས་གྲོང་བའི་ཆོས་མི་ཤེས་པ་སྟེ་བཅོམ་ལྡན་འདས་གཞོན་ནུའི་གཟུགས་ཅན་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་བྱིས་པའི་སྐྱེ་བོ་རབ་ཏུ་སད་པར་བྱེད་པ། གཞོན་ནུའི་སྐྱེ་བོ་དགའ་བར་བྱེད་པས་སོ། །དེ་ནས་ཆེས་ཐོག་མར་དེ་ལྟ་བུའི་གྲོང་བའི་ཆོས་མི་ཤེས་པ་རབ་ཏུ་གཞུག་པར་བྱ། རྒྱལ་པོ་ཆེན་པོ་མངོན་པར་འཕེལ་བ་དང་། ཚེ་དང་། ནད་མེད་པ་དང་། དབང་ཕྱུག་དང་། ལོངས་སྤྱོད་ཆེན་པོ་མངོན་པར་འཕེལ་བ་དང་། ཁྱད་པར་དུའང་ཚུལ་ཁྲིམས་དང་ལྡན་པས་རིག་པའི་དངོས་གྲུབ་ངེས་པར་གནས་པའི་ཕྱིར་རོ། །དེ་ལྟར་སྔར་བཞག་པ་བྱས་ནས་གྲོགས་བཟང་པོ་དང་ལྡན་པའི་སློབ་དཔོན་གྱིས་ག་པུར་གྱི་བདུག་པ་བསྲེགས་ཏེ་རྒྱབ་ཀྱིས་ཕྱོགས་པ་མིན་པར་ཕྱི་རོལ་ཏུ་འབྱུང་བར་བྱ་སྟེ་བྱུང་ནས་ཀྱང་ཇི་ལྟར་བདེ་བའི་ཆུ་ཤིན་ཏུ་གཙང་སྦྲ་བྱས་པ། སྲོག་ཆགས་མེད་པ། རྩ་བའི་རིག་པ་བརྒྱད་བརྒྱ་མངོན་པར་བཟླས་པ། ཕྱག་རྒྱ་ཆེན་པོས་རྒྱས་བ་ཏབ་པའི་ཆུས་ཁྲུས་བྱས་ནས་ཉེ་རེག་བྱས་ཏེ་གོས་གཙང་མ་བགོས་པའི་གཙང་མས་མེ་ཐབ་ཏུ་སོང་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་བྱང་ཤར་དུ་མངོན་པར་ཕྱོགས་པས་ག་བུར་དང་། གུར་གུམ་ཙནྡན་དང་བསྲེས་པའི་མར་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །སྔར་བརྗོད་པའི་ཆོ་གས་སྤྱན་དྲངས་པ་དང་། གཤེགས་སུ་གསོལ་ལོ། །སླར་ཡང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ཞུགས་ནས་བུམ་པ་གང་བརྒྱད་གཙང་མའི་གོས་དང་ལྡན་པ། ཤིང་ས་ཧ་ཀ་རའི་ཡལ་འདབ་དང་། འབྲས་བུས་རྣམ་པར་བརྒྱན་པ། གསེར་དང་། དངུལ་དང་། རིན་པོ་ཆེ་དང་། འབྲུ་ནང་དུ་བཅུག་པ། དེ་ལྟ་བུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོ་སོར་དབུལ་བར་བྱའོ། །གཉིས་པ་ནི་སངས་རྒྱས་ཐམས་ཅད་ལའོ། །གསུམ་པ་ནི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལའོ། །བཞི་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལའོ། །ལྔ་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལའོ། །དྲུག་པ་ནི་ལྷ་ཐམས་ཅད་ལའོ། །བདུན་པ་དང་། བརྒྱད་པ་ནི་དཀྱིལ་འཁོར་གཉིས་པའི་སྒོ་ཁང་དུ་གཞག་པར་བྱ་སྟེ་གཅིག་པ་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་བར་ཡོངས་སུ་བསྔོས་ནས་གཞག་པར་བྱའོ། །དེ་ནས་སྔར་བརྗོད་པའི་ཆོ་ག་ཉིད་ཀྱིས་བདུག་པ་བསྲེག་ཅིང་ཨུཏྤལ་ལའི་ཕྱག་རྒྱ་བཅིངས་ནས་སླར་ཡང་སྤྱན་དྲང་བར་བྱ་སྟེ་སངས་རྒྱས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། འབྱུང་པོ་ཐམས་ཅད་དང་། སྤྱན་རས་གཟིགས་དབང་ཕྱུག་ཀྱང་སྔར་བརྗོད་པའི་ཆོ་ག་ཉིད་ཀྱིས་སྤྱན་དྲང་བར་བྱའོ། །དེ་བཞིན་དུ་མེ་ཏོག་དང་། བདུག་པ་དང་། དྲི་དང་། མར་མེ་དང་། ལྷ་བཤོས་ཀྱང་སྔར་བསྟན་པ་ཉིད་ཀྱི་ལས་ཀྱིས་ལྷ་བཤོས་ཐམས་ཅད་ཀྱིས་ཐམས་ཅད་དུ་གོ་རིམས་བཞིན་དུ་བྱའོ། །མར་མེ་སྨོས་པ་ཉིད་ཀྱིས་མར་གྱི་མར་མེ་དབུལ་བར་བྱའོ། །འཕགས་པ་དང་། འཕགས་པ་མ་ཡིན་པ་ཐམས་ཅད་ལ་ལྷ་བཤོས་སྨོས་པས་སཱ་ལུའི་ཟན་ཞོ་དང་། སྦྲང་རྩི་དང་ལྡན་པ། འོ་ཐུག་ཁྱད་པར་ཅན་གྱིས་ཉེ་བར་སྦྱར་བའི་མར་ལ་བཙོས་པའི་སྣུམ་ཁུར་གྱིས་མྱ་ངན་མེད་པ་འཁྱིལ་བ་དང་། ཁཎྜ་ལ་སོགས་པ་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ལ་དབུལ་བར་བྱའོ། །ཕྱི་རོལ་གང་བ་དང་། ཙནྡན་གྱི་ཐང་ཆུ་སྦྲང་རྩི་དང་། འོ་མ། འོ་ཐུག་བཙོས་པའི་བཟའ་བ་རྣམས་རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དང་། འཕགས་པའི་ལྷ་རྣམས་ལ་མེ་ཏོག་དྲི་ཞིམ་པོ་རྣམས་ཀྱང་དབུལ་བར་བྱའོ། །ལ་དུ་ཅན་དང་། གརྦྷ་ཏྐཱ་ཁྱད་པར་དང་། སྔར་གྱི་ཡོ་བྱད་རྣམས་ལྷ་ཐམས་ཅད་དང་། འབྱུང་པོའི་ཚོགས་དང་། སེམས་ཅན་ཐམས་ཅད་ལ་དབུལ་བར་བྱའོ། །དེ་བཞིན་དུ་སྣ་མ་དང་། རྒྱ་སྦོས་ཀྱི་མེ་ཏོག་དང་། པུནྣཱ་ག་ལ་སོགས་པ་རྣམས་སྔར་ངེས་པར་བསྟན་པ་སངས་རྒྱས་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། འཕགས་པ་དང་། འཕགས་པ་མ་ཡིན་པའི་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །ཁྱད་པར་དུ་དེ་བཞིན་གཤེགས་པའི་རིགས་ལ་སྣ་མའི་མེ་ཏོག་དང་། པདྨའི་རིགས་ལ་པདྨ་དང་། དེ་བཞིན་དུ་ཕྱག་ན་རྡོ་རྗེའི་རིགས་ལ་ཨུཏྤལ་དང་། གཞན་རྣམས་ལ་ཐ་མལ་བའི་སྔགས་ཀྱིས་དེ་བཞིན་གཤེགས་པའི་རིགས་ལ་ག་པུར་གྱི་བདུག་པའོ། །པདྨའི་རིགས་ལ་ཙནྡན་ནོ། །དེ་བཞིན་དུ་གསང་བའི་བདག་པོ་རྡོ་རྗེ་ཅན་ཉིད་ཀྱི་གུ་གུལ་དུ་ཤེས་པར་བྱའོ། །སྔགས་གཞན་ཐམས་ཅད་ལ་བདུག་པ་ཐ་མལ་པ་དབུལ་བར་བྱའོ། །འཕགས་པ་རྣམས་ནི་ཐམས་ཅད་ལ། །མར་གྱི་མར་མེ་དབུལ་བར་བྱའོ། །འཕགས་པ་མིན་པའི་སྔགས་རྣམས་ལ། །དྲི་ཞིམ་ཏིལ་མར་དབུལ་དུ་གཞུག་།ཆོ་གའི་གོ་རིམ་བཞིན་དུ་ནི། །བདུག་པ་མཐོང་བའི་རྒྱུ་ཡིས་སོ། །དེ་བཞིན་དོན་དུ་བསྔོས་པའི་དྲི། །སྔགས་རྣམས་ཀུན་ལ་རྟག་པར་དེའོ། །དེ་བཞིན་གཤེགས་པ་གང་བརྗོད་དང་། །ཕྱག་ན་རྡོ་རྗེ་གང་བརྗོད་པ། །རང་རང་གི་ནི་རྒྱུད་རྣམས་སུ། །སྔགས་སྤྱོད་དོན་སྐུ་སྒྲུབ་པ་ཡིས། །འདིར་ནི་ཆོག་བལྟ་བར་བྱ། །ཀུན་ནས་རྗེས་སུ་འཇུག་པའོ། །ཞེས་པའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་སྔར་ཆོ་ག་མཐོང་བས་སྤྱན་དྲང་བ་དང་། མཆོད་པ་དང་། བདུག་པ་ལ་སོགས་པ་དང་། ལྷ་བཤོས་རབ་ཏུ་དབུལ་བ་རྗེས་སུ་འཇུག་པའི་བྱ་བ་བྱས་ནས་དེའི་འོག་ཏུ་སྒྲུབ་པའི་གྲོགས་མཆོག་མཁས་ཤིང་སྐྱེན་པས། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཤ་མེད་པ་ཐམས་ཅད་དང་། རྔ་པ་ཊ་ཧ་དང་། དུང་གི་སྒྲའི་སྒྲ་དབྱངས་ངེས་པར་སྒྲོགས་པས་བདུག་པ་དང་། མེ་ཏོག་དང་། མར་མེ་དང་། ཕྲེང་བས་རྣམ་པར་སྤྲས་པ་ཕྱོགས་བཞི་རྣམས་དང་། ཕྱོགས་བྲལ་རྣམས་དང་། སྟེང་དང་། འོག་དང་། ཐད་ཀ་ཐམས་ཅད་དུ་ཕྱིའི་དཀྱིལ་འཁོར་ལ་བསྐོར་པ་བྱས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་རྒྱ་ཆེར་གཏང་བར་བྱའོ། །དེ་ནས་ཁྲུས་བྱས་ནས་སླར་ཡང་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པའི་འབྲས་བཱ་ལུ་དང་། ཐུག་པོ་ཆེའི་སྦྱིན་སྲེག་རྩ་བའི་རིག་པའམ། སྙིང་པོས་སྟོང་ཕྲག་བརྒྱད་བྱའོ། །སྦྱིན་སྲེག་བྱས་ནས་ཀྱང་སྔར་བཀོད་པའི་དཀྱིལ་འཁོར་ལ་རྗེས་སུ་ཞུགས་པའི་སེམས་དཔའ་ཆེན་པོ་ལ་སྲུང་བའི་ཆོག་རྣམས་བྱས་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སློབ་མ་ཉིད་ཁས་བླངས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། གསོ་སྦྱོང་བྱས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱི་ལུས་དངོས་གྲུབ་ཀྱི་དོན་དུ་ཕུལ་བ། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་ལོངས་སྤྱོད་པ་ཐུན་མོངས་པར་གྱུར་པ། བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་གནོན་པར་བྱེད་པ། དགེ་བ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སངས་རྒྱས་ཐོབ་པར་འདོད་པ་རྣམས་ལ་དཀྱིལ་འཁོར་བསྟན་པ་ཉིད་ལས་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ་མཚམས་མེད་པ་བྱེད་པའི་སྐྱེ་བོ་རྣམས་ཀྱང་སྐད་ཅིག་དེ་ལ་གྲོལ་བར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་གོས་མ་ཉམས་པ་ཐ་ག་པས་བཏགས་མ་ཐག་པ། སྐྲ་དང་བྲལ་བ། རྩ་བའི་རིག་པས་ལན་བདུན་མངོན་པར་བསྔགས་པ། དྲི་ཞིམ་པེའི་ཙནྡན་དང་། གུར་གུམ་གྱིས་བགོས་པའི་དར་གྱིས་དཀྱིལ་འཁོར་དུ་འཇུག་པར་འདོད་པ་རྣམས་གདོང་གཡོགས་ནས་ཐོག་མ་ནས་བཅོམ་ལྡན་འདས་མ་སྒྲུབ་པ་པོས་རབ་ཏུ་འཇུག་པར་བྱའོ། །རྒྱལ་པོའི་བུ་སྤྱི་བོ་ནས་དབང་བསྐུར་བའམ། རྒྱལ་རིགས་ཀྱི་བུའམ། གཞན་ཡང་སྤྲོ་བ་ཆེན་པོ་རྒྱལ་སྲིད་ཆེན་པོ་འདོད་པའང་ཁབ་ཏུ་གཞུག་པར་བྱའོ། །དཀྱིལ་འཁོར་གཉིས་པར་གནས་པ་གདོང་གཡོགས་ནས་དྲི་བཟང་པོའི་མེ་ཏོག་ཙནྡན་དང་། གུར་གུམ་དག་གིས་རྣམ་པར་བསྲེས་པ་བྱིན་ཏེ་ཤིན་ཏུ་གཙང་སྦྲ་བྱས་པའི་ལག་པ་དག་གིས་མེ་ཏོག་འཐོར་དུ་གཞུག་པར་བྱའོ། །གང་དུ་དེའི་མེ་ཏོག་བབས་པ་དེ་ལ་དེའི་རིག་པའི་སྔགས་སྦྱིན་པར་བྱའོ། །སྐྱེ་བ་གཞན་རྣམས་སུ་དེ་ཉིད་དང་། འདི་རྗེས་སུ་འབྲེལ་བའོ་ཞེས་ཀུན་ཏུ་གྲགས་པ་ཡིན་ཞིང་དེ་ཉིད་འདིའི་དགེ་བའི་བཤེས་གཉེན་དང་། བྱང་ཆུབ་ཀྱི་སྙིང་པོ་གནོན་པར་བྱེད་པ་དང་། བྱང་ཆུབ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་དོན་དུ་མངོན་པར་སྒྲུབ་པར་བྱེད་པའོ། །དེ་ཉིད་འདིའི་བསྒྲུབ་པར་བྱ་བ་དང་། ལོངས་སྤྱོད་ཆེན་པོ་དང་། རྒྱལ་སྲིད་ཆེན་པོ་དང་། དབང་ཆེ་བར་གྲགས་པའི་གང་ཟག་དང་འགྲོགས་པ་འདིའི་མངོན་པར་སྒྲུབ་པར་བྱེད་པའོ། །སྐྱེ་བ་འདི་ཉིད་དུ་སྒྲུབ་པ་གང་དང་ལྡན་པ་ལྷག་པར་སྦྱོད་པ་ལས་ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་རིམ་གྱིས་དེ་ལྟ་བུ་ལ་སོགས་པ་ཇི་སྲིད་བརྒྱད་པོ་རྣམས་དེ་སྲིད་དེ་གཞན་རྣམས་ནི་མ་ཡིན་ནོ་ཞེས་སོ། །སྒྲུབ་བར་འདོད་པ་གཞན་ཡང་ཅི་ལྟར་འདོད་པ་བཞིན་དུ་སྡིག་པ་ཟད་པའི་དོན་དུ་དམ་ཚིག་ཙམ་དུ་འགྱུར་ཞེས་པའོ། །དཀྱིལ་འཁོར་གྱི་སློབ་དཔོན་གྱིས་མངོན་པར་དབང་བསྐུར་བ་སྦྱིན་ན་ཨ་དང་པོ་རེ་ཞིག་དཀྱིལ་འཁོར་གྱི་ཕྱི་རོལ་ཧ་ཅང་མི་རིང་ཧ་ཅང་མི་ཉེ་བའི་བྱང་ཤར་གྱི་ཕྱོགས་ཀྱི་ཆའི་ས་ཕྱོགས་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཤིང་སྔགས་ཀྱིས་དག་པར་བྱས་ནས་དེ་ནས་རྒྱལ་པོ་མངོན་པར་དབང་བསྐུར་བ་དེ་བཞིན་དུ་སེམས་བཞིན་པས་མཐའ་གཅིག་ཏུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དང་བའི་དད་པ་དང་། སྤྲོ་བ་ཆེན་པོ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ། ཐེག་པ་ཆེན་པོ་ལ་ཞུགས་པ། དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱེད་པ། དབང་པོ་མ་ཚང་པ་མེད་ཅིང་མ་སྨད་པ། སྐྱེ་བ་འདི་ཉིད་ལ་རིག་པ་དང་། སྔགས་སྒྲུབ་པར་འདོད་པ། བསམ་པ་བཟང་ཞིང་སྔགས་ཀྱི་སྤྱོད་པ་ལ་སྤྲོ་བའི་ཡིད་དང་ལྡན་པ། དགེ་མཚན་འདོད་པའི་རང་བཞིན་ཅན། སད་པའི་རྒྱུར་ཡང་རིག་པའི་དོན་ལ་རྣམ་རྟོག་མེད་ཅིང་དེར་གཏད་པའི་ཡིད་ཅན་དེ་ལྟ་བུ་ལ་སོགས་པ་ལྔ་ཇི་སྲིད་པར་མངོན་པར་དབང་བསྐུར་བར་བྱའོ། །ལྷག་མ་རྣམས་སྤང་བར་བྱའོ་ཞེས་སོ། །ཤེས་རབ་ཅན་དང་། སྤྱོད་པ་ལ་མ་རྨོངས་པའི་ཁྱད་པར་ལས་ཏེ་གཞན་རྣམས་བསྟེན་པར་བྱ་བ་མ་ཡིན་ནོ། །དེ་ནས་རྒྱལ་པོ་ཐམས་ཅད་དབང་བསྐུར་བཞིན་དུ་ཡོ་བྱད་ཐམས་ཅད་བསགས་ཏེ་སློབ་དཔོན་དང་། མཁན་པོ་མཉེས་པར་བྱའོ། །དེ་ནས་བླ་རེ་བྲེས་ཏེ་རྒྱལ་མཚན་དང་། བ་དན་དང་གདུགས་དཀར་པོ་མགོ་བོར་འཛིན་བཞིན་པ་དང་། རྔ་ཡབ་དཀར་པོ་གཡོབ་བཞིན་པ་དང་། བཀུར་སྟི་ཆེན་པོས་དུང་དང་། རྔ་བོ་ཆེ་དང་། རྫ་རྔའི་དགའ་བའི་སྒྲ་ངེས་པར་སྒྲོགས་པ་དང་། རྒྱལ་བའི་སྒྲ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མངོན་པར་བསྔགས་པ་དང་། བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རྒྱལ་པས་གསུངས་པ་རྣམས་ཀྱིས་མངོན་པར་བསྟོད་བཞིན་པས་བསྐོར་བ་དང་། བཀྲ་ཤིས་དེ་བྱས་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱའོ། །སློབ་དཔོན། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔགས་ཀྱི་སྤྱོད་པ་མངོན་པར་བསྒྲུབ་པ་ལ་ཡང་དག་པར་རྗེས་སུ་འཇུག་པ་དང་། འཇིག་རྟེན་པ་ཐམས་ཅད་ལས་འདས་པའི་གསང་ཆེན་རྣམ་པར་ཐར་པའི་དཀྱིལ་འཁོར་དུ་ཡང་དག་པར་རྗེས་སུ་འཇུག་པ་དང་། ཆོས་ཀྱི་རྒྱལ་སྲིད་ཐམས་ཅད་ཀྱིས་སངས་རྒྱས་ཉིད་མངོན་པར་རྟོགས་པར་འདོད་པ་དང་། མདོར་བསྡུས་ནས་བརྗོད་ན་སངས་རྒྱས་ཉིད་འབྱུང་བའི་ཕྱིར་བདག་ཉིད་སྤྲོ་བར་བགྱིའོ་ཞེས་སོ། །དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཤར་དུ་མངོན་པར་ཕྱོགས་པས་དཀྱིལ་འཁོར་མཐོང་ཞིང་རྟོགས་པ་ལ་དང་པོ་རེ་ཞིག་རིག་པའི་མངོན་པར་དབང་བསྐུར་བ་བྱིན་ནས་ཕྱག་རྒྱ་ཆེན་པོ་རྩ་བའི་རིག་པ་བཟླས་པར་བྱའོ། །དེ་ནས་རིག་པ་དང་། སྔགས་དག་གང་གནས་པ། གྲོ་གའི་འདབ་མ་ལ་གི་ཝང་གིས་བྲི་བར་བྱའོ། །བྲིས་ནས་ཙནྡན་དང་། གུར་གུམ་དག་གིས་ལག་པ་དག་དང་། ཁམ་ཕོར་ཁ་སྦྱར་བ་ཀྲུས་ནས་དེ་ནས་གྲོ་གའི་འདབ་མ་ཁམ་པོར་ཁ་སྦྱར་གྱི་ནང་དུ་བཞག་པར་བྱས་ནས་དཀྱིལ་འཁོར་གྱི་ནང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་གཞག་པར་བྱའོ། །དེ་ནས་དེར་ཉེ་བར་འདུག་སྟེ་རིག་པ་རྩ་བའི་སྔགས་བརྒྱ་རྩ་བརྒྱད་སྔ་མ་ཉིད་དུ་བརྗོད་པར་བྱའོ། །དེ་ནས་དེར་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པ་མངོན་པར་དབང་བསྐུར་བར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་བུམ་པ་གང་བ་སྒོ་དང་ཉེ་བར་སྔར་བཞག་པ་བླངས་ནས་སློབ་དཔོན་གྱིས་རྩ་བའི་རིག་པ་བཟླས་ཤིང་སྤྱི་བོར་མངོན་པར་དབང་བསྐུར་བར་བྱའོ། །སློབ་མ་ཇི་ལྟར་འདོད་པའི་ཆུས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་བྱའོ་ཞེས་སོ། །དེ་ནས་དེ་ལ་ཁམ་ཕོར་ཁ་སྦྱར་དེ་དེའི་ཆེད་དུ་སྦྱིན་པར་བྱའོ། །མར་མེ་ལ་ཀློག་ཏུ་གཞུག་པར་བྱའོ། །གལ་ཏེ་དེས་བཅོམ་ལྡན་འདས་རིག་པའམ། སྔགས་བཟུང་བ་ཉིད་ཡིན་པར་གྱུར་ན་བཀླགས་པ་ཉིད་ལས་ཀྱང་ལས་བྱེད་དོ། །རྣམ་པ་གཞན་དུ་ན་རིམ་གྱིས་འབད་པས་བསྒྲུབས་པས་བྱེད་པར་འགྱུར་རོ། །གཞན་རྣམས་ནི་སྔགས་བཟླས་པ་ཁོ་ནས་འགྲུབ་པར་བྱེད་དོ། །དེ་ནས་སྔགས་ཡོངས་སུ་གཟུང་བར་འགྱུར་རོ། །དང་པོ་སྒྲུབ་པ་ཁོ་ནས་འགྲུབ་པར་བྱེད་དོ། །ཞེས་པ་རྣམ་པར་རྟོག་པ་མེད་པ་ལས་སོ། །དེ་ཁོ་ན་སྔར་བྲིས་པ་སློབ་དཔོན་གྱི་སྒྲུབ་པ་གསུམ་གྱིས་ངེས་པར་འགྲུབ་པར་འགྱུར་རོ། །འབད་པ་མེད་པར་རོ། །དེ་བཞིན་དུ་ཐོག་མར་རིག་པའི་མངོན་པར་དབང་བསྐུར་བ་སྦྱིན་པར་བྱའོ། །དཀྱིལ་འཁོར་གཉིས་པར་མངོན་པར་དབང་བསྐུར་པ་ནི། དཀྱིལ་འཁོར་གཉིས་པར་དཀྱིལ་འཁོར་ཐམས་ཅད་ལ་དང་། ལྷ་ཐམས་ཅད་ལ་ག་ཨང་རབ་ཏུ་བསྟབས་པའི་བུམ་པ་གང་བ་དེས་སྔ་མའི་ཆོ་ག་གང་ཡིན་པ་ཇི་ལྟ་བ་དེ་ཉིད་ཀྱིས་སྤྱི་བོར་མངོན་པར་དབང་བསྐུར་བར་བྱས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ་སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་གནང་བར་འགྱུར་རོ། །འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དམ་ཚིག་དང་། དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་སྒྲུབ་པ་ལའང་ལྷག་པར་འདོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་དཔོན་དུ་མངོན་པར་དབང་བསྐུར་བ་སྦྱིན་ནོ། །དཀྱིལ་འཁོར་གསུམ་པར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕུལ་བའི་བུམ་པ་གང་བ་ཆོ་ག་དེ་ཉིད་ཀྱིས་སྤྱི་བོར་མངོན་པར་དབང་བསྐུར་བར་བྱའོ། །ཁྱོད་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱིས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་རིག་པའི་སྔགས་རྣམས་དང་། དཀྱིལ་འཁོར་འདྲི་བ་དང་། ཉེ་བར་སྟོན་པ་དང་། རྒྱུད་དང་། རྒྱུད་ཀྱི་ཕྱག་རྒྱ་དང་། སྤྱད་པ་ངེས་པར་སྟོན་པ་དང་། རང་གི་ཆོ་ག་ངེས་པར་སྟོན་པར་རྗེས་སུ་གནང་ངོ་ཞེས་བརྗོད་པར་བྱའོ། །སྐྱེ་བ་འདི་ཉིད་དམ། གང་ཕྱི་མ་གཞན་དང་། གཞན་རྣམས་སུ་སངས་རྒྱས་ཉིད་ངེས་པར་ཐོབ་བོ། །དེ་བཞིན་དུ་རྒྱལ་བ་དང་། རྣམ་པར་རྒྱལ་བའི་མངོན་པར་དབང་བསྐུར་བ་དང་། སྔར་ངེས་པར་བསྟན་པའི་ཆོ་གས་བཅོམ་ལྡན་འདས་ལ་སྔར་ཕུལ་བའི་བུམ་པ་གང་བ་དང་། བྱང་ཆུབ་སེམས་དཔའ་ལ་ཕུལ་བའི་བུམ་པ་གང་བས་དེ་བཞིན་ཁོ་ནར་མངོན་པར་དབང་བསྐུར་རོ། །དེ་བཞིན་དུའང་ཁྱོད་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་རྣམས་ཀྱིས་འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པ་དང་། ལུས་ཅན་ཐམས་ཅད་ཀྱིས་མི་ཐུབ་ཅིང་རྣམ་པར་རྒྱལ་བ་དང་། ཁྱོད་སྔགས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་སྒྲུབས་ཤིག་ཅེས་རྗེས་སུ་གནང་ངོ་ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སེམས་ཅན་ལྔ་པོ་ཉིད་རེ་རེ་ལ་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ནས་དེ་དག་རིམ་གྱིས་དཀྱིལ་འཁོར་དུ་བཅུག་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕུལ་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཉི་མ་གཞན་ལ་རིམ་གྱིས་རིག་པ་དང་། གསང་སྔགས་ཀྱི་སྤྱོད་པ་རྣམས་ལ་བསླབ་པར་བྱ་ཞིང་རྣམ་པར་སྦྱར་བར་བྱའོ། ། སྐད་ཅིག་དེ་ཉིད་ལ་སོང་ནས་སྔར་བརྟེན་པར་ཕུལ་བ་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སྔར་ཕུལ་བའི་ཆུ་བུམ་པ་གང་བ་བླངས་ནས་དཀྱིལ་འཁོར་དུ་ཞུགས་པ་དེ་རྣམས་ལ་ཆུ་ཁྱོར་པ་གསུམ་ཤར་དུ་མངོན་པར་ཕྱོགས་པར་བྱས་ནས་འཐུང་དུ་གཞུག་པར་བྱའོ། །འདི་སྐད་བརྗོད་པར་བྱ་སྟེ། ཀྱེ་བྱང་ཆུབ་སེམས་དཔའ་ཆེན་པོ། གསང་བའི་དམ་ཚིག་གང་གིས་འདའ་བར་བྱེད་པ་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་འགྱུར་རོ། །དཀྱིལ་འཁོར་གང་དུའམ། དེར་ཡང་རིགས་དམན་པ་གང་གིས་དཀྱིལ་འཁོར་དུ་འོངས་པ་དེ་རྣམས་ཀྱང་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་གྲོགས་བྱེད་པའི་ལག་པར་གོས་དཀར་པོ་གཙང་མ་མགོ་བོར་བཅིངས་པ་གཞན་གྱིས་སམ། གོས་ཀུན་ཏུ་གཡོགས་ཏེ་གནས་པ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་རིགས་དམན་པ་རྣམས་ཀྱིས་མེ་ཏོག་གཏོར་བར་བྱའོ། །དེ་ནས་གྲོགས་བྱེད་པ་དེ་རྣམས་ཀྱིས་ཀྱང་རབ་ཏུ་ཞུགས་པའི་སེམས་ཅན་ཐམས་ཅད་ཀྱིས་ཁྲུས་བྱའོ། །དེ་རྣམས་ཀྱིས་ཀྱང་དམ་ཚིག་ཙམ་དེ་འབྱུང་བར་འགྱུར་རོ། །སྒྲུབ་པའང་གྲུབ་པར་འགྱུར་རོ། །དེ་སྔར་བྱས་པའི་མེའི་བྱ་བའི་གནས་སུ་སོང་ནས་རྩེ་མོ་མ་ཉམས་པའི་ཀུ་ཤ་རྣམས་ཀྱིས་སོ། །དེར་ཡང་མེ་ཐབ་རྣམ་པ་གསུམ་དུ་བརྗོད་དོ། །ཞི་བ་དང་། རྒྱས་པ་དང་། མངོན་སྤྱོད་དོ། །ཞི་བའི་དོན་དུ་པདྨའི་རྣམ་པའོ། །ཡང་ན་ཚིམ་པར་བྱེད་པས་དབང་དུ་བྱེད་པའང་ངོ་། །མངོན་སྤྱོད་ལ་ཟུར་གསུམ་མོ། །དེ་ལ་མེའི་བྱ་བའི་ཆོ་ག་ཐམས་ཅད་ལ་ཀུ་ཤ་དགྲམ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ལ་ཕྱག་བྱ་བ་བྱས་ནས་ཤར་གྱི་རྩེ་མོར་མེའི་བྱ་བ་བཞག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་ནས་མེའི་བྱ་བ་མཛད་པ་རྣམས་ལ་ཕྱག་བྱས་ནས་ལྷོའི་རྩེ་མོར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་བྱང་གི་རྩེ་མོར་སྦྱིན་པར་བྱའོ། །དེ་བཞིན་དུའང་བྱ་བ་རྣམས་གྲོགས་བྱེད་པས་གནས་པའི་ངང་ཚུལ་ཅན་གྱིས་མེའི་བྱ་བ་ཀུ་ཤ་རྣམས་ཀྱིས་སོ། །ཐོག་མར་རྩ་བའི་རིག་པས་སོ། །ཐོག་མར་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པའི་འབྲས་ཡོས་ཀྱི་སྦྱིན་སྲེག་ཉི་ཤུ་རྩ་གཅིག་སྦྱིན་པར་བྱའོ། །ཞི་བའི་དོན་དུ་སྙིང་པོས་མར་གྱིས་སོ། །རྒྱས་པའི་དོན་དུ་ཤིང་ཨ་པ་མརྒ་གསུམ་གྱི་སྦྱིན་སྲེག་འོ། །མངོན་སྤྱོད་ལ་ཀ་ཊ་ཀེ་ཡིས་སོ། །མེའི་བྱ་བའི་ཆོ་ག་འདི་འང་ཐམས་ཅད་དུ་ཐུན་མོང་བའི་སྒྲུབ་པ་རྣམས་ལའང་ངོ་། །དཀྱིལ་འཁོར་སེམས་ཅད་ཀྱི་ཉེ་བར་སྤྱོད་པ་རྣམས་སུའང་ངོ་། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱི་གནས་གཙང་མས་གཙོ་བོའི་ལྷ་ཉིད་བསྟན་ནས་མེའི་ཆོ་གའི་བྱ་བ་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་ཞུགས་པ་རྣམས་ལ་དེ་ནས་རྩ་བའི་རིག་པ་བཟླས་པས་མཆོད་ཡོན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། གཞན་ཡང་། རྫུ་འཕྲུལ་ཆེན་པོའི་ལྷའི་ཁྱད་པར་རྣམས་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱང་གསན་དུ་གསོལ། ཡང་དམ་ཚིག་གི་དཀྱིལ་འཁོར་འདིར་ཆོ་ག་ལས་འདས་པར་ཡང་རུང་སྟེ་གུས་པར་བྱེད་པ་དང་། གཞན་ཡང་། གང་ཅུང་ཟད་བདག་ཉིད་ཉམས་པར་བྱ་བ་དེ་དག་དགེ་བའི་རྩ་བ་འདིས་དཀྱིལ་འཁོར་ཐམས་ཅད་རབ་ཏུ་གནས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་ཡུལ་དང་མ་བྲལ་བར་ཐོབ་པར་གྱུར་ཅིག། མྱུར་དུ་བདེ་བ་དང་ལྡན་པ་ཐོབ་པར་གྱུར་ཅིག། དེ་སྐད་ཅེས་བརྗོད་པར་བྱའོ། །དཀྱིལ་འཁོར་དུ་རབ་ཏུ་ཞུགས་པའི་སེམས་ཅན་རྣམས་ཐམས་ཅད་ལ་མདོར་ན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་བར་བྱའོ། །སྦྱིན་པ་ལ་རབ་ཏུ་ཆགས་པ་དང་། བྱམས་པ་ལ་སོགས་པ་ལ་གནས་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པ་དང་། མདོར་ན་ལུང་དང་། རིག་པ་དང་། གསང་སྔགས་སངས་རྒྱས་དང་། བྱང་ཆུབ་སེམས་དཔས་གསུངས་པ་རྣམས་བལྟ་བར་བྱ། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་བར་བྱའོ་ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་རྣམས་ཐམས་ཅད་ལ་དྲི་བཟང་པོའི་མེ་ཏོག་གིས་མཆོད་ཡོན་ཕུལ་ནས་སམ། དེ་ནས་ཡིད་ཀྱིས་མཆོད་ཡོན་ཕུལ་ནས་རྩ་བའི་རིག་པ་བཟླས་པས་གཙྪ་གཙྪ་ཞེས་པ་དང་། སྭཱཧཱ་ཞེས་པ་ཁོ་ན་བཟླས་པས་ཕྱོགས་བཞིར་རྣམ་པར་བལྟས་ཏེ་བཅོམ་ལྡན་འདས་མའི་རྩ་བའི་ཕྱག་རྒྱ་བཅིངས་ནས་གྱེན་དུ་ངེས་པར་བལྟས་པས་གཤེགས་སུ་གསོལ་བར་བྱའོ་ཞེས་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་པ་རྫེས་ཀྱི་རྩ་བའི་ཆོ་ག་ལས་དཀྱིལ་འཁོར་གྱི་ཆོ་ག་རབ་འབྱམས་ཀྱི་ལེའུ་སྟེ་གཉིས་པ་རྫོགས་སོ། ། །།དེ་ནས་སེམས་དཔའ་ཆེན་པོ་དེ་སླར་ཡང་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་གཟིགས་ནས་ལྷའི་བུ་རྣམས་ཐམས་ཅད་ལ་སྨྲས་པར་གྱུར་ཏེ། ཁྱེད་རྣམས་ཉོན་ཅིག། མཆོག་གི་གྲུབ་པ་མཆོག་ཏུ་གསང་བ་སྒྲུབ་ཐབས་ཐམས་ཅད་ཀྱི་ཆོ་ག་རིག་པའི་ལས་ཐམས་ཅད་བྱེད་པ་དང་། རིག་པའི་ལས་བཟང་པོ་བྱེད་པ་ཆེན་པོ་ཉིད་དང་། དོན་ཆེན་པོ་བྱེད་པ། ཕུང་ཁྲོལ་ཐམས་ཅད་ཟློག་པར་བྱེད་པ། དོན་ཐམས་ཅད་སྒྲུབ་པར་བྱེད་པ། མཆོག་ཏུ་བཀྲ་ཤིས་པ་ཐམས་ཅད་ཀུན་ནས་བཀྲ་ཤིས་པ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། བདག་གི་མཆོག་ཏུ་གསང་བའི་སྙིང་པོ་ཡང་དག་པར་གྱུར་པ། ལས་ཕྲན་ཚེགས་ཐམས་ཅད་ལ་ཉེ་བར་སྦྱར་བར་བྱ་བ། རིག་པའི་རྒྱལ་མོ་ཆེན་མོའི་ལས་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་བྱེད་པའི་སྒྲོལ་མ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། གྲོགས་པོ་དག། འདི་ནི་འཕགས་མ་སྒྲོལ་མ་ལས་ཆེན་པོ་ཐམས་ཅད་བྱེད་པ་ལས་ཕྲན་ཚེགས་ཐམས་ཅད་བཀླགས་པས་གྲུབ་པ། མཆོག་ཏུ་གསང་བ་ཤིན་ཏུ་གསང་བ། མཆོག་ཏུ་གྲུབ་པ་གཞན་གྱིས་རབ་ཏུ་སྦྱར་བའི་ལས་ཐམས་ཅད་འཇིག་པ་བྱེད་པའི་རིག་པ་འདིའང་དཀྱིལ་འཁོར་གཉིས་པའི་ཆོ་ག་དང་། སྒྲུབ་ཐབས་སུ་གྱུར་ཏེ་འཕགས་མ་སྒྲོལ་མས་ལས་ཆེན་པོ་ཐམས་ཅད་མདོར་བསྡུས་པ་དང་། ལས་ཕྲན་ཚེགས་ཐམས་ཅད་ལའང་ཉེ་བར་སྦྱར་བར་བྱ་ཞིང་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་དང་། སྒྲུབ་ཐབས་རྣམས་ལའང་ངོ་། །ཉིན་མཚན་གང་དུའམ། དེར་ཡང་རུང་སྟེ་གཙང་མའི་ཕྱོགས་སུ་བྲི་བར་བྱའོ། །བདག་ཉིད་ཉེས་པ་མེད་པ་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་གཅིག་པུས་དང་པོ་རེ་ཞིག་གྲུ་བཞི་མཉམ་པ། སྒོ་བཞི་པ། ཁྲུ་བཞིའི་ཚད་དང་ལྡན་པའི་དཔུས་པདྨའི་ཕྱག་རྒྱ་དེའི་གཡས་སུ་ཨུཏྤ་ལ་སྔོན་པོ་དང་། དབྱུག་པའི་ཕྱག་རྒྱ་དང་། རིལ་བ་སྤྱི་བླུགས་ཀྱི་ཕྱག་རྒྱ། གཡོན་དུ་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་དང་། གོས་དཀར་མོའི་ཕྱག་རྒྱ་དང་། རྟ་མགྲིན་དང་། དཔལ་ཆེན་མོའི་ཕྱག་རྒྱའོ། །ཤར་སྒོར་པདྨ། བྱང་དུ་ཨུཏྤ་ལ། ལྷོ་རུ་རྡོ་རྗེ། ནུབ་ཏུ་འཇུག་པའི་རིམ་པ་ལས་འདས་པར་སྟེང་དུ་འཁྱིལ་བའི་རྣམ་པའི་ཞགས་པའི་ཕྱག་རྒྱའོ། །དེའི་འོག་ཏུ་ཕྱི་ནས་མེའི་བྱ་བ་བྱས་ནས་སྔར་བརྗོད་པའི་ཆོ་གས་མཆོད་ལ་ལ་སོགས་པ་བྱས་ཏེ་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ལ་རྒྱལ་སྲིད་འདོད་པས་ཧཏྤྱའི་ཤིང་དུའོ། །ལོངས་སྤྱོད་འདོད་པས་རང་གི་ཁྱིམ་གྱི་ལྷའོ། །རྟ་འདོད་པས་རྟའི་བྲེས་སུའོ། །གླང་པོ་ཆེ་འདོད་པས་གླང་པོ་ཆེའི་བྲེས་སུའོ། །བུ་འདོད་པས་བོ་དེ་ཙེའི་ཤིང་གི་དྲུང་དུའོ། །ཚངས་པའི་སྲིན་པོས་ཟིན་པ་ལ་ཚངས་པས་བསྐྱབས་པ་རུའོ། །ཀླུས་ཟིན་པ་ལ་ཀླུ་ཤིང་དང་ཉེ་བ་རུའོ། །མཁའ་འགྲོ་མས་ཟིན་པ་ལ་ལམ་བཞི་མདོ་རུའོ། །གནོད་སྦྱིན་གྱི་ཟིན་པ་ལ་པ་ཊའི་ཤིང་གི་དྲུང་དུའོ། །སྲུལ་པོས་ཟིན་པ་ལ་ཁྲོན་པའི་དྲུང་དུའོ། །གཞན་རྣམས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་གང་དུའང་དེ་རུའང་ཉེས་པ་མེད་དོ། །གྲོགས་པོ་དག། མདོར་བསྡུས་ན། རིག་པ་འདི་ནི་དཀྱིལ་འཁོར་དང་། ལས་ཐམས་ཅད་པ་སྟེ་ལས་ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱའོ། །གསང་ཆེན་འདི་དང་ལྷན་ཅིག་རབ་ཏུ་སྦྱར་པར་བྱ་སྟེ་དཀྱིལ་འཁོར་འདི་ནི་སེམས་ཅན་རྣམས་ལ་ཕན་པར་འདོད་པའི་འབྲས་བུས་ཡོད་པའོ། །ལོངས་སྤྱོད་ཐམས་ཅད་མ་ངོན་པར་འཕེལ་བར་བྱེད་པ་སྒྲོལ་མའི་དཀྱིལ་འཁོར་གྱི་རིག་པ་སྒྲུབ་པ་པོ་རྣམས་ལ་ཕན་པའི་དོན་གྱི་ཕྱིར་འབྱོར་པ་ཐམས་ཅད་མངོན་པར་འཕེལ་བར་བྱེད་པ་སྟེ་མདོར་ན་ཕྱི་མའི་ལུས་ཅན་འབྱུང་བར་འགྱུར་བ་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་པ་རབ་ཏུ་གྲགས་སོ། །དེ་ནས་དཀྱིལ་འཁོར་ཆེན་པོར་གྱུར་པ་གང་ཐོབ་ནས་དཔལ་མེད་པ་འཇོམས་བར་བྱེད་ཅིང་ཞི་བར་བྱེད། ནད་དང་། དགྲ་འཕྲོག་པ་དེ་ལྟ་བུའི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ཀྱི་གཟི་བརྗིད་དང་། སྟོབས་སྒྲུབ་པར་བྱེད་པ་མཐོང་ཞིང་ཐོས་ནས་དེ་ནས་ཆོ་ག་ལ་རབ་ཏུ་དང་བ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་རྣམས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཏུ་བདག་གིས་ལུང་སྟོན་པར་ཐེ་ཚོམ་མེད་དོ། །གང་ཡང་མ་འོངས་པའི་སངས་རྒྱས་འབྱུང་བར་འགྱུར་རོ། ། འཇིག་རྟེན་གྱི་འདྲེན་པ་དེ་རྣམས་ཀྱི་རྗེས་སུ་ཡི་རང་བར་འགྱུར་རོ། །ས་སྟེང་དཀྱིལ་འཁོར་སྨྲ་བ་ནི། །ཞི་བའི་ལས་རྣམས་ཐམས་ཅད་བྱེད། །བཀྲེན་པ་རྣམས་ཀྱིས་ཕན་པ་ཐོབ། །སེམས་ཅན་མགོན་མེད་སྡུག་བསྔལ་ཅན། །རྣམས་ཀྱིས་དཀྱིལ་འཁོར་རབ་སྦྱར་བྱ། །ིནྡྲ་ནཱི་ལ་སོགས་ཕྱེ་མས། །དཀྱིལ་འཁོར་ཡང་དག་ཀུན་ཏུ་བྲི། །ིནྡྲ་ནཱི་ལ་སོགས་མེད་ན། །སཱ་ལུའི་ཕྱེ་མས་ཡང་དག་བྲི། སཱ་ལུའི་ཕྱེ་མ་སོགས་མེད་ན། །སོ་ཕག་ཕྱེ་མ་སོགས་ཀྱིས་བྲི། །སོ་ཕག་ཕྱེ་མ་སོགས་མེད་ན། །བྱེ་མ་རྣམས་ཀྱིས་ཡང་དག་བྲི། །དེ་ལྟར་ཡོན་ཏན་ཀུན་བསྡུས་པའི། །སྒྲོལ་མའི་དཀྱིལ་འཁོར་རྨད་བྱུང་བ། །འཇིག་རྟེན་མགོན་པོའི་ཡང་དག་བཀའ། །བྱང་ཆུབ་སེམས་དཔས་གསུངས་པ་ཡིན། །ཞེས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་ཐེག་པ་ཆེན་པོའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་ཆོ་ག་ལས། སྒྲུབ་ཐབས་ཀྱི་ཆོ་ག་དང་། དཀྱིལ་འཁོར་གྱི་ཆོ་ག་རབ་འབྱམས་ཀྱི་ལེའུ་སྟེ་གསུམ་པ་རྫོགས་སོ།། །། དེ་ནས་སེམས་དཔའ་ཆེན་པོས་སླར་ཡང་དཀྱིལ་འཁོར་ཆེན་པོ་དེ་ལ་ཀུན་ཏུ་གཟིགས་ནས་དངོས་པོ་མེད་པའི་རང་བཞིན་ཡང་དག་པར་འཕྲུལ་པ་དགོངས་ནས་བཅོམ་ལྡན་འདས་མ་རིག་པའི་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཤིང་མངོན་པར་ཡི་རང་བར་གྱུར་ཏོ། །མཆོག་གི་སྒྲུབ་པའི་ཆོ་ག་རས་རིས་ཀྱི་ཆོ་ག་གསུངས་སོ། །དང་པོ་རེ་ཞིག་དགེ་བའི་ཉི་མ་ལ་དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་བླངས་ནས་བྲམ་ཟེའི་བུ་མོའི་ལག་པས་དེའི་རྒྱུན་དུ་གཞུག་པར་བྱའོ། །དེ་ནས་རས་བལ་དེ་ལ་ལྷག་པར་གནས་པར་བྱ་སྟེ་རྩ་བའི་རིག་པ་དཔའ་བོའི་རིན་གྱིས་ཉོས་པའི་དོག་པ་བླངས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལྷག་པར་གནས་པར་མཛོད་ཅིག་།བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལེགས་པར་འཚོ་ཞིང་བདག་གི་སྐྱེ་བ་འབྲས་བུ་ཡོད་པ་དང་། སྔགས་ཀྱི་དངོས་གྲུབ་ལྷག་པར་གནས་པར་མཛོད་ཅིག། དེའི་དུས་སུ་རྔ་པ་ཊ་ཧ་དང་། རྔ་བོ་ཆེ་དང་། དུང་དང་། པི་ཝང་དང་། གླིང་པུ་དང་། འཁར་རྔ་དང་། རྔ་མུར་ཛའི་སྒྲ་ཐོས་པར་གྱུར་པའམ། རྒྱལ་རིགས་སམ། རྒྱལ་རིགས་མོའམ། བུད་མེད་དམ། ཁྱེའུ་འམ། བུ་མོའམ། མི་རྣམས་གློ་བུར་དུ། འདི་སྐད་ཅེས། རྒྱལ་དང་། གྲུབ་པ་དང་། དངོས་གྲུབ་སྦྱིན་པ་དང་། བྱིན་པ་དང་། ཟུང་ཤིག་དང་། དཔལ་དང་། འབྲས་བུ་དང་བཅས་པ་དང་། ལས་ཀྱི་འཁོར་ལོ་དང་། མང་པོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་གཞན་ཡང་དགེ་བའི་སྒྲ་རབ་ཏུ་འདོན་པ་དང་། དྲིལ་བུའི་སྒྲ་བྱུང་བ་དང་། དགའ་བའི་སྒྲའང་རུང་སྟེ་དེ་རྣམས་རིག་པ་འཛིན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། །གཞན་དུ་དངོས་གྲུབ་འབྲས་བུ་མེད་དོ་ཞེས་པས་སོ། །དེའི་དུས་སུ་དེ་རྣམས་མ་རུངས་པའི་སྒྲ་འབྱིན་པའམ། ཟུངས་ཤིག། ཟོ་ཞིག། འཛིན་དུ་ཆུག་ཅིག། ཉམས་པ་རྣམ་པར་བརླག་པ། ཀྱི་ཧུད། རིང་བ། མེད་པ། དེ་ལྟ་བུ་ལ་སོགས་པའི་སྒྲ་འབྱིན་པར་བྱེད་པ་དང་། མི་དང་། མ་ཧེ་དང་། ལྕེ་སྤྱང་དང་། བོང་བུ་དང་། བྱི་ལ་དང་། དུད་འགྲོ་དམན་པ་རྐང་གཉིས་པ། རྐང་བཞི་པ་རྣམས་ཀྱི་སྒྲ་འདོན་པར་གྱུར་ན་དེ་ལ་སྒྲུབ་པ་པོས་། བདག་གི་དངོས་གྲུབ་མེད་དོ་ཞེས་ཤེས་པར་བྱ་ཞིང་སྐྱེ་བ་འདི་ཉིད་ལ་ཀུན་ཏུ་བརྟུལ་བར་བྱའོ། །སླར་ཡང་སྔ་མ་བཞིན་དུ་བྱས་ནས་བརྩམས་པར་བྱ་སྟེ་དེ་ལྟ་བུ་ལན་བདུན་གྱིས་མཚམས་མེད་པ་ལྔ་བྱེད་པའང་བདུན་པའི་ལས་ཀྱི་སྦྱོར་བས་འགྲུབ་པར་འགྱུར་རོ་ཞེས་སོ། །དེ་ནས་སྒྲུབ་པ་པོས་གཞོན་ནུ་མ་དེ་ལ་སྲུང་བ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ཏུ་བཅུག་སྟེ་ཤར་དུ་མངོན་པར་ཕྱོགས་པའམ། བྱང་དུ་མངོན་པར་ཕྱོགས་པར་བཞག་ནས་བདག་ཉིད་ཙཱ་རུའི་སྟོན་མོ་བཟའ་ཞིང་གཞོན་ནུ་མ་དེ་ལའང་ཙཱ་རུའི་སྟོན་མོ་བཟར་གཞུག་པར་བྱའོ། །སྔ་མ་ཁོ་ནར་ཡོངས་སུ་བརྟགས་པའི་ཀུ་ཤའི་ཁྲེས་ལ་ཆོ་ག་དེ་ཉིད་ཀྱི་རས་བལ་འཁལ་དུ་གཞུག་པར་བྱའོ། །དོག་པ་དེ་འཇམ་པ་དང་། ལེགས་པར་བསྒྲིམས་པ་སྔར་བསླབས་པའི་བུ་མོས་ཡང་དག་པར་བླངས་ཏེ་གཅིག་དང་། གསུམ་དང་། ལྔ་དང་། བརྒྱད་ལ་སོགས་པ་ནས་ཇི་སྲིད་བཅུ་དྲུག་ཙམ་གྱི་བར་དུ་ཀཱཪྵའི་སྲང་གྲངས་ལེགས་པར་བགྲངས་པ་དང་ལྡན་པའི་གཞོན་ནུ་མས་བྱའོ། །དེ་ལ་རབ་ནི་བཅུ་དྲུག་བྱ། །དེ་བཞིན་འབྲིང་ནི་བརྒྱད་པ་སྟེ། །ཕྲན་ཚེགས་ལས་རྣམས་སྒྲུབ་པ་ལ། །ལྔ་དང་གཅིག་ནི་ཐ་མ་འོ། །སྔགས་རྣམས་ཀུན་ལ་སྔགས་རིག་པས། །ཇི་ལྟར་ནུས་པ་བཞིན་དུ་བྱ། །དེ་ནས་བརྩམས་ཏེ་གང་ཅུང་ཟད། །སྡིག་པའི་ལས་རྣམས་སྔོན་བྱས་པ། །དོག་པ་ལ་དམིགས་སེམས་ཀྱིས་ནི། །དེ་ཡི་སྐད་ཅིག་ཉིད་ལ་འཇིག་། དོག་པ་འདི་ནི་བླངས་ནས་སུ། །གཙང་མའི་སྣོད་དུ་གཞུག་པར་བྱ། །ཕྱོགས་སུ་གྱུར་པར་བཞག་བྱས་ནས། །ག་པུར་གྱི་ནི་བདུག་པས་བདུག་།སྲོག་ཆགས་ཡན་ལག་མིན་འབྱུང་བའམ། །གུར་གུམ་ཙནྡན་ལ་སོགས་སམ། །ཙམ་པ་ཀ་སོགས་མཱ་ལི་ཀ། །དྲི་ཞིམ་མེ་ཏོག་རྣམས་ཀྱིས་བགོས། །གཙང་མའི་ཕྱོགས་སུ་བཞག་ནས་ནི། །སྲུང་བའི་ཆོ་ག་བྱས་ནས་ནི། །སྔགས་རིག་ལས་ཀུན་ཤེས་པ་ཡིས། །ཤིན་ཏུ་མཉམ་བཞག་བཟླས་པར་བྱ། །དེ་ནས་ཐག་པར་སོང་ནས། །ཇི་ལྟར་འདོད་པའི་གླ་བྱིན་ཏེ། །ཡན་ལག་བྲལ་མིན་སྐེམས་མིན་ཉིད། །དཀར་པོའི་ཆོས་ལ་རྟག་ཏུ་དགའ། །ནད་ཀྱིས་གདུངས་མིན་རྒན་པོ་མིན། །ལུང་པ་དབུགས་མི་བདེ་ལས་གྲོལ། །མ་ནིང་མཚན་གཉིས་མིན་པ་དང་། །དེ་ནི་དམན་པ་མིན་ཉིད་དང་། །ངན་པར་ལྟུང་བ་སྤངས་པ་ན། །ཀུན་ནས་མཚན་ཉིད་ཡང་དག་ལྡན། །རབ་བསྔགས་ལྟ་ན་སྡུག་པ་དང་། །བློ་ཡིས་ཀུན་ཏུ་སྤྱོད་པ་དགེ་།འཇིག་རྟེན་པ་ཡི་འཇུག་པ་བརྟེན། །དངོས་གྲུབ་འདོད་པ་དེ་ལ་ནི། །རས་མཆོག་འཐག་པ་བྱེད་པ་ལ། །རབ་བསྔགས་དགེ་བའི་སྟོབས་ལྡན་ནམ། །བློ་ལྡན་པ་ཟོ་ནི་ཤིན་ཏུ་མཁས། །ཤིན་ཏུ་མཁས་པར་མཆོག་གྱུར་པའི། །རས་ནི་འཐག་བྱེད་མཆོག་གི་ནི། །རས་ཀྱི་རབ་ལ་བྱ་བ་ཡིན། །འབྲིང་ལ་འབྲིང་པོ་སྒྲུབ་པར་བྱེད། །ཐམས་ཕྲན་ཚེགས་ལས་རྣམས་ནི། །དམན་པ་ཉིད་ནི་ཀུན་ལས་སོ། །བཟོ་བོས་ཇི་ལྟར་སྨྲ་བ་བཞིན། ། དེ་ལས་གྲུ་ནི་ཇི་བཞིན་སྤྱིན། །བཟོ་བོ་ཡི་ནི་དང་པོའི་ངག། སྨྲས་པ་དེ་ལས་སྔགས་རིག་པས། །མྱུར་དུ་རིན་ནི་སྦྱིན་པར་གྱིས། །དཔའ་བོའི་ཚོང་ཞེས་དེ་ལ་བརྗོད། །དོན་དུ་གཉེར་བ་ཉིད་དང་དེའི། །རིན་གྱི་དངོས་པོ་ཟློག་པར་བྱེད། །མྱུར་དུ་དངོས་གྲུབ་བྱེད་གང་འདིའི། །རས་ནི་བླ་ན་མེད་པའི་མཆོག། ལས་རྣམས་ཤིན་ཏུ་མཆོད་པར་འོས། །ལྷ་དང་མི་ཡི་བདེ་ཉིད་དང་། །འབྱུང་པོ་ཀུན་གྱི་དཔལ་ཡིན་ཞེས། །ཡང་དག་རྫོགས་སངས་རྒྱས་ཀྱིས་གསུངས། །དེ་ནས་རིག་པ་འཛིན་པས་ཐ་ག་པ་ལ་གསོ་སྦྱོང་བྱིན་ནས་ཤིན་ཏུ་དག་པའི་རྒྱུ་སྐར་ལའམ། ཆོ་འཕྲུལ་གྱི་ཟླ་ཕྱེད་ལའམ། དཀར་པོའི་ཉི་མའམ། དཀར་པོའི་གཟའ་ངེས་པར་བལྟས་ཏེ་དཀར་པོའི་ཟླ་ཕྱེད་གཞན་ལའང་རུང་སྟེ་ཤིང་ས་ཧ་ཀཱ་རིའི་སྙེ་མ་དང་། མེ་ཏོག་སྐྱེས་ཤིང་ཤིང་གི་མེ་ཏོག་དང་། ཡལ་ག་རྒྱས་ཤིང་དཔྱིད་ཀའི་དུས། དུས་ཀྱི་མཆོག་དེར་སྔ་དྲོ་ཉི་མ་འཆར་བའི་ཚེ་སྔར་བསྟན་པའི་རྒྱུ་མཐུན་དང་བཅས་པས་ཐ་ག་པ་ཙཱ་རུའི་བཟའ་བཟོས་ཤིང་གོས་དཀར་པོ་གྱོན་པ། མགོ་ལ་གཙུག་ཏོར་བཅིངས་ནས་ལེགས་པར་བཀྲུས་པ། ཙནྡན་དཀར་པོ་དང་། གུར་གུམ་དག་གང་ཡང་རུང་བས་ལེགས་པར་བྱུགས་པ། ལུས་ལ་རྗེས་སུ་བྱུགས་པ། ག་བུར་གྱི་དྲིས་ཁ་བསྒོས་པ། ཡིད་དགའ་ཞིང་བཀྲེས་པ་དང་། སྐོམ་པ་དང་བྲལ་བར་བྱས་ནས་ཐགས་ཀྱི་སྣས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱང་ས་དང་། བ་ལང་གི་ལྕི་བ་དག་གིས་བཀྲུས་ཏེ་གསར་པ་རྣམས་ཀྱང་སླར་ཡང་བའི་རྣམ་ལྔས་བཀྲུ་བར་བྱའོ། །དེ་ནས་སྲོག་ཆགས་མེད་པའི་ཆུས་བཀྲུ་བར་བྱའོ། །ཙནྡན་དཀར་པོ་དང་། གུར་གུམ་གྱིས་མངོན་པར་གཏོར་བར་བྱའོ། །སའི་ཕྱོགས་གཙང་མ་ཅ་ཅོ་དང་བྲལ་ཞིང་ལྗོངས་ཀྱི་མི་དང་བྲལ་བ་རྣམ་པར་དབེན་པའི་གནས་བླ་གབ་དང་བཅས་ཤིང་གསང་བར་མེ་ཏོག་དང་། བདུག་པ་ལ་སོགས་པས་མཆོད་དོ། །དེ་ནས་རྗེས་སུ་སྒྲུབ་པ་པོས་ཡང་དག་པར་སྦྱོང་བར་བྱེད་པའི་སྔགས་ཉིད་ཡུངས་ཀར་དཀར་པོ་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པར་བྱས་ནས་ཕྱོགས་བཞི་རྣམས་དང་། སྟེང་དང་། འོག་དང་། ཕྱོགས་བྲལ་རྣམས་སུ་གཏོར་བར་བྱའོ། །དེ་ནས་ཐ་ག་པ་ལ་ཡུངས་ཀར་གྱིས་ཡང་དག་པར་བསྣུན་ནས་ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་པ་བཅིངས་ཏེ་གཙུག་ཏོར་བཅིང་བ་བྱས་ན་སྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །གལ་ཏེ་རས་རབ་ཡིན་ན་ཞེང་དུ་ཁྲུ་བཞི་མཆུར་ཁྲུ་བརྒྱད་ཀྱི་ཚད་འདི་ཙམ་དུ་ཐ་ག་པས་བྲན་པར་བྱའོ། །འབྲིང་པོར་གྱུར་ན་ཞེང་དུ་ཁྲུ་དོ་མཆུར་ཁྲུ་ལྔ་ཉིད་དོ། །ཐ་མ་ནི་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ལ་མཆུར་ནི་སངས་རྒྱས་ཀྱི་ཁྲུ་གང་ཉིད་དོ། །དེ་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐོ་གང་ནི་ཡུལ་དབུས་ཀྱི་སྐྱེས་བུ་ཚད་དང་ལྡན་པའི་ཁྲུ་གཅིག་སྟེ་འདི་ནི་བདེ་བར་གཤེགས་པའི་མཐོའོ་ཞེས་བསྒྲགས་ཏེ་ཚད་འདིས་ཚད་ཀུན་ཏུ་བཤད་དོ། །འདི་ནི་ཕུར་པའི་དངོས་གྲུབ་ཏུ། །སྐྱེས་བུ་མཆོག་གིས་གསུངས་པ་ཡིན། །ཐུབ་པ་མི་སྣང་གྱུར་འོག་ཏུ། །རྒྱལ་སྲིད་འདོད་ལ་འབྲིང་པོ་སྟེ། །ལོངས་སྤྱོད་ཆེན་པོ་དོན་གཉེར་བའི། །སྐྱེས་བུ་ལྷ་དང་ལྷ་མིན་དང་། །གདེངས་ཅན་ཐ་མ་གྲུབ་པར་བཤད། །འབྲིང་ལ་དངོས་གྲུབ་འབྲིང་པོའོ། །རས་འབྲིང་པོ་ནི་རྟག་པ་རུ། ། སེམས་ཅན་ཀུན་གྱི་ལས་རྣམས་སྒྲུབ། །ཕྲན་ཚེགས་ལས་རྣམས་བསྒྲུབ་བྱ་ལ། །རས་ཐ་མ་ནི་རྟག་པ་རུ། །ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད། །རྫས་རྣམས་ཀུན་ལ་རྟག་ཏུ་ནི། །ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད། །རས་རིས་གསུམ་གྱིས་ངེས་བསྟན་པའི། །དངོས་གྲུབ་དཔལ་དོན་གཉེར་བའི་མི། །བརྒྱ་བྱིན་བདེ་སོགས་བདག་པོ་ཡང་། །ཆོ་ག་ཉམས་ན་མི་འགྲུབ་སྟེ། །ཆོ་ག་ཡང་དག་ལྡན་གྱུར་ན། །མི་ཡི་སྐྱེ་བོ་ཕལ་པ་ལའང་། །འབད་པ་ཡིས་ནི་ལས་རྣམས་ཀུན། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །རྒྱལ་དང་རྒྱལ་མཆོག་སྲས་རྣམས་ཀྱིས། །སྦྱོར་བ་འདི་དག་ཡང་དག་བཤད། །སེམས་ཅན་བཀྲེན་པ་མགོན་མེད་པ། །སྡུག་བསྔལ་གྱིས་གདུངས་ཀུན་གྱི་དཔལ། །བྱང་ཆུབ་ལམ་དུ་གང་འདི་ནི། །དེ་ཉིད་གཟིགས་པ་རྣམས་ཀྱིས་བསྟན། །ཆོས་འདི་བྱང་ཆུབ་རྒྱུ་ཡིན་པར། །སྔགས་ཀྱི་ལམ་གྱིས་བསྟན་པ་ཡིན། །དཀྱིལ་འཁོར་ཡང་དག་བསྟན་པ་གང་། །འཇིག་རྟེན་དཀྱིལ་འཁོར་ཐམས་ཅད་དང་། །འཇིག་རྟེན་འདས་པའང་འགྲུབ་འགྱུར་ཏེ། །འབད་པ་མེད་པར་སྔགས་རྣམས་འགྲུབ། །གང་ཞིག་བྱང་ཆུབ་རྒྱུར་འདོད་པ། །དེ་ལ་རྟག་ཏུ་དངོས་གྲུབ་འགྱུར། །རྟག་ཏུ་འགྲོ་ལ་མི་ཕན་པ། །གཞན་ལ་དངོས་གྲུབ་མེད་པར་གསུངས། །བྱང་ཆུབ་ཆེད་དུ་འཇུག་ཀུན་ལ། །རས་རིས་ཐམས་ཅད་འགྲུབ་པར་གསུངས། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་།དམ་ཚིག་འདི་ནི་ཁྱད་པར་དུ། །མྱུར་དུ་བྱ་བའི་དོན་བསྒྲུབ་ཕྱིར། །འདིར་ནི་མཐའ་དག་ཐོབ་པ་རུ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན། །དེ་ནས་རིམ་གྱས་བཟོ་བོ་ཡིས། །འབད་པས་རས་ནི་བཏགས་པར་བྱ། །ཉིན་ཞག་ལྔ་དང་བརྒྱད་རྣམས་དང་། །བཅུ་དྲུག་གཉིས་ཀ་བཞི་དག་དང་། །ཉིན་མཚན་ཉིད་ཀྱིས་མྱུར་བ་རུ། །རས་ནི་འཐག་པ་རྫོགས་པ་དང་། །བཟོ་བོ་མཆོག་ཏུ་གྲུབ་པ་ནི། ། ཉིན་མཚན་གྱིས་ནི་དགེ་བ་ཡིན། །གཙང་སྦྲའི་སྤྱོད་པ་ཕུན་སུམ་ཚོགས། །བཟོ་བོ་རྟག་ཏུ་བྱིན་བརླབས་པ། །ཐག་རིང་གནས་སུ་སོང་ནས་ནི། །བཤད་དང་གཅི་བ་ཡོངས་སུ་དོར། ། འོངས་པའི་གོས་དང་བཅས་བཀྲུས་ནས། །གཞན་པའི་གོས་གཞན་བགོ་བྱ་ཞིང་། །གོས་དཀར་འཆང་ཞིང་ཕྲེང་བར་ལྡན། །ཡང་དང་ཡང་དུ་ཉེ་རེག་བྱ། །ལུས་ལ་ཙནྡན་དཀར་པོས་བྱུག་། བཟོ་ལ་སོགས་པ་གཙང་བར་བྱ། །རྟག་ཏུ་འཇམ་ཞིང་ལེགས་སྦྱངས་པས། །སླར་ཡང་འབད་པས་བཏག་པར་བྱ། །དེ་ལ་སོགས་པའི་རབ་སྦྱོར་ནི། །རྒྱལ་བ་གཞན་གྱིས་གསུངས་པའམ། འབད་པས་རྣམ་དཔྱད་ངང་ཚུལ་གྱིས། །རས་ནི་མ་ལུས་བཏགས་པར་བྱ། །རས་ཀྱི་ཐགས་ནི་རྫོགས་པ་དང་། །སྔར་གྱི་ལས་ཀྱིས་ལེགས་སྤྲུལ་པ། །དེ་རྣམས་ཚད་ལྡན་མ་ཉམས་པ། ། བྱའོ་བཟང་པོའི་ཉིན་ཞག་ལ། །རྒྱུད་དང་རྒྱུད་དུ་མཉམ་པར་འཇུག་།དཀར་པོའི་ཕྱོགས་ཀྱི་མཛེས་པ་ལ། །འོད་མའི་ཤིང་ནི་ཁྲུ་བཞི་ལ། །རས་ནི་བླངས་ནས་དེ་ནས་འགྲོ། ནོར་ནི་རྒྱ་ཆེར་འགོད་པ་ཡིས། །བཟོ་བོ་བདེ་ལེགས་བྱས་ནས་ནི། །བརྟུལ་ཞུགས་བཟང་པོ་ལེགས་སྤྱོད་པའི། །སྔགས་པ་ཇི་ལྟར་འདོད་སོང་ནས། །དྲི་ཞིམ་མེ་ཏོག་གིས་མཆོད་དོ། །གཙང་བའི་ཕྱོགས་སུ་རྣམ་པར་དགོད། །འདི་ཉིད་ཀྱིས་ནི་སྔགས་ཀྱིས་ནི། །སྲུང་བའི་ཆོ་ག་རབ་ཏུ་བྱེད། །གང་ཞིག་རས་བལ་སྔོན་དུ་ནི། །སླར་ཡང་རྣམ་མང་ཡོངས་སྦྱངས་པ། །དེ་ཉིད་ཀྱིས་ནི་བདག་ཉིད་དང་། །རས་ཉིད་བསྲུང་པར་བྱ་བའོ། །བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ། །སྔགས་བཟླས་པ་ཡིས་གསུངས་པ་ཡིན། །སངས་རྒྱས་རྣམས་ནི་མང་པོས་དང་། །ངས་ཀྱང་དེ་ནི་སླར་ཡང་སྟེ། །དེ་ཉིད་གསང་སྔགས་ཐམས་ཅད་ཀྱིས། །རྣམ་པར་སྤྱོད་པའི་སྔགས་ཀྱི་གཟུགས། །བརྩོན་འགྲུས་ཆེན་པོ་གཟི་བརྗིད་ཆེ། །སྔགས་ཀྱི་དོན་ཀུན་སྒྲུབ་པ་པོ། །སྣ་ཚོགས་སྐྱོབ་པའི་རྒྱུ་རྣམས་ནི། །རྣམ་པ་སྣ་ཚོགས་བྱེད་པར་འགྱུར། །འཛམ་གླིང་གནས་པའི་སེམས་ཅན་རྣམས། །སེམས་ཀྱི་སྤྱོད་པ་ཀུན་ཏུ་རྨོངས། །དད་པ་མེད་ཅིང་ཕྱིན་ཅི་ལོག། ལོག་པའི་ཀུན་སྤྱོད་ལ་རབ་བརྐམ། །སྔགས་རྣམས་སྒྲུབ་པར་མི་བྱེད་པའི། །དེ་ཉིད་ཕྱིར་ན་སླར་གསུངས་པ། །འཁོར་བ་མུན་པའི་བཙོན་རར་འཁྱམས། །གང་ཡང་རྟག་ཏུ་ཡིད་དག་ཅིང་། །དད་ལྡན་ལྟད་མོ་བཀྲ་ཤིས་དང་། །སྔགས་རྣམས་ཀུན་ལ་རྟག་ཏུ་སྤྱོད། །བདག་ཉིད་ཆེན་པོ་དངོས་གྲུབ་འདོད། །རྟག་ཏུ་འཛིན་ཅིང་འཆང་བ་དང་། །སྤྲོ་བ་ཆེ་ཞིང་གཟི་བརྗིད་ཆེ། །རྒྱལ་བས་གསུངས་པའི་སྔགས་རྣམས་གང་། །འབད་པ་མེད་པར་ཡང་དག་འགྲུབ། །དད་པ་མེད་པའི་སྐྱེ་བོ་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་ཚྭ་སྒོར་བཏབ་པ་ལ། །མྱུ་གུ་མེད་ཅིང་འབྲས་མེད་བཞིན། །དད་བ་རྟག་ཏུ་ཆོས་ཀྱི་རྩར། །དོན་ཀུན་གཟིགས་པས་གསུངས་པ་ཡིན། །ཆོས་དོན་ངང་ཚུལ་ཅན་དེ་རྣམས། །སྔགས་ཀྱིས་དངོས་གྲུབ་རྟག་ཏུ་བརྗོད། །དེ་ནས་སྒྲུབ་པོས་བཟོ་བོ་ནི། །རི་མོ་མཁན་ནམ་བདག་ཀྱང་རུང་། །རི་མོ་མཁས་པས་མ་འདྲེས་པའི། །ཚོན་རྩི་ཁ་དོག་གསལ་བ་དང་། །ཁ་དོག་ཅན་གྱི་ཚོན་བླངས་ནས། །ཇི་ལྟར་ཐག་པ་ལ་ནི། །སྔར་ནི་ཆོ་ག་དེ་ཉིད་ཀྱིས། །མཚན་ཉིད་ཡང་དག་ལྡན་པ་ཡིས། །རི་མོ་མཁན་ལ་གོང་བཞིན་དུ། །རྒྱས་པ་རུ་ནི་བྱ་བའོ། །ཇི་ལྟར་སྔར་བཞིན་ཐ་ག་པའི། ། ཆོ་ག་དེ་ཉིད་ཀྱིས་ནི་དེ། །རས་ལ་རི་མོ་བྲི་བར་བྱ། །ཡང་ན་རང་གི་རི་མོར་བྲི། །ག་པུར་གུར་གུམ་ཙནྡན་ལས། །སོ་ཕག་ཚོན་ལ་བསྒོ་བར་བྱ། །བདུག་པ་བསྲེགས་ཤིང་སྔགས་ཉིད་ཀྱིས། །ལན་གྲངས་བརྒྱ་རྩ་བརྒྱད་བཟླས་ནས། །ན་ག་གེ་སར་པུནྣཱ་ག། །བ་ཀུ་ལ་དང་ཙམ་པ་ཀཱ། །བཱ་རི་ཥི་ཀ་དྷཱ་ནུ་སྐུ། །མཱ་ལི་ཏ་ཡི་མེ་ཏོག་སོགས། །རས་དེ་ལ་ནི་མངོན་པར་གཏོར། ། ཤར་དུ་མངོན་ཕྱོགས་ཀུ་ཤ་ཡི། །ཁྲེས་ལ་ཉེར་འདུག་དང་བའི་བློས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །སེམས་དཔར་གྱུར་པས་འདི་ཕྲ་མོ། ལག་པས་བླངས་ནས་མ་འཁྲུགས་པའི། །སེམས་ཀྱིས་རས་ལ་རི་མོ་བྲི། །དང་པོ་རེ་ཞིག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བྲི་བར་བྱ་སྟེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཉེ་བར་མཛེས་པའི་སྐུ། རིན་པོ་ཆེའི་པདྨ་ལ་བཞུགས་པ། ཀུན་ནས་འོད་འབར་བ། ཀུན་ནས་འོད་འདོམ་གང་གིས་ཉེ་བར་མཛེས་པའི་སྐུ། ཆོས་སྟོན་པར་མཛད་བཞིན་པ། རབ་ཏུ་དང་བའི་སྐུ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། དབུས་ན་གནས་པའི་པདྨའི་བཻ་ཌཱུཪྻའི་སྡོང་པོ་ཅན། འོག་ན་ཀླུའི་རྒྱལ་པོ་སྲབ་གདན་ཆེན་པོ་པདྨའི་སྡོང་བུ་དེ་ལ་འཛིན་བཞིན་པས་དེ་བཞིན་གཤེགས་པ་ལ་ལྟ་ཞིང་ལག་པ་གཡས་པས་ཕྱག་འཚལ་བ། དཀར་པོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལུས་ཕྱེད་མིའི་རྣམ་པ་ཅན་གྱི་དགའ་བོ་དང་། ཉེ་དགའ་བོ་བྲི་བར་བྱའོ། །པདྨའི་མཚོ་དེའི་ཁོར་ཡུག་ཏུ་པདྨའི་འདབ་མ་དང་། མེ་ཏོག་དང་། ཅུང་ཟད་ཁ་བྱེ་བ་དང་། རྣམ་པར་ཁ་བྱེ་བ་དང་། ཆུ་ལས་སྐྱེས་པའི་བྱ་དང་། ཉ་ལ་སོགས་པས་མངོན་པར་ཁྱབ་པ། མ་ལུས་པར་བཀོད་པ་མཛེས་པའི་རྣམ་པར་མངོན་པར་བྲི་བར་བྱའོ། །གང་བཅོམ་ལྡན་འདས་ཀྱི་རྩ་བའི་པདྨའི་སྡོང་བུ་དང་། འདབ་མ་དེ་ཉིད་ལ་རྣམ་པར་འཕྲོས་པའི་པདྨའི་མེ་ཏོག་དུ་མ་རྣམས་རིམ་གྱིས་མཐོ་བའོ། །གཡོན་གྱི་གཞོགས་སུ་པདྨའི་མེ་ཏོག་བརྒྱད་དེ། དེ་རྣམས་ལའང་པདྨ་རྣམས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ཀྱི་སྐུ་མངོན་པར་བྲི་བར་བྱའོ། །དང་པོ་རེ་ཞིག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨའི་ཟེ་བ་ལྟར་ཅུང་ཟད་དཀར་བའི་གུར་གུམ་དང་། གསེར་གྱི་མདོག་ཅན། འོད་དཔག་ཏུ་མེད་པའི་ཅོད་པན་གྱིས་དབུ་ལ་རྣམ་པར་བརྒྱན་པ། ཕྱག་ན་ཨུཏྤ་ལ་སྔོན་པོ་འཛིན་པ། གཡས་ཀྱི་ཕྱག་གིས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་བྱེད་བཞིན་པ། སྐུ་མཛེས་པ་དེ་བཞིན་གཤེགས་པ་ལྟ་བ། ཞི་བའི་རྣམ་པ། བཞིན་ཅུང་ཟད་འཛུམ་པ། ཀུན་ནས་འབར་བས་འཁྲིགས་པས་དཀྱིལ་འཁོར་གྱི་དབུས་སུ་གནས་པའོ། །པདྨ་གཞན་ལ་ནི་འཕགས་པ་ཟླ་འོད་གཞོན་ནུ། དེ་བཞིན་དུ་མངོན་པར་བྲི་བར་བྱའོ། །གསུམ་པ་ལ་ནོར་བཟང་པོ། བཞི་པ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ལྔ་པ་ལ་ནམ་མཁའ་མཛོད་དོ། །དྲུག་པ་ལ་སའི་སྙིང་པོའོ། །བདུན་པ་ལ་འཇམ་དཔལ་ལོ། ། བརྒྱད་པ་ལ་སྤྱན་བཟང་སྟེ། འདི་དག་ཐམས་ཅད་གཞོན་ནུའི་ཆ་བྱད་ཅན། གཞོན་ནུ་རྒྱན་གྱིས་མངོན་པར་བརྒྱན་པ་མངོན་པར་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཀྱི་གཞོགས་སུ། བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ལ་བྱམས་པ་མ་གཏོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་སྟེ་བཅོམ་ལྡན་འདས་ཀྱི་ཉེ་ལོགས་སུ་འཕགས་པ་བྱམས་པ་ཚངས་པར་སྦྱོད་པའི་ཆ་བྱད་འཛིན་པ། དབུ་ལ་རལ་པའི་ཅོད་པན་བཅིངས་པ། གསེར་མདོག་དུར་སྨྲིག་དམར་པོ་གསོལ་པ། དར་ལ་དམར་པོའི་སྟོད་གཡོགས་བྱས་པ། ཚོམ་བུ་གསུམ་གྱི་མཚན་མ་བྱས་པ། གཟུགས་མཛེས་པ་དབྱིག་པ་དང་། རིལ་བ་སྤྱི་བླུགས་གཡོན་གྱི་ཕྱག་དུ་བཀོད་པ། ཀྲིཥྞ་སཱ་རའི་པགས་པ་ཕྲག་པ་གཡོན་དུ་བགོས་པ། ཕྱག་གཡས་པ་བགྲང་ཕྲེང་བཟུང་ནས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་བྱེད་བཞིན་པ། དེར་གཏོད་པའི་བལྟ་བ། བསམ་གཏན་ལ་དམིགས་པའི་སེམས་ཀྱི་སྤྱོད་པ་ཅན་ནོ། །པདྨ་གཉིས་པ་ལ་འཕགས་པ་ཀུན་ཏུ་བཟང་པོ་པྲི་ཡང་ཀུ་ལྟར་སྔོ་བསངས་ཀྱི་མདོག། སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པ། ཕྱག་གཡས་པས་དཔལ་འབྲས་བསྣམས་ནས་མཆོག་སྦྱིན་པ། མཛེས་པའི་གཟུགས་ཅན་དེ་བཞིན་དུ་མངོན་པར་བྲི་བར་བྱའོ། །གསུམ་པ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ། གསེར་གྱི་རྒྱན་གྱིས་རྣམ་པར་བརྒྱན་པ། རལ་བའི་ཅོད་པན་འཆང་བ། མཆོད་ཕྱིར་ཐོགས་དཀར་པོ་ཅན། ཐམས་ཅད་མཁྱེན་པ་དབུ་ལ་བྱས་པ། འཕགས་པ་འོད་དཔག་མེད་སྟོབས་བཅུ་པ། རལ་པའི་ནང་དུ་ཉེ་བར་བཞུགས་པ། གཟུགས་མཛེས་པ། ཕྱག་གཡོན་ན་པདྨ་བསྣམས་པ། ཕྱག་གཡས་མཆོག་སྦྱིན་པ། བསམ་གཏན་ལ་དམིགས་པར་གྱུར་པའི་སེམས་ཀྱི་སྤྱོད་པ་ཅན། སྐུ་ཀུན་ནས་གསལ་བར་གྱུར་པའོ། །བཞི་པ་ལ་འཕགས་པ་ཕྱག་ན་རྡོ་རྗེ་ཕྱག་གཡོན་པས་རྡོ་རྗེ་བསྣམས་པ། ཕྱག་གཡས་པས་ཉེ་བར་འགོག་པ་འབྲས་བུ་དང་བཅས་པ་བསྣམས་ནས་མཆོག་སྦྱིན་པ། གསེར་མདོག་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། མཛེས་པའི་གཟུགས་ཅན་ཞི་བའི་ལྟ་བ་དང་ལྡན་པ། དོ་ཤལ་ཕྱེད་པས་ལུས་ཉེ་བར་དཀྲིས་པ། མུ་ཏིག་གི་དོ་ཤལ་གྱི་མཆོད་ཕྱིར་ཐོགས་བྱས་པ། ཅོད་པན་རིན་པོ་ཆེ་འབར་བས་རྣམ་པར་འཕྲོ་བ། དར་སྲབ་མོའི་ཤམ་ཐབས་དང་། དར་ལ་དཀར་པོའི་བླ་གོས་བྱས་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཀུན་ཏུ་བཟང་པོའི་ཤམ་ཐབས་དང་། བླ་གོས་ཀྱང་དེ་བཞིན་ནོ། །ལུས་ཀྱི་རྣམ་པ་ནི་སྔར་བསྟན་པ་ཇི་བཞིན་ནོ། །དེ་བཞིན་གཤེགས་པའི་པདྨ་ལྔ་པ་ལ་འཕགས་པ་བློ་གྲོས་ཆེན་པོ། དྲུག་པ་ལ་ཞི་བའི་བློ་གྲོས། །བདུན་པ་ལ་རྣམ་པར་སྣང་མཛད་ཀྱི་སྙིང་པོའོ། །བརྒྱད་པ་ལ་ངན་སོང་སྤོང་བ་ཞེས་པའི་བྱང་ཆུབ་སེམས་དཔའ་འདི་རྣམས་ཕྱག་ན་འབྲས་བུ་དང་། གླེགས་བམ་བསྣམས་པ། རྣམ་པ་ཀུན་ཏུ་མཛེས་པ། དར་ལའི་སྟོད་གཡོགས་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། གཡོ་བ་དང་ལྡན་པའི་སྐུ་དུར་སྨྲིག་དམར་པོ་གསོལ་བ། སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་པ། རིན་པོ་ཆེའི་རྡོ་ལེབ་ལ་བཞུགས་པ། ཞི་བའི་ཆ་བྱད་ཅན། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པ། དྲི་ཞིམ་པོའི་མེ་ཏོག་གིས་གཅལ་དུ་བཀྲམ་པ་ལ། འདི་ལྟ་སྟེ། མཱ་ལ་ཏཱི་དང་། བཱཪྵཱི་ཀཱ་དང་། དྡྷ་ནུ་སྐ་རི་ཀཱ་དང་། པུརྣ་ག་དང་། ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་རས་ལ་ཀུན་ནས་གཅལ་དུ་བཀྲམ་བཞིན་པས་མངོན་པར་བྲིའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་གྱི་གཞོགས་སུ་འཕགས་པ་འཇམ་དཔལ་གང་ཡིན་པའི་སྟེང་དུ་རིན་པོ་ཆེ་དུ་མས་སྤྲས་པའི་ཤིན་ཏུ་རིང་པོའི་རྣམ་པའི་གཞལ་མེད་ཀྱི་དཀྱིལ་འཁོར་རོ། །བྲག་རིའི་རྒྱལ་པོ་ཉེ་བར་མཛེས་པ་རིན་པོ་ཆེའི་རྡོ་ལེབ་ཀྱིས་བཀབ་པ་རི་བོའི་རྣམ་པ་ལྟ་བུར་མངོན་པར་བྲི་བར་བྱའོ། །དེར་གནས་པའི་སངས་རྒྱས་བཅོམ་ལྡན་འདས་བརྒྱད་མངོན་པར་བྲི་བར་བྱ་བ་ལ། འདི་ལྟ་སྟེ། རིན་ཆེན་གཙུག་ཏོར་ཅན། རིན་པོ་ཆེ་བཻ་ཌཱུཪྻའི་འོད་རྣམ་པར་འཕྲོ་བ། ཀུན་ནས་འོད་འདོམ་གང་བ། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། མ་ར་ཀ་ཏ་ལ་སོགས་པ་དང་། བཻ་ཌཱུཪྻ་དང་། རྡོ་འི་སྙིང་པོ་ལ་སོགས་པ་ནོར་བུ་རིན་པོ་ཆེ་ཆེན་པོ་ཁྱད་པར་རྣམས་ཀྱིས་ཀུན་ནས་རབ་ཏུ་འབར་བཞིན་པ། ཅུང་ཟད་ཉི་མ་འཆར་ཀའི་མདོག་འདྲ་བ། དེ་བཞིན་གཤེགས་པའི་པའི་སྐུ་ཆོས་གོས་སེར་པོའི་སྟོད་གཡོགས་མནབས་པ། སྐྱིལ་ཀྲུང་གིས་བཞུགས་པ། ཆོས་སྟོན་པར་མཛད་བཞིན་པ། ཤམ་ཐབས་སེར་པོ་མནབས་པ། སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གྱི་གོ་ཆ་བགོས་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཉེ་བར་མཛེས་པའི་སྐུ། རབ་ཏུ་ཞི་བའི་གཟིགས་སྟངས་ཅན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་མངོན་པར་བྲིའོ། །གཉིས་པ་ལ་དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་རྒྱལ་པོའི་དབང་པོ་གསེར་གྱི་མདོག་ཏུ་མངོན་པར་བྲི་བར་བྱའོ། །ནཱ་ག་གེ་སར་ཆེས་བཟང་བ་དང་། བ་ཀུ་ལ་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་མངོན་པར་གཏོར་བ་མངོན་པར་བྲི་བར་བྱའོ། །འཕགས་པ་འཇམ་དཔལ་ལ་མངོན་པར་གཟིགས་བཞིན་པ། ཀུན་ནས་འོད་ཅན་རིན་པོ་ཆེའི་འོད་རྣམ་པར་འཕྲོ་བའི་མཐར་ཐུག་པའོ། །གསུམ་པ་ལ་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་མངོན་པར་བྲི་བར་བྱ་སྟེ་པདྨའི་གེ་སར་གྱི་མདོག་དུ་སྣང་བ། ཆོས་སྟོན་པར་མཛད་བཞིན་པའོ། །བཞི་བ་ལ་དེ་བཞིན་གཤེགས་པ་སྤྱན་བཟང་མངོན་པར་བྲི་བར་བྱའོ། །ལྔ་པ་ལ་བཟོད་པར་དཀའ་བའོ། །དྲུག་པ་ལ་རྣམ་པར་སྣང་མཛད་རྒྱལ་བའོ། །བདུན་པ་ལ་སྨན་གྱི་བླ་བཻ་ཊཱུཪྻའི་འོད་ཀྱི་རྒྱལ་པོའོ། །བརྒྱད་པ་ལ་དེ་བཞིན་གཤེགས་པ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་དབང་པོའི་རྒྱལ་པོ་མངོན་པར་བྲི་བར་བྱ་སྟེ་ཐམས་ཅད་གསེར་གྱི་ཁ་དོག་ཅན། དེ་བཞིན་གཤེགས་པའི་སྐུའི་རྣམ་པ། མི་འཇིགས་པ་སྦྱིན་པར་མཛད་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྟེང་དུའང་བྲིས་སྐུའི་ཟུར་གཉིས་ཀ་ནས་སྤྲིན་གྱི་གོ་བར་ན་གནས་པའི་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་མེ་ཏོག་གི་ཆར་འབེབས་པར་བྱེད་བཞིན་པ་བྲིའོ། །བར་སྣང་ལ་གནས་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་བར་བྱེད་བཞིན་པ་མངོན་པར་བྲི་བར་བྱའོ། །རང་སངས་རྒྱས་རྣམས་ཀྱི་བྱང་དུ་འཕགས་པ་ཉན་ཐོས་ཆེན་པོ་བརྒྱད་བྱང་ཆུབ་སེམས་དཔའ་རྣམས་དབུའི་གནས་སྤངས་པའི་སྟེང་དུ་མངོན་པར་བྲི་བར་བྱའོ། །འདི་ལྟ་སྟེ། གནས་བརྟན་ཤཱ་རིའི་བུ་དང་། མཽངྒལ་གྱི་བུ་ཆེན་པོ་དང་། འོད་སྲུང་ཆེན་པོ་དང་། རབ་འབྱོར་དང་། སྒྲ་གཅན་འཛིན་དང་། དགའ་བོ་དང་། བཟང་ལྡན་དང་། ཀ་པི་ན་ཞེས་པའོ། །རང་སངས་རྒྱས་ཀྱིས་རྣམས་འདི་ལྟ་སྟེ། དྲི་ངད་ཅན་དང་། ཙནྡན་དང་། ཉེ་བའི་འཆི་ལྟས་དང་། དཀར་པོ་དང་། སི་ཀ་དང་། དབང་པོ་དང་། མུ་ཁྱུད་དང་། མུ་ཁྱུད་བཟང་པོ་ཞེས་པའོ། །ཐམས་ཅད་མཆོག་ཏུ་མཛེས་པ་ཞི་བའི་ཆ་ལུགས། ཞི་བའི་བདག་ཉིད། རབ་ཏུ་དུལ་བའི་རྣམ་པའོ། །ཉན་ཐོས་ཆེན་པོ་རྣམས་ཐལ་མོ་སྦྱར་བར་བྱས་ནས་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ངེས་པར་རྟོག་པར་བྱེད་པའི། །སྟེང་ངོས་སུའང་གནས་གཙང་མའི་ལྷ་དང་ཉེ་བར་གནས་པའི་ལྷའི་བུ་གཞན་གཉིས་དར་གྱི་བླ་རེ་ཀུན་ནས་ཆུར་རིང་ཞིང་ཤིན་ཏུ་མཛེས་པ་བཟུང་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམ་ཅད་ཀྱི་སྟེང་དུ་འཛིན་པར་བྱེད་བཞིན་པ། ལྷའི་ཕྲེང་བ་དང་། གོས་འཆང་བའི་ལྷའི་བུ་མངོན་པར་བྲིའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྟེང་ངོས་སུ་དབུ་ལ་མུ་ཏིག་གི་དོ་ཤལ་དང་། རིན་པོ་ཆེའི་སྐུད་པ་ལ་པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་ལ་སོགས་པ་རྣམས་ཀྱིས་བརྒྱུས་པའི་རིན་པོ་ཆེའི་སྐུད་པའི་ཚོགས་དེ་ལ་དར་གྱི་བླ་རེ་ལེགས་པར་བཀོད་ཅིང་ཁོར་ཡུག་ཏུའང་མུ་ཏིག་གི་དོ་ཤལ་རབ་ཏུ་འཕྱང་བ་མཛེས་པར་གྱུར་པ་མངོན་པར་བྲི་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་པདྨའི་གདན་གྱི་འོག་ཏུ་བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཉེ་བར་ཀླུའི་རྒྱལ་པོ་ཉེ་དགའ་བོའི་གཞོགས་སུ་རིན་པོ་ཆེའི་རི་བོ། པདྨའི་མཚོ་ལས་མངོན་པར་འཕགས་པ། རིན་པོ་ཆེའི་མྱུ་གུ་དང་། ཕུག་དང་། རི་སུལ་དང་། བྱུ་རུའི་འཁྲི་ཤིང་ཡོངས་སུ་དཀྲིས་པའི་རིན་པོ་ཆེའི་ཤིང་དང་། དྲང་སྲོང་ཆེན་པོ་ཉེ་བར་གནས་ཤིང་བསྟེན་པའི་རི་བོ། དེའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་དྲག་པོ་ཆེན་པོའི་གཟུགས་ཅན། ཕྱག་གཡོན་པས་ཞགས་པ་བཟུང་ནས་གཡས་པས་དབྱུག་པ་འཛིན་པ། བཞིན་ཁྲོ་གཉེར་ཅན། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་བལྟ་ཞིང་བཀའ་ནོད་པར་བྱེད་བཞིན་པ། གསུས་བ་རློ་བ། སྐྲ་གྱེན་དུ་བརྫེས་པ། མིག་སྨན་ནག་པོ་སྤྲིན་དང་མཚུངས་པ། ཨག་ཚོམ་སེར་སྐྱ་དང་། སྐྲ་རིང་ཞིང་སེན་མོ་རིང་བ། མིག་དམར་བ། མགྲིན་པའི་ཕྱོགས་སྤྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། བགེགས་ཐམས་ཅད་རྣམ་པར་འཇོམས་པ། ཆེས་མི་བཟད་པ་ཆེན་པོ། ཁྲོ་བོའི་རྒྱལ་པོ་ཆེན་པོ། ཀུན་ནས་འབར་བ། ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་རྣམས་འདི་ཉིད་ཁོ་ནས་བྲི་བར་བྱའོ། །དེའི་འོག་ཏུ་རལ་པ་ཅན་དེ་དང་། དེའོ། །རི་དེའི་འོག་ཏུ་རྡོའི་སྟེང་དུ་ཉེ་བར་འདུག་པ། པུས་མོ་ས་ལ་འདུད་པའི་ལུས་ཅན། ལག་པ་སྤོས་ཕོར་ཐོགས་པ། ཆ་བྱད་དང་། དབྱིབས་དང་། འཇུག་པ་དང་། སྤྱོད་པ་ཇི་ལྟ་བ་བཞིན་དུ་བྱས་པ། འཕགས་པ་འཇམ་དཔལ་ལ་ལྟ་བར་གྱུར་པ་ཡང་དག་པར་བྲིའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འོག་གཡས་ཀྱི་གཞོགས་སུ་ཀླུའི་དབང་པོའི་རྒྱལ་པོ་དགའ་བོ་དང་། ཉེ་ལོགས་སུ་པདྨའི་མཚོ་ལས་མངོན་པར་འཕགས་པའི་ར་ཨིན་པོ་ཆེའི་རིའི་དབང་པོའི་རྒྱལ་པོ་གཞན་གསུངས་པ་དེ་བཞིན་དུ་མངོན་པར་བྲི་སྟེ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་ཕན་པ་ལྷའི་མེ་ཏོག་གཅལ་དུ་བཀྲམ་པ་མངོན་པར་བྲི་སྟེ་རི་དེ་ནི་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་བྲིའོ། །རི་དེ་ནི་ཤིན་ཏུ་མཐོ་བ། པདྨ་རཱ་གའི་རྡོ་ལེབ་དང་། དེ་ཉིད་ཀྱི་མྱུ་གུ་དང་། བཻ་ཌཱུརྱའི་རང་བཞིན་གྱི་རྩེ་མོའི་རྣམ་པར་བྲི་བར་བྱའོ། །དེ་ལ་བརྟེན་པའི་ལྷ་མོ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེ། འཕགས་མ་སྒྲོལ་མ་ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལ་དམར་པོའི་སྟོད་གཡོགས་དང་། དར་ལ་ཁྲ་བོའི་ཤམ་ཐབས་ཅན། བུད་མེད་ཀྱི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་གཡོན་ན་ཨུཏྤ་ལ་སྔོན་པོ་བསྣམས་པ། གསེར་མདོག་ཅན་མ། ཧ་ཅང་མི་སྤོམ། ཧ་ཅང་མི་རྒན་པ། སེམས་བསམ་གཏན་ལ་གནས་པ། བཀའ་ནོད་ཅིང་འདུག་པ། ཕྱག་གཡས་པས་མཆོག་སྤྱིན་པར་འདོད་པ། ལུས་ཅུང་ཟད་བཏུད་པ། སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཅུང་ཟད་ལྟ་བར་གྱུར་པ། ཀུན་ནས་འབར་བའི་ཕྲེང་བས་ཡོངས་སུ་བསྐོར་བའོ། །དེ་ཉིད་དུའང་རིན་པོ་ཆེ་བཻ་ཌཱུརྱའི་རྩེ་མོ་དེ་ཉིད་དུའང་པུནྣཱ་གའི་ཤིང་གི་ཡོངས་སུ་བསྐོར་བ། ཡལ་ག་ཐམས་ཅད་ལ་ཀུན་ནས་མེ་ཏོག་གི་སྤྲས་ཤིང་ཁ་བྱེ་བར་གྱུར་པས་བཅོམ་ལྡན་འདས་མ་སྒྲོལ་མ་ལ་མངོན་པར་བཀབ་པ། ཡལ་ག་དུད་པ་དེ་ཉིད་ཀྱིས་ཀྱང་ཤིན་ཏུ་བཀྲ་བའི་བྱུ་རུའི་མྱུ་གུ་འབྲེལ་བ། རྣམ་པར་བཀྲ་བའི་གཟུགས་ཅན་གྱི་ཚོན་རྩི་འབར་བ་ན་ལྷ་མོ་སྒྲོལ་མའི་བཞིན་ཀུན་ཏུ་སྣང་བར་མངོན་པར་བྲིའོ། །ལྷ་མོ་བགེགས་ཀུན་འཇོམས་པ་མོ། །འཇིགས་པ་འཇོམས་པར་བྱེད་པའི་མཆོག་། སྒྲུབ་པ་པོ་ནི་སྲུང་དོན་དུ། །མཆོག་སྦྱིན་དགེ་བ་བྲི་བར་བྱ། །བུད་མེད་གཟུགས་འཆང་ལྷ་མོ་ནི། །ཐུགས་རྗེ་སྟོབས་བཅུ་ལྡན་པའི་སྲས། །འབྱུང་པོ་ཀུན་གྱི་དཔལ་ཡིན་ཏེ། །མཆོག་སྦྱིན་བྱེད་མ་བྲི་བར་བྱ། །ལྷ་མོ་ལས་ཆེན་བྱེད་པ་མོ། །བྱང་ཆུབ་སེམས་དཔའ་འོད་ཆེན་པོ། །བགེགས་ཀུན་རྣམ་པར་འཇོམས་དོན་དུ། །སྒྲུབ་པ་པོ་ནི་ཀུན་ཏུ་འདོད། །མི་དབང་རྣམས་ནི་སྲུང་དོན་དང་། །དཔལ་གྱི་དོན་དུ་རབ་ཏུ་གྲགས། །ཁྲོ་རྒྱལ་དབང་པོ་གང་ཡིན་ཏེ། །རི་ཡི་རྩེ་མོར་གནས་འདོད་པ། །བགེགས་ཀུན་རྣམ་པར་གཞིག་པའི་ཕྱིར། །རྒྱལ་མཆོག་སྲས་རྣམས་ཀྱིས་གསུངས་སོ། །དྲག་པོ་ཆེན་པོ་བརྩོན་འགྲུས་ཆེ། །གཏུམ་ཆེན་འོད་ཟེར་ཆེན་པོ་སྟེ། །བསྟན་པ་ལ་སྡང་སེམས་ཅན་རྣམས། ། ཚར་བཅད་ཆེད་ཉིད་རབ་ཏུ་བརྟག། །སྒྲུབ་པ་པོ་ནི་སྲུང་དོན་དང་། །བགེགས་རྣམས་ཐམས་ཅད་འཇོམས་པ་དང་། །མི་བཟད་ཁྲོ་བོའི་ངང་ཚུལ་ཅན། །སྔགས་ཀྱི་ལྷ་རྣམས་འགུགས་པར་བྱེད། །ཤིན་ཏུ་དྲག་པོ་དྲག་གཟུགས་ཅན། །བརྩེ་བ་མེད་ཅིང་ངེས་པར་འགོག། སྡིག་པ་དྲག་པོ་སྤྱོད་པ་རྣམས། །དབང་དུ་མ་གྱུར་དབང་དུ་བྱེད། །མཁའ་སྤྱོད་ས་ལ་སྤྱོད་པ་དང་། །ཀུན་ནས་ས་འོག་སྤྱོད་པ་དང་། །ཐུབ་པའི་བསྟན་ལ་འགལ་བྱེད་པའི། །གདུག་པ་ཐམས་ཅད་འཇོམས་པར་བྱེད། །རས་ནི་ཀུན་ནས་གྲུ་བཞི་དང་། །གྲཝ་བཞི་དག་ཏུ་བྲི་པར་བྱ། །རས་ཀྱི་འོག་གི་མཐའ་རྣམས་སུའང་། །ཆུ་བོ་རྒྱ་ཆེར་བྱ་བ་ཡིན། །ཀླུ་ནི་གདེངས་ཀས་མཚན་པ་ཅན། །གཅིག་ཉིད་ཀུན་ཏུ་བྱ་བ་ཡིན། །ཡན་ལག་དཀར་ཞིང་བཟང་བ་དང་། །ལུས་ཕྱེད་མི་ཡི་རྣམ་པར་སྐྱེས། །རྟག་ཏུ་ཐལ་མོ་སྦྱོར་བྱེད་པ། །མགོ་བོའི་སྟེང་དུ་བཞག་བྱས་ནས། །གདེང་ཀ་བདུན་པ་བརྩོན་འགྲུས་ཆེ། །དབང་ཆེན་ལྡན་པའི་ཀླུ་དེ་ནི། །མིང་ནི་མཐའ་ཡས་ཞེས་བྱ་ཡི། །དེ་བཞིན་གཤེགས་ལ་ངེས་པར་བལྟ། །ནོར་བུ་རིན་ཆེན་གྱིས་མཛེས་ཤིང་། །ཤིན་ཏུ་མཛེས་ཤིང་གཟུགས་མཛེས་པ། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །འབར་བའི་ཕྲེང་ལྡན་ཀུན་ཏུ་བྲི། །ཀླུ་དབང་ཆེན་པོར་རྣམ་པར་གྲགས། །ཐུབ་པའི་བསྟན་ལ་རབ་ཞུགས་པའི། །འཇིག་རྟེན་ཀུན་ལ་ཕན་པར་བརྩོན། །བགེགས་ཀུན་རྣམ་པར་གཞོམ་དོན་དུ། །ཆུ་བོ་ལ་བརྟེན་བྲི་བར་བྱ། །དེ་ལ་རས་ཀྱི་ཆོ་ག་འདི། །མདོར་བསྡུས་རྒྱལ་བས་གསུངས་པ་ཡིན། །རྒྱས་པར་དེ་བཞིན་གཤེགས་རྣམས་ཀྱིས། །ཀུན་ནས་བཤད་པ་སྔར་གསུངས་སོ། ། མཁས་པ་གང་ཞིག་འདྲི་བྱེད་པ། །དེ་ཡི་བསོད་ནམས་མཐའ་ཡས་སོ། །སྡིག་པ་ཤིན་ཏུ་མི་བཟད་པ། །བསྐལ་པ་བྱེ་བ་བྱས་པ་གང་། །ས་སྟེང་བྲིས་སྐུ་མཐོང་བ་ཡིས། །དེ་ཡི་སྐད་ཅིག་ཉིད་ལ་འཇོམས། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཚུལ་ཁྲིམས་འཆལ་དང་སྨད་པ་དང་། །སྡིག་པ་ཀུན་ལ་རབ་འཇུག་དང་། །འཁོར་བར་ཡོངས་སུ་རྒྱུ་བ་ཡི། །འགྲོ་བ་སྐྱེ་གནས་དམན་པ་རྣམས། །དེ་རྣམས་རས་རིས་འཛིན་མི་གཞུག། དེ་རྣམས་རས་རིས་མཐོང་བས་ནི། །འབྲས་བུ་ཡོད་པར་ཐུབ་དབང་གསུངས། །དེ་ཕྱིར་མཐོང་བ་ཙམ་གྱིས་ནི། །སྐད་ཅིག་དེ་ལ་སྡིག་པ་འཇིག། དག་པས་འཇུག་པ་ཉིད་དང་ནི། །རྗེས་སུ་ཟློས་པ་དག་འཇུག་པ། །སྔགས་མཉན་པ་ལ་བརྩོན་པ་ཡི། །མི་རྣམས་གྲུབ་ཐོབ་སྨོས་ཅི་དགོས། །བསྐལ་བ་བྱེ་བར་སངས་རྒྱས་ཀུན། །མཆོད་པའི་བསོད་ནམས་གང་ཡིན་པ། །ས་སྟེང་རས་རིས་འདྲི་བ་ཡི། །སྔགས་པ་བསོད་ནམས་དེ་ཐོབ་འགྱུར། །གང་གཱ་ཡི་ནི་བྱེ་མ་ཡི། །ཚད་དུ་གྲགས་པ་གང་ཡིན་པ། །དེ་ཡི་ཚད་གྱུར་སངས་རྒྱས་དང་། །རྒྱལ་སྲས་རང་རྒྱལ་བསེ་རུ་དང་། །ཉན་ཐོས་རྣམས་ལ་འཇིག་རྟེན་དུ། །སླར་ཡང་ལན་མང་མཆོད་སྟོན་གསོལ། །འབྲས་བུ་ཐོབ་པ་གང་ཡིན་དེའི། །སྔགས་པ་རས་རིས་བྲིས་པ་དང་། །མཐོང་དང་ཆོ་ག་ཀློག་པ་དང་། །རྗེས་སུ་ཡི་རང་བ་ཉིད་དང་། །ཆོ་ག་ཐམས་ཅད་རབ་བརྟགས་པ། །དེ་ཡི་སྔགས་ཀྱི་དངོས་གྲུབ་དེས། །ཇི་སྲིད་འཇིག་རྟེན་པ་ཡི་སྔགས། །གང་ཞིག་རྒྱལ་བ་སྐྱེས་མཆོག་དང་། །དེ་སློབ་བསེ་རུ་ལྷ་རྣམས་དང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེས། །གསུངས་པའི་སྔགས་རྣམས་ཐམས་ཅད་ནི། །རས་རིས་འདི་ཡི་སྤྱན་སྔར་འགྲུབ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ་ལས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་དུ་བརྫེས་པའི་རྩ་བའི་ཆོ་ག་རབ་འབྱམས་ཀྱི་བྲིས་སྐུ་དང་པོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ། གཞན་ཡང་། ཁྱོད་ཀྱི་རས་རིས་ཀྱི་ཆོ་ག་བར་མ་ཡོད་དེ་དེ་ངས་བཤད་པར་བྱ་ཡི། དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་གྱིས་ཤིག་།བཤད་པར་བྱའོ། །དང་པོ་རེ་ཞིག་སྔོན་བསྟན་པའི་དོག་པ་དང་། སྔར་བརྗོད་པ་ཉིད་ཀྱི་ཆོ་ག་དང་། སྔར་ཡོངས་སུ་བརྟག་པའི་བཟོ་བོ་དང་། སྔར་གྱི་ཚད་བར་མ་ཉིད་ཀྱིས་རས་ཤིན་ཏུ་དག་པ། འཇམ་པ། ཤིན་ཏུ་སྦྱངས་པ། ཁ་ཚར་དང་བཅས་པ། ཚོན་མ་འདྲེས་པ། སྐྲ་དང་འདྲེས་པ་དང་བྲལ་བ་ལ་སོགས་པ་རྣམས་ཀྱིས་ཚད་དང་། གཟུགས་མ་གཏོགས་པ་དང་པོ་ཇི་ལྟ་བ་དེ་བཞིན་ཉིད་ཀྱིས་རས་རིས་ཕྱི་མ་འདྲིར་གཞུག་པར་བྱའོ། ། དང་པོ་རེ་ཞིག་གནས་གཙང་མའི་གནས། ཀུན་ནས་མཛེས་པའི་རྣམ་པ། རིན་པོ་ཆེ་ཤེལ་གྱི་རང་བཞིན་ལྟ་བུ། མུ་ཏིག་དཀར་པོའི་དོ་ཤལ་གྱིས་བརྒྱན་པ། དེའི་དབུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདྲིར་གཞུག་པར་བྱ་སྟེ་རིན་པོ་ཆེ་སེང་གེའི་ཁྲི་ལ་ཉེ་བར་བཞུགས་པ་ཆོས་སྟོན་པར་མཛད་བཞིན་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། ། གཡས་ཀྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨའི་གེ་སར་དུ་སྣང་བའམ། གུར་གུམ་མམ། ཉི་མའི་ཁ་དོག་ཅན། ཕྲག་པ་གཡོན་པའི་ཕྱོགས་སུ་པདྨ་བསྣམས་པ། ཐལ་མོ་སྦྱར་བ་བྱས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ངེས་པར་རྟོག་བཞིན་པ། བཞིན་ཅུང་ཟད་འཛུམ་པ། བྱང་ཆུབ་སེམས་དཔའ་ཆེན་པོ། བདེ་ལེགས་དབུས་མའི་ཅོད་པན་ཅན། མཆོད་ཕྱིར་ཐོགས་དཀར་པོ་ཅན། པུས་མོ་གཡས་པའི་ལྷ་ང་དང་། མགོ་འདུད་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་གྱི་གཞོགས་སུ་ཕྱག་ན་རྡོ་རྗེ་པྲི་ཡང་ཀུ་ལྟར་སྔོ་བསངས་སྔར་ཇི་ལྟར་བསྟན་པ་དེ་བཞིན་དུ་མངོན་པར་བྲིའོ། །འོན་ཀྱང་བཅོམ་ལྡན་འདས་ལ་རྔ་ཡབ་གཡོབ་པར་བྱེད་བཞིན་པའོ། །དེའི་གཞོགས་སུ་འཕགས་པ་བྱམས་པ་དང་། ཀུན་ཏུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་དང་། བློ་གྲོས་ཆེན་པོ་དང་། ཞི་བའི་བློ་གྲོས་དང་། ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ་འདི་རྣམས་རིམ་གྱིས་མངོན་པར་བྲི་བར་བྱ་སྟེ་དང་པོ་ཇི་ལྟ་བ་བཞིན་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདྲིར་གཞུག་པར་བྱའོ། །དེ་རྣམས་ཀྱི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་བརྒྱད་འདྲིར་གཞུག་པར་བྱ་སྟེ་བཞུགས་པ། ཕྱག་གཡས་མི་འཇིགས་པ་སྦྱིན་པ། ཆོས་གོས་སེར་པོའི་བླ་གོས་མནབས་པའི་སྐུ་ཅན། ཕྱག་གཡོན་པས་ཆོས་གོས་ཀྱི་རྣ་བ་འཛིན་པ། ཅུང་ཟད་དམར་བར་སྣང་བའི་དུར་སྨྲིག་གི་ཤམ་ཐབས་ཅན། ཀུན་ནས་སྣང་བའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་མེ་ཏོག་རབ་ཏུ་རྒྱས་པའི་རྒྱལ་པོ་དང་། རིན་ཆེན་གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དང་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་། སྤྱན་བཟང་ཞེས་པའི་སངས་རྒྱས་བཅོམ་ལྡན་འདས་འདི་རྣམས་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཀྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཉེ་བར་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདྲིར་གཞུག་པར་བྱའོ། །ཉན་ཐོས་ཆེན་པོ་བརྒྱད་དང་། རང་སངས་རྒྱས་བརྒྱད་སྔར་ཇི་ལྟར་བསྟན་པ་དེ་བཞིན་དུ་འདྲིར་གཞུག་པར་བྱ་སྟེ་འོན་ཀྱང་འཕགས་པ་མཽངྒལ་གྱི་བུ་ཆེན་བོ་དང་། ཤཱ་རིའི་བུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་རྔ་ཡབ་གཡོབ་པར་བྱེད་བཞིན་དུ་འཁོར་བའི་ལུས་སུ་མངོན་པར་བྲི་བར་བྱའོ། །དེ་བཞིན་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་མངོན་པར་བྲི་བར་བྱའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། རབ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། དག་པ་དང་། དྲི་མ་མེད་པ་དང་། ཤིན་ཏུ་མཐོང་དང་། འོད་གསལ་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་དང་། འོག་མིན་ཏེ་དེ་ལྟ་བུ་ལ་སོགས་པའི་ལྷའི་བུ་གཟུགས་ན་སྤྱོད་པ་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་རིམ་གྱིས་མངོན་པར་བྲི་བར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་དང་ཉེ་བར་གནས་པའི་འཁོར་གྱི་དཀྱིལ་འཁོར་ཉེ་བར་སྤྲས་པ་དགོད་དེ་རང་གི་གཟུགས་དང་། ཆ་བྱད་འཆད་བ་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་སེངྒེའི་ཁྲིའི་འོག་ཏུ་རྒྱ་མཚོ་ཆེན་པོ་ལས་མངོན་པར་འཕགས་པའི་ཀུན་ནས་རིན་པོ་ཆེའི་རི་བོ་ཇི་སྲིད་དུ་རས་ཀྱི་མཐའ་མར་འདྲིར་གཞུག་པར་བྱ་སྟེ་རས་ཀྱི་མཐའི་གྲཝའི་ཕྱོགས་གཅིག་ཏུ་སྒྲུབ་པ་པོ་ཆ་བྱད་དང་། དབྱིབས་ཇི་ལྟ་བའི་རྣམ་པ་པུས་མོ་དང་། མགོ་བོ་བཏུད་པ། ལག་པ་སྤོས་ཕོར་ཐོགས་པ་འདྲིར་གཞུག་པར་བྱའོ། །རིན་པོ་ཆེའི་རི་བོ་དེ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་སྔར་ཇི་ལྟར་ངེས་པར་བསྟན་པ་དེ་བཞིན་དུ་མངོན་པར་བྲིའོ། །བཅོམ་ལྡན་འདས་ཀྱི་གཡོན་གྱི་གཞོགས་ཀྱི་སེངྒེའི་ཁྲིའི་འོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དང་ཉེ་བ་དེར་རིན་པོ་ཆེའི་རི་ལ་བཞུགས་པའི་ལྷ་མོ་སྒྲོལ་མ་མངོན་པར་བྲི་སྟེ་སྔར་ཇི་ལྟར་ངེས་པར་བསྟན་པ་དེ་བཞིན་འདྲིར་གཞུག་པར་བྱའོ། །རས་དེའི་ཁོར་ཡུག་ཏུའང་མེ་ཏོག་སིལ་མ་མངོན་བར་གཏོར་ཏེ་ཙམ་པ་ཀ་དང་། ཨུཏྤ་ལ་སྔོན་པོ་དང་། པདྨ་དང་། སཽ་གནྡྷི་ཀ་དང་། མཱ་ལ་ཏཱི་དང་། པཪྵི་ཀ་དང་། དྷ་ནུསྐཱཪྵི་ཀ་དང་། བུནྣ་ག་དང་། ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་ཁོར་ཁོར་ཡུག་ཏུ་གཅལ་དུ་དགྲམ་པར་བྱའོ། །རས་ཀྱི་སྟེང་རས་ཀྱི་མཐའི་གྲ་གཉིས་སུ་ལྷའི་བུ་གཉིས་མེ་ཏོག་གི་ཚོགས་འཐོར་བར་བྱེད་བཞིན་པ། གཟུགས་རྣམ་པར་བཀྲ་བ། བར་སྣང་ལ་གནས་པའི་ཆར་སྤྲིན་གྱི་ནང་ན་ལྡིང་བ། ཁ་དོག་དཀར་པོར་མངོན་པར་བྲི་བར་བྱའོ། །འདི་ནི་རས་རིས་འབྲིང་པོར་བརྗོད། །རྟག་ཏུ་དགེ་ལེགས་དོན་འབྱུང་བ། །ས་སྟེང་སྐྱེ་བོ་མི་རྣམས་ལ། །དངོས་གྲུབ་འབྲིང་པོ་སྦྱིན་པར་བྱེད། །འཁོར་བར་ཀུན་ཏུ་འཁོར་བ་ན། །སྡིག་པ་ཅུང་ཟད་སྔོན་བྱས་གང་། །འདིར་ནི་བྲིས་སྐུ་མཐོང་བ་ཡིས། །དེ་ཡིས་སྐད་ཅིག་ཉིད་ལ་འཇིག། སེམས་ཅན་རྨོངས་པ་མི་ཤེས་པ། །དེ་རྣམས་འགྲོ་བ་ལྔ་པོར་འཁྱམས། །གང་ཞིག་བྱང་ཆུབ་སེམས་དཔའ་ཡི། །བྲིས་སྐུ་བར་མ་མཐོང་བ་ཡང་། །སྡིག་པ་བྱེད་པར་འགྱུར་བ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཚུལ་འཆལ་གྱིས་ཀྱང་འགྲུབ་པར་འགྱུར། །རྣམ་པ་སྣ་ཚོགས་སྔགས་གསུངས་པའང་། །ཤིན་ཏུ་མྱུར་བར་དངོས་གྲུབ་ནི། །བཟླས་པ་བྱས་པས་ཐོབ་པར་འགྱུར། །ནད་ཅན་རྣམས་ནི་ནད་ལས་གྲོལ། །བཀྲེན་པས་ནོར་ནི་རྙེད་པར་འགྱུར། བུད་མེད་རྣམས་ནི་བུ་ཐོབ་འགྱུར། ། བྲིས་སྐུ་བར་པ་བལྟ་བ་ན། །མཐོང་བཙམ་གྱིས་དེ་ཡི་ཚེ། །བསོད་ནམས་རྒྱས་པ་ཆེན་པོ་ཐོབ། །ངེས་པར་ལྷ་དང་མི་རྣམས་ཀྱི། །བདེ་བའི་སྐལ་བ་ཅན་འགྱུར་མི། །དེ་ཡི་སྐྱེ་བ་གཞན་ལ་ཡང་། །ངེས་པར་སངས་རྒྱས་ཉིད་དུ་འགྱུར། །བྲི་བ་དང་ནི་ཀློག་པ་དང་། །ལྷ་མཆོད་པ་དང་འདྲིར་འཇུག་དང་། །དེ་བཞིན་མཐོང་དང་རེག་ཉིད་ཀྱང་། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །འདི་ལྟར་འོད་ཆེན་བྲིས་སྐུ་ལ། །དོན་དུ་གཉེར་དང་གསོལ་འདེབས་པ། །རྗེས་སུ་ཡི་རང་བ་ལས་ཀྱང་། །སྐྱེ་བ་འབྲས་བཅས་མྱུར་དུ་ཐོབ། །བསྐལ་མཆོག་བྱེ་བ་རྣམས་ཀྱིས་ཀྱང་། །སྐྱེ་བོས་བསོད་ནམས་གང་ཐོབ་པ། །ཚིག་ཏུ་བརྗོད་པར་མི་ནུས་སོ། །བྲིས་སྐུ་མཐོང་བ་འབྲས་བུར་བཅས། །ཞེས་བྱ་བ་བྱང་ཆུབ་ས་ཨེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་རལ་པ་གྱེན་དུ་བརྫེས་པའི་རྩ་བའི་ཆོ་ག་རབ་འབྱམས་ལས། ལེའུ་གསུམ་པ་ཡོངས་སུ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་སེམས་དཔའ་ཆེན་པོ་དེ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ། ཁྱོད་ཀྱི་རས་རིས་ཀྱི་ཆོ་ག་ཆུང་དུ་ཞེས་བྱ་བ་གཞན་གསུམ་པའང་ཡོད་དེ་གང་འབད་པ་མེད་པར་དངོས་གྲུབ་འགྲུབ་པར་འགྱུར་བ་སྟེ་སྔར་བསྟན་པ་ཉིད་ཀྱི་ཆོ་ག་དང་། བཟོ་བོས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཙམ་ཐད་ཀར་དང་། དེ་བཞིན་ཁོ་ནར་ཀུན་ནས་གྲུ་བཞི་པ་ལ་སྔར་བཞིན་དུ་རས་རིས་སྔར་བསྟན་པའི་ཚོན་རྩི་རྣམས་ཀྱིས་འདྲིར་གཞུག་པར་བྱའོ། །དང་པོ་རེ་ཞིག་བྱང་ཆུབ་སེམས་དཔའ་ཆེན་པོ། སེང་གེའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ། བྱིས་པ་ཁྱེའུ་སྔར་བཞིན་དུ་ཆོས་སྟོན་པར་མཛད་བཞིན་པ། ཀུན་ནས་འོད་ཟེར་འཕྲོ་བར་བྱེད་བཞིན་བ། །མཛེས་པའི་གཟུགས་ཅན་འདྲིར་གཞུག་པར་བྱའོ། །གཡོན་གྱི་གཞོགས་སུ་འཕགས་པ་ཀུན་ཏུ་བཟང་པོ་རིན་པོ་ཆེའི་རྡོ་ལེབ་ལ་གནས་པ། ཕྱག་ན་རྔ་ཡབ་ཐོགས་པ། གཡོན་ན་ཡིད་བཞིན་གྱི་ནོར་བུ་ཐོགས་པ། ཁ་དོག་པྲི་ཡང་སྐུ་ལྟར་སྔོ་བསངས་སོ། །གཡས་ཀྱི་གཞོགས་སུའང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིན་པོ་ཆེའི་རྡོ་ལེབ་ལ་གནས་པ། ཕྱག་ན་རྔ་ཡབ་ཐོགས་ཤིང་། ཕྱག་གཡོན་པས་པདྨ་བསྣམས་པ། ཀུན་ནས་འོད་དང་ལྡན་པའི་ལུས་ཅན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྔ་མ་བཞིན་དུ་མངོན་པར་བྲི་བར་བྱའོ། །སེང་གེའི་ཁྲིའི་འོག་ཏུ་གསེར་གྱི་རི་བོ། ཇི་སྲིད་རས་ཀྱི་མཐའི་བར་དུ་འདྲིར་གཞུག་པར་བྱའོ། །རས་རིས་ཀྱི་མཐའི་ཟུར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སེང་གེའི་འོག་ཏུ་གཡས་ཀྱི་གཞོགས་སུ་ཁྲོ་བོའི་རྒྱལ་པོ་སྒྲོལ་མས་ནོན་པ་སྔ་མ་བཞིན་དུ་འདྲིར་གཞུག་པར་བྱའོ། །དེའི་འོག་ཏུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པ་སྔ་མ་བཞིན་དུ་འདྲིར་གཞུག་པར་བྱའོ། །དེ་ཐམས་ཅད་སྔ་མ་ཇི་ལྟ་བ་དེ་བཞིན་དུའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་དུ་དེ་བཞིན་གཤེགས་པ་འོད་དཔག་མེད་འདྲིར་གཞུག་པར་བྱ་སྟེ་རིན་པོ་ཆེའི་རིའི་ཕུག། སོར་བཅུ་དྲུག་པའི་ཚད་ན་བཞུགས་པ། ཁད་པ་བརྩེགས་པ་འདྲི་བའི་རི་བོའི་བྱ་སྐྱིབས་མཐོ་བ་འདྲིར་གཞུག་པར་བྱའོ། །རས་རིས་དེའི་ཁོར་ཡུག་ཏུ་རི་བོའི་ཁོར་ཡུག་ཏུ་རི་བོའི་རྣམ་པས་ཡོངས་སུ་བསྐོར་བ་མངོན་པར་བྲིའོ། །རས་རིས་དེའི་སྟེང་གི་ཟུར་དུ་གནས་པའི་རི་བོའི་བྱ་སྐྱིབས་དང་ཀུན་ཏུ་འབྲེལ་བར་ལྡིང་བཞིན་པ་ལྟ་བུ་མེ་ཏོག་སྣ་ཚོགས་འཐོར་བར་བྱེད་པའི་གནས་གཙང་མའི་རིས་ཀྱི་ལྷའི་བུ་དག་པ་དང་། རྣམ་པར་དག་པ་ཞེས་བྱ་བ་གཉིས་སུ་འདྲིར་གཞུག་པར་བྱའོ། །རས་དེ་ལས་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ་མངོན་པར་འདྲིར་གཞུག་པར་བྱའོ། །རས་རིས་རྣམ་གསུམ་མཚན་ཉིད་ནི། །ཐམས་ཅད་འདིར་ནི་བསྟན་པ་ལས། །འདི་ནི་ཆུང་དུ་ཞེས་བྱ་སྟེ། །རས་རིས་ཕྲན་ཚེགས་ལས་ལ་ཤིས། །སྡིག་ལས་ཤིན་ཏུ་མི་བཟད་པ། །བསྐལ་པ་བྱེ་བ་སྟོང་ཕྲག་ཏུ། །རས་རིས་མཐོང་བས་གྲོལ་འགྱུར་ཏེ། །རས་རིས་མཐོང་བ་ཙམ་གྱིས་ནི། །སྐད་ཅིག་ཉིད་ལས་གྲོལ་བར་འགྱུར། །བསྐལ་པ་བྱེ་བ་སྟོང་ཕྲག་ཏུ། །བློ་ལྡན་སངས་རྒྱས་བསྙེན་བཀུར་བྱས། །རས་རིས་ཐ་མ་མཐོང་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ལ། །མཆོད་བྱས་བསོད་ནམས་གང་ཡིན་དེ། །རས་རིས་ཆུང་དུ་མཐོང་བ་ལ། ། མཁས་པས་དེ་ཡི་བསོད་ནམས་ཐོབ། །མཛེས་པ་ཡི་ནི་ལས་རྣམས་དང་། །ལོངས་སྤྱོད་རྒྱུར་ཡང་འདི་སྤྱོད་དོ། །རིག་དང་གསང་སྔགས་ཇི་སྙེད་པ། །ཚངས་དབང་དྲང་སྲོང་གིས་བཤད་དང་། །ནམ་མཁའ་ལྡིང་གིས་གང་བཤད་དང་། །ཆུ་ལྷ་ཉི་མ་ལུས་ངན་དང་། །ནོར་སྦྱིན་སོགས་དང་སྲིན་པོ་དང་། །ལྷ་མིན་དབང་པོ་ཐམས་ཅད་དང་། །ལྟོ་འཕྱེ་ཆེ་དང་ཟླ་བ་དང་། །རླུང་དང་གཤིན་རྗེ་ལ་སོགས་དང་། །སེང་གེ་འཕྲོག་བྱེད་སོགས་བཤད་པའི། །སྔགས་རྣམས་ཐམས་ཅད་འདིར་དྲངས་ཏེ། །རས་རིས་སྤྱན་སྔར་འགྲུབ་པར་འགྱུར། །ཞི་བཅན་དང་དེ་བཞིན་དུ། །རྒྱས་པ་ཅན་རྣམས་བྱ་བ་སྟེ། ། དེ་བཞིན་འདིར་ནི་མི་བཟད་པ། །རྒྱལ་མཆོག་གིས་སྨད་སྤང་བར་བྱ། །ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས། བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་རྩ་བའི་ཆོ་ག་བཞི་པ་རས་རིས་ཀྱི་ཆོ་ག་རབ་འབྱམས་རྫོགས་སོ། ། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ད་བང་ཕྱུག་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྱིས་ཆོས་ཀྱི་རྣམ་གྲངས་འདི་གསུངས་པ་ནི་ལེགས་སོ། །ལེགས་སོ། ། རིག་པའི་བརྟུལ་ཞུགས་ཐམས་ཅད་དཔྱད་པའི་དོན་དང་། ཕན་པའི་ཕྱིར་དང་། བདེ་བའི་ཕྱིར་དང་། འཇིག་རྟེན་ལ་སྙིང་བརྩེ་བས་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་བསྟན་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་བྱེད་པའི་ཆོས་ལྷག་མ་དང་བཅས་པ་ངེས་པར་བྱང་ཆུབ་ལ་རྒྱན་ཏུ་མཆོག་ཏུ་གཞོལ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིག་པ་དང་། སྔགས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པ། བདག་གི་རིག་པ་གསང་ཆེན་འདི་ཉིད་སྐྱེ་བོ་ཐམས་ཅད་རྒྱས་པར་བྱེད་པར་འགྱུར་པ་མ་འོངས་པའི་དུས་འཇིག་རྟེན་གྱི་བླ་མ་མྱ་ངན་ལས་འདས་པ་ན་དེ་བཞིན་གཤེགས་པ་ཉི་མའི་རིགས་ནུབ་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་ཀྱིས་སྤངས་ཤིང་ཐམས་ཅད་པོར་ཏེ་མུན་པར་གྱུར་པ་དང་། སྣོད་ཀྱི་འཇིག་རྟེན་རྣམ་པར་ཞིག་སྟེ་འཕགས་པའི་ལམ་དང་། རིག་པ་དང་། སྔགས་དང་། སྨན་དང་། ནོར་བུ་རིན་པོ་ཆེ་ཐམས་ཅད་དང་བྲལ་བ། སྐྱེ་བོ་ལེགས་པས་ཡོངས་སུ་བཟུང་བའི་སྣང་བ་མེད་པའི་སེམས་ཅན་གྱི་ཁམས་འབྱུང་བར་འགྱུར་ཏེ་ལེ་ལོ་ཅན་དང་། དྲན་པ་ཉམས་པ་དང་། མ་དད་པ་དང་། མི་སྲུན་པ་དང་། མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་སྒྱུ་དང་། གཡོ་དང་། བརྫུན་དང་། གཡོ་བའི་སྤྱོད་པ་དང་ལྡན་པ་དེ་རྣམས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཀུན་སྐྲག་པར་འགྱུར་ཏེ་ལེ་ལོ་དང་། སྙོམས་ལས་ལ་མངོན་པར་དགའ་ཞིང་དད་པ་མེད་པར་འགྱུར་ཏེ་འདོད་པ་ཚོལ་ཞིང་གསང་སྔགས་ཚོལ་བར་མི་འགྱུར་ཏེ་ལོག་པར་ལྟ་བ་ལ་དགའ་བ་རྣམས་ཀྱང་བསོད་ནམས་མ་ཡིན་པ་མང་པོ་ལ་འཇུག་བར་འགྱུར་ཏེ་དམ་པའི་ཆོས་སྤོང་པར་བྱེད་པ་འབྱུང་བར་འགྱུར་རོ། །མནར་མེད་པ་ལ་མཆོག་ཏུ་གཞོལ་ཞིང་དྲག་པོའི་ཡང་དྲག་པོར་འགྲོ་བ་སྡུག་བསྔལ་གྱིས་གདུང་བ་དེ་རྣམས་ཀྱི་དོན་གྱི་ཕྱིར་དང་། དབང་དུ་མ་གྱུར་པ་རྣམས་དབང་དུ་གྱུར་པར་བྱ་བ་དང་། དབང་དུ་གྱུར་པ་རྣམས་ལ་མི་འཇིགས་པ་རབ་ཏུ་སྦྱིན་པ་དང་། ཐབས་ལ་མཁས་པས་བསྡུ་བའི་སྦྱོར་བ་རིག་པ་དང་། རས་རིས་ཀྱི་ཆོ་ག་ད་ལྟ་གསུངས་པའི་དུས་ལ་བབ་པར་དགོངས་ན། བཅོམ་ལྡན་འདས། གསུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་མཆོག་ཏུ་གསང་བ་རིག་པའི་བརྟུལ་ཞུགས་ཀྱི་ཆོ་ག་རབ་འབྱམས་མཆོག་ཏུ་གསང་བ། འདོད་པའི་དོན་བྱེད་པ། དོན་ཆེན་པོ་རྣམ་པར་འབྱོར་པར་འགྱུར་པ། རིག་པ་བདུན་ཅུ་པོ་ཐམས་ཅད་ཀྱི་མཆོག་གི་སྙིང་པོ། རྣམ་པར་རྟོག་པ་མེད་པའི་དུས་དེར་འགྲུབ་པར་འགྱུར་རོ། །དེའང་སེམས་ཅན་རྣམས་འདུལ་པའི་དོན་གྱི་ཐབས་ལ་མཁས་པས་འཁོར་བར་ཀུན་ཏུ་འཇུག་པ་རྣམས་སྐྱོབ་པ། ངེས་པར་བྱང་ཆུབ་ལ་མཆོག་ཏུ་གཞོལ་བར་བྱེད་པ། སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་དྲུག་གིས་གསུངས་པར་གྱུར་པ་འདི་ལ་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭཱ་ཡ། ཏཱ་རེནྡྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཤིན་ཏུ་རྒྱས་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་པ་སྒྲོལ་མ་བཞིན་བཟང་མ་ཞེས་བྱ་བའི། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡཱ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དབུས་ལེགས་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ལེགས་སྤྱོད་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་མཚན་ལགས་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ལྷོ་ཆུང་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ། ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ལེགས་གནས་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཱ་རེ་ཏུཏྟཱ་རེ། ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཉེ་བར་འདུད་པ་ཞེས་བྱ་བའོ་ཞེས་པ་འདི་བཅོམ་ལྡན་འདས་བདག་གི་རིག་པ་ཆེན་པོ་མཆོག་གི་སྙིང་པོ་ཆེན་པོ་དང་མཚུངས་པ་བྱ་བ་ཐམས་ཅད་མཆོག་ཏུ་གྲུབ་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་བཞིན་དུ་སྐྱེས་པ། སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བ། འཇིགས་པ་ཆེན་པོ་བརྒྱད་ལས་སྐྱོབ་པ། ལས་ཐམས་ཅད་བྱེད་པ། བྱང་ཆུབ་ཀྱི་ལམ་སྟོན་པ་པོ། པདྨའི་རིགས་ཀྱི་རིག་པ་རབ་དང་། འབྲིང་དང་། ཐ་མ་ལ་ཡང་དག་པར་རབ་ཏུ་སྦྱོར་བ། ཤིན་ཏུ་མཛེས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ། རབ་ཏུ་སྦྱིན་པ། བསྟན་པ་ནུབ་པའི་དུས་ཀྱི་ཚེའང་འགྲུབ་པར་འགྱུར་རོ། །དམ་པའི་ཆོས་ཀྱི་ཚུལ་སྲུང་བའི་ཆེད་དུ་མཉམ་པར་འཇུག་ཅིང་འགྲུབ་པར་འགྱུར་རོ། །དེ་རྣམས་སྦྱོར་བ་ཆུང་ངུ་ཉིད་ཀྱི་རྒྱལ་སྲིད་ཆེན་པོ་དང་། ལོངས་སྤྱོད་ཆེན་པོའི་དབང་ཕྱུག་གི་དོན་དེ་རྣམས་འགྲུབ་པར་འགྱུར་རོ། །དེ་རྣམས་ཤིན་ཏུ་མྱུར་བར་དེའི་ཚེ་དེའི་དུས་སུ་དངོས་གྲུབ་ཐོབ་པར་འགྱུར་རོ། །རས་རིས་ཀྱི་ཆོ་ག་མདོར་བསྡུས་པར་གྱུར་པ་འདི་དེའི་ཚེ་དེའི་དུས་ན་འཇིགས་པ་ཆེན་པོ་དང་། སྙིགས་མ་ལྔའི་སེམས་ཅན་བསོད་ནམས་ཆུང་བ་འབྱུང་བར་འགྱུར་ཏེ་དབང་ཆུང་བར་གྲགས་པ། ཚེ་ཐུང་བ་།བརྩོན་འགྲུས་ཞན་པས་རས་རིས་ཀྱི་ཆོ་ག་ཤིན་ཏ་ཨུ་རྒྱས་པའི་ལས་བསྒྲུབ་པར་བྱ་བ་ལ་སོགས་པའི་ལས་རྣམས་རབ་ཏུ་བརྩོན་པར་མི་ནུས་ཏེ་དེ་རྣམས་ཀྱི་དོན་ཆོས་མདོར་བསྡུས་ཏེ་གསུངས་པ་ནི། དང་པོ་རེ་ཞིག་དཔའ་བོའི་རིན་གྱིས་དོག་པ་ཉོས། སྲང་ཚད་ཙམ་མམ། སྲང་ཕྱེད་ཙམ། དཀྱུས་སུ་ཁྲུ་གང་ཙམ་ལ་ཞེང་དུ་ཁྲུ་ཕྱེད་ཙམ་པའི་རས་ཁ་ཚར་དང་བཅས་པ་ཐ་ག་པས་བཏག་པར་བྱའོ། །ཡང་ན་སླར་ཡང་སྐྲ་དང་བྲལ་བའི་རས་ཀྱི་དུམ་བུ་གསར་པ་སྟེང་འོག་ཏུ་ཇི་ལྟར་འདོད་པ་ཁྲུ་གཉིས་སམ། བཞིའམ། དྲུག་གམ། ལྔའམ། བཅུའམ། བརྒྱད་པའི་རས་ཤིན་ཏུ་དཀར་བ་བླངས་ཏེ་ཇི་ལྟར་འདོད་པ་བཞིན་དུ་རི་མོ་མཁན་འདྲིར་གཞུག་པར་བྱའོ། །ཙནྡན་དང་། ག་བུར་དང་། གུར་གུམ་གྱིས་བགོས་པའི་མ་འདྲེས་པའི་ཚོན་རྩི་དེ་རྣམས་དང་། རས་ཙནྡན་དང་། གུར་གུམ་དང་། ག་བུར་རྣམས་གཅིག་ཏུ་བྱས་པས་སྲོག་ཆགས་མེད་པའི་ཆུ་རྙོག་མ་མེད་པ་དང་བསྲེས་ཏེ་སྣོད་གསར་པར་རས་སྦང་དུ་བཅུག་ནས་ཉི་མ་གསུམ་དུ་ལེགས་པར་མནན་ལ་བཞག་གོ། གཙང་བའི་ཕྱོགས་སུ་སྲུང་བ་བྱས་ཏེ་བདག་ཉིད་ཀྱང་གཙང་མར་བྱས་ནས་དཀར་པོའི་ཕྱོགས་ཀྱི་ཉ་ལ་རས་ཀྱི་སྣོད་ཀྱི་མདུན་དུ་ཁ་ཤར་དུ་ཕྱོགས་བས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་སྔགས་ཀྱི་ཚིག་འདི་ལན་སྟོང་ཕྲག་བརྒྱད་བརྗོད་པར་བྱའོ། །ཏདྱ་ཐཱ། ཨོཾ་ཧེ་ཧེ་བྷ་ག་བཱན། བ་ཧུ་རཱུ་པ་དྷ་ར་དི་བྱ་ཙཀྵུ་ཁ། ཨ་བ་ལོ་ཀ་ཡ། ཨ་བ་ལོ་ཀཱ་ཡ་མཱཾ། ས་མ་ཡ་མ་ནུ་སྨ་ར། ཀུ་མཱ་ར་རཱུ་པ་དྷ་ར་ཎ། མཧཱ་བོ་དྷི་སཏྭེ། ཀིཉྩ་རཱ་ཡ་སི་ཧཱུཾ་ཕཊ་ཕཊ་སྭཱཧཱ། །སྔགས་འདི་བཟླས་པ་བྱས་ལ་དེ་ཉིད་དུ་ཉལ་བར་བྱའོ། །རྨི་ལམ་དུ་གྲུབ་པའམ། མི་འགྲུབ་པ་སྟོན་པར་འགྱུར་རོ། །དེ་ནས་ལངས་ནས་གྲུབ་པའི་མཚན་མའི་རྨི་ལམ་མཐོང་ན་རིང་པོ་མི་ཐོགས་པར་རས་རིས་བྲི་བར་བྱའོ། །གལ་ཏེ་གྲུབ་པའི་མཚན་མའི་རྨི་ལམ་མ་མཐོང་ན་རས་དེ་སྣོད་དེ་ནས་ཕྱུང་སྟེ་ཉི་མ་ལ་བསྐམ་པར་བྱའོ། །བསྐམས་ནས་སླར་ཡང་སྣོད་གསར་པ་གཞན་ཞིག་དུ་ལེགས་པར་སྦས་ལ་སྲུང་བ་བྱས་ཏེ་བཞག་པར་བྱའོ། །དེ་ནས་སླར་ཡང་མཆོག་གི་སྙིང་པོ་དེ་རྣམས་ལས་སྔགས་གང་ཡང་རུང་བ་གཅིག་བཟུང་ནས་ཇི་ལྟར་འདོད་པ་བཞིན་དུ་ཡི་གེ་དྲུག་པོ་རྣམས་ལས་སླར་ཡང་ཡི་གེ་འབུམ་བཟླས་པར་བྱའོ། །དེ་ནས་ཆེས་མྱུར་བར་རས་རིས་འགྲུབ་པར་འགྱུར་རོ། །དང་པོ་རེ་ཞིག་རས་དེ་བླངས་ནས་ཆོ་འཕྲུལ་གྱི་ཟླ་ཕྱེད་དམ། གཞན་ཡང་དཀར་པོའི་ཉི་མ་དང་། རྒྱུ་སྐར་དགེ་བ་དང་ཡང་དག་པར་ལྡན་པ། དགེ་བའི་ཚེས་དཀར་པོའི་གཟའི་རེས་ཀྱི་ཉི་མ་ལ་ཤིན་ཏུ་མཛེས་པའི་དགེ་མཚན་དང་། བཀྲ་ཤིས་ཕུན་སུམ་ཚོགས་པའི་མཚན་མོ་ནམ་ཕྱེད་ཀྱི་དུས་ཀྱི་ཚེ་རི་མོ་མཁན་གསོ་སྦྱོང་ལ་ཉེ་བར་གནས་པས་རས་རིས་དེ་འདྲིར་གཞུག་པར་བྱའོ། །གཙང་མའི་ཕྱོགས་སུ་ག་བུར་གྱི་བདུག་པ་བསྲེགས་ཏེ་དང་པོ་རེ་ཞིག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱས་ཏེ་དབུ་ཟུར་ཕུད་ཅན། སྐྱེས་བུ་ཆེན་པོའི་མཚན་གྱིས་རྣམ་པར་བརྒྱན་པ། གསེར་གྱི་མདོག་ཅན། དར་ལ་སྔོན་པོ་གཡོ་བཞིན་པའི་ཤམ་ཐབས་ཅན། དར་ལ་སྔོན་པོའི་བླ་གོས་མནབས་པ། སེང་གེའི་ཁྲི་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཏེ་ཆོས་འཆད་བཞིན་པ། ཞབས་གཡས་པ་རིན་པོ་ཆེའི་ཞབས་རྟེན་ལ་བཞག་པ། སེང་གེའི་ཁྲི་ལ་བཞུགས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། བལྟ་ན་སྡུག་པ། བཞིན་ཅུང་ཟད་འཛུམ་པ། སྒྲུབ་པ་པོ་ལ་གཟིགས་པར་གྱུར་པ་བྲི་བར་བྱའོ། ། གཡས་ཀྱི་གཞོགས་སུ་འཕགས་པ་ཀུན་ཏུ་བཟང་པོ་བྲི་ཡང་ཀུ་ལྟར་སྔོ་བསངས། རྔ་ཡབ་དཀར་པོ་གཡོབ་བཞིན་པ། ཕྱག་གཡོན་ན་ཡིད་བཞིན་གྱི་ནོར་བུ་བསྣམས་པ། ལུས་ཐམས་ཅད་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལ་སྔོན་པོ་གཡོ་བ་དང་བཅས་པའི་ཤམ་ཐབས་མནབས་པ། མུ་ཏིག་གི་དོ་ཤལ་གྱི་མཆོད་ཕྱིར་ཐོགས་པ་ཅན། ཕྱག་གཡོན་པས་པདྨ་དཀར་པོ་བསྣམས་པ། ཕྱག་གཡས་པས་རྔ་ཡབ་དཀར་པོ་གསེར་གྱི་ཡུ་བ་ཅན་བསྣམས་ནས་གཡོབ་པར་བྱེད་བཞིན་པ། ཞི་བའི་རྣམ་པ་ཅན་སྤྱན་རས་གཟིགས་དབང་ཕྱུག་ལ་བལྟ་བར་གྱུར་བའོ། །དེ་བཞིན་དུ་འཕགས་པ་ཀུན་ཏུ་བཟང་བོ་པདྨ་དཀར་པོའི་གདན་ལ་བཞུགས་བ་སྟེ་དེ་དག་གཉིས་ཀའང་དེ་ལྟར་མངོན་པར་བྲིའོ། །པདྨའི་སྡོང་བུ་གཅིག་ལས་འཐོན་པའི་པདྨ་གསུམ་གྱི་དབུ་མ་རྩ་བའི་པདྨའི་ཟེ་འབྲུ་ལ་བྱང་ཆུབ་སེམས་དཔའ་ཆེན་པོའི་སེང་གེའི་ཁྲི་དང་། རིན་པོ་ཆེའི་ཞབས་རྟེན་ནོ། །པདྨ་གཞན་ལ་ནི་འཕགས་པ་ཀུན་ཏུ་བཟང་པོའོ། །པདྨ་གསུམ་པ་ལ་ནི་འཕགས་པ་མཐུ་ཆེན་ཐོབ་བོ། །པདྨའི་སྡོང་བུ་དེ་ནི་མཛེས་པ། རིན་པོ་ཆེ་མར་གང་ཀྱི་རྣམ་པ་ལ་པདྨའི་མེ་ཏོག་དུ་མ་ཁ་བྱེ་བ་དང་། ཕྱེད་ཙམ་ཁ་བྱེ་བ་དང་། མེ་ཏོག་ཁ་བྱེ་བ་དང་ལྡན་པ། མཚོ་ཆེན་པོ་མ་དྲོས་པ་ལས་བྱུང་བའི་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་མཚོ་ཆེན་པོ་ལས་སྐྱེས་པའི་པདྨའི་སྡོང་བུ་ལ་འཛིན་པ། ཀླུའི་རྒྱལ་པོ་དེ་གཉིས་ཁ་དོག་དཀར་བ། གདེངས་ཀ་བདུན་གྱིས་བརྒྱན་པ། རྒྱན་ཐམས་ཅད་ཀྱིས་མཛེས་པ། ལུས་ཕྱེད་མིའི་ལུས་ལ་སྦྲུལ་གྱི་གདོངས་ཀས་མཚན་པ། ཕྱེད་སྦྲུལ་གྱི་ལུས་ཅན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ངེས་པར་རྟོག་བཞིན་པ། ཕྱེད་ཆུའི་ནང་དུ་ནུབ་པ། ནོར་བུ་རིན་པོ་ཆེ་དེ་དག་གིས་ཉེ་བར་མཛེས་པ་བྲི་བར་བྱའོ། །མཚོ་ཆེན་པོ་དེའི་ཁོར་ཡུག་གི་འོག་ཏུ་རས་རིས་ཀྱི་མཐའི་གྲ་གཡས་ཀྱི་གཞོགས་སུ་སྒྲུབ་པ་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དཀྱིལ་འཁོར་ལ་ངེས་པར་རྟོག་བཞིན་པ། ལག་ན་སྤོས་ཕོར་ཐོགས་པ། ལུས་དང་། པུས་མོའི་ལྷ་ང་འདུད་པ། ཆ་བྱད་དང་། ཁ་དོག་ཇི་ལྟ་བ་བཞིན་དུ་མངོན་པར་བྲིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་དུ་རས་ཀྱི་མཐའ་གཉིས་སུ་ལྷའི་བུ་ཕྲེང་བ་འཛིན་པ་གཉིས་མེ་ཏོག་གི་ཕྲེང་བ་བཟུང་ནས་ནམ་མཁའ་ལ་ལྡིང་བ། མེ་ཏོག་གི་ཚོགས་ཆེན་པོ་འཐོར་བར་བྱེད་བཞིན་པ། ཤིན་ཏུ་མཛེས་པ་དག་མངོན་པར་བྲིའོ། །རས་རིས་དེའི་ཁོར་ཡུག་དུ་ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་རབ་ཏུ་བཀྲམ་པ་བྲི་བར་བྱ་སྟེ། ཇི་ལྟར་འདོད་པའི་གཟུགས་གསུམ་ལྷག་པར་གནས་པའམ། མངོན་པར་བྲིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཆོས་སྟོན་པར་མཛད་བཞིན་པ་དང་། འཕགས་པ་ཀུན་ཏུ་བཟང་པོ་དང་། འཕགས་པ་ཕྱག་ན་རྡོ་རྗེ་ཕྱག་ན་རྔ་ཡབ་ཐོགས་པ་འདྲིར་གཞུག་པར་བྱའོ། །སྒྲུབ་པ་པོ་ཇི་ལྟར་འདོད་པའི་གཟུགས་གསུམ་པོ་རྣམས་གདོན་མི་ཟ་བར་འདྲིར་གཞུག་པར་བྱ་སྟེ་ཇི་ལྟར་འདོད་པའི་རྣམ་པ་དང་། དབྱིབས་ཇི་ལྟར་གནས་པ་བཞིན་དུའམ། སྒྲུབ་པ་པོ་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་བྲི་བར་བྱའོ། །དབུས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐའ་གཉིས་སུའང་ཕྱག་ན་རྡོ་རྗེ་དང་། ཀུན་ཏུ་བཟང་པོ་ཇི་ལྟར་འདོད་པ་བཞིན་དུ་གདོན་མི་ཟ་བར་འདྲིར་གཞུག་པར་བྱའོ། །ཇི་ལྟར་རྙེད་པའི་རས་ཀྱི་དུམ་བུ་མཐོ་གང་ངམ། ཁྲུ་གང་ཙམ་ལ་བདག་ཉིད་དམ། གཞན་གྱིས་སམ། རི་མོ་མཁན་གསོ་སྦྱོང་མེད་པའམ། དད་པ་ཅན་ནམ། གཙང་མའམ། མི་གཙང་བའམ། ཚུལ་ཁྲིམས་དང་ལྡན་པ་པའམ། ཚུལ་ཁྲིམས་འཆལ་བའང་རུང་སྟེ་རི་མོ་མཁན་གྱིས་འདྲིར་གཞུག་པར་བྱའོ། །སྒྲུབ་པ་པོ་བདག་ཉིད་ནི་གདོན་མི་ཟ་བར་སྔོན་སྤྱད་པ་བྱས་པ། དད་པས་བྱང་ཆུབ་སེམས་བསྐྱེད་པ་གདོན་མི་ཟ་བར་འགྱུར་བས་ཏེ་དེ་ལྟར་ན་སྔགས་འགྲུབ་པར་འགྱུར་གྱི། གཞན་དུ་སྡིག་པ་བྱེད་པས་ནམ་ཡང་མ་ཡིན་ནོ། །དེ་ལྟར་དད་པར་གྱུར་པ་ཡིས། །སྔགས་ཀྱི་ལྷ་རྣམས་བསྒྲུབ་བྱ་ཞིང་། །དད་པ་དེ་ཡིས་གསང་སྔགས་རྒྱལ། །འགྲུབ་འགྱུར་འདིར་ནི་གཞན་དུ་མིན། །གང་ཕྱིར་དད་པ་ཐེག་པའི་མཆོག། གང་གིས་འདྲེན་པ་འགྲོ་པར་བྱེད། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མེ་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །དད་དང་ལྡན་པའི་མི་རྣམས་ལ། །སངས་རྒྱས་ལས་རྣམས་འགྲུབ་པར་འགྱུར། །ལྷ་རྣམས་ཀུན་དང་ཁྱད་པར་དུ། །གསང་སྔགས་རྣམས་ནི་ཐམས་ཅད་ནི། །དད་པ་མེད་ན་མི་འགྲུབ་བོ། །འཇིག་རྟེན་པ་ཡི་ལྷ་རྣམས་དང་། །གང་ཡང་འཇིག་རྟེན་འདས་དེ་བཞིན། །དད་དང་ལྡན་པར་བརྗོད་པ་དང་། །རྙོག་པ་བྲལ་པས་འགྲུབ་པར་འགྱུར། །ཡིད་ནི་བྱང་ཆུབ་དེར་སོན་པས། །དེ་རྣམས་བྱང་ཆུབ་པས་པར་འགྲུབ། །གཞན་གྱིས་གྲུབ་པར་མ་གསུངས་ཏེ། ། བསྟན་པ་འདི་ལས་ཟློག་པ་ཡིན། །རས་རིས་ཆུང་དང་ཆེན་པོ་དང་། །པར་མ་ཡོངས་སུ་བསྒྲགས་པ་ཡིན། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ། །དེ་ནི་རབ་ཏུ་བཤད་པར་བྱ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་བཅོམ་ལྡན་འདས་མ་སྒྲོལ་མ་རལ་པ་གྱེན་བརྗེས་ཀྱི་ཆོ་ག་ལས། རས་རིས་ཀྱི་ཆོ་ག་རབ་འབྱམས་ལྔ་པ་རྫོགས་སོ། ། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་ཅན་ཆེན་པོ། ཁྱོད་ཀྱིས་སེམས་ཅན་དེ་རྣམས་ཀྱི་དོན་གྱི་ཕྱིར་བསྟན་པ་གང་ཡིན་པ་དེ་རྣམས་རས་རིས་ཀྱི་ཆོ་ག་རབ་འབྱམས་བཤད་པ་འདི་ཐབས་ཉུང་ངུ་ཉིད་ཀྱིས་འགྲུབ་པར་འགྱུར་ཏེ་དེ་རྣམས་ཀྱི་དོན་གྱི་ཕྱིར་སྒྲུབ་པར་བྱེད་པ་ཐབས་ཡོན་ཏན་རྒྱས་པ་རབ་ཏུ་དབྱེ་བས་རྣམ་པར་ཕྱེ་བའམ། རྣམ་པར་དབྱེ་བ་དེ་ཡང་དག་པར་མཐུན་པར་བཤད་པར་བྱ་ཡི། དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་གྱིས་ཤིག། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བཤད་པར་བྱའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་འབྱོར་པ་བསྟན་པར་མཛད་ཅིང་སྔགས་ཀྱི་སྤྱོད་པའི་ཡོན་ཏན་སྒྲུབ་པའི་མཐུ་གསལ་བར་མཛད་པ་ལེགས་པར་གསུངས་པ་ནི་ལེགས་སོ། །བཅོམ་ལྡན་འདས། གང་ད་ལྟ་དེའི་དུས་ལ་བབ་པར་དགོངས་ན་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཞལ་གྱི་སྒོ་ནས། འོད་ཟེར་སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། བཙོད་དང་། ཤེལ་གྱི་ཁ་དོག་ལ་སོགས་པ་བྱུང་བར་གྱུར་ཏོ། །འོད་ཟེར་དེ་བྱུང་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གནས་ཐམས་ཅད་སྤ་བཀོང་བར་མཛད་ནས་རྒྱུ་སྐར་གྱི་འོད་དང་། རིའི་ལྷའི་ཚོགས་ཀྱི་འོད་དང་། གང་དུ་ཟླ་བ་དང་། ཉི་མ་འདི་ལྟར་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་དེ་དག་གི་འོད་ཀྱང་སྤ་བཀོང་བར་མཛད་ནས་དེ་རྣམས་མི་གསལ་ཞིང་འོད་མེད་པར་གྱུར་ཏེ་རྣམ་པར་སྣང་བར་མི་འགྱུར་ཞིང་སྤ་བཀོང་བར་མཛད་དེ་ནོར་བུ་དང་། སྔགས་དང་། སྨན་དང་། རིན་པོ་ཆེའི་འོད་ཐམས་ཅད་མེད་པར་བྱས་ནས་སླར་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་གྱི་སྒོར་ནུབ་པར་གྱུར་ཏོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འཁོར་གྱི་དཀྱིལ་འཁོར་དེ་ཉིད་ན་འདུས་ཤིང་འཁོད་པར་གྱུར་པ་དེ་སྟན་ལས་ལངས་ནས་རིངས་པའི་ཚུལ་གྱིས་བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་ཀྱི། རྒྱུ་ཡོད། རྐྱེན་ཡོད་དོ། །གང་ཞིག་མདོ་སྡེའི་དབང་པོ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་པའི་ཆོ་ག་རིག་པའི་སྤྱོད་པ་རྗེས་སུ་སྒྲུབ་པ་ལས་སྒྲུབ་པར་བྱེད་པའི་ཐབས་ལ་ཡང་དག་པར་གཞོལ་བ། ཆོས་ཀྱི་སྤྲིན་ལ་བརྟེན་ཅིང་ཡང་དག་པར་རྗེས་སུ་འཇུག་ཅིང་རྗེས་སུ་འབྲང་བར་བྱེད་པར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཀློག་པར་འགྱུར་བ་དང་། དད་པར་འགྱུར་བ་དང་། གླེག་བམ་དུ་བྲི་བར་བྱས་ནས་མཆོད་པར་འགྱུར་བ་དང་། ཙནྡན་དང་། ཕྱེ་མ་དང་། བྱུག་པ་དང་། བདུག་པ་དང་། ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམ་པ་སྣ་ཚོགས་པ་འམ། སིལ་སྙན་གྱི་རྣམ་པའི་ཁྱད་པར་རམ། རོལ་མོ་སྣ་ཚོགས་དང་། ཕེག་རྡོབ་པ་དང་། ཐ་ན་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་རྒྱུན་ཏུ་ཐོབ་པའམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་བྱེད་པར་འགྱུར་བ་འམ། རིག་པའི་མཐུ་དང་། ནུས་པ་ཐོས་ནས་དགའ་བ་སྐྱེ་བར་འགྱུར་པའམ། རྗེས་སུ་ཡི་རང་བར་འགྱུར་པའམ། སྤྱོད་པ་སོ་སོར་སྒྲུབ་པར་འགྱུར་བ་དེ་རྣམས་ངས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ་དེ་རྣམས་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་སུ་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྒྱལ་བ་འཛུམ་པ་མཛད་ཀྱི་རྣམ་པ་གཞན་དུ་མ་ཡིན་ནོ། །དང་པོ་རེ་ཞིག་དམ་ཚིག་མཐོང་བ། སྔོན་སྤྱད་པ་རྣམས་བྱས་པ། མངོན་པར་དབང་བསྐུར་ཐོབ་པས་རྟོག་པའི་རྒྱལ་པོ་འདི་ལ་རྩ་བའི་རིག་པའམ། སྙིང་པོའམ། ཉེ་བའི་སྙིང་པོའམ། གཞན་གང་ཡང་རུང་བའི་སྔགས་བཟུང་ནས་ཡི་གེ་གཅིག་པའམ། ཇི་ལྟར་འདོད་པ་བཞིན་ཡང་རུང་སྟེ་དགོན་པ་ཆེན་པོར་སོང་ནས་ལོ་བདུན་དུ་བཟླས་པ་བྱ་སྟེ། འབྲས་བུ་དང་། ཆུའི་བཟའ་བ་དང་། རྩ་བ་དང་། འདབ་མ་བཟང་ཞིང་སྔོན་སྤྱོད་པ་རྣམས་བྱས་པར་འགྱུར་རོ། །དེ་ནས་རིའི་རྩེ་མོར་འཛེགས་ཏེ་རས་རིས་ཀྱི་ཐུ་བོ་ཞལ་ནུབ་དུ་ཕྱོགས་པར་བཞག་ནས། བདག་ཉིད་ཤར་དུ་མངོན་པར་ཕྱོགས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ནས་པདྨ་དཀར་པོ་དང་། ཙནྡན་དཀར་པོ་དང་། གུར་གུམ་གྱིས་མངོན་པར་བཏགས་ཏེ་འབུམ་ཕྲག་གཅིག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་རྣམས་ཀྱི་རས་རིས་ཀྱི་འོག་ནས་དབུལ་བར་བྱའོ། །ག་བུར་གྱི་བདུག་པའང་ཇི་ལྟར་འབྱོར་པ་བསྲེག་གོ་། ལྷའི་བུ་རྣམས་ལ་ཇི་ལྟར་རྙེད་པའི་མེ་ཏོག་གི་མཆོད་པ་བྱའོ། །དེ་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་དཀར་པོའི་ཉ་འམ། ཉ་སོ་སོ་ལ་མཚན་མོ་ཕྱེད་ཀྱི་དུས་ཀྱི་ཚེ་རས་རིས་ཀྱི་སྤྱན་སྔར་མེ་ཐབ་པདྨའི་རྣམ་པ་ལྟ་བུ་བྱས་ནས་ཙནྡན་དཀར་པོའི་ཤིང་གི་མེ་སྦར་ཏེ་གུར་གུམ་དང་། ག་བུར་གཅིག་ཏུ་བྱས་ནས་སྲེག་བླུགས་ཇི་ལྟར་འབྱོར་པས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ཏེ་དེ་ནས་བསྲུང་བ་བྱའོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་འོད་ཟེར་བྱུང་སྟེ་རས་རིས་ཀྱི་ཁོར་ཡུག་ཏུ་གཅིག་ཏུ་འབར་བར་གྱུར་པ་འབྱུང་ངོ་། ། དེ་ནས་སྒྲུབ་པ་པོ་ཙནྡན་དང་། གུར་གུམ་གྱིས་བཏགས་པའི་པདྨ་དཀར་པོའི་མེ་ཏོག་གིས་མཆོད་ཡོན་དབུལ་ལོ། །དེ་ནས་སྒྲུབ་པ་པོས་རིངས་པའི་ཚུལ་གྱིས་རས་རིས་ལ་བསྐོར་བ་ལན་གསུམ་བྱས་ནས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་འཕགས་པ་ཉན་ཐོས་རྣམས་ལ་ཕྱག་བཙལ་ནས་སྔར་སྒྲུབ་པ་པོས་བྲིས་པའི་རས་མཐའི་ཕྱོགས་ནས་འཇིགས་པ་མེད་པས་རས་རིས་གཟུང་བར་བྱའོ། །དེ་ནས་བཟུང་བ་ཙམ་གྱིས་འཕུར་བར་འགྱུར་ཏེ་སེ་གོལ་གཏོགས་པ་ཙམ་ལ་ཚངས་པའི་འཇིག་རྟེན་ལས་འདས་ཏེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀུན་ཏུ་གནས་པར་འགྱུར་རོ། །གང་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་དབང་གི་རྒྱལ་པོ་དེ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་བྱེད་པ་དང་། བསྐལ་པ་ཆེན་པོ་སྟོང་དུ་རྒ་བ་མེད་པ་དང་། འཆི་བ་མེད་པར་རོལ་པར་འགྱུར་རོ། །བྲིས་སྐུ་གནས་པ་དེ་ཉིད་དུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་རྣམས་ཀྱི་བྱིན་གྱིས་བརླབས་ཀྱང་ཤེས་སོ། །ཞིང་སྟོང་ཕྲག་ཀྱང་འདའ་བར་བྱེད་དོ། །ལུས་སྟོང་ཕྲག་སྟོན་པར་བྱེད་དོ། །རྫུ་འཕྲུལ་གྱི་མཐུ་དུ་མ་ཡང་དག་པར་འབྱིན་པར་བྱེད་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་སྣོད་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་ཆོ་ག་བྲིས་སྐུ་རབ་འབྱམས་ལས། མཆོག་གི་སྒྲུབ་པའི་ཐབས་ཀྱི་ཆོ་ག་ལས་ཀྱི་འབྲས་བུ་དྲུག་པ་རྫོགས་སོ། ། །།དེ་ནས་ཡང་སེམས་དཔའ་ཆེན་པོས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ན་འདུག་པའི་ལྷ་ཚོགས་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་།ཁྱེད་ཅག་ཉོན་ཅིག་།ལས་ཆེན་པོ་དང་བཅས་པའི་རིག་པ། འཕགས་མ་སྒྲོལ་མའི་སྤྱོད་པའི་དཀྱིལ་འཁོར་སྒྲུབ་པར་བྱེད་པའི་ལས་ཀྱི་ཆོ་ག་། སྒྲུབ་པ་པོ་སྲུང་བའི་དོན་དུ་གསང་བ་དམ་པ་མཆོག་གི་སྙིང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་རིག་པའི་རྒྱལ་མོ་ཆེན་མོ་གང་གིས་བཟླས་ན་སྔགས་ཐམས་ཅད་བཟླས་པར་འགྱུར་རོ། །ཀྱེ་ཀྱེ་ལྷའི་ཚོགས་རྣམས། འདི་ནི་འདའ་བར་བྱེད་པ་མ་ཡིན་པའི་རིག་པའི་རྒྱལ་མོ་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་ཀྱང་རིག་པ་འདིས་འགུགས་ཤིང་དབང་དུ་བྱེད་ལ། ཡང་དག་པར་འདོད་པར་འགྱུར་བར་བྱེད་ན་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་རྣམས་སྨོས་ཅི་དགོས། སྔགས་ཐམས་ཅད་དང་། བགེགས་ཐམས་ཅད་འཇོམས་པར་བྱེད་པ་སྟེ་འདི་ནི་བརྩོན་འགྲུས་ཆེ་བ་དང་། མཐུ་ཆེ་བ་དང་། གཅིག་ཏུ་དཔའ་བ། རིག་པ་ཐམས་ཅད་གཅིག་ཁོ་ནར་སྔགས་ཐམས་ཅད་ཀྱི་མཆོག་ཏུ་བཤད་པ་དང་། གཅིག་ཁོ་ན་རིག་པའི་རྒྱལ་མོ་འཇིགས་པ་ཆེན་པོ་རྣམས་ལས་མཆོག་ཏུ་བཤད་པ་སྟེ། དེ་གང་ཞེ་ན། ལས་ཆེན་པོ་ཐམས་ཅད་བྱེད་པ། དོན་ཐམས་ཅད་སྒྲུབ་པ། བྱ་བ་ཐམས་ཅད་བྱེད་པ། སྔགས་ཐམས་ཅད་གཅོད་པར་བྱེད་པ། གདུག་པའི་ལས་རྣམས་དང་། སྡིག་པ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ། སྔགས་ཐམས་ཅད་སོ་སོ་རྫོགས་པར་བྱེད་པ། དགེ་བར་བྱེད་པ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་རིག་པ་དང་། སྔགས་ཐམས་ཅད་ཀྱི་གོང་ནས་གོང་དུ་རབ་ཏུ་འཇུག་པ། ཐོགས་པ་མེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པར་གྱུར་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དེ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། གྲོགས་པོ་དག་།འདི་ནི་མཆོག་ཏུ་གསང་བ་དམ་པ། ལས་ཆེན་པོ་ཐམས་ཅད་བྱེད་པ། རིག་པའི་རྒྱལ་མོ་ཆེན་མོ། སེམས་ཅན་ཐམས་ཅད་ཀྱིས་འདའ་བར་བྱེད་པ་མ་ཡིན་པ། འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པ། སངས་རྒྱས་ཐམས་ཅད་ཀྱིས་བཀྲ་ཤིས་པ། རིག་པ་དང་། སྔགས་ཐམས་ཅད་ཀྱིས་བསྒྲུབས་པ། འཇིག་རྟེན་ཐམས་ཅད་ཀྱི་མངའ་བདག་།རིག་པའི་དབང་ཕྱུག་ཐམས་ཅད་ཀྱི་དབང་ཕྱུག་། རྣམ་པར་སྡང་བ་ཐམས་ཅད་ལ་བྱམས་པའི་བདག་ཉིད། སྐྱེ་བོ་རྣམས་ལ་སྙིང་བརྩེ་བ་དང་། བགེགས་ཐམས་ཅད་རྣམ་པར་འཇོམས་པར་བྱེད་དེ། མདོར་ན། ཇི་ལྟ་ཇི་ལྟར་རབ་ཏུ་སྦྱོར་བ་དེ་ལྟ་དེ་ལྟར་རབ་ཏུ་བྱེད་དོ། །མ་བསྒྲུབས་པར་ཡང་ལས་རྣམས་བྱེད་དོ། །རིག་པ་བཟླས་ནས་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། ། གོས་ལ་མངོན་པར་སྔགས་ནས་གྱོན་ན་སྐལ་བ་བཟང་པོར་འགྱུར་རོ། །སོ་ཤིང་ལ་མངོན་པར་སྔགས་ཏེ་ཟོས་ན་སོ་ནད་སེལ་བར་འགྱུར་རོ། །ཀ་ར་བཱི་ར་དཀར་པོ་ལ་ལན་བདུན་མངོན་པར་སྔགས་ནས་ཟོས་ན་དོན་དུ་མ་གཉེར་བར་ཡང་ཁ་ཟས་འབྱུང་བར་འགྱུར་རོ། །མིག་གི་ནད་ལ་རྒྱམ་ཚྭ་ཕྱེ་མར་བྱས་པ་ལ་ལན་བདུན་མངོན་པར་སྔགས་ནས་མིག་བཀང་ན་མིག་ནད་སེལ་བར་བྱེད་དོ། །རྣ་བའི་ནད་ལ་གླང་པོ་ཆེའི་རྒྱབ་ནས་འཐོན་པ་འབྲུག་སྒྲོགས་པ་ན་འབྱུང་བའི་ཚྭ་དྷྭི་ཀ་།ཀ་བུ་ཀའི་ལོ་མར་བཏུམས་ཏེ་མེ་ཆུང་དུས་བཙོ་བར་བྱའོ། །ཚོས་ནས་ཕྱིར་བཙོས་པ་བྱས་ལ་ཆུ་དྲོ་འཇམ་ལ་རྒྱམ་ཚྭ་དང་སྦྱར་བ་བྱས་ནས་ལན་བདུན་མངོན་པར་སྔགས་ཏེ་དེས་རྣ་བ་དག་པར་བྱས་ཏེ་སྐད་ཅིག་དེ་ཉིད་ལ་ཉེ་བར་ཞི་བར་བྱེད་དོ། །བུད་མེད་བུ་འབྱུང་བ་དུས་སུ་མངལ་འགགས་ནས་གཟེར་བས་ཟིལ་གྱིས་ནོན་པར་གྱུར་ན་ཨ་ཊ་རླུ་ཥ་ཀའི་རྩ་བ་སྲོག་ཆགས་མེད་པའི་ཆུ་ལ་བཏགས་ནས་ལྟེ་བའི་ཕྱོགས་སུ་བྱུགས་ན་བདེ་བླག་དུ་བཙའ་བར་འགྱུར་རོ། །སྐྱེས་བུ་ཟུག་རྔུས་ཉམས་པའམ། མཚོན་ནང་དུ་ལུས་པ་ལ་མར་རྙིང་པ་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་ནས་བླུད་པར་བྱ་བའམ། དེའི་ཕྱོགས་སུ་བྱུགས་ན་དེའི་སྐད་ཅིག་ཉིད་ལ་ཟུག་རྡུ་མེད་པར་འགྱུར་རོ། །མ་ཞུ་བ་དང་། གསུད་པ་དང་། ཚད་པའི་ནད་ལ་ཁ་རུ་ཚྭ་དང་། རྒྱམ་ཚྭ་དང་། ཚྭ་གཞན་གང་ཡང་རུང་བ་ལ་མངོན་པར་སྔགས་ནས་ཟོས་ན་ནད་དེ་ལས་གྲོལ་བར་འགྱུར་ཏེ་ཉི་མ་དེ་ཉིད་ལ་བདེ་བར་གནས་པར་འགྱུར། ། གཏན་ནད་ཀྱི་ཚད་པའམ། འཕྲལ་གྱི་ཚད་པ་ལའང་རུང་སྟེ་མ་ཏུ་ལུང་གའི་རྩ་བ་བཏགས་ནས་སྲོག་ཆགས་མེད་པའི་ཆུ་འཐུང་དུ་གཞུག་སྟེ་གནོད་པ་མེད་པར་དེ་ལས་གྲོལ་བར་འགྱུར་ཏེ་ལན་བདུན་བཟླས་པས་སམ། གཉིས་བཟླས་པས་སོ། །བུད་མེད་མོ་གཤམ་མི་སྐྱེ་བའི་ཆོས་རྣམས་སྐྱེ་བར་འདོད་ན་ཨ་ཤོ་གནྡྷའི་རྩ་བའི་མར་དང་ལྷན་ཅིག་བསྐོལ་ཏེ་བ་ཨའི་འོ་མས་བསྲེས་ཏེ་ལན་ཉི་ཤུ་རྩ་ལྔ་ཡོངས་སུ་བཟླས་ཏེ་ཟླ་མཚན་གྱི་དུས་སུ་འཐུང་དུ་བཅུག་ནས་ཁྲུས་བྱས་པའི་མཐར་སྐྱེས་པ་གཞན་སྤང་ཞིང་ཁྱིམ་པའང་འདད་པས་ལོག་པར་གཡེམ་པ་ཡོངས་སུ་སྤངས་ན་རང་གི་སྐྱེས་པའམ། རང་གི་བདག་པོའི་བུ་སྐྱེ་བར་འགྱུར་རོ། །ལོ་གསུམ་མམ། ལོ་ལྔ་རབ་ཏུ་སྐྱེས་པའི་དུས་ལས་ལྷག་པའམ། ལོ་དུ་མར་བུ་མ་ཆགས་པའམ། གཞན་གྱི་སྔགས་དང་། སྨན་གྱི་ཕྱག་རྒྱས་བཏབ་པ་དང་། གཞན་གྱིས་གདུག་པར་བྱས་པའམ། མངལ་འཛིན་པ་མི་འཛིན་བར་བྱས་པའམ། ནད་ཀུན་ཏུ་ལངས་པའམ། སྦྱོར་བ་གཞན་ཀུན་ཏུ་སྤངས་པའམ། ནད་གཞན་ཡང་རུང་བ་ཅུང་ཟད་ཀྱིས་ཡོངས་སུ་མི་འཛིན་པར་བྱས་པའམ། བརྟན་པ་དང་། གཡོ་པ་དང་། བཅོས་མ་དང་། བཅོས་མ་མ་ཡིན་པ་ལ་སོགས་པའི་དུག་ལ་སོགས་པ་རབ་ཏུ་ཞུགས་པའམ། རྩ་བ་དང་། སྔགས་དང་། སྨན་དང་། མཛའ་པ་དང་། མི་མཛའ་པའི་སྦྱོར་བ་བྱས་པ་ལ་མར་རྙིང་པ་དང་། རྨ་བྱའི་མདོངས་གཅིག་ཏུ་བྱས་ནས་བཏགས་ལ་ཤ་ཀ་ར་དང་ལྷན་ཅིག་སྦྱར་ཏེ་ལན་ཉི་ཤུ་རྩ་བདུན་མངོན་པར་སྔགས་ནས་ཨ་རུ་ར་ཙམ་བཟའ་བར་བྱ་སྟེ། ཉིན་ཞག་བདུན་གྱི་བར་དུ་ཤ་ཀ་ར་དང་ལྡན་པའི་འོ་མ་བསྐོལ་བ་བཏུང་བར་བྱ་ཞིང་ཡང་དང་། ཡང་དུ་སྔགས་ཀྱང་བཟླས་སོ། །ཀླད་པ་ན་བ་ལ་བྱ་རོག་གི་བཤོག་པ་ལ་ལན་བདུན་མངོན་པར་སྔགས་ཏེ་དེས་བྱབས་ན་བདེ་བར་གནས་པར་འགྱུར་རོ། །བུད་མེད་ལ་ཅ་ཧེས་སྤྱད་པ་ལ་སོགས་པའི་ནད་རྣམས་ལ་ཨ་ལམ་བུ་ཤའི་རྩ་བ་འོ་མ་དང་ལྷན་ཅིག་བཏགས་ནས་ནི་ལི་ཀའི་རྩ་བ་དང་ལྡན་པ་ལ་བརྒྱ་རྩ་བརྒྱད་དུ་མངོན་པར་བཟླས་ནས་འོ་མས་སྐྱོ་མར་སྦྱར་ནས་བཏུང་པར་བྱའོ། །དེ་བཞིན་དུ་རིམས་ཉིན་བཞི་པ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། རྒྱུན་པ་དང་། རྟག་པའི་རིམས་དང་། རིམས་དྲག་པོ་ལ་སོགས་པ་རྣམས་ལ་འོ་ཐུག་མར་དང་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་ཏེ་འཐུང་དུ་བཅུག་ན་བདེ་བར་གནས་པར་འགྱུར་རོ། །དེ་བཞིན་དུ་མཁའ་འགྲོ་མའི་གདོན་གྱིས་ཟིན་པ་ལ་བདག་ཉིད་ཀྱི་གདོང་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་ནས་བལྟས་ན་བདེ་བར་གནས་པར་འགྱུར་རོ། །དེ་བཞིན་དུ་མ་མོ་དང་། བྱིས་པ་དང་། སྲུལ་པོ་དང་། རོ་ལངས་དང་། གྲུལ་བུམ་གྱི་གདོན་ལ་སོགས་པ་རྣམས་དང་། མི་ཐམས་ཅད་གདུག་པ་ཅན་དྲག་པོས་མངོན་པར་ཟིན་པ་ལ་བདག་ཉིད་ཀྱི་ལག་པ་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་ཏེ་ཟིན་པ་དེའི་མགོ་བོ་ལ་རེག་ན་བདེ་བར་གནས་པར་འགྱུར་རོ། །ལན་གཅིག་བཟླས་པས་བདག་ཉིད་སྲུང་ངོ་། །གཉིས་བཟླས་པས་གྲོགས་པོ་སྲུང་ངོ་། །གསུམ་བཟླས་པས་ཁྱིམ་སྲུང་ངོ་། །བཞི་བཟླས་པས་གྲོང་སྲུང་ངོ་། །ལྔ་བཟླས་པས་གྲོང་གི་སྤྱོད་ཡུལ་དུ་གྱུར་པ་སྲུང་བར་འགྱུར་རོ། །དེ་བཞིན་དུ་ཇི་སྲིད་སྟོང་ཕྲག་གི་བར་དུ་བཟླས་པས་དམག་གི་ཚོགས་སྲུང་བ་བྱས་པར་འགྱུར་རོ། །འདི་རྣམས་སམ། གཞན་ཡང་། ལས་ཕྲ་མོ་རྣམས་མ་བསྒྲུབས་པར་ཡང་བྱེད་དོ། །དེ་ནས་སྒྲུབ་པར་འདོད་ན་ཕྲ་མའི་ལས་རྣམས་མི་བྱ་བར་མཐའ་གཅིག་ཏུ་སོང་ནས་དབེན་པའི་ཕྱོགས་རྒྱ་མཚོར་འགྲོ་པའི་ཆུ་ཀླུང་འབབ་པ་དང་། རྒྱ་མཚོའི་ངོགས་དང་། གང་གཱའི་ཀླུང་གི་ངོགས་དང་། གཞན་ཡང་། ཆུ་ཀླུང་ཆེན་པོའི་ངོགས་ལ་བརྟེན་ནས་ཕྱོགས་གཙང་མ་ཕྱག་དར་བྱས་ནས་ཁྲུས་ལན་གསུམ་བྱ་ཞིང་གོས་ལན་གསུམ་བརྗེས་ཏེ་སྨྲ་བ་བཅད། སློང་མོའི་ཁ་ཟས་ཟ་ཞིང་ལོ་མ་དང་། ནས་ཟན་དང་། འོ་མ་དང་། འབྲས་བུ་ཟ་ཞིང་འབུམ་ཕྲག་བཅུ་གཅིག་བཟླས་པར་བྱའོ། །གྲུབ་པའི་མཚན་མ་མཐོང་ན། དེ་ནས་སྒྲུབ་པ་བརྩམ་པར་བྱ་སྟེ་ཕྱོགས་དེ་ཉིད་དུ་རས་རིས་ཐུ་བོ་དེར་བཞག་ལ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་གསེར་དངུལ་གྱི་རང་བཞིན་ནམ། ཟངས་དང་། སའི་རང་བཞིན་གྱི་མར་མེའི་སྣོད། ཏུ་རུཥྐའི་འབྲུ་མར་གྱིས་བཀང་པའམ། དྲི་ཞིམ་པོའི་འབྲུ་མར་གྱིས་བཀང་བའམ། བའི་མར་གྱིས་བཀང་བའི་མར་མེའི་སྣོད་དུ་རས་གསར་པ་དུམ་བུ་དུམ་བུར་བྱས་པའི་མར་མེ་འབུམ་ཕྲག་གཅིག་རས་རིས་ལ་དབུལ་བར་བྱའོ། །དེའི་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་རྣམས་ཕུལ་མ་ཐག་ཏུ་རས་རིས་ལས་འོད་ཟེར་རྣམས་བྱུང་མ་ཐག་ཏུ་རས་རིས་ཀུན་ནས་འབར་བའི་ཕྲེང་བར་འགྱུར་རོ། །སྟེང་གི་བར་སྣང་ལ་རྔ་པོ་ཆེའི་སྒྲ་ས་གྲོགས་ཤིང་ལེགས་སོ་ཞེས་པའང་ཐོས་ཏེ་དེ་ནས་རིག་པ་འཛིན་པས་རིངས་པའི་ཚུལ་གྱིས་རས་རིས་ཀྱི་མཐའི་ཟུར་དུ་སྒྲུབ་པ་པོ་སྔར་བྲིས་པར་རས་རིས་ལ་བརྟེན་པ་ལ་མཆོད་ཡོན་ཕུལ་ནས་བསྐོར་བ་བྱས་ཏེ་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ལ་གཟུང་བར་བྱའོ། །དེ་ནས་གཟུང་བ་ཙམ་གྱིས་མར་མེ་འཛིན་པ་དེ་རྣམས་ཐམས་ཅད་ཀྱི་ལྷན་ཅིག་ཏུ་འཕུར་བར་འགྱུར་རོ། །གཅིག་གིས་ལྷག་པའི་གཞལ་མེད་ཁང་བརྒྱར་ཡང་འགྲོ་བར་བྱེད་དོ། །ལྷའི་སིལ་སྙན་དང་། སོ་སོར་ཡང་དག་པར་ལྡན་པ་དང་། སྒྲ་སྙན་པའི་ག་ལུ་དབྱངས་སྒྲོགས་ཤིང་གར་བྱེད་པའི་རིག་པ་འཛིན་མ་དེ་རྣམས་ཀྱིས་ཁོར་ཡུག་ཏུ་ཀུན་ཏུ་ཁྱབ་པར་སྣང་བ་སྒྲུབ་པ་པོ་རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་དབང་སྐུར་བར་བྱེད་དོ། །མར་མེ་འཛིན་པ་དེ་རྣམས་ཀྱིས་ལྷན་ཅིག་རྒ་བ་མེད་ཅིང་འཆི་བ་མེད་པར་རོལ་པར་བྱེད་དོ། །བསྐལ་པ་ཆེན་པོར་གནས་ཤིང་ཉི་མ་འཆར་ཀ་འདྲ་བ་དང་། ལྷའི་རྒྱན་གྱིས་མཛེས་པ་དང་། རྣམ་པར་བཀྲ་བའི་གོས་ཀྱིས་བརྒྱན་པ་དེ་རྣམས་དབང་དུ་བྱས་ནས་མངག་གཞུག་པར་འགྱུར་ཏེ་དེ་རྣམས་དང་ལྷན་ཅིག་སྤྱོད་པར་གྱུར་ཏེ་ལྷའི་རིག་པ་འཛིན་པ་ཐམས་ཅད་ཀྱང་འདིའི་བྲན་ཉིད་དུ་ཉེ་བར་གནས་པར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་འགྱུར་ཞིང་རིང་དུ་འཚོ་ཞིང་གྲུབ་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ། སྐད་ཅིག་ཙམ་གྱིས་ཚངས་པའི་འཇིག་རྟེན་དུ་མངོན་པར་འགྲོ་བར་འགྱུར་རོ། །བརྒྱ་བྱིན་གྱིས་ཡང་གྲངས་སུ་མི་འགྲོ་ན་དེ་ལས་གཞན་པའི་རིག་པ་འཛིན་པ་རྣམས་ཀྱིས་ལྟ་ཅི་སྨོས། མཐར་ཡང་འདི་སངས་རྒྱས་ཉིད་དུ་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །ལས་སྒྲུབ་པའི་ཐབས་གཞན་ཡང་ཡོད་དེ་ཆེས་དཀའ་ཐུབ་བྱས་བ། དེ་ནས་མཐའ་གཅིག་ཏུ་སོང་ནས་ལྷག་པར་གནས་ཏེ་འདུ་འཛི་མེད་ཅིང་འདུ་འཛི་དང་བྲལ་བའི་དགོན་པ་ཆེན་པོར་ཞུགས་ནས་གནས་གང་ན་པདྨའི་མཚོ་ཆེན་པོ་དང་། ཆུ་དང་བཅས་པ། རི་བོ་གཅིག་ལ་བརྟེན་པའི་རི་བོ་དེའི་རྩེ་མོར་འཛེགས་ཏེ་རིག་པ་རྣམས་ཀྱི་དྲི་དང་། མེ་ཏོག་ལ་སོགས་པ་ཕུལ་ནས་དེ་རྣམས་ཇི་ལྟར་འདོད་པ་བཞིན་དུ། འོ་མ་འམ། ནས་ཟན་དང་། པདྨའི་རྩ་བ་དང་། འབྲས་བུ་བཟའ་ཞིང་འོ་མ་ལས་བྱུང་བ་ཟོས་ཏེ་རིག་པ་འབུམ་ཕྲག་བཅུར་བཟླས་པ་བྱའོ། །བཟླས་པའི་མཐར་ཡང་སྔར་བསྟན་པའི་ཆོ་ག་དེ་ཉིད་ཀྱི་རས་རིས་ཀྱི་ཐུ་བོ་བཞག་ནས་པདྨའི་མེ་ཏོག་ལ་ཙནྡན་དཀར་པོ་དང་། གུར་གུམ་གྱིས་བཏགས་ཏེ་སེང་ལྡེང་གི་ཤིང་གི་མེ་སྦར་ནས་སྔར་ཡོངས་སུ་བཏགས་པའི་པདྨས་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་གི་མཐར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་རས་རིས་ལས་འོད་ཟེར་འབྱུང་སྟེ་དེས་སྒྲུབ་པ་པོ་ཀུན་ཏུ་སྣང་བར་བྱས་ནས་སྤྱི་བོར་ནུབ་པར་འགྱུར་རོ། །རེག་མ་ཐག་ཏུ་སྒྲུབ་པ་པོ་མངོན་པར་ཤེས་པ་ལྔར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ས་ཐོབ་བོ། །ལྷའི་གཟུགས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་རྒྱུ་སྟེ་བསྐལ་པ་སུམ་ཅུ་རྩ་དྲུག་དུ་འཚོ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སུམ་ཅུ་རྩ་དྲུག་འདའ་བར་བྱེད་དོ། །དེ་རྣམས་ཀྱི་མཐུའང་ཡང་དག་པར་རྗེས་སུ་མཐོང་ངོ་། །སངས་རྒྱས་སུམ་ཅུ་རྩ་དྲུག་མཉེས་པར་བྱེད་དོ། །དེ་རྣམས་ཀྱང་མཆོད་པ་དང་། བསྙེན་བཀུར་པས་མངོན་པར་དགའ་པར་འགྱུར་རོ། །མཐར་ཡང་བྱང་ཆུབ་ལ་མཆོག་ཏུ་གཞོལ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་རོ། ། ཇི་སྲིད་བྱང་ཆུབ་ཏུ་མྱ་ངན་ལས་འདས་པའི་མཐར་ཐུག་པའི་བར་དུའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་དུ་བརྫེས་པའི་རྩ་བའི་ཆོ་ག་ལས། ལས་མཆོག་སྒྲུབ་པའི་ཐབས་ཀྱི་ཆོ་ག་བདུན་པའི་ལེའུ་རབ་འབྱམས་ཡོངས་སུ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་སྒྲུབ་པའི་ལས་མཆོག་གསུངས་ཏེ། རྟོག་པའི་རྒྱལ་པོ་འདི་ལ་རྩ་བའི་རིག་པའི་སྔགས་ཡོངས་སུ་བཟུང་ནས་གང་གཱའི་ཀླུང་དུ་ཞུགས་ནས་གྲུའི་བཞོན་པ་ལ་རབ་ཏུ་གནས་ཏེ་གང་གཱའི་དབུས་སུ་འོ་མ་དང་། ཆུ་བཏུང་ཞིང་སྟོང་ཕྲག་སུམ་ཅུར་ཇི་ལྟར་འདོད་པའི་ཉིན་ཞག་གི་བཟླས་པ་བྱའོ། །དེ་ནས་བཟླས་པའི་མཐར་ཀླུ་ཐམས་ཅད་མཐོང་ངོ་། །དེ་ནས་སྒྲུབ་པ་བརྩམས་ཏེ་གྲུའི་དབུས་དེ་ཉིད་དུ་མེ་ཐབ་པདྨའི་རྣམ་པ་བྱའོ། །དེ་ནས་ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་རས་རིས་ལ་མཆོད་པ་ཆེན་པོ་བྱའོ། །རས་རིས་ཀྱི་ཐུ་བོ་ཞལ་ནུབ་ཏུ་ཕྱོགས་པར་བཞག་སྟེ་བདག་ཉིད་ཤར་དུ་མངོན་པར་ཕྱོགས་ཏེ་ཀུ་ཤའི་ཁྲེས་ལ་འདུག་ནས་ནཱ་ག་གེ་སར་གྱི་མེ་ཏོག་རེ་རེ་ལ་ལན་བདུན་མངོན་པར་སྔགས་པ་བྱས་ནས་སེང་ལྡེང་གི་ཤིང་གིས་མེ་སྦར་ཏེ་ཙནྡན་དཀར་པོ་དང་། གུར་གུམ་བསྲེས་པའི་ནཱ་ག་གེ་སར་གྱི་མེ་ཏོག་རྣམས་ཀྱིས་སྟོང་ཕྲག་བཅུའི་བར་ཇི་སྲིད་བར་སྦྱིན་སྲེག་བྱའོ། །གཞན་ཀླུ་རྣམས་མཐོང་བ་ན་ཉེ་བར་བཅིངས་པའི་དངོས་གྲུབ་ཀྱི་རྫས་རྣམས་རབ་ཏུ་ཆགས་པས་བླང་བར་མི་བྱའོ། །གང་ལས་སྦྱིན་སྲེག་གི་མཐར་གྲུའི་བཞོན་པ་དང་ལྷན་ཅིག་འཕུར་བར་འགྱུར་རོ། །རིག་པ་འཛིན་པ་རྣམས་ཀྱི་རྒྱལ་པོར་འགྱུར་རོ། །ཀླུའི་དབང་པོ་རྒྱལ་པོ་ཐམས་ཅད་ཀྱང་རྗེས་སུ་འབྲང་ཞིང་བྲན་བཞིན་དུ་གནས་སོ། །བར་གྱི་བསྐལ་པ་སུམ་ཅུར་འཚོ་བར་འགྱུར་རོ། །རང་དབང་དུ་སྤྱོད་པར་འགྱུར་རོ། །འགྲོ་བ་ལ་ཐོགས་པ་མེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་སྟེ་དེའི་སྤྱི་བོ་ལ་རེག་པར་མཛད་དོ། །རེག་པ་ཙམ་གྱིས་མངོན་པར་ཤེས་པ་ལྔར་འགྱུར་རོ། །ངེས་པར་སངས་རྒྱས་ཉིད་དུ་ལྷག་པར་འགྲོ་བར་བྱེད་དོ། །གཞན་ཡང་། མཆོག་གི་སྒྲུབ་པའི་ཆོ་གའི་སྒྲུབ་ཐབས་སུ་འགྱུར་བ་ནི་སྔར་བཞིན་དུ་གང་གཱའི་ཀླུང་དུ་ཞུགས་ནས་བིལ་བའི་ཤིང་གི་རང་བཞིན་གྱི་ས་ཧིང་གཅིག་ཉིད་ཀྱི་གྲུའི་བཞོན་པ་བྱས་ནས་ཤིན་ཏུ་བརྟན་པ་ལེགས་པར་བྱས་པ་དེར་མངོན་པར་འཛེགས་ནས་བིལ་པའི་ཤིང་གི་རང་བཞིན་གྱི་སྐྱ་བ་དེས་གྲུ་དེའི་རྗེས་སུ་སྒྲུབ་པ་པོ་ཆེས་མཁས་ཤིང་གསལ་བ་ཉིད་ཀྱིས་གཡབ་པར་བྱ་སྟེ། གང་གཱའི་ཀླུང་ཆེན་པོ་ཡོངས་སུ་མ་དོར་བར་ཀུན་ནས་ཐད་ཀ་འམ། རྒྱུན་རིངས་སུ་གཡབ་པར་བྱའོ། །དེ་ནས་རྩ་བའི་རིག་པ་བཟུང་ནས་སམ། སྙིང་པོའམ། ཉེ་བའི་སྙིང་པོའམ། ཡི་གེ་གཅིག་པའམ། ཁྲོ་བོའམ། ཕོ་ཉའམ། རིང་དུ་རྗེས་སུ་འབྲང་བའམ། གཞན་གང་ཡང་རུང་བའི་སྔགས་བཟུང་ནས་རས་རིས་ཀྱི་ཐུ་བོ་དེ་ཉིད་དུ་ཞལ་ནུབ་ཏུ་ཕྱོགས་པར་བཞག་ནས་བདག་ཉིད་དང་པོ་ཞལ་ཤར་དུ་ཕྱོགས་ལ་ཕྱིས་ནི་ཇི་ལྟར་འདོད་པར་བྱའོ། །འོ་མ་དང་། ནས་ཟན་དང་། འབྲས་བུ་བཟའ་བའམ། ཆུ་འམ་པདྨའི་རྩ་བ་དང་། འབྲས་བུ་བཟའ་ཞིང་སྨྲ་བ་བཅད་དེ་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་ལན་གསུམ་བརྗེས་ཏེ་ཤིན་ཏུ་དཀར་བའི་ལས་ཀུན་ཏ་ཨུ་སྤྱོད་ཅིང་ཤིན་ཏུ་དཀར་བའི་བློ་དང་ལྡན་པས་དང་པོ་རེ་ཞིག་རས་རིས་ཀྱི་སྤྱན་སྔར་ཇི་ལྟར་ཉེ་བར་བསྟན་པ་བཞིན་དུ་སྔར་ཆོ་ག་མཐོང་བས་རིག་པ་འབུམ་ཕྲག་བཅུ་བཟླས་པར་བྱའོ། །དེ་ནས་གལ་ཏེ་རྩ་བའི་རིག་པར་འགྱུར་རོ། །དེ་ནས་སྟོང་ཕྲག་དྲུག་ཅུ་བཟླས་པའི་མཐར་གྲུ་རྒྱ་མཚོ་ཆེན་པོར་འགྲོ་བར་འགྱུར་རོ། །དེ་ནས་སྒྲུབ་པའི་ཡོ་བྱད་རྣམས་བསྡུས་ཏེ་སྔར་གནས་དེ་ཉིད་དུ་གཞག་པར་བྱའོ། །དེ་ནས་གྲུའི་བཞོན་པ་རྒྱ་མཚོ་ཆེན་པོར་འགྲོ་བ་ན་འཇིགས་པར་མི་བྱ་ཞིང་བཟློག་པར་མི་བྱའོ། ། སྒྲུབ་པ་པོའི་དབང་ལས་མ་གཏོགས་པར་བཟློག་པར་ནུས་པའང་མ་ཡིན་ནོ། །དེ་ནས་དཔག་ཚད་སྟོང་དུ་གནས་པའི་རྒྱ་མཚོ་ཆེན་པོ་ཡང་ཡུད་ཙམ་གྱིས་འཇུག་པར་བྱེད་དོ། ། ལམ་ཐུང་ན་ལྟ་ཅི་སྨོས། དེར་ཞུགས་ནས་ཆུའི་སྟེང་དུ་སྒྲུབ་པའི་ལས་བརྩམས་པར་བྱའོ། །དེ་ནས་མེ་ཐབ་སྔར་གྱི་རྣམ་པའམ། རྫ་མཁན་གྱིས་བྱས་པའི་སའི་སྣོད་དུ་སེང་ལྡེང་གི་མེ་སྤར་ལ་ནཱ་ག་གེ་སར་གྱི་ཟེ་འབྲུ་དང་། མེ་ཏོག་ཙནྡན་དཀར་པོ་དང་། ག་བུར་དང་བསྲེས་པའི་སྲེག་བླུགས་ཆེས་ཉུང་བའམ། ཆེས་མང་བའི་ཚད་ཀྱང་རུང་སྟེ། སྔར་བཞིན་དུ་རྩ་བའི་རིག་པས་འབུམ་ཕྲག་དྲུག་ཅུ་སྦྱིན་སྲེག་བྱའོ། །སྦྱིན་སྲེག་བྱེད་པ་ན་ལང་ཀའི་གྲོང་ན་གནས་པའི་སྲིན་པོ་གཟུགས་སྣ་ཚོགས་འཛིན་པ་རྣམས་ཧཱ་ཧཱ་ཞེས་སྒྲོགས་པ་དང་། ཀླུའི་གྲོང་ལོངས་སྤྱོད་ལྡན་ན་གནས་པའི་ཀླུའི་རྒྱལ་པོ་རྣམ་པ་སྣ་ཚོགས་པའི་གཟུགས་འཆང་བ་ཆེས་ཞི་བ་དང་། ཆེས་ཁྲོ་བ་རྣམས་ལ་ངས་ཏེ་ཀླུ་དང་། སྲིན་པོ་རྣམས་ཀྱང་འདི་སྐད་ཅེས་སྨྲའོ། །ཁྱེད་བཞེངས་ཤིག་།བཞེངས་ཤིག་།བདག་ཅག་གི་རྗེ་བོ་མཛོད་ཅིག་ཅེས་སོ། །དེ་བཞིན་དུ་ལྷ་མ་ཡིན་དང་། གནོད་སྦྱིན་དང་། ལྷ་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུབ་པ་དང་། མི་མ་ཡིན་པ་ཐམས་ཅད་ཀྱང་རབ་ཏུ་ཆགས་པར་བྱེད་མོད་ཀྱི་ལྡང་བར་མི་བྱའོ། །དེ་ནས་རིག་པ་འཛིན་པས་སྔགས་བཟླ་ཞིང་ལག་པ་གཡོན་པའི་སྡིགས་མཛུབ་ཀྱིས་བསྡིགས་པར་བྱའོ། །དེ་ནས་རྣམ་པ་བྱོལ་ཞིང་ཕན་ཚུན་རབ་ཏུ་འབྲོས་ལ་འཇིགས་པར་བྱེད་དོ། །དེ་ནས་སྦྱིན་སྲེག་གི་མཐར་གྲུ་དེས་སྒྲུབ་པ་པོ་དེ་ཁྱེར་ནས་སྐད་ཅིག་ལ་འོག་མིན་གྱི་གནས་སུ་འགྲོ་བར་བྱེད་དོ། །འཇིག་རྟེན་གྱི་ཁམས་གཞན་དུའང་ཡང་འགྲོ་ཞིང་འོང་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་སེམས་ཤེས་པར་འགྱུར་རོ། །མངོན་པར་ཤེས་པ་ལྔ་དང་། རྫུ་འཕྲུལ་ཆེན་པོ་དང་། མཐུ་ཆེན་པོ་དང་ལྡན་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཐོང་བར་འགྱུར་རོ། །ཀླུ་ཐམས་ཅད་དང་། སྲིན་པོ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང་། ལྷ་ཐམས་ཅད་དང་། ལྷ་མ་ཡིན་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱང་འདིའི་དབང་དུ་འགྱུར་ཏེ་བཀའ་བཞིན་བྱེད་པ་ལ་བཞག་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་རྣམས་འདིའི་སྔགས་གྲུབ་པ་དེ་རྣམས་ཀྱང་འདི་ལ་བྱམས་པའི་བདག་ཉིད་དུ་འགྱུར་རོ། །རྗེས་སུ་འདོད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གཞན་ཡང་། ལས་ཀྱི་ཆོ་ག་མཆོག་སྒྲུབ་ཐབས་སུ་འགྱུར་བ་ནི་བིལ་བའི་ཤིང་ལ་གྲུ་བོ་ཆེའི་བཞོན་པ་བྱེད་དུ་གཞུག་སྟེ་ཤིང་གཅིག་གི་བཞོན་པའམ། བསྡུས་པའང་རུང་སྟེ་གནས་ཆེན་པོ་བྱའོ། །གང་གཱའི་དབུས་ཀྱི་གླིང་དེར་གནས་པའི་གྲུའི་བཞོན་པར་སྐྱེས་བུ་བརྒྱ་ཉི་ཤུ་ལག་ན་སྒྲོན་མེ་ཐོགས་པ་རྣམས་གྲུའི་བཞོན་པ་ལ་འཛེགས་ཏེ་གོས་དཀར་པོ་གྱོན་ཞིང་སྲུང་བ་བྱས་པ་རས་རིས་ཀྱི་ཐུ་བོ་སྔར་གྱི་ཆོ་གས་ཀུན་ཏུ་བཞག་པའི་སྤྱན་སྔར་གཞག་པར་བྱའོ། །དེ་ནས་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་ནཱ་ག་གེ་སར་གྱི་ཕྱེ་མ་རྣམས་དང་། གུར་གུམ་དང་། ཙནྡན་དཀར་པོ་དང་ག་པུར་བསྲེས་པ་དང་། སེང་ལྡེང་གི་སྲེག་བླུགས་སྟོང་ཕྲག་སུམ་ཅུ་རྩ་དྲུག་སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་གི་མཐར་གྲུ་དེ་སྐད་ཅིག་ཙམ་གྱིས་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང་འོང་བར་འགྱུར་ཏེ་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་རྒྱུའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ། །མཐོང་བ་ཙམ་ལས་ཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ལྔ་དང་། ཡུན་རིང་དུ་འཚོ་ཞིང་བསྐལ་པ་ཆེན་པོར་གནས་པར་འགྱུར་རོ། ། རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོར་འགྱུར་རོ། །མར་མེ་འཛིན་པ་དེ་རྣམས་ཀྱང་འདིའི་རིག་པ་འཛིན་པ་གྲུབ་པར་འགྱུར་རོ། །ལྷན་ཅིག་སྤྱོད་པ་དེ་རྣམས་དང་། ཐབས་གཅིག་ཏུ་ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་རྒྱུ་ཞིང་རང་དགར་འགྲོ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པ་དང་། བསྙེན་བཀུར་གྱིས་མངོན་པར་དགྱེས་པར་འགྱུར་རོ། །མཐར་ཡང་སངས་རྒྱས་ཉིད་དུ་ངེས་པར་འགྱུར་རོ། །གཞན་ཡང་། ལས་ཀྱི་ཆོ་གའི་སྒྲུབ་ཐབས་དམ་པར་གྱུར་པ་ནི། ཆུ་ཀླུང་འགྲམ་མམ་རྒྱ་མཚོའི་ངོགས། ། དེ་བཞིན་ཁ་བ་ཅན་གྱི་རིར། །རི་ཡི་རྒྱལ་པོའི་འབིགས་བྱེད་དེ། །དེར་ནི་ལས་མཆོག་བསྒྲུབ་པར་བྱ། །ས་ཧྱེ་མ་ལ་ཡ་ཉིད་དང་། །རི་བོ་སྤོས་ཀྱི་ངད་ལྡང་དང་། །བྱ་རྒོད་ཕུང་པོའི་རི་རྒྱལ་དུ། །ལས་ཀྱི་མཆོག་ནི་བསྒྲུབ་པར་བྱ། །རྒྱ་མཚོ་ཆེན་པོའི་བྲག་དང་ནི། །ཤིང་སོགས་མེ་ཏོག་ལྡན་པ་སྟེ། །རྒྱལ་བས་གསུངས་པའི་སྔགས་རྣམས་ནི། །ཕྱོགས་འདི་རྣམས་སུ་བསྒྲུབ་པར་བྱ། །རྣམ་པར་དབེན་པའི་ཕྱོགས་གཙང་མ། །བས་མཐའ་གྲོང་པའི་ཆོས་བཞི་ལ། །མི་སྨྲ་རེག་པ་སྤངས་ནས་ནི། །རྟག་ཏུ་གཅི་བ་བྱ་བ་ཡིན། །ལུས་ལ་ལྷག་གནས་བཤང་བ་དང་། །བརྟུལ་ཞུགས་ཅན་དག་གཙང་སྦྲ་བྱ། །རེག་ན་གཞོན་ཤ་ཅན་རྣམས་འདོད། །སྲོག་ཆགས་སྤངས་པའི་ས་རྣམས་ནི། །གསུམ་པ་དེ་བཞིན་བླངས་ནས་ནི། ། རྟག་པ་ཁོ་ནར་བཤང་ལམ་ལའོ། །དེ་བཞིན་གཉིས་ཀའི་མཐར་ལག་པ། །སྔགས་པས་རྟག་ཏུ་ས་དག་ནི། །སྔར་བསྟན་པ་དག་བླངས་ནས་ནི། །ཟློས་པས་རྟག་ཏུ་རྐང་པ་ཉིད། །གཡས་དང་དེ་ལས་གཞན་པ་ནི། །ཕན་ཚུན་ཉིད་དུ་ཀུན་བཞག་ནས། །འབད་པས་རྐང་པ་བཀྲུ་བར་བྱ། །རྒྱ་ཆེར་སྔར་ནི་བརྗོད་པ་བཞིན། །སྔགས་ཟློས་པོ་ཡི་གཙང་སྦྲ་ཡང་། །དྲི་ང་མེད་པའི་གཙང་སྦྲ་སྟེ། །རྟག་ཏུ་ཐུབ་པ་ཉིད་ཀྱིས་གསུངས། །འདི་དག་མདོར་བསྡུས་བསྟན་པ་ཡིན། །རྒྱུད་རྣམས་ཀུན་ཏུ་མཐོང་ངོ་ཞེས། །མངའ་བདག་ཐུབ་པ་ཉིད་ཀྱིས་གསུངས། །དེ་ནས་ཟློས་པོས་ཉེ་རེག་བྱ། །སྡོམ་བརྩོན་དངོས་གྲུབ་ལས་ལ་དགའ། །སྔར་བརྗོད་པ་ཡི་ཆོ་ག་ཡིས། །ཡིད་ཀྱི་ནང་གི་དག་པ་ཡིན། །གཙང་སྦྲ་རྣམ་པ་ལྔ་རུ་བརྗོད། །སྔགས་པས་སྔགས་རྣམས་ཐམས་ཅད་དུ། །ལུས་ཀྱི་གཙང་སྦྲ་དེ་བཞིན་དུ། །ངག་ཡིད་ཁོ་ནར་རབ་ཏུ་བསྒྲགས། །བཞི་པ་བདེན་པའི་གཙང་སྦྲ་སྟེ། །ཆུ་ནི་ལྔ་པར་བརྗོད་པར་བྱ། །བདེན་པའི་ཆོས་ནི་ཁྲོ་བ་ཐུལ། །རྒྱུད་ཤེས་བསྟན་བཅོས་མཐོང་བ་དང་། །ཕྲ་མོའི་དེ་ཉིད་དོན་ལ་མཁས། །སྔགས་ཤེས་ལས་ལ་གྲགས་པ་དང་། །རྒྱུ་ཡིས་ནད་ལ་མཁས་པ་སྟེ། །དེ་ལ་དངོས་གྲུབ་རྙེད་མི་དཀའ། །བདེན་པའི་ཆོས་ནི་རྣམ་སྤངས་བའི། །བརྫུན་པའི་ཚིག་ནི་སྨྲ་མི་བྱ། །བདེན་པ་ཐམས་ཅད་རྣམ་སྤངས་པའི། །མ་རུངས་རབ་ཏུ་མ་རུངས་ཉིད། །རྣམ་པར་སྡང་དང་འཁྲུགས་བཅས་དང་། །རྩུབ་ཅིང་གནད་ནི་འགེམས་པ་དང་། །བདེན་པའི་ཆོས་ནི་རྣམ་པར་ཉམས། །སེམས་ཅན་གཞན་ལ་གདུང་བར་བྱེད། །ཕྲ་མ་ཉོན་མོངས་ཅན་སེམས་དང་། །ཆོས་རྣམས་ཐམས་ཅད་སྤངས་པ་དང་། །དེ་བཞིན་འཚེ་བའི་བདག་ཉིད་ཅན། །རྟག་ཏུ་ཁྲིམས་འཆལ་ཆོས་མིན་སྤྱོད། །སྔགས་ཟློས་པ་ཡིས་སྤང་བར་བྱ། །དེ་བཞིན་ཉིད་དུ་གྲོང་གི་ཆོས། །ཁྲོ་བ་བརྣབ་སེམས་འབྱུང་བ་ཡི། །འཇིག་རྟེན་ཕ་རོལ་འཇིགས་པ་རྣམས། །བློ་ལྡན་རང་རྒྱལ་བསེ་རུ་དང་། །སླར་ཡང་རྟག་ཏུ་ཉོན་མོངས་དང་། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་སྨད། །དེ་བཞིན་རྟག་ཏུ་བརྫུན་སྨྲ་བ། །འཇིག་རྟེན་དངོས་གྲུབ་འདོད་དོན་གཉེར། །ས་སྟེང་བརྫུན་སྨ་ཉེ་བར་སྨྲ། །མི་བཟད་དམྱལ་བ་ཆེན་པོར་ལྟུང་། །སྔོན་གྱིས་ཉེས་པ་ལས་དེ་བཞིན། །དགའ་བས་གཤིན་རྗེའི་འཇིག་རྟེན་དུ། །རྟག་ཏུ་སླར་ཡང་དེར་གནས་སོ། །རྟག་ཏུ་བརྫུན་སྨྲས་ཉེར་འཚོ་བ། །མི་བཟད་ངན་འགྲོར་ལྟུང་བར་འགྱུར། །ཐིག་ནག་རབ་ཏུ་ཚ་བ་དང་། །ཡང་སོས་རལ་གྲི་ལོ་མ་དང་། །དེ་བཞིན་ཤལ་མ་ལ་ཡི་ནགས། །དེར་ནི་བསྐལ་པ་མང་པོར་གནས། ། བརྫུན་དུ་སྨྲ་བའི་སྐྱེ་བོ་ནི། །གསང་སྔགས་ལོག་པར་སྨྲ་བ་དང་། །རྨོངས་པས་ལོག་པར་བརྗོད་པ་ཡི། །འབྱུང་པོ་རྣམས་ལ་སླུ་བྱེད་པ། །དེ་ལ་གྲུབ་པ་ག་ལ་ཡོད། །དེ་ཕྱིར་རྨོངས་པ་ལས་འདི་ཡི། །སྔགས་ཀྱི་དངོས་གྲུབ་མ་མཐོང་ནས། །སྔགས་པའི་དངོས་གྲུབ་མེད་དོ་ཞེས། །འདི་སྐད་དུ་ནི་ཚིག་སྨྲ་པ། །གང་གིས་སངས་རྒྱས་བསྟན་པ་ནི། །ས་སྟེངས་འདིར་ནི་རབ་སྤངས་པ། །བསྐལ་བ་བྱེ་བ་མང་པོ་ཡིས། །དེ་ཡིས་གྲུབ་པར་ག་ལ་འགྱུར། །དེ་ཕྱིར་འདི་ནི་མི་བཟད་པའི། །འཇིགས་ཆེན་མནར་མེད་འཚེད་པར་འགྱུར། །ཡང་སོས་དང་ནི་ཐིག་ནག་དང་། །རབ་ཏུ་ཚ་བར་འཚེད་པ་དང་། །སེམས་ཅན་སྡིག་སྦྲུལ་ལ་སོགས་པ། །སྦངས་པའི་ས་ཕྱོགས་འདོད་པར་བྱ། །འབྲས་བུ་མེ་ཏོག་ཡང་དག་ལྡན། །དྲི་མེད་ཆུ་ནི་རབ་བསྔགས་པ། །སྔགས་རིག་པས་ནི་སྔགས་བསྙེན་བྱ། །ཡུལ་གཞན་རྣམས་སུ་བསྒྲགས་མི་བྱ། །ལྷ་ཡི་གནས་སམ་དུར་ཁྲོད་དམ། ། བརྟན་པའི་མཚན་མ་གཅིག་པ་དང་། །རྟགས་གཅིག་དེ་བཞིན་བས་མཐའ་རུ། །སྔགས་རིག་སྔགས་ནི་བསྙེན་པ་བྱ། །བདག་དང་གྲོགས་རྣམས་བསྲུང་བྱས་ནས། །སྔར་སྤྱད་གསང་སྔགས་ལྡན་པ་དང་། །སྔགས་པས་རྟག་ཏུ་སྔགས་བཟླས་བྱ། །དགོན་པ་ཆེ་མཆོག་ཤིང་ཆེན་དང་། །མེ་ཏོག་འབྲས་བུ་ལ་སོགས་འབྱུང་། །རི་ཡི་རྩེ་དང་ཁུང་བུ་དང་། །ཆུ་ཡི་གནས་ནི་གཙང་མར་བཅས། །འབབ་ཆུ་ཆེ་འགྲམ་ཡིད་འོང་བར། །སྔགས་རིག་པས་ནི་སྔགས་བསྙེན་བྱ། །སྔགས་ཤེས་ནས་ནི་ངེས་རྟོགས་བྱེད། །ཤར་ཕྱོགས་སུ་ཡང་ཆུ་ཀླུང་ཆེ། །ལུ་ཧི་ཏ་འགྲམ་དགེ་བ་དང་། །དེ་བཞིན་ཀཱ་མ་རུ་པའི་ཡུལ། །གྲོང་མཆོག་འཕེལ་བར་བྱེད་པ་དང་། །དམའ་བ་གང་དུ་འདི་འགྲོ་མཆོག་།འདུག་པ་དང་ནི་ཆུ་ཀླུང་མཆོག་། གནས་དེར་རྟག་ཏུ་ཟློས་པ་དང་། །གཙང་མ་བློ་གྲོས་ལྡན་པས་བསྟེན། །སྔོན་དུ་བསྙེན་པའང་དེར་གྱིས་ཤིག་།གང་གཱའི་སྒོ་རུ་ལས་རྣམས་ཀུན། །དེ་བཞིན་རྟག་ཏུ་གང་གཱ་དང་། །དུག་ཅན་པ་ནི་ཕྲད་པ་རུ། །རབ་ཏུ་སྦྱོར་བ་ཀུན་ཉིད་དང་། །གཙང་མའི་སྔགས་ཀྱིས་བཟླས་པ་བྱ། །དུར་ཁྲོད་ཆེ་དང་གཞན་ཉིད་ནི། །ཟློས་པོས་དེར་ནི་རྟག་ཏུ་བཟླས། །དྲི་མེད་ཆུ་དང་འབབ་ཆུ་ནི། །སྲོག་ཆགས་རྣམས་ཀྱིས་སྤངས་པ་རུ། །དེ་ཉིད་ཕྱིར་ནི་ཤིན་ཏུ་ནི། །མཉམ་གཞག་སྔགས་ཀྱིས་བཟླས་པ་བྱ། །དེར་ནི་འཇིག་རྟེན་བསམ་པ་ཡི། །བསོད་ནམས་མིན་བ་ཅུང་ཟད་མཐོང་། །འོན་ཀྱང་སྔགས་ཀྱིས་ཉེར་བསྟན་པས། །ཅུང་ཟད་དུས་སུ་འདུག་པར་བྱ། །དེ་ནས་གཞན་དུ་འགྲོ་བར་བྱ། །ཟླ་བ་གཟས་ཟིན་དུས་དེར་ནི། །དུས་མ་བབ་ནའང་དུས་ཅུང་ཟད། །དེར་འདུག་བྱ་ཡི་གཞན་དུ་མིན། །གཞན་དུ་སྔགས་རིག་ཅི་ནུས་པས། །དེ་ནས་མྱུར་དུ་འགྲོ་བར་བྱ། །བདེ་གཤེགས་མཆོད་རྟེན་བཞུགས་པ་ཡི། །ས་སྟེང་རྣམས་སུ་ཀུན་ཏུ་འདུག་། འཇིག་རྟེན་མུ་སྟེགས་ཐམས་ཅད་ནི། །ལྟ་བ་ངན་བར་ལྷུང་བ་རྣམས། །མུ་སྟེགས་ཅན་གཞན་གནས་རྣམས་ནི། །སྔགས་རིག་པས་ནི་རྟག་ཏུ་སྤང་། །སྔགས་ཤེས་དེར་ནི་མི་བསྡད་དོ། །སྐྱེས་མཆོག་བློ་གྲོས་རྒྱུ་ངན་པ། །རྒྱལ་བ་མཆོག་གིས་གང་བཞུགས་དང་། །རང་རྒྱལ་བསེ་རུ་ལྟ་བུ་དང་། །བྱང་ཆུབ་སེམས་དཔའ་བསྐལ་བ་ཆེ། །རྒྱལ་མཆོག་སྲས་པོ་ཉན་ཐོས་རྣམས། །དེ་རྣམས་ཀུན་བཞུགས་ས་སྟེང་གི་།ཡུལ་རྣམས་ཀུན་ཏུ་སྔགས་ཤེས་པས། །འབད་པས་སྔོན་དུ་བསྙེན་པ་བྱ། །མཉམ་པར་གཞག་པས་གསང་སྔགས་ནི། །གནས་དེ་རུ་ནི་བཟླས་པར་བྱ། །གསུངས་པའི་གནས་ནི་འདི་རྣམས་སུ། །གསུངས་པའི་ལས་རྣམས་ཐམས་ཅད་དང་། །ལས་ཀྱི་ཆོ་གའི་སྒྲུབ་ཐབས་རྣམས། །འདི་རྣམས་རྙེད་པར་མ་གྱུར་ན། །གང་ཡང་རུང་བའི་གནས་དེར་ནི། །གཙང་མས་སྔོན་དུ་བསྙེན་པ་བྱ། །དད་ཅིང་མོས་པས་སྒྲུབ་ཐབས་ཀྱི། །ཆོ་ག་མཆོག་གི་ལས་བརྩམ་མོ། །དང་པོ་རེ་ཞིག་བྲིས་སྐུའི་ཐུ་བོ་ཞལ་ནུབ་ཏུ་བསྟན་ནས་བཞག་སྟེ་བདག་ཉིད་ཤར་དུ་མངོན་པར་ཕྱོགས་ལ་གྲོག་མཁར་གྱི་སའམ། གང་གཱའི་ཀླུང་གི་འགྲམ་གྱི་ས་བླངས་ནས་བུ་ཤེལ་རྩེ་དང་། ཙནྡན་དཀར་པོ་དང་། གུར་གུམ་དང་། ག་པུར་རྣམས་བསྲེས་ལ་རྨ་བྱའི་གཟུགས་བྱས་ཏེ་དེ་བྲིས་སྐུའི་སྤྱན་སྔར་བཞག་ན་ཨས་རྩེ་མོ་མ་བཅད་པའི་ཀུ་ཤ་གཙང་མའི་ཕྱོགས་ནས་བྱུང་བས་འཁོར་ལོའི་རྣམ་པ་བྱས་ནས་བྲིས་སྐུའི་སྤྱན་སྔར་ལག་པ་གཡས་པས་བཟུང་སྟེ་ལག་པ་གཡོན་པས་ནི་རྨ་བྱའོ། །དཀར་པོའི་ཟླ་བ་ཉ་བའི་མཚན་ཕྱེད་ན་བྲིས་སྐུ་ལ་མཆོད་པ་ཆེན་པོ་བྱས་ནས་ག་པུར་གྱིས་བདུག་པ་བསྲེགས་པའི་དྲི་དང་། ཇི་སྲིད་ནམ་ལངས་པའི་བར་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ཉི་མ་འཆར་བའི་དུས་ཀྱི་ཚེ་དེ་རྨ་བྱའི་རྒྱལ་པོར་འགྱུར་རོ། །འཁོར་ལོའང་འབར་རོ། །བདག་ཉིད་ལྷའི་ཕྲེང་བ་དང་། གོས་འཆང་ཞིང་རྣམ་པར་བརྒྱན་པ་དང་། ཉི་མ་འཆར་ཀ་འདྲ་བར་འདོད་པའི་གཟུགས་ཅན་དུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ཏེ་རས་རིས་ལ་བསྐོར་བ་བྱས་ལ་རས་རིས་བླངས་ནས་རྨ་བྱའི་གདན་དེ་ལ་འདུག་ན་ཡུད་ཙམ་གྱིས་ཚངས་པའི་འཇིག་རྟེན་ལས་འདའ་བར་བྱེད་དོ། །རིག་པ་འཛིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བའི་རིག་འཛིན་གྱི་རྒྱལ་པོ་འཁོར་ལོས་བསྒྱུར་བར་འགྱུར། བསྐལ་པ་དྲུག་ཅུའི་བར་དུ་འཚོ་བར་འགྱུར་རོ། །ཇི་ལྟར་འདོད་པར་འགྲོ་ཞིང་རབ་ཏུ་སྤྱོད་པར་འགྱུར་རོ། །ཐོགས་པ་མེད་པར་འགྲོའོ། ། ལྷའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་ཉིད་འདིའི་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །མཐར་ཡང་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེ་བཞིན་དུ་དབྱིག་པ་དང་། རིལ་བ་སྤྱི་བླུགས་དང་། མཆོད་ཕྱིར་ཐོགས་དང་། ལྡོང་རོས་དང་། གི་ཝང་དང་། རལ་གྲི་དང་། ལྕགས་མདའ་དང་། མཚོན་རྩེ་གཅིག་པ་དང་། དགྲ་སྟ་དང་། མཚོན་ཆའི་ཁྱད་པར་རྣམ་པ་སྣ་ཚོགས་པ། སའི་རང་བཞིན་གྱི་ཁྱད་པར་དང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། བྱ་དང་། བཞོན་པའི་ཁྱད་པར་སེང་གེ་དང་། སྟག་དང་། གཟིག་ལ་སོགས་པ་རྣམས་གྲོག་མཁར་གྱི་ས་དྲི་ཞིམ་པོའི་དྲི་ཞིམ་བསྲེས་པ་ལས་བྱས་པའམ། སྟན་དང་། བཞོན་པ་དང་། མལ་ཆ་དང་། གདུགས་དཀར་པོ་དང་། ཅོད་པན་དང་། རྒྱན་གྱི་བྱེ་བྲག་ཐམས་ཅད་དང་། རིན་པོ་ཆེའི་བྱེ་བྲག་ཐམས་ཅད་དང་། རབ་ཏུ་བྱུང་བའི་ཡོ་བྱད་ཀྱི་བྱེ་བྲག་ཐམས་ཅད་ལ་བགྲང་ཕྲེང་དང་། མཆིལ་ལྷམ་དང་། ལྷུང་བཟེད་དང་། ཆོས་གོས་དང་། ཁབ་དང་། གྲི་ལ་སོགས་པ་རྒྱལ་གྱི་ལྕགས་ལས་བྱས་པའམ། གཞན་ཡང་གང་ཅུང་ཟད་སེམས་ཅན་གྱི་ཡོ་བྱད་སྣོད་ལ་སོགས་པ་རྒྱལ་གྱི་ལྕགས་ལས་བྱས་པའམ། གྲོག་མཁར་གྱི་སའམ། ཆུ་ཀླུང་གི་ས་ལས་བྱས་པ་དེ་ཐམས་ཅད་པའི་རྣམ་ལྔས་བཀྲུས་ནས་མངོན་པར་བསང་གཏོར་བྱས་ཏེ་སྔ་མ་བཞིན་དུ་སྦྱོང་བའི་སྔགས་སམ། ཡི་གེ་གཅིག་པའི་སྔགས་སམ། སྔགས་གཞན་གང་ཡང་རུང་བ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནས་རྟོག་པའི་རྒྱལ་པོ་འདིར་གསུངས་པ་མ་གཏོགས་པ་སྒྲུབ་པའི་ཆོ་གའི་རིག་པ་ཇི་ལྟར་འདོད་པ་དང་། ཇི་ལྟར་མངོན་པར་དགའ་བས་བདག་ཉིད་སྲུང་ཞིང་གྲོགས་པོ་ཡོངས་སུ་བསྐྱབ་པར་བྱས་པ། ཤིན་ཏུ་གསང་ཐུབ་ཅིང་སྔགས་དང་། རྒྱུད་ཤེས་པ། སྔར་བསྟན་པའི་གནས་སུ་བྲིས་སྐུ་ཞལ་ནུབ་ཏུ་བསྟན་ལ་བཞག་སྟེ་བདག་ཉིད་སྔར་བཞིན་དུའོ། །བྲིས་སྐུ་ལ་མཆོད་པ་ཆེན་པོ་བྱས་ནས་གཙོ་བོར་ག་བུར་གྱི་བདུག་པ་བསྲེགས་ཏེ་སྔར་བསྟན་པའི་མཚོན་ཆ་དང་། ཡོ་བྱད་དང་། སེམས་ཅན་གྱི་ཁྱད་པ་རྣམས་སྔར་བསྟན་པའི་བཅོས་མར་བྱས་ལ་ཡར་ངོའི་ཟླ་བ་ཉ་བའི་མཚན་མོ་རྫས་དེ་རྣམས་གང་རུང་བླངས་ཏེ་མཚན་མོ་ཇི་སྲིད་དུ་བཟླས་པ་བྱས་ན་ཉི་མ་འཆར་བའི་དུས་ཀྱི་ཚེ་བར་སྐབས་འདིར་བྲིས་སྐུ་ལ་འོད་ཟེར་གྱི་ཕྲེང་བ་ཆེན་པོ་ཀུན་ཏུ་མཐོང་ངོ་། །གལ་ཏེ་སྒྲུབ་པ་པོ་བཞོན་པའི་ཁྱད་པར་བླངས་པར་གྱུར་ན་དེ་ལ་ཞོན་ནས་ཇི་ལྟར་འདོད་པར་འགྲོ་བར་འགྱུར་རོ། །གལ་ཏེ་རྒྱན་གྱི་ཁྱད་པར་རམ། མཚོན་ཆའི་ཁྱད་པར་བླངས་པའམ། བཅང་པས་རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་འགྱུར་རོ། །ཇི་ལྟར་འདོད་པ་བཞིན་འགྲོ་ཞིང་ལྷའི་ལུས་ཅན་ཉི་མ་ཤར་བ་དང་མཚུངས་པ་འོད་ཟེར་ཆེན་པོའི་ཕྲེང་བ་དང་ལྡན་པ་གློག་ལྟར་གསལ་བའི་སྐུ། རིག་པ་འཛིན་པ་ཐམས་ཅད་ཀྱི་མངའ་བདག་། རིང་དུ་འཚེ་ཞིང་བསྐལ་པ་ཆེན་པོར་གནས་པ། རིག་པ་འཛིན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར། ལྷའི་ནོར་བུ་རིན་པོ་ཆེའི་གཞལ་ཡས་ཁང་ན་སྤྱོད་པ། སྔར་ཡོངས་སུ་བརྟགས་པའི་སའི་རང་བཞིན་གྱི་བཞོན་པ་གང་གིས་གྲུབ་པ་དེ་ཉིད་མཐུ་ཆེན་པོར་འགྱུར་ཏེ་དེ་ཉིད་འདིའི་བཞོན་པ་དང་། དེ་ཉིད་འདིའི་གྲོགས་པོ་སྟེ་གཞན་གྱི་སྔགས་ཀྱི་དངོས་གྲུབ་བཟློག་པར་གྱུར་པ་བདག་གི་སྔགས་ཀྱི་དངོས་གྲུབ་ཀུན་ཏུ་སྦྱར་བར་བྱས་པ། བྱམས་པའི་བདག་ཉིད་ཅན། ཕན་པར་འདོད་པ་རྟག་ཏུ་རྗེས་སུ་བཅིངས་པ། དེ་ཉིད་འདིའི་མཚོན་ཆ་དང་། རྒྱན་དང་། རིན་པོ་ཆེའི་བྱེ་བྲག་དང་། སྟན་དང་། མལ་ཆ་དང་། སེམས་ཅན་ལ་སོགས་པ་གང་ཡིན་པ་དེ་ཉིད་འདིའི་བསྲུང་བ་དང་། བསྐྱབ་པ་དང་། སྦྱ་བ་ཆེན་པོ་རྟག་ཏུ་རྗེས་སུ་འབྲེལ་བར་འགྱུར་རོ། །མཐུ་ཆེན་པོ་དང་། བརྩོན་འགྲུས་ཆེན་པོ་དང་། ལུས་ཆེན་པོར་འགྱུར་རོ། །འཕགས་པ་སྤྱན་ར་ཨས་གཟིགས་མངོན་སུམ་དུ་མཐོང་ཞིང་ལེགས་སོ་ཞེས་བྱ་བ་གནང་སྟེ་སྤྱི་བོར་བྱུགས་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་རྗེས་སུ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་མཛད་དེ་སྟོབས་བཅུ་པོ་རྣམས་ངེས་པར་ཀུན་ནས་ཐོབ་སྟེ་མཆོད་པའི་འོས་སུའང་འགྱུར་རོ། །སེམས་ཅན་རྣམས་ཀྱིས་ཟིལ་གྱིས་མི་ནོན་པ་དང་། འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ཡང་དག་པའི་མཐའི་རིགས་རྒྱན་མི་གཅོད་པ་དང་། ས་ཐོབ་པར་ཡང་འགྱུར་རོ། །སྟོབས་བཅུ་དང་། བྱང་ཆུབ་སེམས་དཔའ་ཉིད་དུ་ངེས་པ་དང་། ཏིང་ངེ་འཛིན་དུ་འགྱུར་མདོར་བསྡུས་ན་ལས་མཆོག་ཐམས་ཅད་དང་། གནས་མཆོག་ལ་གནས་པས་རས་རིས་མཆོག་གི་སྤྱན་སྔར་མཆོད་པ་མཆོག་ལ་མངོན་པར་དགའ་བས་ལས་མཆོག་གཞན་ཉིད་བྱའོ། །རིག་པ་འཛིན་པ་ཉིད་ནམ་མཁའ་ལ་འགྲོ་བ་དང་། བྱང་ཆུབ་སེམས་དཔའི་རྗེས་སུ་འཇུག་པ་དང་། མངོན་པར་ཤེས་པ་ལྔ་དང་། ས་རྗེས་སུ་ཐོབ་པར་བྱེད་པ་ཉིད་དང་། ལུས་འདི་ཉིད་ཀྱིས་འཇིག་རྟེན་ཀུན་ཏུ་འགྲོ་བ་ཉིད་དང་། སྟོབས་བཅུའི་རྒྱུད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། འཕགས་པ་བྱམས་པ་མངོན་སུམ་དུ་མཐོང་བ་ཉིད་ཀྱི་ཕྱིར་དང་། ཆོས་བསྟན་པ་དོན་ཡོད་པ་ཉིད་ཀྱི་ཕྱིར་དང་། སངས་རྒྱས་གདུང་རྒྱུན་མི་གཅོད་པ་ཉིད་ཀྱི་ཕྱིར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་ཏུ་གནོན་ཅིང་རྗེས་སུ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། ཆོས་ཀྱི་སྤྲིན་རྣམ་པར་འབྱོར་པ་ལ་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར་དང་། ཉོན་མོངས་པའི་ཡོངས་སུ་གདུང་བ་མེད་ཅིང་བདུད་རྩིའི་ཆར་གྱི་རྒྱུན་གྱིས་རབ་ཏུ་ཞི་བ་ཉིད་ཀྱི་ཕྱིར་དང་། འཇིག་རྟེན་རྗེས་སུ་འཛིན་པ་ལ་རབ་ཏུ་འཇུག་ཅིང་ནན་ཏན་བྱེད་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་སྲུང་བ་ཉིད་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པའི་གསུང་དོན་ཡོད་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། སྔགས་ཀྱི་སྤྱོད་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རབ་ཏུ་སྒོམ་པ་ཉིད་ཀྱི་ཕྱིར་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་བདག་ཉིད་ཆེན་པོ་རྣམས་འབྱུང་བ་ཉིད་ཀྱི་ཕྱིར་རྟོག་པའི་རྒྱལ་པོ་འདི་བསྒྲུབ་པར་བྱ་སྟེ་སྔགས་ཀྱི་མཐའ་རབ་འབྱམས་དང་ལྡན་པ་རས་རིས་ཐུ་བོ་སྤྱན་སྔ་དང་ཉེ་བར་འདུག་ནས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་སྔགས་ཀྱི་ཆོ་ག་དང་། རྒྱུད་ཐམས་ཅད་ད་ཨུ་རྣམ་པ་སྣ་ཚོགས་པའི་ལམ་སྟེ་མདོར་ན་འདིར་རྟོག་པ་གཞན་དུ་གསུངས་པའི་ལས་རྣམས་ཀྱིས་ཀྱང་རས་རིས་ཀྱི་རྒྱལ་པོ་འདི་བསྒྲུབ་པར་བྱ་སྟེ་མྱུར་དུ་དེ་རྣམས་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ་གང་ངས་བསྟན་པ་དེ་དག་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་བ་གྱེན་བརྫེས་ཀྱི་རྩ་བའི་ཆོ་ག་ལས། རས་རིས་མཆོག་གི་སྒྲུབ་པའི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སླར་ཡང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ། ཁྱོད་ཀྱི་རས་རིས་ཀྱི་ཆོ་གའི་སྒྲུབ་ཐབས་བར་མ་ཡོད་དོ། །དེ་མདོར་བསྡུས་ནས་བཤད་པར་བྱ་ཡི། ལེགས་པར་ཡིད་ལ་གྱིས་ཤིག་དང་བཤད་པར་བྱའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྟོན་པ་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་དགྱེས་པ། བདག་ཅག་ལ་ཐུགས་བརྩེ་བའི་དོན་དང་། མ་འོངས་པའི་སྐྱེ་བོ་རྣམས་ལ་གཟིགས་ནས་གང་དེའི་དུས་ལ་བབ་པར་དགོངས་ན་དེ་གསུང་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ཉོན་ཅིག་།དང་པོ་རེ་ཞིག་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། གཙང་སྦྲའི་ཀུན་ཏུ་སྤྱོད་པ་དང་། ངེས་པར་སྡོམ་པ་དང་། བཟླས་པ་དང་། སྦྱིན་སྲེག་དང་། བསམ་གཏན་དང་། ཆོ་ག་དང་། གང་དུ་རབ་ཏུ་གནས་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་སྒྲུབ་པའི་ལས་འབྲས་བུ་དང་བཅས་ཤིང་དོན་མེད་པར་མི་འགྱུར་བ་དང་། སྔགས་ཐམས་ཅད་ཀྱི་རབ་ཏུ་སྦྱར་བའི་དངོས་གྲུབ་འགྲུབ་པར་འགྱུར་བ་དེ་གང་ཞེ་ན། དེ་ངས་བཤད་ཀྱི་སེམས་དཔའ་ཆེན་པོ་ཉོན་ཅིག་།དང་པོ་རེ་ཞིག་རིག་པའི་བརྟུལ་ཞུགས་དང་། ཚུལ་ཁྲིམས་ཡང་དག་པར་བླང་བ་དང་པོ་ཉིད་དུ་ཡང་དག་པར་བླངས་ཏེ། དང་པོ་རེ་ཞིག་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ཉེ་བར་བསྟན་པའི་དམ་ཚིག་ལ་ཡང་དག་པར་རྗེས་སུ་འཇུག་པར་བྱའོ། །ཁྱོད་ཀྱིས་རྟོག་པའི་རྒྱལ་པོ་གསུངས་པ། སྔར་ངེས་པར་བསྟན་པ་གསལ་བ། ཡིད་གཞུངས་པ་དང་ལྡན་པ། སློབ་དཔོན་དུ་དབང་བསྐུར་བ་ཐོབ་བ། ཁྱོད་ཀྱིས་བསྟན་པའི་ཆོ་ག་ཤེས་པ། མཁས་པ། གསལ་བ། ཆོས་དང་ལྡན་པ། བདེན་པར་སྨྲ་བ། སྤྲོ་བ་ཆེ་བ། བྱས་པ་གཟོ་བ། བརྟན་པ། སེམས་བཟང་བ། ཧ་ཅང་མི་རྒན་ཅིང་ཧ་ཅང་མི་གཞོན་པ། རྙེད་པ་དང་། བཀུར་སྟི་ཐམས་ཅད་ལ་འདོད་པ་མེད་པ། ཚངས་པར་སྤྱོད་པ། སྙིང་རྗེ་དང་ལྡན་པ། རྙེད་པ་ཙམ་གྱིས་སམ། ལོངས་སྤྱོད་རྒྱུར་རམ། རྗེས་སུ་ཆགས་པའི་རྒྱུར་ཡང་བརྫུན་མི་སྨྲ་ན་ཤིན་ཏུ་ཆུང་ངུ་ཙམ་ཉིད་དང་། རྙེད་པ་དང་། རྨོངས་པའི་རྣམ་པ་ལྟ་སྨོས། དམ་བཅས་པ་བརྟན་པ་དང་། འབྱུང་པོ་ཐམས་ཅད་ལ་མཉམ་པ་ཉིད་དུ་སྙིང་བརྩེ་བ་དང་ལྡན་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། སྔར་སྤྱད་པ་བྱས་པ། ཁྱོད་ཀྱིས་གསང་བའི་རིག་པ་དང་། སྔགས་རྗེས་སུ་ཟློས་པ་དང་། རིག་པ་སྔོན་དུ་བསྙེན་པ་བྱས་པ། ཁྱོད་ཀྱི་དཀྱིལ་འཁོར་དུ་ཡང་དག་པར་ཞུགས་པ། འཇིག་རྟེན་ཤེས་པ། ཡང་དག་པར་རྗེས་སུ་འཛིན་པར་བྱེད་པ། འབྲས་བུ་དང་ལྡན་ཞིང་མཁས་པ། ལེགས་པ་ལ་རབ་ཏུ་ཞུགས་པ། མི་འཇིགས་ཤིང་མི་གནོད་ལ། ཆགས་པ་མེད་པ། དབང་བ། བརྩོན་འགྲུས་བརྟན་པ། ནང་མེད་པ་སྟེ། ནད་གང་གིས་ལས་སུ་མི་རུང་བའི་ངང་ཚུལ་ཅན་དང་། རིགས་ཆེ་ཞིང་མཐོ་བར་རབ་ཏུ་སྐྱེས་པ་ཞེས་པ། ཡོན་ཏན་འདི་རྣམས་དང་ལྡན་པ་ནི་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་ཏེ་སྒྲུབ་པ་པོའང་དེ་དང་འདྲ་བའམ། ཡན་ལག་ཅུང་ཟད་མ་རྫོགས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་སློབ་དཔོན་ལ་མཆོད་པ་བྱས་ནས་འདི་ལ་དོན་དུ་གསོལ་བ་གདབ་པར་བྱ་སྟེ། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིག་པ་དང་། སྔགས་དང་། བཅོམ་ལྡན་འདས་མ་དེའི་དཀྱིལ་འཁོར་གྱི་དམ་ཚིག་ལ་རྗེས་སུ་འཇུག་པར་འཚལ་ན་བདག་ཅག་ལ་རྗེས་སུ་བརྩེ་བའི་དོན་དང་། ཕན་པའི་ཐུགས་བསྐྱེད་ནས་དེ་སློབ་དཔོན་གྱིས་གསུང་དུ་གསོལ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སྔར་བསྟན་པའི་ཆོ་གས་སློབ་མ་ཇི་ལྟ་བ་བཞིན་རིམ་གྱིས་བརྟགས་ནས་བཞུགས་པར་བྱ་ཞིང་སྔར་བཞིན་དུ་མངོན་པར་དབང་བསྐུར་བ་བྱིན་ནས་རིག་པ་དང་། སྔགས་བྱིན་ལ་རིམ་པ་ཇི་ལྟ་བར་དམ་ཚིག་བསྟན་པར་བྱའོ། །གསང་ཆེན་དང་། ཕྱག་རྒྱ་དང་། རྒྱུད་དང་། སྔགས་དང་། ལས་རྣམས་ཀྱང་དུས་རིང་མོ་ཉིད་ནས་ཡོངས་སུ་བརྟགས་ཏེ་བསམ་པ་ཤེས་ནས་རྒྱུད་དང་། སྔགས་ལ་སོགས་པ་དང་། ལས་རྣམས་ཐམས་ཅད་བསྟན་པར་བྱའོ། །གཞན་དུ་མ་ཡིན་ནོ་ཞེས་པའི་ཆོ་ག་འདི་རབ་ཏུ་བསྒྲགས་སོ། །དེ་ནས་སློབ་མས་དཀྱིལ་འཁོར་གྱི་སློབ་དཔོན་ལ་ཇི་ལྟར་ནུས་པས་གང་གིས་སློབ་དཔོན་དགྱེས་པའམ། བདག་ཉིད་དང་། ལོངས་སྤྱོད་ཀྱང་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་དེས་བུའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །བུ་བཞིན་དུ་བསྐྱང་བར་བྱའོ། །མ་བཞིན་ལོངས་སྤྱོད་ཀྱིས་ཉེ་བར་བསྡུ་བར་བྱའོ། །དེ་ནས་སྒྲུབ་པོ་དེས་རིག་པ་དང་། སྔགས་གང་ཡང་རུང་བ་ཞིག་བཟུང་ནས་མཐའ་གཅིག་ཏུ་སོང་སྟེ་སྔར་བསྟན་པའི་གནས་རྒྱ་ཆེར་གོང་མ་བཞིན་དུ་སྦྱར་བས་རིག་པ་ལ་སོགས་པ་དེ་རྣམས་ཉིད་ཀྱིས་སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་། མར་མེ་དང་། དྲི་དང་། བདུག་པ་དང་། གཏོར་མ་དང་། ལྷ་བཤོས་དག་དཀྱིལ་འཁོར་དུ་གསུངས་པའི་ཆོ་ག་ཉིད་ཀྱིས་རྒྱས་པར་བྱས་ཏེ་སྤྱན་དྲངས་ནས་གདན་ཕུལ་བ་ཐུན་མཚམས་གསུམ་དུ་ཁྲུས་གསུམ་བྱ་ཞིང་གོས་ལན་གསུམ་བརྗེས་ཏེ་ཉི་མ་སོ་སོ་ལ་བཟླས་པར་བྱའོ། །དེ་ལ་ཐུན་མཚམས་ཀྱི་དུས་ཞེས་བྱ་བ་ནི་མཚན་མོའི་མཐའ་ནས་བརྩམས་ཏེ་ཇི་སྲིད་ཉི་མ་འཆར་བའི་དུས་ཙམ་གྱི་བར་འདི་ལ་དང་པོར་བཤད་དོ། །ཉི་མ་གུང་ནི་ཉི་མ་ཤར་བའི་མཐར་དུས་ཙམ་གྱི་ཚད་ཀྱི་མཚམས་ཉི་མའི་དཀྱིལ་འཁོར་ནམ་མཁའ་ལ་ཡང་དག་པར་བརྟེན་པ་ནི་ཆོ་ག་ཤེས་པས་གུང་གི་ཐུན་མཚམས་སུ་ཤེས་པར་བྱའོ། ནུབ་པའི་དུས་སུའང་ལྷག་མ་བཞི་ཆ་ཙམ་ཐུན་མཚམས་གསུམ་པར་བརྗོད་པར་བྱའོ། །སློབ་དཔོན་མཁས་པ་བཤེས་གཉེན་ཅན། །ཚུལ་ཁྲིམས་བརྟུལ་ཞུགས་ཡང་དག་ལྡན། །ཆེན་པོའི་རིགས་སུ་འཁྲུངས་པ་དང་། །ཀུན་ནས་བརྩོན་འགྲུས་བརྟན་པ་ནི། །སྔགས་དང་རྒྱུད་སོགས་ཡང་དག་ལྡན། །བྱ་བ་ཀུན་ལ་བློ་གྲོས་བྱེད། །ཕྲ་ཞིང་མཁས་ལ་ཚད་ཤེས་པ། །ཆོས་ཀྱི་དབྱིངས་ནི་རྟག་ཏུ་འཛིན། །སྤྲོ་བ་ཆེ་ཞིང་གཟི་བརྗིད་ལྡན། །འཇིག་རྟེན་ཆོས་ལ་ལྟོས་པ་མེད། །ཐུབ་པ་མཆོག་གི་ཆོས་ལ་དད། །འཇིག་རྟེན་པ་རྣམས་དོར་བ་དང་། །བཟླས་པ་བྱ་ཞིང་རྣམ་དབེན་བྱས། །སྔོན་དུ་བསྙེན་པ་རྗེས་བརྟེན་པ། །བྱང་ཆུབ་སེམས་དཔའི་གསང་སྔགས་ཤེས། །དེ་ལས་གཞན་པའི་རྐྱེན་རྣམས་མཐོང་། །སངས་རྒྱས་ཀྱིས་གསུངས་གསང་སྔགས་དང་། །འཇིག་རྟེན་པ་ཡི་རབ་སྦྱོར་ཤེས། །སྲུང་བ་བྱས་ཤིང་མཐུ་བརྟན་པ། །གཙང་སྦྲའི་ཀུན་སྤྱོད་ལ་རྟག་དགའ། །སངས་རྒྱས་ཉེ་བསྟན་ལམ་ལ་ནི། །ཀུན་ནས་རྗེས་སུ་འཇུག་པ་དང་། །གསང་སྔགས་རྒྱལ་བས་གསུངས་པ་ཡིན། །གསང་སྔགས་ཟློས་ལ་རྟག་ཏུ་བརྩོན། །རྟག་ཏུ་མཐོང་ཆོས་འབྲས་བུ་དང་། །འཇིག་རྟེན་ཕ་རོལ་དེ་བཞིན་ཉིད། །སྡིག་པ་ཀུན་ལ་འཇིགས་པ་དང་། །ཕྲ་མོ་ཙམ་ལ་འང་དེ་བཞིན་ནོ། །གཙང་ཞིང་མཁས་ལ་ལེ་ལོ་མེད། །ཡིད་གཞུངས་ལྟ་ན་སྡུག་པ་དང་། །སྟོབས་བཅུ་པས་བཤད་སྔགས་གང་དང་། །དེ་བཞིན་ཁོ་ནར་རྒྱལ་སྲས་དང་། །འཇིག་རྟེན་པ་ཡི་སྔགས་གང་ཉིད། །རྡོ་རྗེ་པདྨའི་རིགས་དག་ལའང་། །དེ་ལ་རྟག་ཏུ་ངལ་བར་བྱས། །གཞུང་དང་བསྟན་བཅོས་དོན་འཛིན་པ། །ནད་མེད་ནུས་པ་མེད་མིན་པ། །རྒ་དང་ནད་ནི་རྣམ་པར་སྤངས། །དེ་བཞིན་བ་ཤེས་གཉེན་ཅན་སྔགས་གྲུབ། །ཀུན་ནས་མྱུར་དུ་བྱེད་པ་དང་། །མཐའ་ཡི་རིང་མིན་ཞིང་དེ་བཞིན། །ཚངས་པར་སྤྱོད་ཅིང་ཤེས་རབ་ཆེ། །ཁྱད་པར་དུ་ནི་ཤེས་པ་དང་། །གཅིག་ཏུ་འདུ་འཛི་མེད་པ་དང་། །དཔའ་ཞིང་དབང་བསྐུར་ཐོབ་པ་དང་། །དེ་འདིར་བྱང་ཆུབ་ཕ་རོལ་སོན། །སྲིད་པ་ཞི་བར་བྱེད་ལ་བརྩོན། །དེ་བཞིན་ཉིད་དུ་རིག་སྔགས་བྱས། །མཐུ་ཆེན་འཇིག་རྟེན་ཤེས་པ་དང་། །འགྲོ་བ་སེམས་ཅན་རྗེས་སེམས་པ། །དཔའ་ཉིད་དང་ནི་རབ་ཏུ་ལྡན། །སྦྱིན་དང་འབྱུང་བོ་ཕན་ལ་དགའ། །དེ་བཞིན་ཁྱད་འཕགས་སློབ་དཔོན་ལ། །རྟག་ཏུ་གསོལ་བ་གདབ་པར་བྱ། །དེས་ནི་དཀྱིལ་འཁོར་བྲིས་པ་ཡི། །སྔགས་ཀྱི་དངོས་གྲུབ་སྟེར་བར་བྱེད། །དེ་ཉིད་ཀྱིས་ནི་དབང་བསྐུར་གྱི། །འབྲས་བུ་ཆེན་པོ་སྦྱིན་པར་འགྱུར། །དངོས་གྲུབ་འདོད་པའི་སློབ་མས་ཀྱང་། །ཐུབ་པ་བཞིན་དུ་རྟག་ཏུ་མཆོད། །དེ་ཡི་གསུང་ནི་མི་འགོམ་པ། །སློབ་མས་འབད་པས་བྱ་བ་ཡིན། །ཇི་ལྟར་འབྱོར་ཅིང་བདོག་པ་ཡི། །ལོངས་སྤྱོད་དེ་ལ་དབུལ་བར་བྱ། །ཉུང་དུ་ཙམ་མམ་མང་ཡང་རུང་། །གང་གི་མཉེས་པར་འགྱུར་བ་དང་། །ལུས་ནི་འཚོ་བའི་རྒྱུ་ཡི་ཕྱིར། །ཕ་ལ་ནོར་ནི་སྟེར་བ་ལྟར། །དེ་བཞིན་སློབ་མ་ཆོས་ཤེས་པས། ། སློབ་དཔོན་ལ་ནི་ནོར་དབུལ་བྱ། །མཐའ་ཡི་དབང་ཕྱུག་དངོས་གྲུབ་ཐོབ། །ཚེ་དང་དེ་བཞིན་ནད་མེད་དང་། །རྒྱས་པའི་འགྲོ་བ་ཐོབ་པར་འགྱུར། །སློབ་མས་བླ་མ་དེ་མཆོད་ན། །དེ་ཡི་སྔགས་རྣམས་འགྲུབ་པར་འགྱུར། །ལམ་དང་ཆོ་ག་ཉེར་མཐོང་དང་། །བསྙེན་པ་ལས་ཀྱང་བརྟེན་པ་ལས། །དེ་བཞིན་རི་མོར་བྱས་མཆོད་ལས། །སངས་རྒྱས་ཐམས་ཅད་དགྱེས་པར་འགྱུར། །དེ་བཞིན་རྒྱལ་མཆོག་སྲས་རྣམས་དང་། །ལྷ་རྣམས་ཐམས་ཅད་དགྱེས་པར་འགྱུར། །བླ་མ་རྟག་ཏུ་བསྙེན་བཀུར་ན། །བླ་མ་སྔགས་རྣམས་མཐོང་བ་ཡི། །འདི་དག་ཐམས་ཅད་བརྟན་པར་འགྱུར། །སྒྲུབ་པོས་སྟོན་དང་ཐོག་མར་ནི། །དམ་ཚིག་ལ་ནི་རྗེས་འཇུག་བྱ། །དམན་རྣམས་དེ་དག་མཉམ་ཡང་རུང་། །གལ་ཏེ་ཆེས་མཆོག་གྱུར་པ་ཡང་། ། རྨོངས་པའམ་ལྷག་པར་ཁྲོ་བ་ཡིས། །རྟག་ཏུ་བླ་མ་བརྙས་མི་བྱ། །དེས་ཀྱང་རྒྱུད་འདིར་དེ་ལ་ནི། །མན་ངག་རྟག་ཏུ་སྦྱིན་པར་བྱ། །གང་ཚེ་སྔགས་ཀྱི་དངོས་གྲུབ་བྱིན། །འདིས་ནི་སེར་སྣ་བྱས་པ་མིན། །སྔར་བསྟན་སློབ་མ་དེ་ལ་ནི། །མན་ངག་རྟག་ཏུ་སྦྱིན་པར་བྱ། །གང་ཚེ་སྔགས་ཀྱི་དངོས་གྲུབ་བྱིན། །ལུས་ཅན་ཞེན་པ་འཕེལ་བྱེད་པའི། །མིག་ནི་གང་ལ་ཡོད་གྱུར་པ། །དེ་ཉིད་སློབ་མ་ཉིད་བྱའོ། །སློབ་དཔོན་འམ་ནི་སློབ་མའི་རྒྱུར། །ཕན་ཚུན་རྗེས་སུ་འཇུག་བྱེད་པ། །གང་དུ་ཞེན་པའི་རྒྱུན་སྐྱོང་པ། །འཇམ་པོའི་རྒྱུན་ནི་འཛིན་པ་སྟེ། །དེ་ལ་སྔགས་ནི་སྦྱིན་པར་བྱ། །སློབ་དཔོན་དེ་བཞིན་སློབ་མ་ནི། །སློབ་མ་བླ་མར་མཐོང་བ་ལ། །རྟག་ཏུ་སྤྲོ་བར་འགྱུར་བ་འམ། །གཉིས་ཀས་དངོས་གྲུབ་ཡང་དག་འབྱོར། །དེ་ལ་རྟག་ཏུ་ལམ་ཉིད་དང་། །སྔགས་ཀྱི་སྤྱོད་པ་རྗེས་བསྟན་བྱ། །གཉིས་ཀས་ཕ་དང་བུར་ཤེས་པས། །སྔགས་ནི་འབྲས་བཅས་རྗེས་འཇུག་པ། །བརྟན་དང་དགའ་བ་དེ་བཞིན་ཐོབ། །རྟག་ཏུ་སློབ་མས་བླ་མ་ནི། །རབ་ཏུ་འབད་པས་བསྲུང་བར་བྱ། །བུ་ནི་བདག་ཉིད་ཆེན་པོ་རྣམས། །སངས་རྒྱས་ཆོས་རྒྱུན་མི་འཆང་འགྱུར། །དེ་མེད་མགོན་མེད་དེ་རྣམས་ལ། །ཇི་སྐད་གསུངས་པའི་སྔགས་རྣམས་སྦྱིན། །སེམས་ཅན་བཀྲེན་དང་མ་ནིང་ལའང་། །ཐམས་ཅད་ལ་ནི་ཁྱད་པར་དུ། །སྔགས་ཀྱི་སྦྱོད་པ་ཁྱད་པར་དུ། །སྔགས་ཀྱི་སྤྱོད་པ་ཁྱད་པར་འཕགས། །ཐ་མ་མཆོག་དང་བར་མ་ལ། །དུས་རྣམས་ཀུན་ཏུ་བྱ་བའོ། །ཡོངས་སུ་ཐོབ་པའི་ཆོས་རྣམས་ལ། །རྗེས་སུ་གཟུང་བའི་རྒྱུན་བྱའོ། །འགྲོ་བ་བློ་གྲོས་ངེས་པ་ཡི། །འདོད་པ་རྣམས་ལའང་རབ་སྦྱིན་བྱ། །དེ་ཕྱིར་ཇི་ལྟར་འདོད་པའི་སྔགས། །སློབ་མ་ཉིད་ཀྱིས་བླང་བར་བྱ། །དེ་ཉིད་ཀྱིས་ནི་ཉེར་བསྟན་པས། །ལམ་ཉིད་ཡིན་ནོ་གཞན་དུ་མིན། །དངོས་གྲུབ་འདོད་པས་གང་དེ་ལ། །ཕ་ནི་ཕ་རོལ་སོང་བ་ན། །ཕ་བཞིན་མགོ་བོས་ཕྱག་བྱས་ཏེ། །དེ་ནས་ཇི་ལྟར་འདོད་པར་འགྲོ། །དེ་ནས་འདིར་ནི་སོང་ནས་ནི། །མཉམ་པར་བཞག་པས་གསང་སྔགས་བཟླས། །སློང་མོ་སློང་བའི་རྗེས་འཇུག་ཅིང་། །སྨྲ་བ་བཅད་དེ་དུས་གསུམ་བཟླས། །དེ་ལྟར་བསྟན་པ་ཉིད་དུ་འགྱུར། །ཇི་ལྟའི་ལམ་ལ་རབ་འཇུག་པ། །དེ་ཚེ་རྣམ་འགྱུར་དེ་གཅོད་པ། །ཁང་སྟོང་དང་ནི་དགོན་པ་ཆེ། །རི་བོ་ཆེ་དང་ཆུ་ཀླུང་ངོགས། །གཙང་དང་བ་ལང་གནས་མཚོ་ཆེན། །རྣམ་དབེན་སྐྱེ་བོ་སྦངས་པ་བསྟེན། །ལྷ་ཁང་དང་ནི་ཤིང་དྲུང་དང་། །མཚན་གཅིག་རི་ནི་མཐོན་པོ་དང་། །རྒྱ་མཚོ་ཆེ་འགྲམ་ཉམས་དགའ་དང་། །ཆུ་གླིང་ངམ་ནི་གླིང་རྣམས་དང་། །རྣམ་པ་སྣ་ཚོགས་སྔར་བསྟན་པའི། །ཡུལ་རྣམས་སྣ་ཚོགས་ཡིད་འོང་བ། །འདི་རྣམས་ལས་ཀྱང་ཕྱོགས་གཞན་དུ། །མཉམ་པར་བཞག་པས་སྔགས་བཟླས་བྱ། །གྲོགས་པོ་མཚན་ཉིད་ལྡན་པ་ནི། །སྔགས་དོན་ངེས་པའི་རྟོག་གེ་བ། །ལྟས་ནི་རྣམ་པ་དེ་ཉིད་ཤེས། །དཔའ་ཞིང་གཡུལ་ལས་རྣམ་རྒྱལ་བ། །སྙིང་སྟོབས་ལྡན་ཞིང་བཟོད་པ་ཅན། །དད་དང་ཚུལ་ཁྲིམས་ཕུན་ཚོགས་ལྡན། །རྒྱལ་བས་གསུངས་པའི་ཡུལ་འདིར་ནི། །རབ་བསྔགས་མཚན་ཉིད་དང་ལྡན་པ། །བཟོད་དང་ལྡན་པའི་གྲོགས་པོ་ཡིས། །འབད་པ་མེད་པའི་ཉིན་གྱིས་ནི། །ལས་རྣམས་རྒྱལ་བ་འགྲུབ་པར་འགྱུར། །ཐོ་རངས་མལ་ནས་ལངས་ནས་ནི། །འབབ་ཆུ་མཚོ་ཆེན་ལས་བྱུང་བའི། །སྲོག་ཆགས་མེད་ཅིང་དྲི་མ་མེད། །ཆུ་དེ་ཉིད་ལ་ཁྲུས་བྱས་ནས། །ས་དང་བ་བྱུང་ཕྱེ་མ་ཡིས། །སྔགས་ཤེས་ལུས་ནི་དྲིལ་ཕྱིས་བྱ། །དེ་ནས་སྔགས་ཀྱིས་སྦྱང་བྱས་པའི། །ཆུ་ཉིད་ཤིན་ཏུ་དྲི་མེད་ལ། །ཟློས་པོ་བརྩོན་པས་ཁྲུས་བྱ་འོ། །ཧ་ཅང་ཡུན་རིང་ཁྲུས་མི་བྱ། །དེ་ནས་ལངས་ལ་ལག་པ་དག་།ས་དག་གིས་ཀྱང་བཀྲུ་བར་བྱ། །བདུན་དང་བདུན་དང་ཡང་ལན་བདུན། །ཉི་ཤུ་རྩ་གཅིག་ཉེ་རེག་བྱ། །ཡང་དེར་སོ་ཤིང་ཀུན་ཏུ་སྤྱད། །སོ་སྦྱངས་ནས་ནི་དོར་བར་བྱ། །དེ་ནས་སྐྱོབ་ལ་ཕྱག་བྱས་ཤིང་། །འཇིག་རྟེན་མགོན་ལ་ཕྱག་བྱས་ནས། །སྔགས་རིག་མཆོད་པ་ཡིད་འོང་བྱ། །བྱ་བ་སྣ་ཚོགས་བསྟོད་མཆོད་ཀྱིས། །ཡང་དག་ཡང་དུ་ཡང་དག་བསྟོད། །དེ་བཞིན་དྲི་ཞིམ་མེ་ཏོག་གིས། །སྟོན་པ་སྐྱོབ་ལ་མཆོད་ཡོན་དབུལ། །སངས་རྒྱས་རྣམས་ལ་མགོས་ཕྱག་བྱས། །དེ་ཚེ་སློབ་མར་གྱུར་པ་རྣམས། །འཇིག་རྟེན་མགོན་པོ་དེ་རྣམས་ཀྱི། །སྤྱན་སྔ་ཉིད་དུ་སྡིག་པ་བཤགས། །བདག་ཉིད་ངག་ཀྱང་ཕུལ་བྱས་ནས། །རས་རིས་སྤྱན་སྔར་འཁོད་པར་བྱ། ། ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་།སྔགས་རིག་གཉིས་ཀ་འདུག་ནས་ནི། །མཚན་ཉིད་ཇི་ལྟ་བ་བཞིན་ཏེ། །དེར་ནི་བགྲང་ཕྲེང་ཉིད་ཀྱིས་ནི། །རབ་ཏུ་འབད་པས་བཟླས་པ་བྱ། །དེ་ཚེ་སྔགས་གཞན་མི་བཟླས་སོ། །ཆོ་ག་དམན་པ་ཡང་སྤང་ཞིང་། །ཧ་ཅང་མཆོག་ཀྱང་དེ་བཞིན་ནོ། །བར་མ་བར་མའི་ལས་དག་ལ། །བརྟུལ་ཞུགས་ཅན་དག་སྔགས་བཟླས་བྱ། །ཧ་ཅང་མཐོན་པོ་སྤང་བར་བྱ། །གལ་ཏེ་ཚིག་ནི་དམན་པའང་མིན། །བར་མ་བར་མའི་ལས་རྣམས་ལ། །རབ་ཏུ་བསྔགས་པར་རྒྱལ་བས་གསུངས། །ཧ་ཅང་མཐོ་མིན་དམའ་བ་མིན། །བར་མར་རྟག་ཏུ་བཟླས་པ་བྱ། །སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས། །ཚིག་ནི་དཔལ་དང་ལྡན་པར་གསུངས། །གཞན་གྱི་དྲུང་དུ་མི་བཟླས་ཤིང་། །གཞན་གྱི་ལས་ལམ་རྟག་ཏུ་གསང་། ། བདག་ཉིད་རིག་པའི་ཡུལ་དུ་བཟླས། །སྔགས་ནི་བར་མ་དེ་བཞིན་དུ། །བཟླས་པས་རབ་ཏུ་འབྱོར་བར་འགྱུར། །སྔགས་ནི་ལེགས་པར་ཐོས་པ་འགའ། །དངོས་གྲུབ་འབྲིང་བོ་འདོད་པ་ཉིད། །སྔགས་ནི་དགེ་བར་བཟླས་པར་བྱ། །དེ་ཕྱིར་སྐྱེ་བོ་དང་བྲལ་བར། །སྔགས་ཀྱི་དེ་ཉིད་དོན་ལེགས་ཐོས། །ཚོགས་དང་བྲལ་ཞིང་རྣམ་དབེན་པར། །ཟློས་པ་པོས་ནི་སྔགས་བཟླས་བྱ། །མཚན་མོ་ཡི་ནི་བཞི་ཆ་དང་། །དེ་ཡི་ཕྱེད་ཀྱི་ཕྱེད་ཉིད་ཀྱི། །སྐྱ་རེང་དམར་པོའི་དུས་ཙམ་སྟེ། །ཉི་མའི་དཀྱིལ་འཁོར་ཤར་བ་ན། །ཐུན་ནི་དང་བོར་དེ་བཞིན་དུ། ། ཐུབ་པའི་སྐྱེས་མཆོག་གིས་གསུངས་སོ། །དུས་ཀྱི་ཚད་ནི་བཞི་ཡིན་ཏེ། །བར་མར་ཡོངས་སུ་བསྒྲགས་པ་ཡིན། །དེ་ནས་ཉི་མ་ཕྱེད་ནུབ་ན། །སྔགས་ཀྱི་བཟླས་པ་དེ་ཚེ་བཏང་། །སྔགས་ཟློས་བོར་བ་དེ་ཡི་ཚེ། །མཆོད་ཡོན་ཕུལ་ནས་གཤེགས་སུ་གསོལ། །བརྟུལ་ཞུགས་ཅན་གྱི་རྣམ་གཞན་སྤངས། །དེ་ཚེ་བོར་བའི་གདུགས་ལྷག་ན། ། ཐུབ་པའི་བསྟན་ལ་དགེ་བ་བྱ། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །དམ་པའི་ཆོས་ནི་ཀློག་པ་དང་། །ས་བཅུ་པ་ནི་གླེགས་བམ་ནི། །མཆོད་དང་ཀློག་པ་རྟག་ཏུའོ། །དེ་ནས་དུས་ལ་བབ་གྱུར་ན། །རང་སྔགས་སྔགས་ཀྱི་མགོན་པོ་དང་། །ཐུབ་པ་སྐྱེས་མཆོག་ཕྱག་བྱས་ནས། །དེ་ནས་འཚོ་བ་ལ་འགྲོ་ཞིང་། །དེ་བཞིན་དུས་སུ་སྤྱོད་པར་ལྡན། །དུས་སུ་ཟ་ཞིང་དབང་པོ་ཐུལ། །སྒྲུབ་པོ་ཆོས་དང་ལྡན་པ་དང་། །སངས་རྒྱས་བསྟན་ལ་རབ་དང་བརྩོན། །གྲོང་གཞན་དུ་ནི་འཇུག་པ་ན། །མི་སྨྲ་གཙང་སྤྲ་སྤྱོད་ལ་དགའ། །སེམས་ཅན་རྟག་ཏུ་ཆོས་ལྡན་པའི། །ཁྱིམ་དུ་བསོད་སྙོམས་དག་ལ་འཇུག་།ཟློས་པོ་སྲོག་ཆགས་མེད་པའི་ཆུ། །ཚོས་བར་གྲུབ་པ་གཙང་མར་འདོད། །ཡང་དག་ལྟ་བ་ཕུན་སུམ་ཚོགས། །སངས་རྒྱས་བསྟན་ལ་རབ་ཏུ་དད། །དེ་ལྟའི་ཁྱིམ་དུ་རྟག་ཏུ་ནི། །བསོད་སྙོམས་དོན་དུ་སློང་མོ་བླང་། །དཔེར་ན་བརྩོན་པས་གོ་བགོས་ཏེ། །ཉམ་ངའི་ཡུལ་དུ་རབ་ཏུ་འཇུག་།རྟག་ཏུ་དགྲ་ནི་འཇོམས་པར་བྱེད། །དགྲ་རྣམས་ཀྱིས་གཞོམ་མི་ནུས་པ། །དེ་བཞིན་སྔགས་པ་སློང་མོས་འཚོ། །རྟག་ཏུ་གྲོང་དུ་འཇུག་པ་ན། །དེ་བཞིན་ཆགས་པར་འོས་པ་ཡི། །གཟུགས་སྒྲ་མཐོང་ནས་མི་དགེ་བ། །འདོད་ཆགས་ཞི་བའི་དོན་གྱི་ཕྱིར། །མི་སྡུག་དགེ་བ་བསྒོམ་པར་བྱ། །ལང་ཚོའི་རྣམ་པས་བརྒྱན་པ་ཡི། །བུད་མེད་ལུས་ནི་མཐོང་ནས་ཀྱང་། །སྨད་ཅིང་རུལ་བའི་ལུས་རྣམས་ནི། །སྲིན་བུས་ཟོས་ཤིང་དུར་ཁྲོད་གནས། །ལུས་ཀྱི་མི་རྟག་སྡུག་བསྔལ་བ། །མི་གཙང་དྲི་མི་ཞིམ་པར་བསྒོམ། །གང་ལ་བྱིས་པ་རྨོངས་པ་ཡི། །འགྲོ་བ་ལྔ་པོར་འགྲོ་ཞིང་འཁོར། །ལས་ཀྱི་སྲད་བུས་བརྒྱུས་པ་ནི། །ཡུན་རིང་དུས་སུ་མྱ་ངན་བྱེད། །མི་ཤེས་སྒྲིབ་པས་རྨོངས་པ་ནི། །དམུས་ལོངས་སྡུག་བསྔལ་རྒྱུ་ཅན་ནོ། །གང་དུ་བློ་ནི་ཕྱིན་ཅི་ལོག་། ཆགས་པས་སྐྱེ་བ་ཕོངས་པར་འགྱུར། །རྣམ་པ་སྣ་ཚོགས་ལས་ལམ་གྱིས། །རྣམ་པ་དུ་མར་ཆགས་གྱུར་པ། །རིང་ནས་ཁྱོགས་ཀྱིས་འགྲོ་བ་ནི། །འགྲོ་དང་འོང་བ་སྤྱོད་པར་བྱེད། །རྟག་པ་ཉིད་ཕྱིར་རྗེས་ཆགས་པ། །འཛིན་པའི་ཀུན་ཏུ་སྤྱོད་པ་སྤྱོད། །གང་དུ་སེམས་ཅན་མི་དགེ་དགའ། །ལམ་དུ་ཡུན་རིང་རྒྱུ་བར་བྱེད། །ཟོ་ཆུན་ཁྱུད་མོའི་རྣམ་པ་བཞིན། །སྲིད་པའི་མཚོ་ཆུང་འབྱུང་བ་རྣམས། །འགྲོ་བ་དེ་རྣམས་མི་བཟད་པའི། །སྡུག་བསྔལ་ཆུ་བོས་ཀུན་ཏུ་གཡེངས། །དེ་བཞིན་བུད་མེད་སྡུག་བསྔལ་གྱི། །རྩ་བ་འབའ་ཞིག་ཡིན་པ་རུ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་ཉན་ཐོས་རང་རྒྱལ་དང་། །ཐུབ་པ་རྣམས་ཀྱིས་གསུངས་པ་ཡིན། །སྲིད་པའི་རྒྱ་མཚོ་མི་འཁྲུགས་པའི། །མཚོ་ཆེན་འདི་དག་བསྐམ་པར་དཀའ། །བུད་མེད་རྣམས་ཀྱིས་བསླུས་པ་ཡི། །སེམས་ཅན་གནས་གང་བྱིང་བ་དེ། །དམྱལ་བ་དུད་འགྲོའི་འཇིག་རྟེན་དང་། །ཡི་དྭགས་འཇིག་རྟེན་ལྷ་མ་ཡིན། །དེ་བཞིན་མི་ཡི་འཇིག་རྟེན་ཉིད། །ལྷ་ཡི་འགྲོ་བར་འགྲོ་བར་བྱ། །རྟག་ཏུ་ཀུན་ནས་ཡོངས་སུ་འཁོར། །བུད་མེད་ཆགས་པས་བསླུས་པ་ནི། །འཁོར་བའི་རྒྱ་མཚོ་བཙོན་ར་ཡི། ། འདམ་རྫབ་ཆེན་པོར་བྱིང་བར་འགྱུར། །བུད་མེད་ཆགས་པའི་བླུན་པོའི་མི། །རོ་ལ་ཆགས་པའི་ཅེ་སྦྱང་བཞིན། །གང་ལ་སེམས་ཅན་རྟག་དགའ་བ། །མི་བཟད་སྡུག་བསྔལ་བཟོད་པར་བྱེད། །དཀར་པོ་ཆོས་ལ་ངེས་པར་ཉམས། །སངས་རྒྱས་བསྟན་ལ་རབ་ཏུ་གནས། །སྲིད་པའི་མཚོ་ཡི་སྡུག་བསྔལ་ཉིད། །ཐམས་ཅད་ཟློག་པར་བྱེད་པ་ཡིན། །སྔགས་བཟློས་པ་ལ་དགའ་ཞིང་བརྩོན། །དབང་ཆེན་གྲགས་ཤིང་ཡིད་དང་ལྡན། །གཟི་བརྗིད་ལྡན་ཞིང་སྔགས་ཐུབ་པ། །དེར་རྣམས་ལ་ནི་སྡུག་བསྔལ་མེད། །ཡང་དག་སྡོམ་དང་ཚངས་བདེན་ཤེས། །བླ་མ་ལྷ་ལ་མཆོད་པ་བྱེད། །མ་དང་ཕ་ལ་གུས་པ་རྣམས། །གསུམ་པོ་རྣམས་ལ་སྡུག་བསྔལ་མེད། །མི་རྟག་སྡུག་བསྔལ་སྟོང་པ་དང་། །གཞན་གྱི་དོན་ལ་རྗེས་སུ་བསྙེན། །བུད་མེད་ལུས་ལ་འབྱུང་པོའི་གཟུགས། །དེ་བཞིན་འབྲས་དང་ཟུག་རྔུ་དང་། །བློ་ངན་ཕུང་པོའི་ལྕགས་ཀྱུས་ཟིན། །འཁོར་བ་ལས་ནི་མི་འདའ་བ། །རྟག་ཏུ་བུད་མེད་ཆགས་གྱུར་བ། །དེ་ལ་དངོས་གྲུབ་ཡོད་པ་མིན། །དེ་ལ་མཆོག་འགྲོ་ཡོད་མ་ཡིན། །འགྲོ་བ་འབྲིང་ཡང་ཡོད་མ་ཡིན། །དངོས་གྲུབ་ཆུང་དུའང་ཡོད་མ་ཡིན། །འདིར་ནི་ཟློས་པོ་ཁྲིམས་འཆལ་ན། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་ཀྱི་དངོས་གྲུབ་མ་བསྟན་ནོ། །མྱ་ངན་འདས་གྲོང་འགྲོ་བ་ཡི། །ལམ་ཡང་མེད་ཅིང་ཕྱོགས་དང་བྲལ། །འདིར་ནི་བྱིས་པ་སྨད་པ་ལ། །སྔགས་གྲུབ་པ་ནི་ག་ལ་ཡོད། །སྐྱེ་བོ་ཚུལ་འཆལ་འདི་ལ་ནི། །དེ་ལ་བདེ་འགྲོའང་ཡོད་མ་ཡིན། །བདེ་བ་ཉིད་ལ་གཞོལ་བའང་མེད། །དེ་བཞིན་རྒྱལ་བས་གསུངས་པའི་སྔགས། །གྲུབ་པར་འགྱུར་བ་སྨོས་ཅི་དགོས། །ཏ་ལའི་ཤིང་གི་མགོ་བོ་ནི། །གང་ཚེ་བཅད་ན་སླར་ཡང་ནི། །སྔོན་པོ་ཉིད་དུ་མི་འགྱུར་ཞིང་། །མྱུ་གུ་སླར་ཡང་ནམ་ཞིག་འགྱུར། །དེ་བཞིན་སྔགས་གྲུབ་རྨོངས་པ་ནི། །ཆུལ་ཁྲིམས་འཆལ་ཞིང་སྡིག་པའི་ལས། །རྟག་ཏུ་སླར་ཡང་བུད་མེད་ཆགས། །མི་དགེའི་གྲོགས་དང་ཕྲད་པ་ལ། །སྔགས་ཀྱི་རྒྱལ་པོ་ག་ལ་འགྲུབ། །དེ་བས་གང་ཚེ་ཟློས་པ་པོ། །བདེ་བར་གཤེགས་པས་སྤངས་པ་ཡི། །བུད་མེད་ཉེས་པ་རྣམས་སྤྱད་དེ། །གང་གི་དངོས་གྲུབ་བསྒྲུབ་བྱ་སྟེ། །བྱིས་པ་བུད་མེད་ལ་རྨོངས་པ། །གཞན་གྱི་གྲུབ་པར་མ་བསྟན་ནོ། །དེ་ནས་དང་པོར་བློ་ལྡན་པ། །གཙང་ཞིང་འདུ་འཛི་མེད་ལ་དགའ། །རིགས་ལྡན་བརྟན་ཞིང་དཔའ་བ་དང་། །སེམས་བཟང་ལྡན་ཞིང་མཐོང་ན་དགའ། །ཆོས་དང་ཆོས་མིན་རྣམ་དཔྱོད་ཤེས། །དེ་རྣམས་གྲུབ་པ་རྙེད་མི་དཀའ། །དེ་ལྟར་སྔགས་ཤེས་ཞུགས་པ་ནི། །གྲོང་དུ་བསོད་སྙོམས་ཕྱིར་དུ་འཇུག་།ཇི་ལྟར་འདོད་པ་བཞིན་སོང་ནས། །སྔར་ནི་བརྟགས་པའི་གནས་དག་ཏུ། །མཁས་པས་དག་པའི་བློས་བཟའ་བ། །བཟའ་བ་ཕྱོགས་སུ་བཞག་ནས་ནི། །ཕྱི་རོལ་སོང་ནས་རྐང་པ་བཀྲུ།། དེ་ནས་སླར་ཡང་གནས་དེ་རུ། །སྲོག་ཆགས་མེད་པའི་ཆུ་རྣམས་ཀྱིས། །དང་པོ་འདྲེན་པ་ཉིད་ཡིན་ཏེ། །གཉིས་པ་ལ་ནི་ལག་གཡོན་གྱི། །རྐེད་པ་མན་ཆད་དྲིལ་ཕྱིས་བྱ། །ཀུན་ཏུ་གཡས་པ་སླར་བྱིན་ནས། །ལག་པ་ས་ཡིས་བཀྲུ་བར་བྱ། །སྔར་བཞག་པ་ཡི་དག་པ་དང་། །གཙང་མ་རྣམས་ཀྱི་བདུན་ཉིད་དུ། །བཟའ་ཞིང་དག་ཆུས་གཙང་སྦྲར་བྱས། །སེར་སྐྱའི་བ་ལས་བྱུང་བ་ཡི། །བ་ཡི་ལྕི་བ་སེར་པོ་དག་།གཙང་ཞིང་དྲི་མེད་སྣོད་བླང་ལ། །སྲོག་ཆགས་མེད་པའི་ཆུས་སྦྱར་ཏེ། །དང་པོར་སྟོན་པ་ཐུབ་པ་ཡི། །མཆོག་ལ་དཀྱིལ་འཁོར་བྱ་བ་ཡིན། །ཁྱད་པར་ཁྲུ་གང་ཙམ་དུ་འོ། །གཉིས་པ་རང་སྔགས་མགོན་པོ་ལ། །གསུམ་པ་རིགས་ཀྱི་ལྷ་མོ་ལ། །གང་ཞིག་སྔགས་པ་ཟློས་པ་པོ། །སླར་ཡང་རྟག་ཏུ་བྱ་བ་ཡིན། །བཞི་པ་སེམས་ཅན་ཐམས་ཅད་ཀྱི། །ཉེ་བར་ལོངས་སྤྱོད་དོན་དུ་གྲགས། །གཡས་སུ་འཇིག་རྟེན་མགོན་པོ་ཡི། །དཀྱིལ་འཁོར་འདི་ནི་རྟག་ཏུ་བྱ། །དཀོན་མཆོག་གསུམ་གྱི་ཆེད་དུ་ནི། །དཀྱིལ་འཁོར་དེ་ནི་གྲུ་བཞི་པའོ། །གཉིས་པ་རང་སངས་རྒྱས་རྣམས་དང་། །གསུམ་པ་སྟོབས་བཅུ་ལྡན་པའི་སྲས། །དཀྱིལ་འཁོར་བདུན་པོ་འདི་དག་ནི། །ཀུན་ནས་གྲུ་བཞི་པ་རུའོ། །ཁྲུ་གང་ངམ་ནི་ཁྲུ་ཕྱེད་རུང་། །ཉིན་རེ་ཞིང་ཡང་བྱ་བའོ། །ཟློས་པོས་དེ་ཚེ་སྦས་པའི་ཕྱོགས། །སྡིག་པ་འཇོམས་བྱེད་ཉིན་རེ་བཞིན། །དེ་ནས་སྔགས་པ་ཐུབ་པ་ལངས། །ལག་གཉིས་འབད་པས་བཀྲུས་ནས་ནི། །གཙང་མའི་ཆུ་ཡིས་ཉེ་རེག་བྱ། །དག་ཅིང་སྲོག་ཆགས་སྤངས་པ་ཡི། །དྲི་མ་མེད་པའི་གཙང་མ་ནི། །འབད་པས་གཙང་མའི་སྣོད་དུ་བླང་། །མཚོ་ཆེན་དང་ནི་འབབ་ཆུ་འམ། །ཆུ་མིག་ཆུ་བོ་ལ་གནས་པ། །གཙང་མའི་ཕྱོགས་ནས་བྱུང་བ་ཡི། །སེམས་ཅན་གཙང་མ་ལག་གིས་བཅུས། །སྔགས་པས་སླར་ཡང་ཉེ་རེག་བྱ། །གཉིས་སམ་གསུམ་དུ་རྟག་ཏུ་ཡང་། །དེ་ནས་ཁ་ལ་རེག་བྱ་ཞིང་། །དེ་བཞིན་ཉིད་དུ་རྣ་བའི་རྒྱུན། །མིག་དང་སྣ་ཡི་བུ་ག་དང་། །སྤྱི་བོ་ལྟེ་བའི་ཕྱོགས་རེག་བྱ། །དགེ་བ་སྤྱོད་པས་ལན་ལྔའམ་བདུན། །ཆོ་ག་བཞིན་དུ་ཐམས་ཅད་བྱ། །གཙང་སྦྲའི་སྤྱོད་པ་ཕུན་སུམ་ཆོགས། །ཟློས་པོ་གཙང་མར་གྱུར་ནས་ནི། །བསོད་སྙོམས་སྣོད་ནི་བླངས་ནས་སུ། །ཆུ་ཡི་ནང་དུ་འགྲོ་བར་བྱ། །གང་དུ་ཆུ་བོ་རབ་གནས་པ། །དེ་བཞིན་དམའ་བར་གྱུར་པ་དང་། །ཆུ་ཀླུང་རབ་ཏུ་འབབ་ལ་སོགས། །མི་ཡི་འཇིག་རྟེན་རྗེས་གཟུང་རྒྱུར། །དེ་བཞིན་རྟག་ཏུ་སྔགས་བཟླས་བྱ། །དེ་ཉིད་ཕྱིར་ན་ཐུབ་པའི་གཙོས། །བརྩོན་འགྲུས་ཆེན་པོས་འདི་གསུངས་སོ། །མཚན་ནི་འོད་སྲུང་ཞེས་བྱ་བས། །སྔོན་ནི་དེ་ཚེས་སྟེང་དེར། །སྒྲོལ་མའི་རྟོག་པའི་རྒྱལ་པོ་འདིར། །འབྱུང་པོ་རྣམས་ལ་ལེགས་དོན་དུ། །སྔགས་ནི་རབ་ཏུ་གསུངས་པ་ཡིན། །སྡུག་བསྔལ་གྱུར་པའི་འཇིག་རྟེན་ཀུན། །དབུལ་ཞིང་སྐྱོ་ལ་ཤ་ཐང་བ། །མཆོག་ཏུ་ཉོན་མོངས་གྱུར་པ་རྣམས། །འདི་རྣམས་དོན་དུ་གསུངས་པ་ཡིན། །འབྱུང་པོ་རྣམས་ལ་ལེགས་པ་ཉིད། །སླར་ཡང་ཀུན་ཏུ་བསྟེན་པ་རྣམས། །འབྱུང་པོ་ཀུན་གྱི་ཟས་དོན་དུ། །གསང་སྔགས་འདི་ནི་མཆོག་ཏུ་གསུངས། །ང་ཡིས་གསང་སྔགས་འདི་བརྗོད་ཀྱི། །བྱང་སེམས་ལ་བསྟེན་ཐམས་ཅད་དང་། ། ཉན་ཐོས་རྣམས་ནི་མཉན་པར་གྱིས། །ནད་ཀྱིས་ཟིན་པ་འཇོམས་བྱེད་ཅིང་། །བཀྲེས་པའི་ནད་ཀྱིས་གཟིར་བ་དང་། །གང་ཡང་སེམས་ཅན་སྐོམ་པ་དང་། །སྡུག་བསྔལ་ཐམས་ཅད་ཞི་དོན་དང་། །འབྱོར་པ་འདོད་རྣམས་མཉན་པར་གྱིས། །འོད་སྲུང་འོད་ནི་ཆེན་པོ་ལ། །ཐུབ་པའི་གཙོ་བོས་དེ་སྐད་གསུངས། །ཉོན་མོངས་རྣམས་ནི་ཡིད་མགུ་ནས། །ཁྱབ་བདག་དེ་ལ་གསོལ་བ་འདེབས། །ཆོས་ཀྱི་རྒྱལ་པོ་ཐུབ་པ་ཆེ། །ཆོས་མཁྱེན་གསང་སྔགས་བཤད་དུ་གསོལ། །དམ་ཚིག་མཆོག་ལ་ཉེར་གནས་པའི། །སེམས་ཅན་རྣམས་ལ་རྗེས་བརྩེར་མཛོད། །དེ་སྐད་གསོལ་ནས་ཐུབ་པ་ཡིས། །སྔགས་མཆོག་རྒྱས་པར་གསུང་བར་བྱེད། །ཀ་ལ་པིང་ཀ་སྒྲ་དབྱངས་དང་། །རྔ་བོ་ཆེ་དང་སྤྲིན་གྱི་སྒྲ། །ཚངས་དབྱངས་བརྩོན་འགྲུས་ཆེན་པོ་དང་། །ཚངས་པའི་སྲས་གང་རྒྱལ་མཆོག་གིས། །གང་ཡང་ཅུང་ཟད་འདིར་འོངས་པ། །རྐང་མེད་པ་དང་རྐང་མངས་དང་། །རྐང་གཉིས་པ་དང་རྐང་བཞི་པ། །འབྱུང་པོའི་ཚོགས་རྣམས་ཀུན་ཉོན་ཅིག་། མདོར་ན་སེམས་ཅན་དོན་ཀུན་ཏུ། །བདེ་འབྱུང་སྔགས་ནི་བཤད་པར་བྱ། །འདས་དང་མ་འོངས་ད་ལྟར་གྱི། །སེམས་ཅན་ལ་སོགས་འདིར་ལྷག་པ། །མདོར་བསྡུས་ནས་ནི་བཤད་པར་བྱ། །འབྱོར་པ་འདོད་པ་རྣམས་ཉོན་ཅིག་།ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་ག་ག་ནེ། ག་ག་ན། གཉྫོ་ཨཱ་ནཱ་ཡ། སརྦ་ལ་ཧུ་ལ་ཧུ། ས་མ་ཡ་མ་ནུ་སྨ་ར། ཨཱ་ཀཪྵ་ཎེ། མཱ་བི་ལམྦ། ཡ་ཐེ་བི་ཏཾ་སཾ་བཱ་དཱ་ཡ་སྭཱཧཱ། བཅོམ་ལྡན་འདས་འོད་སྲུང་གིས་དེ་སྐད་ཅེས་གསུངས་ནས་ཅང་མི་གསུང་བར་གྱུར་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རིག་པའི་སྔགས་ཀྱི་ཚིག་འདི་རྒྱ་ཆེར་གསུངས་པའི་བར་སྐབས་འདིར་ནམ་མཁའ་ཐམས་ཅད་ཆེན་པོ་ལ་འོས་པའི་ཟས་ཀྱི་སྤྲིན་གྱིས་ཡོངས་སུ་གང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ནམ་མཁའི་མཐིལ་ཐམས་ཅད་ཟས་ཀྱི་སྤྲིན་གྱིས་རབ་ཏུ་གཡོགས་པར་སྣང་བར་གྱུར་ཏོ། །བསམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པའི་དོན་དུ་བླང་པར་བཀྲུ་བར་བྱ། །སླར་ཡང་དེ་ནས་ལངས་ནས་ནི། །གཙུག་ལག་ཁང་ངམ་གནས་སུ་འགྲོ། །གང་སུས་སྔོན་ནི་ཡང་དག་བསྟེན། །གང་དུ་གནས་པ་དེར་འགྲོ་བྱ། །སོང་ནས་ཟློས་པོས་ཕྱོགས་དེ་རུ། །ལྷུང་བཟེད་དེ་ནི་གཞག་པར་བྱ། །དེ་ནས་མྱུར་དུ་ཉེ་རེག་བྱ། །དེ་བཞིན་སླར་ཡང་ལྷུང་བཟེད་བླང་། །ལྷུང་བཟེད་ས་ལ་ལོ་མའམ། །དངུལ་ལམ་དེ་བཞིན་གསེར་ཉིད་དང་། །ཟངས་སམ་ཤིང་ཤུན་དག་ཀྱང་རུང་། །སྟོན་པ་ལ་ནི་ལྷ་བཤོས་དབུལ། །སྟོན་ལ་ལྷ་བཤོས་ཕུལ་ནས་ནི། །སླར་ཡང་རང་རིག་སྔགས་རྒྱལ་ལའོ། །འགྲོན་པོ་གཅིག་ནི་འོངས་གྱུར་དང་། །སྡུག་བསྔལ་ཅན་ལའང་ཅི་ནུས་སྦྱིན། །བཤོས་ཉིད་ཀྱང་ནི་ཐམས་ཅད་དུ། །ཀུན་ནས་ངེས་པར་བཟའ་བ་ཉིད། །ཧ་ཅང་མང་པོ་སྦྱིན་མི་བྱ། །སྔགས་ཤེས་འདིར་ནི་གདུང་མི་བྱ། །ཀུན་ནས་རིག་པ་ལྡན་པར་བྱ། །ལྟོ་བའི་ཚད་ཙམ་བཞག་ནས་ནི། །གཞན་པའི་ཟན་ནི་རྟག་ཏུའོ། །བཀྲེས་དང་སྐོམ་པས་ཉེན་པ་ཡིས། །སྔགས་དོན་སྒྲུབ་པར་མི་ནུས་ཏེ། །ཧ་ཅང་ཉུང་དང་མང་ཟོས་ན། །སྔགས་དོན་བསྙེན་པར་མི་ནུས་སོ། །དེ་ཉིད་ཕྱིར་ན་རྒྱལ་དབང་གིས། །སེམས་ཅན་ཟས་ཀྱིས་གནས་སོ་ཞེས། ། ལུས་ཅན་ཀུན་ལ་གསུངས་པ་ཡིན། །གང་གིས་མི་རྣམས་འཚོ་བ་དང་། །ལྷ་དང་ལྷ་མིན་དྲི་ཟ་དང་། །ཀླུ་དང་གནོད་སྦྱིན་མི་འམ་ཅི། །སྲིན་པོ་ཡི་དྭགས་ཤ་ཟ་དང་། །འབྱུང་པོ་སྐར་མ་གཟའ་དག་ནི། །གང་ཞིག་ཟས་ལ་མི་ལྟོས་པ། །དེ་ནི་འགའ་ཡང་ཡོད་མ་ཡིན། །རྟག་ཏུ་ཁ་ཟས་རགས་པ་ནི། །ཁམས་ཀྱི་ཟས་ཞེས་གྲགས་པའོ། །སེམས་ཅན་ཕྲ་མོའི་ཟས་ཅན་སྤང་། །དེ་བཞིན་གཤེགས་པས་གསུངས་པ་ནི། །བསམ་གཏན་ཟས་ཅན་རྟག་པར་ནི། །གཟུགས་ནི་སྤྱོད་ཅིང་གཡོ་བ་སྟེ། །གཟུགས་མེད་ཉིད་ཀྱི་ལྷ་རྣམས་ཀྱང་། །ཏིང་འཛིན་འབྲས་བུ་ཟ་བའོ། །སྲིད་བ་བར་མའི་སེམས་ཅན་ཡང་། །དྲི་ཟ་བར་ནི་རབ་ཏུ་གྲགས། །དེ་བཞིན་འདོད་ཁམས་སེམས་ཅན་རྣམས། །ཟས་ནི་རྣམ་པ་སྣ་ཚོགས་ཟ། །འདོད་དང་ལྡན་པའི་ལྷ་དང་མི། །ཁམས་ཀྱི་ཟས་ནི་ཟ་བར་བྱེད། །དེ་ཉིད་ཕྱིར་ཐུབ་དབང་གིས། །སེམས་ཅན་ཟས་ཀྱིས་གནས་པ་ཞེས། །ཆོས་ཀྱི་རྒྱུ་རུ་བསྟན་པ་ཡིན། །གང་དེ་རྣམས་ནི་རབ་ཏུ་གྲགས། ། ཟློས་པོ་རྟག་ཏུ་བརྩོན་པ་ན། །ཟས་ཀྱི་ཚོད་ནི་རིག་པར་བྱ། །གང་ཕྱིར་རིག་པ་བསྙེན་པ་ནི། །ཟས་འདི་ལ་ནི་རབ་ཏུ་གནས། །ཀུན་སྤྱོད་མ་ནོར་དག་པ་དང་། །དགེ་ཞིང་ཚངས་པར་སྤྱོད་པ་དང་། །ཟས་ཀྱི་ཚོད་ཀྱང་ཤེས་པ་ལ། །དེ་ཡིས་དངོས་གྲུབ་རྙེད་མི་བཟང་། །དཔེར་ན་ཁུར་ནི་དྲང་བའི་རྒྱུར། །ཤིང་རྟ་ཡུན་རིང་གནས་དོན་དུ། །ཤིང་རྟའི་མིག་ནི་སྐུ་དང་། བྱེད། །དེ་བཞིན་སྔགས་པ་སྔགས་རིག་པས། །ཟས་ནི་གནས་བའི་ཆེད་དུ་སྤྱད། །ལུས་ནི་གསོ་བའི་དོན་དུ་ནི། །ཟློས་པོ་རྟག་ཏུ་གསོ་བར་བྱ། །སྔགས་རྣམས་བསྒྲུབ་པའི་དོན་ཕྱིར་དང་། །བྱང་ཆུབ་ཚོགས་ཀྱི་རྒྱུ་ཡི་ཕྱིར། །ཟས་ཐམས་ཅད་དང་། ཇི་ལྟར་མངོན་པར་སྲེད་བའི་བཟའ་བ་དེ། །དེ་རྣམས་སུ་ཆར་འབབ་བར་གྱུར་ཏོ། ། ཇི་ལྟར་མངོན་པར་སྲེད་པའི་བཟའ་བ་དེ་རྣམས་ཀྱིས་ཟས་ཀྱི་བྱ་བ་བཀྲེས་པའི་སྡུག་བསྔལ་ཞི་བའི་དོན་དང་། སྐོམ་པ་རྣམས་ཀྱིས་བཏུང་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོའི་རྒྱུན་ལྟ་བུ་བཏུང་བར་བྱ་བའང་ཡིད་ལ་འདོད་པ་བཞིན་དུ་དེར་བབ་བར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་བཀྲེས་པའི་ནད་ཐམས་ཅད་རབ་ཏུ་ཞི་བ་དང་། སྐོམ་པ་ཐམས་ཅད་བསལ་བར་བྱས་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་ཐམས་ཅད་ཀྱང་ངོ་མཚར་ཐོབ་ཅིང་ཆིམ་པ་ཐོབ་ནས་བཅོམ་ལྡན་འ་དས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་འོད་སྲུང་ཀྱང་དེ་བཞིན་གཤེགས་པའི་གནས་ལ་ཡོངས་སུ་བཞུགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ངས་ཀྱང་དེའི་ཚེ་རྟོག་པའི་རྒྱལ་པོའི་ཆོ་ག་འདི་ལ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། བཀྲེས་པ་དང་། སྐོམ་པ་བསལ་བའི་དོན་གྱི་ཕྱིར་དང་། ཁྱད་པར་དུ་སྔགས་ཟློས་པ་པོ་ཐམས་ཅད་ཀྱི་ཕྱིར་གསུངས་པ་ལ་མངོན་པར་རྗེས་སུ་ཡི་རང་ངོ་། །དང་པོ་རེ་ཞིག་ཟློས་པ་པོས་སྔགས་འདི་བསྒྲུབ་པར་བྱའོ། །གལ་ཏེ་བསོད་སྙོམས་ལ་འགྲོ་བར་མི་སྤྲོ་ན་རིའི་རྩེ་མོར་འཛེགས་ནས་འབུམ་ཕྲག་བདུན་བཟླས་པ་བྱ། །དེ་ནས་དཀར་གསུམ་བཟའ་བ་འམ། འོ་མ་བཏུང་བའོ། །རིའི་རྩེ་མོ་དེ་ཉིད་དུ་འཕགས་མ་སྒྲོལ་མའི་རས་རིས་བར་མ་སྔར་བཞིན་དུ་བཞག་ནས་མཆོད་པ་ཆེན་པོ་བྱས་ཏེ་གཏོར་མ་དང་། ལྷ་བཤོས་རྒྱ་ཆེན་པོ་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་གསུངས་པའི་གསང་སྔགས་འདི་ཉིད་ཀྱིས་སེང་ལྡེང་གི་ཡམ་ཤིང་རྣམས་ཀྱི་མེ་སྦར་ནས་ཨུ་དུམ་བཱ་རའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ་རླན་དང་བཅས་པའམ། དཔལ་འབྲས་ཀྱི་ཡམ་ཤིང་ཀྱང་རུང་སྟེ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ། །དེ་ནས་མཚན་ཕྱེད་ཀྱི་དུས་ཀྱི་ཆེ་སྦྲིན་ནག་པོ་ཆེན་པོ་དང་། རླུང་གི་དཀྱིལ་འཁོར་འོང་བར་འགྱུར་ཏེ་འཇིགས་པར་མི་བྱ། །ལངས་ན་འགྲོ་བར་ཡང་མི་བྱའོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྙིང་པོས་བདག་ཉིད་བསྲུང་བར་བྱ་ཞིང་དཀྱིལ་འཁོར་བཅིང་བ་དང་། གྲོགས་རྣམས་ཀྱང་སྔར་བཞིན་བསྲུང་བར་བྱའོ། །དེ་ནས་རླུང་ནག་པོའི་དཀྱིལ་འཁོར་མི་སྣང་བར་འགྱུར་ཏེ་བུད་མེད་ཀྱང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འོད་ཀྱི་ཕྲེང་བ་དང་ལྡན་པས་ཕྱོགས་རྣམས་ཀྱང་ཀུན་ཏུ་སྣང་བར་བྱེད་བཞིན་པ་སྒྲུབ་པ་པོའི་མདུན་དུ་འདུག་སྟེ། ཀྱེ་ཀྱེ་སེམས་དཔའ་ཆེན་པོ་ལོངས་ཤིག་།གྲུབ་པོ་ཡིན་ནོ་ཞེས་སོ། །དེ་ནས་སྒྲུབ་པ་པོས་སྣ་མའི་མེ་ཏོག་དང་བསྲེས་པའི་དྲི་ཆུས་མཆོད་ཡོན་དབུལ་ལོ། །དེ་ནས་དེ་ཉིད་དུ་མི་སྣང་བར་འགྱུར་རོ། །ཉི་མ་དེ་ནས་བདག་ཉིད་དམ། འདིའི་གྲོགས་པོ་ཉི་ཤུ་རྩ་ལྔ་ལ་དེང་ནས་ཇི་ལྟར་མངོན་པར་འདོད་པའི་བཟའ་བ་རྣམས་རབ་ཏུ་སྟེར་བར་བྱེད་དོ། །ཇི་ལྟར་འདོད་པའི་ཡོ་བྱད་རྣམས་ཀྱང་ཀུན་ཏུ་སྦྱིན་པར་བྱེད་དོ། །དེ་ནས་སྒྲུབ་པ་པོས་མཆོད་ཡོན་ཕུལ་ནས་གཤེགས་སུ་གསོལ་བར་བྱའོ། །རས་རིས་ལ་བསྐོར་བ་ལན་གསུམ་བྱས་ནས་རས་རིས་བླངས་ཏེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་དེ་ནས་རིའི་རྩ་མོའམ། མི་མེད་པའི་གནས་སུ་འགྲོ་བར་བྱའོ། །དེར་བདག་ཉིད་དམ། གྲོགས་པོས་ཕྱག་དར་བྱས་ནས་དགྲམ་པར་བྱ་བ་རྣམས་བཀྲམ་ལ་གནས་དེར་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་ལས་རྣམས་བྱའོ། །དེ་ནས་སྒྲུབ་པ་པོས་སྔར་བཞིན་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་རས་རིས་བར་མ་སྔར་བཞིན་དུ་བཞུགས་སུ་གསོལ་ནས་སེང་ལྡེང་གི་ཤིང་གི་མེ་སྦར་ལ་ཐུན་གསུམ་དུ་པདྨ་དཀར་པོའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ་རྣམས་ཀྱིས་ཉི་མ་ཉི་ཤུ་རྩ་གཅིག་ཏུ་རྩ་བའི་རིག་པའམ། སྙིང་པོ་འམ། ཉེ་བའི་སྙིང་པོས་ལས་ཆེན་པོ་ཐམས་ཅད་ཀྱི་ཆེད་དུ་འམ། ཡི་གེ་གཅིག་པའི་ཆེད་དུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ། །དེ་ནས་མཚན་ཕྱེད་ཀྱི་དུས་ཀྱི་ཚེ་སྦྱིན་སྲེག་གི་མཐར་བཅོམ་ལྡན་འདས་མ་སྒྲོལ་མ་མངོན་གསུམ་དུ་མཐོང་བར་འགྱུར་ཞིང་འདོད་པའི་མཆོག་གི་གནང་བར་བྱེད་དོ། །ནམ་མཁའ་ལ་འགྲོ་བ་འམ། མི་སྣང་བ་འམ། བྱང་ཆུབ་སེམས་དཔའི་ས་འམ། རང་སངས་རྒྱས་སམ། མངོན་པར་ཤེས་པ་ལྔ་ཉིད་དམ། ཚེ་རིང་བ་ཉིད་དམ། རྒྱལ་སྲིད་ཆེན་པོ་དང་། ལོངས་སྤྱོད་ཆེན་པོ་ཉིད་ཀྱི་ཆེད་དམ། རྒྱལ་པོ་ཆེན་པོ་མཉེས་པ་ཉིད་དམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྗེས་སུ་རྣམ་པར་སྤྱོད་པ་ཉིད་དམ། མདོར་ན་ཡིད་ལ་འདོད་པ་དེ་ཐམས་ཅད་གནང་བར་བྱེད་དོ། །གང་བླངས་ཀྱང་རུང་སྟ་དེ་མཐུན་པར་གནང་བར་བྱེད་ཅིང་གྲུབ་པའི་རྫས་རྣམས་ཐམས་ཅད་ཀྱང་ཐོབ་བོ། །སེམས་ཅན་ཆེན་པོ་རྣམས་འགུགས་པར་བྱེད་པ་འམ། མདོར་ན་ཇི་ལྟ་ཇི་ལྟར་ཞུས་པ་དེ་ཐམས་ཅད་མཛད་དེ། །ལས་ཀྱི་ཉེས་པ་རབ་ཏུ་སྦགས་པའང་ཡང་དག་པར་སྦྱོང་བར་བྱེད་དོ་ཞེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་སོ། །ལས་ཀྱི་ཆོག་གཞན་པ་བར་མའི་སྒྲུབ་ཐབས་སུ་འགྱུར་བ་ནི་དང་པོ་རེ་ཞིག་ཁྱད་པར་གྱི་གནས་སམ། གཙང་མའི་ཕྱོགས་སམ། ཆུ་ཀླུང་ངམ། ཆུ་གླིང་གི་འགྲམ་དུ་སྔར་བ་ཞིན་དུ་ཐམས་ཅད་བྱས་ནས་རས་རིས་ཞལ་ནུབ་ཏུ་ཕྱོགས་པར་བཞག་ལ་བདག་ཉིད་ཁ་ཤར་དུ་ཕྱོགས་པས་གནས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་རྒྱས་པར་གོང་བཞིན་དུ་སྦྱར་བར་བྱ་སྟེ་ཐུན་གསུམ་དུ་འབུམ་ཕྲག་དྲུག་བཟླས་པར་བྱའོ། །བཟླས་པ་ཡོངས་སུ་རྫོགས་པ་དང་། དོང་ཀའི་མེ་ཏོག་ཙནྡན་དཀར་པོ་དང་བསྲེས་པ་འམ། གུར་གུམ་དང་བསྲེས་པས་སྔ་མ་དེ་བཞིན་ཁོ་ནར་མེ་སྦར་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །སྦྱིན་སྲེག་གི་མཐར་རས་རིས་འགུལ་ན་བློན་པོ་ཉིད་དོ། །རས་རིས་ལ་འོད་ཀྱི་སྣང་བ་བྱུང་ན་འོད་ལས་རྒྱལ་སྲིད་དོ། །རས་རིས་ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་ན་རྒྱལ་པོ་ཆེན་པོ་བཞིའི་རིགས་ཀྱི་རྒྱལ་སྲིད་དོ། །རས་རིས་ལ་མེ་བྱུང་ན་སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་ཉིད་དེ་བརྒྱ་བྱིན་ཉིད་དོ། །རས་རིས་ཆོས་སྟོན་པར་བྱེད་པ་བྱུང་ན་བྱང་ཆུབ་སེམས་དཔའ་གསུམ་གྱི་དབང་ཕྱུག་ཉིད་དོ། །རས་རིས་ཀྱི་ཕྱག་སྤྱི་བོར་རེག་ན་མངོན་པར་ཤེས་པ་ལྔ་དང་། ས་བདུན་རྗེས་སུ་ཐོབ་པ་དང་། སྟོབས་བཅུ་ངེས་པ་ཉིད་རིམ་གྱིས་ཐོབ་པར་བྱེད་པ་ཉིད་དོ། །དེ་ནས་སྒྲུབ་པ་པོས་བཅོམ་ལྡན་འདས་འོད་སྲུངས་ཀྱི་གསུངས་པའི་སྔགས་བསྒྲུབ་ཏེ་བཀྲེས་པ་དང་། སྐོམ་པ་ཕྱིར་གཞིལ་བའི་དོན་རྗེས་སུ་ཐོབ་པ་དེ་ཉིད་ཀྱིས་དང་། ཆོ་ག་དེ་ཉིད་ཀྱིས་ཡོ་བྱད་ཀྱི་རིག་པའི་སྤྱོད་པའི་དོན་སྒྲུབ་པའི་ཐབས་ཀྱི་ཆོ་གའི་ཆོས་ལ་ཡང་དག་པར་ནན་ཏན་བྱ་ཡི། གཞན་དུ་གྲུབ་པར་མི་འགྱུར་རོ། །དེ་ལྟར་རིམ་གྱིས་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་འཇུག་ཅིང་མདོར་ན་ནན་ཏན་ངེས་པར་སྒྲུབ་པར་བྱེད་དེ། རྫས་དང་། སྨན་དང་། ཡོ་བྱད་ཀྱི་ཁྱད་པར་དང་། ནོར་བུ་རིན་པོ་ཆེ་རྣམས་ཇི་ལྟར་སྔར་ངེས་པར་བསྟན་པ་བཞིན་དུ་སྒྲུབ་པར་བྱེད་དོ། །སྔགས་ཤེས་སྔགས་ནི་ཟློས་པ་པོའང་། །ཆོ་ག་བཤད་པ་ལ་སེམས་པ། །སྔགས་པ་དེ་ཚེ་དེ་ཕྱོགས་སུ། །གཙང་མའི་འགྲོ་བས་ཟས་ཀྱང་ནི། །ཟོས་ནས་ཡིད་ནི་དགའ་པ་དང་། །དབང་པོ་ཡོངས་སུ་རྫོགས་པ་དང་། །ལྷུང་བཟེད་ལྷག་མ་རྟག་བླངས་ཏེ། །སེམས་བཟང་ཆུ་བོ་གཙང་མར་འགྲོ། །མཐའ་གཅིག་ཏུ་ནི་བོར་ནས་ནི། །བརྟུལ་ཞུགས་ཅན་གྱིས་དུད་འགྲོ་སྦྱིན། །དུད་འགྲོ་རྣམས་ལ་མཐུན་བྱིན་ནས། །འབད་པས་ལྷུང་བཟེད་བཀྲུ་བར་བྱེད། །ལྷག་མ་ལྷུང་བཟེད་བྱ་བ་ནི། །སྣུམ་མེད་ཟས་དང་དྲི་བྲལ་གང་། །ལྷུང་བཟེད་ལྷག་མར་ཐུབ་པས་གསུངས། །གང་དུ་སློང་བའི་སྣོད་དུ་ནི། །དེ་རུ་ཟན་ནི་མི་བཟའ་སྟེ། །དེར་ནི་བཟའ་བ་འབྲས་བུ་དང་། །རྫས་རྣམས་རྟག་ཏུ་བཟའ་མི་བྱ། །པད་འདབ་ཀྱིས་ཀྱང་མ་ཡིན་ཏེ། །ུཏྤ་ལ་ལས་བྱུང་བས་སམ། །དྲི་བཟང་ལྡན་རྣམས་སྤངས་པ་སྟེ། །སྔགས་པས་དེར་ནི་མི་བཟའ་འོ། །གང་ཡང་སྔགས་པས་ཀུ་མུ་ད། །སླ་ཀྵ་ཨུ་དུམ་བཱ་ར་ལས་བྱུང་། །བ་ཊིའི་འདབ་མ་དང་ཡང་ནི། །ཆེར་མའི་ཡལ་གའི་རི་ཁྲོད་བྱུང་། །ཱ་མྲའི་འདབ་མ་རུ་ཡང་མིན། །དེ་བཞིན་སཱ་ཊ་ལ་ལས་བྱུང་། །སཱ་ལའི་འདབ་མ་ཤི་རི་ཥ། །བྱང་ཆུབ་ཤིང་ལས་བྱུང་བ་དང་། །གང་དུ་བཅོམ་ལྡན་སངས་རྒྱས་ནི། །ཤཱཀྱ་སེངྒེ་བཞུགས་པ་ཡི། །ཤིང་དེ་འབད་པས་སྤང་བར་བྱ། །ཤིང་དེ་ཡི་ནི་ཡལ་ག་དང་། །ནཱ་ག་གེ་སར་ཤིང་ལའང་མིན། །གང་དུ་ནམ་ཡང་བཟའ་མི་བྱ། །མཁས་པས་དེ་ཀུན་ཅིས་ཀྱང་སྤང་། །ཐུབ་པའི་ལོ་མའི་སྤྱིལ་པོ་ནི། །རྨོངས་པས་ནམ་ཡང་འགོམ་མི་བྱ། །སྡིགས་པ་དམ་ཚིག་ཉམས་པར་འགྱུར། །ཟས་ནི་ལོ་མ་དེ་རྣམས་ལས། །གཞན་པའི་ལོ་མ་རྣམས་སུ་བཟའ། །ས་བྱུང་ཟངས་སུ་ངེས་བསྟན་དང་། །དེ་བཞིན་གསེར་དང་དངུལ་ལས་བྱུང་། །ཤེལ་དང་རྡོ་བ་ལས་བྱུང་བ། །དེ་བཞིན་བཟའ་བ་བླངས་ནས་ནི། །རྟག་ཏུ་སྔགས་པས་དེར་ནི་བཟའ། །ལོ་མའི་རྒྱབ་ཏུ་མི་བཟའ་སྟེ། །དེ་བཞིན་ལག་པའི་མཐིལ་དུའང་མིན། །སྟོབས་བཅུ་པ་ཡི་སྲས་རྣམས་དང་། །རང་རྒྱལ་བསེ་རུ་ལྟ་བུ་གང་། །དེ་བཞིན་གཤེགས་པའི་ཉན་ཐོས་གཙོ། །ལོ་མ་གཞན་དང་ལྷ་བཤོས་འབྱུང་། །ཟློས་པོས་དེ་རྣམས་སྤང་བར་བྱ། །ཡི་གེ་རྐང་པས་ཀྱང་མི་འགོམ། །སྣ་ཚོགས་བཟའ་བ་སྣུམ་ཁུར་དང་། །དེ་བཞིན་བཏུང་དང་བཟའ་བ་རྣམས། །སྔགས་པས་འབད་པས་བླང་བར་བྱ། །རྒྱལ་དང་རྒྱལ་བའི་མཆོག་རྣམས་དང་། །དེ་བཞིན་ཉན་ཐོས་སྐྱེས་བུ་མཆོག་།དཀོན་མཆོག་གསུམ་ལ་ཕུལ་བ་ཡི། །ལྷ་བཤོས་ཐམས་ཅད་ཉིད་དང་ནི། །ཟློས་པོས་རྟག་ཏུ་སྤང་བར་བྱ། །ཆུང་ངུ་ཙམ་ཡང་ལུས་ཅན་ལ། །སྔགས་རྣམས་དེ་ཡིས་མི་འགྲུབ་སྟེ། །ཀུན་ནས་བཀྲ་ཤིས་ཐམས་ཅད་དང་། །རྟག་ཏུ་དཔལ་ནི་སྨོས་ཅི་དགོས། །རྒྱལ་བ་ཅན་དང་ཞི་བ་ཅན། །ལྷ་བཤོས་གཏོར་མ་ཟ་བྱེད་པ། །དེ་ཚེ་དེ་ཡི་ཀུན་མི་འགྲུབ། །གཙང་ཞིང་མཁས་ལ་ཚུལ་ཁྲིམས་ལྡན། །སྙིང་རྗེ་སྙིང་རྗེའི་ལས་ཅན་དང་། །གཙང་སྦྲའི་སྤྱོད་པ་ལ་དགའ་བ། །རིག་སྔགས་ཀུན་ཏུ་སྒྲུབ་པར་བྱེད། །སེམས་ཅན་གཞན་ལ་བྱིན་པའི་ཟས། །ཟློས་པོས་དེ་ནི་བཟའ་མི་བྱ། །གཞན་གྱིས་རབ་ཏུ་མ་བརྟགས་པའི། །ཟས་གཞན་བཟའ་བར་མི་བྱའོ། །རང་ལ་བྱིན་པས་ཁ་ཟས་ནི། །ཅུང་ཟད་ཙམ་ཡང་བླང་བར་བྱ། །སྔགས་ཤེས་དེ་ལྟར་འཇུག་པ་ནི། །དེ་ཡི་དངོས་གྲུབ་སྡིག་པའི་དགྲ། །ཡོངས་སུ་རྫོགས་པར་བྱེད་པར་གནས། །ཟློས་པོས་ཆོ་ག་འདི་ཡིས་ནི། །བཟའ་བ་ལེན་པའི་བརྟུལ་ཞུགས་ཅན། །ཐུབ་པ་རྣམས་ཀྱིས་ལེགས་པར་བསྔགས། ། སྔགས་རྣམས་ཐམས་ཅད་སྒྲུབ་པ་ལ། །མདོར་ན་ཆོ་ག་མཐོང་བ་ཡིས། །བཟའ་བ་ཀུན་དང་ལས་རྣམས་ལའོ། །དེ་ནས་གཞན་ཡང་རབ་འཆད་བྱེད། ། སྔགས་ནི་ཐམས་ཅད་སྦྱོང་བར་བྱེད། །དེ་ནས་ཟློས་པོས་ཉེ་རེག་བྱ། །དེ་ཚེ་སྔགས་འདི་བརྗོད་པར་བྱ། །དེ་ཚེ་སྔགས་པས་ལན་བདུན་དུ། །ལུས་སྦྱོང་བྱེད་པ་བཟླས་བྱས་ནས། །འབྱུང་པོའི་ཚོགས་དང་ལྷ་རྣམས་འདིར། །དེ་དོན་རྒྱས་པ་མཉན་པར་གྱིས། །ལུས་ཀུན་ཉེ་རེག་བྱས་ནས་སུ། །ཐུབ་པས་སྔགས་འདི་བརྗོད་པར་བྱ། །ན་མཿསརྦ་བུད་དྷཱ་ནཱཾ། ཨཱ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་མརྦ་ཀིལྦི་ཥྚ། ནཱ་ཤ་ནི། ནཱ་ཤ་ཡ། སརྦ་དུ་ཥྚ་པྲ་ཡུཀྟཾ། ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཛཿསྭཱཧཱ། སྔགས་འདིས་བརླབ་པའི་ཟས་གཞན་གང་ཡང་རུང་བ་ཡོངས་སུ་སྤྱོད་པ་ན་སྔགས་ལན་བདུན་མངོན་པར་སྔགས་པ་བྱས་ནས་ཡོངས་སུ་ལོངས་སྤྱོད་པར་བྱའོ། །ཟོས་ནས་སྔ་མ་བཞིན་དུ་ཉེ་རེག་བྱས་ཏེ་སྤྱི་བོ་ལ་སོགས་པའི་ལུས་ཐམས་ཅད་དུ་བྱུག་ནས་དེ་ནས་ངལ་བསོ་བར་བྱའོ། །ངལ་སོས་ནས་ཡུད་ཙམ་ཕྱེད་དམ། ཐུན་གཅིག་ལའོ། །དེ་ནས་རས་རིས་དང་། སངས་རྒྱས་ཐམས་ཅད་ལ་མངོན་པར་ཕྱག་བྱས་ནས་དམ་པའི་ཆོས་ཀྱི་གླེགས་བམ་བཀླག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འཕགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་དང་། འཕགས་པ་ས་བཅུ་པ་དང་། འཕགས་པ་གསེར་འོད་དམ་པ་དང་། འཕགས་པ་རྨ་བྱ་ཆེན་མོ་དང་། འཕགས་པ་རིན་པོ་ཆེ་ཏོག་གི་གཟུངས་ཏེ་འདི་རྣམས་ལས་གཞན་དང་། གཞན་གང་ཡང་རུང་བ་བཀླག་པར་བྱའོ། །ཉི་མའི་དུས་ཀྱི་ཚད་བཞི་ཆ་ཙམ་དུའོ། །དེ་ནས་ཡོངས་སུ་ཞི་ནས་ཇི་ལྟར་འདོད་པ་བཞིན་དུ་བཀླག་པར་བྱ་སྟེ་གླེགས་བམ་བརྟུལ་ནས་གོས་གཙང་མ་བགོས་ཏེ་དམ་པའི་ཆོས་ལ་ཕྱག་བྱས་ནས་དེ་ནས་ཁྲུས་ཀྱི་ཆེད་དུ་ཆུ་ཀླུང་གི་འགྲམ་མམ། མཚོ་ཕྲན་ཆེན་པོར་འཇུག་པས་སོང་ནས་སྲོག་ཆགས་མེད་པའི་ས་བླངས་ཏེ་ལན་བདུན་མངོན་པར་སྔགས་པར་བྱས་ནས་རིག་པ་འདིས་ཆུལ་གདབ་བོ། །གང་ཞེ་ན། ན་མཿས་མནྟ་བུད་དྷཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་སརྦ་དུཥྚ་སྟཾ་བྷ་ཡ་ཧཱུཾ། ནཱ་དཱི་བར་དྷཱ་རི་ཎེ། ས་མ་ཡ་མ་ནུ་སྨ་ར་ཕཊ་ཕཊ་སྭཱཧཱ། འདིས་སྲུང་བ་བྱས་ནས་ཕྱོགས་རྣམས་བཅིང་བ་དང་། གྲོགས་རྣམས་དང་། དཀྱིལ་འཁོར་བཅིང་བ་དང་། ཁ་བཅིང་བ་དང་། གདུག་པ་དང་། རབ་ཏུ་གདུག་པ་རྣམས་ཐམས་ཅད་འགུགས་པར་བྱེད་པ་དང་། བགེགས་བཅིང་བ་ལའང་སྲད་བུ་ལ་ལན་བདུན་བཟླས་ནས་རྐེད་པའི་ཕྱོགས་སུ་བཅིངས་པས་ཐམས་ཅད་ཡོངས་སུ་འཆགས་པ་དང་། བཟླས་པའི་དུས་ཐམས་ཅད་དང་། ཁྲུས་ཀྱི་དུས་ཐམས་ཅད་དང་། གདུག་པའི་བགེགས་རྣམ་པར་གཞོམ་པ་དང་། རབ་ཏུ་ཞི་བའི་དོན་དུ་སྔགས་འདི་སྟོང་ཕྲག་གཅིག་བཟླས་པར་བྱའོ། །དེ་ནས་ལས་ཐམས་ཅད་བྱེད་དོ། །པདྨའི་གདན་ལ་ཕྱག་རྒྱ་ཆེན་པོ་དང་ལྡན་པ་དགོད་པར་བྱའོ། །ལས་རྣམས་ཐམས་ཅད་དུ་ཐམས་ཅད་ཀྱི་རྣམ་པ་གཞན་དུ་མི་འགྱུར་རོ། །དེ་ནས་སྒྲུབ་པ་པོས་ས་ལས་བྱུང་བའི་ཕྱེ་མ་ལ་སོགས་པ་རྣམས་བླངས་ནས་ཇི་ལྟར་བདེ་བར་ཁྲུས་བྱ་ཞིང་སྲོག་ཆགས་མེད་པའི་ཆུས་ཁྲུས་བྱས་ཏེ་ཐམས་ཅད་དུ་ལས་ཐམས་ཅད་ལ་སྲོག་ཆགས་མེད་པ་ཉིད་ཀྱིས་བྱའོ། །དེ་ནས་ཁྲུས་བྱས་ནས་སའི་རང་བཞིན་ནམ། གཞན་དྲི་ཞིམ་པོ་དང་ལྡན་པའི་དྲི་དང་། ཡོ་བྱད་ཀྱི་ཁྱད་པར་གྱིས་རྗེས་སུ་བྱུག་པར་བྱའོ། །ཆུའི་ནང་དུ་མཆིལ་མ་དང་། བཤང་བ་དང་། གཅི་བ་ལ་སོགས་པའང་དོར་བར་མི་བྱའོ། །རྩེ་བར་ཡང་མི་བྱའོ། །སྙིང་རྗེ་དང་ལྡན་པས་བདག་དང་། སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་པར་བྱ་སྟེ་བདག་མེད་པ་དང་། སྟོང་པ་དང་། སྡུག་བསྔལ་དང་ལྡན་པ་དང་། སྡུག་བསྔལ་ཉེ་བར་འགགས་པ་དང་། ཚོར་བས་མངོན་པར་ནོན་པ་དང་། ཆུ་རླབས་བཞིན་དུ་མངོན་པར་འབྱུང་བའི་རབ་ཏུ་སྦྱོར་བའི་སྡུག་བསྔལ་དང་ལྡན་པའི་སེམས་ཅན་རྣམས་འདི་ལྟར་སྒྲུབ་པ་དང་བྲལ་བ་སྔགས་ཤེས་པས་གང་དེ་བཞིན་དུ་དུག་དང་། གཅོད་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིགས་པ་ལ་སོགས་རྣམས་ཀྱིས་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་འགོག་པར་བྱ་བཞིན་པ། འཁོར་བའི་རྒྱ་མཚོ་ཐིབས་པོ་གནས་པའི་བདག་ཉིད་དུ་མཐོང་ཞིང་གནས་མེད་པ་དང་། སྐྱོབ་པ་མེད་པ་དང་། སྐྱབས་མེད་པ་དང་། ཤིན་ཏུ་དམན་པའི་ཡིད་ཅན་གྱི་བདག་ཉིད་དུ་བརྟགས་ནས་སྒོམ་པ་པོ་མགྲིན་པ་ནུབ་ཙམ་གྱི་ཆུ་ན་གནས་པའམ། ལྟེ་བ་ཙམ་དུ་གནས་པའི་ཆུ་དེ་ཉིད་ཀྱི་ནང་དུ་སེམས་རྩེ་གཅིག་ཏུ་ཉེ་བར་གཟུང་བར་བྱའོ། །དང་པོར་རེ་ཞིག་པདྨ་ཆེན་པོའི་འདབ་མ་ལ་མེ་ཏོག་ཆེན་པོ་དང་ལྡན་པ། པདྨ་ཆེན་པོའི་ལོ་མས་ཉེ་བར་མཛེས་པ། བལྟ་ན་སྡུག་པ། རིན་པོ་ཆེ་བཻཌཱུཪྻའི་རང་བཞིན་ལས་བྱུང་བའི་སྡོང་བུ་དང་། རིན་པོ་ཆེ་མ་ད་ཀ་ལས་གྲུབ་པའི་པདྨའི་གེ་སར་དང་། ཤེལ་ལས་བྱས་པའི་སྡོང་པོ་ལེགས་པར་ཁ་ཕྱེ་བ་དང་། དེའི་རྗེས་སུ་སྐྱེས་པའི་ཤེལ་དང་། པདྨ་རཱ་གའི་མེ་ཏོག་རྣམས་ཀྱིས་མཛེས་པའོ། །དེའི་སྟེང་དུ་སེང་གེའི་ཁྲི་རིན་པོ་ཆེ་དུ་མས་ཉེ་བར་མཛེས་པ། རས་བཅོས་བུ་ཟུང་གིས་བཀབ་པའོ། །དེའི་སྟེངས་སུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་བསམ་པར་བྱ་སྟེ་ཆོས་སྟོན་པར་མཛད་ཅིང་བཞུགས་པ། གསེར་གྱི་མདོག་ཏུ་སྣང་བ། ཀུན་ནས་འོད་འབར་བའི་ཕྲེང་བས་ཁྱབ་པའི་འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ། ཚད་ཆེན་པོ་ནམ་མཁའ་ལྟ་བུ་མཆོག་ཏུ་བྲིས་བཞིན་པ། སྐྱིལ་མོ་ཀྲུང་གི་ཉེ་བར་བཞུགས་པ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། པདྨ་ཆེན་པོའི་གདན་ལ་བཞུགས་པ། རྔ་ཡབ་བསྣམས་པ། བཅོམ་ལྡན་འདས་བཞུགས་པའི་གྲཝ་ན་འཁོད་དེ་ལུས་དམར་སེར་གུར་གུམ་བཏགས་པའི་ཁ་དོག་ལྟ་བུའོ། །གཡོན་དུ་འཕགས་པ་མཐུ་ཆེན་པོ་ཐོབ་སྟོན་ཀའི་སྤྲིན་ལྟར་དཀར་བ། ཕྱག་ན་རྔ་ཡབ་ཐོགས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྒྱད་ལ་འཕགས་པ་བྱམས་པ་དང་། ཀུན་ཏུ་བཟང་པོ་དང་། སའི་སྙིང་པོ་དང་། ནམ་མཁའི་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། འཕགས་པ་འཇམ་དཔལ་དང་། འཕགས་པ་ཕྱག་ན་རྡོ་རྗེ་དང་། ནོར་བཟང་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བཅུ་པོ་འདི་རྣམས་ཀྱི་གཡས་སུ་རང་སངས་རྒྱས་བརྒྱད་བསམ་པར་བྱ་སྟེ། ཙནྡན་དང་། སྤོས་ངད་ལྡན་དང་། ཏོག་དང་། ཏོག་དཀར་དང་། འདོད་པ་དང་། ཉེ་བའི་འདོད་པ་དང་། མུ་ཁྱུད་དང་། ཉེ་བའི་མུ་ཁྱུད་བརྒྱད་དོ། །དེ་ཉིད་དུ་ཉན་ཐོས་ཆེན་པོ་བརྒྱད་གནས་པ་ལ། འདི་ལྟ་སྟེ། འཕགས་པ་མཽངྒ་ལ་གྱི་བུ་ཆེན་པོ་དང་། འཕགས་པ་ཤཱ་རིའི་བུ་དང་། བ་ལང་བདག་དང་། བྷ་ར་དྷྭ་ཛ་བསོད་སྙོམས་ལེན་དང་། པི་ལིན་དའི་བུ་དང་། འཕགས་པ་སྒྲ་གཅན་ཟིན་དང་། འཕགས་པ་འོད་སྲུང་ཆེན་པོ་དང་། འཕགས་པ་ཀུན་དགའ་བོ་ཞེས་པའི་ཉན་ཐོས་ཆེན་པོ་དེ་རྣམས་དང་ཉེ་བར་དགེ་སློང་གི་དགེ་འདུན་མཐའ་ཡས་པ་བསྒོམ་པར་བྱའོ། །རང་སངས་རྒྱས་རྣམས་དང་། ཉེ་བར་རང་སངས་རྒྱས་མཐའ་ཡས་པ་བསྒོམ་པར་བྱའོ། །བྱང་ཆུབ་སེམས་དཔའ་བརྒྱད་པོ་རྣམས་ཀྱི་གནས་སུའང་བྱང་ཆུབ་སེམས་དཔའི་དགེ་འདུན་མཐའ་ཡས་པ་བསྒོམ་པར་བྱའོ། །དེ་བཞིན་དུ་ཀུན་ནས་འཁོར་གྱི་དཀྱིལ་འཁོར་དུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་ལྡན་པར་བསྒོམ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་ལྟེ་བ་ཙམ་གྱི་ཆུ་ལ་གནས་བཞིན་དུ་ལྷ་དང་། མིའི་མེ་ཏོག་རྣམ་པ་སྣ་ཚོགས་པ་ལ་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། པདྨ་དང་། པདྨ་ཆེན་པོ་དང་། དྷཱ་ནུ་སྐཱ་རི་ཀ་དང་། བཪྵི་ཀ་དང་། ཨིནྟྲ་བ་རཱི་མེ་ཏོག་རྣམ་པ་སྣ་ཚོགས་པ་ཚད་ཆེན་པོ་ཕུང་པོ་ཆེན་པོར་གནས་པ། རི་རབ་ཙམ་གྱི་མེ་ཏོག་གི་ཕུར་མས་བཅོམ་ལྡན་འདས་ལ་མཆོད་པ་བྱ་ཞིང་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་དང་། ལྷ་དང་། མིའི་མར་མེ་མང་པོ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཡིད་དུ་འོང་བ་རྣམས་ཀྱིས་མཆོད་པར་བྱའོ། །དེ་བཞིན་དུ་གཏོར་མ་དང་། བདུག་པ་དང་། ལྷ་བཤེས་དང་། མཆོད་པ་དང་། བསྙེན་བཀུར་ལ་སོགས་པ་ཡོ་བྱད་ལྷ་དང་། མིའི་ཉེར་མཁོ་རྣམས་དབུལ་བར་བྱའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་མངོན་པར་འཕྲོ་བཞིན་པས་བདག་ཉིད་དང་། ཕྱོགས་ཐམས་ཅད་ཀྱང་ཀུན་ཏུ་སྣང་བཞིན་པར་བསྒོམ་པར་བྱའོ། །སྒོམ་པ་པོ་བསམ་གཏན་ལ་ཞུགས་མ་ཐག་ཏུ་ཚངས་པའི་བསོད་ནམས་ཀྱི་འབྲས་བུ་ཐོབ་བོ། །ངེས་པར་བྱང་ཆུབ་མཆོག་ཏུ་གཞོལ་བར་འགྱུར་རོ། །དེ་ལྟ་བུ་སོགས་བསམ་གཏན་རྣམས། །འཇིག་རྟེན་སྐྱེས་མཆོག་རྣམས་ཀྱིས་གསུངས། །འབྱུང་པོ་ཀུན་ཀྱང་ལེགས་པ་དང་། །སྔགས་པ་རྣམས་ལ་ཕན་དོན་དང་། །དེ་ཚེ་བསམ་གཏན་དང་པོའི་གཙོ། །སྔགས་པ་ཀུན་ལ་ཕན་དོན་དུ། །སེམས་ཅན་རྣམས་ཀྱི་ཕྱིར་གསུངས་སོ། །དེ་ནས་ཐུབ་མཆོག་བདུན་པ་ཡི། །དཀྱིལ་འཁོར་རྣམ་པར་བརྗོད་པར་བྱ། །ཐུབ་པས་དང་པོར་གསུངས་པ་ཡིན། །གཉིས་པ་ཡི་ནི་དཀྱིལ་འཁོར་དང་། །གསུམ་པར་ཡང་ནི་དེ་ལས་གཞན། །དང་པོར་མཆོག་གི་དངོས་གྲུབ་སྟེ། །བར་མ་ལ་ནི་དེ་བཞིན་གཞན། །ཆུང་ངུ་ལ་ནི་ཕྲན་ཚོགས་འགྲུབ། ། ཐུབ་པ་མཆོག་གིས་ངེས་པར་གསུངས། །དེ་བཞིན་རས་རིས་བསམ་གཏན་ནི། །ཐུ་བོ་བར་མ་ཆུང་ངུ་སྟེ། །ཐམས་ཅད་སྡིག་པ་འཇིག་བྱེད་པའོ། །དེ་ལས་གཞན་ཡང་མཁས་པས་ནི། །བསམ་གཏན་རྣམ་པར་བསྒྲུབ་བྱ། །བསམ་གཏན་དེ་ལ་རབ་གནས་ན། །སྔགས་རྣམས་དེ་ལ་འགྲུབ་པར་འགྱུར། །ཇི་ལྟར་འདོད་པའི་ཆོ་ག་བཤད། །ཟློས་པོས་བསམ་གཏན་བསྒོམས་ནས་ནི། །སྔགས་ཀྱི་མཆོད་ཡོན་དེར་ཕུལ་ནས། །ཇི་ལྟར་བདེ་བར་གཤེགས་སུ་གསོལ། །ཆུ་ཚོགས་དེ་ལས་བསྒྲལ་ནས་ནི། །དེ་ནས་ཇི་ལྟར་བདེ་བར་འགྲོ། ། གནས་ནི་སྔོན་དུ་ངེས་བསྟན་པར། །ཆོ་ག་མཐོང་བས་ལེགས་ཞི་བར། །དེ་ལ་སྔགས་པས་གསང་སྔགས་བཟླས། །སྔར་ལས་ཇི་ལྟར་བརྗོད་པ་བཞིན། །རང་གི་ལྷ་ནི་སྤྱན་དྲངས་པ། ། དེར་ནི་སྔགས་ཀྱིས་གཤེགས་སུ་གསོལ། །དེ་ནས་བདག་ཉིད་དེ་བཞིན་ཉིད། །གྲོགས་པོ་རྣམས་ནི་བསྲུངས་བྱས་ནས། །དགེ་བའི་ལས་ཀྱིས་དེ་ཉིད་ཤེས། །ཆོ་གའི་ལས་ལ་དགའ་ཞིང་འདུད། །རྣམ་པ་སྣ་ཚོགས་བསྟོད་མཆོད་ཀྱིས། །གང་ཟག་མཆོག་ལ་ཀུན་བསྟོད་ནས། །རང་སྔགས་སྔགས་ཀྱིས་མགོན་པོ་དང་། །ཉན་ཐོས་རང་རྒྱལ་བསེ་རུ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །འཇིག་རྟེན་གསུམ་པོ་རྗེས་འཛིན་བཟོད། །དེ་ནས་གསང་སྔགས་ཟློས་པ་པོས། །སྟན་དེ་ལས་ནི་སླར་ལངས་ནས། །ཐག་རིང་གནས་སུ་སོང་ནས་ནི། །ཕྱི་རོལ་རླུང་གི་རྣམ་པར་སྤངས། །སྣབས་དང་མཆིལ་མ་རྣམ་པར་དོར། །བཤང་དང་གཅི་བའང་དེ་བཞིན་ནོ། །ཉིན་པར་བྱང་དུ་ཁ་ཕྱོགས་ཤིང་། །མཚན་མོ་ལྷོ་རུ་ཁ་བལྟའོ། །སྔགས་ཟློས་པོས་ནི་ནམ་ཡང་དེར། །དོན་རྣམས་བསམ་པར་མི་བྱ་འོ། །དེར་ནི་རང་ལས་བྱེད་གསུངས་པའི། །སྔགས་ཀྱི་བཟླས་པ་མི་བྱ་འོ། །རབ་སྔགས་འགྲོ་བ་མཚན་སོགས་ཀྱི། །དེ་ཚེ་ས་སྟེང་ཉེར་འདུག་སྟེ། །དག་པའི་ཆུ་ཡིས་ཉེ་རེག་བྱ། །གཙང་མའི་གོས་མཐའ་ཆུར་གཞུག་བྱ། །ས་ཡི་ཕུང་པོ་བདུན་ཉིད་ཀྱིས། །འབད་པས་རྐང་པ་བཀྲུས་བྱས་ནས། །རབ་ཏུ་འཛག་པ་བདུན་བླངས་ནས། །བཤང་བ་འཛག་པ་སུམ་ཅུ་སྟེ། །གཉིས་ཀའི་མཐའ་ལ་ལག་པ་དག་།མཆིལ་མ་དོར་བ་ཉིད་དང་ནི། །སྣབས་ལའང་གཉིས་ཏེ་དེ་བཞིན་ནོ། །དེ་ནས་འབད་པས་ཉེ་རེག་བྱ། །གནས་ལ་རིང་དུ་སོང་བའི་སར། །དེ་བཞིན་སྒྲ་ཙམ་སོང་ནས་ནི། །ལམ་ལ་སོགས་པ་ཡངས་པ་རུ། །དེ་ནས་གཞན་གྱི་ཅི་འདོད་བཞིན། །ལྷོ་ཕྱོགས་མཐའ་ཡི་ཕྱི་རོལ་ཏུ། །ཆུ་དང་གཡངས་མེད་པ་དང་། །དེ་བཞིན་བྱེ་མས་ཁྱབ་པ་དང་། །ཆུ་ཀླུང་སྤངས་ཤིག་ངོས་ཀྱང་སྤངས། ། འབད་པས་མི་གཙང་ཆུ་སྤངས་པར། །གསང་ཞིང་ཤིན་ཏུ་སྦྱངས་པ་དང་། །བས་མཐའ་ལྗོངས་ནི་སྤངས་པ་དང་། །རྣམ་པར་དབེན་པའི་སར་སོང་ནས། །སྔགས་པས་མི་གཙང་དོར་བར་བྱ། །ཟློས་པོ་དུས་ནི་ཤེས་བྱས་ནས། །ཇི་ལྟར་འདོད་པའི་ཤུགས་དག་མིན། །དེ་ནས་དག་པའི་ཕྱོགས་སོང་སྟེ། །བས་མཐར་དེ་བཞིན་བ་ཤང་བ་དང་། ། གཅི་བའི་བྱ་བ་བྱས་ནས་ནི། །དེ་རུ་ལུས་ནི་ཅི་བདེ་བར། །གཉིས་ཀའང་གསང་གཡོགས་སྦས་པ་དང་། །སྐྱེ་བོ་མེད་པའི་ས་སྤང་བར། །གསང་སྔགས་རྒྱལ་པོ་བསྒྲུབ་པར་བྱ། །དེ་བཞིན་ཁོ་ནར་ཐམས་ཅད་དུ། །རི་བོ་དང་ནི་ཚང་ཚིང་དང་། །བས་མཐའི་གནས་མལ་ཉམས་དགའ་བ། །དེ་བཞིན་རྒྱལ་བས་སྤངས་པ་ཡི། །གདུག་པའི་སེམས་ཅན་རྣམས་བྲལ་བར། ། གསང་སྔགས་རྒྱལ་པོ་ཐམས་ཅད་སྒྲུབ། །རྒྱལ་པོ་ཆོས་དང་ལྡན་པའི་ཡུལ། །སྐྱེ་བོ་གཙང་སྦྲ་སྤྱོད་ལ་དགའ། །མ་དང་ཕ་ལ་གུས་པ་དང་། །གཉིས་སྐྱེས་རིགས་ཀྱིས་དོར་བ་རུ། །ལྷ་རྣམས་དངོས་གྲུབ་ཐོབ་པར་འགྱུར། །གནས་དེར་ཡིན་གྱི་གཞན་དུ་མིན། །ཉམས་དགའ་སྐལ་ལྡན་ཤིང་རྟའི་འགྲམ། །ཡ་མུ་ན་ཉིད་རབ་མཛེས་པ། །སིན་དྷུ་ནར་མ་ད་བཀྵེ། །ཟླ་བའི་ཆ་ནི་གཙང་མའི་འགྲམ། །ཀཱ་བེ་རཱ་དང་དབྱངས་ཅན་ཉིད། །ཆུ་ཀླུང་ཆེན་པོ་ཤཱི་ཏ་ཉིད། །འདི་གྲུབ་ཞིང་གཞན་མ་ཡིན་པར། །སྟོབས་བཅུ་ལྡན་སྲས་རྣམས་ཀྱིས་བཤད། །སྟོབས་བཅུ་པ་ཡིས་གསུངས་པའི་ཕྱིར། །བྱང་ཕྱོགས་ལམ་མེད་རི་བོ་དང་། །ཁ་ཆེ་དང་ནི་རྒྱ་ཡུལ་དང་། །བལ་ཡུལ་དེ་བཞིན་མང་ཡུལ་དང་། །རྒྱ་ནག་ཆེ་དང་ལི་ཡུལ་ཉིད། །དེ་དག་མ་ལུས་གྲུབ་པའི་ཞིང་། །བྱང་གི་ཕྱོགས་སུ་བརྟེན་པ་ཡི། །གང་ཡང་རི་དང་ཆུ་བོ་དང་། །བསོད་ནམས་ཡུལ་དུ་རབ་ཏུ་བརྗོད། །ནས་དང་གྲོ་ནི་ཟ་བ་འོ། །གང་དུ་སེམས་ཅན་སྙིང་རྗེ་ལྡན། །དེ་རུ་རྟག་པར་དངོས་གྲུབ་འགྱུར། །དཔལ་གྱི་རི་བོ་བྲག་རི་ཆེ། །ལྷོ་ཕྱོགས་ཡུལ་དུ་གནས་པ་ཡི། །དཔལ་ལྡན་འབྲས་སྤུང་མཆོད་རྟེན་ནི། །ས་སྟེང་རྒྱལ་བའི་རིང་བསྲེལ་འཇིན། །དེར་ནི་སྔགས་རྣམས་བསྒྲུབ་པར་བྱ། །མྱུར་དུ་ལས་དང་ལས་རྣམས་སོ། །རྡོ་རྗེ་གདན་དང་མཆོད་རྟེན་ཆེ། །ཆོས་ཀྱི་འཁོར་ལོ་མཛེས་པ་དང་། །གང་དུ་ཐུབ་གཙོ་ཞི་བར་གཤེགས། །དེར་ཡང་དངོས་གྲུབ་བལྟ་བར་བྱ། །ལྷ་ལས་བབས་པའི་མཆོད་རྟེན་ནི། །ས་པཀྵེ་དང་ཆོ་འཕྲུལ་ཆེ། །སེར་སྐྱ་ཞེས་བྱའི་གྲོང་མཆོག་དང་། །ལུམ་བིའི་ཚལ་དུ་འཁྲུངས་པ་དེར། །གསང་སྔགས་རྒྱལ་པོ་འགྲུབ་པར་འགྱུར། །རྒྱལ་བས་བསྟོད་ཅིང་རབ་བསྔགས་པའི། །བྱ་རྒོད་ཕུང་པོར་རི་དེར་དང་། །དེ་བཞིན་བྲག་དང་བསིར་བའི་ཚལ། །མེ་ཏོག་ཅེས་བྱའི་གྲོང་མཆོག་དང་། །དེ་བཞིན་རྟག་ཏུ་ཀ་ཤའི་གྲོང་། །བཅོམ་བརླགས་ཀ་ནྱ་ཀུབ་ཛི་དང་། །ས་སྟེང་གྲོང་ནི་འཕགས་རྒྱལ་དང་། །མཆོད་རྟེན་དེ་བཞིན་ཡངས་པ་ཅན། །རྟག་ཏུ་ས་སྟེང་མི་ཐི་ལ། །གྲོང་དང་གྲོང་ཁྱེར་གཙོ་བོ་རྣམས། །གང་གཞན་རྒྱལ་བ་ཡང་དག་འབྱུང་། །རབ་བསྔགས་བསོད་ནམས་ཡུལ་དག་ཏུ། །དེ་རྣམས་སུ་ནི་དངོས་གྲུབ་སྒྲུབ། །འདི་རྣམས་ལས་གཞན་ཡུལ་རྣམས་ནི། །གྲོང་དང་ལྗོངས་དང་རི་བོ་དང་། །གནས་དང་གྲོང་མཆོག་གཙོ་བོ་ནི། །འོ་མའམ་འབབ་ཆུ་ལ་བསྟེན་པ། །དེར་ནི་རྣམ་དབེན་རྗེས་འཇུག་ཅིང་། །བཟླས་དང་སྦྱིན་སྲེག་དགའ་བར་འགྱུར། །གནས་ནི་བླ་གབ་མེད་པ་དང་། །རྟག་ཏུ་ཁང་པ་སྟོང་པ་རུ། །སྔོན་དུ་བསྙེན་པ་བྱ་བ་འོ། །སྔགས་རྣམས་རྗེས་མཐུན་ལས་རྣམས་ནི། །སྔགས་པས་རྟག་ཏུ་ཡུལ་དབུས་སུ། །སྔགས་བཟླས་ཡང་དག་འདོད་པར་བྱ། །བཟླས་ལ་རབ་ཞུགས་རྟག་ཏུ་བརྩོན། །སྔགས་རིག་གཏོང་བ་དག་ལ་གོམས། ཚུལ་ཁྲིམས་སྤྱོད་ཅིང་ཤིན་ཏུ་བརྟན། །འབྱུང་པོ་ཀུན་ལ་ཕན་པར་དགའ། །སྔགས་ཀྱི་སྤྱོད་པ་ལ་དད་པ། །བརྟུལ་ཞུགས་ཅན་གྱིས་སྔར་བཞིན་བཟླས། །གཙང་མའི་ཡུལ་དང་གཙང་སྦྲ་ཅན། །ཀླ་ཀློ་རྐུན་མ་སྤངས་པ་དང་། །དེར་ནི་བསྐལ་པ་ཆེན་པོར་གནས། །དམ་ཚིག་སྣང་བ་བྲལ་བའི་ཕྱིར། །དམྱལ་བ་མི་བཟད་མུན་པ་རུ། །བྱིས་པའི་སྐྱེ་བོ་འཚེད་པར་བྱེད། །དམ་པའི་ཆོས་ལ་སྨད་པ་དང་། །མི་ཤེས་མུན་པས་བསྒྲིབས་པ་དང་། །ཡེ་ཤེས་བྱིས་པའི་ངོ་བོ་འམ། །རྨོངས་པ་ལོག་པའི་ང་རྒྱལ་ཅན། །རིག་པའི་རྒྱལ་པོ་བརྙས་བྱེད་པ། །མི་བཟད་དམྱལ་བར་ལྟུང་བར་འགྱུར། །དེ་ཕྱིར་སྡིག་པ་མི་བྱ་ཞིང་། །ལོག་པར་སྨྲ་བའང་སྨད་པ་ཡིན། །དམ་པའི་ཆོས་ལ་བརྙས་པ་དང་། །ལོག་པར་ལྟ་བ་སྨད་པ་ཡིན། །དེ་ཕྱིར་རྟག་ཏུ་དད་གྱུར་ནས། །གསང་སྔགས་ཆོ་ག་རྟག་ཏུ་བསྟེན། །བདེན་པར་སྨྲ་ཞིང་ཆོས་ཤེས་པ། །སེམས་ཅན་རྣམས་ལ་རྟག་ཏུ་ཕན། །སྔགས་ཤེས་སྔགས་ནི་སྟེན་པར་བྱེད། །དེ་ཡི་དངོས་གྲུབ་ངེས་པར་འགྱུར། །མཆོག་དང་འབྲིང་དང་ཐ་མ་ཡིས། །ལས་ནི་རྣམ་པ་སྣ་ཚོགས་བྱེད། །ལས་རྣམས་བྱ་བ་རྣམས་ཀྱིས་བྱེད། །རྟག་ཏུ་ཕན་པའི་བྱ་བ་ཡིས། ། བྱ་བའི་ལས་དང་ཡང་དག་ལྡན། །དེ་ལ་རྟག་ཏུ་གྲུབ་པར་འགྱུར། །བྱ་བའི་དོན་དང་དོན་ཀུན་ཕྱིར། །ལས་དོན་རྟག་ཏུ་བྱ་བ་འོ། །བྱ་བའི་དོན་དུ་བྱ་མིན་གང་། །བྱ་བའི་ལས་ལ་སྦྱར་བར་བྱ། །འབྲས་བཅས་ཉིད་ཀྱི་བྱ་དོན་གྱི། །བྱ་བ་ཉིད་དུ་རྟག་ཏུ་བྱ། །བྱ་བ་ལས་དང་འབྲས་བུ་ཉིད། །བྱ་བ་ལས་འབྲས་རྟག་ཏུ་འོ། །འབྲས་མེད་འབྲས་བུ་ཉིད་འགྱུར་ཞིང་། །འབྲས་བུ་ཉིད་ཀྱང་རྟག་ཏུ་འབྲས། །འབྲས་མེད་འབྲས་བུ་བཅས་པ་ཉིད། །ཐམས་ཅད་ཉིད་ཀྱང་འབྲས་བུ་བཅས། །རྣལ་འབྱོར་སྔགས་ནི་བསྒྲུབ་བྱ་སྟེ། །ཡང་དག་སྦྱོར་དང་བྲལ་བ་ཡང་། ། བྲལ་དང་ཡང་དག་ལྡན་སྒྲུབ་བོ། །བསྒྲུབ་བྱ་སྒྲུབ་བྱེད་མེད་པར་ནི། །དེ་ལ་གྲུབ་པ་ཡོད་མ་ཡིན། །གྲུབ་པའི་རྫས་ནི་ཐམས་ཅད་ཀྱང་། །གྲུབ་པའི་རྒྱུ་དང་འགལ་བ་ཡིན། །སྔགས་ཀྱི་དངོས་གྲུབ་མ་གྲུབ་པ། །སྔགས་ནི་སྒྲུབ་པར་བྱེད་པའི་རྒྱུ། །བྱེད་པར་འདོད་པ་དེ་ལས་ཏེ། །འདོད་པའི་ལས་ནི་བྱང་བར་འགྱུར། །ལས་མིན་ལས་ནི་ཐམས་ཅད་ལ། །ལས་ཀྱི་རྒྱུད་ནི་མི་བྱའོ། །སྔགས་དང་རྒྱུད་ཀྱི་དོན་ལྡན་པའི། །ལས་ནི་མཐའ་དག་བརྩམ་པར་བྱ། །བརྩམས་དང་རྩོམ་པའི་འདུད་པ་ཡི། །ལས་ཉིད་བརྩམ་པར་མི་བྱའོ། །བྱ་བ་མ་བརྩམས་སྔགས་རྣམས་ནི། །ལུས་ཅན་ཀུན་ལ་འགྲུབ་མི་འགྱུར། །སེམས་ཅན་ཀུན་རྗེས་སྐྱོང་བ་ཡི། །ཐུབ་པའི་གཙོ་བོས་སྔོན་གསུངས་པ། །གསང་སྔགས་སྨྲ་བས་བསྟན་པ་ཡི། །རྒྱལ་བའི་སྲས་ཀྱི་ཡང་དག་སྡོམ། །སྒྲུབ་བོ་སྔགས་ནི་ཀུན་ཤེས་ཤིང་། །རྟོག་པའི་རྒྱལ་པོ་འདི་ལ་ཚིག་།སྔགས་ཀྱི་ཚུལ་གྱིས་བསྟན་པ་ཡིན། །ལམ་ནི་བྱང་ཆུབ་རྒྱུར་གྱུར་པ། །སྔགས་ཀུན་ཉིད་ནི་སྒྲུབ་བར་བྱེད། །རིག་པ་མཉམ་པར་འགྱུར་བ་ཡིན། །དེ་ནི་རིང་པོར་མི་ཐོགས་པར། །མཁས་པས་དངོས་གྲུབ་འགྱུར་བ་ཡིན། །འབྱུང་པོ་ཐམས་ཅད་ཞི་དོན་དུ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྒྲགས། །གསང་སྔགས་ཚུལ་གྱི་ལམ་འདིས་ནི། །མྱ་ངན་འདས་གྲོང་འགྲོ་བ་ཡི། །དེ་བཞིན་རྟག་ཏུ་བྱང་ཆུབ་ལམ། །ཆོས་དོན་ཐམས་ཅད་རྫོགས་པར་བྱེད། །དེ་ཡི་མཐར་ཐུག་དཔུང་གཉེན་ནི། །དང་པོ་གནས་ནི་སངས་རྒྱས་ཉིད། །དེ་བཞིན་འདིར་ནི་ལྷུན་གྲུབ་ཏུ། །འབྲས་བུར་བཅས་པའི་དངོས་གྲུབ་ཐོབ། །སྣ་ཚོགས་ལས་དང་ཆོས་ཤེས་པ། །སྔགས་རྣམས་བྱེད་པར་འགྱུར་བ་ཡིན། །ཚུལ་ཁྲིམས་བསམ་གཏན་རྣམ་ཐར་རྣམས། །འདི་རྣམས་མདོར་བསྡུས་ཐོབ་པ་ཡིན། །དངོས་གྲུབ་དོན་ཀུན་སྒྲུབ་བྱེད་པ། །རྒྱལ་བ་གཙོ་བོས་གསུངས་པ་ཡིན། ། གང་ཟག་རྐང་པའི་དོན་ཐོབ་པ། །དམ་པའི་འགྲོ་བར་གནས་པ་དང་། །དེ་བཞིན་རྟག་ཏུ་གནོད་སྦྱིན་གཙོ། །ཐ་མས་རྒྱལ་སྲིད་རྒྱུ་ཡིན་ཏེ། །ལྷ་མིན་ལྷ་ཡི་འཇིག་རྟེན་གྱི། །དེ་བཞིན་དེ་རྣམས་བདག་པོ་ནི། །སྔགས་པས་ཐམས་ཅད་ཐོབ་པར་འགྱུར། །བྱ་བ་འབྲས་བཅས་བྱེད་པར་འགྱུར། །གཙང་སྦྲའི་ཀུན་སྤྱོད་ཡང་དག་ལྡན། །ཚུལ་ཁྲིམས་བསམ་གཏན་རྟག་ཏུ་དགའ། །སྔགས་རྣམས་ཀུན་ཏུ་གསུངས་པ་ཡིན། །དེ་ནས་སྔགས་པས་སྔགས་བཟླས་བྱ། །སྔགས་པ་འབྱོར་པ་འདོད་པ་ཡིས། །རྣམ་པ་སྣ་ཚོགས་ལས་བྱས་ཏེ། །དེ་བཞིན་མཆོག་དང་བར་མ་དང་། །ཐ་མ་ཉིད་ཀྱང་བྱ་བ་ཡིན། །ཐ་མས་ལོངས་སྤྱོད་འཕེལ་བ་ཡིན། །བར་མས་གོང་མའི་ལུས་ཅན་ཉིད། །མཆོག་ཉིད་ཀྱིས་ནི་ལྡང་བ་ཉིད། །ཟློས་པོས་རྟག་ཏུ་ཐོབ་པར་བྱེད། །སྔགས་པས་བཟླས་མཐར་ངལ་བསོ་ཞིང་། །ཇི་སྲིད་དུས་སུ་བརྟག་པར་བྱ། །བཟླས་པའི་དུས་ལ་བབ་པ་ན། །དེར་ནི་བསྒྲུབ་པ་བྱ་བ་ཡིན། །དེ་བཞིན་ལས་རྣམས་སྒྲུབ་པར་བྱེད། །དེ་ལ་རྟག་ཏུ་བཟླས་པས་སྐྱེས་བུ་རང་གི་སྡིག་པ་ཟད་པར་བྱེད་དོ། །སྔགས་པས་སྔོན་ལས་ཀྱི་ཆོ་ག་གང་བྱས་པ་སྐྱེ་བ་བརྒྱུད་པ་རྣམས་སུ་གྲུབ་པར་གནས་པ་དེ་དེ་བཞིན་དུ་ལས་ཚོགས་ལ་རྙེད་པར་འགྱུར་བ་དེ་སྐྱེས་པས་སྔགས་བཟླས་པས་སླར་ཡང་སྔགས་ཟློས་པ་པོའི་སྡིག་པ་ཟད་པའི་དོན་དང་། ལས་དེ་འཇོམས་ཤིང་སྔགས་གྲུབ་པར་འགྱུར་ཏེ་དེ་བཞིན་དུ་མཆོག་དང་། བར་མ་དང་། ཐ་མའི་འཇིག་རྟེན་གྱི་མཆོད་པ་དང་། བཟླས་པས་སྡིག་པ་མ་ལུས་པར་ཟད་པར་བྱེད་ཅིང་སྐྱེ་བ་བརྒྱུད་པ་རྣམས་སུ་གང་བར་བྱས། སྡིག་པ་དེ་ཐམས་ཅད་འཇིག་པར་བྱེད་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་བཟླས་པས་ལུས་རྣམ་པ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་དང་། ཐུབ་པ་རྣམས་ཀྱིས་གནས་པས་དགའ་བ་དང་། ཡོན་ཏན་ཐམས་ཅད་ཀྱིས་གྲགས་པར་འགྱུར་བ་དང་། གནོད་སྦྱིན་གྱི་ཁང་པར་གནས་པའི་རྒྱལ་པོ་ཉིད་དང་། རྟག་ཏུ་དོན་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པ་དང་ལྡན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་མཛེས་ཀྱི་རྩ་བའི་རྟོག་པ་ལས། རས་རིས་བར་མའི་ཆོ་ག་རབ་འབྱམས་དགུ་པ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ། ཁྱོད་ཉོན་ཅིག་།ཁྱོད་ཀྱི་རིག་པའི་སྔགས་རྗེས་སུ་སྤྱོད་པ། སེམས་ཅན་མཐའ་དག་གི་དོན་ལ་བརྩོན་པ། སེམས་ཅན་རྣམས་གང་གིས་བཟླས་པར་བྱ་བའི་རིག་པའི་སྔགས་དང་། གང་དང་ལྡན་པས་བགྲང་བར་བྱ་བའི་བགྲང་ཕྲེང་གི་ཆོ་ག་། རྒྱུད་ཐམས་ཅད་ཀྱི་ཐུན་མོང་གི་སྒྲུབས་ཐབས་ཀྱི་ཆོ་ག་།སྔགས་ཐམས་ཅད་ཀྱི་ཆོ་ག་དེ་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་ཟུངས་ཤིག་།བཤད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལེགས་སོ། །ལེགས་སོ། །བཅོམ་ལྡན་འདས། བདག་ཅག་ལ་རྗེས་སུ་བརྩེ་བས་ཉེ་བར་བླངས་ནས་རིག་པའི་སྔགས་ཐམས་ཅད་ཀྱི་སྤྱོད་པ་དང་། དམ་ཚིག་ལ་རབ་ཏུ་ཞུགས་པའི་སེམས་ཅན་རྣམས་དང་། སེམས་ཅན་ཐམས་ཅད་ལ་དོན་གྱི་ཕྱིར་ཡང་དེ་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་རྣམ་པར་དབྱེ་བ་རྒྱས་པར་བཤད་པར་བྱའོ། །ཉོན་ཅིག་།གང་གིས་སྔགས་ཐམས་ཅད་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པ། སེམས་ཅན་གྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་དེ་གང་ཞེ་ན། དང་པོ་རེ་ཞིག་སྔགས་སུ་འགྱུར་བ་ནི། །ན་མཿསརྦ་བུད་དྷཱཾ་ནཱཾ། ཨ་ཙིནྟྱ་དྦྷཱུ་ཏ། རུ་པི་ནཱཾ། ཏདྱ་ཐཱ། ཨོཾ་ཀུ་རུ་ཀུ་རུ་སརྦ་ཨརྠ་སཱ་དྷཱ་ཡ། སརྦ་དུཥྚ་བི་མོ་ཧ་ནི། ག་ག་ནཱ་བ་ལཾ་བེ། བི་ཤོ་དྷ་ཡ་སྭཱཧཱ། རིག་པ་འདིས་བགྲང་ཕྲེང་ཐམས་ཅད་ལ་ལས་བྱའོ། །སྦྱང་བ་དང་། དབུགས་པ་དང་། བླང་བ་དང་། རྒྱུ་བ་ལ་སོགས་པའི་ལས་རྣམས་བྱའོ། །དང་པོ་བགྲང་ཕྲེང་ཤིང་ལ་ནི། །ལན་གྲངས་སུམ་ཅུ་རྩ་བདུན་དུ། །དེ་ཡིས་མངོན་པར་སྔགས་བྱས་ནས། །བརྟུལ་ཞུགས་ཅན་གྱིས་བསྲུང་བ་བྱ། །མཚན་མོ་གཅིག་ཏུ་གཉིད་ལོག་ནས། །དེར་ནི་རྨི་ལམ་བརྟག་པར་བྱ། །མི་མ་ཡིན་གཟུགས་ཀུན་རྫོགས་པ། །མི་སྡུག་ལྷག་པར་མཆེ་བ་གཙིགས། །སྔགས་པ་ལ་ནི་དེས་སྨྲས་པ།། བཅོམ་ལྡན་སེམས་པ་ཇི་བཞིན་ལོངས། །སྒྲུབ་པོ་ཐོ་རངས་ལངས་ནས་ནི། །ཤིང་དེ་རུ་ནི་འགྲོ་བར་བྱེད། །མི་སྡུག་གཟུགས་ལྡན་གཙིགས་པ་ཆེ། །རྨི་ལམ་དུ་ཡང་མ་མཐོང་ན། །སྔགས་པས་ཤིང་དེ་བོར་བར་བྱ། །དེ་ནས་གཞན་དུ་འགྲོ་བར་གྱིས། །དང་པོ་རུ་རཀྵ་ཡིན་ཏེ། །དེ་ལ་གཞན་པ་དབང་པོའི་ཤིང་། །བོ་དེ་ཙེ་ནི་འདོད་པ་འོ། །གཞན་ཡང་འབྲས་བུ་འབྱུང་བ་ཡི། །ཤིང་ལ་འཛེགས་པའི་ལེགས་རྫོགས་པའི། །གྲོགས་དང་ལྷན་ཅིག་འཛེག་པར་བྱ། །གྲོགས་པོ་མེད་པར་གྱུར་ན་ནི། །རང་ཉིད་དེ་ལ་འཛེག་པར་བྱ། །སྟེང་གི་ཡལ་གའི་འབྲས་གནས་སུ། །འཛེག་ནས་ཕུན་ཚོགས་བརྟུལ་ཞུགས་ཅན། །དེ་ལ་རྟག་ཏུ་བག་ཡོད་པས། །སྟེང་གི་ཡལ་གའི་འབྲས་བུ་བླངས། །སྟེང་གི་ས་ལ་ལེགས་སྦྱར་བྱ། །སྟེང་གི་མཆོག་གི་དངོས་གྲུབ་ཏུ། །གང་ཟག་མཆོག་གིས་གསུངས་པ་ཡིན། །བར་མར་དངོས་གྲུབ་འབྲིང་པོ་སྟེ། །ཐ་མ་ལ་ནི་འོག་མ་འོ། །སྲོག་ཆགས་རྣམས་ཀྱིས་མ་སྨད་པའི། །འབྲས་བུ་དེ་རྣམས་ཡང་དག་བླངས། །ནུབ་ཀྱི་ཡལ་ག་ལས་ཐོབ་པ། །རྫས་ཀྱི་རྒྱུར་ནི་བསྒྲུབ་པར་བྱ། །བྱང་གི་གནོད་སྦྱིན་མོ་ལ་སོགས། །ལྷ་རྣམས་ལྷན་ཅིག་འགུགས་པར་བྱེད། །དགུག་པའི་བྱ་བ་བཤད་པ་ནི། །ཀུན་གྱི་དོན་དུ་ཞི་ཕྱིར་རོ། །ལྷ་དང་ལྷ་མིན་གཡུལ་འགྱེད་དང་། །མི་འམ་ཅི་དང་སྲིན་པོ་རྣམས། །འདོད་པ་རྣམ་པ་སྣ་ཚོགས་བྱེད། །འབྱུང་པོ་ཐམས་ཅད་རྒྱས་པའི་ཕྱིར། ། འབྲས་བུ་དང་བཅས་ལས་རྣམས་ནི། །མ་ལུས་སྤྱོད་པ་བྱེད་པ་འོ། །ཤར་གྱི་ཕྱོགས་སུ་ཡལ་ག་དང་། །དེར་གནས་འབྲས་བུ་འབྱུང་བ་རྣམས། །དེ་བཞིན་འབད་པས་བྱས་གྱུར་ན། ། ཚེ་རིང་པོ་ཡི་དོན་གྱི་རྒྱུ། །རྟག་ཏུ་སྔགས་ཀྱིས་དངོས་གྲུབ་འབྲས། །རྣམ་པ་སྣ་ཚོགས་བྱེད་པ་ཡིན། །གང་ཞིག་ལྷོར་ནི་འགྲོ་བ་ཡི། །ཡལ་ག་ལོ་མར་རབ་ལྡན་པ། །སེམས་ཅན་རྣམས་ཀྱི་སྲོག་འཕྲོག་བྱེད། །དེ་ན་ཟློས་པོས་འབད་པས་སྤང་། །ལྷོ་རུ་རྟེན་པའི་ཡལ་ག་ལ། །འབྲས་བུ་གང་དུ་ཡང་དག་བརྗོད། །ཕྱོགས་དེར་གདུང་དབྱེ་དགྲ་རྣམས་ཀྱི། །སྲོག་ནི་འཇིག་པར་བྱེད་པ་ཡི། །བསོད་ནམས་མ་ཡིན་མང་པོའི་རྒྱུ། །དེ་ནི་ཟློས་པོས་འབད་པས་སྤང་། །འོག་ཏུ་འཕྱང་བའི་ཡལ་གར་གནས། །འབྲས་བུ་གང་ཞིག་རབ་བསྒྲགས་པ། །ལྷ་མ་ཡིན་དང་ལྡན་པ་ཡི། །ས་ཡི་འོག་ཏུ་དེ་རྣམས་འགྲོ། །དེ་རྣམས་འབྲས་བཅས་ཕྲེང་བ་ནི། །བླངས་ནས་ཡང་དག་རབ་བསྒྲགས་པ། །འོག་ཏུ་འགྲོ་བའི་འཁྲི་ཤིང་ལ། །དེ་ནས་དེ་ནི་ས་འོག་འགྲོ། །དེ་རུ་རབ་ཏུ་ཞུགས་ནས་ལྷའི། །བདེ་ཉིད་ཟློས་པོས་དེར་འགྱུར་རོ། །ལྷ་མིན་བུ་མོས་ཡང་དག་ལྡན། །དེ་ནི་བསྐལ་པར་གནས་པར་བྱེད། །བགྲང་ཕྲེང་འབྲས་བུ་ཀུན་བླངས་ནས། །དེ་ནས་ཟློས་པོས་བཟླས་པ་བྱ། །ལྷན་ཅིག་སྲུང་བ་བྱས་ནས་ནི། །དེ་ནས་ཇི་ལྟར་བདེ་བར་འགྲོ། །དེ་ཉིད་རིང་པོའི་གནས་སུ་ནི། །གཙང་མའི་ཕྱོགས་དེར་སྔགས་པ་ནི། །དེ་བཞིན་རྟག་ཏུ་འདུག་པར་བྱ། །བགྲང་ཕྲེང་སྐྱེས་པ་སྦྱར་བར་བྱ། །བརྩོན་པས་བགྲང་ཕྲེང་འབྲས་བུ་བླང་། །དེ་ནས་ཀུན་ཏུ་ཡང་དག་སྦྱང་། །དེར་ནི་ཕྲེང་བ་དབུགས་པར་གྲགས། །གསུམ་བདུན་བརྒྱད་དང་གཅིག་དང་ནི། །ལན་གྲངས་ཉི་ཤུ་རྩ་གཅིག་ཏུ། །སྔགས་ཤེས་དེར་ནི་སྦྱང་བར་བྱ། །རྟག་ཏུ་སྔ་མའི་སྔགས་ཀྱིས་ནི། །བརྒྱད་དམ་བདུན་དུ་བཟླས་བྱས་པ། །དེ་ནས་དེ་ནི་དག་པར་འདོད། །པདྨའི་རྩ་ལག་ལེགས་བརྗོད་པས། །བུ་མོས་བཀལ་བའི་སྲད་བུ་ཡིས། །སུམ་འགྱུར་ལྔ་དང་ལྡན་པ་ཡི། །བརྟུལ་ཞུགས་ཅན་གྱིས་ཕྲེང་ཐག་བྱ། །སྔགས་ཀྱི་དེ་ཉིད་ཤེས་པས་བརྒྱུ། །འབྲས་བུ་ཕྲ་མོ་ཟླུམ་པར་བཅས། །རྟག་ཏུ་སྲོག་ཆགས་བུག་མེད། །ཡན་ལག་མ་ཉམས་མ་སྨད་པ། །མཛེས་ཤིང་ཁ་དོག་སྡུག་པ་དང་། །བུ་ག་མེད་ཅིང་གས་པ་མེད། ། རིལ་བུ་ཟླུམ་པོ་ཇི་བཞིན་པ། །དེ་བཞིན་རུ་རཀྵ་དང་ནི། །བོ་དེ་ཙེ་དང་ཨིནྟ་ཀྵ། །འབྲས་ཉིད་རྟག་ཏུ་ལུང་ཐང་མཛེས། །འབྲས་བུ་དམ་པའམ་གང་གི་ཚེ། །སྔགས་པ་མཆོག་ཏུ་བརྩོན་པ་ཡིས། །འབད་པས་བགྲང་ཕྲེང་བརྒྱུ་བར་བྱ། །གསེར་རམ་ཡང་ན་དངུལ་དག་གམ། །ནོར་བུ་ཤེལ་ལས་བྱུང་བ་དང་། །མུ་ཏིག་དུང་ཉིད་མུ་ས་ར། །བྱུ་རུ་ཡིས་ཀྱང་བྱ་བ་སྟེ། །ཕྲེང་བ་རྣམ་པ་སྣ་ཚོགས་བྱ། །གཞན་ཡང་རིན་ཆེན་ལས་བྱུང་བའི། །བགྲང་ཕྲེང་བཟང་པོ་བྱ་བ་དང་། །ས་ལས་བྱུང་བའི་ལྡུམ་པོ་ཡི། །རིལ་བུས་བགྲང་ཕྲེང་ཅན་དག་ནི། །མཉམ་པར་བཞག་སྟེ་སྲད་བུ་བརྒྱུ། །གཞན་ཡང་རིལ་བུ་འགའ་ཞིག་གམ། །འབྲས་བུའམ་ཁམས་ལས་བྱུང་བ་ཡིས། །ཀུ་ཤའི་རྩེ་མོས་བརྒྱུས་པ་ཡང་། །ཟློས་པོས་འབད་དེ་བྱ་བ་ཡིན། །བརྒྱ་རྩ་བརྒྱད་དམ་ཉི་ཤུ་ལྔ། །ལྔ་བཅུ་འདི་དག་བར་མ་ཡིན། །སྔགས་པ་མཉམ་པར་གཞག་པ་ཡིས། །འབྲས་བུའི་ཚད་རྣམས་བརྒྱུ་བར་བྱ། ། སྟོང་རྩ་བརྒྱད་པ་ཉིད་བྱ་བ། །ཕྲེང་བ་འདི་ནི་ཐུ་བོ་ཡིན། །ཕྲེང་བ་རྣམ་པ་འདི་བཞི་ནི། །སྔགས་པས་རྟག་ཏུ་བརྒྱུ་བར་བྱ། །དེ་ནས་རྒྱུས་ཏེ་སྔགས་རྣམས་ནི། །ཕྱི་མོ་གསུམ་མ་མ་གཉིས་ཉིད་དང་། །རྒྱ་ལྕགས་ལས་བྱུང་གདུ་བུ་དང་། །དེ་བཞིན་གསེར་དང་དངུལ་དག་དང་། །དེ་ནས་ཟངས་བྱུང་གདུ་བུས་ཀྱང་། །ཕྲེང་བ་ཀུན་ནས་བརྒྱུར་བ་བྱ། །དེ་ནས་མཐའ་རུ་ཡང་མི་བྱ། །དེ་ལ་རིམ་གྱིས་དགོད་པར་བྱ། །འབད་པས་མཛེས་པར་དཀྲི་བ་བྱ། །སངས་རྒྱས་མ་ལུས་བཞུགས་པར་ནི། །ཡོངས་སུ་གསལ་བར་བྱས་དེ་ནས། །དཀྱིལ་འཁོར་ལྟ་བུར་མཐོང་བ་ཡིན། །སྦྲུལ་གྱི་གདེངས་ཀའི་རྣམ་པ་བཞིན། །ཡོངས་སུ་དཀྲིས་པས་བརྒྱན་པ་ཡིན། །མུ་ཏིག་དོ་ཤལ་རྣམས་མཚུངས་ཤིང་། །མགུལ་རྒྱན་རྣམ་པར་སྤྲུལ་པའོ། །དེ་ནས་འབབ་ཆུ་དགེ་བའི་མཐར། །དྲི་མ་མེད་ལ་ཁྲུས་བྱས་ནས། །གོ་རིམས་ཇི་བཞིན་ཁྲུས་བྱས་ཏེ། །ཆུ་ཡི་གནས་ལ་ལྡང་བར་བྱ། །དེ་བཞིན་བརྩོན་པས་ཉེ་རེག་བྱ། །བགྲང་ཕྲེང་སྲད་བུ་བླངས་ནས་ནི། །བ་ཡི་རྣམ་ལྔས་རབ་བྱུང་བྱ། །ས་ཡི་ཕྱེ་མས་རབ་བཀྲུས་ནས། །གཙང་མའི་གོས་ལ་དྲི་བཟང་གིས། །རྗེས་སུ་ཉེ་བར་བྱུགས་པ་དང་། །རབ་ཏུ་བསྔགས་པའི་ཁ་དོག་ཀྱང་། །ཙནྡན་དཀར་པོ་གུར་གུམ་དང་། །འབད་པས་དྲོན་མོས་བཀྲུ་བར་བྱ། །དེ་བཞིན་གཉིས་ཀ་འགྲོ་བར་འགྱུར། །ཇི་ལྟའི་གནས་སུ་སོང་ནས་ནི། །གང་དུ་རས་རིས་བར་པ་ནི། །རྒྱལ་མཆོག་ཐུབ་པའི་གཙོ་བོ་ནི། །ཤཱཀྱ་སེང་གེ་མི་ཡི་མཆོག་།སྟོན་པའི་གཟུགས་བརྙན་དེ་བཞིན་དུ། །ས་སྟེང་རྒྱལ་བའི་རིང་བསྲེལ་ཅན། །མཆོད་པ་དེ་ཡི་སྤྱན་སྔར་དགོད། །དེ་དང་ཉེ་བར་བཞག་ནས་ནི། །དེ་ཚེ་དེའི་སྤྱན་སྔ་རུ། །དམ་ཚིག་ལ་གནས་སྟོང་རྩ་བརྒྱད། །སོན་པའམ་བརྒྱ་ཡང་གཅིག་ཏུ་ནི། །བརྒྱད་དང་བཅས་པ་བཟླས་བྱས་ནས། །ཉིན་མཚན་སྨྱུང་བར་གནས་གྱུར་ནས། །བདུན་པ་བསྐུལ་བ་ཕྲེང་བ་དབུལ། །སྔ་མ་དེ་བཞིན་བཟླས་བྱ་བ། །ཚད་ཉིད་དེ་དང་མཉམ་པར་བྱ། །དེ་ནས་ཕྲེང་བ་ཡོངས་སུ་བཟླས། །མཚན་མོ་དེ་ཉིད་དུ་འཁོད་དེ། །ཀུ་ཤ་བཏིང་བའི་ས་གཞི་ལ། །སྔགས་ཤེས་དེར་ནི་ཉལ་བར་བྱ། །རྨི་ལམ་གང་དང་གང་མཐོང་བ། །དགེ་བའི་རྨི་ལམ་མཐོང་ནས། །རྨི་ལམ་ངེས་པར་བསྟན་པ་ཡི། །དངོས་གྲུབ་དེ་ཡིས་བསྒྲུབ་པར་བྱ། །སངས་རྒྱས་ཉན་ཐོས་བསེ་རུ་རྣམས། །གལ་ཏེ་རྨི་ལམ་མཐོང་གྱུར་ན། །སྔགས་པས་འབྲས་བུ་བཅས་པར་འགྲུབ། །ངེས་བར་དེ་ཡི་ཆོ་ག་བྱ། །དགེ་སློང་གཟུགས་དང་བྲམ་ཟེ་ཡི། །གཟུགས་བརྙན་སྣ་ཚོགས་མཛེས་པ་མཐོང་། །གལ་ཏེ་རྨི་ལམ་དེ་མཐོང་ན། །ཕྲེང་བ་དབུལ་བྱ་དེ་བཞིན་དུ། །སྔགས་ཀྱི་དོན་ཀུན་སྒྲུབ་པ་པོ། །དེ་བཞིན་གདོན་མི་ཟ་བར་འགྲུབ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ལས་རས་རིས་བར་མའི་ཆོ་ག་རབ་འབྱམས་ལས། བཅུ་པ་བགྲང་ཕྲེང་གི་ཆོ་གའི་ལེའུ་རབ་འབྱམས་རྫོགས་སོ།། །།དེ་ནས་ཡ་ཨང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ། ཁྱོད་ཀྱི་རིག་པའི་སྔགས་ཀྱི་ལེའུ་རྫོགས་པའི་ཁྱད་པར་གྱི་ཆོ་ག་དང་། སྦྱིན་སྲེག་གི་ལས་རབ་ཏུ་ས་བྱོར་བའི་རིག་པའི་སྒྲུབ་པ་ཡོད་དེ་མེ་ལ་ཉེ་བར་སྤྱོད་པའི་ཁྱད་པར་གྱི་ཆོ་ག་ལས་གང་དུ་རིག་པའི་སྤྱོད་པ་ལ་མངོན་པར་བརྩོན་པའི་སེམས་ཅན་རྣམས་རབ་ཏུ་སྦྱོར་ཞིང་གནས་པར་འགྱུར་བ་དེ་གང་ཞེ་ན། རིག་པའི་སྔགས་ཀྱི་ཚོགས་གསང་ཆེན་ནི། ཏདྱ་ཐཱ། ཨོཾ་ཏིཥྛ་ཧ་རི་པིངྒ་ལེ། ཧི་རཀྵ་དི་ཧི་ད་དཱ་འདི་པཱ་ཡ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྤྱན་རས་གཟིགས་དབང་ཕྱུག་འདི་ནི་མཆོག་གི་སྙིང་པོ་ལས་ཐམས་ཅད་བྱེད་པ། འདོད་པ་ཐམས་ཅད་སྟེར་བའོ། །དང་པོ་རེ་ཞིག་སྒྲུབ་པ་པོས་མེའི་སྙིང་པོ་འདི་ལན་གཅིག་བཟླས་པས་མར་གྱི་སྲེག་བླུགས་གསུམ་མེ་ལ་སྦྱིན་སྲེག་བྱ་སྟེ་མེ་ལྷ་སྤྱན་དྲངས་པར་འགྱུར་རོ། །དེ་བཞིན་དུ་རབ་ཏུ་སྦྱར་ཏེ་ཞི་བ་ཅན་དང་། རྒྱས་པ་ཅན་དང་། དྲག་པོའི་ལས་རྣམས་ལ་ཡམ་ཤིང་རྣམ་པ་གསུམ་དུ་འགྱུར་རོ། །མྱ་ངན་མེད་ཤིང་ཞི་དོན་དུ། །ཁྱད་པར་བརླན་དང་བཅས་པ་ཉིད། །མཐོ་གང་ངམ་ནི་ཁྲུ་གང་ཙམ། །སོར་མོ་གསུམ་དུའང་མཐོ་བ་ཡི། །སྣམ་པའི་རྣམ་པ་རབ་ཏུ་ཤེས། ། ཆོ་ག་འདི་ནི་བྱ་བ་ཡིན། །བུ་ག་མེད་ཅིང་སེར་ག་མེད། །དེ་བཞིན་ནེ་ཙོའི་གཤོག་པ་འདྲ། །ལྗང་དང་དཀར་བའི་ཁ་དོག་གམ། །ཁ་དོག་ནག་པོ་སྤང་བར་བྱ། །སྲིན་བུ་རྣམས་ཀྱིས་ཟོས་པ་སྤང་། །བུ་ག་མེད་པའང་ཡང་དག་སྦྱིན། །གཞན་ཡང་ཁ་དོག་མཆོག་མིན་པ། །ཐ་མའི་ཆོས་ཀྱང་སྤངས་པའོ། །དེ་རྣམས་སྐམ་དང་རློན་པའང་ཡིན། །དེ་ཡི་ཚེ་ཡང་བརྩམ་པར་བྱ། །མ་རུལ་ཡོན་པོ་མིན་ཉིད་དང་། །ཤིན་ཏུ་རིང་བའང་སྤང་པར་བྱ། །དེ་ནས་མེ་ཐབ་བྱས་ནས་ནི། །ཀུན་ནས་ཟུར་ནི་བཞི་པ་རུ། །འོག་ཉིད་དུ་ནི་འབད་པས་བརྐོ། །ཁྲུ་བཞི་པ་ཡི་ཚད་དང་ནི། །ཁྲུ་གསུམ་ཁྲུ་ནི་གཉིས་པ་དང་། །དེ་བཞིན་ཉིད་དུ་ཁྲུ་གཅིག་བ། །རྟག་ཏུ་སྲོག་ཆགས་སྤངས་པ་དང་། །བྱེ་མས་ལེགས་པར་སྦྱར་བ་དེ། །དེ་ནས་པད་འདྲའི་ཁ་ཁྱེར་ནི། །ཀུན་ནས་དཀྱིལ་འཁོར་རྣམ་པའོ། །ཡང་ན་འབད་པས་ཟུར་བཞི་པ། །འདབ་མ་གསུམ་དུ་བྱ་བ་འོ། །ཞི་བ་ཅན་དང་རྒྱས་པ་ཅན། །འདི་ཡང་ཡང་དག་བསྒྲགས་པ་ཡིན། །མངོན་སྤྱོད་ལ་ནི་ས་དབུས་སུ། །རྡོ་རྗེ་བྱ་ཞིང་རྩེ་གཉིས་སུ། །རྩེ་མོ་གསུམ་དུ་བྱ་བ་ཡིན། །མེ་ཐབ་རྒྱ་ལ་ཁྲུ་གཉིས་རེ། །གཙང་མའི་ཕྱོགས་སུ་དེ་བཞིན་བདར། །ཆུ་ཀླུང་འགྲམ་དུ་དེ་བཞིན་སྤྱད། །བསྟན་པ་གཅིག་གི་ཕྱོགས་རྣམས་དང་། །དུར་ཁྲོད་ཁང་པ་སྟོང་པ་རུ། །སྦྱིན་སྲེག་ལེགས་པར་བརྩམ་པར་བྱ། །དེ་བཞིན་རི་བོའི་རྩེ་ཉིད་དང་། །རྟག་ཏུ་ལྷ་ཁང་སྟོང་པ་དང་། །དེ་བཞིན་ཉིད་དུ་དགོན་པ་ཆེ། །གང་ཡང་སྒྲུབ་པའི་ཕྱོགས་རྣམས་ནི། །གང་ཟག་མཆོག་གིས་གསུངས་པ་དང་། །སྦྱིན་སྲེག་ལས་ནི་ཐམས་ཅད་ལ། །དེ་རྣམས་གནས་སུ་གསུངས་པ་ཡིན། །ཁྲུ་གང་ཚད་དུ་གནས་པ་ཡི། །ཀུ་ཤའི་ཁྲེས་ལ་ཉེར་འདུག་ནས། །དེར་ནི་སྔགས་ཤེས་ཁྱད་པར་དུ། །སྦྱིན་སྲེག་གི་ནི་ལས་བྱ་འོ། །གནས་དེ་ཉིད་དུ་རབ་གནས་པས། །མྱུར་དུ་དངོས་གྲུབ་ཐེ་ཚོམ་མེད། །ཤར་དང་བྱང་དུ་ཁ་ཕྱོགས་པས། །ཞི་བ་ཅན་དང་རྒྱས་པ་བྱ། །ལྷོ་རུ་དྲག་པོའི་ལས་རྣམས་ཏེ། །དེ་ནི་སྔགས་པས་སྤང་པར་བྱ། །ཤར་བལྟས་ཞི་བའི་དངོས་གྲུབ་སྟེ། །རྒྱས་པ་ཅན་ཡང་བྱང་དུ་ཕྱོགས། །དེ་ཡིས་སྔགས་ནི་དུས་རྟག་ཏུ། །རིག་པའི་བཟླས་པ་བརྩམ་པར་བྱ། །བིལ་བ་ཨརྒ་སླ་ཀྵ་དང་། །ནྱ་གྲོ་དྷ་ཡིས་རྒྱས་ལས་བྱ། །མངོན་སྤྱོད་ཤིང་ནི་སྐམ་པོ་དང་། །ཚ་བ་སྐྱུར་དང་རྣོན་པོ་རྣམས། །དེ་དག་ཐམས་ཅད་སྤང་བྱ་སྟེ། །ཐུབ་པ་རྣམས་ཀྱིས་རྟག་ཏུ་བཀག་།ཞི་བ་ཅན་དང་རྒྱས་པ་ཅན། །རློན་པའི་ཤིང་གིས་རབ་ཏུ་ཤིས། །དེ་བཞིན་དྲག་ལས་ལ་ཤིང་སྐམ། །ཚྭ་བ་སྐྱུར་དང་རྣོན་པོ་རྣམས། །ཡམ་ཤིང་དེ་རྣམས་མེད་ན་ནི། །ཤིང་ལ་དེ་རྣམས་སུ་བརྟག་བྱ། །རྩེ་མོ་གཉིས་སུ་བརྟག་པ་བྱ། །སྔོ་དང་སྣུམ་དང་འདྲ་བ་དང་། །རྨ་བྱའི་མགྲིན་པ་དང་མཚུངས་པའི། །རྣམ་པ་དེ་ལྟའི་ཀུ་ཤ་ཡིས། །ཁོ་ར་ཡུག་ཏུ་ཀུ་ཤ་ནི། །རྟག་ཏུ་འགྲམ་པར་བྱ་བ་ནི། །ཞི་བ་ཅན་དང་རྒྱས་པ་ཅན། །མར་གད་དང་ནི་མཚུངས་པས་སོ། །དེ་བཞིན་རྟག་ཏུ་སྐམ་པོའི་རྩིས། །སྡིག་པའི་ལས་ནི་བྱ་བ་སྟེ། །འདིར་ནི་རྒྱལ་བ་མཆོག་གིས་བཀག་།དྲི་མེད་ཆུ་ནི་དག་པ་ལ། །རྟག་ཏུ་སྲིན་བུས་སྤངས་པ་ཡི། །དེ་ནས་ཀུན་ནས་བསང་གཏོར་བྱ། །གཡས་ཕྱོགས་སུ་ནི་བསྐོར་བྱས་ཏེ། །བརྩོན་པས་མེ་ནི་སྦར་བར་བྱ། །ཆོ་ག་ཇི་བཞིན་ཉེ་རེག་བྱ། །གཙང་མའི་རྩཝ་ཡི་རྩ་བ་ཡིས། །སྒྲོན་མེ་ཚད་དང་ལྡན་བྱས་ནས། །དེ་ནས་ཁུ་ཚུར་བརྩམས་བྱས་ནས། །འབད་པས་མེ་ནི་སྦར་བར་བྱ། །ཁ་ཡི་རླུང་གིས་མི་བྱ་སྟེ། །རྟག་ཏུ་གོས་ཀྱི་མཐས་ཀྱང་མིན། ། ཤམ་ཐབས་བླ་གོས་མངོན་པར་སྤང་། །གོས་གཞན་གྱིས་ཀྱང་ལག་པ་ཡི། །རླུང་གིས་ཉེ་བར་གཞོམ་པ་ལ། །མངོན་པར་དགའ་བས་མ་ཡིན་ནོ། །གཙང་མའི་རླུང་ཡབ་དེ་བཞིན་གོས། །ནོར་བུས་ཀྱང་ནི་རླུང་ཡང་བྱ། །རླུང་ནི་ཡང་དག་འབྱུང་བ་འདིས། །མེ་ནི་མཉམ་པར་བྱས་པ་ལ། །སྔགས་ཤེས་པས་ནི་མེ་སྦེར་བྱའོ། །སྦྱིན་སྲེག་དོན་དུ་མཉམ་གཞག་པས། །དེ་ནས་གཡས་པ་མིན་པ་ཡིས། །དེར་ནི་བསང་གཏོར་བྱས་ནས་ནི། །དེར་ནི་བ་ཡི་མར་གྱིས་ནི། །སྲེག་བླུགས་གསུམ་ནི་སྦྱིན་པར་བྱ། །དེ་ནས་ཀྱང་ནི་ཕྱག་བྱ་སྟེ། །སངས་རྒྱས་ཀུན་དང་སྐྱོབ་པ་དང་། །རང་སྔགས་སྔགས་ཀྱི་མགོན་པོ་ལ། །དེ་ནས་ཅི་འདོད་ཕྱག་བྱ་འོ། །དེ་ཚེ་མེ་ཡི་སྙིང་པོ་ཡི། །སྔགས་ནི་ལན་བརྒྱ་བཟླས་པ་ཡིས། །བརྩོན་ལྡན་དྲི་ཞིམ་མེ་ཏོག་གིས། །རྟག་ཏུ་མེ་ནི་སྤྱན་དྲང་བྱ། །སྔགས་ཤེས་རྟག་ཏུ་སྤྱན་དྲངས་ནས། །གནས་ལ་མཁས་པས་གདན་དང་གནས། །སྔགས་དེས་དབུལ་ཞིང་གཞན་གྱིས་མིན། །ཞོ་དང་མང་དུ་བསྲེས་པ་དང་། །སྦྲང་རྩི་བཏགས་པའི་ཡམ་ཤིང་ནི། །དེ་ལས་ལན་གསུམ་སྦྱིན་སྲེག་བྱ། །རྒྱས་པའི་དོན་དུ་སྔགས་དང་ལས། །ཀུན་ནས་འབར་བའི་ཕྲེང་པ་ཡིས། །འཁྲུགས་པ་དེར་ནི་ངེས་སྦྱར་བྱ། །སྐོམ་པ་ཚིམ་པར་བསམ་པར་བྱ། །ཞི་བའི་ལས་དང་རྒྱས་པ་ཅན། །དེ་ལ་གསང་སྔགས་རིག་པ་ཡིས། །ལྷ་ཡི་གཟུགས་ནི་དགའ་བ་འོ། །མངོན་སྤྱོད་ལས་ལ་ཐུན་མོང་བའི། །ངེས་པར་འབྱུང་བའི་ལྷ་རྣམས་ལས། །གཞན་པའི་གཟུགས་ནི་བལྟ་བར་བྱ། །རིམ་པ་ཇི་བཞིན་མེ་ཐབ་འདིར། །ཇི་ལྟར་རྙེད་པའི་མེ་ཏོག་དང་། །མར་ལ་ལན་བདུན་ཡོངས་བཟླས་པས། །དེ་ཚེ་སྤྱན་དྲང་རྣམ་པ་དེར། །ཇི་ལྟར་སླར་ཡང་སྤྱན་དྲངས་པ། །ལྷག་པར་གནས་པས་གཉིས་ཀ་གནས། །ཡམ་ཤིང་རྫས་དང་སྦྲེས་པ་དང་། །མར་དང་སྦྲང་རྩི་མཉམ་བསྟན་པ། །དེ་བཞིན་ཉིད་དུ་ཞོ་བསྲེས་པས། །སྟོང་ངམ་འབུམ་གྱི་ཚད་དང་ནི། །བརྒྱད་དང་བརྒྱད་དུའང་རྟག་པར་བྱ། །དེ་བཞིན་སྔགས་པས་རིག་པ་བཟུང་། །ལན་རེ་བཟླས་ཤིང་མེ་ལ་དོར། །འབར་བའི་མེ་ཡི་ཕྲེང་བ་དང་། །དེ་བཞིན་མེ་ལྕེ་གཅིག་གྱུར་པ། །ཞི་བའི་ལས་ཀྱི་སྦྱིན་སྲེག་བྱ། །དུ་བ་མེད་ལའང་རྒྱས་པ་ཅན། །དུ་བཅས་དྲག་པོའི་ལས་རྣམས་ནི། །རྒྱལ་བས་སྨད་ཅིང་སྤངས་པ་ཡིན། །མེ་ནི་ཁ་དོག་ལྡན་གྱུར་ན། །སྦྱིན་སྲེག་ལས་ནི་རབ་ཏུ་སྦྱར། །ཞི་བ་ཅན་ལ་ཁ་དོག་དཀར། །རྒྱལ་བ་མཆོག་གིས་རྟག་ཏུ་བསྔགས། །གལ་ཏེ་མེ་དཀར་སྦྱིན་སྲེག་བྱེད། །དེ་ལ་སྔགས་རྣམས་འགྲུབ་པར་འགྱུར། ། དེ་བཞིན་རྟག་ཏུ་ཁ་དོག་དཀར། །རྒྱས་པ་ཅན་གྱིས་དངོས་གྲུབ་འདོད། །ནག་པོ་དུ་བའི་ཁ་དོག་དང་། །སེར་སྐྱ་ཡང་ནི་སྡིག་པ་ཅན། །ཁ་དོག་རྣམ་གསུམ་རབ་བསྒྱུར་བས། །དངོས་གྲུབ་རྣམ་གསུམ་འདི་དག་ཡིན། །གཞན་བའི་ཁ་དོག་སྤྲིན་མདོག་གམ། །སླར་ཡང་བརྟན་པའི་ས་སྟེང་དེར། །སྔགས་པ་དེ་ལ་དངོས་གྲུབ་མེད། །དེ་ལྟའི་ཁ་དོག་འདྲ་བ་འམ། །རྣམ་པ་སྣ་ཚོགས་ཁ་དོག་ཅན། །མེ་ནི་འབར་བ་དེ་མཐོང་ན། །སླར་ཡང་ལས་རྣམས་བརྩམ་པར་བྱ། །ཕྱིར་ཞིང་བཟླས་པ་བྱ་བ་ཡིན། །གལ་ཏེ་སྔགས་ནི་གྲུབ་གྱུར་ན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །སླར་ཡང་སྦྱིན་སྲེག་ལ་རབ་འཇུག་།གཤེགས་གསོལ་སྤྱན་དྲང་ཉིད་ལ་ནི། །མེ་ཡི་སྔགས་ནི་བརྗོད་པར་བྱ། །སྔར་ནི་རབ་ཏུ་བརྟགས་པས་ཀྱང་། །དཀྱིལ་འཁོར་འདི་ནི་གཤེགས་སུ་གསོལ། །སྤྱན་དྲང་བ་ཡི་ལས་རྣམས་ནི། །དེ་ཉིད་དུ་ནི་ལས་རྣམས་ཀྱང་། ། དེ་ཉིད་ཀྱིས་ནི་བྱ་བ་ཡིན། །མེ་ཡི་སྤྱོད་པ་དེ་བཞིན་གཟུགས། །རས་རིས་ཀྱི་ནི་སྤྱན་སྔར་བརྩམ། །དེར་ནི་སྔགས་རྣམས་འགྲུབ་འགྱུར་བ། །སྔོན་གྱི་དེ་བཞིན་གཤེགས་པས་གསུངས། །རྒྱལ་བས་བསྔགས་པའི་ལས་རྣམས་ནི། །ཐམས་ཅད་དེ་ཉིད་དུ་བྱའོ། །གཞན་པའི་ལས་ནི་བྱ་བ་སྟེ། །སྡིག་པའི་ལས་ནི་ཁྱད་པར་དུ། །གང་དུ་རྒྱལ་མཆོག་གིས་སྨོད་དང་། །འཇིག་རྟེན་འགལ་དང་སྨད་རྣམས་སོ། །ལྡང་དང་འཁོར་ལོས་བསྒྱུར་བ་དང་། །བྱང་ཆུབ་སེམས་དཔའི་ས་རྣམས་དང་། །དེ་བཞིན་མངོན་ཤེས་ལྔ་དང་ནི། །འཇིག་རྟེན་ལྷ་ཉིད་ལྡན་པ་འགྲུབ། །རྟག་ཏུ་རས་རིས་ལ་བརྩོན་ཤེས། །སྦྱིན་སྲེག་ལས་ལ་མཁས་པ་ནི། །ས་ཡི་འོག་གི་བདག་པོ་འམ། །ཡང་ན་བར་སྣང་སྤྱོད་པར་འགྱུར།། ས་བླའི་ལྷ་དང་གནོད་སྦྱིན་ཉིད། །རྟག་ཏུ་གནོད་སྦྱིན་མོ་རྣམས་འགུགས། །རྒྱལ་སྲིད་བདག་པོ་ཉིད་དང་ནི། །ཡུལ་དང་ཡང་ན་གྲོང་ཉིད་དམ། །རིག་པ་འཛིན་དང་ལྷ་མིན་ཉིད། ། སེམས་ཅན་ཐམས་ཅད་དབང་དུ་བྱེད། །འབྱུང་པོ་ཐམས་ཅད་འགུགས་པར་བྱེད། །སེམས་དཔའ་ཆེན་པོ་བདག་ཉིད་ཆེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་བཅུ་ལ་ནི་ཡང་དག་བརྟེན། །སྦྱིན་སྲེག་ལས་ཀྱིས་འགུགས་བྱེད་ན། །ས་སྟེང་མི་རྣམས་སྨོས་ཅི་དགོས། །སྡེ་དཔོན་བདག་པོ་དེ་བཞིན་དུ། །ཁྱད་པར་འཇིག་རྟེན་དབང་ཕྱུག་དང་། །འབྱུང་པོ་ཐམས་ཅད་ཀུན་དབང་བྱེད། །དེ་བཞིན་ཉིད་དུ་མི་བདག་ཉིད། །འབྱུང་པོ་ཐམས་ཅད་དབང་དོན་དང་། །ཡང་ན་ས་སྟེང་རྒྱལ་པོ་མཉམ། །དེ་བཞིན་རྟག་ཏུ་ལས་ཀུན་ལ། ། ཐམས་ཅད་སྦྱིན་སྲེག་གིས་ནི་བྱ། །ཀུན་ནས་ཀུན་ཏུ་བརྩོན་ལྡན་པས། །ལས་ཀུན་ཡང་དག་བསྟེན་པར་བྱ། །དེ་ཆེད་ངེས་པར་བསྒྲུབ་པར་བྱ། །དཔལ་དོན་ལས་ནི་མཆོག་ཡིན་ཏེ། །བར་མ་ཉིད་ཀྱང་སྒྲུབ་པར་བྱེད། །ཡང་ན་ཆུང་དུ་ཉིད་ཀྱང་ངོ་། །དེ་བཞིན་དུ་ནི་རྫས་རྣམས་ཀུན། །དེ་བཞིན་སླར་ཡང་འགྲུབ་པར་གསུངས།། སྦྱིན་སྲེག་ལས་ལ་རབ་འཇུག་པས། །འབྲས་བུར་བཅས་པས་དངོས་གྲུབ་མཐོང་། །ཕྱག་རྒྱ་བཅིང་དང་རིག་པ་ཉིད། །ལས་རྣམས་ཀུན་ལ་རྟག་ཏུ་བྱ། །སྦྱིན་སྲེག་ལས་ལ་རབ་འཇུག་པས། །བདག་ཉིད་སྲུང་བར་བྱས་པར་འགྱུར། །དེ་ནས་སྔགས་འདི་བཀླག་པར་བྱ། །འདི་ནི་རྟག་ཏུ་ལས་རྣམས་ལ། །བདུན་བཟླས་པའམ་བརྒྱད་བཟླས་སོ། །ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ག་ཏི་མ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོཾ་ཛྭཱ་ལ་ཏིཥྛ་ཧཱུཾ། རུ་རུ་བི་ཤྭ་སམྦྷ་བེ་སྭཱཧཱ། སྔགས་ཀྱི་རབ་སྦྱོར་འདི་ཡིས་ནི། །སླར་ཡང་ཤིང་ལ་བཟླས་བྱ་བ། །གཉིས་བཟླས་པ་འམ་བདུན་བཟླས་པ། །སྔགས་རིག་དེས་མེར་སྦྱིན་སྲེག་བྱ། །མེ་ཏོག་བདུག་པ་དྲི་དག་གམ། །མདོར་ན་ཐམས་ཅད་ཉིད་ཀྱང་ནི། །གསང་སྔགས་བཟླས་པའི་ཆུ་རྣམས་ཀྱིས། །འདི་ཉིད་ཀྱིས་ནི་བསང་གཏོར་བྱ། །དེ་ནས་ལས་རྣམས་ཐམས་ཅད་ནི། །རྒྱུ་འདིས་ཆོ་ག་བརྩམ་པར་བྱ། །ལྷ་རྣམས་དག་ནི་ཐམས་ཅད་ལ། །སྔ་མའི་རབ་སྦྱོར་ཉིད་ཀྱིས་བྱ། །སྔར་གྱི་སྐྲ་ཅན་མ་བཅིངས་ནས། །ཕྱག་རྒྱ་ཆེན་མོད་གྲགས་ལྡན་མ། །བསྲུང་བ་བྱས་པར་གྱུར་དེ་ནས། ། ཟློས་པོས་རིག་པ་གཅིག་གིས་ནི། །ལས་རྣམས་ཐམས་ཅད་བརྩམ་པར་བྱ། །དངོས་གྲུབ་རྒྱུ་ལ་མཁས་པ་ཡིས། །གལ་ཏེ་དགེ་མཚན་མཐོང་གྱུར་པ། །རྟག་ཏུ་དགེ་བའི་སྒྲ་གྲགས་ན། །དེ་ལ་སྔགས་ཀྱི་འབྲས་བུ་ནི། །ཇི་ལྟར་འདོད་བཞིན་མཆོག་སྩོལ་འགྱུར། །དང་པོ་ལས་ལ་རབ་སྦྱོར་དང་། །སྔགས་ཀྱི་རྒྱུ་ལ་རབ་འཇུག་པས། །འབྲས་མེད་འབྲས་བུར་བཅས་པ་ཉིད། །དངོས་གྲུབ་དེ་ལ་བརྗོད་པར་བྱ། །རྒྱལ་བའི་སྒྲ་འོམ་པོ་ཊ་ཧ། །རྔ་བོ་ཆ་ཡི་སྒྲ་གྲགས་ན། །བརྩོན་ལྡན་ཀུན་འགྲོའི་དངོས་གྲུབ་སྟེ། །སྦྱིན་སྲེག་ལས་ལ་ཡང་དག་བརྟེན། །གཞན་ཡང་དགེ་མཚན་དཔལ་དང་ནི། །འདབ་ཆགས་སྒྲ་ནི་བཟང་པོ་དང་། །རྣམ་པ་སྣ་ཚོགས་སྒྲ་དབྱངས་སམ། །རྒྱལ་བས་བསྔགས་ཤིང་རབ་བསྔགས་པ། ། བཀྲ་ཤིས་བཟང་པོ་ཡིད་འོང་དང་། །རྣམ་པ་སྣ་ཚོགས་སྒྲ་དང་ནི། །གདུགས་དང་རྒྱལ་མཚན་བ་དན་དང་། །བུད་མེད་རྒྱན་གྱིས་བརྒྱན་པ་དང་། །དེ་བཞིན་བུམ་པ་གང་བ་དང་། ། མཆོད་ཡོན་མཐོང་ན་དངོས་གྲུབ་རྒྱུ། །ཁ་དོག་རྣམ་པ་དུ་མ་དང་། །རབ་བསྔགས་འཇིག་རྟེན་གྱིས་མཆོད་པའི། །དགེ་སློང་རྣམས་དང་དགེ་སློང་མ། །མཐོང་ནས་དེ་རྣམས་བལྟ་བ་ལ། །གསང་སྔགས་སྤྱོད་ཚུལ་སྣ་ཚོགས་འགྲུབ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ལས། བགྲང་ཕྲེང་སྲད་བུའི་ཆོ་གའི་ལེའུ་རབ་འབྱམས་བཅུ་གཅིག་པ་ཡོངས་སུ་རྫོགས་སོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ། ཁྱོད་ཀྱི་རིག་པའི་གསང་ཆེན་ཡོད་དོ། །སྔགས་ཐམས་ཅད་ཀྱིས་སྒྲུབ་ཐབས་ཀྱི་ཆོ་གའི་དམ་ཚིག་ཤེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་ལས་བྱུང་བ། ཆོས་ཀྱི་སྤྲིན་ལ་མཐུན་པར་རབ་ཏུ་ཞུགས་པ། ནམ་མཁའི་རང་བཞིན། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་སྔགས་ཀྱི་མངའ་བདག་ཆེས་གཙོ་བོར་གྱུར་པ་སེམས་དཔའ་ཆེན་པོ། དཔེར་ན། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ། ཆེས་གཙོ་བོར་གྱུར་པ། ལྷ་དང་། མི་རྣམས་ཀྱི་ནང་ནས་སྐྱེས་བུའི་ཁྱུ་མཆོག་།སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་བཞིན་དུ་རིག་པའི་རྒྱལ་པོ་འ་དི་ནི་སྔགས་ཐམས་ཅད་ཀྱི་མཆོག་ཏུ་བསྟན་ཅིང་གཙོ་བོ་དམ་པ་ཡིན་ཏེ་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་བརྗོད་དུ་མེད་པ་རྣམས་ཀྱིས་སྔར་གསུངས་པ། དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་མཆོག་གི་སྙིང་པོ་མཆོག་ཏུ་གསང་བ། ཀུན་ནས་བཀྲ་ཤིས་པར་འདོད་པ། སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་བསྟོད་ཅིང་རབ་ཏུ་བསྔགས་ལ་སེམས་ཅན་ཐམས་ཅད་ལ་དབུགས་འབྱིན་པ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། འདོད་པ་ཐམས་ཅད་སྦྱིན་པ། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ་གང་ཞེ་ན། བར་སྐབས་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་སངས་རྒྱས་ཐམས་ཅད་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་བྱུང་བར་གྱུར་ཏོ། །གང་འདི་ཕྱོགས་བཅུ་སྟེང་འོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀུན་ཏུ་སྣང་ཞིང་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱང་ཚིམ་པར་བྱས་ནས་སླར་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཙུག་ཏོར་དུ་ནུབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་ཀུན་ནས་འབར་བའི་འཕྲོ་བའི་ལུས་ཅན་བལྟ་བར་མི་ནུས་པའི་སེམས་ཅན་ཀུན་གང་གིས་ཀྱང་མི་ཐུབ་པ། འོད་ཆེན་པོ་ཡང་དག་པར་བྱུང་བ། འོད་ཀྱི་དཀྱིལ་འཁོར་གྱིས་ལུས་བརྒྱན་པ། རྣམ་པ་སྣ་ཚོགས་པའི་གཟུགས་ཅན། འཁོར་ལོས་བསྒྱུར་བ་ཆེན་པོའི་གཟུགས་དང་ལྡན་པ། རིག་པའི་རྒྱལ་པོ་ཡི་གེ་གཅིག་པ་ཞེས་བྱ་བར་གྱུར་ཏོ། །བྱུང་ནས་ནམ་མཁའི་དཀྱིལ་ཀུན་ཏུ་སྣང་བར་བྱས་ཏེ་རིག་པའི་རྒྱལ་པོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ། རིག་པའི་འཇིགས་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་མདུན་དུ་བདར་ནས་མཆོད་བཞིན་པ། འཇིག་རྟེན་ཐམས་ཅད་ཀྱི་བླ་མ། རིག་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོས་མངོན་པར་བསྔགས་བཞིན་པ། སངས་རྒྱས་ཐམས་ཅད་ལ་མངའ་བསྒྱུར་བཞིན་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་བཞུགས་པ་རྣམས་ཀྱི་རིམ་གྲོ་བྱེད་བཞིན་པའི་བློ་གྲོས་ཆེན་པོ། །ནམ་མཁའི་དཀྱིལ་ཐམས་ཅད་ཀྱི་ལྷའི་རིན་པོ་ཆེས་ཉེ་བར་མཛེས་པ་དང་། ནོར་བུ་རིན་པོ་ཆེའི་དོན་དུ་བྱས་པས་ཐམས་ཅད་བཀང་སྟེ་མཛེས་པའི་གཟུགས་ཅན་མཆོག་ཏུ་འོད་གསལ་བ། སྤྲུལ་པ་པོ་རྣམ་པ་སྣ་ཚོགས་པའི་གཟུགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འབྱིན་བཞིན་པ། ཡི་གེ་གཅིག་པའི་སྒྲ་འདོན་བཞིན་པ། འོད་ཟེར་ཆེན་པོ་འབར་བ་རབ་ཏུ་འཕྲོ་བཞིན་པ། བར་སྣང་གི་ཕྱོགས་སུ་གནས་པར་གྱུར་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཉེ་བར་ཕྱོགས་ནས་ལྟ་བར་བྱེད་བཞིན་པ། དེ་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་ཀུན་ཏུ་ལྟ་ཞིང་སྣང་བར་བྱེད་བཞིན་པའོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཡི་གེ་གཅིག་པའི་རྟོག་པའི་རྒྱལ་པོ་ཆེན་པོ་འདི་བཀའ་སྩལ་ཏོ། །ན་མཿསརྦ་བུད་དྷཱ་ནཱཾ། བྷྲུཾ། བཀའ་སྩལ་པ་ཙམ་ཉིད་ལ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་རྣམས་ཐམས་ཅད་དུ་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་པར་གྱུར་ཏོ། །སེམས་ཅན་གང་ལ་ལ་བཀྲས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་སྐྱེས་པ་མེད་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་ཡང་དག་པར་བསྟན་པའི་ཕྱིར་དང་། སྡིག་པ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པའི་ཕྱིར་དང་། སྡུག་བསྔལ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པའི་ཕྱིར་དང་། རྟོག་པའི་རྒྱལ་པོ་འདི་སེམས་ཅན་ཐམས་ཅད་ཡང་དག་པར་སྲུང་བའི་ཕྱིར་དང་། དམྱལ་བའི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱེད་པའི་ཕྱིར་དང་། བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཀུན་ཏུ་བསྟན་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་པ་རྫུ་འཕྲུལ་གྱི་མཐུ་ཀུན་ཏུ་བསྟན་པའི་ཕྱིར་རིག་པའི་རྒྱལ་པོའི་རྟོག་པ་འདི་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ། གང་ལ་སྔགས་ཀྱི་རྒྱལ་པོ་འདི་སྒྲུབ་པར་འདོད་ན་དེའི་དོན་གྱི་ཕྱིར་ཆོ་ག་འདིར་འགྱུར་རོ། །དང་པོ་རེ་ཞིག་མ་བརྟགས་པ་དང་། མི་སྨྲ་བ་དང་། མི་ཟ་བར་བརྗོད་པའི་མཐུ་དང་། སྔགས་ཀྱིས་འདུལ་བ་ལ་ར་ཨབ་ཏུ་བརྩོན་པས་འབྱུང་པོ་ཐམས་ཅད་ལ་རབ་ཏུ་བརྩེ་བས་གཞན་སྡུག་ན་བདག་སྡུག་པར་ལེགས་པར་མཐོང་བར་བྱེད་པའི་ཡེ་ཤེས་དང་ལྡན་པ། དབང་པོ་རྣམས་ལེགས་པར་བཟུང་སྟེ་རྣམ་པར་གཡེང་བ་དང་བཅས་པའི་སེམས་དང་། ང་རྒྱལ་དང་། སེར་སྣ་ལག་པ་ལ་འཇུག་པ། རབ་ཏུ་དགག་པའི་དོན་དུ་རྫས་ཡོངས་སུ་འཇལ་བ་དང་། ལྷ་གཞན་ལ་ཕྱག་མི་བྱེད་པ་དང་། དཀོན་མཆོག་གསུམ་ལ་དང་བ་ཤིན་ཏུ་མངོན་དུ་གྱུར་པའི་དད་པའི་ནོར་གྱིས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ལ་མངོན་པར་དད་པ་དང་། སྙིང་རྗེ་ཆེན་པོའི་བདག་ཉིད་དང་། ལེགས་པར་བརྩོན་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་མདོར་ན་བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ། རྒྱུན་ཏུ་སྒྲུབ་པར་འགྱུར་བར་བྱའོ། །དེ་ལ་དང་པོ་རེ་ཞིག་བྲིས་སྐུའི་ཆོ་གར་འགྱུར་ཏེ་རྒྱལ་པོ་ཐམས་ཅད་ཀྱི་བདག་པོ་འཁོར་ལོས་བསྒྱུར་བ། མ་ཉམས་པའི་རས་ལྷག་མ་ཡིན་པ། ཁ་དོག་ཅན་ལ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་འདྲིར་གཞུག་པར་བྱ་སྟེ། གསེར་ལྟར་སེར་བའི་གཟུགས་བརྙན་ཆོས་སྟོན་པར་བྱེད་བཞིན་པ། སེངྒེའི་ཁྲི་ལ་ཉེ་བར་བཞུགས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ལུས་ཐམས་ཅད་ཀུན་ནས་འབར་བའི་དོ་ཤལ་ཅན་བྱའོ། །སྟེང་དུ་རིའི་རྩེ་མོར་གློག་དང་། སྤྲིན་དང་བཅས་པའོ། །འོག་ཏུ་པདྨའི་མཚོ་བྱའོ། །བཅོམ་ལྡན་འདས་ཀྱི་གཙུག་ཏོར་འོད་ཟེར་ལས་བྱུང་བཞིན་པ་བྱའོ། །སྒྲུབ་པ་པོའང་གནས་དང་། ཆ་བྱད་དང་། དབྱིབས་ཀྱི་རྣམ་པ་ཇི་ལྟ་བ་བཞིན་དང་། ལག་ན་སྤོས་ཕོར་ཐོགས་པ། བཅོམ་ལྡན་འདས་ལ་ལྟ་བར་བྱེད་བཞིན་པ། རས་རིས་རྣམ་པ་དེ་ལྟར་བུར་བྲིས་ལ་ཨ་སྒྲུབ་པ་པོའང་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་གཙང་མ་བགོས་ཏེ་སྐྱེ་བོ་དང་བྲལ་བའི་དབེན་པར་རྒྱུན་ཆེན་པོར་རས་རིས་བཞུགས་སུ་གསོལ་ལ་རྣམ་པ་ཐམས་ཅད་དུ་ལུས་དང་། ངག་དང་། སེམས་ཡོངས་སུ་སྐྱོ་བ་མེད་པར་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཟླ་བ་ཉ་ལ་ཉིན་མཚན་དུ་སྨྱུང་བར་གནས་ཏེ་སྒྲུབ་པ་བརྩམ་པར་བྱའོ། །ལོ་མ་དང་། ཟན་དང་། འོ་མ་དང་། སློང་མོའི་བསོད་སྙོམས་ཀྱི་བཟའ་བ་དང་། ཆུ་དང་། ཕྱེའི་བཟའ་བའམ། འོ་མ་དང་། ནས་ཟན་ཟ་བར་བྱའོ། ། ག་རུའི་བདུག་པ་བསྲེགས་ཏེ་འབུམ་ཕྲག་བཅུར་བཟླས་པ་བྱའོ། །སྔོན་དུ་བསྙེན་པ་བྱས་པ་དང་། སྔོན་སྤྱད་པ་བྱས་པར་འགྱུར་རོ། །དེ་ནས་མིག་སྨན་སྒྲུབ་པར་འདོད་ན་དཔའ་བོའི་རིན་གྱིས་ཉོས་པའི་དཔའ་བོ་བཟང་པོ་ལས་བྱུང་བའི་མིག་སྨན་སྲང་གཅིག་བླངས་ནས་བྲམ་ཟེའི་བུ་མོས་པ་བྱུང་ལྔ་ཁ་བྱང་དུ་བལྟས་པ་འཐག་ཏུ་གཞུག་པར་བྱའོ། །མིང་མེད་ཀྱི་སོར་མོས་རིལ་བུ་བཞི་བྱས་ལ་པདྨའི་འདབ་མས་བཀབ་ལ་སྐམ་དུ་གཞུག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོ་ག་བཞིན་ད་ཨུ་མེ་སྦར་ནས་སྟོང་ཕྲག་རྫོགས་པར་སྦྱིན་སྲེག་བྱ་སྟེ་དེ་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་རས་རིས་བཞུགས་ནས་མཆོད་པ་རྒྱ་ཆེན་པོ་རྒྱ་ཆེན་པོར་བྱས་ཏེ་ཕྱོགས་བརྒྱད་དུ་པཱ་ལ་ཤའི་ཤིང་གིས་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པའི་རྣམ་པར་འདྲེན་པའི་སྦྱིན་སྲེག་བྱའོ། །དེ་ནས་ཕྱོགས་བཞི་རྣམས་སུ་དཀྱིལ་འཁོར་བྱས་ནས་ཕྱོགས་སྐྱོང་བ་རྣམས་བཞག་སྟེ་དཀྱིལ་འཁོར་གཉིས་པར་རབ་ཏུ་སད་པར་བྱེད་པ་ལག་ཏུ་ཡུངས་ཀར་ཐོགས་པའོ། །དཀྱིལ་འཁོར་གསུམ་པར་ལེགས་པར་གྲོགས་བཟང་པོ་འམ། གྲོགས་མེད་ཀྱང་རུང་སྟེ་སྔགས་ཀྱི་མཆོད་པ་ཆེན་པོ་བྱས་ནས་བསྲུང་བ་བྱ་སྟེ་ཁ་ཤར་དུ་ཕྱོགས་པས་ཉེ་བར་འདུག་ལ་ཀུ་ཤ་བཏིང་ཞིང་བཀྲམ་ནས་ཨ་ཤྭདྠའི་འདབ་མ་གསུམ་གྱི་སྟེང་ནས་དང་། བཞིས་འོག་ནས་གཡོགས་ཏེ་ལག་པས་མནན་ལ་ཇི་སྲིད་དྲོ་བར་གྱུར་པ་དང་། དུ་བ་འཐུལ་བ་དང་། རབ་ཏུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དང་པོ་དངོས་གྲུབ་ནི་འདིས་རྒྱལ་བའི་བདག་ཉིད་ཀྱི་སྤྱན་ཏེ་གང་མཐོང་བ་དང་། གང་རྣམས་མཐོང་བ་དེ་རྣམས་ཐམས་ཅད་དབང་དུ་འགྱུར་རོ། །གཉིས་པའི་དངོས་གྲུབ་ནི་གླང་པོ་ཆེ་དགུའི་སྟོབས་དང་། རླུང་ལྟར་མགྱོགས་པ་དང་། ལོ་ལྔ་བརྒྱར་འཚོ་བ་དང་། གླང་པོ་ཆེ་བཅུ་འཕྲོགས་པ་དང་། རིག་པ་འཛིན་པ་ཐམས་ཅད་ཀྱི་ཟིལ་གྱིས་གནོན་པ་མ་ཡིན་པ་དང་། འབར་ཞིང་འཆར་བའི་ཉི་མ་དང་འདྲ་བ། ལུས་རིན་པོ་ཆེས་བརྒྱན་པ། བར་གྱི་བསྐལ་པར་གནས་ཤིང་གཞན་འདྲེན་པར་བྱེད་པ། རིག་པ་འཛིན་པ་ཟིལ་གྱིས་མི་ནོན་པའི་འཁོར་ལོས་བསྒྱུར་བ། གསར་དུ་འགྲོ་བཞིན་པ། རླུང་གི་ལམ་བདུན་དུ་རྣམ་པར་རྒྱུ་བར་བྱེད་པར་འགྱུར་རོ། །རྣ་བའི་མིག་སྨན་བསྟེན་པ་དང་། ལྡོང་རོས་ལག་པའང་དངོས་གྲུབ་རྣམ་པ་གསུམ་མོ། །དེ་ནས་རྡོ་རྗེ་སྒྲུབ་པར་འདོད་ན་ཐོག་ཕོག་པའི་ཤིང་བླངས་ནས་སོར་བཅུ་དྲུག་པའི་ཚད་ཀྱི་རྡོ་རྗེའི་རྣམ་པ་བྱའོ། །ཟླུམ་སྐོར་དུ་ཁྲུ་གང་ཙམ་གྱི་ཚད་ཀྱི་མཆོད་རྟེན་བྱས་ནས་དེའི་སྤྱན་སྔར་ཆོ་ག་འདི་མཐོང་བས་ཟླ་བ་ཉ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་རྡོ་རྗེ་དེ་ཉིད་ལ་ངེས་པར་སེམས་པས་ལྟ་བཞིན་པ་དང་ལྡན་པས་རྡོ་རྗེ་བླངས་ཏེ་དུར་ཁྲོད་དུ་འགྲོ་བར་བྱའོ། །ཤར་དུ་རྒྱུན་འབབ་པ་དང་མཐུན་པའི་རྒྱུན་བྱའོ། །ཆུ་ཀླུང་གི་འགྲམ་གཉིས་ཀྱིས་བླངས་ནས་བ་བྱུང་ལྔས་ཟླུམ་སྐོར་བྱའོ། །ཟླུམ་སྐོར་བྱས་ནས་ཁྲུ་གང་ཙམ་གྱི་ཚད་ཀྱི་མཆོད་རྟེན་བྱས་ནས་དེའི་སྤྱན་སྔར་ཆོ་ག་འདི་མཐོང་བས་མཆོད་པ་བྱའོ། །དེ་ནས་དུར་ཁྲོད་དུ་རས་རིས་དེའི་དྲུང་དུ་རྡོ་རྗེ་བཞག་སྟེ་དེའི་སྟེང་དུ་བཞག་ནས་ལག་པས་མནན་ལ་ཇི་སྲིད་དུ་གོང་བུའི་འོག་གི་ཁུང་བུར་ལྟུང་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ཁྲུས་བྱས་ནས་དེ་ཉིད་དུ་ལག་པས་རྡོ་རྗེ་བླངས་ནས་རབ་ཏུ་འཇུག་གོ་།བསླངས་པའི་བསོད་སྙོམས་བླངས་ནས་བཅོམ་ལྡན་འདས་ལ་གཏོར་ནས་ཉེ་བར་མཆོད་དེ་ཁྲུས་བྱས་ནས་རྡོ་རྗེ་དེ་ཉིད་ལ་དུར་ཁྲོད་ཀྱི་ཐལ་བ་ཇི་སྲིད་སྤགས་པར་སོ་སོར་གཞག་གོ་། ཆོ་ག་འདིས་དུར་ཁྲོད་ཀྱི་ཤ་ལ་བཟླས་པར་བྱའོ། །མཐར་མཚན་མོ་གསུམ་དུ་ཆོ་ག་བཞིན་དུ་གཏོར་མའི་མཆོད་པ་དབུལ་བར་བྱས་ནས་བདག་ཉིད་དམ། གྲོགས་བཟང་པོ་ལ་བསྲུང་བ་བྱས་ཏེ་ལག་པ་གཉིས་ཀྱིས་མནན་ཏེ་ཇི་སྲིད་དུ་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །དངོས་གྲུབ་དང་པོ་ལ་གང་བལྟས་པ་དང་། གང་གིས་མཐོང་བ་དེ་རྣམས་རབ་ཏུ་དགའ་ཞིང་དབང་དུ་འགྱུར་རོ། །གཉིས་པ་རས་རིས་ཀྱི་སའི་རྡུལ་ཕྱིས་པ་ཙམ་གྱིས་མི་སྣང་བ་དང་། གླང་པོ་ཆེ་སྟོང་ཕྲག་དགུའི་སྟོབས་དང་ལྡན་པ་དང་། རླུང་ལྟར་མགྱོགས་པ་དང་། སྐལ་བ་དྲུག་འཕྲོག་པ་དང་། འདོད་པས་འགྲོ་བ་དང་། ཆར་འབེབས་པ་དང་། རྣམ་པར་སྣང་པར་བྱེད་པ་དང་། མཐུ་ཆེན་པོར་འགྱུར་རོ། །གསུམ་པ་ལ་ནི་ཉི་མ་འཆར་ཀ་དང་མཚུངས་པ་དང་། ལོ་སྟོང་ཕྲག་བཅུར་འཚོ་ཞིང་འཁོར་ལོས་བསྒྱུར་བའང་འདྲེན་པར་འགྱུར་རོ། །རྡོ་རྗེའི་ལག་པར་རྣམ་པར་རྒྱུ་སྟེ་དེ་བཞིན་དུ་པདྨ་དང་། དགྲ་སྟ་ལག་པའི་ཆོགས་ཀྱང་ངོ་། །དེ་ནས་རིལ་བུ་སྒྲུབ་པར་འདོད་ན་སྔོན་དུ་བསྙེན་པ་བྱས་ཏེ་ལོར་སྐྱེས་པའི་སྡིགས་མཛུབ་ཀྱི་སོར་མོ་བླངས་ས་ངར་གྱི་ཆོགས་མཆོད་རྟེན་བྱས་ཏེ་དུར་ཁྲོད་དུ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཁ་ཤར་དུ་ཕྱོགས་པས་རབ་ཏུ་ཞུགས་ལ་དེ་སྲིད་དུ་སོར་མོངས་པར་རིག་བྱ་སྟོན་པས་མནན་ནས་རྡོ་རྗེ་ལས་འོད་ཟེར་འཕྲོ་བ་དེ་སྲིད་དུ་བཟླས་པ་བྱའོ། །ཉིན་མོ་ནམ་མཁའི་རླུང་ལ་བསྲུང་བ་བྱ་ཞིང་མཚན་མོ་གཉིད་མི་ལོག་པར་ཐོ་རངས་ཇི་སྲིད་དུ་སོར་མོ་རྣམས་དགུག་པར་བྱའོ། ། བཀུག་པའི་གནས་དེར་མཚན་མོ་གསུམ་དུ་སྨྱུར་བར་གནས་པ། བ་དང་བེའུ་རྒྱུད་མཚུངས་པ། གྲགས་པ་དང་ལྡན་པའི་འོ་མ་བླངས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཙནྡན་གྱི་མཎྜལ་དང་། མར་གྱི་མར་མེ་རབ་ཏུ་སྦར་ནས་ཀུ་ཤའི་ཁྲེས་ལ་འདུག་སྟེ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པར་བྱས་ནས་སའི་སྣོད་དུ་འོ་མ་བླུག་པར་བྱ་ཞིང་ཏ་ཧལ་བས་ཀྱང་དཀྱིལ་འཁོར་བཅིངས་ལ་ཐོ་རངས་ཁྲུས་བྱས་ནས་སྔར་འདི་ཉིད་ཀྱིས་ངེས་པར་བསྲུབས་པའི་མར་གསར་བླངས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་ནས་མ་རེག་པ་ཟོས་ནས་མཐོང་བ་ཞེས་བྱ་སྟེ་འདོད་པ་ཐམས་ཅད་སྦྱིན་པར་འགྱུར་རོ། །གྲོལ་བར་འདོད་ན་ག་ནས་ལ་ཕན་པའི་དྲི་ཐམས་ཅད་ལ་སོགས་པ་ལ་དཔའ་བོའི་རིན་གྱིས་ཉོས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པར་བྱས་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མར་གྱི་མར་མེ་རབ་ཏུ་སྦར་ནས་རང་ཉིད་སྔགས་ཟློས་ཤིང་བརྟག་པར་བྱའོ། །དེ་ནས་གཟུགས་བརྙན་བྱས་ནས་ཨ་ཤྭདྠའི་འདབ་མ་བདུན་གྱི་སྟེང་དུ་བཞག་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་སྲིད་དུ་རང་གིས་རིག་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ཕྱེ་མར་བྱས་ནས་ཕྱེ་མ་དེས་ཀུན་ཏུ་རིག་པ་དེ་དབང་དུ་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་ནཱ་ག་གེ་སར་གྱི་ཕྱེ་མ་ལ་གཟུགས་བརྙན་བྱས་ཏེ་བདུག་པའི་ཁམ་ཕོར་བརྒྱད་བརྒྱར་སྦྱིན་སྲེག་བྱས་ན་གང་ལ་རྗེས་སུ་སེམས་པ་དེ་དབང་དུ་བྱེད་དོ། །ཆོ་ག་འདི་ཉིད་ཀྱིས་ཨ་བཱ་མ་རྒའི་ཡམ་ཤིང་གིས་སྦྱིན་སྲེག་བྱའོ། །ནོར་འདོད་ན་བ་ལང་གི་གནས་སུ་སོང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ས་ལ་མ་ལྷུང་བའི་བ་བྱུང་གིས་ལག་པས་མ་བཟོས་བའི་མཆོད་རྟེན་བྱས་ལ་ཆོ་ག་བཞིན་དུ་མཆོད་ནས་གུ་གུལ་བསྲེགས་ཏེ་སྟོང་ཕྲག་བརྒྱར་བཟླས་པ་བྱའོ། །བ་ལང་སྟོང་ངམ། ནོར་རྙེད་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་མར་དང་། སྦྲང་རྩི་སོགས་བསྲེག་ཅིང་སྟོང་ཕྲག་བརྒྱར་བཟླས་པ་བྱའོ། །གྲོང་བཅུ་གཉིས་ཀྱིས་བསྐོར་བརྙེད་པར་འགྱུར་རོ། ། ཆོ་ག་འདི་ཉིད་ཀྱིས་མཆོད་རྟེན་བྱས་ནས་ཙནྡན་གྱིས་བཏགས་པའི་པདྨའི་གདན་དང་། ལྷ་བཤོས་སྟོང་ཕྲག་བརྒྱ་དབུལ་ཏེ་ཡུལ་གྱི་དཔོན་པོ་ཐོབ་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་གུ་གུལ་གྱི་བདུག་པ་བསྲེགས་ཏེ་ཙམ་པ་ཀའི་མེ་ཏོག་སྟོང་ཕྲག་བརྒྱ་དབུལ་ཏེ་གསེར་སྟོང་རྙེད་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་ནཱ་ག་གེ་སར་གྱི་མེ་ཏོག་སྟོང་ཕྲག་བརྒྱར་དབུལ་བར་བྱ་སྟེ་རས་བཅོས་བུའི་གོས་སྟོང་རྙེད་པར་འགྱུར་རོ། །དེ་བཞིན་དུ་མེ་ཏོག་ཐམས་ཅད་འདོད་པའི་ཆོ་ག་ཐམས་ཅད་དུར་ཁྲོད་དུ་རོ་བསྲེགས་པའི་ཐལ་བ་བླངས་ནས་ཟླ་བ་ཉ་ལ་ཨ་ཉིན་མཚན་དུ་སྨྱུང་བར་གནས་ཏེ་མིང་མེད་ཀྱི་སོར་མོའི་ཁྲག་གིས་ཟླུམ་སྐོར་བྱས་ནས་གཟུགས་བརྙན་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན་དང་པོ་གོས་བདུན་དང་། མདོར་ན་རིགས་དང་བཅས་པ་ཐམས་ཅད་རྙེད་པར་འགྱུར་རོ། །མཆོད་རྟེན་བྱས་ནས་ཤིང་ཨ་དྷི་བ་ལ་ཛ་ལ་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །གང་སྟོན་པའི་བུ་མོ་དེས་སྦྱིན་པར་བྱེད་དོ། །མི་སྦྱིན་ན་འཆི་བར་འགྱུར་རོ། །སཱ་ལའི་རྒྱབ་ནས་བྱུང་བའི་གཟུགས་བརྙན་བྱས་ལ་ཡུངས་མར་གྱིས་འདི་བཀང་ནས་ལྕགས་ཀྱི་ཐུར་མས་པུག་སྟེ་ཚ་བའི་ཏིལ་མར་གྱིས་བྱུགས་ཏེ་དུར་ཁྲོད་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ལུས་གཅིག་པའི་བུད་མེད་དམ། དམངས་རིགས་དབང་དུ་འགྱུར་རོ། །གཉིས་པ་ལ་རྗེ་རིགས་དང་། རྒྱལ་རིགས་མའོ། །གསུམ་པ་ལ་དགེ་སློང་དང་། བྲམ་ཟེ་མའོ་ཞེས་ཏེ་མདོར་ན་མ་བསྒྲུབས་པར་ཡང་ལས་བྱེད་པར་འགྱུར་རོ། །གི་ཝང་ལ་ལན་བདུན་མངོན་པར་སྔགས་པས་ཁྱད་པར་དུ་བྱས་ནས་གང་མཐོང་བ་དང་། གང་རྣམས་མཐོང་བ་དེ་ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་དུ་མིག་སྨན་གྱིས་སོ། །ཐོ་རངས་ལངས་ནས་ལན་བདུན་མངོན་པར་སྔགས་པའི་ཆུས་བདེ་བར་ཁྲུས་བྱས་ན་གང་ལ་བལྟས་པ་དེ་སྦྱིན་པར་བྱེད་ཅིང་དེ་འབངས་སུའང་འགྱུར་རོ། །དེ་བཞིན་དུ་ཏིལ་མར་སོ་ལ་མ་རེག་པར་བཟའ་བས་འདོད་པས་ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་སྔགས་པར་བྱས་ནས་འཐུངས་ན་དོན་དུ་མ་གཉེར་བར་ཡང་བཟའ་བ་རྙེད་དོ། །རྒྱལ་པོའི་ཁབ་དུ་ཞུགས་ནས་ཆོས་གོས་ཀྱི་མཐའ་ནས་བཟུང་སྟེ་ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་ནས་ལག་པ་གཡོན་པས་མདུད་པ་བྱའོ། །རྒྱབ་ཏུ་མི་ལྟ་བར་སོང་ན་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །ཆོམ་རྐུན་གྱི་ནང་དུ་སོང་བས་ཀུན་ཏུ་འཕྲོག་པར་བྱ་བ་ཉིད་ལ་བཟླས་པས་གཙང་བར་བྱེད་དོ། །གཅོད་པ་དང་། འབུགས་པ་ལ་སོགས་པ་རྣམས་ཀྱི་སྔགས་རྣམས་སོ། །སཱ་ལུའི་འབྲུ་དང་། ཀཱ་ར་བི་ར་དཀར་པོ་དང་། དོན་གྲུབ་དང་། ཀཱ་བ་རྣམས་ཀྱི་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན་སྟེང་དུ་ལངས་པར་བྱས་པར་འགྱུར་རོ། །རིམས་གཞོམ་པར་འདོད་ན་གི་རི་ཀངྣ་ཀ་རའི་མེ་ཏོག་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན་ཉི་མ་བདུན་གྱིས་ཤ་ཟ་བའི་རིམས་ཉམས་པར་བྱེད་དོ། །སེང་ལྡེང་གི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གདོན་ཐམས་ཅད་འཇོམས་པར་བྱེད་དོ། །ཐལ་བ་ལ་ལན་བདུན་བཟླས་པས་ཕ་རོལ་གྱི་སྔགས་རྣམས་འཆིང་བར་བྱེད་དོ། །ཆུ་ལ་ལན་གཅིག་བཟླས་པས་གྲོལ་ལོ། །དེ་ལྟ་བུ་ལ་སོགས་པའི་ལས་རྣམས་སོ། །དེའང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ། འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་ཞེས་བྱ་བ་ཡོད་དོ། །དེ་ནི་རིགས་ཀྱི་བདག་པོ། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བ་རྟོག་པའི་རྒྱལ་པོ་འདིར་སྒྲུབ་ཐབས་ཀྱི་ཆོ་ག་། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་གསང་ཆེན་དུ་གྱུར་པ། སྒྲུབ་པ་པོས་གདོན་མི་ཟ་བ་ཁོ་ནར་དྲན་པར་བྱ་བ་སྟེ་དེ་སེམས་དཔའ་ཆེན་པོ་ཁྱོད་ལ་བཤད་དོ། ། དེ་སྐད་ཅེས་བཀའ་སྩལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་མ་སྒྲུབ་པའི་དོན་དུ་རིགས་ཀྱི་བདག་པོ་གསུང་དུ་གསོལ། འདོད་པ་ཕུན་སུམ་ཚོགས་བྱེད་པ། །བཅོམ་ལྡན་འདས་རྡུལ་མུན་རྣམ་པར་གྲོལ། །ཆགས་པས་མངོན་པར་ཞི་བ་དང་། །བྱང་ཆུབ་ངེས་འབྱིན་སྡིག་པ་ལས། །ཀུན་ཏུ་གཟིགས་པའི་ཟླ་བ་ལ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་།སྲིད་པའི་ས་བོན་རྣམ་འཇོམས་པར། །ཕྱག་འཚལ་མཆོད་དེ་ཁྱོད་ལ་བརྟེན། །བཤད་བྱ་གལ་ཏེ་འབྱུང་བར་བྱེད། །སླར་ཡང་སྲིད་པར་འབྱུང་བར་འགྱུར། །ཏདྱ་ཐཱ། ཤྭེ་ཏེ་ཤྭེ་ཏེཾ་གེ་ཤྭེ་བྷུ་ཛེ་ཤྭེ་ཏ། མ་ལྱེ་ར་ལཾ་ཀྲྀ་ཏེ། ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་སྭཱཧཱ། དྲན་པ་ཉིད་ལས་འདིའི་སྔགས་ཀྱི་དངོས་གྲུབ་མྱུར་དུ་འབྱུང་བར་འགྱུར་རོ། །དེ་ལ་འདིའི་སྔགས་ནི་ཐོ་རངས་ལངས་ནས་བཅོམ་ལྡན་འ་དས་མ་འཕགས་མ་སྒྲོལ་མའི་སྒྲུབ་པ་པོས་གཙང་མར་གྱུར་པ་ལན་བདུན་བྱས་ཆུ་བོར་ཞུགས་ཤིང་ཐལ་མོ་སྦྱར་ཏེ་ཡོངས་སུ་བཟླས་ནས་ཤར་དུ་མངོན་པར་ཕྱོགས་པས་གཏོར་བར་བྱའོ། །བགེགས་ཐམས་ཅད་ཞི་བར་འགྱུར་ཞིང་ལས་ཀྱི་དངོས་གྲུབ་ཀྱང་འབྱུང་ངོ་། །སྙིང་གར་མཐེ་བོང་བྱིན་ནས་ལན་གཅིག་བཟླས་ན་ལྷ་རྣམས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །བདག་ཉིད་རྣམ་པར་དགེ་པར་ཡང་འགྱུར་རོ། །དེའི་ཕྱག་རྒྱའང་འདིར་སྦྱར་བར་བྱའོ། །བགེགས་ཐམས་ཅད་མེད་པར་འགྱུར་ཞིང་ལས་ཀྱི་དངོས་གྲུབ་ཀྱང་འབྱུང་ངོ་། །སྙིང་གར་མཐེ་བོང་བྱིན་ནས་ལན་གཅིག་བཟླས་ན་ལྷ་རྣམས་ཀྱི་བྱིན་གྱིས་རློབ་པར་འགྱུར་རོ། །བདག་ཉིད་རྣམ་པར་དག་པར་ཡང་འགྱུར་རོ། །དེའི་ཕྱག་རྒྱའང་འདིར་སྦྱར་བར་བྱའོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ་མཉམས་པའི་རས་སྐྲ་དང་བྲལ་བ། འབྲས་བུ་ཅན་ནམ། མ་འདྲེས་པའི་ཚོན་གྱིས་རི་མོ་མཁན་གསོ་སྦྱོང་ཅན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱའོ། །པདྨའི་སྙིང་པོ་ལ་འདུག་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། རལ་པ་གྱེན་དུ་བརྫེས་པ། དེའང་རབ་ཏུ་འཕྱང་བཞིན་པ། ཕྱག་ན་བྱ་མ་བུམ་ཐོགས་པའམ། པདྨ་དཀར་པོའི་འདབ་མ་བསྣམས་པ། གཡོན་གྱི་གཞོགས་སུ་ལྷ་མོ་འཕགས་མ་དཀར་མོ་ཆེན་མོ་སེངྒེའི་གདན་ལ་ཉེ་བར་འདུག་པ། ཕྱག་པདྨ་དང་། མཆོག་སྦྱིན་མ་དང་། སྒྲུབ་པ་པོ་ནི་སྔོན་བཞིན་ནོ། །དེ་ནས་རིག་པ་འཛིན་པས་འོ་མ་དང་། ནས་ཟན་བཟའ་ཞིང་བྲིས་སྐུའི་སྤྱན་སྔར་སྔོན་དུ་བསྙེན་པ་བྱའོ། །དྲི་ཞིམ་པོའི་མེ་ཏོག་ལག་པ་རྣམས་ཀྱིས་མཆོད་པ་དང་། མར་གྱི་མར་མེ་དང་། ཨ་ག་རུ་དང་། ཏུ་རུཥྐའི་བདུག་སྤོས་དང་། གཏོར་མའང་རིག་པ་འཛིན་པས་དེ་བཞིན་དུ་དབུལ་བར་བྱའོ། །ན་མོ་བུདྡྷཱ་སྱ། ན་མོ་དྷརྨཱ་སྱ། ན་མཿསཾ་གྷ་སྱ། ན་མ་ཨཱརྱཱ་བ་ལོ་ཀེ་ཏི་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་ཨཱརྱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སུ་རུ་མེ། སུ་རུ་མེ། ཀུ་རུ་ཀུ་རུ། སུ་རུ་མེ་ཀརྨ་སཱ་དྷཱ་ཡ། བུད་དྷཱ་ས་ཏྱེ་ན། དྷརྨ་ས་ཏྱེ་ན། དྷརྨ་ས་ཏྱ་ན། སཾ་གྷ་ས་ཏྱ་ན། ཨ་གཙྪ་ཤཱི་གྷྲ་དེ་བེ་དཎྟེ་སྭཱཧཱ། སྤྱན་དྲང་བའི་རིག་པའོ། །ཏདྱ་ཐཱ། ད་མེ་ད་སེ་སྭཱཧཱ། དྲིའི་རིག་པའོ། །ཏདྱ་ཐཱ། ཧུ་ཧུ་ཧུ་ར་ཧུ་མཧཱ་མེ་དེ་སྭ་རེ་སྭཱཧཱ། མེ་ཏོག་གི་རིག་པའོ། །ཏདྱ་ཐཱ། མེ་གྷ་བི་ཏྲ་ཏེ་སྭཱཧཱ། བདུག་པའི་རིག་པའོ། །ཏདྱ་ཐཱ། ཏུ་ཏུ་ཏུ་ཏུ་ཏུ་རུ་མཧཱ་ཏུ་རུ་ཎེ་སྭཱཧཱ། གཏོར་མའི་རིག་པའོ། །འདི་རྣམས་ཉིད་དང་། མར་མེ་བདུན་གྱི་ཕྲེང་བ་གནས་པའི་རས་རིས་ཀྱི་སྤྱན་སྔར་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པའི་པདྨའི་སྦྱིན་སྲེག་བྱ་སྟེ་འབུམ་ཕྲག་བདུན་དེ་སྲིད་པར་རོ། །རང་ཉིད་འགུལ་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་བར་འགྱུར་རོ། །རང་འདོད་པ་དེ་རྙེད་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་བིལ་བའི་ཡམ་ཤིང་གིས་སྟོང་ཕྲག་བརྒྱར་སྦྱིན་སྲེག་བྱས་ན་གང་འདོད་པ་དེ་ཡང་དག་པར་རྫོགས་པར་བྱེད་དོ། །གངྒཱའི་ཀླུང་གི་འགྲམ་དུ་ཉེ་བར་གནོད་པ་མེད་པ། སྐྱེ་བོ་དང་བྲལ་བར་བྱེ་མ་ལ་མཆོད་རྟེན་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པ་ཕུལ་ཏེ་སྟོང་ཕྲག་བརྒྱད་བཟླས་པ་བྱའོ། །ཉི་མ་སོ་སོར་རེ་རེ་ཞིང་མཆོད་རྟེན་བྱའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ལས། ལེའུ་རབ་འབྱམས་བཅུ་གཉིས་པ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ལ་ལྷའི་སྤྱན་གྱིས་གཟིགས་ནས་ཡངས་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཡངས་པ་དང་ལྡན་པ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་འདི་བཀའ་སྩལ་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བི་མ་ལེ་བི་མ་ལེ། བི་པུ་ལ་པྲ་བྷེ། བི་པུ་ལ་པྲི་ཡེ། བི་པུ་ལ་མ་ཏི། ས་མ་ཡ་མ་ནུ་སྨ་ར། ཏྭ་མེ། བ་རུ་སཱཾ། སཱ་དྷཱ་ཡ་སཱ་དྷཱ་ཡ། གརྫ་གརྫ། ཧ་ན་ཧ་ན། བི་པུ་ལ་མ་ཏི། ཧྲྀ་ད་ཡ། མ་ནུ་སྨ་ར། བུདྡྷ་ས་ཏྱེ་ནེ། དྷརྨ་ས་ཏྱེ་ན། སཾ་གྷ་ས་ཏྱེ་ན། བོ་དྷི་སཏྭཱ་ས་ཏྱེ་ན། བི་པུ་ལ་མ་ཏི་ས་ཏྱེ་ན། བཛྲ་པཱ་ཎི་ས་ཏྱེ་ན། ས་ཏྱ་བཱ་ཏི་ས་ཏྱེ་ན། ལེ་ལེ་ལེ་ལེ། ཨོཾ་ཨོཾ་ཨོཾ། བྷུ་བ་བྷུ་བ་བྷུ་བ། ག་ག་ག། མ་ཐ་མ་ཐ་མ་ཐ། ཧཱུཾ་ཧཱུཾ་ཧཱུཾ། ཨ་བ་ལོ་ཀི་ཏི། མུ་ཙེ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་ཡངས་པ་དང་ལྡན་པ་ཞེས་བྱ་བ་རིག་པའི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ཏིང་ངེ་འཛིན་ལས་བྱུང་བ། བཀླགས་པས་གྲུབ་པ། བདག་སྲུང་བ་དང་། གཞན་སྲུང་བ་དང་། གྲོང་སྲུང་བ་དང་། རིའི་འཇིགས་པ་དང་། གདུག་པའི་འཇིགས་པ་དང་། ཤ་ཟའི་འཇིགས་པ་དང་། མདོར་བསྡུ་ན། འཇིགས་པ་ཐམས་ཅད་བཀླགས་པ་ཙམ་གྱིས་སེལ་བར་བྱེད་དོ། །འདི་ལས་གཞན་ཡང་སྔགས་ཀྱི་ཆོ་གར་འགྱུར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ད་དེ་ཤཱནྟེ། པྲ་སནྣ་ཙི་ཏེ་སྭཱཧཱ། སྤྱན་དྲང་བའི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཤྭེ་ཏེ་ས་མ་ཡེ་ཏྱེ་ཐ། བི་ཤུདྡྷ་བསྟི་སྭཱཧཱ། གོས་བགོས་པའི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། མུ་ནེ་མུ་ནེ། ཤཱནྟེ་བི་ཤུདྡྷེ་ག་ག་ན་ཏ་ལེ་བུ་གནྡྷེ་གནྡྷ། ཨུ་ད་ཀ་བ་ལིང་ཙ་ཧ་ར་ཧ་ར་ཀ་ར་ཀ་ར་བི་བྷུ་སྭཱཧཱ། མེ་ཏོག་དང་། དྲི་དང་། བདུག་པ་དང་། མར་མེ་ཐམས་ཅད་ལ་སྔགས་འདིས་ལན་བདུན་མངོན་པར་སྔགས་པས་ལན་གཅིག་བཟླས་སམ། དབུལ་བར་བྱའོ། །སའི་གོང་བུ་དཀར་པོས་རྟག་ཏུ་བདག་ཉིད་གཙང་བར་བྱའོ། །བཅོམ་ལྡན་འདས་ལ་གུར་གུམ་གྱི་ཆུ་དང་། ཙནྡན་དང་། ག་པུར་གྱི་དྲི་དང་། ཏུ་རུཥྐ་ལ་སོགས་པ་དང་། ཨ་ཀ་རུའི་བདུག་པ་དང་། བིལླ་ཀ་འམ་ཙམ་པ་ཀའི་མེ་ཏོག་གི་ཕྲེང་བ་དང་། འོ་མ་སུམ་ཅུ་རྩ་གཉིས་སུ་འགྲོ་བར་བྱ་སྟེ་ཟན་གྱི་གཏོར་མ་དང་། བའི་མར་གྱི་མར་མེ་རྣམས་སོ། །དེ་ནས་འདིའི་རས་རིས་འབྱུང་སྟེ་འདོད་པའི་སྐྲ་དང་བྲལ་བ་ཁ་ཚར་མ་བཅད་པ་ཇི་ལྟར་རྙེད་པར་གྱུར་པ་ལ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གུར་གུམ་གྱིས་བྲི་བར་བྱའོ། །ཆུ་ལས་སྐྱེས་པའི་པདྨའི་གདན་དང་། ཕྱག་ན་པདྨ་དང་། པདྨའི་ཕྲེང་བས་བརྒྱན་པར་བྱས་པ། གོས་དཀར་པོ་ཅན་མཆོད་ཕྱིར་ཐོགས་པ། ཕྱག་མི་འཇིགས་པ་རབ་ཏུ་སྦྱིན་པ། རལ་པ་གྱེན་དུ་བརྫེས་པ་དེ་ལྟ་བུར་བྲི་བར་བྱའོ། །བཅོམ་ལྡན་འདས་སྔར་བརྗོད་པའི་གནས་སུ་རས་རིས་ཞལ་ཤར་དུ་མངོན་པར་ཕྱོགས་པར་བཞུགས་སུ་གསོལ་ནས་འབུམ་ཕྲག་བཅུར་བཟླས་པར་བྱའོ། །བཟླས་པ་ཡོངས་སུ་རྫོགས་པ་ན་མེ་སྦར་ནས་སྦྲང་རྩི་དང་། མར་སྦྱར་བས་དུས་གསུམ་དུ་སྦྱིན་སྲེག་ཇི་སྲིད་འབུམ་རྫོགས་ཀྱི་བར་དུ་བྱས་ནས་གང་མངོན་པར་འདོད་པ་དེ་རྙེད་པར་འགྱུར་རོ། །རྒྱལ་སྲིད་ཀྱི་ལོངས་སྤྱོད་འདོད་ན་གུར་གུམ་དང་། ཙནྡན་དང་། མེ་ཏོག་བརྒྱ་པ་དང་། འབྲས་ཡོས་རྣམས་གཅིག་ཏུ་བྱས་ནས་མར་དང་། སྦྲང་རྩིས་བཏགས་ནས་ཐུན་གསུམ་དུ་སྦྱིན་སྲེག་བྱའོ། །སྦྱིན་སྲེག་མཐའི་ཉི་མ་ལ་མཐོང་བ་སྩོལ་བར་བྱེད་དོ། །མཚན་མ་འདི་རྣམས་ཀྱང་སྩོལ་ཏེ་གཙུག་ཕུད་གྱེན་དུ་བརྫེས་པར་འགྱུར་རོ། །སྐྱོན་མེད་པའི་འོད་ཀྱི་རྒྱལ་མཚན་དང་། ཕྲེང་བ་འབར་བའི་རས་རིས་རབ་ཏུ་སྦྱིན་པའམ། སྨྲ་བར་བྱེད་དོ། །རིག་པ་འཛིན་པས་ཡིད་ཀྱི་བཟླས་པ་བྱ། །ནམ་མཁར་ལྷའི་ངག་ཐོས་ན་གྲུབ་པ་ཡིན་ནོ། །དེ་ནས་རྒྱལ་སྲིད་སླར་རྙེད་ན་ཆོས་ཀྱིས་བྱེད་དུ་གཞུག་གོ་།སླར་ཡ་ཨང་དེ་ཉིད་ཏིང་ངེ་འཛིན་བསྒོམ་པར་བྱ་བཞིན་པ་ནི་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོ་ཆེན་པོ་རྐང་པ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་པར་གྱུར་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བུདྡྷ་ཨ་བྷི་ཥེ་ཀ་སྱ་པྲ་ཛྭ་ལི་ཏ་དཱི་པྟ་ནེ་པྲ། བྷུ་ཛཱ་ཡ་པྲ་ཛྭ་ལི་ཏཾ། དཱིཔྟ་ཧ་བུ་ཀ་མཎྜ་ལཱ་ཡ། ཏདྱ་ཐཱ། ཧྲྀ་ད་ཡ་མཱ་བརྟ་ཡི་ཥྱ་མི་གྷུ་ཊ། བན་དྷ་དྷཱུཾ་དྷཾ་དྷཾ་དྷཾ་དྷཾ། ཙ་ར་ཙ་ར་བ་ར་ཡ་ཤ་སྨ། ཨོཾ་ཀ་རཾ་པྲ་ཏ། བིདྱཱ་ཏེ་ཛ་ཡ་མཧཱ། བིདྱཱ་ཡ་ཡ་སྭ་ཡསྐ་པྲ་བརྟ་ཡ་ཧ་ར་ཎེ་ར་ཎེ་ར་ཀ་རུ་ཎེ། མུ་ནི་མུ་ནི། བི་མུ་ནི། ཤཱནྟ་ཙིནྟ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་རྐང་པ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཐོགས་པ་མེད་པ་བཟླས་པ་ཙམ་གྱིས་འཐབ་པ་དང་། འཐབ་མོ་དང་། རྩོད་པ་ལ་སོགས་པ་ཐམས་ཅད་འཇོམས་པར་བྱེད་པ། དཔག་ཏུ་མེད་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་རིག་པའི་རྒྱལ་པོ་སྟེ། རིགས་ཀྱི་བུ། བྱང་ཆུབ་ཏུ་སེམས་བསྐྱེད་པས་སྒྲུབ་པ་བརྩམས་ཏེ་ཁྲུས་གསུམ་བྱས་ཏེ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཇི་སྲིད་ཟླ་བ་ཉའི་བར་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པ་ཆེན་པོ་བྱས་ནས་དཔག་ཏུ་མེད་པར་བཟླས་པར་བྱའོ། །ལས་ཕྲན་ཚེགས་རྣམས་ཐམས་ཅད་གྲུབ་པར་འགྱུར་རོ། །འདི་རྣམས་ནི་འདིའི་འཁོར་དུ་གྱུར་པའི་སྔགས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བི་བྷུ་རི་བི་བྷུ་རི། བྷུ་མི། ཨཱ་ཀཱ་མ་བྷུ་མི་ཨཱ་ཀཱ་མ་བྷུ་མི་ཨ་ཀཱ་མ་ཏིཥྛ་ཏིཥྛ་བི་ཛ་ཡཾ། བརྟ། ཤ་ཤ་ཤ་ཤ་ཤ་ཤ་།ཐ་ཐ་ཐ་ཐ་ཐ་ཐ་ཐ་ཐ། ཨཱ་ཀཱནྠ། ཨ་ཀནྡྷ། ཨ་ཀནྡྷེ། པདྨ་ཧ་ཏ་ཡ་སྭཱཧཱ། རས་རིས་རབ་ཏུ་གནས་པར་བྱེད་པའི་སྔགས་སོ། །དང་པོར་རི་མོ་མཁན་གྱི་ལས་དང་། འོག་ཏུ་རས་རེས་ཀྱི་ཆོ་གར་འགྱུར་ཏེ་མ་འདྲེས་པའི་ཁ་དོག་གིས་སྤྱན་རས་གཟིགས་དབང་ཕྱུག་ཞབས་གཅིག་གནས་པ་འདྲིར་གཞུག་པར་བྱའོ། །མེ་ཏོག་སྣ་མའི་ཕྲེང་བའི་མཆོད་ཕྱིར་ཐོགས་པ་ཅན། མེ་ཏོག་གི་ཕྲེང་བའི་འོད་ཀྱིས་བརྒྱན་པ། དབྱུག་པ་དང་། རིལ་བ་སྤྱི་བླུགས་ཕྱག་ན་བསྣམས་པ། ཕྲག་པར་གཡང་གཞི་ནག་པོ་ཀུན་ཏུ་འཕྱང་བར་བྱའོ། །གཡས་པས་དབུགས་འབྱིན་པར་བྱེད་པ་ལྟ་བུའི་རས་རིས་འདྲིར་བཅུག་ནས་དེའི་སྤྱན་སྔར་དགེ་སློང་གི་ཚོགས་ལ་སྟོན་མོ་བྱའོ། །ཡོན་ཡང་ཅི་འབྱོར་པ་དབུལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཛ་ལ་དྷ་ར། བི་མུཀྟ་ཡ་ཐཱ་ཡ་སྭཱཧཱ། ཉེ་བར་བྱུགས་པའི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐ། སུ་གནྡྷེ། བི་མུཀྟ་བི་ཛ་ཡ་སྭཱཧཱ། དྲིའི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སུ་མ་ན་ཤྲི་ཡ། ས་སཾ་དཪྴ་ན་སོ་སོ་མ་ན། སཽ་མ་ན་སྭཱཧཱ། མེ་ཏོག་གི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷུ་མྲ་བརྩ་སི་ར་ར་ར་ར། ལ་ལཱ་ཡ། མུ་ནེ་སྭཱཧཱ། བདུག་པའི་སྔགས་སོ། །ན་མོ་རཏྣ་ཏྲ་མཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མཿཔྲི་ཡང་ཀ་ར། པྲི་ཏི་བི་ཛ་ཡེ། ཨོཾ་ཛ་ཡེ་བི་ཛ་ཡེ་སཾ་ཀལྤ་སྭཱཧཱ། གཏོར་མའི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མཿཤུ་ཙི་ནི། མ་ཏི་བི་མ་ལི། བི་ཤུད་དྷ་ག་ཏི་སྭཱཧཱ། ཉེ་རེག་གི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མཿཏདྱ་ཐཱ། ཤྭེ་ཏེ་པཎྜ་བ་སི་ནི་རཀྵ་རཀྵ་མཾ་སྭཱཧཱ། འདིས་ཐམས་ཅད་དུ་བདག་ཉིད་བསྲུང་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷ་ར་དྷ་རི་ཤྩིཏྟེ། ཛ་བ་རི་ཤུ་པ་ཙིཏྟ་ཏེ་སྭཱཧཱ། འདིས་ས་བླང་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མཿཛ་ལི་ཛ་ལི། ཙ་ལཱ་ར་ལེ། བ་བ་རེ། ར་ར་རེ་སྭཱཧཱ། སྔགས་འདིས་ཁྲུས་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མཧཱ་བོ་དྷི་སཏྭཱ་ཡ། ཏདྱ་ཐཱ། ན་མཿཤུ་ལམྦི། བསྟྲཾ་ཏ་དྷཱ་རཱ་རི་ཕ་བ་ནེ་སྭཱཧཱ། གོས་ཀྱི་སྔགས་ཏེ་འདི་གོས་ལ་ཡོངས་སུ་བཟླས་ཏེ་བགོ་བར་བྱ་ཞིང་དེ་བཞིན་དུ་བཅོམ་ལྡན་འདས་ལའང་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ན་མ་ཨུཙྪུཥྨ་བ་ར་མ། ད་ཤ། ཤོ་དྷ་ན། ཤོ་དྷ་ཡ་སྭཱཧཱ། གཅི་བ་དང་། བཤང་བ་དང་། མཆིལ་མ་དང་། མི་གཙང་བ་ཐམས་ཅད་འདིས་ཡོངས་སུ་ཕྱིས་ན་གཙང་བར་འགྱུར་རོ། །གཙང་སྦྲའི་སྔགས་སོ། །རྒྱ་སྤོས་ཞོ་འམ། སྲང་གཉིས། ཙནྡན་གཉིས། འདབ་མ་ཅན་གྱི་དུམ་རུ་གཉིས། གུར་གུམ་གཉིས། དྲི་འདི་རྣམས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། ། ག་བུར་དང་། ཙནྡན་གྱི་བདུག་པའོ། །འདི་ལྟ་བུའི་ཆོ་གས་ཇི་སྐད་གསུངས་པའི་གནས་སུ་རས་རིས་ཞལ་ཤར་དུ་ཕྱོགས་པར་བཞུགས་སུ་གསོལ་ནས་ཁྲུས་གསུམ་བྱ་ཞིང་གོས་ལན་གསུམ་བརྗེས་ནས་རྟག་ཏུ་གསོ་སྦྱོང་ལ་གནས་པས་འབུམ་ཕྲག་དྲུག་བཟླས་པར་བྱའོ། །མཐར་པདྨ་དཀར་པོ་རེ་བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་དྲུང་དུ་ཡོངས་སུ་དོར་ཞིང་དབུལ་བར་བྱ་སྟེ་ཉི་མ་གསུམ་ལ་སྟོང་ཕྲག་བརྒྱད་དུའོ། །དེ་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་མཚན་ཐོག་ཐག་མི་སྨྲ་བར་པདྨ་མར་ལ་བཏགས་པ་རྣམས་ཀྱིས་སྦྱིན་སྲེག་བྱའོ། །དངོས་གྲུབ་ཀྱི་མཚན་ཉིད་དུ་འགྱུར་བ་ནི་རིག་པ་འཛིན་པ་རབ་ཏུ་གྲོལ་བ་རྣམ་པ་གསུམ་དུ་རྒྱུ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་གྲུབ་པར་འགྱུར་རོ། །རིག་པ་འཛིན་པར་འདོད་ན་རིག་པ་འཛིན་པར་འགྱུར་རོ། །ལྷ་མ་ཡིན་པ་འདོད་ན་ལྷ་མ་ཡིན་དུ་འགྱུར་རོ། །རྒྱལ་སྲིད་འདོད་ན་ཐམས་ཅད་པའི་རྒྱལ་སྲིད་ཆེན་པོར་འགྱུར་རོ། །གང་འདོད་པ་དེ་ཐམས་ཅད་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་མ་སྒྲོལ་མའི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ངེས་པར་སྐྱེའོ། །རྐང་པ་གཅིག་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་གྱི་རྒྱལ་པོ་དེ་ཉིད་སྒོམ་བཞིན་དུ་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོའི་རྟོག་པར་འཇུག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུང་བར་གྱུར་ཏོ། །དེ་ལ་འདི་རྣམས་སྔགས་ཀྱི་ཚིག་ཆེན་པོར་འགྱུར་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ཛི་ཡ་ཤྲི་གརྦྷ་སྱ། སམྱཀྶཾ་བུདྡྷེ་སྱ། ན་མོ་མ་ཧེ་ཤྭ་རེ་སྭ། བོ་དྷི་སཏྭ་སྱ། ན་མཿཱི་ཤ་པྲ་བྷ་སྱ། བོ་དྷི་སཏྭཱ་སྱ། ན་མཿཱ་ཀཱ་ཤ་གརྦྷ་སྱ། བོ་དྷི་སཏྭཱ་སྱ། ན་མོ་བཛྲ་མ་ཏེ་སྱ། བོ་དྷི་སཏྭ་སྱ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། བྷ་ག་བ་ཏེ་ཧྲྀ་ད་ཡ། མ་བཱ་ཧཱ་ཡི་ཥྱ་མི། ཨོཾ་ཏ་ར་ཏ་ར། ཨོཾ་ཨོཾ་ཨོཾ་ཨོཾ་བྷུ་བ་ཨ་བྷ་ཡ་ཨ་བྷ་ཡ་པ་ར་དེ་ཨཱ་ཙུཥྨ་ཏི་ཨུ་ཙུཥྨ་ཏ། སུ་ཁཱ་བ་ཏི། སུ་ཁཱ་བ་ཏི། ར་ར་ར་ར་ལ་ལ་ལ་ལ་ཙུ་ལུཥྐ་ཁ་ག། ཁ་ག་། གཙྪ་ཨ་གཙྪ་བྷ་ག་བ་ཏེ་མ་མ་བ་རཾ། དཱ་སྱ་སི། ཨ་བྷ་སྭ་ར། མ་པྲཱཔྟ་བི་བུ་ལ་མ་ཏི་ས་མཱ་དྷི་བི་ཛ་ཏེ་སྭཱཧཱ། འཇུག་པ་ཞེས་བྱ་བ་རིག་པའི་རྒྱལ་པོ་ཆེན་པོ་བཀླགས་པ་ཙམ་གྱིས་གྲུབ་པར་འགྱུར་བ་སྟེ་འཇིག་པ་ཐམས་ཅད་སྲུང་བ་དང་། ཞིང་ཐམས་ཅད་དུ་ལས་རྣམས་བྱེད་དོ། །དེ་ནས་འདིའི་རས་རིས་ཀྱི་ཆོ་གར་འགྱུར་ཏེ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀུན་ནས་དཀར་བ་སྔར་གསུངས་པའི་རས་རིས་ཀྱི་མཚན་ཉིད་ཀྱི་རིན་པོ་ཆེའི་པདྨ་ལ་གནས་པ་ཕྱག་ན་པདྨ་དཀར་པོ་བསྣམས་པ། གཙུག་ཕུད་གྲོལ་བ། ཕྱག་ན་རིལ་བ་སྤྱི་བླུགས་བསྣམས་པའོ། །གཡས་དང་། གཡོན་པ་དག་ཏུ་ཇི་ལྟར་རིགས་པ་བཞིན་ཏེ་གཡོན་གྱི་གཞོགས་སུ་གཞོན་ནུ་དཀར་པོ་ཕྱག་ན་པདྨ་བསྣམས་པ། བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་བཞིན་པ་འདྲིར་གཞུག་པར་བྱའོ། །གཡས་ཀྱི་གཞོགས་སུ་བཅོམ་ལྡན་འདས་མ་དཔལ་ཆེན་མོ་ཕྱག་ན་པདྨ་བསྣམས་པ། པདྨ་ལ་ཉེ་བར་འདུག་པ་འདྲིར་གཞུག་པར་བྱའོ། །གཡོན་གྱི་གཞོགས་སུ་སའི་ལྷ་མོ་རིན་པོ་ཆེ་སྣ་བཞིའི་གཞོང་པ་ཕྱག་ན་བསྣམས་པའོ། །ན་མ་མཁའ་ལ་འོད་གསལ་གྱི་བྱང་ཆུབ་སེམས་དཔའ་དཀར་བོ་མེ་ཏོག་གི་ཕྲེང་བ་ཡོངས་སུ་ཐོགས་པ་འདྲིར་གཞུག་པར་བྱའོ། །གཡས་ཀྱི་གཞོགས་སུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པ་སྔར་བཞིན་ནོ། །རྣམ་པ་དེ་ལྟ་བུ་འི་རས་རིས་བྱས་ནས་སྔར་གསུངས་པའི་གནས་སུ་བཞུགས་ནས་མཆོད་པ་རྒྱ་ཆེན་པོ་བྱ་སྟེ་འོ་མ་དང་། ནས་ཟན་བཟའ་ཞིང་རྩ་བའི་སྔགས་ཀྱིས་སྦྱན་དྲང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ། ཏདྱ་ཐཱ། པཎྜ་པཎྜ་ལ་གྷུ་ཤུ་ཅི་བི་མ་ལེ་སྭཱཧཱ། དཀྱིལ་འཁོར་གྱི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿཏདྱ་ཐཱ། ཨགྣི་ཛུ་ལུ་ཛུ་ལུ་ཧུ། ར་མ་མེ་སྭཱཧཱ། དྲིའི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མཿསརྦ་བོ་དྷི་སཏྭེ་བྷྱཿཏདྱ། དྷུ་བ་སིདྡྷི་པྲཧྨ་ཏེ་ཛེ་སྭཱཧཱ། །མེ་ཏོག་གི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿཏདྱ་ཐཱ། བི་པུ་ལ་སིདྡྷི་པྲཧྨ་ཤྭ་ར་སྭཱཧཱ། བདུག་པའི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿནི་དྷི་བི་པུ་ནི་ཨ་བྷ་ཡ་པྲ་ད་སྭཱཧཱ། །གཏོར་མའི་སྔགས་སོ། །འདི་ཉིད་མར་མེའི་སྔགས་སོ། །པུ་ཤེལ་ཙེ་དང་། བཱ་ལ་ཀ་དང་། ག་པུར་ཆ་མཉམ་པའི་དྲིའི་ཕྲེང་བ་དང་། ཀ་ར་བཱི་ར་དམར་པོའི་མེ་ཏོག་དང་། སྣ་མའི་མེ་ཏོག་ལག་པ་དང་། དཔལ་བཏགས་པ་དང་། སྲ་རྩི་པོག་དང་། ཤལྱ་ཀཱི་དང་། བུ་རམ་སྦྱར་བའི་བདུག་པ་དང་། དཀར་གསུམ་གྱི་གཏོར་མ་དང་། བའི་མར་གྱི་མར་མེ་སྟེ་དེ་ལྟ་བུར་བྱས་ནས་འབུམ་ཕྲག་དྲུག་བཟླས་པར་བྱའོ། །མཐར་ཟླ་བ་ཉ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་ཀ་ར་བཱི་རའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ་རྣམས་ཀྱིས་སྟོང་ཕྲག་བརྒྱད་དུས་གསུམ་དུ་སྦྱིན་སྲེག་བྱ་སྟེ་དེ་ལྟ་བུའི་ཉི་མ་གསུམ་དུ་བྱའོ། །དེ་ནས་ཉི་མ་གསུམ་པ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཇི་སྐད་བརྗོད་པའི་ཆོ་གས་བཅུ་གཉིས་ཡོངས་སུ་འགྱུར་བའི་ཁམ་ཕོར་ཞོ་དང་། སྦྲང་རྩི་དང་། འོ་ཐུག་ཁམ་ཕོར་བཅུ་ཀུ་ཤའི་ཁྲེས་ལ་འདུག་སྟེ་སྲོད་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་མ་བྱུང་གི་བར་དེ་སྲིད་དུ་བཟླས་པ་བྱའོ། །ལྷའི་མེ་ཏོག་གི་ཆར་འབབ་པ་དང་། འབྲུག་དང་། རྔ་བོ་ཆེ་རྣམས་ཀྱང་སྒྲ་སྒྲོགས་པ་དང་། རས་རིས་འགུལ་བ་དང་། མར་མེའི་རྩེ་མོ་འཕེལ་ལོ། །དེ་ནས་གྲུབ་པ་ཡིན་ཏེ་ས་ཐམས་ཅད་ལ་དབང་བའི་རྒྱལ་པོར་འགྱུར་རོ། །གང་མངོན་པར་འདོད་ཀྱང་རུང་སྟེ་ཐམས་ཅད་ཐོབ་པར་བྱེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་རྩ་བའི་རྟོག་པར་འཇུག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་བ་ཡང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་རྗེས་སུ་གཟུང་བའི་ཆེད་དུ་སླར་ཡང་ཏིང་ངེ་འཛིན་གྱི་རྒྱལ་པོ་དེ་ཉིད་སྒོམ་བཞིན་དུ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོ་ཆེན་པོར་སྐྱེ་བོ་དབུལ་བོ་རྗེས་སུ་གཟུང་བའི་ཆེད་དུ་དཀར་མོ་ཆེན་མོའི་རིག་པ་བཀའ་སྩལ་ཏོ། །དེ་ལ་འདི་རྣམས་ནི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་རིག་པའི་སྔགས་ཀྱི་ཚིག་རྣམས་སུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀ་ཡ། ཀྲིཥྞཱ་ཛི་ནཾ་བ་ར་དྷ་ར། ཀ་མ་ལཱ་ཡ། ཏིཀྵཾ་པདྨ་ཨ་ས་ན་སྠཾ་ཨ་བྷ་ཡ་པྲ་ད། མ་གྲ་ཧ་ཏཾ། བྷཱ་ཥ་སྭ་ཛྫ་ཊ་མ་ཀུ་ཊ་དྷ་རི། ཎཽ་པདྨ་བརྞ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱི་མ་ཧཾ་ས་ར་ཎཾ་པྲ་བ་ཏྱ། ཏདྱ་ཐཱ། ཤྭེ་ཏི་བི་ཛ་ཡེ་ཤྭེ་ཏ་བསྟྲ། ཤྭེ་ཏ་བྷུ་ཛ། ཤྭེ་ཏ་པདྨ་ཨ་ལཾ་ཀཱིརྟ་ཛ་ཡེ་བི་ཛི་ཡེ། ཨ་བྷ་ཡེ། ཤྭེ་ཏཾ། ཨཾ་ཤུ་མ་བྷ་ཡ་པྲ་ཏེ་ཤེ་ཏཾ་ཙ་ག་ག་ན་ཤུདྡྷཾ་ཤྭེ་ཏཾ་བིདྱཱ། ས་མ་པྲ་ས་མ་པྲ་བྷེ་ཤྭེ་ཏ་བྷྱཿབྷ་བ་སྱ། ཤུཀླཱཾ་ཤུ་རཾ་བྷ་བཱནྟ་རེ་པཎྜ་རེ་པཎྜ་ར། པ་ཊཱ་པ་ཊཱ་ཡ་ར་ར་ར་ར་ར་ཡ་བི་ཛ་ཡེ་སྭཱཧཱ། པ་རི་ཀླི་བ་ལེ་བ་རེ་བཱ་ར་ཡ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པའི་དཀར་མོ་ཆེན་མོ་ཞེས་བྱ་བའི་རིག་པའི་རྒྱལ་མོ་སྟེ་ལས་ཐམས་ཅད་བྱེད་མ། དབུལ་བ་དང་ནད་རབ་ཏུ་ཞི་བར་བྱེད་མ། དོན་ཐམས་ཅད་སྒྲུབ་པར་བྱེད་མ། དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་མ་སྟེ། གང་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པས་རྟག་ཏུ་དྲན་པར་བྱེད་པ་དང་། མཆོད་པ་ཆེན་པོ་བྱེད་པར་འགྱུར་རོ། །སྐྱེ་བོ་ཡོངས་སུ་སྐྱོབ་པར་བྱེད་པར་འགྱུར་ཞིང་སྐྱེ་བོ་ཐམས་ཅད་དགའ་བར་ཡང་འགྱུར་རོ། །དེ་ནས་འདི་ཡི་ཆོ་ག་ནི་སྔར་བརྗོད་པའི་ཆོ་གས་ཁྲུ་བཅུ་པའི་རས་བྱེད་དུ་བཅུག་ནས་ཁ་ཚོར་བཅད་པ་ལ་ཙནྡན་གྱི་ཁུ་བས་མནན་པར་བྱའོ། །ཁ་དོག་མ་འདྲེས་པས་དྲིའི་ཁུ་བས་སྣུར་བས་བཅོམ་ལྡན་འདས་བྲི་བར་བྱའོ། །སྟོན་ཀའི་སྤྲིན་ལྟར་དཀར་བ། ཕྱག་ན་རིལ་བ་སྤྱི་བླུགས་ཐོགས་པ། ཕྱག་གཡས་ཀྱིས་པདྨ་བསྣམས་པ། རལ་པ་གྱེན་དུ་བརྫེས་པ། པདྨའི་གདན། གོས་དཀར་པོ། ཕྲེང་བ་དཀར་པོའི་རྒྱན་གྱིས་བརྒྱན་པ། པདྨའི་ཕྲེང་བ་བཅུ་དྲུག་རྣམས་ཀྱིས་བརྒྱན་པ། ཐམས་ཅད་དཀར་པོ་རྣམས་ཀྱིས་ཐམས་ཅད་དཀར་པོའོ། །བྱང་ཆུབ་སེམས་དཔའ་བཅུ་དྲུག་འོག་ཏུ་བྲི་བར་བྱའོ། །འཇིག་རྟེན་སྐྱོང་བ་བཞི་པོ་རྣམས་ཕྱོགས་འཁོར་རྣམས་སུའོ། །སའི་ལྷ་མོ་འདི་བྲི་བར་བྱ་སྟེ། ཕྱག་གཡས་ཀྱི་ཙཾ་གཽ་ཊ་ཀ་ཐོགས་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་གཙུག་གི་ཆ་ལ་དེ་བཞིན་གཤེགས་པ་པདྨའི་ཕལ་པོ་ཆེ། གཡོན་དུ་དེ་བཞིན་གཤེགས་པ་མི་བསྐྱོད་པ་མི་འཇིགས་པ་རབ་ཏུ་སྦྱིན་པ་གཡོན་པས་ཆོས་གོས་བསྣམས་པ། གསེར་མདོག་ཕྱག་ནས་འོད་ཟེར་འཕྲོ་བར་བྱེད་བཞིན་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འོད་ཟེར་གྱི་ཕྲེང་བ་ཅན་རྣམ་པར་བཀྲ་བའི་རྒྱན་ཐམས་ཅད་ཀྱིས་ལུས་བརྒྱན་པའོ། །སྒྲུབ་པ་པོའང་གཡས་ཕྱོགས་སུ་ཆ་བྱད་དང་། རྣམ་པ་ཇི་ལྟ་བ་བཞིན་དུ་འདྲིར་གཞུག་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སྭེ་ཏེ་སྭེ་ཏེ་སྭེ་ཏེ་སྭེ་ཏེ་བྷུ་ཛེ་པ་རཱ་ཀྲ་མེ་བི་ཛ་ཡ་བི་ཙེ་ཕྱུ་ཏེ་སྭཱཧཱ། དྲི་དཀར་པོའི་ཆུས་དཀྱིལ་འཁོར་ཉེ་བར་བྱུགས་པར་བྱའོ། །ན་མོ་རཏྣ་ཡཱ་ཡ། །ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མཧཱ་སྭཻ་ཏཱ་ཡ། སྭེ་ཏ་གནྡྷ་བི་ཤུདྡྷ་ཡ། སུ་གནྡྷ་ཡ་སྭཱཧཱ། དྲིའི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མཧཱ་སྭཻ་ཏཱ་ཡ། ཛྱོ་ཏི་སྨ། ཏི་ཛྱེ་ཧི་པ་རེ་སྭཱཧཱ། མེ་ཏོག་གི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མཧཱ་སྭེ་ཏཱ་ཡ། སྭེ་ཏ་པ་རཱ་ཡ། དྷུ་པ་པ་ར་ཡ་སྭཱཧཱ། དཀར་པོ་བསྲེས་པ་དང་ལྷན་ཅིག་པའི་བདུག་པ་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མཧཱ་སྭེ་ཏ་ཡ། བ་ལ་བཱིཪྻ་པྲ་བ་ར་བ་ར་ཤུ་ཀླླཾ་ཤུཀླློ་ད་ན་བར་པྲི་ཡཱ་ཡ། བ་ར་བ་ར་བ་ར་བ་ར་ཤུཀླེ་ཤུཀླེ་ཤུཀླེ་སྭཱཧཱ། གཏོར་མའི་སྔགས་ཏེ་ལྷག་མ་རྩ་བའི་རིག་པ་ཉིད་ཀྱིས་དབུལ་བར་བྱའོ། །མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་ཉིད་དཀར་པོའི་རྣམ་པ་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པ་རྣམས་ཀྱིས་སྦྱིན་སྲེག་བྱའོ། །དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་ཟླ་བ་ཉའི་བར་དུ་ཏིལ་མར་ལ་སྟོང་ཕྲག་བརྒྱད་ཀྱི་སྦྱིན་སྲེག་དང་། རིག་པ་འ་ཛིན་པ་གོས་དཀར་པོ་བགོས་ཏེ་ཙཱ་རུའི་སྟོན་མོ་བཟའ་ཞིང་མཆོད་ཕྱིར་ཐོགས་དཀར་པོ་འཆང་བ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་སྦྱིན་སྲེག་ལ་སོགས་བ་བྱའོ། །མཆོད་པ་ཆེན་པོ་བྱས་ནས་ཉིན་མཚན་དུ་གཏོར་མའི་མཆོད་པ་ལ་སོགས་བྱའོ། །སྲོད་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་བྱུང་བའི་བར་དུ་བཟླས་པ་བྱའོ། །ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཐོགས་པ་དང་། ས་རབ་ཏུ་གཡོ་བ་དང་། ནམ་མཁའ་ལ་མེ་ཏོག་གི་ཆར་དང་། རས་རིས་ལས་ཀྱང་འོད་ཟེར་འབྱུང་བར་འགྱུར་རོ། །བར་སྐབས་འདིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འབྱོན་ཏེ་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་རྣམས་སྐད་ཅིག་དེ་ལ་ཞི་བར་འགྱུར་རོ། །བྱོན་པ་ལ་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་གསུང་བར་གྱུར་ཏེ་ཅི་འདོད་པ་དེ་རྣམས་སྦྱིན་པར་བྱེད་དོ། །རིག་པ་འཛིན་པ་དེ་ཉིད་དམ། རིག་པ་འཛིན་པའི་རྒྱལ་པོ་ཉིད་དམ། རྒྱལ་སྲིད་ཆེན་པོར་ལུས་ཡོངས་སུ་རྗེ་བ་ཉིད་དམ། ས་འོག་ཏུ་འཇུག་པ་ཉིད་དམ། མིག་སྨན་དང་། ལྡོང་རོས་དང་། གི་ཝང་ངམ། ཐོས་པ་འཛིན་པ་ཉིད་དམ། མངོན་པར་ཤེས་པ་ལྔའང་རུང་སྟེ་གང་དོན་དུ་གཉེར་བ་དེ་རྙེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་དཀར་མོ་ཆེན་མོའི་རྟོག་པ་ཡོངས་སུ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་གཟིགས་པར་བྱས་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཐམས་ཅད་ཀྱི་རྗེས་སུ་སོན་པ་པོ་ཞེས་བྱ་བའི་རིག་པའི་རྒྱལ་པོ་བཀའ་སྩལ་ཏོ། །དེ་ལ་འདི་རྣམས་ནི་གྲུབ་པའི་སྔགས་ཀྱི་ཆོ་ག་རྣམས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། བི་མུཀྟི་ཙེ་ཏ་པཱ་ཡ། བི་ཛ་ཡ། བ་རཱ་ཀྲ་མ་ཡ། ཨ་པྲ་ཏི་ཧ་ཏ། གླཱི་ཡཱ་ཡ། ཨ་པ་རི་མི་ཏ། དྷརྨྨ་དེ་ཤ་ཧ་ནཱ་ཡ། དུཿཁ་བི་ཤོ་དྷ་ནཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨརྟྟ་བ་རི་དྲ་ན་ཧྲྀ་ད་ཡ་མཱ་དྷ་ཡི་ཥྱ་མི་མི་ཏི། ཏདྱ་ཐཱ། ལ་བེ་ཨ་ལཾ་བེ་ལམྦ་པྲ་མུཀྟ་ལམྦ་སྠི་རེ། ལམྦ་བིདྱཱ་ཡ་ཏེ། ན་མཿཀཱ་རུ་ནི། ཀཱ་རུ་ཎེ། ཀཱ་རུ་ཎེ་ཡ་ཏི། བོ་མུ་ནེ་ཀུ་རུ་ཎཱནྡྷ་ཧྲྀ་ད་ཡེ་ཀཱ་རུ་ཎནྷྲ་ན་མཿཏུ་ཏེ། ཤཱནྟ་མུཀྟེ་ཙ། ཤཱ་ནེ་ཀ་ཡ་བི་བོ། སྟ་ཏ་ཤཱནྟ་པྲ་བྷཱ་ཏེ། ནི་ཏྱཾ་བམ་ག་བ་ཏྱ། ན་མ་སྟུ་ཏེ། སུ་རུ་སུ་རུ། ཨཱ་གཙྪ་ཨཱ་གཙྪ་བྷ་ག་བཱ་ན་མ་མ་བ་རཾ་དཱི་སྱ་སི། དུ་ཁི་ཏཱ་ནཱ་མ་ས་ར་དྲི་ཎི་ཀ་རཾ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་སེམས་ཅན་ཐམས་ཅད་མི་འགྲོ་བར་བྱེད་པ་རིག་པའི་རྒྱལ་པོ་ཆེན་པོ་དྲན་པ་ཙམ་གྱིས་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་པ། ཉམ་ཐག་པ་རྣམས་ཡོངས་སུ་སྐྱོབ་པར་བྱེད་པ། ངན་འགྲོ་རྣམ་པར་ཟློག་པར་བྱེད་པ་བཀླགས་པས་གྲུབ་པ། མདོར་ན། འཇིགས་པ་ཐམས་ཅད་ལ་དྲན་པ་ཙམ་གྱིས་འདིའི་གྲོགས་བརྒྱད་སྲུང་བ་ལ་སྦྱོར་བ། རིག་པའི་རྒྱལ་པོ་འདི་རྗོད་པར་བྱེད་པ་དང་། སྒྲུབ་པར་བྱེད་པ་དང་། ཡོངས་སུ་འཇུག་པར་བྱེད་པ་དེ་ནམ་ཡང་ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར་རོ། །དབུལ་པོར་གྱུར་པའི་རིགས་ཀྱི་བུ་གང་ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཀློག་པར་བྱེད། བཟླས་པར་བྱེད། སྒྲུབ་པར་བྱེད། སེམས་ལ་རྗེས་སུ་ཆགས་པར་བྱེད་པའང་དེ་ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་ག་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་བྱོན་པ་བྲི་བར་བྱ་སྟེ་མི་འཇིགས་པ་སྦྱིན་པ། རལ་པ་གྱེན་དུ་བརྫེས་པ། སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན་པ། སྤྱན་གསུམ་པ། ཟླ་བའི་འོད་ཟེར་རབ་ཏུ་འབར་བའི་སྐུ། །འཇིགས་པ་བརྒྱད་པོ་ཐམས་ཅད་སྐྱོབ་པ། བཅོམ་ལྡན་འདས་འོད་དཔག་མེད་དབུ་ལ་བཞུགས་པ། མཆོད་ཕྱིར་ཐོགས་དཀར་པོ་ཅན་བྲི་བར་བྱའོ། །སྒྲུབ་པ་པོ་སྔར་བཞིན་དུའོ། །རྣམ་པ་འདི་ལྟ་བུའི་རས་རིས་བྲིས་ནས་མཆོད་པ་ཆེན་པོ་བྱ་སྟེ། འདི་ཉིད་ཀྱིས་དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མ་ཆོགས་དབུལ་ལོ། །གང་བྱེད་པ་ལ་ཨ་གཅིག་ཏུ་དཔའ་བས་རིག་པའི་རྒྱལ་པོ་ཆེན་པོ་འདི་དུས་མ་ཡིན་པར་གཞོལ་ལོང་ལ་གནས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་བྱམས་པའི་བདག་ཉིད་ཅན་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱིས་རྗེས་སུ་སོན་པས་སྟོང་ཕྲག་བརྒྱད་བཟླས་པ་བྱའོ། །དེ་ནས་གྲུབ་པར་འགྱུར་ཏེ་གང་འདོད་པ་དེ་ཐམས་ཅད་དང་། ལས་ཕྲན་ཚེགས་ལ་སོགས་པ་བྱེད་དོ། །ཆུས་དུག་འཇོམས་པར་བྱེད་དོ། །ཀུ་ཤས་བྱབས་པས་རིམས་ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་བཞི་པ་ལ་སོགས་པ་འཇོམས་པར་བྱེད་དོ། །སྔགས་བཟླས་པ་ཉིད་མེ་ཏོག་ལ་ཡོངས་སུ་བཟླས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །མདོར་ན་བྱབས་པས་ནད་ཐམས་ཅད་འཇོམས་པར་བྱེད་དོ། །འདིའི་སྒྲུབ་ཐབས་སུ་གྱུར་པ་ནི་རས་རིས་སྔར་བརྗོད་པའི་གནས་སུ་བཞུགས་སུ་གསོལ་ནས་འབུམ་བཟླས་སོ། ། མཐར་མཚན་མོ་གཅིག་སྨྱུང་བར་གནས་པར་གནས་པས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་དབུལ་ཏེ་གཏོར་མ་ནི་དཀར་གསུམ་དུ་འགྱུར་རོ། །མཆོད་པའི་ཆོ་ག་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་སྲོད་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མར་གྱུར་གྱི་བར་དེ་སྲིད་དུ་བཟླས་པར་བྱའོ། །རས་རིས་རབ་ཏུ་འགུལ་བ་དང་། མར་མེ་རྩེ་མོ་འཕེལ་ནས་ཐམས་ཅད་ལ་དབང་བའི་རྒྱལ་པོར་འགྱུར་རོ། །མ་གྲུབ་ན་ཡུལ་རྙེད་དོ། །མི་འཇིགས་པ་ཐམས་ཅད་རབ་ཏུ་སྦྱིན་ནོ། །བཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །འཆིང་བ་ཐམས་ཅད་གཅོད་པར་བྱེད་དོ། །ཡང་ན་དྲན་པས་འགྲོ་བར་བྱེད་དོ། །བཅོམ་ལ་དན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོར་སེམས་ཅན་ཐམས་ཅད་རྗེས་སུ་སོན་པར་བྱེད་བ་པོ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏ་ཨིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་གསེར་འོད་ཅེས་བྱ་བའི་རིག་པ་ཆེན་པོའི་རྟོག་པའི་རྒྱལ་པོ་ཆེན་པོར་བཅོམ་ལྡན་འདས་མའི་ཡང་རྟོག་པའི་རྒྱལ་པོ་ཆེན་པོར་བཀའ་སྩལ་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། པྲ་ཛྭ་ལི་ཏ་ཧསྟ་ཀ་མཎྜ་ལུ་པྲི་ཡཱ་ཡ། ཏདྱ་ཐཱ། སུ་ར་སྱ་ཨ་མྲི་ཏ་ཨ་པྲ་ཏི་ཧཻ་ཏི། བེ་བེ་ཙ་ཙ་རེ་ཙརྠ་རེ་བེ་བེ་རུ་རུ་བེ་རུ་རུ་དྷྭེ་ཐེ་ཐེ། ས་ར་དྷྭེ། ས་ར་ས་ར་དྷྭི། གུ་གུ་མེ་གྷ་ནེ་གྷ་ན་གྷ་ནེ། ཨ་བྲི་ཏ་ཧ་སྟེ་བུད་དྷ་སཏྱཾ་དྷརྨེ་སདྱཾ་སཾ་བྷ་ས་ཏྱཾ་ཨུ་པ་རི་སཏྱེ་ན་བྷ་ག་བཱན་ས་མ་ཡ་མ་ནུ་སྨ་ར། པདྨ་གརྦྷ་སྭཱཧཱ། པདྨ་སུ་བརྞ་ཏི་སྭཱཧཱ། པདྨ་ཛ་སྭཱཧཱ། པདྨ་པྲི་ཡཱ་ཡེ་སྭཱཧཱ། པདྨ་སུ་ཏྲི་ཏིཥྛ་ཏ་ཙ་ར་ཎཱ་ཡ་སྭཱཧཱ། སརྦ་བྷ་ཡ་ད་ད་སྭཱཧཱ། ཨཱརྱ་ཨ་མི་ཏཱ་བྷ་ས་མཱ་ཛྙཱ་པ་ཡ་ཏི་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ། གསེར་འོད་ཅེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ། སངས་རྒྱས་དུ་མས་རྗེས་སུ་གནང་བ། གསེར་བཞིན་དུ་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱེད་པ། བཀླགས་པས་གྲུབ་པ་གནོད་སྦྱིན་ཐམས་ཅད་ལས་གྲོལ་བར་བྱེད་ཅིང་འཕོ་བར་བྱེད་པ། བཟླས་པ་ཙམ་གྱིས་ནད་སེལ་བར་བྱེད་པའོ། །དེ་ནས་འདིའི་རས་རིས་ཀྱི་ཆོ་གར་འགྱུར་ཏེ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་གྱི་མདོག་ལྟར་སྣང་བ། རལ་པ་གྱེན་དུ་བརྫེས་པ། ཕྱག་གཡས་པས་མི་འཇིགས་པ་སྦྱིན་པ། པདྨའི་ཕྲེང་བས་སོ་སོར་བརྒྱན་པ། རིལ་བ་སྤྱི་བླུགས་ཕྱག་ན་བསྣམས་པ། གོས་དཀར་པོ་ཅན། བཞིན་རབ་ཏུ་འཛུམ་པ། ཞབས་གཉིས་པདྨ་ལ་གནས་པའོ། །སྒྲུབ་པ་པོའང་སྤོས་ཕོར་ལག་ན་ཐོགས་པ་སྟེ་སྔར་བཞིན་ནོ། །དེ་ལྟ་བུའི་རས་རིས་ཀྱི་ཆོ་ག་བྱས་ནས་སྔར་བརྗོད་པའི་གནས་སུ་བཞུགས་ནས་འབུམ་ཕྲག་ལྔ་བཟླས་བར་བྱའོ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཛ་ལེ་ཛ་ལེ་ད། ཤུ་ཙི་དུརྦ་ཙེ་ཨ་པྲ་དེ་ཤུ་ཙི་ནི་པྲ་བྷུ་ཏེ་སྭཱཧཱ། ཉེ་བར་བྱུག་པའི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། པདྨ་གརྦྷེ། སུ་གནྡྷ་ཡ། མུ་རུ་སུ་རུ་སྭཱཧཱ། དྲིའི་སྔགས་སོ། ། ན་མོ་རཏྣ་ཏྲ་ཡཱ་ས། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། བྷུ་བཿབྷུརྦྷུ་པ། བིདྱཱ་ཙནྟྲ་ཙ་ལེ་ཙ་ལེ་སྭཱཧཱ། མེ་ཏོག་གི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། པདྨ་ཤྲཱི་ཡ་བ་ར་བ་རི་ལེ་སྭཱཧཱ། བདུག་པའི་སྔགས་སོ། །ན་མཽ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མྲྀ་ཏེ་ཨ་མྲྀ་ཏེ་ག་ཧྭ་རེ་སུ་མུ་ཁེ་སྭཱཧཱ། གཏོར་མའི་སྔགས་སོ། །དེ་ལྟར་སྔ་མ་བཞིན་དུ་བྱས་ཏེ་ཨ་ག་རུའི་སྦྱིན་སྲེག་གིས་གང་འདོད་པ་དེ་རྙེད་དོ། །ཙནྡན་གྱི་སྦྱིན་སྲེག་གིས་འགུགས་སོ། །སྣ་མའི་མེ་ཏོག་གི་སྦྱིན་སྲེག་གིས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་རས་རིས་ཀྱི་སྤྱན་སྔར་མཆོད་པའི་ཆོ་གས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱས་ཏེ་ཇི་སྲིད་ཟླ་བ་ཉ་བའི་བར་དུའོ། །མཚན་མོ་གསུམ་སྨྱུང་བར་གནས་པར་རྒྱ་མཚོར་འགྲོ་བའི་ཆུ་རླུང་གི་འགྲམ་མམ། ཆུ་གླིང་དུ་རས་རིས་བཞུགས་ནས་མཆོད་པའི་ཆོ་ག་བྱ་སྟེ་སྲོད་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །རས་རིས་རབ་ཏུ་འགུལ་བའམ། མར་མེའི་རྩེ་མོ་མངོན་པར་འཕེལ་ལམ། ནམ་མཁའ་ལ་མེ་ཏོག་གི་ཆར་འབབ་བམ། འབྲུག་གི་སྒྲ་ཐོས་པའང་རུང་སྟེ་རས་རིས་འགུལ་བས་ནི་རྒྱལ་པོ་ཆེན་པོར་འགྱུར་རོ། །མར་མེ་འཕེལ་ན་གྲོང་གི་རྗེ་བོར་འགྱུར་རོ། །མེ་ཏོག་བབས་ན་ཡུལ་གྱི་བདག་པོར་འགྱུར་རོ། །འབྲུག་གི་སྒྲས་གྲོང་བཅུ་དྲུག་སོ་སོར་རྙེད་དོ། །མ་གྲུབ་ན་ལས་དང་། ཡོ་བྱད་ཐམས་ཅད་ཡང་དག་པར་འབྱོར་བར་འགྱུར་རོ། །ནད་ཐམས་ཅད་སྤངས་པར་འགྱུར་རོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་གསེར་འོད་ཅེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡ་ཨངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་བཅོམ་ལྡན་འདས་མ་རིག་པའི་རྒྱལ་པོ་ཆེན་པོ་རྟོག་པའི་རྒྱལ་པོ་ཆེན་པོའི་མཐུ་ཡང་དག་པར་བསྟན་པའི་ཆེད་དུ་སངས་རྒྱས་བཅུ་གཉིས་ཀྱིས་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཡིད་ལ་བྱས་ནས་བཀའ་སྩལ་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ས་ཊཱ་ས་ཊཱ་ས་ར་ས་རཱ་ཎི་ཤུད་དྷ་བི་ཏྲི་མུ་ཁེ་བི་ཛ་ཡེ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་རིག་པའི་དབང་བསྐུར་བ་ཞེས་བྱ་བའི་རྒྱལ་པོ་ཆེན་པོ་སྟེ་གང་ལ་ཀློག་པར་བྱེད། ཟློས་པར་བྱེད་པ་དེས་སངས་རྒྱས་བྱེ་བ་ཕྲག་བཅུ་གཉིས་ལ་ཕྱག་བྱས་པར་འགྱུར་རོ། །འདི་རྟག་ཏུ་བཟླས་པས་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་དུ་མི་འགྱུར་རོ། །སྐྱེ་བ་བརྒྱ་ཕྲག་བཅུ་གཉིས་སུ་སྐྱེ་བ་དྲན་པར་འགྱུར་རོ། །དུས་ཐམས་ཅད་དུ་མངོན་བར་ཤེས་པ་ལྔ་དང་ཐུན་མཚམས་གསུམ་དྲན་པར་འགྱུར་རོ། །དེའི་ནད་ཐམས་ཅད་དང་། ཤ་ཟ་ལ་སོགས་པ་རྣམས་དང་། །སྲིན་པོ་ལུས་ལ་འཕོ་བར་མི་འགྱུར་ཏེ་བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུའང་དེ་ལྟར་འགྱུར་རོ། །འདིའི་རས་རིས་ཀྱི་ཆོ་ག་ནི་མ་ཉམས་པའི་རས་སྔར་བརྗོད་པའི་མཚན་ཉིད་དང་ལྡན་པ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀུན་ནས་བྲི་བར་བྱའོ། །རལ་པ་གྱེན་དུ་བརྫེས་པ་དཀར་པོ་ཕྱག་ན་པདྨ་སྟེ་གཡས་པས་མཆོག་སྦྱིན་པ་གཡོན་པའི་ཕྱག་གིས་པདྨ་བསྣམས་པ། དེའི་སྟེང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་གཉིས་བྲི་བར་བྱའོ། །གསེར་མདོག་མི་འཇིགས་པ་རབ་ཏུ་སྦྱིན་པའོ། །འདི་ལྟ་སྟེ། པདྨའི་བླ་མ་དང་། ཡོན་ཏན་བླ་མ་དང་། ཡེ་ཤེས་དབང་ཕྱུག་དང་། རྟག་པར་སྒྲ་དབྱངས་དང་། རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོ་བ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་དང་། འོད་དཔག་མེད་དང་། མི་འཁྲུགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འདི་རྣམས་ཀུན་ནས་བྲི་བར་བྱའོ། །དེ་ལྟ་བུའི་རས་རིས་འདྲིར་བཅུག་ནས་སྔར་གསུངས་པའི་གནས་སུ་བཞུགས་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །འདི་ཉིད་ཀྱིས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དབུལ་བར་བྱའོ། །གང་བྱེད་པ་ལ་གཅིག་ཏུ་དཔའ་བས་འབུམ་ཕྲག་བཟླས་པར་བྱའོ། །དེ་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་མིག་སྨན་ནམ། ལྡོང་རོས་སམ། གི་ཝང་ཡང་ས་ཏེ་སྟོང་དུ་བཟླས་པའི་རས་རིས་ཀྱི་སྤྱན་སྔར་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་ཏེ་ཇི་སྐད་གསུངས་པའི་ཆོ་གས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་སྲོད་ནས་བརྩམས་ཏེ་ཇི་སྲིད་དྲོ་བར་གྱུར་པ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བར་བྱེད་བཞིན་པས་ནི་ཐིག་ལེ་བྱས་ན་ཐམས་ཅད་དབང་དུ་བྱེད་དོ། །དུ་བ་འཐུལ་བཞིན་པས་ནི་མི་སྣང་བར་འགྱུར་རོ། །འབར་བས་ནི་ནམ་མཁའ་ལ་འགྲོའོ། །རས་རིས་རབ་ཏུ་འགུལ་ན་རྒྱལ་སྲིད་དུ་འགྱུར་རོ། །བཅོམ་ལྡན་འདས་མ་ཨ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་སངས་རྒྱས་བཅུ་གཉིས་ཀྱིས་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་པ་ཧཡུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་སྒོམ་བཞིན་པས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ཡང་དག་པར་དགོངས་ནས་བཅོམ་ལྡན་འདས་མ་ཨ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོ་ཆེན་པོར་ལྷག་པར་མོས་པའི་ཕྲེང་བ་ཞེས་བྱ་བ་སངས་རྒྱས་ཀྱིས་གསུངས་པ་འདི་བཀའ་སྩལ་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱ་མི་ཏཱ་བྷ་ཡ། ན་མོ་ན་མཿསརྦ་བོ་དྷི་ཏ་བྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡཱ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། མཎྜ་བི་ཤཱ་ལ་ཀཱི་རྟི་སརྦ་བིདྱཱ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་ལྷག་པར་མོས་པའི་ཕྲེང་བ་ཞེས་བྱ་བའི་རིག་པའི་རྒྱལ་མོ་ཆེན་མོ་སྟེ་སངས་རྒྱས་དུ་མས་རྗེས་སུ་གནང་བ། བྱང་ཆུབ་སེམས་དཔའ་དུ་མའི་ཏིང་ངེ་འཛིན་ཡང་དག་པར་བསྐྱེད་པ་འདི་བསྒྲུབ་པར་བྱའོ། །དབུལ་པོ་གང་ལ་ལ་བསྒྲུབ་པར་བྱ་བ་རས་རིས་ཟླ་བའི་ནང་དུ་དེའི་འབྱོར་པ་རྒྱས་པར་འགྱུར་རོ། །དབུལ་པོ་ཐོབ་པ་གང་ལ་ལ་རིག་པ་འདི་དོན་ཆེན་པོ་སྦྱིན་པས་མཆོད་པ་བྱ་བར་འགྱུར་རོ། །འཇིག་རྟེན་གྱི་རྣམ་པར་འབྱོར་པ་སྒྲུབ་པར་བྱེད་པའི་ལས་སོ། །དེ་ནས་སྒྲུབ་ཐབས་སུ་འགྱུར་བ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་སྔར་བརྗོད་པའི་རས་རིས་བྲི་བར་བྱའོ། །དགུ་པ་ནས་བརྩམས་ཏེ་དཀར་པོའི་ཟླ་བ་ཉ་ལ་ཡོངས་སུ་རྫོགས་པར་བྱེད་དུ་གཞུག་པར་བྱའོ། །པདྨ་དཀར་པོའི་གདན་ལ་བཞུགས་པ་རལ་པ་གྱེན་དུ་བརྫེས་པའོ། །འཕགས་པ་འོད་དཔག་མེད་གཉིས་པ་སྟེང་དུའོ། །རང་གཞོགས་སུ་ཤཱཀྱ་ཐུབ་པའང་ངོ་། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཡས་སུ་དཔལ་ཆེན་མོ་བྲི་བར་བྱའོ། །གཡོན་གྱི་གཞོགས་སུ་རྡོ་རྗེ་སྡེ་བྲི་བར་བྱའོ། །སྐུ་མདོག་དཀར་པོ་སྟོན་ཀའི་སྤྲིན་ལྟར་དཀར་བ། ཕྱག་ན་རིལ་བ་སྤྱི་བླུགས་དང་། ཆུ་སྣོད་བསྣམས་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱི་བོར་ཨ་ཏི་མུཀྟ་ཀའི་མེ་ཏོག་གོ་།འཕགས་པ་འོད་དཔག་མེད་ལ་བཪྵའི་མེ་ཏོག་གི་ཕྲེང་བའོ། །ཤཱཀྱ་ཐུབ་པ་ལ་སྣ་མའི་མེ་ཏོག་གི་ཕྲེང་བའོ། །དཔལ་ཆེན་མོ་ལ་ནཱ་ག་གེ་སར་གྱི་མེ་ཏོག་གི་ཕྲེང་བའོ། །རྡོ་རྗེ་སྡེ་ལ་མེ་ཏོག་དཀར་པོའི་ཕྲེང་བ་དང་། བདུག་པ་དྲི་ཞིམ་པོ་རྣམས་ཇི་ལྟར་འབྱོར་པ་དབུལ་བར་བྱའོ། །སྔར་བརྗོད་པའི་གནས་སུ་རས་རིས་བཞུགས་སུ་གསོལ་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ན་ཨས་ཟླ་བ་ཉ་ལ་རས་རིས་ལ་མེ་ཏོག་གི་ཕྲེང་བ་ལ་སོགས་པའི་མཆོད་པ་ཆེན་པོ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་འདི་ཉིད་ཀྱིས་གང་བྱེད་པ་དེ་ཐམས་ཅད་ལ་གཅིག་ཏུ་དཔའ་བས་བྱའོ། །རིག་པའི་རྒྱལ་མོ་ཆེན་མོ་གང་ཇི་སྲིད་ཕྲེང་བ་ཐམས་ཅད་རབ་ཏུ་གཡོ་བའི་མཚན་མ་འབྱུང་གི་བར་དུ་བཟླས་པར་བྱའོ། །དངོས་གྲུབ་ཀྱི་མཚན་ཉིད་ནི་གང་གི་ཚེ་མངོན་པར་འདོད་པ་དེ་ཐམས་ཅད་ཐོབ་པར་འགྱུར་རོ། །གང་ཐམས་ཅད་དུ་རས་རིས་ཀྱི་སྤྱན་སྔར་ཏིལ་གྱིས་མངོན་པར་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་དྲུག་བྱས་ན་རྒྱལ་སྲིད་རྙེད་དོ། །ཡུལ་གྱི་ལོངས་སྤྱོད་འདོད་ན་རས་རིས་ཀྱི་སྤྱན་སྔར་ཡུངས་ཀར་དང་། ཏིལ་དང་། ཙེ་ཀ་ཏའི་སྦྱིན་སྲེག་འབུམ་ཕྲག་གསུམ་བྱས་ན་ཡུལ་རྙེད་དོ། །རས་རིས་ཀྱི་སྤྱན་སྔར་མར་དང་། སྦྲང་རྩི་བཏགས་པའི་གུར་གུམ་དང་། སྲ་རྩི་པོག་དང་། ན་ལེ་ཤམ་དང་། རུ་རྟ་རྣམས་འབུམ་ཕྲག་བདུན་སྦྱིན་སྲེག་བྱས་ན་རྒྱལ་སྲིད་ཆེན་པོ་རྙེད་དོ། །མ་གྲུབ་ན་ཡུལ་རྙེད་དེ་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལྷག་པར་མོས་པའི་ཕྲེང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སྨྲས་པ། ཁྱོད་ཀྱི་རིགས་ཀྱི་ལྷ་རྣམ་པ་སྣ་ཚོགས་པའི་གཟུགས་ཅན་རྒྱུན་ཏུ་གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་མོ་དང་། ལྷའི་མེ་ཏོག་དང་། ཟླ་བ་ཏི་དང་། ཞི་བར་འདོད་པ་དང་ལྡན་པའི་ཐབས་དེ་རྣམས་ཀྱང་དགུག་པའི་ཆེད་དུ་སྔགས་འདི་མངའ་བདག་དུ་བྱ་བར་འགྱུར་རོ། །འདིར་གནོད་སྦྱིན་ཐམས་ཅད་དགུག་པར་བྱེད་པའི་སྔགས་ཆེན་པོའི་ཚིག་རྣམས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿསརྦ་སེ་ནཱ་ས་ཏ་ཡེ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཡཀྵ་ཛྲིམྦྷ་ན་མུཀྟཱ་ཡ། སརྦཾ་ཡཀྵཾ་ཧྲྀ་ད་ཡཾ། གུ་ཧྱ་ཨ་དྷི་པ་ཏཱ་ཡ་བྷ་ག་བཱ་ན་ཨཱརྱ་ཨ་བ་ལོ་ཀཱི་ཏེ་ཤྭ་རཱ་ཡ། ཧྲྀ་ད་ཡ། མ་ནུ་སྨ་ར། ས་ཏྱ་མ་ནུ་སཱ་ལ་ཡ། ཏདྱ་ཐཱ། ཤཱི་ལེ་ཤཱི་ལ་བ་ཏི་དཱ་ནི་པྲ་ཡེ་ཤནྟེ་སཏྭཱ་དརྴ་ནན་ཏ་ཐཱ་ག་ཏཱ་སརྦ་ཛྙཱ་ཛྙཱ་ན་དཪྴ་ན་མ་མ་ས་རཾ་པྲ་ཡཙྪེ་སརྦ་སཏྭཱ་ཧི་ཏཱརྠཱ་ཡ་སྭཱཧཱ། སྟོབས་ཆེན་པོས་ཕ་རོལ་གནོན་པའི་གསང་སྔགས་འདི་གསུངས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་དུ་གནས་པ་བཀུག་ནས་གནོད་སྦྱིན་ཐམས་ཅད་ཀྱི་དབང་པོ་བྱང་ཆུབ་སེམས་དཔའི་མཐུ་ལས་ཕྱག་ན་རྡོ་རྗེས་གསང་བའི་དབང་པོ་ཕྲན་ཚེགས་མ་ཡིན་པ་ཉིད་ཀྱིས་རྫུ་འཕྲུལ་ཆེན་པོ་དང་ལྡན་པས་ཚིག་འདི་སྨྲས་སོ། སེམས་ཅན་གྱི་དོན་ལ་བརྩོན་པར་སེམས་པས་གང་ལ་ལ་སྒྲོལ་མ་སྒྲུབ་པ་དེའི་དངོས་གྲུབ་ངེས་པར་བྱིན་ཅིག་ཕྱེད་ཕྱེད་རྟག་ཏུ་ཕན་པས་བྱའོ། །སེམས་ཅན་ཐམས་ཅད་ཀྱིས་དེ་དྲན་པར་བྱས་ནས་ལྷ་མོ་སྒྲོལ་མ་འདི་ལུས་ཅན་རྣམས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱའོ། །གང་བདག་གིས་བཀའ་མི་བྱེད་ན་ཕྱག་ན་རྡོ་རྗེས་གསང་བའི་བདག་པོ་དང་། རྡོ་རྗེ་འཆང་བ་སྟོབས་ཆེན་པོས་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། །ཐམས་ཅ་ཨད་མཁྱེན་པའི་ཡེ་ཤེས་སྔོན་མ་ཅན་འདི་ནི་མཐུ་ཆེན་པོ་ཐོབ་པ་གནོད་སྦྱིན་ཐམས་ཅད་འགུགས་པར་བྱེད་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་བཀླགས་པ་ཙམ་གྱིས་གདུག་པ་དང་། འཇིགས་པ་ཐམས་ཅད་ལས་སྲུང་བའོ། །དེ་ནས་འདི་སྒྲུབ་པའི་ཐབས་བརྗོད་པར་བྱ་སྟེ་སྔར་གསུངས་པའི་རས་རིས་ཀྱི་ཆོ་ག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། རལ་པ་གྱེན་དུ་བརྫེས་པ། པདྨའི་སྡོང་པོ་ཕྱག་ན་བསྣམས་པ། ཕྱག་ན་པདྨ་གཡང་གཞི་ནག་པོ་འཕྱང་བ། གོས་དཀར་པོ་ཅན། སྐྱིལ་ཀྲུང་གིས་བཞུགས་པ་འདྲིར་གཞུག་པར་བྱའོ། །གཡས་ཀྱི་གཞོགས་སུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དག་བྲི་བར་བྱ་བ་ལ། འདི་ལྟ་སྟེ། རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། རྟག་ཏུ་རི་བོ་དང་། གསང་ལྡན་གྱི་བུ་དང་། ནོར་བུ་བཟང་པོ་དང་། བཟང་འགྲོའི་བུ་དང་། བྱམས་པའི་བུ་དང་། དཔའ་བོ་བཟང་པོའི་བུ་དང་། ཚངས་པ་དང་། ཆུ་ལ་སེམས་ཏེ་དེ་ལྟ་བུ་ལ་སོགས་པ་གནོད་སྦྱིན་གྱི་རྒྱལ་པོ་མང་པོ་འདྲིར་གཞུག་པར་བྱ་སྟེ་ཁུག་མ་དང་ས་བོན་གྱིས་གང་བ་ཕྱག་ན་བསྣམས་པའི་གནོད་སྦྱིན་གྱི་སྡེ་དཔོན་རྣམས་ཉེ་བར་འདུག་པར་བྱའོ། །གཡོན་གྱི་གཞོགས་སུ་རྣམ་པར་རྒྱལ་བའི་མཐའ་དང་། སྡོང་པོ་དང་། རྣམ་རྒྱལ་ཐོབ་པ་དང་། མ་འགགས་པ་དང་། མཁའ་ལྡིང་རྒྱལ་པོ་ཞེས་པ་གནོད་སྦྱིན་གྱི་སྡེ་དཔོན་འདི་རྣམས་ཐམས་ཅད་སྔར་བཞིན་ཁ་དོག་ལྗང་གུའོ། ། བཅོམ་ལྡན་འདས་ཀྱི་གཡས་སུ་རིག་པ་འཛིན་པའང་ལག་ན་སྤོས་ཕོར་ཐོགས་པ་སྔར་བཞིན་ནོ། །རྒྱུ་སྐར་སྐག་ལ་འདྲིར་གཞུག་པར་བྱའོ། །དེ་ནས་རས་རིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། ཕྱོགས་གཙང་མ་གཞན་དུ་བཞུགས་སུ་གསོལ་ནས་སྔགས་འདིས་སྤྱན་དྲང་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མཿཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛ་ཡེ་བི་ཛ་ཡེ་ཨ་གུ་རུ་ཨེ་ཧི་ཨེ་ཧི་སྠཱ་ནཱཾ། ཨཱ་ཀྲ་མ། བི་ཛ་ཡེ། བ་ཧ་ཤཱནྟི་ཀ་ར་སྭཱཧཱ། སྔགས་འདིས་བཅོམ་ལྡན་འདས་དང་། གནོད་སྦྱིན་ཐམས་ཅད་སྤྱན་དྲང་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ན་མཿསརྦ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ར་ར་ར་ར་ཤནྟི་བི་ཛ་ཡེ་སྭཱཧཱ། འདིས་དྲི་དང་། བདུག་པ་ལ་སོགས་པ་ཐམས་ཅད་དབུལ་བར་བྱའོ། །དེ་བཞིན་དུ་རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་གསུམ་བཟླས་པར་བྱའོ། ། ཟླ་བ་ཉ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་བཅོམ་ལྡན་འདས་ལ་ཞོ་དང་། འོ་མའི་ཟན་གྱིས་གཏོར་མ་དབུལ་བར་བྱའོ། །གཡས་ཀྱི་གཞོགས་སུ་གནས་པའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་ལ་ཞོ་དང་། བུ་རམ་དབུལ་བར་བྱའོ། །གཡོན་གྱི་གཞོགས་སུ་བྲིས་པ་རྣམས་ལ་ཏིལ་དང་། ཏིལ་གྱི་ཐུག་པ་དབུལ་བར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་ལ་ཨ་ག་རུའི་བདུག་པ་དབུལ་ལོ། །དྲི་ཙནྡན་དབུལ་ལོ། །ཕྲེང་བ་སྣ་མའི་མེ་ཏོག་དབུལ་བར་བྱའོ། །གཡས་ཀྱི་གཞོགས་སུ་གནས་པའི་སྡེ་དཔོན་རྣམས་ལ་ཐང་ཆུ་ལྔའི་བདུག་པ་དང་། ཀ་ར་བཱི་ར་དཀར་པོའི་མེ་ཏོག་གོ་།གཡོན་གྱི་གཞོགས་སུ་སྲ་རྩི་པོག་གི་བདུག་པ་དང་། ཨ་ཏི་མུཀྟ་ཀའི་མེ་ཏོག་དབུལ་བར་བྱའོ། །དེ་ལྟར་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་དུས་གསུམ་དུ་དེ་བཞིན་དུ་མཆོད་པ་བྱ་ཞིང་འོ་མ་དང་། ནས་ཟན་བཟའ་ཞིང་པདྨ་དཀར་པོ་རེ་རེ་ལ་ཡོངས་སུ་བཟླས་ནས་རས་རིས་ཀྱི་སྤྱན་སྔར་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །དེ་ལྟར་ཇི་སྲིད་འབུམ་ཕྲག་གཅིག་གི་མཐར་བྲིས་པའི་གནོད་སྦྱིན་ཐམས་ཅད་རྫུ་འཕྲུལ་སྟོན་པར་བྱེད་དོ། །རས་རིས་འགུལ་བ་དང་། མེ་ཏོག་གཡོ་བ་ཐུན་མཚམས་སུ་མཐོང་ངོ་། །དེ་ནས་གྲུབ་པར་འགྱུར་ཏེ་གནོད་སྦྱིན་ཐམས་ཅད་དབང་དུ་འགྱུར་རོ། །ནམ་མཁའ་ལའང་གྲུབ་བོ་ཞེས་པའི་སྒྲ་ཐོས་སོ། །རིག་པ་འཛིན་པའི་མཆོག་སྩོལ་བར་བྱེད་དོ། །ཚོལ་བ་དེ་གནོད་སྦྱིན་གྱི་བཀའ་བྱེད་པར་འགྱུར་རོ། །མ་གྲུབ་ན་ལས་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །རྟག་ཏུ་རྨི་ལམ་དུ་གནོད་སྦྱིན་རྣམས་དགེ་བ་དང་། མི་དགེ་བ་མཐོང་བ་སྦྱིན་པར་བྱེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས། ངེས་པར་སྐྱེས་པ་གནོད་སྦྱིན་ཐམས་ཅད་ཀུན་ཏུ་འོང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འབྱུང་པོའི་བདག་པོ་ལྷའི་བུ་དབང་ལྡན་ལ་སྨྲས་པ། ལྷའི་བུ་རྫུ་འཕྲུལ་ཆེན་པོ་ཅན། ཁྱོད་ཀྱི་རིགས་བཞིན་དུ་འཇུག་པར་འགྱུར་བ། བཅོམ་ལྡན་འདས་མ་རིག་པའི་རྒྱལ་པོ་ཆེན་མོ་རྟོག་པའི་རྒྱལ་པོ་ཆེན་པོ་བཤད་པར་བྱའོ། །དེ་ལ་སྔགས་ཀྱི་ཚིག་འདི་རྣམས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་རིག་པའི་སྔགས་སུ་ཡང་དག་པར་འདོད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་པ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨི་ཤ་ན་ཀུ་ལ་མ་བ་ཏུ་ཡི་ཥྱ་མི། བྷ་ག་བ་ཏེ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཏེ་ཛ་ན་ར་ར་ར་ར་ར་བི་པུ་ཙི་བི་པུ་ཙི་པྲ་མ་ཐཱ། པྲ་མ་ཐ་པྲ་མ་ཐ། པྲ་མ་ཐཱ། གརྫ་གརྫ་གརྫ། ཊི་ཊི་ཊི། ས་ས་ས། ཨུ་ཨུ་ཨུ། ལ་ལ་ལ། ཙ་ཙ་ཙ། ཨཱ་གཙྪ་ཨཱ་གཙྪ། བྷ་ག་བཱ་ན་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། པ་ར་མ་ཧྲྀ་པ་ཡི། དྷ་ར་ཡི་ཥྱ་ཏི་ཨི་ཤྭཱ་ར་སྱ་བི་པོ་མ་ཏི་ཏྭཱཾ་པྲ་སཱཾ་ཐ། བ་རཾ་དེ་ཡཾ། སརྦ་སཏྭཱ་ཧི་ཏི། དྷུ་ཏཾ། བ་རཾ། ཡཀྵ་ཡ། སརྐ་ར། མུ་ནི་མུ་ནི། ཨ་པྲ་ཏི་ཧ་ཏ། བཱི་ཏྱོ་ཀྲྀ་ཏ་ཧ་ཏི་ཀྲྀ་ཏ་ཡཀྵ་ཀྲྀ་ཏ། ན་མ་ཨཱརྱ་ཨ་པ་ལོ་ཀི་ཏེ་ཤྭ་རཱ་ཡ་སྭཱཧཱ། དབང་ལྡན་གྱི་རིགས་ཀུན་ནས་འདྲེན་པའི་སྔགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞལ་ནས་གསུངས་པ་ལྷའི་བུ་རྫུ་འཕྲུལ་ཆེན་པོ་རྣམས་ཀྱིས་སྨྲས་པ། ས་སྟེང་གི་མི་སེམས་ཅན་གྱི་དོན་འདོད་པ་རྣམས་ཀྱི་འདོད་པ་སྒྲུབ་པའི་དོན་དུ་སྔགས་འདི་རབ་ཏུ་གསུངས་སོ། །གང་འདི་སྒྲུབ་པའི་སྒྲུབ་པ་པོ་གང་ལ་ལ་དངོས་གྲུབ་འདོད་པ་ལ་ཁྱོད་ཀྱིས་དེ་ལ་མཆོག་སྦྱིན་པར་བྱའོ། །སེམས་ཅན་གྱི་དོན་ལ་བརྩོན་པའི་བསམ་པ་ཅན་བྱེ་བ་ཕྲག་བཅུ་དང་། རང་གི་རབ་ཏུ་གསུངས་པའི་སྔགས་རྣམས་ས་སྟོང་དུ་སྒྲུབ་པ་ལ་ལྷ་རྣམས་འགུགས་པ་རབ་ཏུ་བརྗོད་པའི་སྔགས་འདི་སྟོབས་ཆེན་པོ་སྒྲུབ་པ་དང་། རིག་པ་ཆེན་པོ་རྣམ་པ་སྣ་ཚོགས་པའི་གཟུགས་ཅན་གྱི་སྒྲོལ་མ་དེའི་གཟི་བརྗིད་དང་། སྟོབས་སྦྱིན་པར་བྱ་ཞིང་། འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་སྐྱོབས་ཤིག་།དེ་ནས་འདིའི་སྒྲུབ་པའི་ཆོ་གར་འགྱུར་ཏེ། སྔར་བརྗོད་པའི་ཆོ་གས་རས་ལ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་།གསེར་གྱི་མདོག་ལྟར་སྣང་བ། ཕྱག་ན་པདྨ་གཡས་ཀྱིས་མཆོག་སྦྱིན་པ། ཕྱག་གཡོན་པས་པདྨ་བསྣམས་པ། རལ་པའི་ཅོད་པཎ་འཕྱང་བ། སྤྱི་བོར་བཅོམ་ལྡན་འདས་འོད་དཔག་མེད་བཞུགས་པའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཡས་སུ་ཡངས་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་གཟུགས་ཅན་གྱི་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བྲི་བར་བྱའོ། །གཡོན་གྱི་གཞོགས་སུ་དབང་ལྡན་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་བྲི་བར་བྱའོ། །གང་གི་ཚེ་མིག་གསུམ་པའོ། །སྔར་བརྗོད་པའི་གནས་སུ་རས་རིས་འདིའི་སྟེང་གི་ཕྱོགས་ཀྱི་ཆ་རྣམས་སུ་བཞག་ནས་ནག་པོའི་བཅུ་བཞི་པ་ནས་བརྩམས་ཏེ་མཆོད་པའི་ཆོ་ག་བྱ་ཞིང་འདི་ཉིད་ཀྱིས་འབུམ་བཟླས་པར་བྱ་སྟེ་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །ཉིན་མཚན་དུ་སྨྱུང་བར་གནས་པ་ནག་པོའི་བཅུ་བཞི་པ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དཀར་པོའི་གཏོར་མ་དབུལ་བར་བྱ་ཞིང་ཨ་ག་རུ་དང་། དུ་རུཥྐའི་བདུག་པ་དབུལ་བར་བྱའོ། །འཕགས་པ་ཨ་སྤྱན་རས་གཟིགས་དབང་ཕྱུག་ལ་འོ་མ་དང་ལྷན་ཅིག་པའི་བདུག་པ་དབུལ་བར་བྱ་ཞིང་ཁ་དོག་ཐམས་ཅད་དུ་སྣང་བ་ཐམས་ཅད་འདོད་པའི་རིགས་ལ་ཞོ་དང་། བུ་རམ་གྱི་བཟའ་བ་དང་། གུ་གུལ་གྱི་བདུག་པ་དབུལ་བར་བྱའོ། །རས་རིས་ཀྱི་ཕྱི་རོལ་དུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་དབུལ་ཞིང་དགེ་སློང་རྣམས་ལ་ཡོན་དང་བཅས་པའི་སྟོན་མོ་དབུལ་ལོ། །ཕྱུགས་བདག་རྣམས་ལ་ཞོ་ཟན་དབུལ་ཞིང་དེའི་ཞི་བ་ཐོབ་པར་བྱའོ། །ཇི་སྲིད་དུ་ཟླ་བ་ཉ་བའི་བར་དུ་དུས་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་སྲོད་ནས་བརྩམས་ནས་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་དབང་ལྡན་གྱི་མིག་འཕྲོ་བར་བྱེད་པ་དེ་སྲིད་དུ་བཟླས་པ་བྱའོ། །འདིར་དངོས་གྲུབ་ཀྱི་མཚན་མ་བྱུང་བ་དེ་ནས་མེ་ཏོག་ཕྲེང་བ་དབུལ་བར་བྱ་ཞིང་གུ་གུལ་གྱི་བདུག་པ་དབུལ་ལོ། །གང་དཀའ་ཐུབ་པ་རྣམས་ཀྱིས་ཇི་ལྟར་བྱུང་བ་ཟོས་ནས་ཡོན་དབུལ་བར་བྱའོ། །དེ་ནས་ཐམས་ཅད་བྱེད་དོ། །མེ་ཏོག་གམ། འབྲས་བུའམ། དྲི་དང་། གོས་ལ་སོགས་པ་ལ་མངོན་པར་སྔགས་ནས་གང་ལ་བྱིན་པ་དེ་བྲན་ཉིད་དུ་ཉེ་བར་གནས་སོ། །རྒྱལ་སྲིད་ཀྱི་ལོངས་སྤྱོད་འདོད་ན་རས་རིས་ཀྱི་སྤྱན་སྔར་ཞོ་དང་། མར་དང་། འོ་ཐུག་གིས་སྦྱིན་སྲེག་བྱ་སྟེ་འབུམ་ཕྲག་གཅིག་གིས་མཐར་རིག་པ་འཛིན་པའི་གཙུག་ཕུད་འབར་བར་འགྱུར་རོ། །ཆད་པ་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་མཚན་མོ་གསུམ་ཐུན་གསུམ་དུ་ཏིལ་དང་། ཏིལ་གྱི་ཐུག་པའི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །བུ་མོ་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་མཚན་མོ་གསུམ་ཐུན་གསུམ་དུ་དང་པོ་བཙས་པའི་འོ་མའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྙེད་དོ། །ཕྱུགས་ཀྱི་བདག་པོ་རྣམས་དབང་དུ་བྱ་བར་འདོད་ན་ཐལ་བའི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་ཏེ་ཞག་བདུན་ཐུན་གསུམ་ད་ཨུ་སྟོང་ཕྲག་བརྒྱད་བཟླས་ན་དེ་ཇི་སྲིད་འཇིག་རྟེན་པའི་ལས་ལས་འདས་པ་རྣམ་པ་སྣ་ཚོགས་པའི་སའི་སྟེང་གི་མི་རྣམས་ཀྱི་ཏིང་ངེ་འཛིན་ཐམས་ཅད་བྱེད་དེ་སྔགས་འདི་ལ་ཐེ་ཚོམ་མེད་དོ། །འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་དབང་ལྡན་གྱི་རིགས་ཀུན་ཏུ་འོང་བའི་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ད་བང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་སེམས་ཅན་ལ་རྗེས་སུ་བརྩེ་བས་བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོ་ཆེན་པོར་འཇུག་པར་བྱེད་བཞིན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་རྗེས་སུ་དྲན་ནས་གསུངས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བིདྱཱ་རཱ་ཛཱ་ཡ། ཏདྱ་ཐཱ། བི་ཤུདྡྷ་པྲ་བ། ཀཪྵ་ཀཪྵ་བྷ་ཤི་ཥེ་བིདྱཱ་དྷ་ར་གུ་ཧྱེ་ཀ་མ་ནུ་སྨཱ་ར་བུདྡྷ་སཏྱེ་ན་དྷརྨ་སཏྭཱ་ནཱ། སཾ་གྷ་ས་ཏྱེ་ན། ཨཱརྱ་ཨ་བ་ལོ་ཀི་ཤྭ་རཱ་ས་ཏྱེ་ན། སིདྷྱནྟུ་མེ་མནྟྲ་པ་དཱ་ཕཊ་ཕཊ་ཡཱ། མུ་ནི་མུ་ནཱ་ཡ། ས་མ་ཐ་ས་མཱ་ཡ། ཨུདྡྷ་རཾ་ཏེ་ཀོ་ཀ་རཱནྟེ་མ་ནུ་སྨཱ་ར་ཊ། ཧྲྀ་ད་ཏ་ས་ཀཱ་རཱ་ཊོ་ཊི་ཀ་ཊ་ཊེ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་འཇུག་པར་བྱེད་བཞིན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་བཟླས་པས་གདུག་པ་དེ་ཐམས་ཅད་འཇིགས་པར་བྱེད་པ་གདོན་དང་། རིག་པ་ཐམས་ཅད་ཟློག་པར་བྱེད་པ། མདོར་ན་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ནས་འདིའི་སྒྲུབ་པ་འབྱུང་བར་འགྱུར་ཏེ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་འདིར་བཞུགས་པར་བྱ་སྟེ་སྐུ་མདོག་དཀར་པོ། རལ་པ་དུད་ཁ། བཞིན་རབ་ཏུ་འཛུམ་པ། ཕྱག་གཡས་པས་མཆོག་སྦྱིན་པ། ཕྱག་གཡོན་པས་པདྨ་བསྣམས་པ། གསེར་གྱི་ཐེམ་སྐས་བཟང་པོ་ལ་འཇུག་བཞིན་པ་བྲི་བར་བྱའོ། །ངང་པ་དང་། བྱ་ཀུ་ར་བ་དང་། ངུར་པ་དང་། ཤང་ཤང་ཏེའུ་དང་། ནེ་ཙོ་ལ་སོགས་པ་རབ་ཏུ་བསྔགས་པའི་བྱ་རྣམས་གཡས་ཀྱི་གཡས་སུ་འཇུག་པ་སྐོར་བ་བྱེད་པ་བྲི་བར་བྱའོ། །མིའམ་ཅི་གཉིས་གླུ་ལེན་བཞིན་པ་བྲི་བར་བྱ་སྟེ་གཡོན་པས་རྣ་བ་འགེབས་བ་བྲི་བར་བྱའོ། །སྒྲུབ་པོའང་འོག་ཏུ་ཁ་ཕྱོགས་པ་སྤོས་ཕོར་ལག་ན་ཐོགས་པ། བཅོམ་ལྡན་འདས་འཇུག་པར་བྱེད་བཞིན་པ་ལ་ལྟ་བར་བྱེད་པ། པུས་མོ་བཙུགས་པ། གཡས་ཀྱི་འོག་ཏུ་བྱང་ཆུབ་སེམས་དཔའི་ལུས་ལས་འོད་ཀྱིས་མནན་པ་བྲི་བར་བྱའོ། །རྣམ་པ་དེ་ལྟ་བུའི་རས་རིས་འདྲིར་བཅུག་ནས་སྔར་བརྗོད་པའི་གནས་སུ་རས་རིས་བཞུགས་སུ་གསོལ་ཏེ་ཡང་དག་པར་བརྩམ་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཛ་ཏི་ཧུ་ཏི་མ་མ་ཨ་བཱ་ཏདྱཱ་སྭཱཧཱ། དཀྱིལ་འཁོར་གྱི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མུ་ནེ་མུ་ནེ་སྭཱཧཱ། འདིས་ཐམས་ཅད་བྱེད་པ་སྟེ་འབུམ་ཕྲག་ལྔར་བཟླས་པ་བྱའོ། །སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །མཐར་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་པདྨ་སྟོང་ཕྲག་བརྒྱར་སྦྱིན་སྲེག་བྱའོ། །མཐར་ཉིན་མཚན་དུ་སྨྱུང་བར་གནས་པ་སྟེ་དཔག་ཏུ་མེད་པ་བཟླས་པས་དངོས་གྲུབ་ཀྱི་མཚན་མ་རས་རིས་རབ་ཏུ་འགུལ་ན་ས་ཆེན་པོའི་བདག་པོར་འགྱུར་རོ། །མི་འགུལ་ན་ཡུལ་གྱི་བདག་པོར་འགྱུར་རོ། །རྟག་ཏུ་བཟླས་པས་གཏེར་མཐོང་བར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་པདྨ་འབུམ་ཕྲག་བཅུ་དབུལ་བར་བྱ་སྟེ་གྲོང་རྙེད་དོ། །སྟོང་ཕྲག་སུམ་ཅུ་དབུལ་བར་བྱ་སྟེ་གྲོང་ལྔ་རྙེད་པར་འགྱུར་རོ། །རིག་པའི་རྒྱལ་པོའི་སྦྱོར་བས་རྟག་ཏུ་འདོད་ཅིང་དྲན་པར་བྱེད་ན་དེ་དབུལ་བར་མི་འགྱུར་རོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལ་ངེས་པར་བྱུང་བའི་འཇུག་པར་བྱེད་བཞིན་པ་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། །།དེ་ནས་ཡང་བ་ཡང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་པས་བཅོམ་ལྡན་འདས་ལ་རྟོག་པའི་རྒྱལ་པོ་ཡི་གེ་བཅུ་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོར་དོན་ཆེན་པོ་རྨད་དུ་བྱུང་བ། སངས་རྒྱས་བྱེ་བ་ཕྲག་བཅུས་རྗེས་སུ་ཡི་རང་བར་མཛད་པ། ཕྲ་མོ་ཐམས་ཅད་སེལ་བར་བྱེད་པ། སེམས་ཅན་ཐམས་ཅད་སྲུང་བར་བྱེད་པའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་གསུངས་པར་གྱུར་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་གྷཊྚ་ནི་ཕུ་མ་ཏ་ན་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་ཡི་གེ་བཅུ་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཐོགས་པ་མེད་པ། ལས་ཐམས་ཅད་པ། སངས་རྒྱས་བྱེ་བ་ཕྲག་བཅུས་གནང་བ། མངོན་པར་མཛེས་པ་སྲུང་བ་ལ་རྟག་པ་ཁོ་ནར་མཆོད་པ་བྱའོ། ། དེ་ནས་འདི་སྒྲུབ་པའི་མཆོད་པར་འགྱུར་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་འདི་ཉིད་ཀྱི་དྲི་དང་། བདུག་པ་ལ་སོགས་ཕུལ་ནས་བྱེ་བ་བཟླས་པར་བྱའོ། །རྒྱལ་སྲིད་ཆེན་པོ་རྙེད་དོ། །འབུམ་ཕྲག་བཅུར་བཟླས་ན་གསེར་སྟོང་རྙེད་དོ། །མཆོད་རྟེན་གྱི་དྲུང་དུ་དཀྱིལ་འཁོར་སྟོང་ཉེ་བར་བྱུགས་ནས་དྲི་དང་། བདུག་པ་ལ་སོགས་པ་ཕུལ་ཏེ་འབུམ་བཟླས་ན་གང་འདོད་པའི་རྒྱལ་པོ་དེ་དབང་དུ་འགྱུར་རོ། །ཆུ་ཀླུང་ཆེན་པོ་དང་། ཆུ་གླིང་དང་། མཆོད་རྟེན་བདེ་བར་གཤེགས་པའི་མཐོ་གང་གི་ཆེད་ལ་འབུམ་ཕྲག་གསུམ་བཟླས་པ་བྱའོ། །རྒྱལ་སྲིད་ཆེན་པོ་རྙེད་དེ་དོན་ཆེན་པོ་ཡང་དག་པར་འགྱུར་རོ། །གང་ཞིག་སྔགས་འདིས་རྟག་ཏུ་དྲན་པར་བྱེད་པ་དེ་ནི་སངས་རྒྱས་བྱེ་བ་ཕྲག་བཅུས་རྗེས་སུ་ཡི་རང་ཞིང་རབ་ཏུ་བསྔགས་ལ་ཐམས་ཅད་དུ་སོན་པའོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་ཡི་གེ་བཅུ་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་སླར་ཡང་ཡ་ཨངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་སྤྱི་བོར་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཀྵོ་བྷྱ་ཡ། ཏདྱ་ཐཱ། ན་མོ་བི་མུཀྟ། དཪྵ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་གམྦྷི་ར་གྷོ་ཥ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཀུ་མཱ་རི། ཀུ་མཱ་རི། མ་ནཱ+ོ་ཛེ་བེ་ཥུ་ནཱ་ཛ་ཡེ། ཤ་ར་ད། བི་ཛ་ཡཱ་ཡ། དུ་མ་བུ་བྷི་སྭཱ་རཱ་ཡ། དེ་བི་དེ་བི་དེ་བི་པཱུ་ཛི་ཏཱ་ཡ། ན་མ་སྐྲྀ་ཏ་གརྫ་ཏཱ་ཡ། ར་ར་ལ་ལ་ཁ་ག་ཡེ་སྭཱཧཱ། བ་རུ་ཎ་ཡ་སྭཱཧཱ། ཨ་པྲ་ཏི་ཧ་ཏེ་བ་ད་ནཱ་ཡ་སྭཱཧཱ། བྲཧྨ་ཤྭ་ར་གོ་ཥ་རུ་ཏྲཱ་ཡ་སྭཱཧཱ། བི་ས་ཏི་ས་ཏཱི་རཱ་ཛ་ཡ་སྭཱཧཱ། ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། མུརྡྷ་ནཱ་བ་ར་ཎ་སྭཱཧཱ། མ་མ་ཀརྱཾ་ཀུ་རུ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་སྤྱི་བོར་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོར་བདག་གི་སྤྱི་བོར་སྐྱེས་པ། སངས་རྒྱས་བྱེ་བ་ཕྲག་དུ་མས་གསུངས་པ། སངས་རྒྱས་དུ་མའི་ཕྱག་གིས་མངོན་པར་དབང་བསྐུར་བར་མངོན་པར་དབང་བསྐུར་བ། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་གནས་སུ་གྱུར་པ། ལས་ཕྲན་ཆོགས་ཐམས་ཅད་མྱུར་དུ་བཀླགས་པས་གྲུབ་པའོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་གསོ་སྦྱོང་ལ་གནས་པས་འབུམ་བཟླས་སོ། །གླགས་ཚོལ་བ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །རྒྱུ་སྐར་ས་གའི་ཉི་མ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་། མེ་ཏོག་ལ་སོགས་པ་ཕུལ་ནས་ཁ་ཚར་མ་བཅད་པའི་རས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། རལ་པ་གྱེན་དུ་བརྫེས་པ། པདྨ་ལ་བཞུགས་པ། བཅོམ་ལྡན་འདས་འོད་དཔག་མེད་ཐུབ་པ་ལ་ཐལ་མོ་སྦྱར་ནས་ཕྱག་འཚལ་བར་བྱེད་བཞིན་པ་བྲི་བར་བྱའོ། །རིག་པ་འཛིན་པ་ལག་ན་སྤོས་ཕོར་ཐོགས་པ་བཅོམ་ལྡན་འདས་ལ་བལྟ་བར་བྱེད་བཞིན་པའོ། །རྣམ་པ་དེ་ལྟ་བུ་ཕྱོགས་སམ། ཉིན་ཞག་བཅུ་གཉིས་ཀྱི་ནང་དེར་འདྲིར་གཞུག་པར་བྱའོ། ། རྣམ་པ་དེ་ལྟ་བུའི་རས་རིས་འདྲིར་བཅུག་ནས་མཆོད་རྟེན་གྱི་དྲུང་དུ་རས་རིས་བཞུགས་སུ་གསོལ་ཏེ་དེ་ལ་འདི་ཉིད་ཀྱིས་ཐམས་ཅད་བྱས་ལ་འབུམ་ཕྲག་ལྔ་བཟླས་པར་བྱའོ། །མཐར་མཚན་མོ་སྨྱུང་བར་གནས་ཏེ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་སྣ་མའི་མེ་ཏོག་སྟོང་ཕྲག་བརྒྱད་ལ་རེ་རེ་ལ་ཡོངས་སུ་བཟླས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་བསྣུན་པར་བྱ་སྟེ་དེ་ལྟ་བུ་ཐུན་གསུམ་དུ་འབུམ་ཕྲག་གཅིག་བྱས་པའི་མཐར་བཅོམ་ལྡན་འདས་ཀྱིས་མཆོག་སྩོལ་བར་འགྱུར་རོ། གལ་ཏེ་རིག་པ་འཛིན་པ་ཉིད་ལུས་འབར་བར་བྱེད་དམ། རས་རིས་འགུལ་བ་དང་། ལྡེག་པ་དང་། མར་མེའི་རྩེ་མོ་འཕེལ་ན་རྒྱལ་སྲིད་དོ། །གལ་ཏེ་སྒྲུབ་པ་བྱེད་པར་འདོད་ན་ཐོས་པ་འཛིན་པ་ཉིད་དམ། སྨྲ་བའི་མཆོག་ཉིད་དམ། མིག་སྨན་དང་། ལྡོང་རོས་དང་། གི་ཝང་ལ་བྱས་པ་རས་རིས་ཀྱི་སྤྱན་སྔར་ཐམས་ཅད་སྒྲུབ་པ་བྱེད་ན་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་རོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་སྐྱེས་པ་སྤྱི་བོར་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་གསུངས་ནས། བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོ་ཆེན་པོར་འོད་དང་ལྡན་པའི་མཚན་ཉིད་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ན་མོ་བི་པ་ཤྱཱཾ། ཤི་ཁཱི། བི་ཤྭ་བྷུཿན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། མཧཱ་ཤཱནྟ་པྲ་བྷཱ་ཡ། པྲ་མུ་དི་ཏ། ཀཱ་པ་ཙ་ནཱ་ཡ་ནི་ཏྱོ་ཏཱ་བ། ཙིཏྟ་ཡ། བྷ་ག་བཱན་ཧྲྀ་ད་ཡ་མ་ནུ་སྨ་ར། ཨ་ཙིཤྨ་ཏྱཾ་ལོ་ཀཱ་དྷཱ་ཏོ། སརྦ་བོ་དྷི་སཏྭཱ་སཪྵ་ཏྨ་དྷྱེ་བྷཱ་ཥི་ཏཾ། བུདྡྷ་སཏྱཾ། དྷརྨ་སཏྱཾ། སཾ་གྷ་སཏྱཾ། ཨ་ནཱ་གྷ་མི་སཏྱཾ། སྲོ་ཏ་ཨཱ་བནྣི་སཏྱཾ། ཨཀྵ་སཏྱཾ། ཀུཤྨཱཎྜཱ་སཏྱཾ། བུརྦ་བོ་དྷི་སཏྭཱ་སཏྭཾ། ཧྲྀ་ད་ཡ་མ་ནུ་སྨ་ར་ཧེ་ཧེ་ཧེ་ཧེ་ཧེ་ཏྭེ་ཏྭེ་ཏྭེ་ཏྭེ་ཏྭེ་ར་ར་ར་ར་ར་ལ་ལ་ལ་ལ་ལ་ཨོཾ་ཀཱ་ར་པྲ་བེ་བྷྱཾ་བཉྩ་ཨཱ་བྷཱ་ཤྲི་ཏཾ་ཀལྤ་སརྦ་བུདྡྷཱ་ས་རཱི་ཛ་ཏཾ་ཏྭ་མེ་བ། རཀྵཾ་བཾ་ད་ཏྭ་སི་པྲ་ཎ་མྱ་ཧཾ་ཁ་ག་ཁ་ག་།བི་ཛ་ཨ་ས་ར་ཛི་ཏ་ཡ་སྭཱཧཱ། ཨ་བ་ལོ་ཀི་ཏེ་ཤྭ་ར་བི་ཛ་ཡ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་འོད་ཟེར་དང་ལྡན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ལས་ཕྲན་ཚེགས་རྣམས་ཐམས་ཅད་བཀླགས་པས་གྲུབ་པའོ། །དེ་ནས་འདིའི་སྒྲུབ་ཐབས་སུ་འགྱུར་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུའམ། རིའི་རྩེ་མོའམ། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་འགྲམ་མམ། ཆུའི་དབུས་སམ། གླིང་དུ་འོ་མ་དང་། ཟ་ན་ཟ་བས་འདི་ཉིད་ཀྱིས་ཐམས་ཅད་བྱས་ལ་འབུམ་བཟླ་བར་བྱ་སྟེ་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་མིག་སྨན་དང་། ལྡོང་རོས་དང་། གི་ཝང་སྟེ་དེ་རྣམས་གཅིག་ཏུ་བྱས་ལ་ཨ་ཨ་ཤྭཏྠའི་འདབ་མས་བཏུམས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་མཆོད་པ་བྱས་ནས་ཐུན་གསུམ་དུ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་རྫས་ལ་ཉི་མ་ཉི་ཤུ་རྩ་གཅིག་ཁོ་ནར་བཟླས་པར་བྱའོ། །དྲོ་བར་གྱུར་པ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་ན་གྲུབ་པ་ཡིན་ཏེ། དང་པོས་ནི་དབང་དུ་བྱེད་དོ། །གཉིས་པས་ནི་མི་སྣང་བར་འགྱུར་རོ། །གསུམ་པས་ནི་ནམ་མཁའ་ལ་འགྲོའོ། །རས་རིས་རབ་ཏུ་འགུལ་ན་རྒྱལ་སྲིད་རྙེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་འོད་ཟེར་དང་ལྡན་པ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་པར་བྱེད་བཞིན་དུ་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་པོར་རྟོག་པའི་རྒྱལ་པོར་པདྨ་ཀུན་ཏུ་སྣང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མ་སུ་བ་རྣ་པ་བྷཱ་ས་ཡ། ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། བེཥྚི་ཀོ་ཊི་ཡཀྵ་པ་རི་པྲི་ཏི་ཡ་ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨུདྡྷ་ཛྫ་ཊ། པྲ་ཛྭ་ལི་ཏ་ཡ། པདྨ་ཨ་བྷཱ་སཿཏ་ཐཱ་ག་ཏཱ་བ་ཙ་ནེ་ན་ཏྭ་ཡ་བྷ་ཤཱི་ཏཾ། ཀལྤཾ། སརྦ་ཀྵ་ཡ། ཀིརྟ་ནཱ་ཡ། སརྦ་སཏྭཱ་ཧི་ཏ། ཨ་ནུ་ཀརྟ། སརྦ་སཏྭཱ་པ་རཱ་ཛི་ཏཱ་ཡ། སརྦ་སཏྭཱ་ཧི་ཏཱརྠཱ་ཡ། སརྦ་སིདྡྷི། ཙ་ཏཱ་ཡོ་ག་ནིཿན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏདྱ་ཐཱ། དྷ་མ་ནི། དྷ་མ་ནི། བྷརྟུ་བ། ཨོཾ་ཨོཾ་ཨོཾ་ཨོཾ། བི་བུ་རི་རི། པུ་ནེ་སྭཱཧཱ། བི་ཛ་ཡེ་པ་ཊ་པ་ཊ་ཀཱ་ར་སྭཱཧཱ། མཧཱ་ཡ་ཤ་ཨ་ནུ་མུ་ནེ་སྭཱཧཱ། ཨ་པྲ་ཏི་ཧ་ཏ་བ་ཙ་ནེ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་པདྨ་ཀུན་ཏུ་སྣང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་པདྨ་ཀུན་ཏུ་སྣང་བས་དེ་བཞིན་དུ་བདག་གི་སྙིང་པོ་འདི་གང་དེ་དྲན་པ་ཙམ་གྱི་འདིའི་འཇིགས་པ་ཆེན་པོ་ཐམས་ཅད་མེད་པར་འགྱུར་རོ། །གང་ཡང་ཉིན་མཚན་གསུམ་དུ་འདི་བྱས་ནས་དེ་ཡུན་རིང་པོ་ནས་མཚམས་མེད་པ་ལྔ་བྱས་པ་ཐམས་ཅད་ཡོངས་སུ་སྐྱོང་བར་འགྱུར་རོ། །རྣམ་པ་སྣ་ཚོགས་པའི་རྨི་ལམ་མཐོང་བར་འགྱུར་རོ། །སྒྲུབ་ཐབས་ཀྱི་ཆོ་ག་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་། བདུག་པ་ལ་སོགས་པ་ཕུལ་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མཐར་མཚན་མོ་སྨྱུང་བར་གནས་པས་ཟླ་བ་བཅུ་གཉིས་སུ་འོ་མ་བཅུ་གཉིས་དང་། ཞོ་བཅུ་གཉིས་དང་། བུམ་པ་གང་བ་བཅུ་གཉིས་དང་། སྦྲང་རྩིའི་བུམ་པ་བཅུ་གཉིས་དང་། ཏིལ་དང་། ཐུག་པའི་བུམ་པ་བཅུ་གཉིས་དང་། ཀུཥྨཱ་ཎྜའི་ཁམ་ཕོར་བཅུ་གཉིས་སུ་བདུག་པ་དང་། ཁམ་ཕོར་བཅུ་གཉིས་སུ་པདྨ་དང་། སློང་མོའི་ཟས་བཅུ་གཉིས་བཟའ་བར་བྱའོ། །དེ་ནས་སྲོད་དེར་དེ་ལྟ་བུ་ལ་སོགས་པའི་མཆོད་པའི་ཅ་ཧོ་ག་བྱས་ནས་དེ་ནས་གུར་གུམ་བྱུགས་ལ་དེར་ཨུཏྤ་ལ་སྔོན་པོ་ཁ་དོག་དང་མཚུངས་པའི་སྣ་མའི་མེ་ཏོག་གི་ཕྲེང་བ་ཕུལ་ནས་མཆོད་རྟེན་གྱི་སྤྱན་སྔར་ནག་པོ་བཅུ་བཞི་འམ། ཟླ་བ་ཉ་བ་ལ་ལག་པ་གཡས་པས་རལ་གྲི་བཟུང་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །མཐར་གྲུབ་པའི་མཚན་མ་ནམ་མཁའ་ནས་ལེགས་སོ། །ལེགས་སོ་ཞེས་བྱ་བའི་ཚིག་ཐོས་པར་འགྱུར་རོ། །དེ་ནས་རལ་གྲི་འབར་བར་འགྱུར་ཏེ་སྐད་ཅིག་དེ་ཉིད་ལ་ལྷའི་ལུས་འཁོར་དང་བཅས་པར་འགྱུར་རོ། ། བསྐལ་པ་ཆེན་པོར་གནས་སོ། །དེ་ནས་རལ་གྲི་འགུལ་ལམ། མཆོད་རྟེན་གཡོ་བར་བྱེད་ན་མིའི་རྒྱལ་པོར་འགྱུར་རོ། །ཡང་ན་གང་འདོད་ཅིང་དོན་དུ་གཉེར་བ་དེ་རྙེད་ཅིང་དོན་དུ་གཉེར་བ་དེ་གྲུབ་སྟེ་དངོས་གྲུབ་ཀྱི་ཡུལ་རྙེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ངེས་པར་སྐྱེས་པ་པདྨ་ཀུན་ཏུ་སྣང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་ས་ཨེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་བཅོམ་ལྡན་འདས་མ་རིག་པའི་རྒྱལ་པོ་ཆེན་པོ་རྟོག་པའི་རྒྱལ་པོར་དཔེ་བྱད་བརྒྱད་ཅུ་རྗེས་སུ་བྱེད་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་དྲི་ཛ་ཊཱ་ཡ། ན་མཿཀ་མཎྚ་ལུ་ཧ་སྟཱ་ཡ། ན་མཿཔདྨ་བི་བྷུ་ཥི་ཏཱ་ཡ། ན་མཿཔདྨ་ཡཱ་ནཱ་ཡཱ། ན་མཿཔདྨ་ཧེ་སྟཱ་ཡཱ། ན་མོ་མཎྜ་ལ་ཤི་ཁཱ་ཡ། ན་མོ་ཨ་ཤཱི་ཏྱནཱུ་བྱཾ་ཛ་ན། ལཀྵ་ཎཱ་ཡ། ན་མོ་ཨེ་སུ་རཱ་ཀེ་ཀུཉྩི་ཏ་ཡ་སྭཱཧཱ། འདི་ན་ཨི་མཐུ་ཆེན་པོ་ཐོབ་པ་དཔེ་བྱད་བརྒྱད་ཅུའི་རྗེས་སུ་བྱེད་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་སྒྲོལ་མའི་རྟོག་པ་དོན་ཆེན་པོ་སྦྱིན་པ་སྟེ་གང་ལ་ལ་འདི་དྲན་པར་བྱེད་པ་དེའི་དོན་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་ག་ནི་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་ངམ། ཆུ་གླིང་ངམ། རྒྱ་མཚོའི་ཆུ་གླིང་དུ་གང་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་བྱེ་མའི་རང་བཞིན་གྱི་མཆོད་རྟེན་བྱས་ཏེ་སྲོག་ཤིང་བཙུགས་ནས་དྲི་དང་། བདུག་པ་ལ་སོགས་པ་ཇི་ལྟར་འབྱོར་པས་རེ་རེའི་སྤྱན་སྔར་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཇི་སྲིད་དུ་མཆོད་རྟེན་སྟོང་ཕྲག་བརྒྱད་པོ་རྫོགས་ཀྱི་བར་དུའོ། །གལ་ཏེ་ཕྱིས་མཆོད་རྟེན་འབར་ནས་ཆེན་པོའི་བདག་པོར་འགྱུར་རོ། །དེ་ནས་འབར་ན་གྲུབ་པར་འགྱུར་ཏེ་དེ་ནས་ལས་ཐམས་ཅད་དུ་འགྱུར་རོ། །རྒྱལ་པོའམ། རྒྱལ་པོའི་བློན་པོའམ། བུད་མེད་དམ། སྐྱེས་པ་དབང་དུ་བྱ་བར་འདོད་ན་མཆོད་རྟེན་གྱི་སྤྱན་སྔར་དྲི་ལ་སོགས་པ་ཕུལ་ནས་སྟོང་ཕྲག་བརྒྱད་བཟླས་པ་བྱའོ། །ཉི་མ་བདུན་ཐུན་གསུམ་དུ་བྱས་ནས་དགའ་བར་འགྱུར་རོ། །གང་བླངས་པ་དེ་རྙེད་དོ། །འཇིགས་པ་ལ་དམ་ཚིག་ལ་གནས་ཏེ་བཟླས་པ་བྱས་ན་འཇིགས་པ་མེད་པར་འགྱུར་རོ། །ལས་ཕྲ་མོ་རྣམས་བཀླགས་པ་ཙམ་གྱིས་གྲུབ་སྟེ་ལས་ཐམས་ཅད་བྱེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་དཔེ་བྱད་བརྒྱད་ཅུའི་རྗེས་སུ་བྱེད་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་ས་ཨེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་རྒྱན་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སྭཱཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བི་མུཀྟེ་ཏེ་ཛེ། ཨ་བྷ་ཡ་དྷརྨ། ར་སི་གུ་ན་སཱ་ག་ར་པདྨེ་མ་ན་སི། བྲཧྨེནྟྲ་པྲ་ཏི་བནྣ་མ་ཧོ་ཏྱ་ཏ། ཏདྱ་ཐཱ། དཱ་མ་ན། དཱ་མ་ནི། ཏུ་རུ་ཏུ་རུ། ཏིཥྛ་ཏིཥྛ། མ་དྷུ་མ་དྷུ། མད་དྷི། མད་དྷི། སརྦ་ཀཱ་ཏྱཾ་ཀུ་རུ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་ཡོན་ཏན་གྱི་རྒྱན་ཞེས་བྱ་བ། སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་ཐམས་ཅད་སྦྱིན་པ། གང་རིག་པའི་རྒྱལ་པོ་ཡོན་ཏན་རྒྱན་འདི་རྟག་ཏུ་དྲན་པར་འགྱུར་བ་དེ་དུས་རིང་པོར་མི་ཐོགས་པར་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ་སྔར་བརྗོད་པའི་ཆོ་གས་བཅོམ་ལྡན་འདས་འོད་དཔག་མེད་ཐུབ་པའི་རས་རིས་འདྲིར་གཞུག་གོ་། འདབ་མ་སྟོང་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཆོས་སྟོན་པར་མཛད་བཞིན་པ་འདྲིར་གཞུག་པར་བྱའོ། །གཡས་ཀྱི་གཞོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨ་ལ་བཞུགས་པ། སྐུ་མདོག་དཀར་པོ། རལ་པའི་ཅོད་པཎ་འཆང་བ། བཅོམ་ལྡན་འདས་ལ་ཕྱག་འཚལ་བཞིན་པའོ། །དེའི་འོག་ཏུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པ་པུས་མོ་བཙུགས་པ་སྟེ་སྔར་བཞིན་ནོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་དེ་བཞུགས་སུ་གསོལ་ནས་ཚེས་གྲངས་དང་། བྱེད་པ་དང་། ཡུད་ཙམ་དགེ་བས་གསོ་སྦྱོང་ཡན་ལག་བརྒྱད་པ་དང་། བྱམས་པ་ལ་གནས་ཏེ་མཆོད་པ་ཆེན་པོ་བྱས་ཏེ་ཟླ་བ་ཉ་ལ་སྟོང་ཕྲག་བཅུར་བཟླས་པར་བྱའོ། །འདིས་སྔོན་དུ་བསྙེན་པ་བྱས་ན་མཆོད་རྟེན་དེ་ཉིད་ལ་པདྨ་རེ་རེ་ལ་ཡོངས་སུ་བཟླས་ནས་རས་རིས་ཀྱི་སྤྱན་སྔར་དབུལ་བར་བྱའོ། །ཉི་མ་རེ་རེ་ལ་སྟོང་དབུལ་བར་བྱ་སྟེ་གང་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད་བཅུ་གཉིས་ཀྱི་བར་དུའོ། ། མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་པདྨ་དཀར་པོ་སྟོང་ཕྲག་གསུམ་སྦྱིན་སྲེག་བྱའོ། །རས་རིས་ཀྱི་ཕྲེང་བ་གཡོ་བ་དང་། མར་མེ་འཕེལ་ཏེ་གཞན་དུ་འཕྲོ་བར་བྱེད་ན་འདི་ནི་དངོས་གྲུབ་ཀྱི་མཚན་མ་སྟེ་རྒྱལ་སྲིད་ཆེན་པོ་རྙེད་དོ། །མ་གྲུབ་ན་ཡུལ་རྙེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ངེས་པར་སྐྱེས་པ་ཡོན་ཏན་གྱི་རྒྱན་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་བྱང་ཅ་ཧུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆེན་པོ་སྒོམ་བཞིན་དུ་བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོ་ཆེན་པོར་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཨུདྡྷ་པྲ་ཛྭ་ལི་ཏ་ཛ་ཊཱ་ཡ་སུ་ཁཱ་བཏྱཾ། པྲ་མོ་ཙ་ཏེ། ཏདྱ་ཐཱ། བྷ་ག་ཝ་ཏེ། ཨ་མི་ཏཱ་བྷཱ་ས་ཡ། བཱ་དཱ་མཱུ་ལེ། མ་མ་ཙ་ཧྲྀ་ད་ཡ། པྲ་ཏི་གྲྀཧྣ་བྷ་ག་པཱ་ན། མ་མ་ཨ་ནུ། ཀམྦ་མུ་ས་ཏཱ་ཡ། ཏདྱ་ཐཱ། སཱ་དྷུ་སཱ་དྷུ། སུཥྛུ་པྲི་ཥྱ་མི་ཏི་ལཾ་བྷ་ལངྒྷ་ཛྱོ་ཏི་ཥྤ་བ་ཏི། བི་བྷུ་དྷ་པདྨ་ཧ་སྟཱ་ཡ་སུ་མེ་སུ་མེ། བི་སུ་མ་གི་རི་གི་རི་ཎི་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བ་རིག་པའི་རྒྱལ་པོ་ཆེན་པོ་བཟླས་པ་ཙམ་གྱིས་འཇིགས་པ་ཐམས་ཅད་ལས་སྲུང་བའོ། །འདིའི་ཆོ་ག་ནི་བླ་གབ་མེད་པར་ཤིང་གཅིག་གི་འོག་ཏུ་བུམ་པ་ཙམ་གྱི་མཆོད་རྟེན་བྱས་ནས་དེའི་སྤྱན་སྔར་ཨ་ག་རུ་འབུམ་གྱི་སྦྱིན་སྲེག་བྱའོ། །གང་གི་དོན་དུ་སྦྱིན་སྲེག་བྱས་པ་དེའི་མཆོག་རྙེད་དོ། །རྒྱལ་པོའམ། རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་པས་མཆོད་རྟེན་གྱི་སྤྱན་སྔར་ལན་ཚྭའི་གཟུགས་བརྙན་གྱི་གཟུགས་བརྙན་བྱས་ནས་པཱ་ལ་ཤའི་མེ་ལ་ཉི་མ་གསུམ་ལ་ལན་བདུན་ཐུན་མཚམས་གསུམ་དུ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱ་བར་འདོད་ན་ཐང་གི་ཕྱོགས་སུ་ཡུངས་ཀར་ཁྲག་གིས་བཏགས་པ་རྣམས་སེང་ལྡེང་གི་མེ་ལ་ཡུངས་ཀར་དང་། སེང་ལྡེང་བཏགས་པ་རྣམས་ཀྱི་ཉི་མ་གསུམ་དུ་ཐུན་མཚམས་གསུམ་དུ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་བྱེ་མ་ལ་མཆོད་རྟེན་སོར་བཞི་ཙམ་མམ། མཐོ་གང་ཙམ་མམ། བདེ་བར་གཤེགས་པའི་མཐོ་གང་གི་ཏ་ཤད་ཙམ་པ་བརྒྱད་ལྷག་པའི་སྟོང་བྱས་ལ་སྲོག་ཤིང་ཕུལ་ཏེ་མཆོད་པ་ལ་སོགས་པའི་ཆོ་གས་རེ་རེའི་སྤྱན་སྔར་སྟོང་རྩ་བརྒྱད་བཟླས་པར་བྱ་སྟེ་ཇི་སྲིད་སྟོང་རྩ་བརྒྱད་གནས་པ་ན་དོང་རྩེ་སྟོང་སྟོང་རྙེད་པར་འགྱུར་རོ། །རྒྱ་མཚོའི་ངོགས་སུ་མཆོད་རྟེན་རེ་རེའི་སྤྱན་སྔར་ཆོ་ག་སྔོན་དུ་འགྲོ་བས་སྟོང་ཕྲག་བརྒྱད་བཟླས་ན་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་སྟེ་མཆོག་ཅི་འདོད་པ་དེ་སྩོལ་བར་མཛད་ཅིང་གང་ཚོལ་བ་དེ་རྙེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཏིང་ངེ་འཛིན་དེ་ཉིད་སྒོམ་བཞིན་དུ་བཅོམ་ལྡན་འདས་མའི་རྟོག་པའི་རྒྱལ་པོ་ཆེན་པོར་དཔའ་བོ་ལྡན་མ་ཞེས་བྱ་བ་རིག་པའི་རྒྱལ་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡི། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཤི་རི་བི་སི་རི་སྨྲི་ཏི་བཏ་ཙ་ནེ། ཏེ་ཛོ་བ་དྷ་ནི་ཧ་ར་ཧ་ར་ཨ་མུ་ཀཾ་མེ་བ་ས་མཱ་གཙྪ་ཏུ་ར་མ་ནི། བི་ར་མ་ཎི། བི་ར་བཱ་སི། མི་ནི་སཽ། ཏ་མུ་ཏ་ཁེ་བཱི་བརྞ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་དཔའ་བོ་དང་ལྡན་མ་ཞེས་བྱ་བའི་རིག་པའི་རྒྱལ་མོ་ཆེན་མོ་སེམས་ཅན་ཐམས་ཅད་རྗེས་སུ་སྲུང་བར་བྱེད་པ། རྒྱལ་བ་མཆོག་གི་སྲས་རྣམས་ཀྱིས་གང་དཔའ་བ་དང་ལྡན་པའི་རིག་པ་འདི་རྟག་ཏུ་དྲན་པ་དེ་ནོར་གྱི་དངོས་གྲུབ་ངེས་པར་དེའི་བརྩོན་པ་དང་བཅས་པ་དང་། དེའི་འདོད་པ་ལས་འགྲུབ་བོ། །འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཝང་གིས་འདྲིར་གཞུག་པར་བྱ་སྟེ་པདྨའི་གདན་ལ་ཕྱག་ན་པདྨ་སྟེ་གཡས་པས་མི་འཇིགས་པ་སྦྱིན་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། །དེའི་གཡས་སུ་སྒྲུབ་པ་པོ་སྟེ་སྔར་བཞིན་ནོ། །རས་རིས་དེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་། བདུག་པ་དང་། ཕྲེང་བ་ཕུལ་ནས་ཉིན་མཚན་དུ་སྨྱུང་བར་གནས་པར་ཟླ་བ་ཉ་ལ་འོ་ཐུག་གི་ཁམ་ཕོར་བཅུ་གཉིས་ཕུལ་ནས་ཨ་ག་རུའི་བདུག་སྤོས་དབུལ་ལོ། །དེ་ནས་ཀུ་ཤའི་ཁྲེས་ལ་འདུག་སྟེ་སྟོང་རྩ་བརྒྱད་བཟླས་པར་བྱའོ། །སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །ལས་ཐམས་ཅད་ཀྱི་དངོས་སྒྲུབ་ནི་འདི་ཉིད་ཀྱི་ཆོ་གས་འབུམ་བཟླས་པར་བྱའོ། །ཕྱི་ནས་རས་རིས་ཀྱི་སྤྱན་སྔར་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་སྣ་མའི་མེ་ཏོག་རེ་རེ་ལ་ཡོངས་སུ་བཟླས་ནས་དཀྱིལ་འཁོར་དུ་གཏོར་བར་བྱའོ། །དེ་ལྟ་བུ་ཉི་མ་བདུན་དུ་ཐུན་གསུམ་དུ་ཇི་སྲིད་སྟོང་རྩ་བརྒྱད་བྱས་ན་ཉི་མ་བདུན་པ་ལ་གང་འདོད་པ་དེ་དབང་དུ་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་ཨ་ག་རུ་ནག་པོ་འབུམ་ཕྲག་གསུམ་སྦྱིན་སྲེག་བྱས་ན་རྒྱལ་སྲིད་རྙེད་དོ། །མ་གྲུབ་ན་གྲོང་རྙེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་དཔའ་བོ་ལྡན་མ་ཞེས་བྱ་བའི་རིག་པའི་རྒྱལ་མོ་ཆེན་མོ་ཡོངས་སུ་རྫོགས་སོ། ། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་ར་ཨས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་གྱི་རྒྱལ་པོ་དེ་ཉིད་སྒོམ་བཞིན་དུ་བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོ་ཆེན་པོར་མི་འཇིགས་པ་རབ་ཏུ་སྦྱིན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། དཱི་པྟ་པིངྒ་ལེ་ཧ་རི་པིངྒ་ལེ་ཨ་སོ་ནི་ཏཱ་དྷ་དྲཱ་ལེ་ཧི་ཨེ་ཧི། མ་མ་པ་རཾ་པྲ་ཡཙྪ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ་མི་འཇིགས་པ་རབ་ཏུ་སྤྱིན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོའོ། །དེ་ནས་འདིའི་ཆོ་ག་ནི་རས་སམ། འབྲས་བུ་ཅན་ལ་སེན་རྩིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ་པདྨའི་གདན་ན་ལ་པདྨའི་ཕྱག་ཅན། མི་འཇིགས་པ་རབ་ཏུ་སྦྱིན་པའོ། །སྒྲུབ་པ་པོའང་སྔར་བཞིན་ནོ། །དེའི་སྤྱན་སྔར་ཐུན་གསུམ་དུ་མར་གྱིས་བཏགས་པའི་ཙནྡན་དམར་པོའི་སྦྱིན་སྲེག་འབུམ་བྱས་ན་གསེར་བརྒྱ་རྙེད་དོ། །འབུམ་ཕྲག་བདུན་སྦྱིན་སྲེག་བྱས་ན་རྒྱལ་སྲིད་རྙེད་དོ། །འདིར་པདྨ་རཱ་ག་འབྱུང་བར་འགྱུར་བ་ནི། ན་མོ་ཏཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཡི་གེ་ཙྪི་ཏྭེ་ཙ་པ་རི་པ་ཎ། ཨཻ་ཤྲ་ཏྱཾ། ད་དཱ་ཏི། མེ་བཛྲི་ཎི། གྷྲི་ཎི། མོ་ཧ་ནི། མོ་ཧ་ཛ། ཛཾ་བྷ་ནི། སྟཾ་བྷ་ནི། ཨ་བྷ་ཡ་པྲ་དི། ཨ་བྷ་ཡ་པྲ་དི། ལ་ལ་ལ་ལ། ལ་ལ་ལ་ལ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་པདྨ་རཱ་ག་སྦྱིན་པའི་སྔགས་སོ། །འདིའི་ཆོ་ག་ནི་ཙནྡན་དམར་པོས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱའོ། །དེའི་སྤྱན་སྔར་མར་དང་སྦྲང་རྩིས་བཏགས་པའི་མེ་ཏོག་དམར་པོའི་སྦྱིན་སྲེག་འབུམ་བྱས་ན་པདྨ་རཱ་ག་བརྒྱད་རྙེད་དོ། །ཟས་ཀྱི་སྔགས་ཀྱི་ཆོ་གར་འགྱུར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། པྲ་བྱཱ་ཀ་རཱི། པྲ་བྷ་ཀ་རཱི། ཛྱོ་ཏིཥྨ་ཏི་སུ་ཙི་བི་མུ་ཙཱ་ཡ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ་ཟས་གོས་སྦྱིན་པའི་སྔགས་སོ། །འདིའི་ཆོ་ག་ནི་ཁྲག་དང་། བ་བླ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱའོ། །དེའི་སྤྱན་སྔར་མར་གྱིས་བཏགས་པའི་འོ་ཐུག་གི་སྦྱིན་སྲེག་ཇི་སྲིད་འབུམ་ཕྲག་གཅིག་བྱས་ན་གནས་ཐམས་ཅད་དུ་ཟས་གོས་རྙེད་དོ། །འདི་ནི་དངུལ་སྦྱིན་པར་འགྱུར་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལེ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཛྭ་ལ་ཛྭ་ལ་པྲ་ཛྭ་ལ། གྷ་ན་གྷ་ན། ཧ་ཊཱ་ཡ། སྭཱ་ད་ཡ། སཱ་ད་ཡ། ཨེ་ཧི་ཨེ་ཧི། ཕུ་ཕུ་ཕུ་ཕུ། གྷུ་གྷུ། ཕུ་ར་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་དངུལ་སྦྱིན་པའི་སྔགས་ཏེ་འདིའི་ཆོ་ག་ནི་གུར་གུམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ་དེའི་སྤྱན་སྔར་ཞོ་དང་། སྦྲང་རྩི་དང་། སྦྲང་རྩི་མར་གྱིས་བཏགས་པའི་ནཱ་ག་གེ་སར་གྱི་སྦྱིན་སྲེག་འབུམ་བྱས་ན་དངུལ་བརྒྱ་རྙེད་པར་འགྱུར་རོ། །ཡད་འདིར་གསེར་རབ་ཏུ་སྦྱིན་པའི་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ག་རུ་རུ་ཕ་ར་བ་ར། བ་རི་ལི་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ་གསེར་སྦྱིན་པའི་སྔགས་སོ། ། འདིའི་ཆོ་ག་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་མ་ལླི་ཀའི་མེ་ཏོག་རེ་རེ་ལ་ཡོངས་སུ་བཟླས་ནས་མཆོད་རྟེན་གྱི་དྲུང་དུ་གཏོར་བར་བྱའོ། །ཐུན་གསུམ་དུ་སྟོང་ཕྲག་བརྒྱད་གཏོར་ན་ཟླ་བའི་ནང་དུ་གསེར་བརྒྱ་རྙེད་དོ། །རས་རིས་ཀྱི་ཆོ་གར་འགྱུར་བ་ནི་རས་ལ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པ་གྱེན་དུ་བརྫེས་པ། ཕྱག་ན་སྤྱི་བླུགས་བསྣམས་པ། པདྨའི་གདན་ལ་བཞུགས་པ་འདྲིར་གཞུག་པར་བྱའོ། །རས་རིས་དེས་གྲོང་ངམ། དགོན་པར་ཨ་ཤྭཏྠའི་ས་ཧིང་གི་འོག་ཏུ་གཙང་མའི་ཕྱོགས་སུ་བཞུགས་ནས་སྲ་རྩི་པོག་གི་སྲེག་བླུགས་འབུམ་ཕྲག་བདུན་སྦྱིན་སྲེག་བྱས་ན་བཅོམ་ལྡན་འདས་ཀྱིས་མྱུར་དུ་རྒྱལ་སྲིད་སྩོལ་བ་ཨར་འགྱུར་རོ་ཞེས་པ་དེ་རྣམས་ལྔ་པོ་ཙམ་ནི་བཅོམ་ལྡན་འདས་མ་སྒྲོལ་མའི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་མི་འཇིགས་པ་རབ་ཏུ་སྦྱིན་པ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་ད་ཨང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་བསྒོམས་ནས་བཅོམ་ལྡན་འདས་མའི་རྟོག་པའི་རྒྱལ་པོ་ཆེན་པོར་ཨོཾ་ཡིག་རབ་ཏུ་འབྱུང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་སྱ་ཏ་ཐཱ་ག་ཏཱ། ཨརྷ་ཏེ། སམྱཀྶཾ་བུ་དྡྷཱ་སྱ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨ་མུཀྟེ། ཨ་མུཀྟེ། ཙ་ཙྪད་ནེ། མཱ་དྷེ་ནི་མཱ་དྷེ་ནི། སུ་རུ་དྷི། རུ་ཏ་མཱ་ཡ། དྷ་རཱི། ཧུ་ཧུ། ཧུ་ཧུ། མ་ཐ་མ་ཐ་མ་ཐ། ཨོཾ་ར་པྲ་མུ་ཁ། པཱ་ལ། པཱ་ལ། མཧཱ་པཱ་རི་པཱ་ལ། ཏེ་ཛ། ན་མོ་སྟུ་ཏེ། སརྦ་དུཥྚཾ་ཏྭཾ་བཱ་སི་སཱ་ཏཱ་ཎི་མཱ་ཎེ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ་འཁོར་བའི་སྣ་ཐག་གྲོལ་བར་བྱེད་པ་ཞེས་བྱ་བ་རིག་པའི་རྒྱལ་པོ་ཆེན་པོ་གང་འདི་རྟག་ཏུ་དྲན་པར་བྱེད་ན་འཁོར་བར་ཡུན་རིང་དུ་མི་འཁོར་རོ། །བཟླས་པ་ཉིད་ཀྱིས་མཚམས་མེད་པ་ལྔ་པོ་རྣམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་ག་ནི་སྔར་བརྗོད་པའི་རས་ལ་བཅོམ་ལྡན་འདས་འཕགས་ས་སྤྱན་རས་གཟིགས་དབང་ཕྱུག་ནམ་མཁའ་ལ་འགྲོ་བ། ཀུན་ནས་འོད་འབར་བ། པདྨ་ཕྱག་ན་བསྣམས་པ། གཡས་པར་མི་འཇིགས་པ་སྦྱིན་པའོ། །སྒྲུབ་པ་པོ་ཡང་དག་པའི་ལུས་ཀྱི་མགོ་བོས་བདུག་པ་སྲེག་པ། ཆ་བྱད་དང་། རྣམ་པ་ཇི་ལྟ་བ་བཞིན་འདྲིར་གཞུག་པར་བྱའོ། །དེ་ནས་རས་རིས་དེ་སྔར་བརྗོད་པའི་གནས་སུ་བཞུགས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པའི་དེ་ཉིད་ཀྱིས་ཕུལ་ལ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །མཚམས་མེད་པ་ལྔ་པོ་རྣམས་རྣམ་པར་སྦྱོད་བར་བྱེད་དོ། །འབུམ་ཕྲག་དྲུག་བཟླས་པས་དམ་བཅས་པ་རྙེད་པར་འགྱུར་རོ། །གདུག་པ་ཤ་ཟ་དང་། སྲིན་པོ་རྣམས་འཆིང་བར་འདོད་ན་ཀུ་ཤའི་སྣ་ཐག་གིས་བསྐོར་ནས་སྟོང་ཕྲག་བརྒྱད་མངོན་པར་སྔགས་ཏེ་གདུག་པ་གང་ན་གནས་པའི་ཤིང་ངམ། ཁྱིམ་ལ་སོགས་པ་ལ་དཀྲི་བར་བྱའོ། །གདུག་པ་ཐམས་ཅད་བཅིངས་པར་འགྱུར་རོ། །གདུག་པའི་སེམས་དང་། སེམས་ཅན་རྣམས་ཟིལ་གྱིས་གནོན་པར་འགྱུར་རོ། །རྣ་བའི་མིག་སྨན་སྒྲུབ་པར་འདོད་ན་རས་རིས་ཀ་ཡི་སྤྱན་སྔར་སྟོང་ཕྲག་རྫོགས་པའི་སྲེག་བླུགས་བྱས་ནས་ཨ་ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་བཞག་ནས་དུ་བ་འཐུལ་ན་དེ་རྣམས་རྒྱལ་བའི་སྤྱན་དང་མཚུངས་པར་འགྱུར་རོ། །ལོ་སྟོང་ཕྲག་གསུམ་དུ་འཚོ་བར་བྱེད་དོ། །རས་རིས་ཀྱི་སྤྱན་སྔར་པདྨ་དཀར་པོ་འབུམ་ཕྲག་གསུམ་དབུལ་བར་བྱའོ། །རྒྱལ་སྲིད་རྙེད་དོ། །མ་གྲུབ་ན་ཡུལ་རྙེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་འཁོར་བའི་སྣ་ཐག་གྲོལ་བར་བྱེད་པ་ཞེས་བྱ་བ་རིག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་པྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་བཅོམ་ལྡན་འདས་མའི་རྟོག་པའི་རྒྱལ་པོ་ཆེན་པོར་ཡི་གེ་བཅུ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་ཪྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ད་ཤ་ནི། ཀ་ར་ཎི། བི་ཀ་ར་ཎི། བི་དྷུ་ལི། བཱི་ལ་ཡ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་ཡི་གེ་བཅུ་གཅིག་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་རྟག་ཏུ་སངས་རྒྱས་བཅུ་གཅིག་པའང་འདི་བདག་གིས་སྔོན་བཤད་པ་སྟེ་རྟག་ཏུ་བཟླས་པས་གསེར་རྙེད་དོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་ག་ནི་སྒྲུབ་པའི་ཆེད་དུ་འགྱུར་ཏེ་སྔར་བརྗོད་པའི་རས་རིས་ནཱ་ག་གེ་སར་གྱི་ཕྱེ་མ་དང་། བ་ལི་ཀ་བསྲེས་པས་འདྲིར་གཞུག་སྟེ་པདྨའི་གདན་ལ་བཞུགས་པ། བསམ་གཏན་སྒོམ་པ། ཕྱག་ན་པདྨ་བསྣམས་པ། ཕྱག་གཡས་པས་བགྲང་ཕྲེང་བསྣམས་པ། སྐུ་མདོག་དཀར་པོའོ། །སྒྲུབ་པ་པོའང་སྔར་བཞིན་ནོ། །རས་རིས་དང་པོའི་གནས་སུ་བཞག་ནས་འབུམ་ཕྲག་ལྔ་བཟླས་པར་བྱའོ། །སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །རིའི་རྩེ་མོར་ཉི་མ་གསུམ་དུ་མི་བཟའ་བར་སྟོང་ཕྲག་ཉི་ཤུ་བཟླས་པར་བྱ་སྟེ་གསེར་སྟོང་རྙེད་པར་འགྱུར་རོ། །ཙནྡན་དཀར་པོའི་ཚོན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྔར་བརྗོད་པ་བཞིན་འདྲིར་གཞུག་པར་བྱའོ། །དེའི་སྤྱན་སྔར་ཙནྡན་དཀར་པོའི་ཞོགས་མ་དང་བཅས་པ་འབུམ་ཕྲག་གསུམ་སྦྱིན་སྲེག་བྱས་ན་རྒྱལ་སྲིད་རྙེད་དོ། །མ་གྲུབ་ན་གྲོང་རྙེད་དེ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་པ་ལའོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་འདོད་ཅིང་དོན་དུ་གཉེར་བ་སྦྱིན་པའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ད་བང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་བཅོམ་ལྡན་འདས་མ་སྒྲོལ་མ་རལ་པ་གྱེན་བརྫེས་རྟོག་པའི་རྒྱལ་པོ་ཆེན་པོ་རས་རིས་ཀྱི་གནས་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་ཪྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཀ་ཊེ་ནི་ཀ་ཊེ། ཀ་ཊཱཾ་ཀ་ཊེ། ཛྱོ་ཏི། ཏིཥྨ་ཏཱི། བི་པུ་ལེ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་རས་རིས་ཀྱི་གནས་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོའོ། །རྟག་ཏུ་བཟླས་པས་དོན་སྦྱིན་པར་བྱེད་ཅིང་སྡིག་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་གྲུབ་པར་ཡང་འགྱུར་རོ། །ཡང་འདིའི་ཆོ་ག་ནི་སྔར་བརྗོད་པའི་རས་རིས་ལ་འོད་དཔག་མེད་འདྲིར་གཞུག་པར་བྱ་སྟེ། སྐྱིལ་མོ་ཀྲུང་གིས་བཞུགས་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། ། བཅོམ་ལྡན་འདས་ཀྱི་གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི་ཅོད་པན་འཆང་བ། དར་དཀར་པོའི་སྟོད་གཡོགས་ཅན། བཅོམ་ལྡན་འདས་ལ་ཐལ་མོ་སྦྱོར་བར་བྱེད་བཞིན་པའོ། །གཡོན་དུ་འཕགས་པ་མཐུ་ཆེན་ཐོབ་པྲི་ཡང་ཀུ་ལྟར་སྔོ་བསངས། པདྨའི་གདན་ལ་བཞུགས་པ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱོར་བར་བྱེད་པའོ། །དེ་ལྟ་བུའི་རས་རིས་འདྲིར་བཅུག་ནས་གཙང་མའི་ཕྱོགས་སུ་པ་ཊའི་ཤིང་ལ་སོ་སོ་སོ་སོར་བཞག་ནས་འདི་ཉིད་ཀྱིས་དྲི་དང་། མེ་ཏོག་ལ་སོགས་པ་ཕུལ་ལ་འབུམ་ཕྲག་བདུན་བཟླས་པར་བྱའོ། །སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་མེ་ཏོག་དཀར་པོ་སྟོང་ཕྲག་བརྒྱད་ལ་རེ་རེ་ལ་ཡོངས་སུ་བཟླས་ནས་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་དབུལ་བར་བྱའོ། །དངོས་གྲུབ་ཀྱི་མཚན་མ་ནི་པདྨ་སྟོང་རྩ་བརྒྱད་པོ་དེ་རྣམས་གཅིག་ཏུ་གནས་པར་འགྱུར་ཏེ་འདི་ནི་དངོས་གྲུབ་ཀྱི་མཚན་མའོ། །འདི་དག་ཕྱེ་མར་བྱས་ནས་གཞན་ཤ་ལ་དང་བསྲེས་ཏེ་རྒྱལ་པོའམ། རྒྱལ་པོའི་བློན་པོའམ། གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ནད་ཀྱིས་གདུངས་པ་ལ་བྱིན་ན་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ཕྱེ་མ་དེས་མཚན་མ་དང་ལྡན་པ་མོ་ལ་རྡུལ་བཏབ་ན་བུ་རྙེད་དོ། ཐོ་རངས་བདག་ཉིད་ཀྱི་སྤྱི་བོར་ཕྱེ་མ་དེས་རྡུལ་བཏབ་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དེ་ལྟར་གང་འདོད་པ་དེ་ཐམས་ཅད་ཕྱེ་མ་དེས་བྱེད་དོ། །གྲོལ་བར་བྱེད་ན་ཉེ་བར་བཞག་པའི་ནད་དམ། ཁྲག་འཛག་པའམ། མཚན་མར་གདོལ་བའམ། དེ་བཞིན་དུ་དུག་ལ་སོགས་པ་ཐམས་ཅད་ལ་འཐུང་དུ་བཅུག་པའམ། ཅུང་ཟད་བྱུག་པར་སྦྱིན་པར་བྱ་སྟེ་ནད་ཐམས་ཅད་ཞི་བར་འགྱུར་རོ། །ཡང་འདིར་རས་རིས་ཀྱིས་གནས་ཀྱི་ཕྱེ་མའི་ཆོ་ག་ནི། ནཱ་ག་གེ་སར་དང་། ཙནྡན་དང་། ད་མ་ན་ཀ་དང་། ཏ་མ་ལའི་འདབ་མ་དང་། པུ་ཤེལ་རྩེ་དང་། རུ་རྟ་དང་། མེ་ཏོག་བརྒྱ་པ་སྟེ་འདི་རྣམས་ཆ་མཉམ་པར་སྦྱར་ནས་ཕྱེ་མར་བྱེད་དུ་གཞུག་གོ་།འདི་ནི་རས་རིས་ཀྱི་གནས་ཀྱི་ཕྱེ་མ་སྟེ་བརྒྱ་ཕྲག་བརྒྱད་མངོན་པར་སྔགས་ནས་གང་ལ་བཏུང་བ་ལ་སོགས་པར་བྱིན་པ་དེ་དབང་དུ་འགྱུར་ཏེ་བྲན་ཉིད་དུ་ཉེ་བར་གནས་པ་དང་། མཚོན་ཆའི་འཇིགས་པ་མེད་པ་དང་། གཉིས་མཉམ་དུ་རྙེད་ཅིང་རབ་ཏུ་འཇུག་གོ་། དེ་བཞིན་དུ་འཇིགས་པ་ལ་རས་རིས་ཀྱི་སྤྱན་སྔར་པདྨ་དཀར་པོ་འབུམ་ཕྲག་གསུམ་དབུལ་བར་བྱ་སྟེ་ཡུལ་ཆེན་པོ་རྙེད་དོ། །རྒའི་ཤིང་གིས་མེ་རབ་ཏུ་སྦར་ནས་པདྨ་དམར་པོས་འབུམ་ཕྲག་བདུན་སྦྱིན་སྲེག་བྱས་ན་རྒྱལ་སྲིད་ཆེན་པོ་རྙེད་དོ། །མ་གྲུབ་ན་གྲོང་ཁྱེར་ཆེན་པོ་རྙེད་དོ། །ཏིལ་གྱི་སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་གྲོང་གཅིག་རྙེད་དོ། །འབུམ་ཕྲག་ལྔ་སྦྱིན་སྲེག་བྱས་ན་ནོར་སྦྱིན་པ་དང་མཆོག་སྦྱིན་པར་བྱེད་ཅིང་དེ་དབང་དུ་བྱེད་དོ། །དུང་ལ་བརྒྱ་བཟླས་པ་ཉིད་ཀྱིས་དོན་ཐམས་ཅད་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་པ་རྫེས་ཀྱི་རྩ་བའི་རྟོག་པའི་རྒྱུད་ཆེན་པོར་རས་རིས་ཀྱི་གནས་ཡོངས་སུ་རྫོགས་སོ། ། །།སླར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་པདྨའི་མཐའ་ཞེས་པའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བྱ་ཛ་ནི། བེ་ཛ་ནི། བེ་ཛ་ཧ་ཏེ། པདྨ་ཥ་ཎྜ་ནི། བཱ་སཱི་ནི་བུདྡྷེ། བུདྡྷ་ཡ། པ་རི་པཱ་རཱ་ཡ། སརྦ་ག་ཏི་བི་ཛ་ཡཱ་ཡ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་པདྨའི་མཐའ་ཞེས་བྱ་བའི་རིག་པ་ཆེན་པོ་སྟེ་འདི་རྟག་ཏུ་བཟླས་པས་ཕྱིར་བཟློག་པར་འགྱུར་ཞིང་ནད་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ་གྲོ་གའི་འདབ་མ་ལ་གི་ཝང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ། པདྨ་ལ་བཞུགས་པ་ཐམས་ཅད་དཀར་པོ་རལ་པ་གྱེན་དུ་བརྗེས་པ་ཕྱག་གཡོན་པས་པདྨ་དང་། གཡས་པས་རིལ་བ་སྤྱི་བླུགས་བསྣམས་པའི་ཕྱག་གོ་།དེ་ནས་རས་རིས་གཙང་མའི་གནས་སུ་བཞུགས་སུ་གསོལ་ནས་འདི་ཉིད་ཀྱིས་དྲི་དང་། བདུག་པ་ལ་སོགས་པ་ཐམས་ཅད་བྱ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མཐར་ན་ཡིན་མཚན་དུ་སྨྱུང་བར་གནས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་བཅོམ་ལྡན་འདས་ལ་མེ་ཏོག་སྟོང་ཕྲག་བརྒྱད་ལ་ལེན་རེ་བཟླས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་བསྣུན་པར་བྱའོ། །དེ་ལྟར་ཇི་སྲིད་དུ་སྟོང་ཕྲག་བརྒྱད་ཅུ་རྫོགས་པའི་མཐར་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྲོད་ནས་བརྩམས་ཏེ་བཟླས་པར་བྱའོ། །དེ་ནས་ནམ་མཁའ་གྲུབ་བོ་ཞེས་པའི་ཆོ་ག་འབྱུང་སྟེ་གལ་ཏེ་མངོན་པར་འདོད་པ་དེ་རྙེད་དོ། །རྒྱལ་པོ་དང་། གང་དབང་དུ་བྱེད་པར་འདོད་ན་སྣ་མའི་ཕྲེང་བ་ཡོངས་སུ་བླངས་ནས་མེ་ཏོག་དེ་རེ་རེ་ལ་མངོན་པར་སྔགས་ནས་རས་རིས་ཀྱི་སྤྱན་སྔར་དབུལ་ཏེ་ཉིན་ཞག་བདུན་ཐུན་གསུམ་དུ་དབུལ་བར་བྱས་ན་དབང་དུ་འགྱུར་རོ། །བྲམ་ཟེ་ད་བང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་པཱ་ལ་ཤའི་མེ་ལ་ཉིན་ཞག་བདུན་ཐུན་གསུམ་དུ་གཡང་བཞི་ནག་པོའི་པགས་པས་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་བིལ་པའི་མེ་ལ་ཨུ་དུམ་བཱ་རའི་མེ་ཏོག་གིས་སྦྱིན་སྲེག་བྱས་ན་ཞག་གསུམ་གྱིས་དབང་དུ་འགྱུར་རོ། །དམངས་རིགས་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་ཨརྒའི་མེ་ལ་ལན་ཚའི་སྦྱིན་སྲེག་བྱས་ན་ཉི་མ་གསུམ་གྱི་དབང་དུ་འགྱུར་རོ། །ཐུན་མོང་བའི་བུད་མེད་དབང་དུ་བྱ་བར་འདོད་ན་མེ་དེ་ལ་ནས་ཀྱི་སྦྱིན་སྲེག་བྱའོ། །དགེ་སློང་ངམ། བྲམ་ཟེ་དབང་དུ་བྱ་བར་འདོད་ན་རས་རིས་ཀྱི་སྤྱན་སྔར་སེང་ལྡེང་གི་མེ་ལ་དཱུར་བའི་སྦྱིན་སྲེག་ཐུན་གསུམ་ཉི་མ་བདུན་དུ་བྱས་ན་བདུན་པ་ལ་དབང་དུ་འགྱུར་ཏེ་གང་དབང་དུ་བྱ་བ་དེ་ལ་ཟླ་བ་གཅིག་ཏུ་བཟླས་པས་དེ་དབང་དུ་འགྱུར་རོ། །བཅོམ་ལྡན་འདས་མ་འཕགས་མ་ས་གྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་སྐྱེས་པ་པདྨའི་མཐའ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པའི་རྒྱལ་པོར་པདྨ་གཟི་བརྗིད་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ད་མ་ནེ། ད་མ་ནེ། ཤཱནྟེ་ཤཱནྟེ། མཱ་ན་སེ། བི་ཛ་ཡེ། ཛ་ཡེ་བ་ཧེ། ཨ་ན་གྷེ། ཨ་ན་གྷེ། དཪྴ་ནེ། ཨ་པྲ་ཏི་ཧ་ཏ། སཱ་ས་ནེ། ཏིཥྛ་ཏིཥྛ། བི་ཛ་ཡ་བ་ཧེ། མ་བ་བ་རཾ། ཤོ་བྷ་ནེ། རུ་རུ་རུ་རུ་རུ་རུ་རུ་རཱ་ཡ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐེབ་པ་དང་བཅས་པ་པདྨ་གཟི་བརྗིད་ཅེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོའོ། །འདི་རྟག་ཏུ་བཟླས་པས་ནད་ཐམས་ཅད་མེད་པར་འགྱུར་རོ། །དེ་ནས་འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་ཏེ་ལེ་བརྒན་རྩིའི་ཆུ་དང་འདྲེས་པའི་ཚོན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རས་རིས་འདྲིར་གཞུག་པར་བྱའོ། །དཀར་པོ་རལ་པ་གྱེན་དུ་བརྫེས་པ། ཕྱག་ན་པདྨ་བསྣམས་པ། པདྨའི་གདན་ལ་ཉེ་བར་འདུག་པ། ཀུན་ནས་འབར་བའི་ཕྲེང་བས་འཁྲུགས་པའོ། །དེ་ནས་གཙང་མའི་ཕྱོགས་སུ་བཞུགས་ནས། འདི་ཉིད་ཀྱི་དྲི་དང་། མེ་ཏོག་དང་། བདུག་པ་སྲེག་ཅིང་འབུམ་ཕྲག་ལྔ་བཟླས་པར་བྱའོ། །དེ་ནས་ཙནྡན་དཀར་པོ་ཞོ་དང་། སྦྲང་རྩི་དང་། མར་ལ་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་གསུམ་བྱའོ། །དེ་མ་ཐག་ཏུ་རྒྱལ་སྲིད་རྙེད་དོ། །མ་གྲུབ་ན་གྲོང་གཅིག་གོ་།རས་རིས་ཀྱི་སྤྱན་སྔར་པཱ་ལ་ཤའི་འམ། ཨ་ག་རུ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱས་ན་གོས་བྱེ་བ་བརྒྱ་རྙེད་དོ། །ལེ་བརྒན་རྩིའི་སྲེག་བླུགས་འབུམ་བྱས་ན་གཏེར་མཐོང་ངོ་། གང་བསྟན་པ་ཟླ་བ་གཅིག་ཏུ་བཟླས་ན་དེའི་དོན་རྙེད་དོ་ཞེས་པ་སྟེ་འདོད་པས་ཉེ་བར་བཞག་པ་མ་གཏོགས་སོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་ག་ཡེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་པདྨ་གཟི་བརྗིད་ཅེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་མ་རྟོག་པའི་རྒྱལ་པོས་དཔལ་བེའུ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བ་སུ་ར། མ་ར། བ་ནི། གྷུ་གྷུ། ན་བ་རཾ། བ་རཱ་ཡ་ནི། ཨེ་ཧི་ཨེ་ཧི། བུ་དྷྱ་བུ་དྷྱ། བི་དྷྱ་ཡེ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ་དཔལ་བེའུ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་དྲན་པ་ཙམ་གྱིས་ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་པའོ། །འདིའི་ཆོ་ག་ནི་གུར་གུམ་དང་བསྲེས་པའི་ཚོན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདིར་གཞུག་པར་བྱའོ། །རལ་པ་གྱེན་དུ་བརྫེས་པ། པདྨ་ལ་བཞུགས་པ། ཕྱག་གཡོན་ན་པདྨ་བསྣམས་པ། གཡས་པས་མཆོག་སྦྱིན་པ། ཐུགས་ཀར་དཔལ་བེའུར་མཚན་མས་བརྒྱན་པའོ། །གཡས་སུ་གུར་གུམ་གྱིས་དཔལ་བེའུ་བྲི་བར་བྱའོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་རས་རིས་ཞལ་ནུབ་དུ་ཕྱོགས་པར་བཞུགས་ནས་མཆོད་རྟེན་དེ་ཉིད་ཀྱིས་བདུག་པ་བསྲེགས་ཏེ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མཐར་ཉིན་མཚན་དུ་སྨྱུང་བར་གནས་ཏེ་ནཱ་ག་གེ་སར་རེ་རེ་ལ་ཡོངས་སུ་བཟླས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀར་བསྣུན་པར་བྱའོ། །དེ་ལྟ་བུ་ཟླ་བར་རྫོགས་པར་བྱས་ན་གཏེར་ཆེན་པོ་མཐོང་བར་བྱེད་དོ། །ཉི་མ་བདུན་གྱིས་གསེར་སྟོང་རྙེད་དོ། །ཕྱོགས་ཀྱི་ཡུལ་རྙེད་དོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པ་དཔལ་བེའུ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་བཞིན་དུ་བཅོམ་ལྡན་འདས་མའི་རྟོག་པའི་རྒྱལ་པོར་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། གོ་པ་ཏི་པ་ཏི། ཙ་ར་པ་ཏི་པ་ཏི། ཤ་ས་ནི། ཤ་སི་ནི། བྷུ་བྷུ། ཙི་ལི་ཙི་ལི་ཙིལྤ་ཡ་སྭཱཧཱ། འདི་ནི་མཐུ་ཆེན་པོ་ཐོབ་པ་དང་བཅས་པ་སྟེ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་ཆེན་པོ་རྟག་ཏུ་བཟླས་པས་སའི་རྒྱལ་པོར་འགྱུར་རོ། །འདིའི་སྒྲུབ་ཐབས་ཀྱི་ཆོ་གར་འགྱུར་བ་ནི་རས་ལ་ལི་ཁྲིའི་ཕྱེ་མ་དང་བསྲེས་པའི་ཚོན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ་རལ་པ་གྱེན་དུ་བརྫེས་པ། རིལ་བ་སྤྱི་བླུགས་ཕྱག་ན་བསྣམས་པ། གཞོགས་སུ་སོན་པ། པདྨའི་གདན་ལ་བཞུགས་པ། མི་འཇིགས་པ་རབ་ཏུ་སྦྱིན་པའོ། །དེ་ནས་རས་རིས་དེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་མཆོད་རྟེན་གྱི་བྱང་དུ་བཞུགས་ནས་འདི་ཉིད་ཀྱིས་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་འབུམ་བཟླས་སོ། །མཐར་ཉིན་མཚན་དུ་སྨྱུང་བར་གནས་བས་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྲོད་ནས་བརྩམས་ནས་བཟླས་པར་བྱ། ནམ་མཁའ་ལས་གྲུབ་བོ་ཞེས་པའི་སྒྲ་ཐོས་པར་འགྱུར་ཏེ་གང་དུ་མཆོད་པ་དེར་ཆར་ལྷུང་བར་འགྱུར་རོ། །མ་གྲུབ་ན་ཡུལ་རྙེད་དོ། །དེའི་སྤྱན་སྔར་པ་ལཱ་ཤའི་མེ་ལ་ཀླུ་ཤིང་གི་མེ་ཏོག་མར་ལ་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་དངུལ་འབུམ་རྙེད་དོ། །དོང་རྩེ་བརྒྱ་རྙེད་པར་འགྱུར་རོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལ་ངེས་པར་སྐྱེས་པའི་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་རིག་པའི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་སོ། ། །།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ལས། ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་ལས་ངེས་པར་སྐྱེས་པའི་རིག་པའི་སྔགས་རྣམས་ཏེ་ལེའུ་རབ་འབྱམས་བཅུ་གསུམ་པ་རྫོགས་སོ། ། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སླར་ཡང་ཐམས་ཅད་དང་ལྡན་པའི་འཇིག་ར་ཏེན་གྱི་ཁམས་སུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དག་པའི་ཡུལ་རྣམ་པར་འཕྲོ་ཞིང་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་རྟོག་པའི་རྒྱལ་པོ་ཆེན་པོ་འདིར་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་བསྒྲུབ་པར་བྱ་བའི་དོན་ད་ཨུ་བདག་གིས་འཆད་བཞིན་པའི་ཆེད་དུ་ལྷ་ཐམས་ཅད་ཀུན་ཏུ་བགེགས་ཀྱི་བསམ་པ་དེ་བཞིན་གཤེགས་པ་ཉེ་བར་འཕོ་བར་འགྱུར་བ་དེ་ལ་བདག་གིས་སེམས་ཅན་ཐམས་ཅད་རབ་ཏུ་སྐྲག་པར་བྱེད་པ་ལ་མི་འཇིགས་པ་རབ་ཏུ་སྦྱིན་པ་བཤད་ཀྱིས། ཀྱེ་ལྷའི་ཚོགས་རྣམས་དང་། འབྱུང་པོའི་ཚོགས་ཐམས་ཅད་དང་། བགེགས་དང་། ལོག་པར་འདྲེན་པ་དང་། གནོད་སྦྱིན་གྱི་དབང་པོ་ཐམས་ཅད་དང་། གང་ཡང་གཞན་རིག་པའི་སྡེ་དཔོན་རྣམས་ཉོན་ཅིག་།བདག་གིས་རིག་པའི་རྒྱལ་པོ་ཆེན་པོ་ཁྲོ་གཉེར་ཅན་ཞེས་བྱ་བའི་རིག་པ་ཐམས་ཅད་ཀྱི་རྒྱལ་མོ་བཅོམ་ལྡན་འདས་མ་སྒྲོལ་མས་གསུངས་པ། རིག་པ་ཐམས་ཅད་ཀྱི་མངའ་བདག་།དབང་དུ་གྱུར་པ། དེ་བཞིན་གཤེགས་པས་གསུངས་པ། གསོལ་བ་འདེབས་པ་མངོན་པར་འདུ་བྱེད་པ་ཉིད་དང་། དེ་དང་མཐུན་པར་འཇིགས་པ་ཆེན་པོ་ཐམས་ཅད་འཕྲོག་པ་དང་། སྐེམས་པ་དང་གསོད་པར་བྱེད་པ། རྟོག་པའི་རྒྱལ་པོ་འདིར་ལས་ཀྱི་ཆོ་ག་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཀྱི་སྔ་དྲོ་ལངས་ནས་ག་ཙང་མར་གྱུར་པ་ལས་ཤར་ལ་སོགས་པར་ཀུན་ཏུ་བལྟས་ཏེ་ལག་མཐིལ་ལ་ཡོངས་སུ་བཟླས་ནས་ཉི་མའི་དཀྱིལ་འཁོར་ལའང་ཀུན་ཏུ་བལྟས་ནས་དེར་ལག་མཐིལ་ལ་བཟླས་པར་བྱའོ། །བགེགས་ཐམས་ཅད་རེངས་པར་འགྱུར་རོ། །གཞན་ཡང་། གདུག་པའི་བསམ་པ་རྣམས་ལ་དེ་བཞིན་དུའང་ཉི་མ་སོ་སོར་བྱས་ན་ཐམས་ཅད་རིང་པོར་མི་ཐོགས་པ་ཁོ་ནར་ཐམས་ཅད་ཞི་བའི་ལས་འགྲུབ་པར་འགྱུར་རོ། །རྒྱས་པ་ཅན་ཡང་ཉི་མ་ནུབ་པའི་དུས་ཚོད་ལ་དེ་ཉིད་ཀྱིས་ལས་བྱའོ། །མངོན་སྤྱོད་ཅན་ལ་མཚན་ཕྱེད་ན་གནས་གཅིག་ཏུ་གཙུག་ཕུད་དགྲོལ་ཞིང་ལན་བདུན་བརྗོད་ཅིང་ནམ་མཁའི་མཐིལ་དུ་ལྟས་ནས་བློ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེའི་སེམས་ཅན་མངོན་སྤྱོད་ཅན་གྱི་ལས་རྣམས་འགྲུབ་པར་འགྱུར་རོ། །གང་ཡང་ལྷའི་ཚོགས་དང་། འབྱུང་པོའི་ཚོགས་ཐམས་ཅད་དང་། ལོག་པར་འདྲེན་པའི་ཚོགས་རྣམས་ཀྱང་། འདི་སྐད་ཅེས། བདག་གིས་གསུངས་པའི་རིག་པའི་རྒྱལ་པོ་གསང་ཆེན་གསང་བའི་སྦྱོར་བ་བྱེད་པར་འགྱུར་བ་དེའི་དངོས་གྲུབ་གདོན་མི་ཟ་བར་འགྱུར་བ་དང་། བཅོམ་ལྡན་འདས་མའི་སྒྲུབ་པ་པོ་དང་སྔགས་ཀྱི་རྟོག་པ་འདིར་གསུངས་པའི་སྒྲུབ་པ་པོས་གདོན་མི་ཟ་བར་བྱེད་པར་འགྱུར་རོ། །འདི་ལྟར་ཀུན་ཏུ་རྟོག་པར་བྱ་ཡི། གཞན་མ་ཡིན་ནོ་ཞེས་སོ། །ཀྱེ་ལྷའི་ཚོགས་རྣམས། རིག་པ་ཆེན་པོ་གང་མ་མོའི་གསང་ཆེན་གསང་བ་རྣམས་ཉོན་ཅིག་།དེ་བསྐྱེད་པར་བྱེད་པའི་ཆོ་གའི་རིག་པའང་བཤད་པར་བྱའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་མཐའ་ཀུན་ཏུ་སྣང་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པས་སེམས་ཅན་ཐམས་ཅད་ཀྱང་སྐྱེ་བ་བརྫེས་ཏེ་སྟོབས་དང་། བརྩོན་འགྲུས་དང་། མཐུ་དང་། རྣམ་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ཏོ། །སྙོམས་པར་ཞུགས་པ་དེ་ལས་དང་མཐུ་དང་བཅས་པར་ལངས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ངོ་། །ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས་མཐའ་གཅིག་ཏུ་འདུག་གོ་།དེ་ནས་ཡང་བྱང་ཆུབ་ས་ཨེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ནས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིག་པ་འོང་བ་འམ། འགྲོ་བར་ག་ལ་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ། གང་ཁྱོད་སེམས་ཅན་རྣམས་ཀྱི་དོན་དུ་འདི་ལྟ་བུ་ཡོངས་སུ་ཞུས་པ་ལེགས་སོ། །ལེགས་སོ། །ངེས་ན། རིགས་ཀྱི་བུ། ཉོན་ཅིག་དང་བཤད་པར་བྱའོ། །ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཕྱིན་པའི་སངས་རྒྱས་ཀྱི་ཞིང་ན་དེ་བཞིན་ག་ཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བ་རང་གི་སངས་རྒྱས་ཀྱི་ཞིང་དུ་རིག་པའི་རྒྱལ་མོ་འདི་ཉིད་རབ་ཏུ་སྟོན་པར་གྱུར་ཏོ། །ལྷོ་ཕྱོགས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གསེར་ཀུན་ཏུ་སྣང་བ་ཞེས་བྱ་བ་དེའང་སྒྲོལ་མའི་རིག་པ་འདི་ཉིད་གསུངས་པར་གྱུར་ཏོ། །ནུབ་ཕྱོགས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཚེ་དཔག་མེད་ཞེས་བྱ་བ་དེས་ཀྱང་རང་གི་སངས་རྒྱས་ཀྱི་ཞིང་དུ་རིག་པ་འདི་གསུངས་པར་གྱུར་ཏོ། །བྱང་ཕྱོགས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལུས་མཛེས་ཞེས་བྱ་བ་དེའང་རིག་པའི་རྒྱལ་མོ་འདི་ཉིད་གསུངས་པར་གྱུར་ཏོ། །དེ་ལྟར་ཕྱོགས་བཅུ་རྣམས་སུའང་དེ་ལྟ་བུ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་དང་ལྡན་པ་དེ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྙིང་པོ་འདི་ཉིད་ཀུན་ཏུ་བཤད་པར་མཛད་དོ། །རིགས་ཀྱི་བུ། ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་ན་འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ཟ་ཧེས་བྱ་བ་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་ཅེས་བྱ་བ་དེའི་སངས་རྒྱས་ཀྱི་ཞིང་ན་བྱང་ཅ་ཧུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཡོད་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེའང་བྱང་ཆུབ་སེམས་དཔའ་རིན་ཆེན་འབྱུང་གནས་ལ་རིག་པ་འདིའི་རབ་ཏུ་སྟོན་ཏོ། །དེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་ལས་འདས་པས་འཇིག་ར་ཏེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་རབ་སྣང་ཞེས་བྱ་བ་བཞུགས་ཏེ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་ཞེས་བྱ་བ་ཡོད་དོ། །དེ་ནས་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་རབ་སྣང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ། རིག་པ་འདི་སེམས་ཅན་རྣམས་ཀྱི་དོན་གྱི་ཆེད་དུ་ངས་བཤད་ཀྱི་མཆོག་ཏུ་ཟུངས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་རིག་པ་མཆོག་ཏུ་བཟུང་བར་གྱུར་ཏོ། །དེ་ནས་འཇིག་རྟེན་གྱི་ཁམས་དྲི་མ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་ཨར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དྲི་མ་མེད་པའི་འོད་ཅེས་བྱ་བ་དེའི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་ཞེས་བྱ་བ་སོ་སོར་འཁོད་དོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་ལ་བཀའ་སྩལ་པ་། རིགས་ཀྱི་བུ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཆེད་དང་། ལྷ་དང་། མི་རྣམས་ཀྱང་རྗེས་སུ་གཟུང་བའི་ཆེད་དང་། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སེམས་ཅན་ཐམས་ཅད་ལ་བཤད་པར་བྱ་ཡི། མཆོག་ཏུ་ཟུངས་ཤིག་།དེ་ནས་བྱང་ཅ་ཧུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་རིག་པ་མཆོག་ཏུ་བཟུང་བར་གྱུར་ཏོ། །རིགས་ཀྱི་བུ། གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་ཞེས་བྱ་བ་དེ་གཞན་མ་ཡིན་ཏེ་དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་འདི་གྱུར་པའོ། །གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་ཞེས་པ་འདི་དེ་བཞིན་གཤེགས་པ་རིན་ཆེན་རབ་སྣང་གིས་སངས་རྒྱས་ཀྱི་ཞིང་དུ་ལྷ་མོ་གོས་དཀར་མོ་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་བྱས་པའི་གནས་སུ། རིགས་ཀྱི་བུ། རིག་པ་འདི་འགྲོ་བ་དང་། འོང་བ་ཉིད་ཀྱང་། རིགས་ཀྱི་བུ། རིག་པའི་རྒྱལ་པོ་སྟོན་པར་བྱེད་དོ། །དེ་ན་ཨས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཕྱག་ན་རྡོ་རྗེ་ལ་དངོས་གྲུབ་ཀྱི་དོན་དུ་རིག་པ་སྦྱིན་པར་བགྱིའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཕྱག་ན་རྡོ་རྗེ། བདག་གིས་ཀྱང་གོས་དཀར་མོའི་སྙིང་པོའི་རིག་པ་སྦྱིན་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་གཅིག་ཏུ་སྙིང་བརྩེ་བ་ཤིན་ཏུ་སྙིང་བརྩེ་བ་ཅན་སེམས་ཅན་རྣམས་ལ་མི་འཇིགས་པ་རབ་ཏུ་སྩོལ་ཅིག་། ཐུབ་པས་གསུངས་པའི་རིག་པ་སྟོན་ཅིག་།དེ་ནས་ཡང་བྱང་ཅ་ཧུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅུང་ཟད་འཛུམ་པའི་བཞིན་གྱིས་འཇིགས་པར་བྱེད་པའི་མེ་ལྟར་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་རྣམས་ཐམས་ཅད་ཀྱང་དེའི་འོད་ཟེར་གྱིས་ཀུན་ཏུ་སྐུལ་བར་བྱེད་པ་བྱུང་བ་ནི་བྱང་ཆུབ་སེམས་དཔའི་དཔྲལ་བར་སྤྱན་གསུམ་པ་བྱུང་སྟེ་སྤྱན་དེ་ལས་སྣ་ཚོགས་དབང་དུ་བྱེད་པའི་འོད་ཟེར་བྱུང་བར་གྱུར་ཏོ། །འོད་ཟེར་དེ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་རྣམས་ཀུན་ཏུ་སྣང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་རྣམས་ཐམས་ཅད་དུའང་། རིགས་ཀྱི་བུ། གང་ཁྱོད་འདི་ལྟ་བུའི་རིག་པ་སྨྲས་པ་ལེགས་སོ། །ལེགས་སོ་ཞེས་པའི་ཚིག་ཐོས་སོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལའང་པདྨ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་དང་། དྲི་བཟང་ལྡན་དང་། ཀ་ཊོ་ར་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོའི་མེ་ཏོག་རྣམས་ཀྱིས་མངོན་པར་གཏོར་བར་གྱུར་ཏོ། །རིགས་ཀྱི་བུ། རིག་པའི་རྒྱལ་པོ་སྨྲོས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་རིག་པ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨརྷ་ཏི་བྷྱཿ། སམྱཀྶཾ་བུད་དྷེ་བྷྱཿ། ཨོཾ་བྷ་ཡ་ནཱ་ཤ་ནི་ཏྲཱ་ས་ནི་ཏྲ་ས་ཏྲ་ས་ཡ། བྷྲྀ་ཀུ་ཊི། ཏ་ཊི། བཻ་ཏ་ཊི། བཻ་ཏ་ཊེ། སྭེ་ཏེ། ཛ་ཊི་ནི་སྭཱཧཱ། རིག་པ་འདི་གསུང་མ་ཐག་ཏུའང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ་བ་དང་། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ་བ་དང་། བྱང་ཕྱོགས་མཐོན་ལྷོ་ཕྱོགས་དམའ་བ་དང་། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ་བར་གྱུར་ཏེ་དེ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་བར་འགྱུར་བ་དྲུག་ཏུ་གཡོས་ཏེ་གཞལ་ཡས་ཁང་ན་གནས་པའི་ལྷ་རྣམས་ཀྱང་གདན་ལས་བསྐྱོད། དྲི་ཟ་རྣམས་ཁ་བུབ་ཏུ་གྱུར། ལྷ་མ་ཡིན་རྣམས་ཀྱི་དབྱངས་ཉམས་པ་དང་། ནམ་མཁའ་ལྡིང་རྣམས་ཀྱི་སྒྱུ་མི་མགྱོགས་པ་དང་། སྲིན་པོ་རྣམས་ཀྱི་ཏྲུ་ཏ་ཏ་ར་དང་། གདུག་པ་རྣམས་ཉེ་བར་འགྲོ་བར་གྱུར་ཏོ། །མ་མོའི་ཚོགས་རྣམས་ངུ་འབོད་ཀྱི་ཉམ་ཐག་པའི་ང་རོ་དང་། དུ་འབོད་ཀྱི་ཀླག་ཅོར་སྨྲའོ། །དེ་བཞིན་དུ་གནོད་སྦྱིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་སྐྱབས་མེད་དཔུང་གཉེན་མེད་དེ་ཇི་སྲིད་འོག་མིན་པའི་ལྷའི་རིས་རྣམས་ཀྱི་བསྲེག་པར་གྱུར་ཏོ། །ལྷ་རྣམས་ཐམས་ཅད་རིངས་པ་རིངས་པར་དེ་བཞིན་གཤེགས་པའི་དྲུང་དུ་ཉེ་བར་ལྷགས་སོ། །དེ་ནས་ཕྱག་ན་རྡོ་རྗེའང་དེ་བཞིན་གཤེགས་པའི་ར་ནམ་པར་འཕྲུལ་པའི་རྒྱན་གྱི་འོད་ཟེར་རྣམས་ཀྱིས་ཡིད་ཚིམ་ནས་སྟན་ལས་འཕོས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་ན་ཉེ་བར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་དབུགས་འབྱིན་པ་མཛད་དེ་མ་འཇིགས་ཤིག་། གྲོགས་པོ་དག་།མ་འཇིགས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ། རབ་ཏུ་ཞུགས་ཤིག་།དེ་བཞིན་གཤེགས་པའི་གཙུག་ཏོར་སེམས་དཔའ་ཆེན་པོ་རབ་ཏུ་ཞུགས་པ་ཙམ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྷ་ཐམས་ཅད་ལ་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་དབྱངས་སུ་གྱིས་ཤིག་།དེ་ནས་ལྷ་དེ་རྣམས་ཐམས་ཅད་དང་། དྲི་ཟ་དང་། གནོད་སྦྱིན་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བར་གྱུར་ཏོ། །དེ་ནས་འཁོར་ཐམས་ཅད་དང་བཅས་པ་ཉིད་ངོ་མཚར་ཐོབ་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་ལྷགས་སོ། །ཉེ་བར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟ་བུའི་གསང་སྔགས་བྱང་ཆུབ་སེམས་དཔའ་གསུངས་པ་ནི། བཅོམ་ལྡན་འདས། ངོ་མཚར་ཏོ། །བདེ་བར་གཤེགས་པ། མཆོག་ཏུ་ངོ་མཚར་ཏོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་གསུངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་གཙུག་ཏོར་ནས་ངེས་པར་མཐོན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་མཐུ་ལྷ་རྣམས་ཀྱིས་སྔོན་ཆད་མ་ཐོས་པ་གསུངས་པ་ནི། བཅོམ་ལྡན་འདས། ངོ་མཚར་རོ། །བདེ་བར་གཤེགས་པ། ངོ་མཚར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རིགས་ཀྱི་བུ། དེ་དེ་བཞིན་ནོ། ། འདས་པའི་དུས་ན་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྤྱན་ཞེས་བྱ་བ་དེའི་སངས་རྒྱས་ཀྱི་ཞིང་ན་རིག་པ་འཛིན་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་སོ་སོར་གནས་སོ། །སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ཅེས་བྱ་བ་གདགས་པ་མེད་དེ་དེ་རྣམས་ཐམས་ཅད་ཀྱང་རིག་པ་འཛིན་པ་སྐྱོན་མེད་པ་ཁོ་ན་སྟེ་རིག་པ་འཛིན་པར་གྱུར་པ་ལས་མ་འདས་ཏེ། རིགས་ཀྱི་བུ། ལྷ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གནོད་སྦྱིན་གྱི་དབང་པོ་ཐམས་ཅད་དང་། དྲི་ཟ་དང་། འབྱུང་པོ་དང་། ཤ་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་འདི་རྣམས། མདོར་ན། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིམ་པ་ལས་མ་འདས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་སོང་ངོ་། །ཉེ་བར་སོང་ནས་དགའ་ནས་གསང་སྔགས་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་པ་ཏ་ཡེ། ཨོཾ་ཊཀྐི་ཧཱུཾ་ཛྫ། འདིའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། རིག་པའི་ཚོགས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་རིག་པ་མཆོག་གི་རྒྱལ་པོའི་སྙིང་པོ་རིག་པའི་རྒྱལ་པོ་སྟོང་བཟླས་པར་བྱའོ། །རྒྱུད་ཕྱི་མ་བསྐྱེད་པ་ཞེས་བྱ་བའི་ལེའུ་དང་པོའོ།། །། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་། དྲི་ཟ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ཡི་དྭགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྐེམ་བྱེད་དང་། སྨྱོ་བྱེད་དང་། གནོན་པོ་དང་། ལོག་འདྲེན་ཐམས་ཅད་དང་། ཐམས་ཅད་ནས་རྒྱལ་པོ་དང་། ལྷ་དང་། སྒྲའམ། ཆུ་ཀླུང་དང་། རྒྱ་མཚོར་བཅས་པའི་ལྷ་རྣམས་དང་། སྨན་ཆེན་པོ་རྣམས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་ལྷགས་སོ། །ཉེ་བར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་མངོན་པར་ཕྱག་བཙལ་ནས་མཐའ་གཅིག་ཏུ་འདུག་གོ་། དེ་ནས་དེ་རྣམས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བ་འགའ་ཞིག་ཡོངས་སུ་ཞུ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དང་། ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཞིན་བཟང་དག་།ལེགས་སོ། །གང་དང་། གང་འདོད་པ་དྲིས་ཤིག་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིག་པ་རྣམས་འཆར་བའམ། ནུབ་པར་འགྱུར་པ་གདགས་པ་དང་། གང་གིས་དུས་སུ་རིག་པ་རྣམས་འགྲུབ་པར་འགྱུར། ལྷ་རྣམས་ཀྱིས་དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ལྷ་རྣམས། རིགས་ཀྱི་བུ། གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་རིག་པ་རྣམས་འཆར་བར་འགྱུར་ཏེ། བརྩོན་འགྲུས་དང་ལྡན་པ་དང་། དལ་ཞིང་དལ་བའི་བརྩོན་འགྲུས་དང་། སྙིང་སྟོབས་དང་། ལེ་ལོ་དང་། བརྫུན་དུ་སྨྲ་བ་དང་། ཚིག་རྩུབ་པོ་དང་། སྲོག་གཅོད་པ་དང་། དྲག་པོ་ཅན་དང་། སྲེད་པ་དང་། བརྐམ་པ་རྣམས་ཏེ་དེ་རྣམས་རྟག་ཏུ་མར་མི་ཤེས་པ་དང་། ཕར་མི་ཤེས་པ་འདི་ལྟ་བུ་རྣམས་ཀྱིས་རིག་པའི་དངོས་གྲུབ་མི་རྙེད་དོ། །རིགས་ཀྱི་བུ། འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་རིག་པ་འཛིན་པའི་རྒྱལ་པོ་བཅོ་བརྒྱད་འདས་པ་ན་རྫུ་འཕྲུལ་ཆེན་པོ་ཅན། མཐུ་ཆེན་པོ་ཅན། དེ་རྣམས་རིག་པ་འཛིན་པའི་མིང་དུ་གྲགས་པར་གྱུར་ཏོ། །དེ་རྣམས་ཐམས་ཅད་ཀྱང་རིག་པ་འཛིན་པ་ཉིད་དང་། རིག་པའི་མཐུ་ཡིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རིགས་ཀྱི་བུ། ཤར་ཕྱོགས་སུ་སྡིག་མེད་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་རིག་པ་འཛིན་པ་བྱེ་བ་ཕྲག་བཞིའི་མངའ་བདག་གོ་།བྱང་ཕྱོགས་སུ་རི་རབ་ལྷུན་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་རིག་པ་འཛིན་པ་བྱེ་བ་ཕྲག་བཅུའི་མངའ་བདག་གོ་། རི་རབ་ལྷུན་པོ་རིའི་རྒྱལ་པོའི་ཉེ་ལོགས་ན་གླང་པོའི་སྡེ་ཞེས་བྱ་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། ལྷ་མ་ཡིན་གྱི་དབང་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། གཞོན་པ་དཀར་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། ཆ་བྱད་བཟང་པོ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། གསེར་གྱི་ཡན་ལག་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། པདྨ་བཀོད་པའི་རྒྱན་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རྡོ་རྗེའི་ཕྱག་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རིན་ཆེན་ཀུན་ཏུ་སྣང་བ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། ཞགས་པའི་ཕྱག་རྒྱ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། མེ་ལྕེ་འབར་བའི་འོད་ཅེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། སྒྱུ་འཕྲུལ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རྟག་ཏུ་རབ་དགའ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་དང་། རིག་པ་འཛིན་པའི་རྒྱལ་པོ་བཅོ་བརྒྱད་པོ་འདི་རྣམས་རིག་པ་འཛིན་པ་སྟོང་ཕྲག་བཅུ་བཞིས་ཡོངས་སུ་བསྐོར་བ་མཐུ་ཆེན་པོ་དང་ལྡན་པ་དེ་རྣམས་ཐམས་ཅད་ཀྱང་བུད་མེད་རྣམས་ཀྱིས་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །རིགས་ཀྱི་བུ། རིག་པ་འཛིན་པ་འདི་རྣམས་སྐྱེ་བ་བདུན་གྱི་ནང་དུ་རིག་པའི་རྗེས་སུ་འབྲང་བར་འགྱུར་སྟེ་གང་དང་། གང་དུ་སྐྱེས་པ་དེ་དང་། དེ་ཉིད་དུ་རིག་པ་འདིའི་མཐུས་དྲན་པ་སོ་སོར་རྙེད་དོ། །རིགས་ཀྱི་བུ། དེ་ལྟ་བུའི་གནས་སུ་གནས་པས་རིག་པ་འགྲུབ་པར་འགྱུར་རོ། །དེ་ནས་ལྷ་དང་། བྱང་ཆུབ་སེམས་དཔའི་འཁོར་དེ་རྣམས་ངོ་མཚར་ཐོབ་ནས་བཅོམ་ལྡན་འདས་ལ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གིས་མངོན་པར་གཏོར་བར་གྱུར་ཏོ། །དེ་ནས་ལྷ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་རབ་ཏུ་དགའ་བའི་ཡིད་ཀྱིས་རིག་པས་དགའ་བའི་དོན་དུ་ཆོ་ག་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་རིག་སྔགས་གསུངས་པ། ཨོཾ་པདྨ་བཛྲི་ཧཱུཾ་སྙིང་པོའོ། །ག་ག་ན་བི་དཱ་རི་ཎི། ཉེ་བའི་སྙིང་པོའོ། །ོཾ་བྷ་ཡ་ནཱ་ས་ཎི་ཕཊ། མགོ་བོའོ། །ོཾ་ཏྲི་པ་ནི་ཧཱུཾ། གཙུག་ཏོར་དུའོ། །ོཾ་ཏ་ཊི་ཧཱུཾ། གོ་ཆའོ། །ོཾ་བཻ་ཏ་ཊི་ཧཱུཾ། གུར་རོ། །ོཾ་སྭེ་ཏེ་ཛ་ཊི་ནི་ཕཊ། ར་བའོ། །ཞེས་པ་འདི་དག་རིག་པའི་འཁོར་གྱི་ལྷག་མའོ། ། རྩ་བའི་རིག་པ་ཉིད་ཀྱིས་དྲི་དང་། མེ་ཏོག་བདུག་པ་ལ་སོགས་པའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་མའི་རས་རིས་ཀྱི་ཆོ་ག་གསུངས་སོ། །དང་པོ་རེ་ཞིག་ཚད་མེད་ཅིང་སྐྲ་དང་བྲལ་བའི་རས་བཀྲུས་པ། ཙནྡན་དཀར་པོ་དང་། ཨ་ག་རུའི་འདབ་མ་སྤང་སྤོས་དང་ལྷན་ཅིག་སྦྱར་བ། བཅོམ་ལྡན་འདས་མས་ལན་བདུན་མངོན་པར་སྔགས་པས་ལན་བདུན་བཀྲུ་བར་བྱའོ། །བཀྲུས་པ་ལའང་བྱུག་པར་བྱའོ། །འབྱུང་པོའི་སྐྲ་དང་། ག་ཛ་ཧྭ་དང་། ཤ་ཏྲུ་གྷ་ནི་དང་། པྲི་ཡང་ཀུ་སྟེ་འདི་རྣམས་ཀྱིས་བདུག་པར་བྱའོ། །འདི་རྣམས་ཀྱིས་གང་འདོད་པ་དེ་གྲུབ་པར་མཚོན་ནོ། །མཚན་མོ་གཅིག་སྨྱུང་བར་གནས་པར་གྱུར་ནས་མི་བློ་དང་ལྡན་པས་མཉན་པར་བྱའོ། །དེ་ནས་ཐོ་རངས་དང་། མཚན་མོ་མེ་སྦར་ནས་རང་གི་ཁྲག་གིས་བཏགས་པའི་ཡུངས་ཀར་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །ཆོ་ག་འདི་ཉིད་ཀྱིས་རས་རིས་འདྲི་བཞིན་པ་ལ་བགེགས་མི་འབྱུང་ངོ་། །དེ་བས་ཀྱང་བྱུང་བར་བྱ་སྟེ་རྣམ་པ་གཞན་དུ་ན་ལོག་འདྲེན་གྱིས་བྱིན་གྱིས་བརླབས་པས་གྲུབ་པར་མི་འགྱུར་རོ། །དེ་ནས་རིག་པ་འཛིན་པ་རང་ཉིད་ཀྱིས་རིག་སྔགས་ཟློས་བཞིན་པས་རི་མོ་མཁན་ཁྲུས་བྱེད་དུ་གཞུག་གོ་།བཀྲུས་ནས་དེ་ལའང་གོས་རབ་ཏུ་སྦྱིན་པར་བྱ་སྟེ་ཇི་སྲིད་འདྲི་བའི་བར་རོ། །རི་མོ་མཁན་གསོ་སྦྱོང་ལ་གནས་པར་བྱ་ཞིང་འདྲི་བཞིན་པ་ནའང་རས་ཀྱི་མཐར་རྣམ་པ་སྣ་ཚོགས་པའི་གཏོར་མ་དབུལ་བར་བྱ་ཞིང་བུམ་པ་གང་བ་བཞི་བཞག་པར་བྱའོ། །དབུས་སུའང་དཀྱིལ་འཁོར་གྲུ་བཞི་པ་བྱའོ། །དེར་ཡང་བུམ་པ་གང་བ་གཞག་པར་བྱའོ། །བུམ་པ་དེ་རྣམས་ཐམས་ཅད་ཀྱང་མེ་ཏོག་གིས་བརྒྱན་པར་བྱའོ། །མར་མེའི་ཕྲེང་བའང་དབུལ་ལོ། །རིག་པ་འཛིན་པས་རིག་པ་ཡིད་ལ་བྱེད་ཅིང་བདུག་སྤོས་བསྲེག་པར་བྱའོ། །དེ་ནས་རི་མོ་མཁན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་ཚངས་པའི་རི་མོ་གདབ་པར་བྱའོ། །དེ་ནས་སླར་ཡང་རིག་པ་འཛིན་པས་ཁ་ཤར་དུ་མངོན་པར་ཕྱོགས་ལས་ཉེ་བར་ཞུགས་ནས་རས་རིས་ཀྱི་སྤྱན་སྔར་ཨ་པཱ་མརྒའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དེ་ནས་རི་མོ་མཁན་གྱིས་ལྷ་ལ་ཕུལ་བའི་སྟོན་མོ་ཟོས་པས་མ་འདྲེས་པའི་ཚོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱའོ། །གསེར་མདོག་པདྨ་དཀར་པོའི་གདན་ལ་བཞུགས་པའོ། ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ་ལ་རལ་པའི་ཅོད་པན་འཕྱང་བ། སྤྱན་གསུམ་པ། དཔྲལ་བ་ནས་འོད་ཟེར་འབྱུང་བ། པདྨ་ལ་གནས་པའོ། །དེའི་རྒྱབ་ཏུ་རིག་པའི་ལྷ་མོ་གོས་དཀར་པོ་བགོས་པ། པདྨ་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ། །དེའི་བར་མ་ཆད་པར་ཁྲོ་གཉེར་ཅན་མ་གོས་དཀར་པོ་འཆང་བ་འདྲིར་གཞུག་པར་བྱའོ། །གཡས་སུ་བཅོམ་ལྡན་འདས་མ་ཐུགས་རྗེ་ཆེན་པོ་བྲི་ཡང་ཀུ་ལྟར་སྔོ་བསངས། ཕྱག་ན་རིན་པོ་ཆེ་བསྣམས་པ་འདྲིར་གཞུག་པར་བྱའོ། །དེ་ནས་ཐམས་ཅད་ཀྱང་བདེ་བར་གཤེགས་པའི་མཐོ་གང་གི་ཚད་དུ་བྱ་ཞིང་པདྨ་ལ་གནས་ཤིང་སོ་སོར་གནས་པའོ། །གཡོན་གྱི་གཞོགས་སུ་ཕྱག་ན་རྡོ་རྗེ་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་ན་རྡོ་རྗེ་བསྣམས་པའོ། །གཡོན་གྱི་གཞོགས་སུ་རིག་པའི་རྒྱལ་པོ་དམ་པ་རྨ་བྱ་ལ་ཉེ་བར་འདུག་པའོ། །རིག་པའི་རྒྱལ་པོའི་ཉེ་ལོགས་སུ་གསེར་ལྡན་མའང་རྡོ་རྗེ་ལྕགས་ཀྱུ་མ་འདྲིར་གཞུག་པར་བྱའོ། །རྡོ་རྗེ་ཁུ་ཚུར་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྡོ་རྗེ་བསྣམས་པ་འདྲིར་གཞུག་པར་བྱའོ། །རྡོ་རྗེ་དབྱུག་པ་དབྱུག་པ་བསྣམས་པ་འདྲིར་གཞུག་པར་བྱའོ། །རྡོ་རྗེ་བློ་གྲོས་རྡོ་རྗེ་མ་དང་། གནམ་ལྕགས་མའང་རྡོ་རྗེ་དབྱུག་པའི་རྒྱབ་ཏུ་འདྲིར་གཞུག་པར་བྱའོ། །གཡོན་དུ་ལྷ་སྐྲག་པ་འདྲིར་གཞུག་པར་བྱའོ། །སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན། རྡོ་རྗེ་དྲག་ཏུ་དགོད་པ་འདྲིར་གཞུག་ཅིང་ཕྱག་ན་རྡོ་རྗེའི་ཉེ་ལོགས་སུ་རྡོ་རྗེ་སྡེ་དང་། གཙུག་འཕྱང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །ཐམས་ཅད་ཀྱང་པདྨ་ལ་སོ་སོར་གནས་པའོ། །རྒྱལ་པོ་ཆེན་པོ་བཞི་བྱ་སྟེ་ལོག་འདྲེན་གྱི་རིགས་བཞི་རྣམས་རྣམ་པར་འགྱུར་བའི་གཟུགས་ཅན། འབྲོས་བཞིན་པ་འོག་ཏུ་བྲི་བར་བྱའོ། །དེ་རྣམས་ཀྱི་འོག་ཏུ་པདྨའི་མཚོ་བྱའོ། །ཀླུ་ལག་ན་པདྨ་ཐོགས་པ་འདྲིར་གཞུག་པར་བྱའོ། །ལྷའི་ཚོགས་ཐམས་ཅད་ཀྱང་མེ་ཏོག་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ། །ལྷའི་རྔ་བོ་ཆེ་འདྲིར་གཞུག་པར་བྱའོ། །ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ཀྱང་མཚོན་ཆ་དང་བཅས་པ་འདྲིར་གཞུག་པར་བྱའོ། །རིག་པ་འཛིན་པའི་རྒྱལ་པོ་ལུས་མེད་འདྲིར་གཞུག་པར་བྱའོ། །ཀླུའི་རྒྱལ་པོའི་ཉེ་ལོགས་སུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པ་འདྲིར་གཞུག་པར་བྱའོ། །རས་རིས་འདི་བྲིས་པ་ཙམ་ཉིད་ཀྱིས་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཕྱི་ནས་ལྷ་རྣམས་བདེ་བླག་ཏུ་སྒྲུབ་བོ། །དེ་ནས་རིག་པ་འཛིན་པས་རས་རིས་ཀྱི་རྒྱལ་པོའི་མཆོག་དེའི་སྤྱན་སྔར་སློང་མོ་བཟའ་ཞིང་རིག་པ་འབུམ་ཕྲག་བཅུ་གཉིས་སུ་བཟླས་པར་བྱའོ། །དེ་ནས་འདི་ལ་རིག་པ་འཛིན་པ་ལུས་མེད་ཀྱི་རྨི་ལམ་དུ་སྟོན་པར་བྱེད་དེ། རིགས་ཀྱི་བུ། སྒྲུབས་ཤིག་།སྒྲུབས་ཤིག་ཅེས་སོ། །དེ་ནས་རིག་པ་འཛིན་པས་ལྕགས་གསུམ་གྱི་པདྨ་གསེར་གྱི་སྙིང་པོ་ཅན། འདབ་མ་ཟངས་དང་། ཆུ་བ་དངུལ་ལ་འདབ་མ་སྟོང་པའོ། །པདྨ་བཞིས་ཡོངས་སུ་བསྐོར་བ་བཞི་པོ་འདི་འདབ་མ་བརྒྱ་པར་བྱེད་དུ་གཞུག་གོ་། ཕྱི་ནས་སྒྲུབ་པ་པོས་འོ་མ་དང་། ཟན་ཟ་ཞིང་རིག་པ་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་མོ་གསུམ་སྨྱུང་བར་གནས་པར་བྱས་ལ་རས་རིས་ཞལ་ཤར་དུ་ཕྱོགས་པར་བཞུགས་ནས་པདྨའི་གཡས་ཀྱི་ལུས་ལ་བཅོམ་ལྡན་འདས་མའི་ལྷ་ཐམས་ཅད་སྤྱན་དྲངས་བར་བྱའོ། །རབ་ཏུ་འབད་པས་གཏོར་མ་དབུལ་བར་བྱའོ། །མེ་ཏོག་དཀར་པོ་དང་། ཨ་ག་རུ་དང་། རུ་རྟ་དང་། གུར་གུམ་དང་། མར་གྱི་མར་མེ་བརྒྱའང་རབ་ཏུ་སྦར་བར་བྱའོ། །ལྷ་མ་ཡིན་རྣམས་ལ་གཏོར་མ་དང་། གནོད་སྦྱིན་ལ་དཀར་གཏོར་དང་། མར་གྱི་མར་མེ་དང་། དྲི་ཟ་རྣམས་ལ་གཏོར་མ་དང་། མར་གྱི་མར་མེ་དང་། ཤ་ཟ་རྣམས་ལ་གཏོར་མ་དང་། མེ་ཏོག་དམར་པོ་དང་། མར་གྱི་མར་མེ་དང་། ནམ་མཁའ་ལྡིང་རྣམས་དང་། གནོད་སྦྱིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། རོ་ལངས་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྨྱོ་བྱེད་དང་། གནོན་པོ་དང་། མ་མོའི་ཚོགས་རྣམས་དང་། ལོག་འདྲེན་དང་བཅས་པ་རྣམས་ལ་ཤ་དང་། ཛམྦུ་ལི་ཀ་དང་། སྭ་ཏི་ཀ་ལ་སོགས་པ་རྣམས་སོ། །གནོད་སྦྱིན་རྣམས་ལ་ཤ་དང་། ཁྲག་དང་། སྡོང་བུ་དང་། འབྲས་བུ་དང་། མངར་གསུམ་མོ། །ཀླུ་རྣམས་ལ་འབྲས་ཡོས་དང་། མུད་གའི་ལ་དུ་དང་། འབྲས་བུ་རྣམས་སོ། །རྣམ་པ་སྣ་ཚོགས་པའི་བཟའ་བར་བྱ་བ་དང་། སྒྲོན་མ་དང་། བདུག་པ་རྣམས་ཀྱང་སོ་སོ་སོ་སོར་རོ། ། ལྷ་རྣམ་པར་ཤེས་པ་ཉིད་འཕེལ་བཞིན་དུ་མཆོད་པ་བདུན་བྱའོ། །དེ་ནས་ཉི་མ་བདུན་པ་ལ་གྲོགས་བཞག་པར་བྱའོ། །ལེགས་པར་བསམས་པའི་ཚེ་ན་བྱས་པ་གཟོ་བ། རྟག་ཏུ་སྙིང་རྗེའི་བདག་ཉིད་ཅན། ནད་མེད་པ་དེ་ལྟ་བུ་བཞག་པར་བྱའོ། །ཤེས་རབ་ཅན་གྱིས་དེ་ནས་ལས་ཡང་དག་པར་བརྩམས་ཏེ་ཀུ་ཤའི་ཁྲེས་ལ་མངོན་པར་སྔགས་པ་ལ་ཉེ་བར་འདུག་ནས་དེ་ནས་པདྨའི་ཟེའུ་འབྲུ་ལ་ལག་པ་གཡས་པས་མནན་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །རས་རིས་རབ་ཏུ་འགུལ་བར་འགྱུར་རོ། །ཀླུ་རྣམས་ཀྱང་སྒྲ་སྒྲོགས་ཏེ་འཇིགས་པར་མི་བྱའོ། །སླར་ཡང་བརྒྱད་བརྒྱར་བཟླས་སོ། །ཕྱོགས་དང་། ཕྱོགས་བྲལ་རྣམས་སུ་རྔ་བོ་ཆེའི་སྒྲ་སྒྲོགས་སོ། །ལོག་འདྲེན་རྣམས་ཀྱང་རྣམ་པར་འབྲོས་ཏེ་ལྷན་ཅིག་འཇིག་རྟེན་གྱི་ཁམས་གང་དུ་འགྲོ་བར་བྱེད་པ་རིག་པ་འཛིན་པ་དེ་རྣམས་འོང་བར་བྱེད་དོ། ། ལྷ་མ་ཡིན་གྱི་བུ་མོ་རྣམས་འདུས་པར་འགྱུར་རོ། །སྤྲིན་རྣམས་ཀྱང་འུར་འུར་པོའི་སྒྲ་སྒྲོག་པར་བྱེད་པར་བྱེད། །ལྷ་རྣམ་འདུ་བར་འགྱུར་རོ། །གནོད་སྦྱིན་ཐམས་ཅད་དང་། རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་ཀྱང་འདུས་པར་འགྱུར་རོ། །ས་རྣམ་པར་འགྱུར་བ་དྲུག་ཏུ་གཡོ་ཞིང་རིག་པའི་ཚོགས་ཐམས་ཅད་ཀྱང་སྙིང་པོ་མེད་པར་འགྱུར་རོ། ། དེ་ནས་རིག་པ་འཛིན་པས་རིངས་ཐབས་སུ་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་སྦྱིན་སྲེག་བརྒྱད་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་རྣམས་དང་། ལྷན་ཅིག་འབྱོན་པར་འགྱུར་རོ། །ལྷ་རྣམས་དང་ལྷན་ཅིག་བྱོན་པ་ལ་མཆོད་ཡོན་དབུལ་ལོ། །བྱོན་པ་ཙམ་གྱིས་ལྷ་ཐམས་ཅད་དང་། རིག་པའི་རྒྱལ་པོ་ཐམས་ཅད་ཀྱང་མེ་ཏོག་གི་ཆར་རབ་ཏུ་འབེབས་སོ། །དེ་ནས་རིག་པ་འཛིན་པས་པདྨ་མནན་ནས་རིག་པ་ལན་བདུན་བཟླས་པར་བྱའོ། །པདྨ་རེ་རེ་ལ་པདྨ་བྱེ་བ་ཕྲག་བཞི་བཞི་འབྱུང་བར་འགྱུར་རོ། །རིག་པ་འཛིན་པ་སྟོང་ཕྲག་བཅུ་དྲུག་པོ་ཐམས་ཅད་ཀྱང་པདྨའི་གདན་ལ་གནས་པ་ཤ་སྟག་འབྱུང་ངོ་། །དེ་ནས་རིག་པ་འཛིན་པས་ལན་གཅིག་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་སྐུ་ལས་འོད་ཟེར་སྣ་ཚོགས་པ་འབྱུང་སྟེ་སྒྲུབ་པ་པོ་ལ་བྱུགས་ནས་པདྨའི་ཟེ་འབྲུར་ནུབ་པར་འགྱུར་རོ། །དེ་ནས་ཡང་པདྨ་ལ་ཉེ་པར་འདུག་པ་རིག་པ་འཛིན་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་འབྱུང་བར་འགྱུར་རོ། །དེའང་པདྨའི་བཀོད་པ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་འབྱུང་སྟེ་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ཀུན་ནས་ཁྱབ་བོ། །དེར་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་བྱ་བའི་འོས་སུ་གྱུར་པ། ལྷ་རྣམས་ཀྱིས་ཀྱང་བསྟོད་པར་བྱ་བཞིན་པ། རིག་པ་འཛིན་པའི་རྒྱལ་པོ་རྣམས་ཀྱིས་ཀྱང་མཆོད་པར་བྱ་བཞིན་པ། རིག་པ་འཛིན་པ་བྱེ་བ་པ་ཧྲག་བརྒྱས་ཡོངས་སུ་བསྐོར་ནས་འགྲོ་སྟེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐད་ཅིག་ཐང་ཅིག་ཡུང་ཙམ་ཞིག་ལ་སངས་རྒྱས་ཀྱི་ཞིང་བདུན་འདའ་བར་བྱེད་དོ། །རང་གི་འདོད་པས་སྐྱེ་བ་འཛིན་པར་བྱེད་ཅིང་རང་གི་འདོད་པས་འཆི་བར་བྱེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྣམ་པར་གནོན་པ་ཞེས་བྱ་བའི་རིག་པ་འཛིན་པའི་རྒྱལ་པོ་ཡོད་དེ་དེས་ལས་འདི་སྒྲུབས་པའོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་པོའི་ལེའུ་དང་པོ་རྫོགས་སོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་སྤྱན་རས་གཟིགས་དབང་ཕྱུག་ལ་དགའ་བས་ཆོ་ག་སྨྲས་པ། རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱ་སྟེ་གསེར་ལྟར་སེར་བ། ཆོས་སྟོན་པར་མཛད་བཞིན་པ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ། དམ་པར་བྱས་པ་དམར་སེར་མཆོད་ཕྱིར་ཐོགས་དཀར་པོ། དར་ལའི་སྟོད་གཡོགས་དང་། སྨད་གཡོགས་ཅན། ཕྱག་ན་ཤིང་གི་དབྱུག་པ་བསྣམས་པའོ། །གཡོན་དུ་རྡོ་རྗེ་འཆང་སྔོ་བསངས་རྣམ་པར་རྒྱན་དང་བཅས་པ། ཕྱག་གཡོན་པས་ཁྲོ་བོའི་རྡོ་རྗེ་འཕྱར་བཞིན་པའོ། །རྡོ་རྗེ་འཆང་གི་ཉེ་ལོགས་སུ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཁུ་ཚུར་མ་འདྲིར་གཞུག་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་ཉེ་ལོགས་སུ་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་འདྲིར་གཞུག་པར་བྱ་སྟེ་པྲི་ཡང་ཀུ་ལྟར་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་དཀར་པོ། ཕྱག་གཡོན་པས་ཀུ་རྦ་འཛིན་པའི་སྙིང་པོ་མཆོག་བཅོམ་ལྡན་འདས་མའི་ཉེ་ལོགས་སུ་འདྲིར་གཞུག་པར་བྱའོ། །སྟེང་དུ་གནས་གཙང་མའི་ལྷའི་བུ་མེ་ཏོག་གི་ཕུར་མ་ལག་ན་ཐོགས་པ་འདྲིར་གཞུག་པར་བྱའོ། །ལྷའི་རྔ་པོ་ཆེ་འདྲིར་གཞུག་པར་བྱའོ། །འོག་ཏུ་སྤོས་ཕོར་ལག་ན་ཐོགས་པ་འདྲིར་གཞུག་པར་བྱའོ། །དཀར་གསུམ་ཟ་ཞིང་རས་རིས་ཀྱི་སྤྱན་སྔར་རིག་པ་འབུམ་ཕྲག་བདུན་བཟླས་པར་བྱའོ། ། དེ་ལྟ་བུ་སྔོན་སྤྱད་པ་བྱས་པར་འགྱུར་རོ། །དེ་ནས་ལས་ཡང་དག་པར་བརྩམས་ཏེ་སྔོན་དུ་ལྡོང་རོས་བླངས་ཏེ་གོས་ཀྱི་ནང་དུ་འོ་མ་བཀྲུ་བར་བྱའོ། །དཀར་པོའི་བཅོ་ལྔ་པ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྒོ་བཞི་རྣམས་སུ་བུམ་པ་གང་བ་བཞི་གཞག་པར་བྱའོ། །ཐམས་ཅད་ཀྱང་མེ་ཏོག་གིས་བརྒྱན་པར་བྱ། བཅོམ་ལྡན་འདས་མ་འདི་ཉིད་ཀྱིས་ལས་ཐམས་ཅད་བྱའོ། །དེ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཨ་ཤཏྠའི་འདབ་མ་བདུན་གྱིས་ལྡོང་རོས་བཏུམས་ཏེ་བཞག་ནས་ཇི་སྲིད་འཕགས་པ་ཕྱག་ན་རྡོ་རྗེ་གཡོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་ཡིད་ཀྱིས་མཆོད་ཡོན་དབུལ་བར་བྱའོ། །སླར་ཡང་དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །འབར་བ་དང་བླངས་ནས་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན། རིག་པ་འཛིན་པ་བཅུ་དྲུག་གིས་ཡོངས་སུ་བསྐོར་བར་འགྱུར་ཏེ་ལོ་སྟོང་ཕྲག་བརྒྱད་ཅུ་འཚོ་བར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ། །ཚེས་གྲངས་མི་དགོས། རྒྱུ་སྐར་མི་དགོས། སྨྱུང་བར་གནས་པ་མི་དགོས་ཏེ་སྐྱེས་བུ་རྒྱ་མཚོའི་འགྲམ་དུ་མགོ་བོ་ཤར་དུ་བཞག་ནས་ཤི་བའི་རོ་བླངས་ནས་དྲི་དང་། མེ་ཏོག་ལ་སོགས་པས་བརྒྱན་པར་བྱས་ནས་སྒྲུབ་པ་པོ་ཁ་ཤར་དུ་ཕྱོགས་པས་རེ་རེ་ལ་སོ་སོར་བསམ་པའི་ཡིད་ཀྱི་རྒྱུད་མཚུངས་པའི་བའི་མར་གསར་ལ་རིག་པ་བཟླས་པས་རོའི་ཁ་རུ་བླུགས་ནས་ཇི་སྲིད་ཀུན་ཏུ་གཡོ་ཞིང་ལྡང་བ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་རྒྱ་མཚོར་འཇུག་པར་བྱ་སྟེ་ཇི་སྲིད་ཉི་མ་འཆར་བར་འགྱུར་བ་དེ་སྲིད་དུ་ཆུར་གནས་པར་བྱའོ། །དེ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ་ལོ་བརྒྱད་ལོན་པའི་རྣམ་པ་ཅན་སེམས་བསྐྱེད་པས་འདིའི་ཕྱག་ཆ་ཐམས་ཅད་འབྱུང་བར་འགྱུར་རོ། །ལོ་སྟོང་ཕྲག་དྲུག་ཅུར་འཚོ་བར་འགྱུར་རོ། །དཔག་ཚད་སྟོང་ཕྲག་བཅུ་གཅིག་ཏུ་འཕུར་བར་འགྱུར་རོ། །ཐོག་ཕོག་བ་ཨའི་ཤིང་ལས་བྱུང་བའི་ཕྱག་ན་རྡོ་རྗེ་བྱས་ལ་སྨན་གྱི་གཟུགས་ཀྱི་རྣམ་པའི་བཅོམ་ལྡན་འདས་མ་བྲི་ཡང་ཀུའི་ཤིང་ལས་བྱས་པ་སྙིང་པོ་མཉམ་པར་འགྲོ་མ་བྱེད་དུ་གཞུག་གོ་། སྤྱན་རས་གཟིགས་དབང་ཕྱུག་ནིམ་པའི་ཤིང་ལས་བྱུང་བ་བྱེད་དུ་གཞུག་གོ་།ཐམས་ཅད་ཀྱང་བན་ཀན་མཐར་བྱེད་ཀྱི་འབྲས་བུ་ལ་སོ་སོར་དགོད་པར་བྱའོ། །སྒྲུབ་པ་པོ་པུས་མོ་བཙུགས་པ་ལག་ན་སྤོག་ཕོར་ཐོགས་པ་བྱེད་དུ་གཞུག་གོ་། དེ་ནས་གོས་གཙང་མ་བགོས་ཏེ་མི་སྨྲ་བའི་བརྟུལ་ཞུགས་ཀྱི་སྙིང་པོ་མཉམ་པར་འགྲོ་མ་འབུམ་ཕྲག་བཅུ་གཅིག་ཏུ་བཟླས་པར་བྱའོ། །དེ་ལྟ་བུ་སྔོན་སྤྱད་པ་བྱས་པར་འགྱུར་རོ། །དེ་ནས་བཅོ་ལྔ་པས་མཚན་མོ་གསུམ་སྨྱུང་བར་གནས་ཏེ་མཎྜལ་དང་བཅས་པ་བཟའ་ཞིང་དགེ་འདུན་ལ་སྟོན་མོ་དབུལ་བར་བྱའོ། །དེ་ནས་མཚན་མོ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་འབྲས་བུ་དང་བཅས་པའི་གཏོར་མ་རྣམ་པ་སྣ་ཚོགས་པ་རྗེས་སུ་དབུལ་ཞིང་མར་མེ་སྟོང་སྦར་བར་བྱའོ། །དེ་ནས་བསྲུང་བ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འ་དུག་སྟེ་ཨུཏྤ་ལའི་ཕྲེང་བ་ཉི་ཤུ་བྱས་ཏེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་སུ་ཕུལ་ལ་ཇི་སྲིད་ཐམས་ཅད་མཐོང་བར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །འཇིགས་པར་མི་བྱ་བར་སླར་ཡང་རིག་པ་བཟླས་པར་བྱའོ། །གཡོ་བར་གྱུར་པ་དང་། དེ་དག་བླངས་པས་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟར་སྔོ་བསངས་ཀྱིས་རྡོ་རྗེའི་ལུས་དང་། རིག་པ་འཛིན་པ་ཐམས་ཅད་ཀྱི་སྐལ་བ་བཟང་པོར་འགྱུར་ཞིང་ལོ་སྟོང་ཕྲག་བརྒྱད་ཅུར་འཚོ་བར་འགྱུར་རོ། །དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ལྡིང་བར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ། །མ་ཉམས་པའི་རས་ལ་རི་མོ་མཁན་གསོ་སྦྱོང་ཅན་གྱིས་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་འདྲིར་གཞུག་པར་བྱ་སྟེ་སྔོ་བསངས་སྤྱན་གསུམ་པའི་ལྷ་མོ་ཆ་བྱད་དང་། རྒྱན་མ་ཉམས་པ་འདྲིར་གཞུག་པར་བྱའོ། །འོག་ཏུ་རྗེས་སུ་སྒྲུབ་པ་པོ་ལག་ན་སྤོག་ཕོར་ཐོགས་པ་བྱའོ། །དེ་ནས་སྒྲུབ་པ་པོས་རས་རིས་ཀྱི་སྤྱན་སྔར་རིག་པ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་མཚན་མོ་དུར་ཁྲོད་དུ་སོང་ནས་རས་རིས་ཞལ་ཤར་དུ་ཕྱོགས་པར་བཞག་ནས་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ཏེ་འབྱུང་པོ་ཐམས་ཅད་པ་ལ་དེ་ནས་རིག་པ་འཛིན་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པ་གཅིག་པུ་ཐོད་པ་ལ་ཞག་ཆེན་པོའི་དུད་པ་བླངས་ནས་སྙིང་པོ་མཉམ་པར་འགྲོ་མའི་རིག་པ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་སླར་ཡང་ཇི་སྲིད་དུ་བ་འཐུལ་བ་དང་། འབར་བར་གྱུར་གྱི་བར་དུ་རིག་པ་བཟླས་པར་བྱའོ། །རྒྱལ་བའི་སྤྱན་གཉིས་པ་ལྟ་བུ་དང་། དབང་ཕྱུག་ཆེན་པོའི་མདུང་གི་མཚོན་ཆས་དབང་ཕྱུག་ཆེན་པོ་རྣམས་ཐམས་ཅད་རིག་པ་ལས་དབང་དུ་འགྱུར་རོ། །དེ་ནས་མིག་སྨན་སྒྲུབ་པར་འདོད་ན་རྒྱ་མཚོའི་འགྲམ་དུ་སོང་ནས་སྔོན་དུ་བསྙེན་པ་ནི་ཆུ་དང་། འོ་མས་ཁྲུས་བྱས་ནས་མི་སྨྲ་བར་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་གཙང་མས་གོས་གཙང་མ་བགོས་ཏེ་བ་ལང་གི་ཕགས་པ་ཙམ་གྱི་གཞི་ལ་ཉེ་བར་བྱུག་པ་བྱས་ནས་དེར་འཕགས་པ་བྱག་ན་རྡོ་རྗེའི་གཟུགས་བརྙན་རབ་ཏུ་སོ་སོར་གནས་པ་བྱེད་དུ་གཞུག་གོ་། དེ་ནས་མགོ་བོའི་ཐོད་པ་ལྔ་བླངས་ནས་དྲི་བཟང་པོའི་ཏིལ་མར་གྱིས་རབ་ཏུ་སྦར་བར་བྱ་སྟེ་དུ་བ་མེད་པར་བྱའོ། །དེ་ནས་རྣམ་པ་སྣ་ཚོགས་གཏོར་མ་བྱས་ནས་མར་གྱི་མར་མེ་ཕུལ་ཏེ་དེ་ནས་མགོ་བོའི་ཐོད་པ་སོ་སོར་བཞག་ནས་ཕྱག་ན་རྡོ་རྗེའི་སྤྱན་སྔར་བསྲུང་བ་བྱས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། མིག་སྨན་དེ་དྲོ་བར་འགྱུར་རོ། །དེ་ནས་རིག་པ་འཛིན་པ་རིངས་ཐབས་སུ་རིག་པ་ལན་བདུན་ཡོངས་སུ་བཟླས་པར་བྱའོ། །དུ་བ་འཐུལ་བ་དང་། འབར་བར་བྱེད་དོ། ། འབར་བ་ན་ཐོད་པ་དེ་བླངས་ནས་ཕྱག་ན་རྡོ་རྗེའི་གནས་སུ་འགྲོའོ། །འདི་ཟར་མའི་མེ་ཏོག་མཚུངས་པ་སྔོན་མེད་པའི་བྱེ་བ་ཕྲག་དགུའི་དབང་ཕྱུག་ཏུ་འགྱུར་རོ། །དེ་ནས་རྡོ་རྗེ་སྒྲུབ་པར་འདོད་ན་རི་མོ་མཁན་གསོ་སྦྱོང་ལ་གནས་པས་མ་འདྲེས་པའི་ཚོན་གྱིས་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་དང་། བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་འདྲིར་གཞུག་པར་བྱ་སྟེ་བྲི་ཡང་ཀུ་ལྟར་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། སྙིང་པོའི་ཡང་གཡས་པའི་ཕྱག་གིས་རྡོ་རྗེའོ། །དེ་ནས་སྒྲུབ་པ་པོ་རིའི་རྩེ་མོར་མངོན་པར་འཛེགས་ཏེ་མི་སྨྲ་བས་གྲོགས་མེད་པར་ཡང་རུང་སྟེ་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། །དེ་ནས་བཅོ་ལྔ་ལ་གཙང་མས་གོས་གཙང་མ་བགོས་ཏེ་ར་ཨས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མར་གྱི་མར་མེ་སྦར་ཏེ་དེ་ནས་སྒྲུབ་པ་པོས་བསྲུང་བའི་ཆོ་ག་བྱས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་རྩེ་མོ་མ་བཅད་པའི་ཀུ་ཤ་སོར་བརྒྱད་པའི་ཚད་ཀྱི་རྩེ་གསུམ་པའི་རྡོ་རྗེ་བྱེད་དུ་གཞུག་གོ་། རྡོ་རྗེ་དེ་ལག་པ་གཡས་པས་མནན་ནས་ཇི་སྲིད་བཅོམ་ལྡན་འདས་མ་ལ་འོད་ཟེར་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །རྡོ་རྗེའི་ཙི་ཊི་ཙི་ཊིའི་སྒྲ་ཐོས་ཏེ་འཇིགས་པར་མི་བྱ་བར་སླར་ཡང་ཡུད་ཙམ་རིག་པ་བཟླས་པར་བྱའོ། །ཇི་སྲིད་རྔ་བོ་ཆེའི་སྒྲ་ཐོས་པ་ན་སླར་ཡང་ཡུད་ཙམ་དུ་རིག་པ་བཟླས་པར་བྱའོ། །རིག་པ་འཛིན་པ་རིངས་ཐབས་སུ་མར་དང་། སྦྲང་རྩིས་བཏགས་པའི་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །སྦྱིན་སྲེག་ཡོངས་སུ་རྫོགས་ནས་ཀྱང་ཇི་སྲིད་རྡོ་རྗེ་ལ་འོད་ཟེར་འབྱུང་གི་བར་དེ་སྲིད་དུ་བཟླས་པར་བྱའོ། །དེས་དུས་གསུམ་དུ་ཁྲུས་བྱས་པས་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ཕྱག་ན་རྡོ་རྗེ་གཉིས་པ་ལྟ་བུ་སྔོ་བསངས་དྭང་བའི་ལུས་སུ་གྱུར་ནས་བསྐལ་བར་གནས་སོ། །གང་གི་ཚེ་འཆི་བ་དེའི་ཚེ་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ།། དེ་ནས་ལྕགས་ཀྱུ་སྒྲུབ་པར་འདོད་ན་སྔོན་བཞིན་དུ་སྒྲུབ་པ་པོ་སྔོན་སྤྱོད་པར་བྱའོ། །འོ་མ་དང་། ཟན་ཟ་ཞིང་མི་སྨྲ་བས་བ་ལང་གི་གནས་སུ་ཀུ་ཤ་བཏིང་བའི་མལ་སྟན་ལ་གཙང་ཞིང་གོས་གཙང་མ་བགོས་ཏེ་དུས་གསུམ་དུ་ཁྲུས་བྱས་ལ་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། །དེ་ནས་རྒྱ་མཚོར་འགྲོ་པའི་ཆུ་ཀླུང་དུ་སོང་ནས་སློང་མོ་ཟ་ཞིང་རྐེད་པ་ཙམ་གྱི་ཆུར་ཞུགས་ནས་འབུམ་བཟླས་པར་བྱའོ། །དགེ་འདུན་ལ་བཟའ་བ་དབུལ་བར་བྱའོ། །དེ་ནས་རི་མོ་མཁན་གསོ་སྦྱོང་ལ་གནས་པས་གཟུགས་བརྙན་འདྲིར་གཞུག་པར་བྱ་སྟེ་གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་ལྟར་སེར་བ་སྤྱན་གསུམ་པའོ། །དེའི་ཉེ་ལོགས་སུ་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་འདྲིར་གཞུག་པར་བྱའོ། །རྡོ་རྗེ་འཛིན་པའང་དེ་བཞིན་གཤེགས་པའི་གཙུག་ཏོར་དུ་རབ་ཏུ་འཇུག་བཞིན་པ་འདྲིར་གཞུག་པར་བྱའོ། །ཐམས་ཅད་ཀྱང་པདྨའི་གདན་ལ་རབ་ཏུ་གནས་པར་བྱའོ། །དེ་ནས་སྒྲུབ་པ་པོས་མཆོད་པ་རྒྱ་ཆེན་པོ་བྱས་ནས་བཅོམ་ལྡན་འདས་མས་ཀུ་ཤའི་ཁྲེས་ལ་མངོན་པར་བསྔགས་པ་ལ་ཉེ་བར་འདུག་པར་བྱའོ། །དེ་ནས་རིག་པ་འཛིན་པས་རྩེ་མོ་མ་བཅད་པའི་ཀུ་ཤ་ལྕགས་ཀྱུ་བྱས་ནས་ལག་པ་གཡས་པས་བླངས་ཏེ་ཇི་སྲིད་ལྕགས་ཀྱུ་ལས་འོད་ཟེར་བྱུང་བ་དེ་སྲིད་དུ་དཔག་ཏུ་མེད་པ་བཟླས་པར་བྱའོ། །འོད་ཟེར་དེ་སྒྲུབ་པ་པོ་ལ་བསྐོར་བ་བྱས་ཏེ་ནུབ་པར་འགྱུར་ཏེ་དེ་བཟུང་བས་རིག་པ་འཛིན་པར་འགྱུར་ཏེ་རིག་པ་འཛིན་པ་ཐམས་ཅད་ཀྱང་རྗེས་སུ་འབྲང་བར་འགྱུར་རོ། །ལྕགས་ཀྱུ་ལག་ན་ཐོགས་པས་རིག་པ་འཛིན་པ་སྟོང་ཕྲག་གི་མངའ་བདག་ཏུ་འགྱུར་རོ། །བསྐལ་པར་གནས་པ་དང་། རླུང་ལྟར་འགྲོ་བ་དང་། ལྷའི་ལུས་དང་། རང་འཆི་བ་ཤེས་པར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཆེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཕྱག་ན་རྡོ་རྗེས་གསུངས་པ་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་ལེའུ་བཞི་པའོ། ། །།དེ་ནས་ཡང་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་ཉེ་བར་ལྷགས་སོ། །ཉེ་བར་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་མགོ་བོས་ཕྱག་བྱས་ནས་བསྐོར་བ་བྱས་ནས་མཐའ་གཅིག་ཏུ་འདུག་གོ་། དེ་ནས་ཡང་ཚངས་པ་ཆེན་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་རིག་པའི་རྒྱལ་མོའི་ཆོ་ག་འཆད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཚངས་པ་ཆེན་པོ། ལེགས་སོ། །ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཆེད་དུ་རིག་པའི་རྒྱལ་མོ་ཆེན་མོའི་ཆོ་ག་གསུངས་ཤིག་།དེ་ནས་ཡང་ཚངས་པ་ཆེན་པོས་ཆོ་ག་གསུངས་པ། རིགས་ཀྱི་བུ། གང་ལ་ལ་རིག་པའི་རྒྱལ་མོ་སྨྲ་བར་གྱུར་པའམ། འཆང་བར་གྱུར་པ་དེ་ལ་བདག་རྟག་ཏུ་རྗེས་སུ་འབྲང་བར་བགྱིའོ། །གང་དང་། གང་དུ་སྐྱེ་བ་དེ་དང་། དེར་བདག་འདི་ལ་སངས་རྒྱས་རྗེས་སུ་དྲན་པ་རྗེས་སུ་སྦྱིན་པར་བགྱི་ཞིང་། རྟག་ཏུ་སྐྱེ་བ་དྲན་པར་འགྱུར་རོ། །རིགས་དམའ་བར་སྐྱེ་བར་མི་འགྱུར། བཀླགས་པས་ལས་རྣམས་འགྲུབ་པར་འགྱུར་རོ། །ཆོམ་རྐུན་གྱི་དབུས་སུ་སོང་བས་ཡིད་ལ་བྱའོ། །སྦྲུལ་གྱི་འཇིགས་པ་དང་། གནམ་ལྕགས་ལྟུང་བ་ལ་ལན་ཅིག་བརྗོད་པར་བྱའོ། །ཁྲོས་པའི་མདུན་དུ་དྲན་པར་བྱས་ན་དཔལ་རབ་ཏུ་སྟེར་རོ། །གདོན་གསོ་བར་འདོད་ན་ལན་བདུན་མངོན་པར་སྔགས་ལ་སྲང་གིས་བསྲེགས་པར་བྱས་ན་གྲོལ་ལོ། །ཕྱག་རྒྱ་དབྱེ་བར་འདོད་ན་གདོང་ལ་ལན་བདུན་མངོན་པར་སྔགས་ནས་བལྟ་བར་བྱ་སྟེ་ཕྱག་རྒྱ་དབྱེ་བ་བྱས་པར་འགྱུར་རོ། །ཡུངས་ཀར་ལ་དཀྱིལ་འཁོར་བཅིངས་པའོ། །ཕུར་བུས་ཁང་བཟང་སྦྱོང་བའོ། །ཕུར་བུ་ཉིད་ཀྱིས་མཚམས་བཅིང་པའོ། །གང་དུ་རྡོ་རྗེ་གནས་པའི་གནས་དེར་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་ལན་བརྒྱད་བརྒྱར་བཟླས་པར་བྱའོ། །རྡོ་རྗེ་རྣམས་བཅིངས་པ་བྱས་པར་འགྱུར་རོ། །རྡོ་རྗེ་དབྱེ་བར་བྱ་བར་འདོད་ན་དུག་དང་། ལིང་ག་དང་། ཀ་ར་བཱི་རའི་མེ་ཏོག་དང་། ལུག་གི་རྭ་སྟེ་འདི་རྣམས་ཆ་མཉམ་པར་བྱས་ལ་རིག་པ་བརྒྱད་བརྒྱར་མངོན་པར་སྔགས་པར་བྱས་ནས་རྡོ་རྗེའི་མེ་ལ་དེ་རབ་ཏུ་བྱུག་པར་བྱའོ། །རྡོ་རྗེ་རྣམ་པར་དབྱེ་བ་བྱས་པར་འགྱུར་རོ། །ནོར་སྒྲུབ་པར་འདོད་ན་སྔ་མ་བཞིན་དུ་སྔོན་སྤྱད་པ་བྱས་ལ་རི་མོ་མཁན་གསོ་སྦྱོང་ལ་གནས་པས་མ་ཉམས་པའི་རས་སྐྲ་དང་བྲལ་བ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་ཆོས་སྟོན་པར་མཛད་བཞིན་པར་འདྲིར་གཞུག་པར་བྱའོ། །གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ། རལ་བའི་ཅོད་པན་འཆང་བ། འོད་དཔག་མེད་དབུ་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། ། གཡོན་དུ་རྡོ་རྗེ་འཛིན་པ་སྔོ་བསངས། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་ན་རྡོ་རྗེ་ཐོགས་པའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་ཉེ་ལོགས་ན་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན། པྲི་ཡང་ཀུ་ལྟར་སྔོ་བསངས་འདྲིར་གཞུག་པར་བྱའོ། །བཅོམ་ལྡན་འདས་མའི་ཉེ་ལོགས་སུ་རིག་པའི་རྒྱལ་མོ་ཆེན་མོར་འདྲིར་གཞུག་པར་བྱའོ། ། ཚངས་པའང་ལག་ན་རིལ་བ་སྤྱི་བླུགས་ཐོགས་པའོ། །འོག་ཏུ་ལོག་འདྲེན་སྣ་ཚོགས་པའི་གཟུགས་ཅན་འདྲིར་གཞུག་པར་བྱའོ། །ལྷ་ཐམས་ཅད་ཀྱང་པདྨའི་གདན་ལ་གནས་པར་བྱའོ། །སྒྲུབ་པ་པོ་ནི་སྔོན་བཞིན་ནོ། །དེ་ནས་སྒྲུབ་པ་པོས་བཅོ་ལྔ་ལ་གཞོན་ནུ་མས་བཀལ་བའི་སྲད་བུ་ལ་སྔར་བཞིན་རྒྱུ་ས་ཀར་རྒྱལ་ལ་བསྒྲིལ་བའི་མཆོད་ཕྱིར་ཐོགས་བྱས་ལ་དེ་ནས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་གཏོར་མ་རྣམ་པ་སྣ་ཚོགས་དབུལ་ལ་མར་གྱི་མར་མེའང་སྦར་བར་བྱའོ། །དེ་ནས་རིག་པ་འཛིན་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་མཆོད་ཕྱིར་ཐོགས་ལན་བདུན་མངོན་པར་སྔགས་པ་བྱས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་པར་དབུལ་བར་བྱའོ། །རིག་པ་འཛིན་པ་རྣམས་ཀྱང་གཡས་པའི་ཕྱག་བརྒྱད་ཀྱིས་རེག་གོ་།ཇི་སྲིད་དྲོ་བར་གྱུར་པའམ། དུ་བ་འཐུལ་བའམ། འབར་བར་གྱུར་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །འབར་བ་ན་ཡིད་ཀྱིས་མཆོད་ཡོན་དབུལ་ལོ། །དེ་ནས་རིག་པ་འཛིན་པས་ཚངས་པ་ཡིད་ལ་བྱའོ། །དྲན་པ་ཙམ་གྱིས་དབྱུག་པའི་ཤིང་དུ་འགྱུར་རོ། །ཡུངས་ཀར་ལ་ལན་བརྒྱ་བཟླས་པ་བསྣུན་པར་བྱ་སྟེ་མཆོད་ཕྱིར་ཐོགས་སུ་འགྱུར་རོ། །བཅོམ་ལྡན་འ་དས་མ་དྲན་པ་ཉིད་ཀྱི་རྗེས་སུ་བླངས་པར་བྱ་སྟེ་བླངས་བ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་དཀར་ཞིང་དྭང་བའི་ལུས་རིག་པ་འཛིན་པས་བཅུ་གཉིས་ཀྱི་མངའ་བདག་ཏུ་འགྱུར་རོ། །ཚངས་པའི་འཇིག་རྟེན་དུ་འགྲོའོ། །གང་གི་ཚེ་འཕོ་བ་དེའི་ཚེ་སླར་ཡང་རིག་པ་ཉམས་སུ་མྱོང་བར་འགྱུར་རོ། །སྒྲུབ་པ་གཞན་ཡང་སྔར་བཞིན་དུ་རིག་པ་འཛིན་པས་དུར་ཁྲོད་དུ་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། །དེ་ནས་སློང་མོའི་ཟས་ཟ་ཞིང་ཤི་བའི་རས་བླངས་ནས་རྫས་འདི་རྣམས་ཀྱི་བཀྲུ་བར་བྱ་སྟེ་ཙནྡན་དང་། རྒྱ་སྤོས་དང་། པུ་ཤེལ་ཙེ་དང་། པཱ་ལ་ཀ་དང་། རཱ་ཛ་ཧཱ་སྟེ་རྫས་འདི་རྣམས་གཅིག་ཏུ་བྱས་ནས་བཀྲུ་བར་བྱའོ། །མི་བློ་གྲོས་དང་ལྡན་པས་བཀྲུས་པ་དེ་ལ་ཉི་མ་བདུན་དུ་བདུག་སྤོས་དབུལ་བར་བྱའོ། །དེ་ནས་རིག་པ་འཛིན་པས་བཅོ་ལྔ་ལ་དུར་ཁྲོད་དུ་སོང་ནས་བ་ལང་གི་པགས་པ་ཙམ་གྱི་ཐང་ལ་ཉེ་བར་བྱུགས་ནས་དྲི་དང་། མེ་ཏོག་ལ་སོགས་པས་མཆོད་དོ། །འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས་ནས་དེ་ནས་སྒྲུབ་པ་པོས་ཐོད་པ་ལ་ཉེ་བར་འདུག་སྟེ་རས་དེས་ཀུན་ནས་གཡོགས་པས་སྲུང་བ་བྱས་པས་ཇི་སྲིད་དྲོ་བའམ། དུ་བ་འཐུལ་བ་དང་། འབར་བར་གྱུར་གྱི་བར་དུ་རིག་པ་བཟླས་པར་བྱའོ། ། དྲོ་བར་གྱུར་པས་ནི་དབང་དུ་བྱེད་དོ། །དུ་བ་འཐུལ་བས་ནི་མི་སྣང་བར་འགྱུར་རོ། །འབར་བས་ནི་སྐྲ་ལི་ཞིང་འཁྱིལ་བ་ལུས་དཀར་པོ་རིག་པ་འཛིན་པ་དྲུག་ཅུའི་མངའ་བདག་ཏུ་འགྱུར་རོ། །ཇི་ལྟར་ཡང་རས་དེ་ཀུན་ཏུ་གཡོགས་པ་ཙམ་གྱིས་ཀྱང་བདག་ཉིད་དུ་བྱེད་དོ། །དེའི་ཚེ་རིག་པ་འཛིན་པ་རྣམས་ལའང་ཆ་ཤས་སྦྱིན་པར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ནས་བགྲང་ཕྲེང་སྒྲུབ་པར་འདོད་ན་སྔོན་བཞིན་དུ་རྒྱ་མཚོར་འབུམ་ཕྲག་ལྔ་བཟླས་པར་བྱའོ། །དེ་ནས་ཀུ་ཤ་ལས་བྱུང་བའི་བགྲང་ཕྲེང་བྱས་ལ་མདུད་པ་ཉི་ཤུ་རྩ་ལྔ་བྱའོ། །དེ་ནས་དུར་ཁྲོད་དུ་སོང་ནས་དཀྱིལ་འཁོར་གྲུ་བཞི་པ་ཉེ་བར་བྱུགས་ཏེ་དེ་ནས་རིག་པ་འཛིན་པས་རོ་དང་། སྐྱི་བུང་བཞག་ནས་བར་དུ་གཞག་པར་བྱའོ། །དྲི་དང་། མེ་ཏོག་ལ་སོགས་པས་མཆོད་པ་བྱས་ནས་གཏོར་མ་རྒྱ་ཆེན་པོ་དབུལ་ལོ། །དེ་ནས་སྒྲུབ་པ་པོའི་རོའི་བྲང་ཁར་ཉེ་བར་འདུག་སྟེ་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། །རྣམ་པ་སྣ་ཚོགས་པའི་བགེགས་ཆར་ལྟ་བུ་ལ་འཇིགས་པར་མི་བྱའོ། །ཇི་སྲིད་ཙམ་གདུང་དུ་འགྱུར་ཏེ་ཡིད་ཀྱིས་མཆོད་ཡོན་ཕུལ་ནས་སླར་ཡང་ཇི་སྲིད་བགྲང་ཕྲེང་དུ་འགྱུར་གྱི་བར་དུ་བཟླས་པར་བྱའོ། །སླར་ཡང་སྒྲུབ་པ་པོས་འཆང་བཞིན་པས་བཅོམ་ལྡན་འདས་མ་ལན་བདུན་བཟླས་པར་བྱའོ། །དེ་ནས་ཀུན་ནས་འོད་ཟེར་འབྱུང་སྟེ་རིག་པ་དྲན་པ་གཟུང་བར་བྱའོ། །བཟུང་བ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་འདོད་པའི་གཟུགས་ཅན་ཉི་མ་འཆར་ཀའི་འོད་རིག་པ་འཛིན་པ་སྟོང་ཕྲག་གིས་ཡོངས་སུ་བསྐོར་བ་སྐད་ཅིག་ཐང་གཅིག་ཡུད་ཙམ་ལ་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང་ཚངས་པར་ཡང་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་དྲི་མ་མེད་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ལྷ་མ་ཡིན་གྱི་བུ་མོ་ལ་ལོངས་སྤྱོད་པར་འདོད་ན་སློང་མོ་བཟའ་ཞིང་རིའི་རྩེ་མོར་རིག་པ་སྙིང་པོ་མཉམ་པར་འགྲོ་མ་འབུམ་ཕྲག་ལྔ་བཟླས་པར་བྱའོ། །དེ་ནས་རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་ཆོས་འཆད་བཞིན་པ་འདྲིར་གཞུག་པར་བྱའོ། ། དེའི་སྤྱན་སྔར་ཡིད་ཀྱིས་སྔགས་ཐམས་ཅད་བསྟེན་པར་བྱེད་ན་ལྷ་མ་ཡིན་གྱི་རྫས་རྣམས་དབང་དུ་འགྱུར་རོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་ཚངས་པས་གསུངས་པ་ལེའུ་ལྔ་པའོ། ། །།དེ་ནས་གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་ཉེ་བར་ལྷགས་སོ། །ཉེ་བར་ལྷགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བསྐོར་བ་བྱས་ནས་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ། རིག་པའི་རྒྱལ་པོ་འདིའི་ཆོ་ག་བཤད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པ་ལ་འདི་སྐད་ཅེས་སྨྲས་སོ། །གླང་པོའི་རྒྱལ་པོ། གང་ཁྱེད་སེམས་ཅན་གྱི་དོན་དུ་ཆོ་ག་འཆད་པ་ལེགས་སོ། །ལེགས་སོ། །དེ་ནས་གང་ཁྱོད་སྨྲོས་ཤིག་།གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པས་སྨྲས་པ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། སྨྱུང་བར་གནས་པ་མེད་པར་བསྒྲུབ་པར་བྱ་སྟེ་བུད་མེད་ཀྱི་རོ་བླངས་ནས་དུར་ཁྲོད་དུ་བ་ལང་གི་པགས་པ་ཙམ་གྱི་ཐང་ལ་ཉེ་བར་བྱུག་པ་བྱས་ནས་ཤར་དུ་མགོ་བོ་བཞག་ནས་དྲི་དང་། མེ་ཏོག་ལ་སོགས་པ་རྣམས་ཀྱི་མཆོད་པས་མཆོད་དེ་དེའི་བྷ་གར་མིག་སྨན་བཅུག་ནས་ཇི་སྲིད་དུ་འགྲོ་བར་གྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེས་རྒྱལ་བའི་སྤྱན་དང་མཚུངས་པར་འགྱུར་ཏེ་ལོ་སྟོང་ཕྲག་བཞིར་འཚོ་བར་འགྱུར་རོ། །ནག་པོའི་བཅུ་བཞི་ལ་སྐྱེས་བུ་ཤི་བ་དེའི་ཡན་ལག་ལས་སྐྱེས་པ་བླངས་ནས་སྐམ་པོར་བྱས་ཏེ་བསྐ་བས་བཀྲུ་བར་བྱའོ། །དྲི་དང་། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མངོན་པར་མཆོད་ན་ཨས་ཕྱི་མའི་ནག་པོའི་བཅུ་བཞི་ལ་དབང་ཕྱུག་ཆེན་པོའི་གནས་སུ་སོང་ནས་འབྱུང་ཕོ་ཐམས་ཅད་པའི་གཏོར་མ་བྱས་ཏེ་དབང་ཕྱུག་ཆེན་པོ་གཡས་ཀྱི་ལུས་ལ་བཞག་ནས་ཁམ་ཕོར་ཁ་སྦྱར་དུ་གནས་པའི་དེའི་ཡན་ལག་ལས་སྐྱེས་པ་བྱས་ནས་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་དངོས་གྲུབ་ཀྱི་མཚན་མ་ཁམ་ཕོར་ཁ་སྦྱར་གཡོ་བར་བྱེད་དེ་རིག་པ་དྲན་པས་བླང་བར་བྱའོ། །བླངས་པ་ཙམ་ལ་མི་སྣང་བར་འགྱུར་རོ། །དཔག་ཚད་སྟོང་དུ་འགྲོའོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དེ་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་དུར་ཁྲོད་དུ་སོང་ནས་མ་སྐྱེས་པར་ཤི་བའི་བྱིས་པའི་དབང་པོ་ལྔ་བླངས་ནས་རིལ་བུར་བྱས་ཏེ་ལྕགས་གསུམ་གྱིས་ཡོངས་སུ་དཀྲིས་ནས་དེ་ནས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་ཐོད་པའི་ནང་དུ་བཞག་ནས་རིག་པ་སྙིང་པོ་མཉམ་པར་འགྲོ་མ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །རིལ་བུ་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །ལོ་སྟོང་ཕྲག་དྲུག་འཚོ་བར་འགྱུར་རོ། །དཔག་ཚད་བརྒྱར་འགྲོ་བར་འགྱུར་རོ། །མ་ཉམས་པའི་རས་ལ་རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་མ་སྙིང་པོ་མཉམ་པར་འགྲོ་མ་འདྲིར་གཞུག་པར་བྱའོ། །གླང་པོའི་རྒྱལ་པོ་ཕུར་བུ་གསུམ་པ་འདྲིར་གཞུག་བར་བྱའོ། །བགེགས་ཀྱི་གཟུགས་ཁ་འོག་ཏུ་བལྟས་བ་རྣམ་པར་འགྱུར་བའི་རྣམ་པ་འདྲིར་གཞུག་པར་བྱའོ། །འོག་ན་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པའོ། །དེ་ནས་རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་ལེགས་པར་ངེས་པ་སྐྱེས་པའི་རོ་བླངས་ནས་དུར་ཁྲོད་དུ་དྲི་དང་། མེ་ཏོག་ལ་སོགས་པས་བཅོམ་ལྡན་འདས་མ་མཆོད་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས་ཏེ་གྲོགས་བཟང་པོས་སྲུང་བ་བྱས་པ། གཙང་མས་གོས་གཙང་མ་བགོས་ཏེ་རོའི་དཔྲལ་བར་རྐང་པ་བྱིན་ནས་གནས་པས་རིག་པ་བཟླས་པར་བྱའོ། །ཇི་སྲིད་ན་ལྡང་བར་བྱེད་དེ་འཇིགས་པར་མི་བྱའོ། །དེ་ནས་རིག་པ་འཛིན་པས་ཡུངས་ཀར་ལ་ལན་བདུན་བཟླས་ནས་བརྡེག་པར་བྱ་སྟེ་གནོན་པར་འགྱུར་རོ། །དེ་ནས་རིག་པ་འཛིན་པས་རིག་པ་བཟླས་ཏེ་ལག་པ་གཡས་པར་རེག་པར་བྱའོ། །རེག་བ་ཙམ་གྱིས་ཁ་རུ་སྟ་མཐོང་བར་འགྱུར་རོ། །རིག་པ་བཟླས་ལ་བླང་བར་བྱའོ། །བླངས་པ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ལག་པ་བཞི་པ། གླང་པོའི་རིག་པ་འཛིན་པ། རིག་པ་འཛིན་པ་དྲུག་གིས་བསྐོར་པ། རླུང་ལྟར་འགྲོ་བ་བསྐལ་པར་གནས་པར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཕུར་བུ་གསུམ་པས་བཤད་པ་ལེའུ་དྲུག་པའོ།། །།དེ་ནས་དབང་ལྡན་འབྱུང་པོའི་བདག་པོ་ནི་འདིའི་རིག་པས་དགའ་ནས་ཆོ་ག་གསུངས་པ། རི་མོ་མཁན་གསོ་སྦྱོང་ལ་གནས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱའོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་ན་པདྨ་བསྣམས་པ་འདྲིར་གཞུག་པར་བྱའོ། །གཡོན་དུ་འཕགས་པ་ཕྱག་ན་རྡོ་རྗེ་ཟར་མའི་མེ་ཏོག་དང་འདྲ་བ་འདྲིར་གཞུག་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་ཉེ་ལོགས་སུ་བཅོམ་ལྡན་འདས་མ་པྲི་ཡང་ཀུ་ལྟར་སྔོ་བསངས། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །ལྷའི་བུ་རྣམས་ཀྱང་མེ་ཏོག་རབ་ཏུ་འཐོར་བཞིན་པ་འདྲིར་གཞུག་པར་བྱའོ། །འོག་ཏུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པ་འདྲིར་གཞུག་པར་བྱ། དེ་ནས་རིག་པ་འཛིན་པ་ཟླ་བ་གཅིག་ཏུ་འོ་མ་དང་། ནས་ཟན་བཟའ་ཞིང་རས་རིས་ཀྱི་སྤྱན་སྔར་རིག་པ་བཟླས་པར་བྱའོ། །དེ་ནས་མགོ་བོ་ལྔའི་ཐོད་པ་བླངས་ཏེ་གསུམ་གྱིས་སྒྱེད་བུ་གསུམ་བྱས་ཏེ་ཐོད་པ་གཅིག་ཞག་གིས་བཀང་ནས་དེ་ནས་རིག་པ་འཛིན་པས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱ། ཐོད་པ་ལྔ་པ་ལ་ཉེ་བར་འདུག་ནས་ཡུངས་ཀར་རེ་རེ་ལ་ལན་བདུན་བདུན་མངོན་པར་སྔགས་པ་བྱས་ནས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །སྦྱིན་སྲེག་དེ་རྫོགས་པ་ན་ལྦུ་བ་འབྱུང་སྟེ་ལག་པ་གཡས་པས་མནན་ནས་བརྒྱད་བརྒྱ་བཟླས་པར་བྱའོ། །དེ་ནས་དུ་བའི་སྒྲ་ཐོས་ཏེ་འཇིགས་པར་མི་བྱའོ། །དེ་ནས་རིག་པ་འཛིན་པས་རིངས་ཐབས་སུ་ཡུངས་ཀར་དཀར་པོ་ལ་ལན་བདུན་སྔགས་པས་བཞུ་བར་བྱ་སྟེ་སྐྱེས་བུར་འགྱུར་རོ། །རིག་པ་དྲན་པས་སྟོང་ཅིག་།སྟོང་ཅིག་ཅེས་བརྗོད་པར་བྱའོ། །སྭ་ཏི་ཀ་རུ་འགྱུར་རོ། །དེ་ནས་རིག་པ་འཛིན་པས་ལྡོང་རོས་ལ་ལན་བདུན་སྔགས་པས་དེ་ལ་ཐིག་ལེ་བྱས་པས་གླང་པོའི་དབང་པོར་འགྱུར་རོ། །དེ་ལ་ཞོན་པ་ཙམ་ལ་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན། དཀར་ཞིང་དྭང་བའི་ལུས། གླང་པོ་ཆེ་ལ་ཞོན་པ། ལོ་སྟོང་ཕྲག་བརྒྱད་དུ་འཚོ་བར་འགྱུར་ཏེ་དཔག་ཚད་སྟོང་ཕྲག་བཅོ་བརྒྱད་དུ་འཕུར་བར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་དགའ་ལྡན་ལྷའི་གནས་སུ་སྐྱེ་བར་འགྱུར་རོ། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད་སྨྱུང་བར་གནས་པ་མེད་དེ་བསྒྲུབ་པར་བྱའོ། །སྐྱེས་བུ་ཤི་བའི་རོ་བླངས་ཏེ་ཆུ་ཀླུང་གི་འགྲམ་དུ་དྲིའི་ཁྲུས་བྱས་ནས་རྣམ་པ་སྣ་ཚོགས་པའི་གོས་གསར་བ་དང་། རྒྱན་གྱིས་བརྒྱན་པར་བྱས་ནས་མགོ་བོ་ཤར་དུ་གཞག་པར་བྱའོ། །སྒྲུབ་པ་པོས་གྲོགས་བཟང་པོ་བསྲུང་བ་བྱས་ལ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་པར་སྔགས་ནས་ཁར་གཞུག་པར་བྱ་ཞིང་རིག་པ་བཟླས་སོ། །ཇི་སྲིད་དུ་མི་རོའི་ཁ་གདངས་པར་འགྱུར་རོ། །དེ་ནས་སྒྲུབ་པ་པོ་འཇིགས་པ་མེད་པར་གྱུར་པས་རྐང་པ་གཡོན་པས་བྲང་ཁར་མནན་ནས་སྒྲ་དྲག་པོ་འབྱུང་བར་མི་བྱེད་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །ཇི་སྲིད་དུ་དུ་བ་འཐུལ་བར་བྱེད་དེ་འཇིགས་པ་མེད་པས་དཔྲལ་བར་ལན་བདུན་བཟླས་པའི་ཡུངས་ཀར་གྱིས་གཞུ་བར་བྱའོ། །ཁ་ནས་སྤྲུལ་མཐོང་བར་འགྱུར་ཏེ་འཇིགས་པར་མི་བྱ་བར་རིག་པ་དྲན་པས་རེག་པར་བྱའོ། །རེག་པ་ཙམ་གྱིས་རལ་གྲིར་འགྱུར་རོ། །སྙིང་པོ་དྲན་པས་གཟུང་བར་བྱའོ། །བཟུང་བ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། གླང་པོའི་རིག་པ་འཛིན་པ་ཐམས་ཅད་ཀྱི་བདག་པོར་ཐོགས་པ་མེད་པར་འགྱུར་ཏེ་ལོ་སྟོང་དྲུག་ཅུར་འཚོ་བར་འགྱུར་རོ། །མདུང་ཐུང་གི་སྒྲུབ་པར་འགྱུར་ཏེ་སྔར་བཞིན་དུ་འོ་མ་དང་། ནས་ཟན་བཟའ་ཞིང་རི་བོའི་རྩེ་མོར་འཛེགས་ཏེ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་དུར་ཁྲོད་ཀྱི་ཐལ་བ་དང་། གྲོག་མཁར་གྱི་ས་ལ་འོ་མས་སྦྲུས་ཏེ་སྔར་བཞིན་དུ་འོ་མ་དང་། ནས་ཟན་བཟའ་ཞིང་རིའི་རྩེ་མོར་འཛེགས་ཏེ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་དུར་ཁྲོད་ཀྱི་ཐལ་བ་དང་། གྲོག་མཁར་གྱི་ས་ལ་འོ་མས་སྦྲུས་ཏེ་རྨ་བྱའི་གཟུགས་བྱ། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱིས་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ། །དེ་ནས་དུར་ཁྲོད་དུ་སོང་ནས་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པས་མངོན་པ་ཨར་མཆོད་ནས་འབྱུང་པོའི་གཏོར་མ་བྱས་ནས་དེ་ནས་གཙང་མས་གོས་གཙང་མ་བགོས་ཏེ་ཐོད་པ་ལ་ཉེ་བར་འདུག་སྟེ་ཐོད་པ་གཉིས་པར་རྨ་བྱ་བཞག་ནས་ཇི་སྲིད་རྨ་བྱ་གཡོ་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་ས་ལ་མ་ལྷུང་བའི་མེ་ཏོག་ལ་ལན་བདུན་མངོན་པར་སྔགས་པ་རྣམས་ཀྱིས་མཆོད་ཡོན་དབུལ་ལོ། །སླར་ཡང་རིག་པ་བཟླས་པར་བྱའོ། །ཕྱོགས་ནས་ལྷན་ཅིག་འོང་བར་བྱེད་དེ་འཇིགས་པར་མི་བྱ་བར་སྙིང་ཕོ་དྲན་པས་རྨ་བྱ་ལ་རེག་པར་བྱ་སྟེ་བུད་མེད་དུ་འགྱུར་རོ། །དེས། བུ། ཅི་བགྱི་ཞེས་སྨྲ་བར་འགྱུར་རོ། །དེ་ལ་བདག་གི་ལུས་སུ་གནས་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་དེ་རིག་པ་འཛིན་པའི་ལག་མཐིལ་དུ་མི་སྣང་བར་འགྱུར་རོ། །སྐད་ཅིག་དེ་ཉིད་ལ་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ལག་ན་མདུང་ཐུང་ཅན། རིག་པ་འཛིན་པ་ཐམས་ཅད་འདིའི་དབང་དུ་འགྱུར་ཏེ་འཁོར་ལོས་བསྒྱུར་བ་རྣམས་ཀྱི་གང་མཐོང་ནས་ལྟ་བར་བྱེད་པ་ནི་མ་གཏོགས་སོ། །དེ་རྣམས་ཀྱིས་ལྷན་ཅིག་འཕུར་བར་བྱེད་དེ་སུམ་ཅུ་རྩ་གསུམ་དུ་རྣམ་པར་རྒྱུ་བར་འགྱུར་རོ། །བསྐལ་བར་གནས་ཤིང་གང་གི་ཚེ་འཆི་བ་དེའི་ཚེ་འོག་མིན་པའི་ལྷའི་བུ་རྣམས་སུ་སྐྱེ་བར་འགྱུར་རོ། །སེང་གེ་སྒྲུབ་པར་འདོད་ན་སྔར་བཞིན་དུ་རིག་པ་འཛིན་པས་འོ་མའི་ཟས་དང་། མི་སྨྲ་བའི་བརྟུལ་ཞུགས་ཀྱིས་རིག་པའི་སྤྱོད་པའི་རིག་པ་འབུམ་ཕྲག་ལྔ་བཟླས་པར་བྱའོ། །དེ་ནས་ཐོག་ཕོག་པའི་ཤིང་འོ་མར་ཞག་བདུན་གཞག་པར་བྱའོ། །ས་དཀར་པོ་དང་། ཙནྡན་གྱི་ཆུར་མཉེ་བར་བྱ་སྟེ་ཐོག་ཕོག་པའི་ཤིང་གིས་སོ། །དེ་ནས་རིག་པ་འཛིན་པས་རྒྱུ་སྐར་རྒྱལ་ལ་སེངྒེ་གཉིས་སོ། །ཕྱི་ནས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་རྣམ་པ་སྣ་ཚོགས་པའི་གཏོར་མ་བྱའོ། །དེ་ནས་རིག་པ་ཨ་འཛིན་པ་གཙང་མས་གོས་གཙང་མ་བགོས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ལག་པ་གཡས་པས་སེངྒེ་མནན་ནས་རིག་པ་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། །ཇི་སྲིད་སེངྒེ་གཡོ་བའི་བར་དུའོ། །གཡོས་པ་ཙམ་ལའང་ས་འགུལ་ཏེ་ཡང་དག་པར་བཟླས་ལ་འཇིགས་པར་མི་བྱ་བར་སླར་ཡང་ལྷའི་རྔ་བོ་ཆེའི་སྒྲ་སྒྲོགས་ཀྱི་བར་དུ་རིག་པ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་ལན་བདུན་མངོན་པར་སྔགས་པའི་མེ་ཏོག་རྣམས་ཀྱིས་སེངྒེ་ལ་བསྣུན་པར་བྱའོ། །ཀུན་ཏུ་བསྣུན་པས་སེངྒེ་སེང་གེའི་སྒྲ་སྒྲོགས་པར་བྱེད་དེ་སྒྲུབ་པ་པོ་ཅན་གཞན་གྱིས་ངེས་པར་བསམ་པར་འགྱུར་རོ། །དེ་ནས་རིག་པ་སླར་ཡང་བཟླས་པར་བྱ་ཞིང་སེངྒེ་ལ་ཞོན་ནས་འགྲོ་བར་བྱའོ། །ཞོན་པ་ཙམ་གྱིས་རིག་པ་འཛིན་པ་ཐམས་ཅད་མེ་ཏོག་མངོན་པར་འཐོར་བར་བྱེད་དོ། །སེངྒེ་ལ་ཞོན་བཞིན་དུ་རླུང་ལྟར་འགྲོའོ། །གང་གི་ཚེ་སེང་གེ་སྒྲ་སྒྲོགས་པར་བྱེད་པ་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྟན་ལས་ལྷུང་ངོ་། །ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་དབང་དུ་འགྱུར་རོ། །རིག་པ་འཛིན་པ་བྱེ་བས་ཡོངས་སུ་བསྐོར་ཞིང་བསྐལ་པར་གནས་སོ། །གང་གི་ཚེ་འཆི་བ་དེའི་ཚེ་དྲི་མ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །བྲི་ཡང་ཀུའི་ཤིང་ལས་བྱུང་བའི་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ་རི་མོ་མཁན་གསོ་སྦྱོང་ལ་གནས་པས་རྒྱུ་སྐར་རྒྱལ་ལ་མ་འདྲེས་པའི་ཚོན་གྱིས་འདྲིར་བཅུག་ནས་དེའི་སྤྱན་སྔར་རིག་པ་འཛིན་པས་མི་སྨྲ་བས་རིག་པ་འབུམ་ཕྲག་དྲུག་བཟླས་པར་བྱའོ། །དེ་ནས་དུར་ཁྲོད་ནས་སྐྱེས་པའི་རོ་བླངས་ནས་དྲི་བཟང་པོའི་དྲི་རྣམས་ཀྱིས་ཁྲུས་བྱས་ནས་ལེགས་པར་བསྡམས་པ་ཤར་དུ་མངོན་པར་ཕྱོགས་པར་གཞག་པར་བྱའོ། །དེ་ནས་སྒྲུབ་པ་པོས་མེ་ཏོག་ལ་ཨ་སོགས་པས་མངོན་པར་མཆོད་ནས་གཏོར་མ་རྒྱ་ཆེན་པོ་བྱིན་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་རིན་པོ་ཆེས་བཀབ་ལ་བཅོམ་ལྡན་འདས་མས་ལན་བདུན་སྔགས་པ་བྱས་ལ་རོ་ལངས་ཀྱི་ཁར་སྲེག་བླུགས་ལན་ཉི་ཤུ་རྩ་བརྒྱད་སྦྱིན་སྲེག་བྱའོ། །རོའི་ཁ་གདངས་པར་འགྱུར་རོ། །སྒྲུབ་པ་པོས་རིངས་ཐབས་སུ་རྐང་པའི་མཐེ་བོང་ལ་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་བཅོམ་ལྡན་འདས་མས་ལན་བདུན་མངོན་པར་སྔགས་ནས་གཟུགས་པར་བྱའོ། །སླར་ཡང་སྒྲུབ་པ་པོས་ཇི་སྲིད་ཁྲུ་གང་གི་ཚད་ཀྱི་ལྕེར་སོང་གི་བར་དུ་རིག་པ་བཟླས་པར་བྱའོ། །འབྲུག་གི་སྒྲ་གྲག་ཀྱང་སྐྲག་པར་མི་བྱའོ། །དེ་ནས་རིག་པ་འཛིན་པས་རིངས་ཐབས་སུ་བཟླས་པ་བྱ་ཞིང་ཀ་ར་བཱི་ར་དཀར་པོའི་མེ་ཏོག་གིས་རོ་ལངས་ཀྱི་དཔྲལ་བའི་ཕྱོགས་སུ་གཞུ་བར་བྱ་སྟེ་གནོན་པར་འགྱུར་རོ། །དེའི་ལྕེའི་རྩེ་མོ་རིན་པོ་ཆེ་ཀུན་ཏུ་མཐོང་སྟེ་འབར་བའི་ཕྲེང་བ་དང་ལྡན་པ་མཛེས་བཞིན་པ་རིག་པ་བཟླས་ལ་བླང་བར་བྱའོ། །བླངས་པ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ་དང་། ལོ་བརྒྱད་གཉིས་ལོན་པའི་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བར་འགྱུར་ཏེ་གང་ཞིག་བསམ་པ་དེ་ཐམས་ཅད་དུ་སྐྱེ་བ་ནི་མ་གཏོགས་སོ། །ཟག་པ་ཟད་པ་ཉིད་བསྐལ་པར་གནས་ཤིང་རིན་པོ་ཆེས་ཀྱང་མགོ་དང་། མགོ་ལ་བརྒྱན་པར་དཔག་ཚད་བརྒྱ་སྟོང་ཕྲག་བརྒྱད་ཅུར་ཀུན་ཏུ་སྣང་བར་བྱེད་དོ། །རིག་པ་འཛིན་པ་ཐམས་ཅད་ཀྱང་ཀུན་ཏུ་དབང་བར་འགྱུར་རོ། །གང་གི་ཚེ་འདི་འཕོ་བའི་དུས་ལ་བབ་པ་དེའི་ཚེ་བཅོམ་ལྡན་འདས་མ་ཡང་དག་པར་བྱོན་ནས་སྐུལ་བར་བྱེད་དོ། །བུ་རིན་པོ་ཆེའི་མཐུ་དེ་རྣམས་ཟད་ནས་སླར་ཡང་བསྒྲུབ་པར་བྱའོ་ཞེས་བརྗོད་ནས་མི་སྣང་བར་འགྱུར་རོ། །ཕྱིས་རིག་པའི་རྒྱལ་མོ་འདི་དྲན་པར་འགྱུར་རོ། །ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་འགྲོ་བ་དང་། སྐྱེ་བར་མི་འགྱུར་རོ། །ཐམས་ཅད་ཀྱི་ཚེའང་འདི་སངས་རྒྱས་རྗེས་སུ་དྲན་པ་སྦྱིན་པར་འགྱུར་རོ། །དབང་ལྡན་གྱིས་རབ་ཏུ་བཤད་པའི་བཅོམ་ལྡན་འདས་མའི་རིག་པའི་རྒྱལ་མོའི་ལེའུ་རྫོགས་སོ། ། །།འཇིག་རྟེན་སྐྱོང་བ་བཞིས་བཅོམ་ལྡན་འདས་མའི་ཆོ་ག་གསུངས་སོ། །རིག་པའི་རྒྱལ་མོ་འདི་དྲན་པ་ཙམ་གྱིས་བགེགས་ཐམས་ཅད་རེངས་པར་འགྱུར་རོ། འཇིག་རྟེན་གྱི་ཁམས་འདི་ནི་མར་མི་ཤེས་པ་དང་། ཕར་མི་ཤེས་བའང་ཡོད་དེ་ཆོས་དང་མི་ལྡན་པ། སྡིག་པའི་སེམས། ཤེས་རབ་ཆུང་བ། སྲོག་ཆགས་གསོད་པ། དྲག་པོ། ཁ་དོག་ངན་པ། སྟོབས་ཆུང་བ། ཀྱོག་པོ། སྒུར་པོ། རྗེ་ངར་སྦོམ་པ། གཞན་ཡང་། བྱ་རོག་གི་རྗེ་ངར་འདྲ་བ། བོངས་ཐུང་དང་། རི་དྭགས་དང་། རྔ་མོ་དང་། གཡག་ནག་པོ་ལྟ་བུ། སྐྲ་སེར་སྐྱ། སེན་མོ་ངན་པ། བྱ་རོག་གི་སྐད་དང་། དེ་བཞིན་དུ། གཞན་ཡང་། བུམ་ལྟོ་ཅན་དང་། དྲི་མ་ཅན་དང་། གང་ཡང་གཞན་ནད་ཀྱིས་གཟིར་བ་རྣམས་ཏེ་འདི་རྣམས་ཀྱིས་ཇི་སྐད་བཤད་པའི་རིག་པ་མི་འགྲུབ་བོ། །བདག་ཅག་གི་བདེན་པའི་ཚིག་གིས་ཇི་ལྟར་སྔར་གྱི་ལས་ཟད་པར་བྱས་ནས་དེ་ནས་རིག་པ་བསྒྲུབ་པར་བྱའོ། །རྒན་པོའམ། ཞར་བའམ། ལོང་བའམ། སྒུར་པོའམ། ཀྱོག་པོའམ། དེ་ལྟ་བུ་རྣམས་ཀྱིས་སོ། །སླར་ཡང་ཙནྡན་དཀར་པོ་ལ་བྱས་པའི་བཅོམ་ལྡན་འདས་མ་བདེ་བར་གཤེགས་པའི་ཁྲུ་གང་གི་ཚད་དུ་བྱེད་དུ་གཞུག་སྟེ་རི་མོ་མཁན་གསོ་སྦྱོང་ལ་གནས་པས་མ་འདྲས་པའི་ཚོན་གྱིས་འདྲིར་གཞུག་བར་བྱའོ། །དེ་ནས་དེས་རྒྱ་མཚོའི་འགྲམ་དུ་བཞུགས་སུ་གསོལ་ནས་དུས་གསུམ་དུ་ཁྲུས་བྱ་ཞིང་སློང་མོ་ཟ་ཞིང་གུར་གུམ་གྱི་བདུག་པ་བསྲེགས་ལ་འབུམ་ཕྲག་ཉི་ཤུ་བཟླས་པ་དབུལ་བར་བྱའོ། །བཟླས་པ་ཡོངས་སུ་རྫོགས་པ་ན་གུ་གུལ་དང་། ཀུན་ཛི་ཀའི་སྦྱིན་སྲེག་བརྒྱད་བརྒྱ་བཅོམ་ལྡན་འདས་མས་བྱའོ། །དེ་ནས་ལས་ཟད་པར་འགྱུར་རོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་ལོག་འདྲེན་ལ་ལྟ་བཞིན་འདི་སྐད་སྨྲས་སོ། །ཀྱེ་ལོག་པར་འདྲེན་པ། ཁྱོད་མཉན་པར་གྱིས་ཤིག་།གང་རིག་པའི་རྒྱལ་མོ་འདི་འཆང་བར་བྱེད་པའི་རིག་པ་འཛིན་པ་དེ་ལ་ཁྱེད་ཅག་རྣམས་ཀྱིས་ཉེ་བར་འགྲོ་བར་མི་བྱའོ། །ལོག་འདྲེན་གྱིས་འདི་སྐད་ཅེས་སྨྲས་སོ། །རིག་པ་འཛིན་པ། གང་ཡང་ཆོ་ག་ལས་འདས་ནས་མངོན་པའི་ང་རྒྱལ་གྱིས་སྒྲུབ་པར་མི་འགྱུར་རིག་པ་དེ་ལ་བགེགས་ཀྱི་དོན་དུ་ཉེ་བར་འགྲོ་བར་བྱ་སྟེ་ལོ་བརྒྱར་བསགས་པ་འདིའི་བསོད་ནམས་ཀྱང་རྣམ་པར་གཞོམ་པར་བགྱིའོ། །ལྷའི་རྒྱལ་པོས་སྨྲས་པ། ཀྱེ་གདུག་པའི་ལོག་འདྲེན། ཁྱེད་ཅག་རྣམ་པར་གཞོམ་པའི་དོན་དུ་སྨན་འདི་རྣམས་བཤད་པར་བྱའོ། །ཟླ་བཅས་ལྟོ་བ་བྱམས་པ་དང་། ། སྟག་འཇོམས་པ་དང་ལག་བཞིར་བཅས། །ཕག་གི་རྣ་བ་གླང་པོ་འབོད། །སྤྱོད་རལ་རུ་རྟ་གུར་གུམ་ཉིད། །ལྕགས་ཀྱི་ཕྱེ་མ་དང་བཅས་པ། །གླང་པོ་ཆེ་ཡི་གཅིན་གྱིས་བཏབ། །བཏགས་ནས་ཇི་ལྟར་འདོད་པ་བཞིན། །མཁས་པས་རིལ་བུར་བྱ་བ་འོ། །མེ་ཏོག་སྒྲོན་མ་གཏོར་མ་དྲི། །བཤང་བ་གཅི་བར་བོང་བ་ཡིན། །ཁྲུས་བྱ་མལ་སྟན་གོས་བཅིང་བྱས། །དྲི་དང་མེ་ཏོག་སོགས་ཐམས་ཅད། །རབ་སྦྱར་བྱ་འོ་རྣམ་གཞན་དུ། །ལོག་འདྲེན་གླགས་ནི་ཚོལ་བར་འགྱུར། །གསུངས་པའི་དེ་མ་ཐག་ཏུ་ཡང་ལོག་འདྲེན་ཐམས་ཅད་རྣམ་འཁྲུགས་པར། །གྱུར་པའི་ཡིད་ཀྱིས་ཕན་ཚུན་དུ། །ལྟ་ངན་ཕྱོགས་བཞིན་འབྲོས་པར་བྱེད། །སླར་ཡང་བགེགས་བྱེད་མི་འགྱུར་རོ། ། གང་དུ་སྨན་མཆོག་འདི་གནས་པ། །དེར་ནི་ཉེ་བར་འགྲོ་མི་འགྱུར། །དཔག་ཚད་བརྒྱ་ཡི་ནང་དུ་ཡང་། །འདི་ལ་བགེགས་ནི་བྱེད་མི་འགྱུར། །འདི་ཡི་རྟོག་པ་ཐམས་ཅད་ཀྱི། །དངོས་གྲུབ་འབྱུང་བར་འགྱུར་བ་ཡིན། །རིག་པ་འཛིན་པ་གང་ཞིག་སླར། །དུས་གསུམ་མཉམ་པར་དམིགས་པ་ཡིས། །སྒྲུབ་པོ་དེ་ལ་འགའ་ཞིག་གིས། །གླགས་སྐབས་རྙེད་པར་མི་འགྱུར་རོ། །རི་མོ་མཁན་གསོ་སྦྱོང་ལ་གནས་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་འདྲིར་གཞུག་པར་བྱ་སྟེ་གསེར་ལྟར་སེར་བ། ཆོས་སྟོན་པར་མཛད་བཞིན་པའོ། །གཡས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་།རལ་པའི་ཅོད་པན་འཆང་བ། སྔོ་བསངས་ལུས་མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ། ཕྱག་ན་པདྨ་བསྣམས་པའོ། །ཕྱག་ན་རྡོ་རྗེ་ཟར་མའི་མེ་ཏོག་དང་མཚུངས་པ། ཕྱག་ན་རྡོ་རྗེ་བསྣམས་པ། ཀུན་ནས་འོད་འཕྲོ་བ་འདྲིར་གཞུག་པར་བྱའོ། །ཕྱག་ན་རྡོ་རྗེའི་ཉེ་ལོགས་སུ་རྒྱལ་པོ་ཆེན་པོ་བཞི་མཚོན་ཆ་དང་བཅས་པ་འདྲིར་གཞུག་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་གི་ཉེ་ལོགས་སུ་བཅོམ་ལྡན་འདས་མ་ཁྲོ་གཉེར་ཅན་མ། བྲི་ཡང་ཀུ་སྔོ་བསངས་འདྲིར་གཞུག་པར་བྱའོ། །འོག་ཏུ་སྒྲུབ་པ་པོ་ལག་ན་སྤོས་ཕོར་ཐོགས་པའོ། །དེ་ནས་སྒྲུབ་པ་པོས་རས་རིས་ཀྱི་སྤྱན་སྔར་སློང་མོ་ཟ་ཞིང་གཙང་མའི་ཕྱོགས་སུ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་རས་རིས་བླངས་ནས་རིའི་རྩེ་མོ་ལ་འཛེགས་ཏེ་ས་ནག་པོ་ལ་མ་ཧེ་བྱས་པ་ལ་རས་རིས་མཆོད་པ་རྒྱ་ཆེན་པོ་དང་། འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱའོ། །དེ་ནས་སྒྲུབ་པ་པོས་བསྲུང་བ་བྱས་ཏེ་གོས་གཙང་མ་བགོས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་བ་སྙིང་པོ་མཉམ་པར་འགྲོ་མ་བཟླས་པར་བྱའོ། །ཇི་སྲིད་མ་ཧེའི་རྭ་གཡས་པ་ལ་འོད་ཟེར་འཕྲོ་བ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་ནས་ཡིད་ཀྱིས་མཆོད་ཡོན་དབུལ་ལོ། །དེ་ནས་མ་ཧེ་ལ་ཞོན་ཏེ་ཞོན་པ་ཙམ་གྱིས་རིག་པ་འཛིན་པ་བཅུ་བདུན་གྱིས་ཡོངས་སུ་བསྐོར་བའི་ལྷའི་ལུས་སུ་འགྱུར་རོ། །དཔའ་ཚད་སྟོང་ཕྲག་དྲུག་ཅུ་འཕུར་བར་འགྱུར་རོ། །ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་དབང་དུ་འདུ་བར་འགྱུར་རོ། །ལོ་སྟོང་ཕྲག་ལྔ་བརྒྱར་འཚོ་བར་འགྱུར་རོ། །ལུས་སྦྱང་བ་བྱས་ནས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་དང་། རྣམ་པ་སྣ་ཚོགས་པའི་གཏོར་མ་བྱ་སྟེ་དེ་ནས་སྒྲུབ་པ་པོས་ཀུ་ཤ་ལས་བྱུང་བའི་ཞགས་པ་བྱས་ནས་ལག་པ་གཡས་པས་མནན་ཏེ་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །རིག་པ་དྲན་པས་རེག་སྟེ་བླངས་པ་དེ་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ལག་ན་ཞགས་པ་ཐོགས་པ། རིག་པ་འཛིན་པ་བཅུ་དྲུག་གིས་ཡོངས་སུ་བསྐོར་བ། དཔག་ཚད་སྟོང་ཕྲག་ལྔར་འཕུར་བར་འགྱུར་རོ། །ལོ་སྟོང་ཕྲག་བཅུ་བཞིར་འཚོ་བར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །རིའི་རྩེ་མོར་འཛེགས་ཏེ་སློང་མོ་ཟ་ཞིང་སྙིང་པོ་མཉམ་པར་འགྲོ་མ་བྱེ་བ་བཟླས་ན་རིག་པ་འཛིན་པར་འགྱུར་རོ། །རིག་པ་འཛིན་པ་ལྔས་ཡོངས་སུ་བསྐོར་བ་ཐོགས་པ་མེད་པར་འགྲོ་སྟེ་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་མི་མེད་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་བྱེད་ཅིང་སོང་ནས་བསྐལ་པར་གནས་པར་འགྱུར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། ། བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་རྒྱལ་ཆེན་བཞིས་གསུངས་པའི་ལེའུ་བརྒྱད་པའོ།། །།དེ་ནས་ཡང་ནམ་མཁའ་ལྡིང་གི་རྒྱལ་པོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་མའི་ཆོ་ག་གསུངས་སོ། །དུག་གསོ་བ་ནི་ཡལ་འདབ་ལས་བབ་པའི་ཆུས་ཚོན་བྱ་ཞིང་སེ་གོལ་དང་། གར་བྱེད་བཞིན་པས་ཡིད་ཀྱིས་བཟླས་པ་བྱས་པའི་མེ་ཏོག་དཀར་པོ་ལ་ལན་བདུན་བཟླས་པས་གདུང་བ་གསོ་བར་བྱེད་དོ། །སྲད་བུས་གདོན་སྐྲག་པར་བྱེད་དོ། །གུ་གུལ་གྱི་བདུག་པས་མཆེ་བ་རེངས་པར་བྱེད་དོ། །སྣ་མའི་མེ་ཏོག་གིས་སྐྲོད་པར་བྱེད་དོ། །ཡུངས་ཀར་ཁྲག་དང་བཅས་པ་ལ་བཟླས་པས་སྡང་བ་རྣམས་ཕྱིར་ཟློག་པར་བྱེད་དོ། །བ་ལང་གི་ཤས་སྐེམས་པར་བྱེད་དོ། ། རིཥྚིའི་འདབ་མ་དང་། ཁྲག་འཛག་པ་དང་། སྐེ་ཚེ་རྣམས་ཀྱིས་དབང་དུ་བྱེད་དོ། །རྒའི་མེ་ཏོག་གིས་ནོར་སྦྱིན་ནོ། །མེ་ཏོག་བརྒྱ་པས་ཤ་ཟ་རྣམས་སྐྲག་པའི་ཡིད་ཀྱིས་འབྲོས་པར་བྱེད་དོ། །འཁྲི་ཤིང་གིས་རིགས་སམ། ཁྱིམ་སྐྲོད་པར་བྱེད་དོ། །ཀླུ་རྣམས་ནི་ཀླུང་གི་མེ་ཏོག་གིས་སོ། །ཕུབ་མས་རིག་པ་གཅོད་པར་བྱེད་དོ། །འདིས་ཕ་རོལ་གྱི་རིག་པ་སྒྲུབ་པར་འགྱུར་རོ། །གཙང་མས་གོས་གཙང་མ་བགོས་ཏེ་དུས་གསུམ་དུ་ཁྲུས་བྱས་ནས་གོས་ལན་གསུམ་དུ་བརྗེ་ཞིང་འོ་མ་དང་། ནས་ཟན་ཟ་བས་འབུམ་ཕྲག་བཅུར་བཟླས་པ་བྱ་སྟེ་ལུས་སྦྱོང་བར་འགྱུར་རོ། །དེ་ནས་སྒྲུབ་པ་པོས་རྒྱུ་སྐར་རྒྱལ་ལ་ས་སེར་པོ་དང་། བའི་གཅིན་དང་། ལྗང་ཁུས་ནམ་མཁའ་ལྡིང་འདྲིར་གཞུག་པ་སྟེ་འདིའི་མགྲིན་པ་ལ་པདྨའི་ཕྲེང་བ་སྦྱིན་པར་བྱའོ། །དེ་ལ་སྒྲུབ་པ་པོས་རིན་པོ་ཆེ་གསུམ་གྱིས་མཆོད་པ་བྱས་ནས་དེ་ནས་སྒྲུབ་པ་པོས་པ་ལས་བྱུང་བས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་སྒོ་བཞི་རྣམས་སུ་བུམ་པ་གང་བ་བཞི་བཞག་པར་བྱའོ། །བུམ་པ་གང་བ་བཞི་པོ་རྣམས་ལ་ཀླུའི་རྒྱལ་པོ་བཞི་འདྲིར་གཞུག་པར་བྱའོ། །དེ་ནས་རྒྱུད་མཚུངས་པའི་བའི་མར་སར་བླངས་ནས་ཟངས་ཀྱི་སྣོད་དུ་བཞག་སྟེ་ལག་པ་གཡས་པས་མནན་ནས་ཇི་སྲིད་དུ་བ་འཐུལ་བ་དང་། འབར་བར་བྱེད་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །དུ་བ་འཐུལ་བ་ན་འཐུངས་པས་མི་སྣང་བར་འགྱུར་རོ། །ལོ་སྟོང་ཕྲག་བཅུ་བཞིར་འཚོ་བར་འགྱུར་རོ། །དཔག་ཚད་སྟོང་དུ་འགྲོའོ། །འབར་ན་ལྷའི་ལུས་དང་། ཡིད་དུ་འགྱུར་རོ།། ཐམས་ཅད་དབུགས་འབྱིན་པར་བྱེད་དོ། །རིག་པ་འཛིན་པ་བཅུས་ཡོངས་སུ་བསྐོར་རོ། །གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་སོང་ནས་སློང་མོ་ཟ་ཞིང་ཀླུ་ཤིང་གི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་ཀླུ་རྣམས་ལང་ངོ་། །དེ་ནས་སྒྲུབ་པ་པོས་འཇིགས་པ་མེད་པས་དབུས་སུ་མེ་ཏོག་གིས་བརྒྱན་པའི་བུམ་པ་གཞག་པར་བྱ། དེའི་སྟེང་དུ་འཁོར་ལོ་གཞག་པར་བྱའོ། །དེ་ནས་སྒྲུབ་པ་པོས་སྲུང་བ་བྱས་ཏེ་ཀླུའི་སྟན་ལ་ཉེ་བར་འདུག་པས་ཇི་སྲིད་ནམ་མཁའ་ལྡིང་ལས་འོད་ཟེར་འཕྲོ་བ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །སྒྲུབ་པ་པོ་ལ་བསྐོར་བ་བྱས་ནས་དེ་ཉིད་ཀྱི་སྤྱི་བོར་ནུབ་པར་འགྱུར་རོ། །རིག་པ་བཟླས་པས་བླང་བར་བྱའོ། །དེ་ལ་ཞོན་པས་རིག་པ་འཛིན་པ་སྟོང་ཕྲག་དྲུག་ཅུ་ཉེ་བར་འགྲོ་སྟེ་ཡིད་ཀྱི་རླུང་ལྟར་འགྲོའོ། །ཉི་མ་འཆར་ཀའི་འོད་དང་མཚུངས་པ་ཀླུའི་རིག་པ་འཛིན་པ་ཐམས་ཅད་ཀྱང་དཔག་ཚད་སྟོང་དུ་འབྲོས་པར་བྱེད་དོ། །དྲི་མནམས་པས་ལོ་སྟོང་ཕྲག་བརྒྱད་ཅུར་འཚོ་བར་བྱེད་དོ། །གང་གི་ཚེ་འཆི་བ་དེའི་ཚེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།། སྔོན་སྤྱད་པ་བྱས་ན་དེ་ནས་རིག་པ་འཛིན་པ་དུར་ཁྲོད་དུ་སོང་ནས་བ་བྱུང་གིས་བ་ལང་གི་པགས་པའི་ཚད་ཙམ་དུ་ས་གཞི་བྱུག་པར་བྱས་ནས་དྲི་དང་། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ཏེ་གཏོར་མ་རྒྱ་ཆེན་པོ་བྱའོ། །གཞན་པའི་ནག་པོའི་ཚེས་བརྒྱད་པ་ལ་དུར་ཁྲོད་དུ་སོང་ནས་བ་ལང་གི་པགས་པའི་ཚད་ཙམ་གྱིས་གཞི་ཉེ་བར་བྱུགས་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྒྲུབ་པ་པོས་རིག་པ་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན་འགྲུབ་པར་འགྱུར་རོ། །ཁར་བཅུག་ན་མི་སྣང་བར་འགྱུར་རོ། །ལོ་སྟོང་ཕྲག་ལྔར་འཚོ་བར་འགྱུར་རོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ནམ་མཁའ་ལྡིང་གིས་བཤད་པའི་ལེའུ་དགུ་པའོ།། །།དེ་ནས་མ་མོའི་ཚོགས་རྣམས་ཐམས་ཅད་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། གྲུལ་བུམ་དང་། སྲུལ་པོ་དང་། ལུས་སྲུལ་པོ་རྣམས་སྟན་ལས་ལངས་ནས་འཕགས་པ་སྦྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་ཉེ་བར་ལྷགས་སོ། །ཉེ་བར་ལྷགས་ནས་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས་རིག་པའི་ཆོ་ག་སྨྲས་སོ། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད་པས་སྨྱུང་བར་གནས་པ་མེད་པར་བྱ་སྟེ་རིག་པ་གང་ཁོ་ན་ཚད་མའོ། །དུར་ཁྲོད་དུ་དབང་ཕྱུག་ཆེན་པོའི་གཡས་ཀྱི་ལུས་ལ་རིག་པ་བརྒྱད་བརྒྱར་བཟླས་ཏེ་ཁར་བཅུག་ན་མི་སྣང་བར་འགྱུར་རོ། །སའི་ཆ་དྲུག་འཕྲོག་པར་འགྱུར་རོ། ། འོད་མ་ལྷགས་པ་བླངས་ནས་ལྕགས་གསུམ་གྱིས་དེ་ལ་དཀྲི་བར་བྱའོ། །དེ་ནས་གཙང་མས་གོས་གཙང་མ་བགོས་ཏེ་དུར་ཁྲོད་དུ་སོང་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པས་མཆོད་པ་དང་། འབྱུང་པོ་ཐམས་ཅད་པའི་གཏོར་མའང་བྱས་ནས་དེ་ནས་སྒྲུབ་པ་པོས་ཐོད་པ་ལག་པ་གཡོན་པས་བླངས་ཏེ་ལག་པ་གཡས་པས་མནན་ནས་ཇི་སྲིད་ཅ་ཅོའི་སྒྲ་སྒྲོགས་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །རིག་པ་དྲན་པས་བླང་བར་བྱ་སྟེ་བླངས་པ་ཙམ་གྱིས་མི་སྣང་བར་འགྱུར་རོ། །སའི་ཆ་དྲུག་འཕྲོག་ཅིང་ལོ་སྟོང་དུ་འཚོའོ། །ལྷ་དང་། ལྷ་མ་ཡིན་གྱི་བུ་མོ་རྣམས་དང་ལྷན་ཅིག་དགའ་བར་བྱེད་དོ། །ནག་པོའི་བརྒྱད་པ་ལ་བུད་མེད་ཤི་བ་དེའི་ལྕེ་བླངས་ནས་ལྕགས་གསུམ་གྱིས་དཀྲིས་ཏེ་ཡིད་རླུང་ལྟར་འགྲོའོ། །འདིའི་ཚངས་པར་སྦྱད་པས་འདོད་པ་རྣམས་ལ་སེམས་བསྐྱེད་ན་དེ་གཅིག་པུ་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་བསྐལ་བ་ཆེན་པོར་གནས་སོ། །ཡིད་ཀྱིས་སྐྱེ་བ་འཛིན་པར་བྱེད་དོ། །གཙང་མས་གོས་གཙང་མ་བགོས་ཏེ་དུར་ཁྲོད་དུ་ཟླ་བ་དྲུག་རིག་པ་བཟླས་ན་མི་སྣང་བར་འགྱུར་རོ། །ལོ་ལྔ་བརྒྱར་འཚོའོ། །འུག་པའི་མིག་སྨན་དང་ལྷན་ཅིག་བཏགས་པར་བྱ། ལྕགས་གསུམ་གྱིས་དཀྲིས་པའི་རིལ་བུ་བྱས་ནས་ད་བང་ཕྱུག་ཆེན་པོའི་གཡས་ཀྱི་ལུས་ལ་ཁམ་ཕོར་ཁ་སྦྱར་དུ་བཞག་པར་བྱས་ནས་ལག་པ་གཡས་པས་མནན་ཏེ་རིག་པ་དམ་པ་དཔག་ཏུ་མེད་པ་བཟླས་པར་བྱ་སྟེ་ཇི་སྲིད་དུ་རྣམ་པར་ཆད་དོའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །རིག་པ་དྲན་པས་རིལ་བུ་བླངས་ཏེ་ཁར་བཅུག་ན་མི་སྣང་པར་འགྱུར་རོ། །ལོ་སྟོང་ཕྲག་གཉིས་སུ་འཚོ་བར་འགྱུར་རོ། །མིག་སྨན་དང་། ལྡོང་རོས་དང་། འོ་མ་དང་། པདྨ་གེ་སར་མཉམ་པར་འགྲོ་བའི་རྫས་མཉམ་པར་བྱས་ཏེ་ལྕགས་གསུམ་གྱིས་དཀྲི་བར་བྱའོ། །རྒྱལ་ལ་ཨ་སྦྱོར་བ་རྣམ་པར་ཤེས་པར་བྱ་ཞིང་དེ་ནས་བསྒྲུབ་པར་བྱ་ཞིང་ཤ་ཟ་སྒྲུབ་པར་འདོད་པས་དུར་ཁྲོད་དུ་བ་ལང་གི་པགས་པའི་ཚད་ཙམ་གྱི་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་ཤ་དང་། ཆང་ལ་སོགས་པའི་གཏོར་མ་བྱས་ཏེ་ཁ་ཤར་དུ་ཕྱོགས་པར་མིའི་སྐྲ་ལ་ཁྲག་གིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ཤ་ཟ་ཐམས་ཅད་འོང་སྟེ་འཇིགས་བར་མི་བྱ་ཞིང་སྲུང་བར་ཡང་མི་བྱ་བར་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་གི་དབང་དུ་གྱུར་ཅིག་ཅེས་བརྗོད་པ་དང་། དེ་རྣམས་ཀྱིས་སྨྲས་པ། དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་པ་དང་མི་སྣང་བར་འགྱུར་རོ། །ཉི་མ་རེ་རེ་ལའང་དོང་ཙེ་ལྔ་ལྔ་སྟེར་བར་བྱེད་དོ་དེ་རྣམས་ཀྱང་ཟད་པར་བྱའོ། །དུར་ཁྲོད་དུ་ཡི་དྭགས་དྲི་མེད་ཉིད་ཀྱི་མིང་ནས་སྨོས་པ་དབང་དུ་འགྱུར་རོ། །དུར་ཁྲོད་དུ་གཟུགས་བརྙན་བྱས་ནས་རྐང་པ་ལ་ཕུར་བུས་གདབ་པར་བྱའོ། །དེ་ནས་རིག་པ་བཟླས་པར་བྱའོ། །དེ་ལའང་བ་ལང་གི་པགས་པའི་ཚད་ཙམ་གྱི་དཀྱིལ་འཁོར་ཉེ་བར་བྱུགས་ནས་མཆོད་པ་རྒྱ་ཆེན་པོ་བྱས་ནས་རིག་པ་འབུམ་བཟླས་པར་བྱའོ། །དུར་ཁྲོད་དུ་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཉི་མ་བདུན་དུ་མཚན་མོ་སྦྱིན་སྲེག་བྱའོ། །ཉི་མ་རེ་རེ་ལ་དངུལ་ལྔ་ལྔ་སྦྱིན་པར་བྱའོ། །ཀུ་མུ་ཏ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་ངེས་པར་མཐོང་ངོ་། །དུར་ཁྲོད་ཀྱི་ཐལ་བ་ལ་གཟུགས་བ་རྙན་བྱས་ཏེ་དེ་ལ་ཉེ་བར་འདུག་ནས་ཨརྒའི་ཤིང་ལ་མེ་སྦར་ནས་དྲི་ཞིམ་པོའི་ཏིལ་མར་གྱིས་བཏགས་པའི་སྣ་མའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་མི་སྣང་བར་འགྱུར་རོ། །ཆོ་ག་འདི་ཁོ་ནས་མིང་ནས་སྨོས་ན་ལཱཉྫའི་རྒྱལ་པོ་དང་། བློན་པོར་འགྱུར་རོ། །བུད་མེད་དབང་དུ་བྱེད་ན་ཨ་ཏི་མུཀྟའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་ཏེ་ཉི་མ་བདུན་ནས་ཡིད་ཀྱིས་གང་གི་ཚེ་བསམས་པ་དེའི་ཚེ་འོང་ངོ་། །དུར་ཁྲོད་དུ་སོང་ནས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་ཤ་ཆེན་གྱིས་སྦྱིན་སྲེག་བྱས་ནས་ཉི་མ་བདུན་པ་ལ་ཤ་ཟས་ཟིན་པ་རྣམས་བལྟས་པས་ཐར་བར་འགྱུར་རོ། །དུར་ཁྲོད་དུ་ཤ་ཆེན་གྱིས་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ན་ཤ་ཟ་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། །ནེ་ལེའི་སྤུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་འབྱུང་པོ་ཐམས་ཅད་ཀྱང་དབང་དུ་འགྱུར་རོ། །དུར་ཁྲོད་དུ་བཤང་བའི་སྦྱིན་སྲེག་བྱས་ན་སྲུལ་པོའི་ཟིན་པ་རྣམས་ཡིད་ཀྱིས་ཀྱང་ཐར་རོ། །ཁྲག་གིས་སྦྱིན་སྲེག་བྱས་ན་མཁའ་འགྲོ་མ་རྣམས་དབང་དུ་འགྱུར་རོ། །དུར་ཁྲོད་དུ་བོཊྚ་ཀའི་སྦྱིན་སྲེག་བྱས་ནའང་ཤ་ཟ་མི་འོང་ངོ་། །སྦྲུལ་གྱི་ཤུན་པའི་སྦྱིན་སྲེག་བྱས་ན་སྦྲུལ་རྣམས་འབྲོས་པར་བྱེད་དོ། །དེ་ནས་སྒྲུབ་པ་པོས་གཏོར་མ་བྱས་ནས་ཨརྒའི་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རྣམ་པར་འགྱུར་བའི་གཟུགས་ཅན་གྱི་གནོད་སྦྱིན་མ་འོང་བར་འགྱུར་ཏེ་འཇིགས་པར་མི་བྱ་བར་རིག་པ་དྲན་པས་སྟོད་ཅིག་།སྟོད་ཅིག་ཅེས་སོ། །དེ་དེའི་ཚེ་མཆོག་གསུམ་པོ་རྣམས་ཀྱི་གཅིག་འདམ་དུ་སྩལ་ཏེ། མ་དང་། སྲིང་པོ་དང་། ཆུང་མར་འགྱུར་བའོ། །མ་ནི་བུའི་བྱ་བ་ཐམས་ཅད་བྱེད་དོ། །སྲིང་མོ་ནི་ཉི་མ་རེ་རེ་ལ་དོང་ཙེ་རེ་སྟེར་བར་བྱེད་དོ། །ཆུང་མ་ནི་དེ་དང་ལྷན་ཅིག་རྩེ་བར་བྱེད་དེ་ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །གང་གི་ཚེ་རིག་པ་འཛིན་པ་ཉམས་པ་དེའི་ཚེ་འདི་བྱའོ། །མཚན་མོ་གཙང་མས་གོས་གཙང་མ་བགོས་ཏེ་བསྲུང་བ་བྱས་པས་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། བཅོམ་ལྡན་འདས་མ་ལ་མཆོད་བ་བྱས་ནས་ཤར་དུ་ཕྱོགས་པས་རིག་པའི་ལྷ་ཐམས་ཅད་ལ་བདུག་སྤོས་ཕུལ་ནས་རིག་པ་འཛིན་པས་དུག་ལ་ཁྲག་གིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཀུ་ཤ་བཏིང་བ་ལ་ཉལ་ལོ། །གལ་ཏེ་གཞོན་ནུ་མདུང་ཐུང་ཐོགས་པ་མཐོང་ན་དེའི་ཚེ་དྲི་ཟས་རྫས་ཉམས་པར་བྱས་པའོ། །གང་གི་ཚེ་བྲམ་ཟེ་མཐོང་ན་དེའི་ཚེ་ལྷ་རྣམས་ཀྱིས་ཉམས་པར་བྱས་པར་འགྱུར་རོ། །གང་གི་ཚེ་རྡོ་རྗེ་མཐོང་ན་དེའི་ཚེ་རྡོ་རྗེའི་རིགས་ཀྱིས་རྫས་ཉམས་པར་བྱས་པར་འགྱུར་རོ། །གང་གི་ཚེ་དགའ་བ་མཐོང་ན་དེའི་ཚེ་ནམ་མཁའ་ལྡིང་གིས་ཉམས་པར་བྱས་པའོ། །གང་གི་ཚེ་ལྷ་མིན་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་རྒྱུ་མི་མཐོང་ངོ་། །གང་གི་ཚེ་ཀླུ་རྣམས་ཀྱི་ཉམས་པར་བྱས་པ་དེའི་ཚེ་སྦོས་ཀྱི་གླང་པོའི་རྒྱལ་པོ་མཐོང་ངོ་། །གང་གི་ཚེ་ཕ་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་མཐོང་ངོ་། །གང་གི་ཚེ་མི་གཙང་བས་ཉམས་པར་བྱས་པ་དེའི་ཚེ་གླང་པོའི་པགས་པ་གྱོན་པའི་དབང་ཕྱུག་ཆེན་པོ་མཐོང་ངོ་། །གང་གི་ཚེ་གནོད་སྦྱིན་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་ནོར་བུ་བཟང་པོ་མཐོང་ངོ་། །གང་གི་ཚེ་ཤ་ཟ་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་སྐྱེས་བུ་གཅེར་བུ་མཐོང་ངོ་། །གང་གི་ཚེ་འབྱུང་པོ་རྣམས་ཀྱིས་ཉམས་པར་བྱས་པ་དེའི་ཚེ་སྦྲིན་མཐོང་ངོ་། །རྒའི་ཡམ་ཤིང་གིས་མེ་སྦར་ནས་མར་དང་། སྦྲང་རྩིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །སྦྱིན་སྲེག་ཡོངས་སུ་རྫོགས་པ་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །དྲི་ཟ་རྣམས་ཀྱི་སྦྱིན་སྲེག་ནི་ར་ནམ་པར་དབེན་པའི་ཕྱོགས་སུ་བ་བྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་བཅོམ་ལྡན་འདས་ལ་གཏོར་མའང་ཕུལ་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཀཱམྦ་ཛའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །སྦྱིན་སྲེག་ཡོངས་སུ་རྫོགས་པ་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །རྡོ་རྗེའི་རིགས་ལའང་སྦྱིན་སྲེག་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་བཅོམ་ལ་དན་འདས་ལའང་གཏོར་མའི་ཆོ་ག་བྱས་ལ་དེ་ནས་སྒྲུབ་པ་པོས་ཁ་ཤར་དུ་ཕྱོགས་ལ་གུ་གུལ་གྱི་རིལ་བུས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་གྱུར་རོ། །ནམ་མཁའ་ལྡིང་རྣམས་ལ་དུར་ཁྲོད་དུ་མཎྜལ་ལ་ཉེ་བར་བྱུགས་པ་བྱས་ནས་མཆོད་པ་དང་། གཏོར་མའང་ཇི་ལྟར་འབྱོར་པ་བྱ་སྟེ་ཀ་ར་བཱི་རའི་མེ་ཏོག་ལ་སོགས་པའི་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །ལྷ་མ་ཡིན་རྣམས་ཀྱི་སྦྱིན་སྲེག་ནི་དབང་ཕྱུག་ཆེན་པོ་ལ་དྲི་སྣ་ཚོགས་ཀྱིས་མཆོད་པ་དང་། བཅོམ་ལྡན་འདས་ལའང་གཏོར་མ་བྱས་ནས་གཡས་ཀྱི་ལུས་ལ་ཤར་དུ་ཕྱོགས་པས་ཀ་ར་བཱི་རའི་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །མ་མོའི་སྦྱིན་སྲེག་ནི་སྨིན་པའི་ཟས་དང་། ཤའི་གཏོར་མ་ཕུལ་ནས་ཕག་པའི་རུལ་མ་ལ་ཆང་གིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །གནོད་སྦྱིན་རྣམས་ཀྱི་སྦྱིན་སྲེག་བ་ཡ་བ་ནི་ཕྱག་ན་རྡོ་རྗེའི་སྤྱན་སྔར་རྣམ་པ་སྣ་ཚོགས་པའི་གཏོར་མ་ཕུལ་ནས་ཁ་ཤར་དུ་ཕྱོགས་ནས་ཨརྒའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱར་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །ཤ་ཟ་རྣམས་ཀྱི་སྦྱིན་སྲེག་ནི་དུར་ཁྲོད་དུ་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་ཏིལ་གྱི་ཏིལ་མར་གྱིས་བཏགས་པའི་ནིམ་པའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །འབྱུང་པོ་རྣམས་ཀྱི་སྦྱིན་སྲེག་ནི་དུར་ཁྲོད་ཀྱི་ཐལ་བས་དཀྱིལ་འཁོར་ཉེ་བར་བྱུགས་ནས་གཏོར་མའང་ཅི་འབྱོར་པ་ཕུལ་ཏེ་བ་ལང་གི་ཤའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །ཡི་དྭགས་རྣམས་ལ་ནཱིར་མ་ལའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྫས་ལག་ཏུ་ཕྱིན་པར་འགྱུར་རོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོ་མ་མོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་ཀྱིས་གསུངས་པའི་མཚན་ཉིད་ཀྱི་ལེའུ་བཅུ་པ་རྫོགས་སོ།། །།མ་བསྒྲུབས་ཡང་ཡང་ལས་སུ་འགྱུར་ཏེ་ཆར་མ་བབས་པ་ལ་ཆུར་ཞུགས་ཏེ་རིག་པ་བཟླས་ན་ཉི་མ་བདུན་གྱིས་ཆར་འབབ་བོ། །ཁུ་བ་འཆིང་བ་ལ་སྲད་བུས་སོ། །མྱོས་པ་རྣམ་པར་འཇོམས་པ་རྣམས་ལ་དུར་ཁྲོད་ཀྱི་ཐལ་བས་སོ། །བསུང་བ་ལ་ནི་རྒྱ་སྐྱེགས་ཀྱིས་སོ། །གཟེར་གྱིས་ཉམ་ཐག་པ་ལ་ཨརྫ་ནས་ཟུག་རྔུ་དང་བྲལ་བར་བྱེད་དོ། །ཏིལ་གྱི་ཏིལ་མར་གྱིས་བྱ་རྒོད་དང་། གཅོད་པར་བྱེད་ཆུ་གྲི་དང་གསུམ་གྱིས་མཆེ་བ་འཇུག་པར་བྱེད་དོ། །གུ་གུལ་གྱི་བདུག་པས་གནས་ནས་སྐྲོད་པར་བྱེད་དོ། །འདི་རྣམས་མ་བསྒྲུབས་པར་ཡང་བྱེད་དོ། །དཔེར་ན། འདི་བདག་།དཔེར་ན། འདི་བདག་དཔེའི་དོན་དུ་འཆང་བར་བྱེད། ཀློག་པར་བྱེད་པ་དེ་བཞིན་དུ་འདིའང་གཙང་མ་བགོས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་བཀླགས་པར་བྱ་སྟེ་ཆོ་ག་འདི་ཉི་མ་བདུན་དུ་བཀླག་པ་བྱས་ན་ཞི་བར་འགྱུར་རོ། །ཆར་ཆེས་ན་གྲོག་མཁར་ལ་འཛེགས་ཏེ་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱད་ཉེ་བར་བཟླས་ན་དེ་ནས་ཉེ་བར་ཞི་བར་འགྱུར་རོ། །དྲི་དང་། མེ་ཏོག་དང་། བདུག་པ་གང་ལ་སྦྱིན་པར་བྱ་སྟེ་རིག་པ་ཐམས་ཅད་འགུགས་པ་དང་། འཆིང་བ་དང་། རེངས་པ་དང་། གཅོད་པ་དང་། རིག་པ་ཐམས་ཅད་གསོད་པ་དང་། གདུག་པའི་ཡིད་སྐྲག་པ་དང་། ཁ་འཆིང་བར་བྱེད་དོ། །དེས་འདིའི་ལས་བྱ་སྟེ་གུར་གུམ་གྱིས་ཆུས་རྨོངས་པར་བྱེད་དོ། །སེར་མོས་སྦྲུལ་འགུགས་པར་བྱེད་དོ། །ཡུངས་ཀར་དང་། པདྨའི་རྩ་བ་ལས་སྐྱེས་པ་དང་། མེ་ཏོག་བཟང་པོ་རྣམས་ཀྱིས་འབྱིན་པར་བྱེད་དོ། །བདུག་སྤོས་ཀྱིས་སྨྲ་བར་བྱེད་དོ། །ཀ་ར་བཱི་རའི་མེ་ཏོག་གིས་དཀྱིལ་འཁོར་དུ་འཇུག་པར་བྱེད་དོ། ། ཀ་རུའི་བདུག་པས་འཕྲལ་དུ་བདུག་པ་དང་། བཅོམ་ལྡན་འདས་མའི་ལས་སྟོང་རྩ་བརྒྱད་པོ་འདི་རྣམས་རབ་ཏུ་སྦྱར་བར་བྱ་སྟེ་ཡམ་ཤིང་གི་མཚན་ཉིད་འཆད་པར་འགྱུར་བ་རྩ་བ་དང་། རྐེད་པ་དང་། རྩེ་མོའང་བསྐྲད་པའི་དོན་གྱིས་སྡོང་བུ་དང་། རྩ་བས་སྦྱིན་སྲེག་བྱའོ། །རྐེད་པས་ནི་ནོར་འདོད་པས་སོ། །རྩེ་མོས་ནི་ཞི་བ་ཅན་དང་། རྒྱས་པ་ཅན་ལའོ། ། ནོར་འདོད་པས་ཐོ་རངས་ཀྱི་དུས་སུ་གནོད་སྦྱིན་ཡོངས་སུ་རྒྱུ་བར་བྱེད་དོ། །དེས་ན་དེའི་ནོར་སྦྱིན་པའི་ལས་ཀྱི་དངོས་གྲུབ་དུ་འགྱུར་རོ། །བསྐྲད་པར་འདོད་པས་བར་དུ་གནས་པས་མཚན་མོའི་སྔ་མ་ལ་རྩ་བའི་སྦྱིན་སྲེག་བྱའོ། །སྡིགས་མཛུབ་ཀྱི་ཚད་ཙམ་ལ་དུག་དང་། ཁྲག་གིས་བཏགས་པས་དུར་ཁྲོད་ཀྱི་མེ་ལ་སྦྱིན་སྲེག་བྱའོ། །མཚན་མོ་ཕྱེད་ནས་ཡི་དྭགས་རབ་ཏུ་རྒྱུ་སྟེ་དེས་དེ་ལས་མངོན་སྤྱོད་ཀྱི་ལས་རབ་ཏུ་བསྒྲུབ་པར་བྱའོ། །སྒྲུབ་པ་ཆེན་པོ་ལ་ཁྲུའི་ཚད་ཀྱི་ཡམ་ཤིང་ལ་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པས་ཁ་ཤར་དུ་ཕྱོགས་པས་སྦྱིན་སྲེག་བྱའོ། །དེས་སྒྲུབ་པ་པོ་དེའི་སྒྲུབ་པ་ཆེན་པོ་སྒྲུབ་པར་བྱེད་དོ། །དབང་དུ་བྱེད་པ་ལ་བྱང་ཆུབ་ཀྱི་ཤིང་གི་ཡམ་ཤིང་གིས་སྦྱིན་སྲེག་བྱའོ། །སྡིགས་མཛུབ་ཀྱི་ཚད་ཙམ་འདིས་སོ། །ཉིན་ཞག་བདུན་དུ་ཉི་མ་འཆར་ཀར་ཨ་པཱ་མརྒའི་ཡམ་ཤིང་ཁྲག་གིས་བཏགས་པའི་སྦྱིན་སྲེག་བྱས་ན་འཆི་བར་འགྱུར་རོ། །རྣམ་པ་གཞན་དུ་མ་ཡིན་ནོ། །ནད་བསྐྱེད་པར་འདོད་ན་པཱ་ནཱ་ཡའི་རིལ་མའི་སྦྱིན་སྲེག་ཉི་མ་བདུན་དུ་བྱས་ན་ནད་བསྐྱེད་པར་བྱེད་དོ། །མིང་ནས་སྨོས་ནས་སྒྲུབ་པར་འགྱུར་ཏེ་རབ་ཏུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ཆེན་མོའི་ལེའུ་བཅུ་གཅིག་པའོ། ། །།དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐག་བཟངས་རིས་ཀྱིས་བཅོམ་ལྡན་འདས་མའི་ཆོ་ག་གསུངས་སོ། །སྒྲུབ་པ་པོས་པ་ཧུག་གི་སྒོ་རུ་དུར་ཁྲོད་དུ་གོས་གཙང་མ་བགོས་པས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཕུག་གི་སྒོ་ལ་མངོན་པར་ཕྱོགས་ནས་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་སྟོང་ཕྲག་བརྒྱད་བཟླས་པར་བྱ་སྟེ་ཐམས་ཅད་གནས་ནས་འབྱོར་པར་འགྱུར་རོ། །དོགས་པ་མེད་པར་རབ་ཏུ་འཇུག་པར་བྱ་སྟེ་ལྷ་མ་ཡིན་སེལ་བཞེས་བྱ་བའི་རིག་པ་དྲན་བཞིན་པས་རབ་ཏུ་བླང་བར་བྱའོ། །བུད་མེད་ལ་དགའ་བ་དང་བཅས་པས་ཡོངས་སུ་བཟླས་ནས་གཏོགས་པར་བྱ་སྟེ་དབང་དུ་འགྱུར་རོ། ། དེ་ནས་སྒྲུབ་པ་པོས་གསུམ་པོས་འདི་བྱེད་པར་འདོད་པས་རིའི་རྩེ་མོར་འཛེགས་ཏེ་སྙིང་པོ་མཉམ་པར་འགྲོ་མ་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་བ་ལང་གི་པགས་པ་ཨའི་ཚད་ཙམ་གྱི་དཀྱིལ་འཁོར་ལ་ཙནྡན་ན་དམར་པོས་ཉེ་བར་བྱུགས་ཏེ་སྲུང་བ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཕུག་གི་སྒོ་ལ་མངོན་པར་ཕྱོགས་པས་རིག་པ་སྙིང་པོ་མཉམ་པར་འགྲོ་མས་ཨ་པཱ་མརྒའི་ཡམ་ཤིང་ལ་དུག་དང་། ཁྲག་གིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བཅུ་བྱའོ། །དེ་ནས་སྦྱིན་སྲེག་ཡོངས་སུ་རྫོགས་པ་ནས་ཐལ་བ་ལ་ཡོངས་སུ་བཟླས་ནས་གཏོར་བར་བྱའོ། །གསུམ་པོ་འདིར་འགྱུར་ཏེ་དོགས་པ་མེད་པར་རབ་ཏུ་འཇུག་པར་བྱ་ཞིང་ལྷ་མ་ཡིན་གྱི་བུ་མོ་དེས་མཐོང་ནས་དབང་དུ་འགྱུར་རོ། །དེ་ནས་སྒྲུབ་པའི་རྫས་དེ་བླང་བར་བྱ་སྟེ་གང་འདོད་པ་དེ་རིག་པས་མངོན་པར་སྔགས་ནས་བླང་བར་བྱའོ། །འཁོར་ལོས་སེམས་ཅན་ཐམས་ཅད་དང་། རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་རོ། །ཉི་མ་ཟླ་བ་དང་། སྐར་མ་གནས་ཀྱི་བར་དུ་འགྱུར་རོ། །དེ་བཞིན་དུ་ལྡོང་རོས་དང་། བེ་ད་དང་། དགྲ་སྟ་དང་། བཊྚ་ཀ་དང་། ཤཀྟི་སྟེ་མདུང་ཐུང་དང་། རལ་གྲི་དང་། རལ་གྲིའི་ཡུ་བ་དང་། མཆིལ་ལྷ་མ་དང་། གྲི་དང་། སྲད་བུ་དང་། མཆོད་ཕྱིར་ཐོགས་དང་། བགྲང་ཕྲེང་དང་། ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་རྣམས་ཀྱིས་ཟླ་བ་ཉི་མ་དང་། སྐར་མའི་བར་དུ་འཚོ་བར་བྱེད་དོ། །བཅོམ་ལྡན་འདས་མ་དང་། དེ་བཞིན་གཤེགས་པ་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་རྣམས་སུ་ལའང་ཕྱག་འཚལ་བར་མི་བྱེད་པ་མ་གཏོགས་ལྷའི་འཁོར་ལོས་བསྒྱུར་བར་འགྱུར་རོ། །དེ་ནས་རྣམ་པ་གཞན་ནི་བཅོམ་ལྡན་འདས་མའི་སྔགས་འདི་རྣམས་ཐམས་ཅད་བགགས་པར་བྱེད་པ་ནི་ཡུངས་ཀར་གྱིས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐག་བཟངས་རིས་ཀྱིས་དམ་པ་མཆོག་ཏུ་གསང་བ་གསུངས་པ། ལྷ་མ་ཡིན་གྱི་བུ་གའི་སྒོར་སོང་ནས་འོ་མ་དང་། ནས་ཟན་ཟ་བས་བཅོམ་ལྡན་འདས་མའི་སྙིང་པོ་མཉམ་པར་འགྲོ་མ་འབུམ་བཟླས་པར་བྱའོ། །ལྷ་མ་ཡིན་གྱི་བུ་མོ་མཐོང་བར་འགྱུར་རོ། །དེ་རྣམས་རལ་གྲི་སྦྱིན་པའམ། གྲུབ་པའི་རྫས་གཞན་སྣང་བར་བྱེད་དེ་དེ་བླངས་པས་རིག་པ་འཛིན་པ་ཇི་ལྟར་འདོད་པ་བཞིན་དུ་འགྱུར་རོ། །ལྷ་མ་ཡིན་གྱི་དབང་པོ་ཐག་བཟངས་རིས་ཀྱིས་བཤད་པའི་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོ་ལེའུ་བཅུ་གཉིས་པའོ།། །།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ལས་བཅོམ་ལྡན་འདས་མ་རིག་པའི་རྒྱལ་མོའི་སྐྱེད་པར་བྱེད་པའི་གསང་ཆེན་ཞེས་པའོ། །དེ་ནས་ཡང་སེམས་དཔའ་ཆེན་པོས་ཐམས་ཅད་ད་ཨང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་བསམ་པ་རྣམ་པར་དག་པས་འདིར་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྒྲུབ་པའི་དོན་དུ་རྟོག་པའི་རྒྱལ་པོས་རིག་པའི་སྔགས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་སྔགས་ཀྱི་རྒྱལ་པོ་གསུངས་སོ། །བར་སྐབས་འདིར་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐུགས་ཀར་ཕྱོགས་ནས་བདུད་རྩི་ཐམས་ཅད་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་འོད་ཟེར་བྱུང་བར་གྱུར་ཏོ། །འོད་ཟེར་དེས་ཐམས་ཅད་དང་ལྡན་པའི་འཇིག་ར་ཏེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཡོངས་སུ་བསྐོར་ནས་སེམས་ཅན་རྣམས་སྣང་བར་བྱས་ཏེ་སླར་ཡང་བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་སུ་ནུབ་པར་གྱུར་ཏོ། །བར་སྐབས་འདི་གསུངས་པར་གྱུར་པ་དེ་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨཱ་རོ་ལིཀ་འ་དི་ནི་མཆོག་གི་སྙིང་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དེ་ཡིན་ཏེ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྒྲུབ་པའི་ཆོ་ག་གདོན་མི་ཟ་བ་ཁོ་ནར་སྒྲུབ་པ་པོ་རབ་ཏུ་སྦྱར་བར་བྱའོ། །དོན་མེད་བ་ཐམས་ཅད་ཟློག་པར་བྱེད་པ། སྡིག་པ་ཐམས་ཅད་ཟད་པར་བྱེད་པ། བཀྲ་ཤིས་རབ་ཏུ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པ་དེའི་སྔགས་སོ། །ཐོ་རངས་སྟན་ལས་ལངས་ནས་གཙང་མར་གྱུར་པས་ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་སྔགས་ཏེ་ཤར་དུ་མངོན་པར་ཕྱོགས་ཏེ་བཏུང་བར་བྱའོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་འགྱུར་རོ། །བཅོམ་ལྡན་འདས་མའི་རྟོག་པའི་རྒྱལ་པོར་ཞི་བ་ཅན་གྱིས་ལས་ཐམས་ཅད་འགྲུབ་པར་བྱེད་དོ། །ཉེ་བར་གནོད་པ་མེད་པར་དྲན་པར་འགྱུར་ཞིང་སྟོབས་དང་ལྡན་པ་དང་། གཟི་བརྗིད་དང་ལྡན་པ་དང་། ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་བཞིན་དུ་རྒྱས་པ་ཅན་ནི་ཉི་མ་གཞན་ལ་འདི་རྣམས་བྱའོ། །བར་མ་ལ་མངོན་སྤྱོད་ཅན་བརྞ་ཏ་རབ་ཏུ་འཇུག་པ་ལ་མིང་མེད་ཀྱི་སོར་མོ་ལན་བདུན་མངོན་པར་སྔགས་པར་བྱའོ། །ཞི་བ་ཅན་དང་། རྒྱས་པ་ཅན་ལའང་ངོ་། །མངོན་སྤྱོད་ཅན་ལ་སྡིགས་མཛུབ་ལ་བཟླས་པ་ཉིད་ཀྱིས་དེ་བརྩམས་པར་བྱའོ། །གང་ལ་ལ་རྣམ་པ་དེ་ལྟའི་ཆོ་ག་བྱེད་པ་དེ་ལ་དངོས་གྲུབ་འབྱུང་བར་འགྱུར་རོ། །བཟླས་པའི་དུས་སུ་བདག་ཉིད་ཀྱི་སྙིང་གར་འདིས་མངོན་པར་སྔགས་པར་བྱའོ། །དེའི་དངོས་གྲུབ་ངེས་པར་བརྗོད་དོ། །སྒྲོལ་མའི་ཆེད་དུ་སྒྲུབ་པ་ནི་ངེས་པར་མྱུར་བར་བཤད་པ་དེ་བཞིན་དུ་བྱའོ། །སྒྲུབ་པ་པོས་བློ་དང་ལྡན་པས་རིག་པ་ཐམས་ཅད་ལ་དེ་བཞིན་དུ་རིག་པའི་རྒྱལ་པོ་སྟོབས་ཆེན་པོ་བདག་གི་སྔགས་ཀྱི་རིག་པ་ཤིན་ཏུ་དགེ་བ་དགའ་བར་རབ་ཏུ་བསྒྲགས་སོ། །སྒྲུབ་པ་པོས་ཀྱང་བདག་ཉིད་སྲུང་བ་དང་། དག་པ་བྱས་ལ་དེ་རྟག་ཏུ་རིག་པའི་རྒྱལ་པོ་ཆེན་པོ་འདི་རྟོག་པའི་རྒྱལ་པོ་ཆེན་པོ་འདིར་བཅོམ་ལྡན་འདས་མ་སྒྲོལ་མ་སྒྲུབ་པའི་ཐབས་ཀྱི་ཆོ་ག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཆེན་པོའི་སྒྲུབ་ཐབས་ཀྱི་ཆོ་གའི་ལས་འགའ་ཞིག་བཤད་པར་བྱའོ། གང་ལ་ལ་སྒྲུབ་པ་བྱེད་པར་འགྱུར་བ་དེ་རྣམས་གདོན་མི་ཟ་བར་རིག་པ་འཛིན་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དཀོན་མཆོག་གསུམ་ལ་མངོན་པར་དང་བས་འབྱུང་བར་བྱའོ། །ཡང་འདིའི་ཆོ་གར་འགྱུར་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། རིའི་རྩེ་མོའམ། གཞན་དུའང་རུང་སྟེ་གཙང་མའི་ཕྱོགས་སུ་གཟུགས་བརྙན་གྱི་སྤྱན་སྔར་འོ་མ་དང་། ནས་ཟན་བཟའ་བའམ། རིག་པ་སོ་སོར་སྒྲུབ་པའི་སྟོན་མོའི་བཟའ་བ་ཡོངས་སུ་སྤངས་ལ་མཆོད་པ་ཡོངས་སུ་རྫོགས་པས་གསོ་སྦྱོང་ལ་གནས་པའམ། གསོ་སྦྱོང་ལ་མི་གནས་པར་ཡང་རུང་སྟེ་འབུམ་ཕྲག་ཕྱེད་དང་གསུམ་བཟླས་པར་བྱའོ། །སྔོན་སྤྱད་པ་བྱས་པར་འགྱུར་རོ། ། མཆོད་པ་བྱས་ནས་བསྙེན་པའང་ས་གའི་ཉའམ། ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཉ་ལ་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །སྙིང་པོ་སྒྲུབ་བར་འགྱུར་རོ་དེ་ནས་ལས་རྣམས་སུ་འགྱུར་ཏེ་ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཉ་ལ་ཨ་ཀ་རུའི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་ལས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། མེ་ཏོག་སྟོང་ཕྲག་བརྒྱད་རྣམས་ཀྱིས་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། །མེ་ཏོག་སྟོང་ཕྲག་བརྒྱད་པོ་རྣམས་ཀྱིས་གཟུགས་བརྙན་ལ་བསྣུན་པར་བྱའོ། །ཡང་ན་སླར་ཡང་མཚན་མོ་ཐམས་ཅད་དུ་བཟླས་ན་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། །དེ་ནས་མ་མཐོང་ན་དོང་ཙེ་ལྔ་རྟག་ཏུ་རྙེད་དོ། །མཚན་མོ་བདུན་དུ་ཐུན་མཚམས་གསུམ་དུ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །མྱོས་བྱེད་ཀྱི་ཤིང་ལ་གཟུགས་བརྙན་བྱས་ནས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྒྱལ་པོའི་ཡམ་ཤིང་གིས་མེ་སྦར་ནས་ཐུར་མས་རྐང་པ་ཕུག་སྟེ་ཐུན་མཚམས་གསུམ་དུ་བརྒྱད་བརྒྱར་སྦྱིན་སྲེག་བྱས་ན་ཉི་མ་གཉིས་པ་ལ་རྐང་བ་དག་གིས་འོང་བར་བྱེད་དོ། །མྱ་ངན་མེད་པའི་ཤིང་གིས་སོར་མོ་དྲུག་པའི་ཤ་ལ་བྷཉྫི་ཀ་བྱས་ནས་རིའི་རྩེ་མོར་གནས་ཏེ་འོ་མ་དང་། ནས་ཟན་བཟའ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མཐར་ཟླ་བ་ཉ་ལ་མཆོད་པ་བྱ་སྟེ་མཚན་མོ་གསུམ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཨ་ཤྭཏྠའི་འདབ་མར་བཞག་སྟེ་ཇི་སྲིད་འོངས་བ་དེ་སྲིད་བཟླས་པར་བྱའོ། །ལེགས་པར་འོངས་སམ་ཞེས་བརྗོད་པར་བྱ་ཞིང་མཆོག་སྦྱིན་པར་བྱའོ་ཞེས་ཟེར་ན་ཆུང་མའམ། སྲིང་མོའམ། གྲོགས་མོའང་རུང་སྟེ་བདག་ཉིད་དང་བཅུ་གཉིས་ལ་བཟའ་བ་དང་། བགོ་བ་དང་། དོང་ཙེའང་རབ་ཏུ་སྩོལ་བར་བྱེད་དོ། །ལོ་སྟོང་དུ་འཚོ་བར་འགྱུར་རོ། །ཟླ་བ་གཟའ་ཡིས་ཟིན་པ་ན་རྒྱུད་མཚུངས་པའི་བའི་མར་སར་བླངས་ནས་སོར་དྲུག་པའི་གཟུགས་བརྙན་བྱས་ཏེ་ཟས་བཞིན་དང་། སྨྱུང་བར་གནས་པས་ཨ་ཤྭཏྠའི་འདབ་མར་བཞག་ནས་ཇི་སྲིད་ཟླ་བ་གྲོལ་གྱི་བར་བཟླས་པར་བྱའོ། །དེ་ལ་དངོས་གྲུབ་རྣམ་པ་གསུམ་སྟེ་དྲོ་བཞིན་པ་ལ་རྐང་པས་རབ་ཏུ་རྒྱུ་བ་དང་། ཚེ་ལོ་ལྔ་བརྒྱ་ཐུབ་བ་དང་། དཔག་ཚད་ལྔ་བརྒྱར་འགྲོ་བར་བྱེད་དོ། །ཐམས་ཅད་དུ་མི་སྣང་བར་གདོན་མི་ཟ་བར་འགྱུར་རོ། །དུ་བ་འཐུལ་བཞིན་པ་ལ་མི་སྣང་བ་དང་། སོར་མོ་ཉི་ཤུ་རྩ་བཞི་པ་ལ་མི་རེག་པ་དང་། ལོ་སྟོང་དུ་འཚོ་བ་དང་། དཔག་ཚད་སྟོང་དུ་འགྲོ་བར་བྱེད་དོ། །སྐྱེས་བུ་བཅུའི་སྟོབས་འབར་ཏེ་ལོ་སྟོང་ཕྲག་གཉིས་སུ་འཚོ་བར་འགྱུར་རོ། །རིག་པ་འཛིན་པ་རྣམས་ཀྱིས་མི་ཚུགས་སོ། །ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་པདྨའི་སྦྱིན་སྲེག་སྟོང་ཕྲག་བཅུའོ། །སོལ་བའི་དབུས་སུ་དཔལ་ལྷ་མོའི་གཟུགས་པདྨ་ཕྱག་ན་བསྣམས་པ་ཀུན་ཏུ་བཀོད་དོ། །དེ་མཆོག་སྦྱིན་པར་བྱེད་དེ་མའམ། སྲིང་མོའམ། གྲོགས་མོ་གྱིས་ཤིག་ཅེས་བྱ་བར་བརྗོད་པར་བྱའོ། །དེས་དོང་ཙེ་སྟོང་སྩོལ་བར་འགྱུར་རོ། །ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གསོ་སྦྱོང་ལ་གནས་པས་འོ་མ་དང་། ནས་ཟན་བཟའ་ཞིང་དཀར་པོའི་ཕྱོགས་ཀྱི་ཆོས་གཅིག་ནས་བརྩམས་ནས་སྔར་གྱི་ནས་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ལྟེ་བ་ཙམ་གྱི་ཆུར་ཞུགས་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །གཏེར་ཐམས་ཅད་མཐོང་བར་བྱེད་དོ། །འཁྲུལ་འཁོར་ཐམས་ཅད་འགེམས་པར་བྱེད་དོ། །རེངས་བར་བྱེད་དོ། །སྲུང་བར་བྱེད་དོ། །མིའང་འགུགས་པར་བྱེད་དོ། །ཤི་བ་སོགས་པར་བྱེད་དོ། །དུག་མེད་པར་བྱེད་དོ། །ཞི་བར་ཡང་བྱེད་དོ། །འགུགས་པར་བྱེད་དོ། །མོ་གཤམ་ལ་བུ་སྟེར་བར་བྱེད་དོ། །སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་ན་སྡང་བ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །རྒྱལ་པོའི་སྒོར་སྲུང་བ་བྱས་ན་དགྲ་རྣམས་ལ་མཚམས་བཅད་བར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་འབུམ་ཕྲག་དྲུག་བཟླས་པར་བྱའོ། །རས་དཀར་པོས་བགོ་བ་བྱས་ནས་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །འཁོར་སྟོང་དང་བཅས་པར་འཕུར་བར་འགྱུར་རོ། །རྣམ་པ་སྣ་ཚོགས་པའི་ལས་རྣམས་བྱེད་དོ། །སྟོན་ཀའི་སྤྲིན་ལྟར་དཀར་བ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་བ། རལ་བའི་ཅོད་པན་འཆང་བ། མཆོད་ཕྱིར་ཐོགས་དཀར་པོ་ཅན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བར་བྱེད་བཞིན་པ་འདི་ལ་མཆོད་པ་ཆེན་པོ་བྱས་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །ཡིད་ཀྱིས་འགྲུབ་བོ། །གཙང་མའི་ཕྱོགས་སུ་ཆུ་ཀླུང་འགྲམ་དུ་གསོ་སྦྱོང་ལ་གནས་པས་མཆོད་རྟེན་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཅན་བྱས་ནས་དེ་ལ་མཆོད་པ་བྱས་ཏེ་སྙིང་པོ་བཟླས་པར་བྱའོ། །བར་མ་ལ་སླར་ཡང་མཆོད་རྟེན་བྱས་ནས་ཉི་མ་ནུབ་པ་ནས་ཇི་སྲིད་སྟོང་ཕྲག་བརྒྱད་དེ་སྲིད་དུ་བཟླས་སོ། །དེ་ནས་ཆོ་ག་འདིས་རིག་བ་འཛིན་པའི་འཁོར་ལོས་བསྒྱུར་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཐབས་ཅིག་ཏུ་བདེ་བ་ཅན་དུ་འགྲོ་བར་བྱེད་ཅིང་སངས་རྒྱས་མཐོང་ངོ་། །བསྐལ་བར་གནས་པར་འགྱུར་རོ། །རིག་པ་འཛིན་པ་རྒྱལ་པོའམ། རྒྱལ་པོའི་བློན་པོ་དབང་དུ་བྱེད་ན་ཨ་པཱ་མརྒའི་ཡམ་ཤིང་ལ་མར་དང་། སྦྲང་རྩིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །བུད་མེད་དང་སྐྱེས་པ་དབང་དུ་བྱེད་པ་ལ་ཐུན་གསུམ་དུ་གུ་གུལ་གྱི་རིལ་བུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དབང་དུ་འགྱུར་རོ། ། ག་རུའི་རིལ་བུས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །རྒྱལ་པོའི་ཁབ་ཏུའང་སྨྲ་བའི་མཆོག་ཏུ་འགྱུར་རོ། །ཤུ་དག་ཁར་བཅུག་ནས་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་གྱི་བར་དུ་བཟླས་པར་བྱའོ། །དྲོ་བཞིན་པས་ནི་ཡིད་གཞུངས་ཤིང་དཔའ་བར་བྱེད་དོ། །དུ་བ་འཐུལ་བས་ནི་མི་སྣང་བ་དང་། འབར་བར་བྱེད་དོ། །རིག་པ་འཛིན་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། །སློང་མོ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་དཔའ་བོའི་སྟན་ལ་ཉེ་བར་འདུག་ཏེ་འབུམ་ཕྲག་ལྔ་བཟླས་པར་བྱའོ། །དེ་ནས་ཡིད་ཀྱིས་འདོད་པའི་དངོས་གྲུབ་འབྱུང་སྟེ་ལྷ་རྣམས་ཀྱིས་ལྷན་ཅིག་གནས་ཤིང་གང་འདོད་པ་དེ་རྙེད་དོ། །དེ་ནས་ཟ་མ་ཏོག་དཀར་པོ་ཡི་གེས་དཀྲིས་པ་ལྡོང་རོས་བཅུག་ནས་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བཞིན་པ་ལ་ཡིད་གཞུངས་པར་འགྱུར་རོ། ། དུ་བ་འཐུལ་བཞིན་པ་ལ་མི་སྣང་བ་དང་། འབར་བར་བྱེད་དོ། །རིག་པ་འཛིན་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འབུམ་ཕྲག་བཅུ་དྲུག་བཟླས་བར་བྱའོ། །སློང་མོ་ཟ་ཞིང་མི་སྨྲ་བར་ཀུ་ཤ་བཏིང་བ་ལ་ཉལ་ནས་ན་ག་གེ་སར་གྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཉི་མ་བདུན་པ་ལ་འདོད་པའི་བུ་མོ་རྙེད་དོ། །མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཉི་མ་བདུན་པ་ལ་མཆོག་ཏུ་ཡིད་གཞུངས་ཤིང་དཔའ་བར་འགྱུར་རོ། །དགའ་བ་འཁྱིལ་བའི་མེ་ཏོག་གིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་བུད་མེད་དང་། སྐྱེས་པ་རྣམ་པར་ལྡང་བར་འགྱུར་རོ། །དབང་དུ་བྱེད་པ་ལ་ཟླ་བ་ཉ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དབང་དུ་འགྱུར་རོ། །སེང་ལྡེང་ལ་ཕུར་བུ་སོར་བཞི་བའི་ཚད་བྱས་ནས་ཕྱོགས་བཞིར་གདབ་པར་བྱས་ཏེ་མཚམས་བཅིངས་པ་བྱས་པར་འགྱུར་རོ། །མིག་སྨན་ལྡོང་རོས་གྲུབ་པར་འདོད་པས་ཟླ་བ་གཅིག་ཏུ་འོ་མ་དང་། ནས་ཟན་བཟའ་ཞིང་ནག་པོའི་བརྒྱད་པ་ཨ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གཟུགས་བརྙན་གྱི་སྤྱན་སྔར་ཨ་ཤྭཏྠའི་འདབ་མ་བཞི་ལ་བཞག་ནས་བཞི་པས་མནན་ཏེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཞལ་ལྕེ་བ་ལ་རིག་པ་བཟླས་པ་ཉིད་དང་། གདོང་ལ་ཡོངས་སུ་བཟླས་པས་རྒྱལ་བར་འགྱུར་རོ། །ཁྲོས་པའི་མདུན་ཡོངས་སུ་བཟླས་ན་རབ་ཏུ་ཞུམ་པར་འགྱུར་རོ། །ཡུག་ས་མོ་དབང་དུ་བྱ་བར་འདོད་ན་ནག་པོའི་བརྒྱད་པ་ལ་མཚན་མོ་གསུམ་ད་ཨུ་སྨྱུང་བར་གནས་ཏེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་མེ་ཏོག་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་གང་དོན་དུ་གཉེར་བ་དེ་ལ་མཆོག་སྦྱིན་པར་བྱེད་དོ། །ཡུངས་ཀར་དཀར་པོས་མཆེ་བ་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་འཆིང་བ་ནི། སེངྒེ་དང་། སྟག་དང་། ཆོམ་རྐུན་དང་། གླང་པོ་ཆེའི་ནང་དུ་སོང་བས་དྲན་པར་བ་ཡ་ཞིང་གསོ་སྦྱོང་ལ་གནས་པས་དུས་གསུམ་དུ་ཁྲུས་བྱ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱམས་པ་ལ་གནས་པས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། གཟུགས་བརྙན་གྱི་སྤྱན་སྔར་འབུམ་ཕྲག་གསུམ་བཟླས་སོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་པར་བྱ་སྟེ་མ་ཉམས་པའི་རས་མཉེན་པ་ལ་སྟོན་ཁའི་སྤྲིན་ལྟར་དཀར་བ། པདྨ་ལ་གནས་པ། པདྨ་ཕྱག་ན་བསྣམས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རལ་བའི་ཅོད་པན་འཆང་བ། དར་དང་། རས་ཀྱི་ཤམ་ཐབས་ཅན་ནོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། གཟུགས་བརྙན་གྱི་སྤྱན་སྔར་རས་རིས་བཞུགས་སུ་གསོལ་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས་དེ་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་ཨ་རིཥྚའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་ཉི་ཤུ་རྩ་བཞི་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལས་འོད་ཟེར་འབྱུང་སྟེ་ས་གཡོ་བར་འབྱུང་ཞིང་རྔ་བོ་ཆེའི་སྒྲ་སྒྲོགས་པར་བྱེད་པ་དང་། མར་མེའི་རྩེ་མོ་འཕེལ་བ་དང་། མེ་ཏོག་གི་ཆུན་པོ་གཡོ་བ་དང་། རས་རིས་འགུལ་བར་བྱེད་དེ་དེ་ནས་གྲུབ་བར་འགྱུར་རོ། །དེ་ནས་ལས་རྣམས་དགེ་བར་འགྱུར་རོ། །ནོར་སྦྱིན་པར་བྱེད་དོ། །དངོས་གྲུབ་ཐམས་ཅད་ཀྱིས་དགའ་བར་འགྱུར་རོ། །དབང་དུ་གྱུར་ནས་གནས་སོ། །དེ་ནས་མིག་སྨན་སྒྲུབ་པར་འདོད་ན་རྣ་བའི་མིག་སྨན་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམ་པར་བྱས་ནས་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཙནྡན་དམར་པོ་ལས་བྱུང་བའི་སོར་བཅུ་དྲུག་པའམ། སོར་བཅུ་པའི་དབྱུག་པའི་ཤིང་བྱེད་དུ་གཞུག་གོ་།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་གྱི་བར་དུ་འབུམ་ཕྲག་གསུམ་བཟླས་བར་བྱའོ། །གང་བྱེད་པ་དེ་ཐམས་ཅད་དེ་བྱེད་དུ་གཞུག་བར་བྱའོ། །ཆོ་འཕྲུལ་གྱི་ཕྱོགས་ནས་བརྩམས་ནས་གསོ་སྦྱོང་ཅན་གྱི་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་ལན་གསུམ་དུ་བརྗེས་ལ་འབུམ་བཟླས་པར་བྱའོ། །བསྙམས་པའི་རས་ལ་ལྷ་འདྲིར་གཞུག་པར་བྱ་སྟེ་སྟོན་ཀའི་སྤྲིན་ལྟར་དཀར་བ། ཕྱག་ན་པདྨ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དབུགས་རྡུབ་བཞིན་པས་ལག་པ་གཉིས་སུ་ཛཱི་བས་བཀང་ལ་རལ་པའི་ཅོད་པན་འཛིན་ཅིང་མཆོད་ཕྱིར་ཐོགས་དཀར་པོ་ཅན་པདྨའི་ཕྲེང་བ་འཆང་བའོ། །དེ་ནས་དཀར་པོའི་བརྒྱད་ནས་བརྩམས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། རས་རིས་ལ་པདྨ་དཀར་པོའི་སྦྱིན་སྲེག་བྱ་ཞིང་འབུམ་ཕྲག་བཅུ་གཉིས་བཟླས་པར་བྱའོ། །ཆོ་ག་གཞན་ནི་རིག་པ་འཛིན་པས་ས་གྲུབ་པ་བྱེད་པར་འདོད་པས་ལོག་འདྲེན་རྣམ་པར་འཇོམས་པའི་ཆོ་གའི་རྒྱལ་པོ་ནི་ཡུངས་ཀར་ལ་ཚ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དཔག་ཚད་སྟོང་དུ་འབྲོས་པར་བྱེད་དོ། །དེ་ནས་རིག་པ་བསྒྲུབ་པར་བྱའོ། །རྣམ་པ་གཞན་དུ་དུག་འཇོམས་པར་བྱེད་དོ། །ཕ་རོལ་གྱི་རིག་པ་བཅིང་བར་འདོད་ན། མིང་ནས་སྨོས་ཏེ་རས་ཀྱི་ཁ་ཚར་ལ་བརྒྱད་བརྒྱར་མངོན་པར་སྔགས་ནས་མདུད་བ་བཅིང་བར་བྱའོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་རང་བྱུང་དུ་བྱོན་ཡང་དེས་ཀྱང་ཇི་སྲིད་རིག་པ་འཛིན་པས་དཀྲོལ་གྱི་བར་དུ་དཀྲོལ་བར་མི་ནུས་སོ། །ཞི་བར་འདོད་པས་སྣ་མའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་ཞི་བར་འགྱུར་རོ། །སློང་མོ་ཟ་བས་བྱེ་བ་ཡོངས་སུ་བཟླས་པར་བྱ་སྟེ་མངོན་སུམ་དུ་བཅོམ་ལྡན་འདས་འོད་དཔག་མེད་པདྨའི་གདན་ལ་བཞུགས་པ་མཐོང་བར་འགྱུར་རོ། །རིག་པ་འདིས་སྟོང་ཕྲག་བཅུར་བཟླས་པས་གཞན་ནད་ཀྱིས་བཏབ་པ་རབ་ཏུ་འཇོམས་པར་བྱེད་དོ། །སློང་མོ་ཟ་ཞིང་བྱེ་བ་ཡོངས་སུ་བཟླས་ན་བཅོམ་ལྡན་འདས་མཐོང་སྟེ་མཆོག་གསུམ་རྩོལ་བར་མཛད་དོ། །སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་དང་། མི་སྣང་བ་དང་། ལྷ་མ་ཡིན་གྱི་ཁྱིམ་དུ་འདུག་པའོ། །རིའི་རྩེ་མོར་འཛེགས་ནས་བྱེ་བ་ཡོངས་སུ་བཟླས་ན་ལྷ་ཐམས་ཅད་དབང་དུ་འགྱུར་ཞིང་རྟག་ཏུའང་མཐོང་བ་རྩོལ་བར་བྱེད། པདྨ་ཅན་གྱི་མཚོར་པདྨ་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བཅུ་བྱའོ། །རྒྱལ་པོ་དབང་དུ་འགྱུར་རོ། །བཀླགས་པ་ཙམ་གྱིས་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་ཏེ་འདོད་པས་ཉེ་བར་བཞག་པ་ནི་མ་གཏོགས་སོ། །མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་མེ་ལོང་ལ་ཡོངས་སུ་བཟླས་ནས་སྦྱིན་སྲེག་གི་ཐལ་བས་ཁྱེའུ་འམ། བུ་མོ་ལ་བསྟན་བར་བྱ་སྟེ་མ་ཉམས་མ་ཟད་པར་མཐོང་ངོ་། །མཐོ་བའི་སེན་རྩི་དང་། དྲིའི་ཏིལ་མར་གྱིས་བྱུགས་ནས་བྱིས་པ་རྣམས་ལ་བསྟན་པར་བྱའོ། །སྣོད་ཆུས་གང་བར་བྱས་ནས་ཐམས་ཅད་ལ་བསྟན་པར་བྱ་སྟེ་ཐམས་ཅད་མཐོང་ཞིང་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ལན་བདུན་དུ་བཟླས་པས་དབང་དུ་འགྱུར་རོ། །གྲོང་དུ་རབ་ཏུ་ཞུགས་ནས་བཟའ་བ་དོན་དུ་གཉེར་ན་སྟོང་བཟླས་པར་བྱའོ། །བཟའ་བ་རྙེད་པར་འགྱུར་རོ། །ཆོམ་རྐུན་གྱི་འཇིགས་པ་ལ་བཟླས་པས་རེངས་པར་བྱེད་དོ། །བྱེ་བ་བཟླས་པས་ལས་ཐམས་ཅད་ནུས་པར་འགྱུར་རོ། །ཟླ་བ་གཟས་བཟུང་བ་ནས་བ་ར་ཧ་ཀ་མི་ཀའི་རྩ་བ་བླངས་ནས་ལག་པ་ཁ་སྦྱར་བས་མནན་ཏེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཉི་མ་གཟས་བཟུང་བ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཆུ་ཀླུང་དུ་སོང་ཞིང་འོ་མ་དང་། ནས་ཟན་ཟ་ཞིང་བྱེ་བ་བཟླས་ན་ཀླུ་ཐམས་ཅད་འོང་བར་བྱེད་ཅིང་དེ་རྣམས་དབང་དུ་འགྱུར་རོ། །དེ་ནས་སྒྲུབ་པ་པོས་ཀླུའི་གནས་ཀྱི་དངོས་གྲུབ་འབྱུང་བར་བྱ་སྟེ། ཀླུའི་གནས་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་རང་གི་ཁྱིམ་བཞིན་དུ་རྣམ་པར་རྒྱུ་བར་བྱེད་དོ། །ཀླུའི་གནས་སུ་སོང་ནས་འོ་ཐུག་གིས་ལྷུང་བཟེད་བཀང་ནས་ཇི་སྲིད་ཀླུ་མགོ་བོ་བདུན་པ་འོང་བར་བྱེད་པ་དེ་སྲིད་དུ་རིག་པ་བཟླས་པར་བྱའོ། །རིན་པོ་ཆེ་རྣམས་ཀྱང་སྦྱིན་པར་བྱེད་དོ། །ས་ལ་རྒྱལ་པོའི་གཏེར་འདོན་པའམ། འཆིང་བར་བྱེད་དོ། །དེ་ནས་གཅིག་ཏུ་ཡང་དག་པར་བླངས་པར་བྱ་སྟེ་མ་བླངས་ན་ཀླུའི་འཆིང་བ་ལྔ་འོང་བར་བྱེད་དོ། །སྔགས་འདི་ཉིད་ཀྱིས་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཏུ་ཆུ་ཀླུང་གི་འགྲམ་དུ་བཟླས་པ་དབུལ་བར་བྱའོ། །རྒྱུན་འབབ་པའི་ཆུ་ཀླུང་ཆེན་པོའི་མེ་ཏོག་རྣམས་གཡས་སུ་འཁོར་བར་བྱེད་ན་རིག་པ་འཛིན་པས་གྲུབ་བོ་ཞེས་ཤེས་པར་བྱའོ། །དེ་ནས་ཆུའི་ནང་དུ་འོང་བ་དང་། འགྲོ་བར་བྱེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱེ་བ་བཟླས་པར་བྱའོ། །ཚུལ་ཁྲིམས་དང་ལྡན་པ་སྤོབས་པ་ཕུན་སུམ་ཚོགས་པའི་རྒྱལ་པོར་འགྱུར་ཏེ་ཛམ་བུའི་གླིང་གི་དབང་ཕྱུག་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་རྫུ་འཕྲུལ་ཆེན་པོ་དང་། མཐུ་ཆེན་པོ་ཅན་ཇི་སྲིད་དུ་བསྒྲུབས་པ་གཉིས་པའོ་ཞེས་པ་གཉིས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་པདྨ་འབྱུང་སྟེ་འདབ་མ་དགའ་བ་དང་བཅས་པ། དྲི་ཡིད་དུ་འོང་བའི་པདྨ་དེ་བླངས་པས་ཟས་སུ་དགའ་བ་ཟ་བའི་ལང་ཚོ་དང་ལྡན་ལ། སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ལྷ་གཞོན་ནུ་རྣམས་ལས་ལྷག་པའི་གཟི་བརྗིད་དང་། བདེ་བ་དང་། ཡིད་བདེ་བ་མང་བར་འགྱུར་རོ། །ལོ་བྱེ་བ་བརྒྱ་སྟོང་ཕྲག་ཏུ་འཚོ་ཞིང་འཕུར་བར་བྱེད་དོ། །བཱ་ཤ་ཀའི་མེ་ཏོག་སྟོང་ཕྲག་བརྒྱར་སྦྱིན་སྲེག་བྱ་སྟེ་གསེར་སྟོང་རྙེད་དོ། །སེང་ལྡེང་གི་ཤིང་གི་མེ་སྦར་ནས་མྱ་ངན་མེད་པའི་མེ་ཏོག་མར་ལ་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གནོད་སྦྱིན་དབང་དུ་འགྱུར་རོ། །ཟློས་བཞིན་པས་ནི་ཡིད་ཀྱི་སྟོང་ཕྲག་བརྒྱད་ཅུ་སྦྱིན་སྲེག་བྱས་ན་ཡིད་རྩེ་གཅིག་པ་ཉིད་ལུས་མེ་དང་མཚུངས་པ་སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པའི་རིག་པ་འཛིན་པར་འགྱུར་རོ། །སླར་ཡང་བྱེ་བ་བཟླས་པར་བྱ་སྟེ་མངོན་སུམ་དུ་སྤྱན་རས་གཟིགས་དབང་ཕྱུག་མཐོང་ངོ་། །གང་འདོད་པ་དེ་རྙེད་དོ། །ཡིད་ཀྱིས་འབུམ་ཕྲག་བརྒྱད་ཅུ་རྣམས་ཀྱིས་མི་སྣང་བར་འགྱུར་རོ། ། དཔག་ཚད་བརྒྱད་དུ་འཕུར་བར་བྱེད་དོ། །འོག་ཏུའང་དཔག་ཚད་བརྒྱར་འགྲོ་བར་བྱེད་དོ། །ས་ལའང་སྟེང་དུ་འབྱིན་པར་བྱེད་དོ། །གཏེར་ཐམས་ཅད་མཐོང་བར་བྱེད་དོ། ། གནོད་སྦྱིན་མོ་རྣམས་དབང་དུ་བྱ་བར་འདོད་པས་མྱ་ངན་མེད་པའི་ཤིང་གི་འོག་ཏུ་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་འདི་གསོལ་ཅིག་ཅེས་བརྗོད་པར་བྱའོ། །གཞན་ཡང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོ་གར་གྱུར་ཏེ་སྔོན་སྤྱད་པ་བྱ་ཞིང་གསོ་སྦྱོང་ལ་གནས་པས་དུས་གསུམ་དུ་ཁྲུས་བྱ་ཞིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ལ་དཀྱིལ་འཁོར་བྱས་ནས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །བཟླས་པས་ཡོངས་སུ་རྫོགས་པ་ན་གསོ་སྦྱོང་ལ་གནས་པ་ཉིད་ཀྱིས་ཇི་ལྟར་ནུས་པའི་མཆོད་བ་ཡས་ནས་ཆུ་སྟོད་ཅན་གྱི་ཟླ་བ་ཉ་ལ་དགེ་འདུན་གྱིས་བསྟན་པའི་བསོད་སྙོམས་ཀྱི་ཟས་བཟའ་བར་བྱ་ཞིང་ཤ་དང་བྲལ་བའི་ཤིན་ཏུ་གྱ་ནོམ་པས་དྲི་གཙང་ཁང་དུ་དཀྱིལ་འཁོར་ཏེ་བར་བྱུགས་པ་བྱས་ནས་རིང་བསྲེལ་དང་བཅས་པའི་སྐུའམ། གཟུགས་བརྙན་ལ་དྲི་དང་། མེ་ཏོག་དང་། བདུག་པ་རྣམས་ཀྱིས་མཆོད་པ་བྱས་ནས་ཀུ་ཤ་བཏིང་བ་ལ་སྐྱིལ་ཀྲུང་བཅིང་ཏེ་བསོད་སྙོམས་ཀྱི་ཟས་ཀྱིས་ལས་ཀྱི་དཔག་ཏུ་མེད་པའི་བཟླས་པ་དབུལ་བར་བྱའོ། །ཇི་སྲིད་སྒྲུབ་པ་གཉིས་པའོ། །ཞེས་པ་དེའི་ཚེ་བཅོམ་ལྡན་འདས་མཐོང་བར་བྱེད་དོ། །གང་འདོད་ཅིང་འདོད་པ་རྙེད་དོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་རྩ་བའི་རྟོག་པར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རིག་པའི་རྒྱལ་པོ་ཆེན་པོའི་རྟོག་པ་རྫོགས་སོ། ། །།དེ་ནས་ཡང་སེམས་དཔའ་ཆེན་པོས་སླར་ཡང་རིག་པ་ཐམས་ཅད་ཡང་དག་པར་སྐུལ་བར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྒྲུབ་ཐབས་ཀྱི་ཆོ་ག་རིག་པའི་ལེའུ་གསུངས་པར་གྱུར་ཏོ། །བཀླགས་པས་གྲུབ་པ་མྱུར་དུ་གྲུབ་ཅིང་རང་གིས་བདག་ཉིད་གྲུབ་པ་གཡེང་བའི་དོན་གྲུབ་པ། མདོར་ན། ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་འགྲུབ་པར་འགྱུར་ཏེ་དེ་ཇི་ལྟ་བ་བཞིན་རྟོག་པར་བྱ་བར་འགྱུར་རོ། ། ཡང་འདིར་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བིདྱཱ་དེ་བ་ཏཱ་ཡ། ན་མོ་བིདྱཱ་དེ་བ་ཏཱ་ནཱཾ་ན་མ། སརྦ་སྱཻ་བ། བི་དྱཱ་ཀུ་ལ་བཾ་ཤ་སྱེ། ཏདྱ་ཐཱ། སརྦ་ཨརྠ་བིགྷྣ་ན་བི་ནཱ་ཤཱ་ཡ་ཨཱ་ཧ་རི། ཧ་རེ་ཧ་རེ། བི་ཧ་རེ། བི་ཧཱ་ཏེ་ཛཱ་བི་མ་ལེ། ཨ་བྷ་ཡེ། ཙ་ལོ། སྟམ་གྷཾ་ནི། པུཥྐ་རེ། ཤུདྡྷེ་མུཀྐེ་མུཀྐེ། བི་ཀུ་ར་བི་ཏེ། པྲ་བྷཱ་སྭ་རེ་ཨ་ལོ་ཀི་ཏེ་བྷྱཿབི་ལཱ་ཀ་ལ། སརྦ་སཏྭ། ཨ་བ་ལོ་ཀ་ནི་སྭཱ་ཧཱ། རིག་པ་འདིས་ལས་འདི་རྣམས་སུ་འགྱུར་ཏེ་བསྙེན་པའི་དུས་དང་། སྒྲུབ་པའི་དུས་སུའང་དང་པོ་ཉིད་དུ་བདག་ཉིད་བསྲུང་བར་བྱའོ། །བསླབ་པས་བཅིང་བའི་གྲོགས་རྣམས་ཀྱང་ལན་བདུན་ནས་ལན་གསུམ་བཟླས་པའི་ཆུ་སྤྱི་བོར་བླུགས་པས་ཐམས་ཅད་དུ་བསྲུང་བ་བྱས་པར་འགྱུར་རོ། །དྲི་དང་། མེ་ཏོག་དང་། བདུག་པ་དང་། བསྔགས་པ་ལ་སོགས་པའང་འདི་ཉིད་ཀྱིས་བྱའོ། །རས་རིས་བླངས་ཏེ་ལྷ་རྣམས་དང་། རས་རིས་ལ་ཀུན་ཏུ་བསྲུང་བ་དང་། རས་རིས་ཀྱི་གནས་སུ་ཚོན་གཞན་དང་མ་འདྲེས་པ་དང་། སྤྱན་དྲངས་པའི་ལྷ་རྣམས་ལ་མཆོད་ཡོན་དབུལ་བ་དང་། ཡང་དག་པར་གནས་པ་དང་། བདག་ཉིད་དང་། གྲོགས་བྱེད་པ་རྣམས་ཀྱང་འདི་ཉིད་ཀྱིས་ཁུ་བ་བཅིང་བར་བྱའོ། །ཁུ་བ་བཅིངས་པས་ལོག་འདྲེན་ཐམས་ཅད་འཇོམས་པ་དང་། གནས་ཀུན་ཏུ་བསྲུང་བའོ། །འདི་ཉིད་ཀྱིས་ཚ་བའི་ཏིལ་མར་གྱིས་བཏགས་པའི་ཡུངས་ཀར་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །བདག་ཉིད་དང་། གྲོགས་བྱེད་པ་རྣམས་ཀྱང་རུང་སྟེ་ལན་ཉི་ཤུ་རྩ་གཅིག་ཏུ་ཕྱོགས་གང་དུ་སྔོན་དུ་བསྙེན་པ་དང་། སྒྲུབ་པ་དང་། ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་སྤྱོད་ཅན་ཅི་ཡིན་པ་དེ་ཉིད་དུ་གདོན་མི་ཟ་བར་བྱའོ། །ཡང་ན་གཞན་དུ་ཐང་གི་ཕྱོགས་སམ། སའི་གནས་བཅོམ་ལྡན་འདས་བསྒྲུབ་པར་བྱ་བའམ། གཞན་ལས་བྱ་བ་དེར་བྱི་དེར་དང་པོར་བྱའོ། །རྣམ་པ་འདིས་གཏོར་མ་སྦྱོང་བ་དང་། བདག་ཉིད་སྲུང་བ་དང་། གཞན་སྲུང་བ་དང་། ཆུ་བླུགས་པ་དང་། མདོར་ན་སྒྲུབ་པ་དང་། ལས་གང་ཅུང་ཟད་ཡིན་པ་དེ་འདིས་བསྲུང་བ་ལ་སོགས་པ་བྱའོ། །སྲུང་བའི་རིག་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུད་དྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀ་ཡ། ན་མོ་བྷ་ག་བ་ཏྱཻ། ཏཱ་རཱ་ཡེ། ཨ་གཙྪ་དེ་བི། པདྨ་ཧ་སྟེ་ན། བ་དེ། པདྨ་ཧ་སྟེ། ཡ་ཤེ་བ་ཏི། རོ་ཥ་ཎ་ཤཱི་གྷྲཾ་ཨཱ་གཙྪ། མཧཱ་དེ་བི་གི། མཧཱ་བི་གི་།ཧ་ར་ཧ་ར། ས་ར་ས་ར། ཙ་ལ་ཙ་ལ། ཨཱ་གཙྪ་ཨཱ་གཙྪ། བྷ་ག་བ་ཏེ། ཨི་དཾ་གནྡྷ་པུཥྤ། མཱ་ལྱ། སརྦ་ནཱི་ཡཾ། པྲ་ཡཙྪ་ཐ། བུད་དྷ་སཏྱེ་ན། དྷརྨས་ཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། རིག་པ་དང་པོ་གང་ཡིན་པ་དེས་དཀྱིལ་འཁོར་གྱི་ཆོ་གས་དཀྱིལ་འཁོར་ལ་རབ་ཏུ་སྦྱར་བར་བྱའོ། །རིག་པ་འདིས་ཨ་ག་རུའི་བདུག་པ་དང་། སྔར་བརྗོད་པའི་རིག་པས་ལན་གསུམ་མམ། བདུན་བཟླས་པས་བྱི་དོར་དང་། ལན་ཉི་ཤུ་རྩ་གཅིག་མངོན་པར་སྔགས་ནས་སྒྲུབ་པ་ནི་རིག་པ་བཟླས་པར་བྱའོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྤྱན་དྲང་པར་བྱ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏྱཻ། ཨཱཪྱ་ཏཱ་རཱ་ཡཻ། ཨརྷཏྟེ། སུ་གནྡྷ། མཱ་ལྱ། པྲི་ཡེ། ཙནྟྲ། ཙནྟྲ་མ་ཏི། གནྡྷ་ནུ་ལེ་པ་ནཾ། པྲ་ཏཱིཙྪ་སྭཱཧཱ། འདིས་མཆོད་ཡོན་དབུལ་ཞིང་དྲི་དང་། གདན་ཡང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མ་ཨཱཪྱ་ཏཱ་རཱ་ཡཻ། ཧི་ལི་ཧི་ལི། མི་ལི་མི་ལི། མཧཱ་པྲ་བྷཱ་ཡེ། བྲཧྨ་སུ་མ་ནོ་ནུ་རུ་ཧ། ཧ་ར་ཧ་ར། ས་ར་ས་ར། ཀ་ར་ཀ་ར། དེ་བི་ཕྲ་སཱ་དྷཱི་ཀུ་རུ་པྲ་ཏཱིཙྪ་ཐ་པུཥྤ་སྭཱ་ཧཱ། མེ་ཏོག་གི་རིག་པ་སྟེ་འདིས་མེ་ཏོག་རྣམས་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏྱཻ། ཨཱརྱ་ཏཱ་རཱ་ཡཻ། བོ་དྷི་སཏྭཱ་ཡ། མནྟྲ། མ་ནུ་སྨ་ར། སརྦ་དེ་བ། པྲི་ཡེ་བྷ་ག་བ་ཏེ། ཨ་བ་ལོ་ཀི་ནི་སིདྡྷ་སིདྡྷ་པྲ་ཐཱ་ནེ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། བདུག་པའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏྲཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མོ་ཨཱརྱ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་ར་དྷུ་ཏེ། བཛྲ་དྷུ་ན། ཨ་ནུ་ཛཻ། བེ་གི་།བེ་གི། དྷུ་རུ་དྷུ་རུ་སརྦ་ཛཱི་བ། པྲི་ཡེ། བུད་དྷཱ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། གཏོར་མའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏྱཻ། ཨཱརྱ་ཏཱ་རཱ་ཡཻ། ཨ་པྲ་ཏི་ཧ་ཏེ། བྷ་ག་བ་ཏེ་ཨཱ་ཧ་རེ་ཧ་རེ་པདྨ་བྷ་སི་ནི་ཤཱི་ཏཱཾ་གེ་།ཤེ་ཏ་བྷུ་ཛེ། དྷུ་མེ་དྷུ་མེ། བུད་དྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སྭཱཧཱ། འདི་ནི་མར་མེའི་རིག་པའོ། །དེ་བཞིན་དུ་རིག་པ་འདིས་རབ་ཏུ་སྦྱར་བར་བྱའོ། །སྔོན་དུ་བསྙེན་པ་དང་། སྒྲུབ་པ་ལ་ཐམས་ཅད་མཚུངས་པ་ཉིད་དུ་སྒྲོལ་མའི་སྒྲུབ་ཐབས་ཀྱི་ཆོ་གའི་རིག་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱཪྱ་ཏཱ་རཱ་ཡཻ། ཏདྱ་ཐཱ། ཨཱ་ག་མ། ཨཱ་ག་མ། ག་ག་ན་ཏ་ལ། སཾ་པྲ་ཙོ། དི་ཏྱེ། སརྦ་བིདྱཱ་དྷ་ར། བི་ཤོ་དྷ་ནི་སྭཱཧཱ། རིག་པ་འདིས་ལན་ཉི་ཤུ་རྩ་གཅིག་ཏུ་ཆུ་ལ་ཡོངས་སུ་བཟླས་ནས་བུམ་པ་ལ་སོགས་པ་བདག་ཉིད་ལ་མངོན་པར་གཏོར་བར་བྱ་སྟེ་ཁྲུས་ཀྱི་རིག་པའོ། །འདི་ཉིད་ཀྱིས་ལྷ་རྣམས་ལའང་ཁྲུས་གསོལ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱཪྱ་ཏཱ་རཱ་ཡཻ། དྷུ་དྷུ་མེ། དྷུ་དྷུ་མེ། ཁུ་ཁུ་མེ། ཁུ་ཁུ་མེ། ནཱ་ཤུདྡྷ། སིདྡྷི་ཀཉྩ་ནེ། ཤུདྡྷི་ཀཱ་རེ་ཤུ་ཙ་ནི་སྭཱཧཱ། རིག་པ་འདི་སྒྲུབ་པ་པོས་རྟག་ཏུ་གོས་ལ་ལན་གཅིག་གམ། ལན་བདུན་བཟླས་ལ་ཡོངས་སུ་བཅང་བར་བྱའོ། །རྣམ་པ་གཞན་དུ་ལོག་པར་འདྲེན་པ་རྣམས་ཀྱིས་ངེས་པར་སྟོན་ནོ། །གདོན་མི་ཟ་བ་ཁོ་ནར་སྒྲུབ་པ་པོས་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱཪྱ་ཏཱ་རཱ་ཡཻ། ཤཱནྟིཾ། མེ་ཀ་རོ་ཧི། ཤཱནྟི་མཱ་ཏི། ཤི་ཤཱནྟ། ནི་ཤཱནྟ། ཀལྱ་ཎི་ནི་ཤཱནྟ། བི་ཛ་ཡེ། དེ་བི་བ་ར་དེ་སྭཱ་ཧཱ། རིག་པ་འདིས་བདག་ཉིད་ལ་ལན་བདུན་བཟླས་ནས་གཉིད་ལོག་པར་བྱའོ། །རྨི་ལམ་དུ་ལོག་པར་འདྲེན་པ་མི་མཐོང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་ཝ་ཏི་ཨཱརྱ་ཏཱ་རཱ་ཡཻ། སཱུ་རྱ་ཏ་ཨུ་པ་རི། ཏྲ་བྱཾ། བྷ་ར་ཎི། བནྡྷི་ཏི། ཀུརྡྷ་ཤོ་དྷ་ནི། ཀུ་ཙ་མཱ་ལི་ནི། ཤུ་ཀྲ་བི་ཤྭ་དྷ་ནི་སྭཱཧཱ། ཀུ་ཤ་བི་ཤྭ་དྷ་ནེ་སྭཱཧཱ། ཀུ་ཤས་མདུད་པ་ཉི་ཤུ་རྩ་གཅིག་བྱས་ཏེ་ཁུ་བ་འཆིང་བ་བྱས་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡཻ། ཧ་རི་པིངྒ་ལི། ཧ་རི་ཧ་རི། ཧི་བྷ་ག་བྷ་བ་ཏི། ཨ་ཙ་ལ་པྲ་ཏིཥྛ་ཏེ། རཀྵ་རཀྵ་མཱཾ། ཀུ་ཤ་བིཎྜ་མ་བསྠི་ཏ་སྱ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན་སྭཱ་ཧཱ། རིག་པ་འདིས་ཀུ་ཤའི་ཁྲེས་ལ་མངོན་པར་སྔགས་ནས་ཉེ་བར་འདུག་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། དི་ཤ་བ་དི་ཤི་བནྡྷ་ནི། སུ་དེ་བི་སུ་པྲ་སཱ་སྟེ། སུ་རུ་སུ་རུ། མུ་རུ་མུ་རུ། ཧསྟ། ཀ་ལ་བ་ལ། ཀ་ལ་བ་ལ། བ་བ། ཧེ་ལ་ཧེ་ལ། ཀུ་རུ་ཀུ་རུ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷ་སཏྱེ་ན། གནྡྷ་གནྡྷ། བི་མ་ལེ་སྭཱཧཱ། དཀྱིལ་འཁོར་བཅིང་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། ཛ་ལ་ཛ་ལ། ཛ་ལ། ཀྵོ་བྷ་ཡ། ན་ཤི་ནི་ཛ་ལ་ཤོ་དྷ་ནི། ས་མི་རི་ཎི། ཛ་ལ་ཧཱ་སི་ཎི། བི་ཤོ་དྷ་ཎི་སྭཱཧཱ། ཉེ་རེག་གི་རིག་པའོ། །སྒྲུབ་པ་པོ་དངོས་གྲུབ་འདོད་པས་རིག་པ་འདིས་བདག་ཉིད་ལ་ངེས་པར་སྦྱར་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱཪྱ་ཏཱ་ར་ཡཻ། སརྦ་དེ་བཱ་སུ་མནྟེ་ཨ་སཾ་ག་ཏཱ་རེ། ཨ་སཾ་ག་བི་མུ། ཨ་སཾ་ག་ཏི་མུཀྟ་བི་མུཀྟ། བི་ཛ་ཡེ། ནིར་མཱ་ལྱཻ། ཨ་པ་རི་ཀ་ལྤེ་ནི། པུཥྤ་གནྡྷ་བི་ཤོ་དྷ་ནི། བི་ཤོ་ཥ་ཡ། ཧི་ད་མ་ཎི། ད་མ་ནི་སྭཱཧཱ། རིག་པ་འདིས་དྲི་མེད་ཉིད་གསལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། སརྦ་སཏྭ་ཀྲི་ཏ། བི་ཀྲི་ཏ། པྲཽ་ཀྵྱ། ཀྲི་ཏ། ས་ཀ་ལ་ལེ་ད་སེ། ས་ཀ་ལོ་བི་ཤོ་དྷ་ནི་སྭཱཧཱ། རིག་པ་འདིས་ལྷ་བཤོས་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏི་ཨཱཪྱ་ཏཱ་རཱ་ཡཻ། སྭཔྣ་པ་ཎ། བརྫཱ། གརྫཱ། མིཪྴ་ཡ། པྲ་ཏྱཀྵཾ། བཱ་ཨེ་བཾ། བྱཱ་ཧཱ་ར། ཀ་ཐཱ་ཡ་སྭཱཧཱ། རིག་པ་འདིས་བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས་སེང་ལྡེང་གི་ཤིང་གིས་མེ་སྦར་ནས་ནཱུ་ལ་ཀ་བརྟི་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་བརྒྱད་བརྒྱ་བྱས་ན་རྨི་ལམ་སྟོན་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་ཨ་མི་ཏ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱཪྱ་ཏཱ་རཱ་ཡེ། ཨེ་ཧི་བྷ་ག་བཱ་ན། ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་བྷ་ཏཱི་ན་མ་བྷ་ཡཾ་ཀ་ར་བཱ་ལཱ་ནཱ་མ་བྷཱ་ཡཾ། ད་ད། བྷཀྟ་ནཱ། མརྠཾ་ཀ་ར། ཨ་ཏྲ་ཎཱི་ནཱཾ། ཏྲ་ཡ་ཀ། དུཿཁི་ཏཱ་ནཱཾ། སཽ་ཁྱཾ། ཀ་ར་མ་མ། བྷ་ག་བ་ཏེ། མ་ནུ་ཀཾ་སཾ། ཀ་རེ་ཧི། བྷ་ག་བན། ཨཱ་གཙྪ་ཨཱ་གཙྪ་ཨི་མཾ། གནྡྷ་པུཥྤ། བ་ལི། དྷུ་པཉྩེ་ཏ། གྲྀ་ཧྣ། ཏདྱ་ཐཱ། པྲ་སཱ་དེ་པྲ་སཱ་དེ་བ་ཏི། མཧཱ། དེ་བི། མཧཱ་པྲ་བྷེ། སུརྱ་པྲ་བྷེ། ཨ་མོ་གྷེ། ཨ་མོ་གྷ་ས་ཏེ། ཡ་ཤོ་བ་ཏི། ཨ་མོ་གྷ་ས་དཪྴ་ནེ། ཨ་མོ་གྷ་བི་མ་ལཾ། ཨ་མོ་གྷ་ཧ་ལཾ། ཙ་ལ་ཙ་ལ། ས་ར་ས་ར། ཧ་ར་ཧ་ར། ཏྲ་ཡེ། ཧི་མཾ། སིདྡྷི་ར་མེ། ད་ད་སྭཱ་ཧཱ། ནུས་པ་དང་ལྡན་པའི་སྒྲུབ་པ་པོས། རིག་པ་འདིས་དྲི་དང་། མེ་ཏོག་དང་། གཏོར་མ་རབ་ཏུ་དབུལ་བར་བྱ་ཞིང་བསྙེན་པའི་དུས་དང་། སྒྲུབ་པའི་དུས་དེར་རམ། གཞན་གང་ཅུང་ཟད་འབྲས་བུ་ལ་སོགས་པ་དེ་ཐམས་ཅད་འདི་ཉིད་ཀྱིས་དབུལ་བར་བྱའོ། །འདིས་ལྷ་རྣམས་སྦྱོང་བ་དང་། དགེ་བའི་རྨི་ལམ་དང་། དབུལ་བ་དང་། བསྟོད་པ་དང་། སྒྲུབ་པ་པོས་གླེགས་པ་མ་ཀློག་པ་དང་། མཆོད་རྟེན་གྱི་ལས་ལ་སོགས་པ་ཐམས་ཅད་འདི་ཉིད་ཀྱིས་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏེ་ཨཱརྱ་ཏཱ་རཱ་ཡཻ། ཏདྱ་ཐཱ། མ་ར་མ་ར། བནྡྷ་བནྡྷ། ཧ་ན་ཧ་ན། པུ་ར་པུ་ར། ལ་ལ། ལ་ལ། ར་ར། ར་ར། ཙ་ལ་ཙ་ལ། ཁ་ཁ། ཁ་ཁ། པ་ཙ་པ་ཙ། ཏིཥྛ་ཏིཥྛ། བུདྡྷ་སཏྱེ་ན། དྷརྨ་སཏྱེ་ན། སཾ་གྷེ་སཏྱེ་ན་སྭཱ་ཧཱ། རིག་པ་འདིའི་ཐལ་བས་སྒྲུབ་པ་པོའི་དཀྱིལ་འཁོར་བཅིང་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མོ་བྷ་ག་བ་ཏེ། ཨཱརྱ་ཏཱ་རཱ་ཡཻ། ཏདྱ་ཐཱ། ཧི་རི་ཧི་རི། མི་རི་མི་རི། ཀི་རི་ཀི་རི། གྷི་རི་གྷི་རི། གྷུ་རུ་གྷུ་རུ། བ་ར་བ་ར། ད་ར་ད་ར། གཙྪ་གཙྪ། བྷ་ག་བཱན། ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཡ་ཐཱ་སུ་ཁ། རིག་པ་འདིས་མེ་ཏོག་གི་སྙིམ་པའི་ཕྱག་རྒྱ་དང་ལྷན་ཅིག་པས་བསྐུལ་བར་འགྱུར་ཏེ་གཤེགས་སུ་གསོལ་བའི་རིག་པའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་དེ་བ་ནཱི། ན་མོ་བིདྱཱ་དེ་བཱ་ནཱཾ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཨེ་ཧི་བྷ་ག་བ་ཏེ་མཧཱ་རཀྵ་སི་ཙཱ་སེ་ཊི། པའི་ཊི་མཥྚི། ཨ་སུ་ར་པྲ་མ་རེ་ད་ནེ། ཨེ་ཀ་ཛ་ཊི། ཏྲི་རཱཀྵ་སི། ས་ཧི་ཏ་དེ་བི་མ་ཙ་མ་སཱ། བི་ཧེ་ཐི་ཡ། ཀེ་རི་སི་ཏི། རཱ་ཀ་པཱ་ལི། ཀ་ར་པ་རི། ཀཱ་མཱ་རི་ཀཾ་པ་ར་ཀཱ་ལིཙྪ་ཊ་པྲི་ཡེ། མཧཱ་ཀ་པཱ་ལི་ཙཎྜ་ལི། མཧཱ་ཙཎྜ་ལི། སིདྡྷི་སརྦ་ཨརྠ། སཱ་དྷ་ནི། སརྦ་བིགྷྣ། པྲ་ཎ་ས་ཎི་སྭཱཧཱ། འདི་ནི་སྲིན་མོ་རལ་པ་གཅིག་མ་ཞེས་བྱ་བ་སྟེ་དེའི་སྤྱན་སྔར་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་རིག་པ་འདིས་དྲི་དང་། མེ་ཏོག་དང་། གཏོར་མ་དང་། བདུག་པ་ལ་ཉི་མ་སོ་སོར་མངོན་པར་སྔགས་ནས་མཆོད་པར་བྱའོ། །འདི་སྐད་ཅེས་བརྗོད་པར་བྱ་ཞིང་བདག་ལ་བགེགས་ཐམས་ཅད་མི་གཡོ་བར་གྱུར་ཅིག་། དེའང་བདག་ལ་བགེགས་གྱིས་ཤིག་།དེ་ལྟ་བུས་སྒྲུབ་པ་པོ་ལ་བགེགས་མེད་པར་འགྱུར་རོ། །སྒྲུབ་པ་པོ་གང་ཅུང་ཟད་སྒྲུབ་པ་རྩོམ་བ་ན་བགེགས་མེད་པར་འགྱུར་རོ། །རྣམ་པ་གཞན་དུ་རྣམ་པར་འཇོམས་པར་བྱེད་དོ་ཞེས་པ་སྒྲུབ་པའི་ཐབས་ཀྱི་ཆོ་གའི་རིག་པ་འདི་རྣམས་རྟོག་པའི་རྒྱལ་པོ་བཀླགས་པས་གྲུབ་པ་འདིར་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་སྒྲུབ་པ་པོའི་ལས་ཐམས་ཅད་འགྲུབ་པར་བྱེད་དོ། །ཞེས་པ་དེ་བཞིན་དུ་གཏོགས་པར་བྱའོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་རྩ་པའི་རྟོག་པར་སྒྲུབ་ཐབས་ཀྱི་ཆོ་གའི་རིམ་པའི་ལེའུ་ཡོངས་སུ་རྫོགས་སོ།། །། དེ་ནས་ཀྱང་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་སེམས་ཅན་ཐམས་ཅད་ཀུན་ཏུ་སྣང་བར་གྱུར་པས་རིག་པ་ཐམས་ཅད་བསྐུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སེམས་དཔའ་ཆེན་པོ་སྒྲུབ་ཐབས་ཀྱི་རིག་པ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ་ཏཱ་རེ་སྭཱཧཱ། རིག་པ་འདིས་རིའི་རྩེ་མོ་ར་སློང་མོ་ཟ་བས་མཆོད་རྟེན་དང་། ཁྱིམ་དུ་ཐུན་གསུམ་དུ་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །མི་སྨྲ་བས་འོ་མ་དང་། ནས་ཟན་ཟ་བའམ། སློང་མོ་ཟ་བས་ཀུ་ཤ་བཏིང་བ་ལ་ཉལ་ཏེ་ཟླ་བ་གསུམ་མམ། ཟླ་བ་གཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ལྷན་ཅིག་ཏུ་ལྷ་མོ་སྒྲོལ་མ་མཐོང་བར་བྱེད་དོ། །མཆོག་གང་སློང་བ་རྒྱལ་སྲིད་དམ། མི་སྣང་བའམ། ཕུག་ཏུ་འཇུག་པའམ། གཏེར་འཕོ་བའམ། ཡུལ་གྱི་བདག་པོའང་རུང་སྟེ་གང་བླངས་པ་དེ་རྙེད་ཅིང་རྟག་ཏུ་རྙེད་དོ། །མ་བསྒྲུབས་པར་ཡང་རིག་པས་གཏན་ལ་འགེམས་པར་བྱེད་པ་དང་། རྡུལ་དུ་བྱེད་པ་དང་། གནོན་པར་བྱེད་པ་དང་། འབྱིན་པ་དང་། མཚོན་ཆ་འཆང་བ་དང་། ཕུག་གི་འཁྲུལ་འཁོར་ཐམས་ཅད་འགེམས་པར་བྱེད་པ་ལ་བདག་ཉིད་བསྲུང་བ་བྱས་ཏེ་གཡུལ་དུ་མངོན་པར་ཞུགས་ན་རྣམ་པར་རྒྱལ་བར་བྱེད་དོ། །གཞན་སྲུང་ན་གྲུབ་པའི་བྱ་བ་ཐམས་ཅད་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་སྭཱཧཱ། རིག་པ་འདིས་ཟླ་བ་གཟས་བཟུང་བའི་དུས་སུ་མཚན་མོ་གསུམ་དུ་སྨྱུང་བར་གནས་པ་སྔོན་དུ་བསྙེན་པ་བྱས་པའམ། བསྙེན་པ་མ་བྱས་པའང་རུང་སྟེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་སྣ་མའི་མེ་ཏོག་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དངུལ་སྟོང་ཕྲག་བརྒྱ་རྙེད་དེ་ཡང་ན་མཐོང་ངོ་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ། ཏུཏྟཱ་རེ་ཏུ་རེ་སྭཱཧཱ། རིག་པ་འདིས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ནས་སྔར་བརྗོད་པའི་བྲིས་སྐུའི་ཆོ་ག་བྱ་སྟེ་མཐར་ཟླ་བ་ཉ་བ་ལ་དྲི་དང་། བདུག་པ་དང་། གཏོར་མ་དང་། མེ་ཏོག་རྣམས་ཕུལ་ནས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་འོ་མ་ཅན་གྱི་ཡ་མ་ཤིང་གིས་མེ་སྦར་ནས་ཨུཏྤལ་སྔོན་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དེ་ནས་ནམ་མཁའ་ལ་གྲུབ་བོ། །གྲུབ་བོ་ཞེས་པའི་སྒྲ་འབྱུང་ངོ་། །ཡང་ན་རས་རིས་གཡོ་བར་བྱེད་དོ། །དེ་ལྟ་བུ་ནི་གྲུབ་པར་འགྱུར་ཏེ་ཡུལ་དང་། གྲོང་དང་། གྲོང་ཁྱེར་རམ། རྒྱལ་སྲིད་ཀྱི་དབང་ཕྱུག་སོ་སོར་རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏུ་རེ་ཏུ་རེ་སྭཱཧཱ། རིག་པ་འདིས་འབུམ་ཕྲག་གཅིག་ཏུ་བཟླས་ནས་ཟླ་བ་དང་། ཉི་མ་གཟས་བཟུང་བ་ན་ཨ་ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་བཅུག་ནས་གཟི་བརྗིད་དང་ལྡན་པའི་ལག་པ་ཁ་སྦྱར་གྱིས་མནན་ནས་ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བ་དེ་སྲིད་དུ་བཟླས་བར་བྱའོ། །དྲོ་བར་གྱུར་པས་ནི་དབང་དུ་བྱེད་དོ། །དུ་བ་འཐུལ་བཞིན་པས་ནི་མི་སྣང་བ་དང་། ཆ་དྲུག་ཏུ་འཕྲོག་གོ། འབར་བས་ནི་ནམ་མཁའ་ལ་འགྲོའོ། ། ཐོགས་པ་མེད་པའི་སྟོབས་དང་། བརྩོན་འགྲུས་དང་། ཉི་མ་འཆར་ཀའི་མདོག་དང་། སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ལོ་སྟོང་ཕྲག་བཅུར་འཚོ་ཞིང་ལུས་ཐ་དད་པའི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏུ་རེ་ཏུ་རེ་སྭཱ་ཧཱ། འདས་རྒྱལ་གྱི་ལྕགས་ལས་བྱུང་བའི་སོར་མོ་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འབུམ་ཕྲག་གཅིག་བཟླས་ནས་དྲི་དང་། མེ་ཏོག་དང་། གཏོར་མའི་ཆོ་ག་བྱས་ནས་བསྒྲུབ་པར་བྱའོ། །དུ་བ་འཐུལ་བ་ལ་བླངས་ནས་མི་སྣང་བར་འགྱུར་རོ། །ཆ་དྲུག་འཕྲོག་གོ་།ལོ་སྟོང་ཕྲག་ལྔར་འཚོ་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ། ཏཱ་ར་ཡཻ་བྷ་ག་བ་ཏི་སྭཱཧཱ། རིག་པ་འདིས་ཏིལ་མར་ལ་ལན་བརྒྱད་མངོན་པར་སྔགས་ཏེ་བསྐུས་ན་རྨ་མེད་པར་བྱེད་དོ། །ཚེ་རབ་མེད་པར་བྱེད་དོ། །ཟུག་རྡུ་མེད་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏུཏྟ་རེ་སྭཱཧཱ། རིག་པ་འདིས་འབུམ་ཡོངས་སུ་བཟླས་ཏེ་ལན་བདུན་ཡོངས་སུ་བཟླས་པའི་ཆུ་ལ་གཏོར་བར་བྱ། མ་ན་ཀ་ར་དང་། རུས་སྦལ་ལ་སོགས་པའི་མཆུ་བཅིང་བ་བྱས་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་སྭཱཧཱ། རིག་པ་འདིས་ཆེན་པོ་རྣམས་ཀྱི་ལས་ཀྱི་ལམ་ཐམས་ཅད་བྱེད་བར་འགྱུར་རོ། །ཏིལ་མར་བརྒྱ་ཕྲག་བཅུར་ཡོངས་སུ་བཟླས་ནས་སྦྱིན་དུ་གཞུག་པར་བྱ་སྟེ། གཟིར་བ་དང་། འདོམས་ཀྱི་ན་ད་དང་། གཅིན་སྲི་བ་དང་། རྐེད་པ་བསྡམས་པ་ལ་བྱིན་ན་མེད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏུ་རེ་སྭཱ་ཧཱ། རིག་པ་འདིས་ཤ་ཟའི་རིམས་དང་། འབྱུང་པོའི་རིམས་དང་། གདོན་རྣམས་འཇོམས་པ་ལ་སྲད་བུས་ཐར་བར་བྱེད་དོ། །མི་མོ་རབ་ཏུ་བཙའ་བཞིན་བ་ལ་ཏིལ་མར་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ནས་ལྟེ་བའམ། རྐེད་པར་བརྐུས་ན་ཟུག་རྡུ་མེད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་མུཿསྭཱཧཱ། རིག་པ་འདིས་བརྒྱད་བརྒྱར་མངོན་པར་སྔགས་པ་བྱས་ནས། ཀུམྦྷི་ར་དང་། བཱ་ར་ཎི་དང་། ཨ་ནནྟ་དང་། བེ་ཏ་ཤི་དང་། ཚངས་མ་དང་། ཤུ་དག་དང་། བྲི་ཧ་ཏི་རྣམས་སྦྲང་རྩི་དང་ཡང་དག་པར་ལྡན་པ་ཟངས་ཀྱི་སྣོད་དུ་བཞག་ནས་ཟླ་བ་མཐོང་བ་ནས་ཇི་སྲིད་གྲོལ་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ཟོས་པས་མཆོག་ཏུ་ཡིད་གཞུངས་པར་འགྱུར་རོ། །རིག་པ་འདིས་གཡུལ་ངོར་འཇུག་པ་ལ་བརྒྱད་བརྒྱ་མངོན་པར་བཟླས་ནས་ལག་པ་ལ་ཆིངས་ཤིག་།སྟོབས་ཆེན་པོར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་མུ་ལུ་མུ་ལུ་སྭཱཧཱ། རིག་པ་འདིས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཨ་ཤྭ་ཏྠའི་ཐིང་གི་འོག་ཏུ་མེ་ཏོག་ཡུ་ཏི་ཀ་དང་། ཀ་རྞི་ཀ་ར་རྣམས་འོ་མ་དང་། ཞོ་དང་།མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །དངུལ་བརྒྱ་རྙེད་པའམ། ཡང་ན་མཐོང་ངོ་། །ཟླ་བ་ཉ་ལ་མཚན་མོ་གསུམ་སྨྱུང་བར་གནས་ཏེ། མཚན་ཕྱེད་ནས་ཆུ་ཀླུང་དུ་ཕྱིན་ནས་དྲི་ཞིམ་པོའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ་དོང་ཙེ་ལྔ་བརྒྱ་རྙེད་པའམ། ཡང་ན་མཐོང་ངོ་། །འདི་ཟླ་བ་གཟས་བཟུང་བའི་དུས་སུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་སོ་མ་རཱ་ཇེའི་འབྲས་བུ་རྣམས་ཕྱེ་མ་ཞིབ་མོར་བྱས་ནས་མར་དང་། སྦྲང་རྩི་དང་བསྲེས་པའི་རིལ་བུ་བྱའོ། ། ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་བཏུམས་ནས་ལག་པས་མནན་ཏེ་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ཟོ་ཞིག་།ཐོས་པ་འཛིན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏུ་རེ་ཏུ་རེ། ད་ར་ད་ར་སྭཱ་ཧཱ། རིག་པ་འདིས་ཉིན་མཚན་དུ་སྨྱུང་བར་གནས་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པའི་ཆོ་ག་བྱས་ནས་དེ་ནས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་སོང་ནས་འོ་མ་དང་། ནས་ཟན་ཟ་བས་ཕྱོགས་སུ་གསོ་སྦྱོང་བྱས་ཏེ་པདྨ་དཀར་པོ་ཁ་བྱེ་བ་འབུམ་དབུལ་བར་བྱའོ། །གཏེར་མཐོང་ངོ་། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱ་ཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏུཏྟཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྤོབས་པ་དང་ལྡན་མ་ཞེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ཨ་མྱ་ཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་མ་བ་ལེ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏཱ་རེ་ཏཱ་རེ། ཏུཏྟཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འོད་གཉིས་སྦྱིན་པ་ཞེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཱ་རེ་ཏུ་རེ། ཏུ་རེ་སྭཱ་ཧཱ། འདི་ནི་སྒྲོལ་མའི་སྙིང་པོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་ལས་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་བྱེད་པ་ཞེས་བྱ་བའི་འཕགས་མ་སྒྲོལ་མའི་རིག་པའོ། །དེ་ན་ཨས་རིག་པ་འདི་རྣམས་ཀྱིས་མཆོག་ཏུ་གྲུབ་པའི་ཆོ་ག་ཕྱོགས་ཙམ་དུ་འགྱུར་ཏེ་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་དོ་ཞེས་པ་དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །མདོར་ན། འཇིགས་པ་ཆེན་པོ་རྣམས་དང་། ལས་ཕྲན་ཚེགས་རྣམས་ལའང་བཀླགས་པས་འགྲུབ་པར་འགྱུར་རོ། །ཆོ་ག་འདི་ལའང་རིག་པ་སྒྲུབ་པར་འདོད་པས་རིག་པ་དེས་བ་བྱུང་ལྔས་ལུས་ཀུན་ཏུ་སྦྱངས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྐད་བཤད་པའི་རྣམ་པས་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཇི་སྲིད་དུ་ཟླ་བ་ཉ་ལ་འབུམ་ཡང་རུང་ངོ་། །སྔོན་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་མཐར་ཉིན་མཚན་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཨ་ག་རུ་ནག་པོའི་ཡམ་ཤིང་སོར་དྲུག་པའི་ཚད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའམ། དུ་རུ་སྐའི་ཏིལ་མར་གྱིས་བཏགས་པའི་སེང་ལྡེང་གི་མེ་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ལས་ཐམས་ཅད་ནུས་པར་འགྱུར་རོ། །དེ་ནས་ལས་སུ་འགྱུར་ཏེ་མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པ། གཞོན་ནུ་མས་བཀལ་བའི་སྐུད་པ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུའམ། སོ་སོའི་ཁྱིམ་དུ་སྟོང་ཕྲག་བཅུར་མངོན་པར་སྔགས་ནས་ལག་པ་ལ་བཅིངས་ན་མི་སྣང་བར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ནས་པདྨ་སྟོང་ཕྲག་སུམ་ཅུ་སེང་ལྡེང་གི་སོལ་བས་མེ་སྦར་ནས་སྦྱིན་སྲེག་བྱས་ན་རང་གི་གཟུགས་ཀྱི་ལྷ་མོ་མཐོང་ངོ་། །གང་བླངས་པ་དེ་རྙེད་དོ། །ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཨུ་དུམ་བཱ་རའི་ཡམ་ཤིང་མེ་སྦར་ནས་མར་གྱི་སྲེག་བླུགས་སྟོང་སྦྱིན་སྲེག་བྱས་ན་གྲོང་རྙེད་དོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་མཆོད་རྟེན་སྟོང་བྱེད་དུ་གཞུག་གོ་།ཉི་མ་སོ་སོ་རེ་རེ་ལ་མཆོད་རྟེན་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པས་དྲི་དང་། མེ་ཏོག་ལ་སོགས་པ་འདི་ལ་ཕུལ་ནས་ཇི་སྲིད་དུ་མཆོད་རྟེན་ཕྱི་མ་འབར་བ་དེ་ནས་བཅོམ་ལྡན་འདས་བྱོན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་བྱོན་པ་ནས་གཡོ་བ་དང་། དྲི་ཞིམ་པོའི་རླུང་ལྡང་སྟེ་ཇི་སྲིད་དུ་རང་གི་གཟུགས་ཀྱིས་ཉེ་བར་གནས་པ་དེ་སྲིད་དུ་བཟླས་པར་བའོ། །མཆོག་གང་བླངས་པའི་མཆོག་སྩོལ་བར་མཛད་དོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་སེང་ལྡེང་གི་འདབ་མའི་དུམ་བུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། ཉི་མ་སོ་སོར་གྲོང་རེ་རེ་རྙེད་དོ། །དགོན་པར་སོང་ནས་རིག་པ་བྱེ་བ་བཟླས་པར་བྱའོ། །སློང་མོ་བཟའ་ཞིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་དགོན་པའི་བ་ལང་གི་ལྕིབས་སྦྱིན་སྲེག་སྟོང་ཕྲག་ཉི་ཤུ་བྱའོ། །ཇི་སྲིད་ལྷ་རྣམས་རི་དྭགས་མོའི་གཟུགས་སུ་བྱས་ནས་འོང་བར་འགྱུར་ཏེ་དེ་ལ་འཇིགས་པར་མི་བྱའོ། །དེའང་གཏེར་སྩོལ་བར་བྱེད་དེ་བླང་བར་བྱའོ། །རང་ཉིད་ལོངས་ཤིག་ཅེས་བརྗོད་པར་བྱའོ། །རྒྱལ་སྲིད་དང་། ནོར་དང་། འབྲུ་དང་། རིན་པོ་ཆེ་རྣམས་སྟེར་བར་བྱེད་དེ་རྟག་ཏུ་དཀོན་མཆོག་གསུམ་ལ་སྦྱར་ཞིང་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །དགོན་པར་ཞུགས་ནས་རིག་པ་སྟོང་ཕྲག་བརྒྱ་བཟླས་པར་བྱ་ཞིང་ཨ་ག་རུའི་ཤིང་ལ་རབ་ཏུ་གནས་པའི་སྤྱན་སྔར་བཅོམ་ལྡན་འདས་ལ་ཤིང་པཏྶ་ལཎྜི་ཀ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་བྱས་ན་འདོད་འཇོའི་བ་སེར་སྐྱར་འོང་ངོ་། །སླར་ཡང་པཏྶ་ལིཎྜི་ཀཱའི་སྦྱིན་སྲེག་སྟོང་ཕྲག་ཉི་ཤུ་བྱའོ། །འོངས་ནས་ཀྱང་གྲུབ་པར་འགྱུར་པར་ཏེ་ལོ་སྟོང་དུ་འོ་མ་སྦྱིན་པར་བྱེད་དོ། །སྔར་བརྗོད་པའི་རས་རིས་ཀྱི་སྤྱན་སྔར་མར་དང་། སྦྲང་རྩིས་བཏགས་པའི་སྣ་མའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཟླ་བ་དྲུག་ཏུ་དོང་རྩེ་སྟོང་རྙེད་དོ། །ཡང་ན་པཎ་སྟོང་ལྷག་པ་དང་བཅས་པའོ། །ཀུ་མུ་དའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། སངས་རྒྱས་ལ་མངོན་པར་དད་པས་ལྷ་རྣམས་མཆོག་སྦྱིན་པར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ན་ཨས་ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་པར་སྔགས་པར་བྱས་ནས་གཡུལ་དུ་གཏོར་བར་བྱས་ཏེ་འདི་ཉིད་སྟོང་ཕྲག་བཟླས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་ནུས་པར་འགྱུར་རོ། །ཆོ་འཕྲུལ་གྱི་ཕྱོགས་ཀྱི་དཀར་པོའི་བཅུ་གསུམ་ལ་དྲི་དང་། མེ་ཏོག་དང་། བདུག་པས་མཆོད་པ་བྱས་ནས་མེ་ཏོག་ཁ་བྱེ་བ་དང་། མར་གྱི་སྲེག་བླུགས་ཀྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཐལ་བ་བླངས་ནས་གཞན་གྱི་དཔྲལ་བར་ཐིག་ལེ་བྱས་ཏེ་གྲོང་དང་། གྲོང་ཁྱེར་དུ་རབ་ཏུ་འཇུག་པར་བྱེད་དེ་ཐམས་ཅད་དབང་དུ་འགྱུར་རོ།། ནག་པོའི་བཅུ་བཞི་ནས་ཇི་སྲིད་བཅོ་ལྔའི་བར་དུ་ཞག་གཅིག་སྨྱུང་བར་གནས་པས་པ་ཊའི་ཤིང་གི་འོག་ཏུ་དཀྱིལ་འཁོར་གྲུ་བཞི་པ་ཉེ་བར་བྱུགས་ཏེ་དྲི་དང་། བདུག་པ་ཕུལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱ་ཞིང་གནོད་སྦྱིན་རྣམས་ལ་གཏོར་མ་ཕུལ་ཏེ་མིའི་རུས་པ་བླངས་ནས་རྩེ་གསུམ་བྱེད་དུ་གཞུག་གོ་། ལག་པ་གཡོན་པས་ལན་བདུན་འཕངས་པ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་སྣ་མའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྩེ་གསུམ་འབར་བར་འགྱུར་རོ། །དེ་ནས་གྲུབ་པར་འགྱུར་ཏེ་འདོད་པས་གང་སྤྲུལ་པ་དེར་འགྱུར་རོ། །ལྷའི་ཁང་པར་ཟླ་བ་དང་། ཉི་མ་གཟས་བཟུང་བ་ན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་ཀ་ཧང་པར་སེར་སྐྱར་རྒྱུད་མཚུངས་པའི་མར་སྲང་ཅིག་བླངས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གསེར་གྱི་སྣོད་དུ་བཞག་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་ཟླ་བ་མི་ལྟ་བ་ཉིད་དུ་ཀུ་ཤས་སྟེང་ནས་གཡོགས་ཏེ་བཟླས་པ་བྱའོ། །དྲོ་བཞིན་པ་ན་བཏུང་བར་བྱ། །སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ལྕི་བ་བྱུང་བ་ན་བཏུང་པར་བྱ་སྟེ་མི་སྣང་བར་འགྱུར་རོ། །འབར་བཞིན་པ་ན་བཏུང་བར་བྱ་སྟེ་ནམ་མཁའ་ལ་འགྲོའོ། །ཟླ་བ་དྲུག་ཏུ་སྔོན་སྤྱད་པ་བྱས་པ་བའི་གཅིན་དང་། ནས་ཟན་བཟའ་ཞིང་མི་སྨྲ་བའི་བརྟུལ་ཞུགས་སྤྱད་པར་བྱའོ། །བཅོམ་ལྡན་འདས་མ་རྟག་ཏུ་བཟླས་པས་མ་བླངས་པར་གསེར་བརྒྱ་རྙེད་དོ། །ཆོ་འཕྲུལ་གྱི་ཕྱོགས་ཀྱི་ལོར་བརྩམ་པར་བྱ་སྟེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་མཆོད་པ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལེགས་པ་དེ་བཞིན་དུ་ཕུལ་ཏེ་ཡན་ལག་བརྒྱད་ཀྱི་གསོ་སྦྱོང་དང་ཡང་དག་པར་ལྡན་པས་ལོ་རྫོགས་པ་ན་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་རས་རིས་འཆིང་བར་བྱེད་དོ། །བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་ཟླ་བ་ཉ་བའི་བར་ཆེས་ལྷག་པའི་མཆོད་པ་དང་། སློང་མོ་བཟའ་བར་བྱ་སྟེ་གྲུབ་བོ་ཞེས་པའི་ཚིག་འདོན་པར་བྱེད་དོ། །མར་གྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་པས་ཕ་རོལ་ཞི་བར་འགྱུར་རོ། །ཆོ་འཕྲུལ་གྱི་ཕྱོགས་ལ་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དེ་བཞིན་དུ་ཕུལ་ནས་དུང་གི་མེ་ཏོག་ཅན་གྱི་མེ་ཏོག་སྟོང་ཕྲག་བརྒྱ་ལ་ཨི་གུ་ཏའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱ་སྟེ་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། མ་ཧེ་རྣམས་དབང་དུ་འགྱུར་རོ། །དེ་ནས་ཡང་བྲ་དབབ་པར་བྱེད་པར་འདོད་ན་མཚན་མོ་བདུན་དུ་འོ་མ་དང་། ནས་ཟན་བཟའ་ཞིང་མཚན་མོ་གཅིག་ཏུ་གསོ་སྦྱོང་དང་ལྡན་པས་དྲི་མ་མེད་པའི་མར་གྱི་ལྷུང་བཟེད་བཀང་ནས་དཀར་པོའི་མར་སར་གྱིས་མར་མེ་སྦར་ནས་གཞོན་ནུའམ། གཞོན་ནུ་མ་ལ་བསྟན་པར་བྱའོ། །དེ་ཉིད་དུ་རས་རིས་བཞུགས་ནས་ཀུ་ཤ་བཏིང་བ་ལ་ཉལ་བར་བྱའོ། །རྨི་ལམ་དུ་རྫས་སྟོང་ཕྲག་ཉི་ཤུ་མཐོང་། ། ངོ། །ཆ་ཕྱེད་དཀོན་མཆོག་གསུམ་ལ་སྦྱར་བར་བྱའོ་ཞེས་སོ། །རས་རིས་ཀྱི་སྤྱན་སྔར་དཀར་པོའི་ཚེས་གཅིག་ནས་པས་བརྩམས་ཏེ་ཇི་སྲིད་ཟླ་བ་ཉའི་བར་དུ་ཉི་མ་རེ་རེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་རྣམས་ཀྱི་མཆོད་པར་བྱའོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་མི་སྨྲ་བའི་བརྟུལ་ཞུགས་སྤྱད་དེ་རིག་པ་བཟླས་པར་བྱས་ལ་ཆོ་འཕྲུལ་གྱི་ཕྱོགས་ནས་ལམ་པོ་ཆེར་སོང་ལ་འབྱུང་པོའི་བླང་དུ་གནས་པར་བྱའོ། །རབ་ཏུ་སྩོལ་ཅིག་ཅེས་བརྗོད་པར་བྱའོ། །ཡུངས་ཀར་བྲེ་རུ་བླངས་ནས་ལན་ཉི་ཤུ་རྩ་གཅིག་ཏུ་མངོན་པར་སྔགས་ནས་ཕྱོགས་བཅུ་དང་། འོག་ཏུ་གཏོར་བར་བྱའོ། །མཆོག་བདག་ཉིད་ལ་སྟོན་པར་བྱེད་དེ། དེ་བཞིན་དུ་ནག་པོའི་བརྒྱད་པ་ལ་དྲི་གཙང་ཁང་དུ་ཞུགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིག་པ་སྟོང་དུ་བཟླས་པར་བྱའོ། །དྲི་དང་། མེ་ཏོག་ལ་སོགས་པ་དང་། གཏོར་མའི་ཆོ་ག་བྱས་ནས་དེ་ནས་རིམ་ལམ་དུ་བཅོམ་ལྡན་འདས་རལ་པའི་ཅོད་པན་བྱས་པ་མཐོང་བར་བྱེད་དོ། །ས་གའི་ཟླ་བ་དཀར་པོའི་ཕྱོགས་ལ་འོ་མ་དང་། ནས་ཟན་བཟའ་ཞིང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་། མེ་ཏོག་ལ་སོགས་པས་མཆོད་པ་བྱས་ནས་ཉི་མ་རེ་རེ་ལ་སྟོན་མོ་བྱའོ། །ཆུས་གང་བའི་བུམ་པ་བཞི་སྨན་དང་། ས་བོན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་བྱས་ནས་གཞག་པར་བྱའོ། །མཚན་མོ་རེ་རེ་ལ་སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པར་བྱས་ནས་བྱ་རོག་གི་ཚང་དུ་བུ་བྱུང་གི་བར་ཁྱེའུ་དང་། བུ་མོ་བཀྲུ་བར་བྱའོ། །རྒྱལ་སྲིད་ཀྱི་དོན་ནམ། ལོངས་སྤྱོད་ཀྱི་དོན་ཟླ་བ་ཕྱེད་ཀྱི་ནང་དུ་འགྲུབ་བོ། །ནག་པོའི་བརྒྱད་པ་ལ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དབུལ་བར་བྱས་ནས་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གི་མེ་སྦར་ཏེ་མེ་ཏོག་བརྒྱ་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཟླ་བ་གཅིག་ཏུ་བཟའ་བ་དང་། བཏུང་བ་མི་ཟད་པ་འབྱུང་ངོ་། །དུར་ཁྲོད་ཀྱི་ཐལ་བ་བླངས་ནས་ལན་བདུན་མངོན་པར་བཟླས་ཏེ་བདག་ཉིད་ཀྱི་དཔྲལ་བའམ། གཞན་གྱི་མགོ་བོར་བཏབ་པར་བྱས་ནས་གྲོང་དུ་ཞུགས་ན་ཐམས་ཅད་དབང་དུ་འགྱུར་རོ། །བཟླས་པས་འཆིང་བ་ལ་སྒྲོལ་བར་བྱེད་དོ། །གཏན་པ་གཅོག་པར་བྱེད་དོ། །ལྤགས་བདུན་ཉམས་པར་བྱེད་དོ། །མཱ་ལེ་ཀའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །བ་ལང་གི་གཅིན་དང་། ནས་ཟན་ཟ་ཞིང་ཟླ་བ་དྲུག་ཏུ་འདོད་པ་བཞིན་དུ་དོང་རྩེ་རྙེད་དོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཨུཏྤ་ལ་སྔོན་པོའི་སྙིང་པོའི་སྦྱིན་སྲེག་སྟོང་བྱ་སྟེ་མིང་ནས་སྨོས་ཏེ་ཉི་མ་བདུན་ལ་དབང་དུ་འགྱུར་རོ། །ཙམ་པ་ཀ་དང་། ཀརྞི་ཀའི་དུས་གསུམ་དུ་སྦྱིན་སྲེག་བྱ་ཞིང་མིང་ནས་སྨོས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །ཆོ་འཕྲུལ་གྱི་ཕྱོགས་ལ་འོ་མ་དང་། ནས་ཟན་ཟ་ཞིང་དུས་གསུམ་དུ་སྟོང་ཕྲག་བརྒྱད་དུ་བཟླས་པ་དང་། རས་རིས་ཀྱི་སྤྱན་སྔར་ཨ་ག་རུའི་ཡམ་ཤིང་གིས་འབུམ་ཕྲག་གསུམ་དུ་སྦྱིན་སྲེག་བྱའོ། །བཅོ་ལྔ་ལས་གྲུབ་བ་ལ་རབ་ཏུ་འཇུག་སྟེ་ཇི་སྲིད་བཅོམ་ལྡན་འདས་བྱོན་པ་དེ་སྲིད་དུ་བཟླས་པར་བྱའོ། །ས་གཡོ་བའམ། མར་མེའི་རྩེ་མོ་འཕེལ་བའམ། རས་རིས་གཡོ་བར་བྱེད་པ་དང་གྲུབ་བོ། །གྲུབ་བོ་ཞེས་ཚིག་འདོན་པར་བྱེད་ན་རྒྱལ་སྲིད་དམ། ཡུལ་གྱི་བདག་པོ་ཉིད་རྙེད་དོ། །སྔོན་སྤྱད་པ་བྱས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཟླ་བ་དྲུག་གི་ནང་དུ་སྟོང་ཕྲག་ལྔ་སོ་སོར་རྙེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱ་བཟླས་པར་བྱས་ཏེ་དངུལ་སྟོང་རྙེད་དོ། ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་སྟོང་ཕྲག་བརྒྱ་བཟླས་བར་བྱའོ། །འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་འགྱུར་རོ། །ནད་ཐམས་ཅད་རབ་ཏུ་ཞི་བར་འདོད་པས་གཞོན་ནུ་མས་བཀལ་བའི་སྲད་བུ་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པར་བྱས་ནས་བླངས་ནས་བསྐོར་བ་བྱ་སྟེ་སྐལ་བ་བཟང་པོ་ཉིད་རྙེད་དོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ནས་ཏིལ་ནག་པོ་ལ་སྟོང་ཕྲག་བརྒྱད་བཟླས་པར་བྱ་སྟེ་སྲད་བུ་ཅན་དང་། ཏིལ་དང་། སོལ་བ་ཉིད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དཀར་པོའི་ཚེ་ག་ཅིག་ནས་བརྩམས་ནས་བཅོ་ལྔ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཨུ་དུམ་བཱ་རའི་ཤིང་གིས་མེ་སྦར་ནས་ཡུངས་ཀར་དཀར་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །ཡུལ་གྲུ་ལྔའི་དཔོན་པོར་འགྱུར་རོ། །བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་ཏིལ་ལ་ཞོ་དང་། མར་དང་། སྦྲང་རྩིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །བཅོ་ལྔ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པ་བྱས་ནས་གལ་ཏེ་ཏིལ་དེ་རྣམས་ཕྱོགས་དང་། ཕྱོགས་བྲལ་དུ་སོང་ན་དེའི་ཚེ་གྲུབ་པ་ཡིན་ཏེ་སེམས་ཅན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་སྔོན་དུ་སྟོང་ཕྲག་བརྒྱ་བཟླས་ཏེ་ཟླ་བ་གཟས་བཟུང་བ་ན་ཏིལ་མར་ལན་བདུན་ཅུ་ཕུལ་ནས་ཇི་སྲིད་ཝུ་བ་འབྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །ཀུན་དུ་རུ་སྐལ་སྟོང་ཕྲག་བརྒྱ་བཟླས་ནས་བླངས་ན་གྲོང་གཅིག་རྙེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཉི་མ་སོ་སོར་བརྒྱད་བརྒྱར་བཟླས་པར་བྱ་སྟེ་དཔལ་དང་ལྡན་པར་འགྱུར་རོ། ། པཱ་མརྒའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་ཏེ་ཉི་མ་སོ་སོར་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གྲོང་རྙེད་དོ། །བུ་མང་པོ་ཅན་གྱི་ཡམ་ཤིང་ལ་མེ་སྦར་ནས་ཤུ་དག་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱའོ། །ཐལ་བ་དེས་ཐིག་ལེ་བྱའོ། །མི་སྣང་བར་འགྱུར་རོ། །གལ་ཏེ་མ་གྱུར་ན་ལན་གསུམ་དུ་ཡང་བསྒྲུབ་པར་བྱའོ། །ཟླ་བ་གཟས་བཟུང་བ་ན་ཆུ་ཀླུང་གི་འགྲམ་དུ་སོང་ནས་བིལ་བའི་ཡམ་ཤིང་གིས་མེ་སྦར་ནས་བིལ་བའི་མེ་ཏོག་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་གནོད་སྦྱིན་གཞོན་ནུ་འོང་བར་འགྱུར་རོ། །མཚན་མོ་ཕྱེད་ན་རིག་པ་སྟོང་ཕྲག་བཟླས་ནས་དེ་ནས་གཅིག་འོང་བར་བྱེད་དེ་གཏེར་རྣམས་སམ། ནོར་གྱི་བདག་པོ་གང་ཚིག་གིས་བརྗོད་དེ་བྱེད་དོ། །ནག་པོའི་བརྒྱད་པ་ལ་བཅོམ་ལྡན་འདས་ལ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་ནག་པོའི་བཅུ་བཞི་པ་ལ་གཏོར་མའི་ཆོ་ག་བྱ་སྟེ་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཤ་ཟ་རྣམས་འོང་བར་བྱེད་དོ། །གཏེར་རྐོས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་གཏེར་སྩོལ་བར་བྱེད་དེ་བླངས་ནས་བདག་ཉིད་དཀོན་མཆོག་གསུམ་པོ་རྣམས་ལ་དབུལ་བར་བྱའོ། །དེ་བཞིན་དུ་རས་རིས་བཅིང་བའི་ལས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བ་རུ་རའི་ཤིང་གིས་མེ་སྦར་ནས་ཉི་མ་སོ་སོར་ཏིལ་དང་། འབྲས་ཐུག་པོ་ཆེའི་སྦྱིན་སྲེག་སྟོང་བྱའོ། །བློན་པོ་དབང་དུ་བྱེད་པ་ལ་ཡུངས་ཀར་དཀར་པོའི་སྦྱིན་སྲེག་གིས་དབང་དུ་འགྱུར་རོ། །སྲ་རྩི་པོག་གི་སྦྱིན་སྲེག་གིས་རྒྱལ་པོ་དབང་དུ་འགྱུར་རོ། །བུད་མེད་དང་། སྐྱེས་བ་དབང་དུ་བྱེད་པ་ལ་ཕུབ་མའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། རུ་རའི་ཤིང་གིས་མེ་སྦར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཉི་མ་སོ་སོར་སྒྲོན་ཤིང་གིས་སྦྱིན་སྲེག་སྟོང་བྱ་སྟེ་དོང་ཙེ་བརྒྱ་རྙེད་དོ། །སློང་མོ་ཟ་བས་ཉི་མ་སོ་སོར་དུས་གསུམ་དུ་པ་ལཱ་ཤའི་སྦྱིན་སྲེག་བྱ་སྟེ་གསེར་བརྒྱ་སོ་སོར་རྙེད་དོ། །རྒྱ་མཚོར་སོང་ནས་རིག་པ་སྟོང་ཕྲག་བརྒྱ་བཟླ་སྟེ་ཇི་སྲིད་རིན་པོ་ཆེ་རྣམས་སྦྱིན་པར་བྱེད་དོ། །བླང་བར་བྱ་སྟེ་དཀོན་མཆོག་གསུམ་ལ་ངེས་པར་སྦྱར་བར་བྱའོ། །སྔགས་འདི་ཉིད་ཀྱིས་ས་གའི་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་ཏུ་བཟླས་པ་བར་མ་ཆད་པ་བརྗོད་པར་བྱའོ། །བྱང་ཆུབ་ཀྱི་ཤིང་དྲུང་དུ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཨ་པཱ་མརྒའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །བདག་ཉིད་སྟོན་པ་ཡུངས་ཀར་གྱིས་གྲོལ་བར་འགྱུར་རོ། །ཞི་བར་འདོད་ན་འབྲས་ཡོས་ཀྱི་སྲེག་བླུགས་ཀྱིས་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་ཞི་བར་འགྱུར་རོ། །རྒྱས་པར་འདོད་ན་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་སྦར་ནས་ཏིལ་དང་། འབྲས་ཐུག་པོ་ཆེས་ཐུན་གསུམ་དུ་སྦྱིན་སྲེག་བརྒྱད་བརྒྱར་བྱའོ། །ཉི་མ་གསུམ་དུ་ཨ་མྲའི་ཡམ་ཤིང་གིས་མེ་སྦར་ནས་དུར་བྷ་དང་། ཚེར་མ་ཅན་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རྩོད་པར་འདོད་པ་རྣམས་ཀྱི་སྨྲ་བའི་མཆོག་ཏུ་འགྱུར་རོ། །ཉི་མ་སོ་སོར་འབྲུ་རློན་པ་དང་། ཕུབ་མ་རྣམས་ལག་པ་གཡོན་པས་སྦྱིན་སྲེག་བྱས་ན་མིང་ནས་སྨོས་ན་མཚན་མོ་བདུན་གྱིས་དབང་དུ་འགྱུར་རོ། །རྒྱལ་པོའི་ཡམ་ཤིང་གིས་མེ་སྦར་ནས་ཏིལ་དང་། འབྲས་ཐུག་པོ་ཆེའི་སྦྱིན་སྲེག་ཐུན་མཚམས་གསུམ་དུ་སྟོང་ཕྲག་བརྒྱད་བྱའོ། །ཉི་མ་གསུམ་དུ་ཨ་མྲའི་ཡམ་ཤིང་གིས་མེ་སྦར་ནས་དུར་བྷ་དང་། ཚེར་མ་ཅན་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཉི་མ་བདུན་གྱིས་སྐྱེས་བུ་ཆེན་པོ་རྣམས་དབང་དུ་འགྱུར་རོ། །འོ་མ་དང་། བ་ལང་གི་གཅིན་དང་། ནས་ཟན་དང་། བསོད་སྙོམས་ཟ་བའམ། མི་སྨྲ་བའི་བརྟུལ་ཞུགས་ཀུན་ཏུ་སྤྱད་ཅིང་གཙང་མས་གོས་གཙང་མ་དང་། ཤིང་ཤུན་འཆང་བས་སྒྲུབ་པ་བྱས་ཏེ་གང་གཱར་གཏུན་ཤིང་གི་སྒྲ་དང་བ་རལ་བ་གཙང་མའི་ཕྱོགས་སུ་ཆུ་བོའི་འགྲམ་གཉིས་ཀྱིས་བླངས་ནས་ཁྲུ་བདུན་པའི་སའི་གོང་བུ་བཞི་བྱས་ནས་དབུས་སུ་འདབ་མ་སྟོང་གི་པདྨ་བྱས་ཏེ་དེའི་སྟེང་དུ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་ལྕགས་ལྔ་ལས་བྱས་པའི་འཁོར་ལོ་རབ་ཏུ་བཞག་ནས་དཀྱིལ་འཁོར་གྱི་དབུས་སུ་བྲིས་སྐུའི་སྤྱན་སྔར་བསྒྲུབ་པར་བྱའོ། །དྲི་ཞིམ་པོའི་དྲི་རྣམས་དང་། ཙནྡན་དཀར་དམར་གྱིས་མཆོད་ནས་མན་དཱ་ར་བའི་མེ་ཏོག་དང་། བདུག་པ་དང་། ཕྲེང་བ་བརྒྱ་ཕུལ་ནས་བཅོམ་ལྡན་འདས་ལ་དྲི་དང་མེ་ཏོག་དང་། བདུག་པ་ལ་སོགས་པའི་མཆོད་པ་བྱའོ། །མར་གྱི་མར་མེའི་ཕྲེང་བ་བདུན་དབུལ་བར་བྱའོ། །ཕྱོགས་བཞིར་མར་གྱི་བུམ་པ་བཞི་རབ་ཏུ་སྦར་བར་བྱའོ། ། ཕྱོགས་བཞིར་བུམ་པ་བཞི་ས་བོན་ཐམས་ཅད་ཀྱིས་གང་བར་རིན་པོ་ཆེ་རྣམས་བཅུག་ནས་བཞག་པར་བྱའོ། ། ག་རུ་དང་། ཀུན་དུ་རུ་སྐ་དང་། དཔལ་རྣམས་བཏགས་པ་དང་། གུ་གུལ་གྱི་བདུག་པ་དབུལ་བར་བྱའོ། །གཏོར་མའི་ཆོ་ག་བྱས་ནས་ཕྱོགས་བཞིར་སྔར་བརྗོད་པའི་ཞོ་ཟན་སྔོན་མ་ཅན་དབུལ་བར་བྱའོ། །ལྷོ་རུ་ནི་ན་བྷུ་ཏཀྟྲ་ར་དར་བ་ཆུ་དང་བསྲེས་པ་སྦྱིན་པར་བྱའོ། །བྱང་ཕྱོགས་སུ་འོ་ཐུག་གིས་གང་བའི་གཏོར་མས་ཉེ་བར་མཆོད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕྱོགས་བཞིར་རྒྱུན་མི་འཆད་པ་འབྱུང་བར་བྱའོ། །པཱ་ལ་ཤའི་ཡམ་ཤིང་གིས་མེ་སྦར་ནས་ཨ་པཱ་མརྒའི་ཡམ་ཤིང་ལ་མར་གྱིས་བཏགས་ལ་ལན་བདུན་མངོན་པར་སྔགས་ཏེ་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །མིང་ནས་སྨོས་པ་དེ་དབང་དུ་འགྱུར་རོ། །བྱང་ཆུབ་ཀྱི་ཡམ་ཤིང་གིས་མེ་སྦར་ནས་ལན་ཚྭ་ལས་བྱུང་བའི་གཟུགས་བརྙན་བྱས་ཏེ་མགོ་བོ་ནས་བརྩམས་ཏེ་ཇི་སྲིད་རྐང་པའི་བར་དུ་སྲེག་བླུགས་རེ་རེ་ལ་ལན་བདུན་བདུན་མངོན་པར་སྔགས་པ་བྱས་ནས་སྲེག་བླུགས་སྟོང་ཕྲག་བརྒྱད་བྱའོ། །མིང་ནས་སྨོས་པའི་རྒྱལ་པོ་དབང་དུ་འགྱུར་རོ། ། དཀར་པོའི་བཅོ་ལྔ་ལ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ཅན་གྱིས་ཉིན་མཚན་དུ་སྨྱུང་བར་གནས་ཏེ་ས་ལ་མ་ལྷུང་བའི་བ་བྱུང་གིས་བ་ལང་གི་ལྤགས་པའི་ཚད་ཀྱིས་དཀྱིལ་འཁོར་ཉེ་བར་བྱུགས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་གསེར་དངུལ་གྱི་སྣོད་དུ་སེར་ས་ཀྱར་རྒྱུད་མཚུངས་པའི་བའི་མར་གཞོན་ནུ་མས་བསྲུབས་པ་བླངས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་ཏེ་ལག་པ་གཡོན་པས་སྣོད་བཟུང་ལག་པ་གཡས་པའི་མིང་མེད་ཀྱི་སོར་མོས་དཀྲུག་པར་བྱ་སྟེ་ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུའོ། །དེ་ནས་བཏུང་བར་བྱ་སྟེ་ཡིད་གཞུངས་པར་འགྱུར་རོ། །ལན་གཅིག་བརྗོད་པས་ཐོས་པ་འཛིན་པར་བྱེད་དོ། །དེ་ལ་དུ་བ་འཐུལ་བས་ནི་དབང་དུ་བྱེད་པར་འགྱུར་རོ། །འབར་བས་ནི་མི་སྣང་བར་འགྱུར་རོ། །ཡན་ལག་ཐམས་ཅད་ན་བ་ཉེ་བར་ཞི་བར་འདོད་པས་དཀར་པོའི་བརྒྱད་པ་ལ་གསོ་སྦྱོང་ཅན་གྱིས་སྔ་དྲོ་ལས་བརྩམས་པར་བྱའོ། །ཤར་ལ་སོགས་པའི་ཕྱོགས་སུ་གཞུའི་ཚད་ཀྱི་དཀྱིལ་འཁོར་ཉེ་བར་བྱུགས་ནས་དབུས་སུ་ནད་པའི་སོ་ཕག་གཞག་པར་བྱའོ། །ཕྱོགས་བཞི་རྣམས་སུ་བུམ་པ་ཆུས་གང་བ་བཞི་ལ་བརྒྱད་བརྒྱར་མངོན་པར་བཟླས་ལ་གཞག་པར་བྱའོ། །སོ་ཕག་རྣམས་ཀྱི་སྟེང་དུ་སེན་རྩིའི་གོ་ས་གཞག་པར་བྱའོ། །གཞོན་ནུ་མས་བཀལ་བའི་ཚོན་སྣ་ལྔའི་སྐུད་པས་ཡོངས་སུ་དཀྲིས་ཏེ་དྲི་ཞིམ་པོས་ཡོངས་སུ་བཀང་བས་སོ། །ཕྱི་རོལ་དུ་དཀྱིལ་འཁོར་བྱའོ། །ཕྱོགས་བཞིར་ཆང་དང་། ཤའི་གཏོར་མ་དབུལ་ལོ། །དྲི་ཞིམ་པོའི་མེ་ཏོག་གིས་མཆོད་པ་བྱས་ནས་གུ་གུལ་གྱི་དུད་བ་དབུལ་ལོ། །ཟངས་ཀྱི་སྣོད་མར་གྱིས་བཀང་བ་གཞག་པར་བྱའོ། །དེ་ནས་ཀུ་ཤ་ལྗང་གུ་བཟུང་ནས་ནད་པ་གོས་དཀར་མོ་ཅན་ལ་ཇི་སྲིད་རྐང་པའི་བར་དུ་བྱབ་བར་བྱའོ། །མར་གྱི་སྟེང་དུ་ཀུ་ཤ་དོར་བར་བྱའོ། །དེ་བཞིན་དུ་བརྒྱ་རྩ་བརྒྱད་བྱའོ། ། དེ་ནས་མར་ཟོས་པས་བལྟ་བར་བྱའོ། །དེ་ནས་ཀུ་ཤ་ལྗང་གུ་བླངས་ནས་ཟློས་བཞིན་དུ་གཞག་པར་བྱའོ། །སྦྱངས་པ་ལས་འབྱུང་བའི་སྣོད་དང་། གོས་བྱས་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱེད་དུ་གཞུག་གོ་།དེ་ནས་པྲི་ཡང་ཀུ་དང་། ནཱ་ག་གེ་སར་དང་། སྦྲང་རྩི་ཅན་དང་། བཞི་པོ་ཅིག་ཏུ་བྱས་ནས་མཉམ་པར་ཐོབ་པར་བྱས་ལ་མར་དང་ལྷན་ཅིག་པའི་ཟས་མཆོག་ཟོས་ན་ནད་མེད་པ་རང་བཞིན་དུ་གནས་པར་འགྱུར་རོ། །སྐུད་པ་སྔོན་པོ་ལ་ལན་བདུན་མངོན་པར་སྔགས་པ་བྱས་ནས་རྐེད་པ་ལ་བཅིང་བར་བྱའོ། །ཤུ་བ་མཆེད་པ་ཉེ་བར་ཞི་བར་བྱེད་དོ། །དེ་བཞིན་དུ་མགྲིན་པ་ལ་ཉེ་བར་བཅིང་བར་བྱའོ། །དབུགས་མི་བདེ་བ་ཉེ་བར་ཞི་བར་འགྱུར་རོ། ། གསོ་སྦྱོང་ཅན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཀྱིལ་འཁོར་ཉེ་བར་བྱུགས་ནས་དྲི་བཟང་པོའི་མེ་ཏོག་རྣམས་ཀྱིས་མཆོད་པ་བྱས་ཏེ་མར་གྱི་མར་མེ་དབུལ་ལོ། ། དེ་ནས་བྱང་ཆུབ་ཤིང་གིས་ཡམ་ཤིང་གིས་མེ་རབ་ཏུ་སྦར་རོ། །སྤར་ནས་སྲ་རྩི་པོག་ལ་ལན་བདུན་མངོན་པར་སྔགས་པའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ནད་ཉེ་བར་ཞི་བར་བྱེད་དོ། །རིག་པས་བགེགས་ཉེ་བར་ཞི་བར་བྱེད། འདོད་པས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་གི་འགྲམ་གཉིས་ཀྱིས་བླངས་ནས་སེང་གེ་དང་། སྟག་དང་། ཕག་དང་། ལུག་གི་གདོང་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་ཉི་ཤུ་རྩ་གཅིག་ལྷག་པའི་བརྒྱ་བྱའོ། །དེ་ནས་ནག་པོའི་བརྒྱད་པ་ལ་གསོ་སྦྱོང་ཅན་གྱིས་མཚན་མོ་ཕྱོགས་གཙང་མར་བླ་རེ་དམར་པོ་བྲེས་ལ་ལས་ཡང་དག་པར་བརྩམ་མོ། །སེན་རྩིའི་གོས་བཅུ་བཞི་ལ་བགེགས་གཞག་པར་བྱའོ། །དབུས་སུ་བགེགས་རྣམས་ཀྱི་གཙོ་བོ་ལོག་འདྲེན་གཞག་པར་བྱའོ། །ཚོན་སྣ་ལྔའི་ཕྱེ་མ་ལ་ལན་གཅིག་མངོན་པར་སྔགས་པ་རྣམས་ཀྱིས་དཀྱིལ་འཁོར་བདུན་བྱའོ། །དྲི་དམར་པོའི་མེ་ཏོག་རྣམས་ཀྱིས་མངོན་པར་མཆོད་པ་བྱས་ནས་མར་གྱི་མར་མེ་བཅུ་བཞི་དབུལ་ལོ། །གུ་གུལ་གྱི་བདུག་པ་དབུལ་ལོ། །ཤ་དང་བཅས་པའི་གཏོར་མ་བཅུ་བཞི་དབུལ་ལོ། །རྒྱ་སྐྱེགས་ཀྱི་ཁུ་བའང་བཅུ་བཞི་གཏོར་བར་བྱའོ། །དེ་ནས་སྲད་བུ་དམར་པོ་ལ་ལན་བདུན་མངོན་པར་སྔགས་པས་མཚན་མ་བཅིང་བར་བྱའོ། །འབྱུང་པོ་དང་། བགེགས་ཀྱི་རྒྱལ་པོའང་བཅིང་བར་བྱའོ། །དེ་ནས་ཨུ་དུམ་བཱ་རའི་ཡམ་ཤིང་གིས་མེ་སྦར་ནས་བགེགས་རྣམས་བཅིང་བར་བྱའོ་ཞེས་བརྗོད་དེ། སྭཱ་ཧཱའི་ཡི་གེས་དཀྱིལ་འཁོར་བ་རྣམས་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དེར་བགེགས་དང་། ལོག་པར་འདྲེན་པ་བཅིངས་པར་འགྱུར་རོ། །རིག་པ་རྣམས་ཐམས་ཅད་སྒྲུབ་པར་བྱེད་པ་ན་བགེགས་རྣམས་འཕྲུལ་བྱེད་དོ། །དེས་ན་བགེགས་དང་། ལོག་པར་འདྲེན་པ་རྣམས་སའི་སྣོད་གཅིག་ཏུ་བགེགས་ཐམས་ཅད་གཞུག་པར་བྱའོ། །གཅིག་ཏུ་ལོག་པར་འདྲེན་པ་ཆེན་པོའོ། །དེ་ནས་བགེགས་རྣམས་ཐམས་ཅད་ལ་མེ་ཏོག་ཐམས་ཅད་དབུལ་བར་བྱ་ཞིང་ལོག་པར་འདྲེན་པ་ཆེན་པོ་ལ་ཙནྡན་དམར་པོ་དང་། ཀ་ར་བཱི་རའི་མེ་ཏོག་དམར་པོ་དབུལ་ལོ། །བགེགས་རྣམས་ཐམས་ཅད་ལ་རྫས་ཐམས་ཅད་ཀྱི་བདུག་པ་དབུལ་ལོ། །ལོག་པར་འདྲེན་པ་ཆེན་པོ་ལ་གུ་གུལ་གྱི་བདུག་པ་དབུལ་ལོ། །མར་དང་བསྲེས་པ་དབུལ་ལོ། །དེ་ནས་ལྟེ་བའི་ཚད་ཀྱི་དོང་དུ་སོ་སོར་གཞུག་པར་བྱའོ། །དེ་ལྟ་བུས་བགེགས་ཐམས་ཅད་མེད་པར་འགྱུར་རོ། །གསོ་སྦྱོང་ཅན་གྱི་དཀར་པོའི་བཅོ་ལྔ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུས་ལ་མ་ལྷུང་བའི་བ་ལང་གི་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་མེ་ཏོག་དང་། དྲི་དང་། བདུག་པ་དང་། མར་གྱི་མེ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་ཨུ་དུམ་བཱ་རའི་ཤིང་གིས་མེ་སྦར་ནས་ཚངས་མའི་ཡམ་ཤིང་གི་སྦྱིན་སྲེག་བྱ་ཞིང་ལྷ་ལ་ཕུལ་བ་ཟོས་ན་ཡིད་གཞུངས་པར་འགྱུར་རོ། །འོ་མའི་སྦྱིན་སྲེག་བྱས་ན་བྲམ་ཟེ་རྣམས་དབང་དུ་འགྱུར་རོ། །ལྷ་ལ་ཕུལ་བའི་སྦྱིན་སྲེག་བྱས་ན་རྒྱལ་རིགས་དབང་དུ་འགྱུར་རོ། །ནས་དང་། ཞོ་དང་། ལྷ་ལ་ཕུལ་བ་ཅིག་ཏུ་བྱས་ནས་སྦྱིན་སྲེག་བྱས་ན་རྗེ་རིགས་དབང་དུ་འགྱུར་རོ། །དག་ལ་བལྟས་ནས་བཟླས་པ་བྱས་ན་རེངས་པར་འགྱུར་རོ། །ལན་བདུན་མངོན་པར་སྔགས་པའི་ཆུས་ཐམས་ཅད་འབེབས་པ་དང་། ནོར་བྱེད་དོ། །དུག་ཐམས་ཅད་ལའང་ཉེ་བར་བྱུག་གོ་།ཞུན་མཁན་གྱི་རིལ་བུ་བྱས་ནས་ལན་བདུན་མངོན་པར་སྔགས་པས་མིག་ནད་སེལ་བར་བྱེད་དོ། །ན་བ་ལ་སྐུད་པ་བཅིང་བར་བྱ་སྟེ་གདོན་ཐམས་ཅད་མི་འབྱུང་ངོ་། །གཙུག་ཕུད་བཅིངས་པས་བདག་ཉིད་སྲུང་བའོ། །ཐལ་བས་དཀྱིལ་འཁོར་བཅིང་བའོ། །བོང་བ་ལ་ལན་བདུན་བཟླས་པས་ཕྱོགས་བཅིང་བའོ། །བུད་མེད་བུ་མ་ཐོན་པ་ལ་ཏིལ་ལ་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ་བདེ་བར་བཙའ་བར་འགྱུར་རོ། །རྨོངས་པ་ཨས་མངལ་གྱི་ཟླ་མཚན་གྱི་དུས་ལས་འདས་པ་ན་ཁྲུས་བྱ་ཞིང་རྒྱུད་མཚུངས་པའི་འོ་མ་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པ་བྱས་ནས་བཏུང་བར་སྦྱིན་ཞིང་བཟའ་བ་མཆོག་དང་། མར་བསྲེས་པ་བཟའ་བར་བྱའོ། །དེ་ནས་བུ་བཙའ་བར་འགྱུར་རོ། །བུ་མང་པོ་ཅན་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །ཐལ་བར་ཆུའི་བུམ་པ་བཞི་དང་ཀུན་ཏུ་བསྲེས་ནས་གཞག་པར་བྱའོ། །ཤུ་དག་ལ་ལན་བརྒྱད་བརྒྱར་བཟླས་ཏེ་ལག་པ་གཡས་པ་ལ་བཅིངས་པས་ཇི་སྲིད་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། ། གཞན་གྱིས་མི་ཐུབ་པའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྐུད་པ་ལ་མདུད་པ་བྱས་ཏེ་ལན་བདུན་མངོན་པར་སྔགས་ནས་ལག་པ་བཅིང་བར་བྱའོ། །བརྟན་པ་དང་། གཡོ་བའི་དུག་མི་འབྱུང་ངོ་། །དེ་ནས་མ་རུངས་པས་མཆེ་བའི་མིང་ནས་སྨོས་ཏེ་ཆུ་ལ་ལན་བདུན་མངོན་པར་སྔགས་ནས་ཁྱོར་ཆུ་འཐུངས་བས་དེ་ལྟ་བུས་ཤི་བའང་ལྡང་བར་འགྱུར་རོ། །དེ་བཞིན་དུ་བཅུ་བཞི་རུ་མངོན་པར་སྔགས་པར་བྱས་ནས་བཏུང་བ་སྦྱིན་པར་བྱའོ། །འཇོག་པོས་ཀྱང་མཆེ་བ་སོས་པར་བྱའོ། །ཆང་གི་ཕབས་ལ་ལན་བདུན་མངོན་པར་སྔགས་པ་བྱས་ནས་ཤི་བ་ལ་སྦྱིན་པར་བྱའོ། །གལ་ཏེ་བྱིས་པ་མི་འབྱུང་ངོ། །དེ་ནས་སེམས་དཔའ་ཆེན་པོས་སླར་ཡང་རིག་པ་ཐམས་ཅད་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྒྲུབ་པའི་ཐབས་ཀྱི་སྤྱིའི་རིག་པ་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། རི་ཛུ་ཀེ་།ཏཱ་རེ། ཤཱནྟེ། ཏུཏྟཱ་རེ། ཨ་ན་བྷི། སཱ་ལེ། ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒོལ་མ་སྤྱི་བོའི་སྒྲོལ་མ་ཞེས་བྱའོ། །རིག་པ་འདིས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཕྲག་པ་ཨའི་ཚད་ཀྱིས་ཆུར་ཞུགས་ནས་རིག་པ་སྟོང་ཕྲག་བརྒྱ་བཟླས་པར་བྱ་སྟེ་ཇི་སྲིད་ནམ་མཁའ་ཉི་མའི་དཀྱིལ་འཁོར་ལ་བུག་པ་མཐོང་བའི་བར་དུ་སྟེ་དེ་ལྟ་བུ་བྱས་པས་ལས་འགྲུབ་པར་འགྱུར་རོ། །གལ་ཏེ་མ་མཐོང་ན་སླར་ཡང་བསྒྲུབ་པར་བྱའོ། །དེ་ནས་ལན་བདུན་དུ་མར་རྗེས་སུ་སོང་ནས་དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མའི་ཆོ་ག་བྱ་སྟེ་ལག་པ་གཡས་པས་མནན་ནས་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །ཇི་སྲིད་དབུགས་འབྱིན་ནོ་ཞེས་བརྗོད་པའི་བར་དུའོ། །ཉི་མ་སོ་སོར་དངུལ་བརྒྱ་སྦྱིན་པར་བྱེད་དེ་དེའང་ཟད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། རི་ཛུ་ཀེ། ཏཱ་རེ། ཤཱནྟེ། ཏཱ་རེ། ཨ་ན་བྷི། ལཱ་སྱེ་ཏུཏྟཱ་རེ། ཨ་གྲ། དྷརྨ་ནི་ཏྱཱ་ཏེ། ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་དག་པ་ཞེས་བྱ་བ་སྟེ། རིག་པ་འདིས་དགོན་པའི་བ་ལང་གི་ལྕི་བ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དུས་གསུམ་དུ་བ་ལང་བརྒྱ་རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ལམྦེ། པྲ་ལམྦེ། ལམྦེ་བཱིཪྻ། སརྦ་སིདྡྷི་མྨེ་ཀུ་རུ་སྭཱཧཱ། འདི་ནི་འཕགས་མ་ཨ་སྒྲོལ་མ་འཕྱང་བ་ཞེས་བྱ་བ་སྟེ་རིག་པ་འདིས་ཀ་ར་བཱི་རའི་ཡམ་ཤིང་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཇི་སྲིད་རྒྱལ་པོ་དབང་དུ་འགྱུར་ཏེ་འོང་བར་བྱེད་དོ། །སྡེ་སྣོད་སྨྲ་བའང་བསྒོ་བའི་ལས་བྱས་པ་འཆིང་བ་གྲོལ་བ་ལ་སོགས་པ་དེའང་སྦྱོང་དུ་འཇུག་གོ་།དེ་མ་གྲོལ་བར་དུ་མང་དུ་དངོས་གྲུབ་ཐམས་ཅད་ཀྱིས་གྲུབ་པ་ཡང་སྔར་བརྗོད་པའི་རིགས་པས། སརྦ་སིདྡྷིཉྩ། མེ་ཀུ་རུ་སྭཱཧཱ་ཞེས་བྱིན་ནས་རྟག་ཏུ་བཟླས་པས་འཆིང་བ་གྲོལ་བར་བྱེད་དོ། །ཡང་ན་གཙང་མར་གྱུར་པས་མཚན་ཐོག་ཐག་བཟླས་པར་བྱ་སྟེ་འཆིང་བ་གྲོལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། རི་ཛུ་ཀ་།དྷརྨེ། ཏཱ་རེ། ཤཱནྟ་དྷརྨ་ཏུཏྟཱ་རེ་ཨ་ན་བི་ལ་སྱེ། དྷརྨེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མོ་ཞི་བ་ཞེས་བྱ་བའི་རིག་པ་སྟེ་འདིས་མ་དུ་ལུམ་ག་དང་། དྷཱ་ལན་དང་། སོག་མའི་མེ་ལ་སྦྱིན་སྲེག་བྱ་སྟེ་ཇི་སྲིད་ལོག་འདྲེན་འོང་བར་བྱེད་དེ་དེ་བརྗོད་པར་བྱའོ། །ཉི་མ་སོ་སོར་བདག་ལ་དོང་ཙེ་རེ་སྦྱིན་མོ། །དེའང་ཟད་པར་བྱའོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་རེག་ཏུ་གཞུག་པར་བྱའོ། །དེ་ནས་གྲུབ་པར་འགྱུར་རོ། །རྣམ་པ་གཞན་དུ་ན་མི་སྡོད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། རི་ཛུ་ཀ་།དྷརྨ་ནི་ཏྱཱ་ཏེ། ཏཱ་རེ་ཤནྟ། དྷརྨ་ནི་ཏྱཱ་ཏེ་ཏུཏྟཱ་རེ་ཨ་ན་བྷི་ལཱ་སྱེ། དྷརྨ་ནི་ཏྱཱ་ཏི། ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་དྲང་པོ་ཞེས་བྱ་བའི་རིག་པ་སྟེ་འདིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་བེ་ཀངྐ་ཏའི་ཡམ་ཤིང་གིས་མེ་སྦར་ནས་བིལ་བའི་འབྲས་བུ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །འདིས་ལས་རྣམས་དཔལ་དང་ལྡན་པའམ། ཡུལ་གྱི་བདག་པོར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་གྲ་དྷརྨ་ནི་ཏྱཱ་ཏཱ་ར། རི་ཛུ་ཀ་།དྷརྨ་ནི་ཏྱཱ་ཏེ། ཏུཏྟཱ་རེ། ཨ་ན་བྷི་ལཱ་སྱེ། དྷརྨ་ནི་ཏྱཱ་ཏེ་ཏཱ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་མཆོག་ཅེས་བྱ་བའི་རིག་པ་སྟེ་འདིས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་ཀི་ཀི་རཱ་དྷཱིའི་མེ་ཏོག་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཉི་མ་སོ་སོའམ། ཉིན་ཞག་ལ་ཚལ་བདུན་ནམ། བརྒྱད་རྙེད་དོ། །ཡང་ན་དངུལ་བརྒྱ་མཐོང་ངོ་། །རིག་པ་དེ་ཉིད་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འོ་མ་ཅན་གྱི་ཤིང་གི་མེ་སྦར་ནས་མར་གྱི་སྦྱིན་སྲེག་བྱའོ། །དཔལ་དང་ལྡན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མཿཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། རི་ཛུ་ཀེ་ཏཱ་རེ། ཤཱནྟེ་ཏུཏྟཱ་རེ། ཨ་ན་བྷི་ལཱ་སྱེ། ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་མངོན་པར་རྗོད་པར་བྱེད་མ་ཞེས་བྱ་བའི་རིག་པ་སྟེ་འདི་རྟག་ཏུ་བཟླས་པས་ནད་མེད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། ཨ་ན་བྷི་ལཱ་སྱེ། དྷརྨ་ཏུཏྟཱ་རེ། ཨ་ན་བྷི་ལཱ་སྱེ། དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་ངེས་པར་འབྱུང་བ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་འདོད་པ་ཉེ་བར་རྫོགས་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། རི་ཛུ་ཀ་།དྷརྨ་ཏུཏྟཱ་རེ། ཨ་ན་བྷི་ལཱ་སྱེ། དྷརྨེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་མངོན་པར་བརྗོད་པ་བྱར་མེད་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དགྲ་ཐམས་ཅད་ལས་མཆོག་ཏུ་རྒྱལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མོ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། ཤཱནྟེ་དྷརྨེ་ཏུཏྟཱ་རེ། ཤཱནྟ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། འདི་ཞི་བའི་ཆོས་ངེས་པར་འབྱུང་མའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཇི་ལྟར་འདོད་པ་བཞིན་དུ་ཐོབ་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཨ་གྲེ་ཏཱ་རེ། རི་ཛུ་ཀ་དྷརྨ་ནིརྱཱ་ཏེ། ཏུཏྟཱ་རེ། ཨ་ན་བྷི་ལཱ་སྱེ་དྷརྨ་ནིརྱཱ་ཏེ། ཏུཏྟཱ་རེ་སྭཱཧཱ། འདི་ནི་དྲང་པོ་ཅན་གྱིས་ཆོས་ཀྱི་མཆོག་ངེས་པར་འབྱུང་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དོན་ཐམས་ཅད་ཐོབ་པ་དང་། བཅོམ་ལྡན་འདས་མ་འམ། རིན་པོ་ཆེ་རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། རི་ཛུ་ཀེ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། རི་ཛུ་ཀ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་ཐམས་ཅད་དྲང་པོ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་གྲེ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་ཕོངས་པ་ལས་སྒྲོལ་བའི་མཆོག་ཅེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྐྱེ་བ་རྒྱུན་མི་འཆད་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་གྲེ་ཏཱ་རེ། ཨ་ན་བྷི་ལཱ་སྱེ་ཏུཏྟཱ་རེ། ཨ་ན་བྷཱི་ལཱསྱེ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་མཆོག་ཅེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་མཆོག་གི་འབྲས་བུ་སྟེར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཤཱནྟེ་དྷརྨེ་ཏུཏྟཱ་རེ་ཤཱནྟེ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་ཞི་བ་ལྡན་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཞི་བའི་སེམས་བསྐྱེད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། རི་ཛུ་ཀེ་ཏཱ་རེ། རི་ཛུ་ཀ་དྷརྨ་ཏུཏྟཱ་རེ་རི་ཛུ་ཀ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་དྲང་པོར་ལྡན་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དྲང་པོའི་སེམས་བསྐྱེད་པར་བྱེད་དོ། །ཆོས་ཐམས་ཅད་ཅེས་བྱ་བའི་རིག་པ་འདི་རྣམས་བཀླགས་པས་འགྲུབ་པ་བདག་ཉིད་སྲུང་བ་དང་། གཞན་སྲུང་བ་དང་། བདེ་བ་ཐམས་ཅད་སྦྱིན་པ། འབུམ་ཕྲག་གཅིག་བརྗོད་པས་སྔར་བརྗོད་པའི་ལས་ཐམས་ཅད་བསྒྲུབ་པར་བྱ་སྟེ་སྟོང་ཕྲག་བཅུ་བཟླས་པས་བསོད་ནམས་འཕེལ་བར་བྱེད་པ། སྟོང་ཕྲག་སུམ་ཅུ་བཟླས་པས་བསོད་ནམས་དང་ལྡན་པ། འབུམ་ཕྲག་གསུམ་བཟླས་ནས་མཚམས་མེད་པ་བྱས་པས་ཀྱང་འགྲུབ་པར་འགྱུར་ཏེ། མདོར་ན། མ་ནོར་བར་ཕན་པ་སྒྲུབ་པའི་སེམས་སྦྱིན་པ་སྙིང་རྗེའི་བདག་ཉིད་ཅན་ཡང་རྟག་ཏུ་བཟླས་པས་ནད་ཐམས་ཅད་མེད་པར་འགྱུར་རོ། །ཡམས་ཐམས་ཅད་མི་འབྱུང་ངོ་། །ཉེ་བར་འཚེ་བ་ཐམས་ཅད་འབྱུང་བར་མི་འགྱུར་རོ་ཞེས་དེ་བཞིན་དུ་རྟོགས་པར་བྱའོ། །དེ་ནས་འདིའི་ཆོ་ག་ཕྱོགས་ཙམ་དུ་འགྱུར་ཏེ་འབུམ་བཟླས་པས་ལས་ཐམས་ཅད་ཀྱིས་མི་ཆུགས་པར་འགྱུར་རོ། །འབུམ་ཕྲག་གཉིས་བཟླས་པས་སྡིག་པ་ཟད་པར་འགྱུར་རོ། །འབུམ་ཕྲག་གསུམ་བཟླས་པས་མཆོག་རྣམས་སྒྲུབ་པར་བྱེད་དོ། །འབུམ་ཕྲག་བཞི་བཟླས་པས་མངོན་པར་ཤེས་པ་སོ་སོར་རྙེད་དོ། །འབུམ་ཕྲག་ལྔ་བཟླས་པས་ལྷའི་ཤེས་པ་སོ་སོར་རྙེད་དོ། །འབུམ་ཕྲག་དྲུག་བཟླས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་དོ། །འབུམ་ཕྲག་བདུན་བཟླས་པས་མངོན་པར་ཤེས་པ་ལྔར་འགྱུར་རོ། །འབུམ་ཕྲག་བཅུ་བཟླས་པས་རྒྱལ་སྲིད་ཆེན་པོ་སོ་སོར་རྙེད་དོ། །འབུམ་ཕྲག་བཅུ་གཅིག་བཟླས་པས་རིག་པ་འཛིན་པར་འགྱུར་རོ། །དེ་ནས་མིག་སྨན་ལྡོང་རོས་ཨ་ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་བཏུམས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ལ་དྲོ་བར་གྱུར་པས་ནི་དབང་དུ་བྱེད་དོ། །དུ་བ་འཐུལ་བས་ནི་མི་སྣང་བའོ། །འབར་བས་ནི་ནམ་མཁའ་ལ་འགྲོའོ། །མར་གྱི་སྲེག་བླུགས་འབུམ་སྦྱིན་སྲེག་བྱས་ན་གང་འདོད་པ་དེ་སྦྱིན་པར་བྱེད་དོ། །འབུམ་ཕྲག་བཅུ་གསུམ་བཟླས་པར་བྱ་སྟེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་ངོ་། །དེ་མཐོང་ནས་གང་ཚོལ་བ་དེ་རྙེད་དོ། །ཙནྡན་དཀར་པོའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཚིག་གམ། ཞབས་འཆིང་བ་ཐོབ་ཅིང་ཡུལ་གྱི་བདག་པོར་འགྱུར་རོ། ། ག་རུ་ནག་པོའི་ཡམ་ཤིང་གིས་སྦྱིན་སྲེག་འབུམ་བྱའོ། ། རྒྱལ་པོ་དབང་དུ་འགྱུར་རོ། །རྒྱ་ཆེན་པོ་རྙེད་དོ། །ཙནྡན་དམར་པོའི་ཡམ་ཤིང་གིས་སྦྱིན་སྲེག་འབུམ་བྱའོ། །གྲུབ་པ་ཐམས་ཅད་ལ་སྟོང་ཕྲག་བསྡུས་པ་རྙེད་དོ། །བྱང་ཆུབ་ཤིང་གི་འོག་ཏུ་འབུམ་ཕྲག་བདུན་བཟླས་པར་བྱའོ། །བཅུད་དང་། བཅུད་ཀྱིས་ལེན་རྣམས་རྙེད་དོ། །ཟོས་པས་སྐྲ་དཀར་དང་། གཉེར་མ་སྤངས་པར་འགྱུར་རོ། །རྟག་ཏུ་བཟླས་པས་བྱ་རྒོད་སེལ་བར་བྱེད་དོ། །འབུམ་ཕྲག་གཉིས་བཟླས་པས་རྒྱལ་པོའི་བཙུན་མོ་མཆོག་དང་རྣམ་པར་འཕྲུལ་བར་བྱེད་དོ། །ཡུངས་ཀར་རྒྱལ་པོས་རྟག་ཏུ་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། ། འདི་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱའོ། །རྟག་ཏུ་ནོར་རྙེད་དོ། །གསོ་སྦྱོང་ཅན་གྱིས་འབུམ་བཟླས་པར་བྱའོ། །བཟའ་བ་དང་། བཏུང་བ་ཞིམ་པོ་འབྱུང་བར་འགྱུར་རོ། །རྒའི་ཡམ་ཤིང་གིས་སྦྱིན་སྲེག་འབུམ་བྱའོ། །གསེར་བརྒྱ་རྙེད་དོ། །པི་ཎྱ་ཀཾ་གི་སྦྱིན་སྲེག་བྱའོ། །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཡིད་ལ་བྱས་ནས་བཟླས་པ་བྱ་སྟེ་རྟག་ཏུ་བཟླས་པས་ནད་ཐམས་ཅད་དང་། གདོན་ཐམས་ཅད་དང་། གདུང་བ་ཐམས་ཅད་དང་། ཉེ་བར་འཚེ་བ་དང་། འཇིགས་པ་ཐམས་ཅད་འཇོམས་པར་བྱེད་དོ། །གུ་གུལ་གྱི་རིལ་བུ་ལ་མ་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ནོར་འབྱུང་བར་འགྱུར་རོ། །འབུམ་ཕྲག་གསུམ་གྱིས་རྒྱལ་སྲིད་རྙེད་དོ། །རྒྱུ་སྐར་གྱིས་གནོད་པ་ལ་འོ་མ་དང་ཕན་ཚུན་བསྲེས་པའི་ཞོའི་སྦྱིན་སྲེག་བྱ་སྟ་ཞི་པར་འགྱུར་རོ། །བདག་ཉིད་དམ། གཞན་གྱིས་སྣ་མའི་མེ་ཏོག་གིས་སྦྱིན་སྲེག་གིས་རྒྱལ་པོ་དབང་དུ་བྱེད་པར་འགྱུར་རོ། །དཱུར་བའི་མྱུ་གུས་སྦྱིན་སྲེག་བྱ་སྟེ་ཞི་བར་འགྱུར་རོ། །བདག་དང་། གཞན་གྱི་རྒྱས་པར་འདོད་ན་ཏིལ་དང་། འབྲས་ཐུག་པོ་ཆེའི་སྦྱིན་སྲེག་བྱ་སྟེ་ནོར་ཆེན་པོ་ཐོབ་པར་འགྱུར་རོ། །བཱ་ལ་དང་། སོ་སོ་ལ་ཀ་ལ་བརྒྱད་བརྒྱར་མངོན་བར་སྔགས་པ་བྱས་ནས་འབྱུང་པོའི་ཉེ་བར་འཚེ་བས་བཏབ་པའི་སེམས་ཅན་ཐམས་ཅད་ལ་སྟོན་དུ་གཞུག་པར་བྱའོ། །མཐོང་བ་ལ་རབ་གནས་འགྲོའོ། །མིག་ལ་བརྒྱད་བརྒྱར་བཟླས་ན་དང་པོ་གང་མཐོང་བདེ་དག་ཏུ་འགྱུར་རོ། །ཆུ་ལ་ཡོངས་སུ་བཟླས་ནས་གདོང་བཀྲུ་བར་བྱ་སྟེ་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །བྱ་རོག་མ་འཕུར་བ་ལ་རྟག་ཏུ་བཟླས་པས་གང་འདོད་པ་དེ་རྙེད་དོ། །ཆུ་ལ་ལན་བདུན་མངོན་པར་སྔགས་པའི་ཁྱོར་ཆུ་ཉི་མ་སོ་སོར་ཐོ་རངས་བཏུང་བར་བྱའོ། །ནད་མེད་པར་འགྱུར་རོ། ། དེ་ནས་བུད་མེད་དབང་དུ་བྱ་བར་འདོད་པས་ལན་ཚྭ་ལས་བྱས་པའི་གཟུགས་བརྙན་བྱས་ནས་རྐང་པ་གཡོན་པས་མནན་ཏེ་སྤྱི་བོར་སྟོང་ཕྲག་བརྒྱད་བཟླས་པར་བྱ་སྟེ་ཉི་མ་བདུན་གྱི་དབང་དུ་འགྱུར་རོ་ཞེས་པ་སྒྲུབ་ཐབས་ཀྱི་གྲུབ་པ་དང་། ཡིད་ལ་གྲུབ་པའི་དོན་ཐམས་ཅད་སྒྲུབ་པ་འདི་རྣམས་སད་པའི་རྒྱུར་ཡང་རབ་ཏུ་སྦྱར་བར་བྱའོ། །དེ་བཞིན་དུའང་འདིར་ཕྱོགས་ཅུང་ཟད་ཙམ་ཞིག་བྱས་པ་ལས་སྒྲུབ་ཐབས་ཀྱིས་ཉེ་བར་སྦྱོར་བའི་ཁྱད་པར་གྱི་སྟོབས་སུ་འགྱུར་བར་བྱའོ། །ཚིགས་སུ་བཅད་པའི་དབྱངས་ཙམ་གྱིས། །སྒྲུབ་པའི་ཡང་དག་དངོས་གྲུབ་སྤྱོད། ། ཤིན་ཏུ་སྟོང་མིན་གང་བ་མིན། །བཟའ་བ་ཀུན་ནས་སྦྱིན་པར་བྱ། །ཚ་བ་མངར་སྐྱུར་ལ་སོགས་པའི། །རོ་ལས་ཡུལ་བྲལ་ལྔ་ལ་ཡང་། །སྲེད་པ་ལྡན་པས་རོ་ལ་ནི། །སྲེད་པ་གང་ཕྱིར་སྐྱེ་བར་འགྱུར། །སྲེད་པས་བཟླས་དང་སྦྱིན་སྲེག་སོགས། །འདིར་ནི་ཅུང་ཟད་བརྩམ་མི་བྱ། །འདིར་སྤྲོ་འདིར་ནི་རྣམ་པར་ཤེས། །ལག་པ་ལྡག་ལ་སོགས་བརྗོད་པ། །དོར་བར་བྱ་འམ་དོར་བྱ་མིན། །ནང་དུ་གཡོག་པོ་ལྷ་རྣམས་ནི། །ཕུར་བུ་གནས་པར་ཡོངས་བརྟག་བྱ། །ལྷ་རྣམས་ཀྱི་ནི་ཁང་པ་འམ། །ཁང་སྟོང་དང་ནི་ཕུག་གི་ནང་། །ཤིང་གཅིག་གམ་ནི་དུར་ཁྲོད་དང་། །རི་བོ་དང་ནི་ཚང་ཚིང་དུ། །བཟླས་དང་སྦྱིན་སྲེག་སྒྲུབ་པ་ཡང་། །རྩེ་གཅིག་ཡིད་ཀྱིས་བྱ་བ་ཡིན། །མ་དག་མ་དག་ཀུན་དག་ལ། །དག་པ་རྣམ་པར་སྦྱོང་བ་ཡིན། །གཉིས་ཀ་ཡིས་ཀྱང་གཉིས་ཀ་ལ། །དངོས་གྲུབ་སྨྲ་བས་བསྒྲུབ་པར་བྱ། །གང་ཡང་རོ་ཡི་སྲད་བུ་དང་། །ལྷག་མ་དེ་ནས་འགོངས་པ་དང་། །ཟླ་མཚན་ལྡན་པས་ཀུན་ཏུ་རེག་།གདོལ་པའི་སྐྱེ་བོས་བསྐོལ་བ་ཡང་། །རུལ་པའི་དྲི་དང་སླར་ཡང་འབྱུང་། །ལེགས་བྱས་འདོད་པས་སྦྱིན་པར་བྱ། །ལྷ་རྣམས་ཆེད་དུ་བསྙེན་པ་ལས། །དེ་ལྟ་ལ་སོགས་ཡོན་ཏན་ལྡན། །ཟས་སམ་མལ་སྟན་ལ་སོགས་པ། །སྒྲུབ་པ་རང་གིས་བླངས་པ་འམ། །མིན་པ་ཉིད་ནི་བསྙེན་པར་བྱ། །བཏུང་བ་ལྡན་པས་གནས་དང་དགའ། །སྐྱེ་བོ་ངན་པའི་སེམས་ཅན་བཅས། །ཕྱི་རུ་ཀུན་ཏུ་བཏགས་པས་བླངས། །མཚམས་མེད་ལྔ་པོ་བྱེད་པ་པོ། །ནད་དང་འབྱུང་ཆེན་བྱེད་པ་དང་། །མེད་པ་འམ་ཡང་མངན་ཡང་། །ཟས་དང་ལེ་ལོས་བཅོམ་པ་དང་། ། དགེ་འདུན་འཁུ་དང་ངོ་ཚ་མེད། །སེར་སྣ་ལྷུར་ལེན་ཚོན་གྱིས་འབུགས། །རྟག་ཏུ་ལོག་པར་ལྟ་བ་གཞན། །དེ་ལ་སོགས་པའི་ཡོན་ཏན་ལྡན། །ཀུན་ཏུ་གསུངས་པ་མཛེས་པའོ། །དུས་མིན་ཁྲུས་ནི་མི་ནུས་ནའང་། །རང་གིས་ནུས་པ་མ་ཡིན་པ། །རང་གི་རླུང་ནི་མཆོག་ཏུ་བསྒྲགས། །དུས་གསུམ་མིན་པར་དེ་ཡོད་པ། །ཅིག་ཏུ་ཐེག་གསུམ་བྲལ་བ་དང་། །ཁྲུས་ཉེས་པ་དང་ཆུ་བོའི་ནང་། །ཉེས་པ་གསུམ་ཞེས་བྱ་བ་འཇོམས། །ཁྲུས་ནི་མཆོག་ཏུ་རབ་ཏུ་བསྒྲགས། །དེ་ཕྱིར་དུས་ཀྱང་ཀུན་བསམས་ནས། །མེ་དེས་སམ་ནི་དེ་ནས་ཀྱང་། །ཆུ་ཡིས་ཁྲུས་ནི་དངོས་གྲུབ་ཀུན། །སྒྲུབ་པ་པོ་ལ་བསྟན་པ་ཡིན། །དེ་ནས་ཀུན་ཏུ་ནད་པ་ལས། །གསང་བའི་སྔགས་ཀྱིས་ཁྲུས་རྣམས་ནི། །རབ་ཏུ་བསྒྲགས་བར་འགྱུར་བ་ཡིན། །ཡང་འདིར་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། བུདྡྷ་ཤུ་ཙི། དྷརྨ་ཤུ་ཙི། སཾ་གྷ་ཤུ་ཙི། ཨ་ནེ་ན་པརྱ། བཱ་ཀྱེ་ན། ཨ་ཤུ་ཙི་ཤུ་ཙི་ར། བྷ་བཱ་མི་སྭཱ་ཧཱ། སྔགས་འདིས་ཆུ་ལ་ལན་གཅིག་ཡོངས་སུ་བཟླས་ནས་བཀྲུ་བར་བྱའོ། །སྔོན་དུ་བསྙེན་པ་དང་། སྒྲུབ་པའི་དུས་སུ་དང་། ནད་པ་ལ་སྔགས་འདིས་ཁྲུས་བྱས་པས་གཙང་མར་འགྱུར་རོ། །མཚན་མོའི་སྟོད་དུ་ཐུན་གསུམ་དུ་དམ་པའི་ཆོས་ཀྱི་ཁ་ཏོན་ལ་སོགས་པ་རྣམས་ཀྱིས་དུབ་པས་མཚན་མོའི་གུང་ལ་ཀུ་ཤ་ལ་སོགས་པའི་སྟན་ལ་གཙང་སྦྲ་དང་། སྲུང་བའི་ཆོ་ག་དང་། ཕྱག་རྒྱས་ཡོངས་སུ་བརྟགས་ཏེ་བསྒྲུབ་པའི་ཐབས་ཀྱི་ཆོ་ག་བྱའོ། །དེའི་ཚེ་སྲུང་བ་བྱས་པར་འགྱུར་རོ། །སེང་གེའི་མལ་དུ་སྒྲུབ་པ་པོས་རྟག་ཏུ་སེང་གེའི་སྟབས་ཀྱི་ལྷོ་འམ། ཤར་གྱི་ཕྱོགས་སུ་མགོ་བོ་བསྟན་ནས་རྨི་ལམ་དུ་མེ་ཞི་བ་ཅན་ནམ། རྒྱས་བ་ཅན་གྱི་སྦྱིན་སྲེག་གལ་ཏེ་གྱུར་ན་ཤར་དང་། ལྷོའི་ལྷོ་རུ་ཀུན་ཏུ་གནས་ནས་རྐང་པ་རབ་ཏུ་བརྐྱང་བར་བྱའོ། །ནུབ་ཀྱི་ཕྱོགས་སུ་མགོ་བོ་བྱས་ནས་ལྷོའི་ཕྱོགས་སུ་ཁ་བལྟས་ལ་ཉལ་བར་བྱའོ། །རིག་པ་རྣམས་དང་ཡང་དག་པར་ལྡན་པས་གང་ཡང་ཙནྡན་དང་། བིལ་བ་ལ་སོགས་པ་དང་། ནྱ་གྲོ་དྷ་དང་། ཨུ་དུམ་བཱ་ར་ལ་སོགས་པ་རྨི་ལམ་དུ་མཐོང་ན་བདག་ཉིད་ཡང་དག་པར་འཕགས་པའི་དངོས་གྲུབ་ཀྱི་མཚན་མའོ། །ངང་པ་དང་། བྱ་ཀཱ་རཎྜ་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། བྱ་རོ་ཧ་ན་རྨི་ལམ་དུ་བྱུང་ན་དེའི་དངོས་གྲུབ་མྱུར་དུ་བདག་ལ་འབྱུང་བར་འགྱུར་རོ། །གོས་དཀར་པོ་དང་མཉམ་པར་ཀུན་ཏུ་སྟོན་པ་འདིའང་བདག་ཉིད་ཀྱང་ཚེ་འཕེལ་བར་མཐོང་ན་གདོན་མི་ཟ་བར་དངོས་གྲུབ་འབྱུང་བར་འགྱུར་རོ། །རྒྱལ་མཚན་གྱི་ཕྲེང་བས་ཁྱབ་པ་དང་། རྨི་ལམ་དུ་ཁང་བཟང་ལ་འཛེགས་པའམ། མནན་པ་ལ་སོགས་པ་བྱུང་ན་དངོས་གྲུབ་ཀྱི་མཚན་ཉིད་དེ་གྲུ་ལ་མངོན་པར་འཛེགས་པ་དང་། དེ་བཞིན་དུ་དེའི་པི་ཝང་འཛིན་པའོ། །རྒྱལ་མཚན་དང་། ཁྱི་ལ་སོགས་པ་རྨི་ལམ་དུ་རེག་པ་བྱུང་བ་དང་། ཆུ་ཅིག་ཏིལ་མར་གྱིས་རེག་པ་ཡང་དག་གྲུབ་པའི་མཚན་ཉིད་དོ། །རྨི་ལམ་དུ་བོང་བུ་དང་། རྔ་མོ་དང་། ཤིང་རྟ་ལ་སོགས་པ་རྣམས་མཐོང་བའམ། རེག་པ་ལ་སོགས་པ་ནི་དངོས་གྲུབ་ལ་བར་དུ་གཅོད་པར་ཤེས་པར་བྱའོ། །ངེས་པར་ཡང་འདོད་དོ། །དེ་ལ་སོགས་པའི་ཡོན་ཏན་ལྡན། །དགེ་བའི་ལས་དང་དགེ་ལས་གཞན། ། དེ་རྣམས་ཐམས་ཅད་སྒྲུབ་པ་ནི། །དེ་ཕྱིར་རྨི་ལམ་ཤེས་ནས་བྱ། །རྨི་ལམ་སྲུང་དང་ཕྱག་རྒྱ་ནི། །ཕན་ཚུན་ཉིད་དུ་རིག་པ་འཛིན། །བགེགས་རྣམས་རྟག་ཏུ་གཉིད་ལོག་བྱེད། ། རྣམ་པར་གཞོམ་བྱ་རྣམ་འཇོམས་པ། །ཡང་དག་ཉེར་གནས་དེ་ཡི་ཕྱིར། །བཟླས་དང་སྦྱིན་སྲེག་ལ་སོགས་ཀུན། །སྔར་བརྗོད་བསྲུང་བ་སྦྱར་བར་བྱ། །སྲུང་བའི་ཆོ་གའི་དབྱེ་བ་ལས། །དེ་འདིས་ཡང་དག་འགྲུབ་པར་འདོད། །མཁའ་ལ་རྒྱུ་བའི་ལྷ་གནོད་སྦྱིན། །རང་གྲུབ་ཡི་དྭགས་སྲིན་པོ་དང་། །ཀུན་ཏུ་རྒྱུ་བྱེད་རྣམས་འཇོམས་ཕྱིར། །རང་གི་གནས་དང་སེམས་ཀུན་གཡོ། །དེ་ཕྱིར་ཐོག་མ་ནས་བྱ་བ། །བདག་ཉིད་སྲུང་དང་མཚན་མ་ནི། །ཉེ་བར་མཚོན་པ་ལ་སོགས་པ། །སྒྲུབ་པ་ཀུན་གྱི་ཚེ་ན་འགྱུར། །མཚན་མ་མེད་པར་གྱུར་ན་ནི། །བགེགས་དེ་ལས་འབྲས་སྐྱེས་བ་ལ། །ཁྱི་ནི་གཡོན་ནས་འབྱིན་པ་དང་། །བ་ལང་སྦྱིན་དང་མཛེས་པ་ཡི། །འདབ་བརྒྱ་ཅན་དང་རྣབ་ཅན། །རི་དྭགས་ཅེ་སྤྱང་བྱ་རོག་དང་། །ཁྱིམ་གྱི་ཕག་པ་དེ་བཞིན་ཉིད། །རྩངས་པ་གདུགས་དང་རྒྱལ་མཚན་དང་། །བ་དན་ལ་སོགས་ཐམས་ཅད་ནས། །གཙོ་བོར་བརྗོད་བྱ་དགེ་བ་འོ། །དགེ་བ་ལ་སོགས་རིག་པ་ཡིས། །མི་དགེ་བ་ཡི་མི་དགེ་ལ། །དེ་བཞིན་མཆོག་དང་མཆོག་མིན་དབྱེ། །ཤེས་ནས་དང་པོར་སྤྱད་པར་བྱ། །བིལ་བ་ཨརྒའི་མེ་ཏོག་ནི། །མིན་ཉིད་འདོད་དང་ཨ་རམ་བ། །ཁྱད་པར་ལས་ནི་དེ་བྱིན་ཅིག་།བློ་ལྡན་སྔགས་པས་ལས་ཀུན་ལ།། མེ་ཐབ་རྣམ་པ་གསུམ་བྱ་འོ། །ལྷོ་རུ་མངོན་པར་ཁ་ཕྱོགས་པར། །གྱུར་པའི་ཧཱུཾ་ཕཊ་ཡི་གེ་ནི། །སྭཱ་ཧཱའི་གནས་སུ་གཞག་པར་བྱ། །ཡིད་ཀྱིས་ཀུན་ཏུ་བསམས་ནས་བྱ། །མངོན་སྤྱོད་ཅན་གྱི་ཆོ་ག་བྱ། །བྱང་དུ་མངོན་པར་ཕྱོགས་གྱུར་ནས། །སྭཱ་ཧཱའི་ཡི་གེ་དང་ལྡན་བཟླས། །ཡིད་ཀྱིས་བསམས་ནས་ཞི་བ་བྱ། །དགེ་བ་མངོན་པར་མཛེས་པ་ཅན། །ཤར་དུ་ཁ་ལྟས་ཉིད་ཀྱིས་བྱ། །ཞི་བ་ཅན་དང་རྒྱས་པ་ཅན། །བྱེ་བྲག་ཏུ་ནི་བརྗོད་བྱ་སྟེ། །འོག་ཏུ་ཁ་ལྟས་བྱས་ནས་ཀྱང་། །རྒྱས་པ་ཉིད་ལ་རབ་སྦྱར་བྱ། །མངོན་སྤྱོད་སྟོན་ལ་སྐྱིལ་ཀྲུང་སྟེ། །ཞི་དང་རྒྱས་པ་ཅན་བརྗོད་པའང་། །རང་གི་སྟན་ལ་ཙོག་བུར་བརྗོད། །མི་དགེའི་ལས་ཀྱི་ཀུན་སྤྱོད་ནི། །སྐྲ་དང་སེན་མོར་བརྗོད་པ་ནི། །བཅིང་བར་མི་བྱ་གང་གི་ཕྱིར། །གལ་ཏེ་སྒྲུབ་པོ་ཚངས་སྤྱོད་དང་། །ལྡན་གྱུར་དེ་ཚེ་ཉེས་པ་མེད། །བཟླས་དང་སྦྱིན་སྲེག་སོགས་བྱ་ལ། །འཐབ་མོ་འབྱུང་བར་མི་འགྱུར་རོ། །ཡོངས་སུ་དག་པར་བྱ་བཞིན་པའི། །སྐྲ་རྣམས་མཁས་པས་ཚུལ་དེ་ཉིད། །སྤུ་གྲིས་སྐྲ་ནི་བྲེག་པར་བྱ། །བསགས་པར་བྱ་བ་ཡང་མ་ཡིན། །དངོས་གྲུབ་འདོད་པས་གནས་པ་ནི། །ལྷ་རྣམས་མཆོད་པར་ཡོངས་སུ་བསྒྲགས།། འདོད་པའང་མིན་ཡང་སྟོབས་བསགས་པ། །དེ་ཉིད་ཕྱིར་ཡང་ཉེས་བཅས་འགྱུར། །སེན་མོའང་ཡོངས་སུ་འཆང་བ་དང་། །དེ་བཞིན་སོ་དང་སྤུ་ལ་སོགས། །དྲི་མ་ཉིད་ནི་བཅང་མི་བྱ། །ཤིག་ལ་སོགས་པ་རབ་སྐྱེས་པ། །དེ་ལས་སྲོ་མ་ལ་སོགས་འབྱུང་། །ཁྲོན་པ་དེ་ནི་བལྟ་མི་བྱ། །སྣང་བྱེད་གཟས་ཟིན་གནས་པ་ན། །དེ་བཞིན་གཤེགས་པའི་ཐེག་པ་ནི། །དངོས་གྲུབ་འདོད་པས་ཉམས་མི་བྱ། །ལྷ་རྣམས་མཆོད་པའི་དུས་སུ་ཡང་། །ཟས་མངོན་མ་གྱུར་ལྷ་རྣམས་ལ། །ཤེས་རབ་ཅན་གྱིས་མཆོད་མི་བྱ། །གལ་ཏེ་གཞན་དུ་བླ་མའི་བཀའ། །དམ་ཚིག་ལས་ནི་བཟླས་པར་འགྱུར། །སྔོན་དུས་ཆོས་རྣམས་ཐམས་ཅད་ནི། །ཉན་པ་སོགས་ཀྱིས་མཆོད་པར་འགྱུར། །རིག་པས་གཟུགས་ནི་སྤྲོས་ནས་ནི། །བསྟོད་པ་ཉིད་དང་བསྔགས་པར་བྱ། །དེ་ནས་གཅིག་ཏུ་བསམས་དམིགས་བྱ། །བརྗོད་པའི་རིམ་པས་རང་ཉིད་ཀྱིས། །ཚིག་འདི་ཁ་ནས་སྨྲ་བར་བྱ། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །རྫུ་འཕྲུལ་ཆེ་ལྡན་སྲིད་པ་ཡི། །རྒྱ་མཚོ་འདི་ལ་དགོངས་སུ་གསོལ། །ཞེས་པ་ཉིད་ནི་སླར་བརྗོད་ནས། །རྨི་ལམ་རྟག་ཏུ་ཉི་མ་ཡི། །ཐོ་རངས་ལ་ཡང་རབ་བསྔགས་འགྱུར། །མར་གྱི་སྦྱིན་སྲེག་སོགས་སྦྲང་རྩི། །དོན་མེད་མངོན་པར་བཟླས་བྱེད་པ། །སྦྱིན་སྲེག་མངོན་པར་མཛེས་པ་ནི། །བགེགས་གཞོམ་དོན་དུ་བརྗོད་པར་བྱ། །སོ་སོར་དགག་པའི་དོན་གྱི་ཕྱིར། །ཞི་བའི་སེམས་ནི་བསྔགས་པ་སྟེ། །དངོས་གྲུབ་འདོད་པའི་དོན་དུ་བྱ། །རྒྱས་པ་ཅན་ཡང་བཤད་བྱ་སྟེ། །དེ་བཞིན་ཀུན་ཏུ་ཡང་དག་བསམས། །སྒྲུབ་པོས་ལེགས་པར་བསྒྲུབ་པར་བྱ། །དེ་ནས་མཛེས་པའི་སྦྱིན་སྲེག་ནི། །རྟག་ཏུ་འབད་པས་བྱ་བ་ཡིན། །ངེས་པ་ཁོ་ནས་རྫུ་འཕྲུལ་འགྱུར། །སྐྱེ་བ་འདི་ཡི་དབང་བསྐུར་དོན། །བིལ་བ་མྱ་ངན་མེད་ལ་སོགས། །རབ་བརྗོད་པ་ལ་ཤ་དང་ནི། ། ཤྭཏྠ་དང་པ་ཛཱ་ཀ་།རྒྱས་པ་ཅན་ལ་སྦྱིན་སྲེག་ཀུན། །དེ་ཡི་ཡམ་ཤིང་བྱ་བ་ནི། །ུ་དུམ་བཱ་ར་ནྱ་གྲོ་དྷ། ། ཤྭཏྠ་དང་འོ་མར་བཅས། །གང་ཡང་ཞི་ལ་གྲགས་པ་ཉིད། །ལས་རྣམས་ཀུན་ལ་ཡམ་ཤིང་དོན། །སྒྲུབ་པ་སེང་ལྡེང་ཨ་རིཥྚ། །ནིམ་པ་དང་ནི་ཚེར་ཅན་བཤད། །དེ་བཞིན་གཞན་དུ་མངོན་མཛེས་པ། །ཡང་དག་སྒྲུབ་བྱེད་ཐེ་ཚོམ་མེད། །བ་བླ་མིག་སྨན་ལ་སོགས་པ། །རྫས་རྣམས་སྒྲུབ་པ་ལ་ཡང་ནི། །བ་བྱུང་ལྔ་ཡི་གཙང་སྦྲ་དང་། །དེ་ཚེ་རིག་པ་ལྡན་པ་ཡིས། །ཡང་ན་ལྷ་ཡི་ཆུ་ལ་ནི། །དྲི་ཞིམ་དྲི་སོགས་ཡང་དག་སྡོམ། །ུ་དུམ་བཱ་ར་གཤེར་འདབ་བསམ། །ཡང་ན་ཨ་ཤྭཏྠ་ལས་བྱུང་། །མེ་ཏོག་ཅན་གྱི་སྔགས་ཀྱི་ནང་། །བཱ་ན་ཏྲཻ་འམ་བཤོལ་ལྡན་ལ། །ཡོངས་སུ་སྲུང་བའི་ཆོ་ག་ནི། ། བྱས་ནས་ཆོ་ག་ལས་བསྒྲུབ་བྱ། །གསོ་སྦྱོང་ཅན་གྱིས་ཇི་སྲིད་དུ། །འཆར་བ་འབྱུང་བ་དེ་སྲིད་དུ། །ངེས་པར་སྒྲུབ་བམ་མུག་འདི་ནི། །ཉེ་བར་བླང་ཕྱིར་བླང་བར་བྱ། །བར་སྐབས་འདིར་བདག་ཉིད་ལ་དགོངས་སུ་གསོལ། །ཞེས་པ་ནི་སྲོག་ཆགས་ཐམས་ཅད་གསོད་པ་དང་། རྟག་ཏུ་གཞན་གྱི་ནོར་འཕྲོག་པ་ལས་ཀྱང་མི་ཚངས་པར་སྤྱོད་པ་ལས་དང་། ལག་ཏུ་བྱིན་པ་ཉིད་ལས་ཀྱང་རྟག་ཏུ་མྱོས་བྱེད་འཐུང་བ་དང་། །སྐྱེ་བོ་རྣམས་ཕན་ཚུན་གཉིས་འཐབ་པར་བྱེད་པ་རིམ་པ་གང་ལས་ཕྲེང་བ་དང་། ཁ་དོག་དང་། གར་གྱི་དོན་དང་། རོལ་པ་དང་། དྲེགས་པ་དང་། མལ་སྟན་ཆེན་པོ་དང་། མཐོན་པོ་ཅན་ལས་ལོག་སྟེ་གང་ད་ལྟ་དགྲ་བཅོམ་པ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་དང་ལྡན་པར་འགྱུར་བའོ། །བསྡུ་བར་བྱའོ་ཞེས་བརྗོད་པར་བྱ་བ་ཡོད་པ་བསམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུའང་མགྲོན་དུ་གཉེར་བར་བྱའོ་ཞེས་བརྗོད་ནས་བྱང་ཆུབ་ཀྱི་སེམས་ཀྱིས་བསྡུ་བར་བྱའོ། །རྟག་ཏུ་དཀོན་མཆོག་གི་རང་བཞིན་གྱི་སྐྱབས་འགྲོ་སྔོན་དུ་འགྲོ་བས་ཡང་དག་པར་བསྐྱེད་ནས་སྒྲུབ་པ་པོས་རིམ་པ་འདིས་ཐམས་ཅད་མཚམས་སྦྱར་ནས་བསྒྲུབ་པར་བྱའོ་ཞེས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སུ་བྷཱ་གེ་ཏཱ་རེ། དནྟེ་ཏུ་ཏཱ་རེ། ཨ་བཻ་བརྟ་ཀེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྐལ་བ་དང་བཅས་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྐལ་བ་བཟང་པོ་དང་ལྡན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སུ་ག་ཏ་དྷརྨ་ཏཱ་རེ། དཱ་ནཱ་དྷརྨ་ཏུཏྟཱ་རེ། ཨ་བེ་བརྟི་ཀ་དྷརྨ་ཀྵཱནྟི། ཀ་དྷརྨ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མའི་བདེ་བ་སྦྱིན་པ་ཞེས་བྱ་བ་ཕྱིར་མི་ལྡོག་པ་ཅན་གྱི་རིག་པ་སྟེ་རྟག་ཏུ་བཟླས་བས་གོས་ཀྱི་རྙེད་པ་འབྱུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། །རྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སུ་ཁ་དྷརྨ་ནིརྱ་ཏ། ཏཱ་རེ། དཱནྟ་དྷརྨ་ནིརྱ་ཏེ། དཱནྟ་དྷརྨ་ནིརྱ་ཏེ་ཏུཏྟཱ་རེ། ཨ་བེ་བརྟི་ཀ་། དྷརྨ་ནིརྱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ནོར་ཐམས་ཅད་བདེ་བླག་ཏུ་སྦྱིན་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་བདུག་པ་ཐམས་ཅད་རེངས་པར་བྱེད་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། བུདྡྷེ་ཏཱ་རེ། ཨ་བཻ་བརྟི་ཀ་དྷརྨེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སངས་རྒྱས་ཀྱི་བདེ་བ་སྦྱིན་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཁྱིམ་འབྱོར་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། བུདྡྷེ་ཏཱ་རེ་སུ་ག་དྷརྨ་ཏཱ་རེ། དཱནྟ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་བཻ་བརྟི་ཀ་དྷརྨེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སངས་རྒྱས་གྱིས་དུལ་བ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་འབྲས་བུ་འཕེལ་བར་འབྱུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། བུདྡྷེ་ཏཱ་རེ། ནི་དཱནྟ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་བཻ་བརྟི་ཀ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སངས་རྒྱས་ལྡན་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རབ་ཏུ་མི་གནས་པའི་བཟའ་བ་འབྱུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། བུདྡྷ་ཏཱ་རེ། བུདྡྷ་དྷརྨེ་ཏེ་ཏུ་རེ། བུདྡྷ་དྷརྨེ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སངས་རྒྱས་ཀྱི་བློ་གྲོས་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཐབས་མཁས་པ་རྣམས་ལ་བློ་སྐྱེ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སུ་ཁ་དེ་བ་ཏཱ་རེ། སུ་ཁ་དྷརྨེ་ཏུཏྟཱ་རེ་སུ་ཁ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་བདེ་བ་དང་ལྡན་མ་ཞེས་བྱ་བའི་རིག་པ་སྟེ་བཟླས་པས་ནས་འཕེལ་བ་སྐྱེ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མ་ནེ་ཏཱ་རེ་དཱནྟ་དྷརྨ་ནིརྱ་ཏེ། ཏཱ་རེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འདུལ་བ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དགྲ་ཐམས་ཅད་འདུལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ནནྟ་ཏཱ་རེ། དེ་བྱེ་ཏུཏྟཱ་རེ་ཨ་ནུཏྤནྟ་ཀེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་མཐའ་ཡས་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་བསོད་ནམས་མཐའ་ཡས་པ་སྐྱེ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ནནྟ་དྷརྨ་ཏཱ་རེ། དི་བྱི་དྷརྨེ་ཏུཏྟཱ་རེ་ཨ་ནུཏྤནྟི་ཀ་།དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་མཐའ་ཡས་ཤིང་མུ་མེད་པ་ཞེས་བྱ་བ་སྟེ་རྟག་ཏུ་བཟླས་པས་མཐའ་ཡས་པའི་བསོད་ནམས་སྐྱེ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ནནྟེ་ཏཱ་རེ། ཨ་ནནྟ་དྷརྨ་ཏུཏྟཱ་རེ། ཨ་ནནྟ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་མཐའ་ཡས་པ་ཐོབ་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ནོར་ཐོབ་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ནནྟ་དྷརྨ་ནིརྱཱ་ཏེ་ཏཱ་རེ། དེ་བྱི་དྷརྨ་ནིརྱ་ཏུཏྟཱ་རེ། ཨ་ནུཏྤནྟི་ཀ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་མཐའ་ཡས་བ་ཅན་དུ་སྐྱེད་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཁྱིམ་གྱི་འབྱོར་བ་མཐའ་ཡས་པར་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སིདྡྷེ་ཏཱ་རེ། སིདྡྷཱ་དྷརྨེ་ཏུཏྟཱ་རེ། སིདྡྷཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་འདོད་པའི་དངོས་གྲུབ་འབྱུང་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མི་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སིདྡྷེ་ཏཱ་རེ་ཨ་ནནྟ་ཏཱ་རེ། དི་བྱི་ཏུཏྟཱ་རེ་ཨ་ནུཏྤནྟི་ཀེ་ཤུ་ཏུ་ར་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་མཐའ་ཡས་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཐབས་ལ་མཁས་པའི་དུལ་བས་སེམས་ཅན་མཐའ་ཡས་པ་འདུལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ནིརྱ་སིདྡྷེ་སིདྡྷེ་ཏཱ་རེ། ཨ་ནནྟེ་ཏཱ་རེ་དི་བྱི་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གྲུབ་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ལྷའི་འགྲོ་བ་ཐོབ་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སིདྡྷེ་ཏཱ་རེ་ཨ་ནནྟ་རེ་ཨ་ནནྟ་དྷརྨ་ཏུཏྟཱ་རེ། དི་བྱ་དྷརྨེ་ཏུཏྟཱ་རེ། དི་བྱ་དྷརྨ་ཏུཏྟཱ་རེ། ཨ་ནུཏྤནྟི་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པའི་ཆོས་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དམྱལ་བར་མི་ལྟུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སིདྡྷེ་ཏཱ་རེ་ཨ་ནནྟ་དྷརྨ་ནིརྱཱ་ཏེ་ཏཱ་རེ་དི་བྱ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ་ཨ་ནུཏྤནྟ་ཀ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་སྐྱེ་བ་མེད་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དུག་གི་འཇིགས་པ་མི་འབྱུང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མོ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དི་བྱ་ཏུ་རེ་དི་བྱ་དྷརྨེ་ཏུ་རེ། ནིརྱཱ་དྷརྨེ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། རིག་པ་འདི་རྟག་ཏུ་བཟླས་པས་སེམས་ཅན་རྣམས་ལྷ་ཉིད་དུ་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སིདྡྷི་ཏཱ་རེ་ཨ་ནནྟ་དྷརྨ་ཏུ་རེ། ཨ་ནནྟ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་བ་ལྡན་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྟ་རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སིདྡྷི་ཏཱ་རེ། དི་བྱ་དྷརྨེ་ཏུ་རེ་དི་བྱ་དྷརྨེ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གླང་པོ་ཆེ་རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སིདྡྷེ་ཏཱ་རེ། ཨ་བཻ་བརྟི་ཀ་དྷརྨེ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གྲུབ་པ་མྱུར་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་བ་ལང་ཡང་དག་པར་འབྱོར་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ནུཏྤནྟི་ཀ་དྷརྨེ་ཏུཏྟཱ་རེ། ཨ་ནུཏྤནྟི་ཀ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྐྱེ་བ་མེད་པ་ཅན་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གོས་འབྱོར་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་དྭ་ཡེ་ཏཱ་རེ། ཨ་དྭ་ཡེ། དྷརྨེ་ཏུཏྟཱ་རེ། ཨ་དྭ་ཡ་དྷརྨེ་ནིརྱཱ་ཏེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གཉིས་སུ་མེད་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྒྱལ་པོ་དང་། བློན་པོ་གཉིས་སུ་མེད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་དྭ་ཡེ་ཏཱ་རེ། མཻ་ཏྲི་ཏུཏྟཱ་རེ་ཤུ་རཾ་ག་མེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གཉིས་སུ་མེད་པར་བྱམས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་ལ་བྱམས་པའི་བདག་ཉིད་ཅན་དུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་དྭ་ཡ་དྷརྨ་ནིརྱཱ་ཏེ། ཏཱ་རེ་མཻ་ཏྲི། དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གཉིས་སུ་མེད་བའི་དཔའ་མོ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྤྲོ་བ་དང་ལྡན་ཞིང་དཔའ་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་དྭ་ཡ་དྷརྨེ་ཏུ་རེ་མཻ་ཏྲི་དྷརྨེ་ཏུཏྟཱ་རེ། ཤཱུ་རཾ་ག་མ་ཡ་དྷ་མེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གཉིས་སུ་མེད་མའི་ཆོས་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་མི་ཚུགས་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཀྵཱནྟེ་ཏཱ་རེ་ཨ་དྭ་ཡེ་ཏཱ་རེ། མཻ་ཏྲི་ཏུཏྟཱ་རེ། ཤཱུ་རཾ་ག་མེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བཟོད་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཞི་བའི་སེམས་ཉིད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཀྵཱནྟེ་ཏཱ་རེ་ཤུ་རཾ་ག་མ། དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བཟོད་པའི་དཔའ་མོ་ཞེས་བྱ་བ་སྟེ་རྟག་ཏུ་བཟླས་ན་མི་ཐུབ་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཀྵཱནྟེ་ཏཱ་རེ་མཻ་ཏྲི་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དྲན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཀྵཱནྟེ་ཏཱ་རེ། ཨ་དྭ་ཡ་དྷརྨ་ཏུཏྟཱ་རེ། ཨ་དྭ་ཡ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བཟོད་པ་དང་གཉིས་སུ་མེད་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྒྱལ་པོའི་མདུན་ན་འདོན་དུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཀྵཱནྟེ་ཏཱ་རེ་ཨ་དྭ་ཡ་དྷརྨ་ཏཱ་རེ། མཻ་ཏྲི་དྷརྨ་ཏུཏྟཱ་རེ་ཤུ་རཾ་ག་མ་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བཟོད་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྒྱལ་པོའི་གནང་ཆེན་དུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཀྵཱནྟེ་ཏཱ་རེ། ཨ་དྭ་ཡེ་ཏཱ་རེ་མཻ་ཏྲི་ཏུཏྟཱ་རེ། ཤུ་རཾ་ག་མེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བཟོད་པ་དང་ལྡན་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྒྱལ་པོའི་ཕོ་བྲང་དུ་སྨྲ་བའི་མཆོག་ཏུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མོ་ཨ་མི་ཏཱ་དྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཀྵཱནྟེ་ཏཱ་རེ། ཀྵཱནྟེ་ཏཱ་རེ། ཀྵཱནྟེ་དྷ་རྨ་ཏུཏྟཱ་རེ། ཀྵཱནྟེ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བཟོད་པ་ངེས་པར་འབྱུང་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ནོར་ཐམས་ཅད་འཛིན་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་དྭ་ཡེ་ཏཱ་རེ། ཨ་དྭ་ཡ་དྷརྨེ་ཏུཏྟཱ་རེ། ཨ་དྭ་ཡ་དྷརྨ་ནིརྱཱ་ཏེ་ཏཱ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་གཉིས་སུ་མེད་པས་ཕོངས་པ་ལས་སྒྲོལ་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་དང་གཉིས་སུ་མེད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཻ་ཏྲི་ཏཱ་རེ། དྷརྨེ་ཏུཏྟཱ་རེ། མཻ་ཏྲི་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བྱམས་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་ལ་བྱམས་པའི་བདག་ཉིད་ཅན་དུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཤུ་རཾ་ག་མེ་ཏཱ་རེ། ཤུ་རི་ག་མེ་དྷརྨེ་ཏུཏྟཱ་རེ། ཤུ་རཾ་ག་མ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་དཔའ་བར་འགྲོ་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཆུའི་མཐའ་ལྟར་བདེ་བར་རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཤ་ར་ཎེ་ཏཱ་རེ། བོ་དྷི་ཏུཏྟཱ་རེ། པཱུ་ར་སེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྐྱབས་འོས་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཀྱི་འོས་སུ་ཡང་དག་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཤ་ར་ཎེ་དྷརྨེ་ཏཱ་རེ་བོ་དྷི་དྷརྨེ་ཏུཏྟཱ་རེ་པཱུ་རཱ་ཤ། དྷརྨ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྐྱབས་ཀྱི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཤ་རེ་ཎེ་ཏཱ་རེ། ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྐྱ་བས་ཀྱི་མཆོག་ཅེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སོ་སོའི་སྐྱེ་བོར་ཡང་དག་པར་གྱུར་པའི་སེམས་ཅན་ཐམས་ཅད་བ་ལང་དུ་མི་འགྱུར་རོ། །ན་མོ་ར་ཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཤ་ར་ཎེ་དྷརྨེ་ནིརྱཱ་ཏེ་ཏཱ་རེ། བོ་དྷི་ནིརྱཱ་ཏེ་ཏུཏྟཱ་རེ། པཱུ་ར་ཤ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྐྱབས་མྱུར་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཐམས་ཅད་དུ་ལེགས་པར་འོང་བར་བརྗོད་པ་སོ་སོར་རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མྲྀ་ཏེ་ཏཱ་རེ། སཽ་མྱཻ་ཏཱ་ར། ཨ་སཾ་སྐྲྀ་ཏེ་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདུད་རྩི་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་ལ་བདུད་རྩི་རབ་ཏུ་སྦྱིན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མྲྀ་ཏ་དྷརྨ་ནིརྱཱ་ཏེ་ཏཱ་རེ་སཽ་མེ། དྷརྨ་ནིརྱ་ཏེ་ཏུཏྟཱ་རེ། ཨ་སཾ་སྐྲྀ་ཏ་དྷརྨ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་བདུད་རྩིའི་ཆོས་ངེས་པར་འབྱུང་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་བདུད་རྩི་དང་ལྡན་པར་འགྱུར་ཏེ་བདེ་བ་ཐོབ་བོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མྲྀ་ཏ་དྷརྨ་ནིརྱཱ་ཏེ་ཏཱ་རེ་སཽ་མེ་དྷརྨ་ནིརྱ་ཏེ་ཏུཏྟཱ་རེ། ཨ་སཾ་སྐྲྀ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདེ་བ་ཉིན་ཅེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་འདོད་ཆགས་ཉེ་བར་ཞི་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཌི་ཌྷི་ཏཱ་རེ། ཤཱ་ར་ཎེ་ཏཱ་རེ། བོ་དྷེ་ཏུཏྟཱ་རེ། སུ་རཱ་སེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་བརྟན་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ནད་མེད་ཅིང་ལུས་བརྟན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྲྀ་ཌྷ་ཏཱ་རེ། ཤ་ར་ཎེ་དྷརྨ་ནིརྱཱ་ཏེ་ཏཱ་རེ། བོ་དྷི་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། བོ་དྷི་དྷརྨ་ནི་རྱཱ་ཏེ་ཏུཏྟཱ་རེ། པུ་རཱ་ས་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བརྟན་པར་འགྲོ་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཚེར་འགྱུར་ཏེ་མཆོད་རྟེན་གྱི་ལས་ལ་སོགས་པས་ཚེ་འཕེལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྲྀ་ཌྷོ་ཏཱ་རེ། བོ་དྷི་དྷརྨ་ཏུཏྟཱ་རེ་བོ་དྷི་ཤ་ར་ཎེ་དྷརྨ་ནིརྱཱ་ཏེ། པཱུ་རཱ་སེ་དྷརྨ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བརྟན་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་བཅོས་མ་དང་། བཅོས་མ་མ་ཡིན་པའི་དུག་ཐམས་ཅད་སེལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྲྀ་ཌྷ་ཏཱ་རེ། དྲྀ་ཌྷ་དྷརྨེ་ཏུཏྟཱ་རེ། དྲྀ་ཌྷ་དྷརྨ་ནི་རྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བརྟན་པ་དང་ལྡན་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་འཇིགས་པ་ཆེན་པོ་རྣམས་སེལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། ཨ་མྲྀ་ཏཱ་དྷརྨ་ནིརྱཱ་ཏེ་ཏཱ་རེ། སཽ་མྱེ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདུད་རྩི་ལེགས་པར་སྦྱར་བ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་འཆིང་བ་རྣམས་གྲོལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སཽ་མྱེ་ཏཱ་རེ་སཽ་མྱེ་དྷརྨེ་ཏུཏྟཱ་རེ་སཽ་མྱེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཞི་བ་ཉིད་ཀྱི་བདུད་རྩི་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་མཛེ་ཐམས་ཅད་སེལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། ཨ་མྲྀ་ཏེ་དྷརྨེ་ཏཱ་རེ། སཽ་མྱེ་ཏུཏྟཱ་རེ། སཾ་སྐྲྀ་ཏེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སོར་མོའི་ནད་ཐམས་ཅད་འཇོམས་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། དྷརྨ་དྷརྨ་ཏུཏྟཱ་རེ། དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་དང་། ཆོས་མ་ཡིན་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གསེར་གྱི་རྙེད་པ་འབྱུང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨ་ཏཱ་རེ། ཨ་མྲྀ་ཏཱ་དྷརྨེ་ཏཱ་རེ། སཽ་མྱེ་དྷརྨེ་བྷུ་ཏཻ་ཏཱ་རེ། ཨ་སཾ་སྐྲྀ་ཏ་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འདུས་བྱས་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དངུལ་གྱི་རྙེད་པ་འབྱུང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མྲྀ་ཏ་ཏཱ་རེ། ཨ་མྲྀ་ཏེ་དྷརྨེ་ཏུཏྟཱ་རེ། ཏུ་རེ་ཨ་མྲྀ་ཏ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདུད་རྩི་ཐམས་ཅད་ཀྱི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དབྱིག་འབྱུང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། ཨ་མྲྀ་ཏཱ་དྷརྨེ་ཏཱ་རེ། ཨ་མྲྀ་ཏཱ་དྷཱ་ཏུ་ཏཱ་རེ། ཨ་མྲྀ་ཏ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཐོབ་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྒྱུ་བ་ཐམས་ཅད་མཐོང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་སཾ་སྐྲྀ་ཏེ་ཏཱ་རེ། སཾ་སྐྲྀ་ཏེ་ཏཱ་རེ་ཏུཏྟཱ་རེ། ཨ་སཾ་སྐྲྀ་ཏ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འདུས་བྱས་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་མཁའ་འགྲོ་མས་ཟིན་པ་རྣམས་ལ་བལྟས་པས་གྲོལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨ་ཏཱ་རེ། སཽ་མྱེ་དྷརྨེ། དྷརྨ་ནིརྱཱ་ཏེ་ཏཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཞི་བའི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྲུལ་པོའི་གདོན་གྱིས་ཟིན་པ་ཐམས་ཅད་ལ་བལྟས་པས་གྲོལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨ་ཏཱ་རེ། ཨ་སཾ་སྐྲྀ་ཏ་དྷརྨེ་ཏུཏྟཱ་རེ་ཨ་སཾ་སྐྲྀ་ཏ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། རྟག་ཏུ་བཟླས་པས་སྲིན་པོའི་གདོན་གྱིས་ཟིན་པ་རྣམས་ལ་བལྟས་པས་གྲོལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ར་ཎ་དྷརྨ་ནིརྱཱ་ཏེ་ཏཱ་རེ་བིདྱཱ་དྷརྨ་ཏུཏྟཱ་རེ། ཨ་དཪྴ་ན་དྷརྨ་ནིརྱཱ་ཏེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འབབ་པ་མེད་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་བརྟན་པ་དང་། གཡོ་བ་ལ་སོགས་པའི་དུག་ཐམས་ཅད་སེལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་རུ་ཎེ་ཏཱ་རེ་བིདྱེ་ཏུཏྟཱ་རེ། ཨ་དི་དཪྴ་ནི་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྐྱ་རེངས་དང་པོ་མཐོང་བ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཡུལ་གྲུ་སྦྱིན་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ར་ཎེ་དྷརྨེ་ཏཱ་རེ་བིདྱཱ་དྷརྨེ་ཏུཏྟཱ་རེ། ཨ་ནི་དཪྴ་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ལོ་ཐམས་ཅད་ཡང་དག་པར་འབྱོར་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏྲཻ་བི་དྱེ་ཏཱ་རེ་ཨ་ར་ཎེ་ཏཱ་རེ། བིདྱཱི་ཏུཏྟཱ་རེ། ཨ་ནི་དཪྴ་ན་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གསུམ་གྱི་ཆོས་ཞེས་བྱ་བ་སྟེ་རྟག་ཏུ་བཟླས་པས་མཐའ་མཐོང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏྲཻ་བིདྱཱ་ཏཱ་རེ། ཨ་ར་ཎ་དྷརྨ་ཏཱ་རེ་བིདྱཱ་དྷརྨེ་ཏཱ་རེ་བིདྱཱ་དྷརྨེ་ཏུཏྟཱ་རེ། ཏྲཻ་བིདྱཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གསུམ་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྒྱལ་པོའི་མདུན་ན་འདོན་དུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མ་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏྲཻ་བིདྱཱ་ཏཱ་རེ། བདྱེ་ཏཱ་རེ་ཨ་ར་ཎ་དྷརྨེ་ཏཱ་རེ། བིདྱཱ་དྷརྨ་ཏུཏྟཱ་རེ། ཨ་ནི་དཪྴ་ན་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཉོན་མོངས་པ་མེད་པའི་རིག་པ་གསུམ་ཞེས་བྱ་བ་སྟེ་རྟག་ཏུ་བཟླས་པས་བུད་མེད་ཐམས་ཅད་ཀྱི་གནང་ཆེན་དུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏྲཻ་བིརྱཱ་ཏཱ་རེ། ཨ་ནི་དཪྴ་ནི། དྷརྨེ་ཏུཏྟཱ་རེ། ཨ་ནི་དཪྴ་ན་དྷརྨེ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གསུམ་བསྟན་དུ་མེད་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གཞི་ཐམས་ཅད་དབང་དུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་ས་ཏྭཱ་ཡ། ཏྲཻ་བིདྱེ་ཏཱ་རེ། ཨ་ར་ཎ་དྷརྨ་ནིརྱཱ་ཏེ་ཏཱ་རེ། བིདྱཱ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་ནི་དཪྴ་ན་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གསུམ་གྱི་ཆོས་ཞེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏྲཻ་བིདྱེ་ཏཱ་རེ། བིདྱཱ་ཏཱ་རེ། བིདྱཱ་དྷ་རྨེ་ཏུཏྟཱ་རེ། བི་དྱཱ་དྷ་རྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་པ་གསུམ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གྲོང་སྟོང་སྡོམ་པ་རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏཱ་ཡ། ཏྲཻ་བིདྱཱ་ཏཱ་རེ། ཨ་ར་ཎེ་དྷརྨེ་ཏུཏྟཱ་རེ། ཨ་ར་ཎ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གསུམ་རིག་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྒྱལ་པོའི་ཕོ་བྲང་ན་ཡོད་པ་ཐམས་ཅད་གནང་ཆེན་པོར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨརྷ་ཏེ་ཏཱ་རེ། ཨ་ར་ཎ་དྷརྨེ་ཏུཏྟཱ་རེ། ཨ་ར་ཎ་དྷརྨེ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འཐབ་པ་མེད་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྨྲ་བའི་མཆོག་ཏུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། བིདྱཱ+ེ་ཏཱ་རེ། བིདྱཱ་དྷརྨ་ནི་རྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སེམས་ཅན་ཐམས་ཅད་ལ་རིག་པ་སླར་ཡང་འབྱུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ར་ཎ་ཏཱ་རེ། དྷརྨེ་ཏུཏྟཱ་རེ། ཨ་མི་ཏཱ་བྷཱ+ེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ངེས་པར་ཤེས་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཡུལ་གྱི་བདག་པོར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་རི་ཎེ་ཏཱ་རེ། དྷརྨེ་ནི་རེ་ཎེ་ཏཱ་རེ་ནི་རེ་ཎེ། དྷརྨེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བུ་ལོན་མེད་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དབང་དུ་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ནི་རི་ན་དྷརྨ་ཏཱ་རེ། ཤཱནྟ་དྷརྨེ་ཏུཏྟཱ་རེ་ཨ་མི་ཏཱ་བྷཱ་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བུ་ལོན་དང་བྲལ་བའི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དྲི་ཟ་རྣམས་དབང་དུ་བྱེད་པར་འགྱུར་རོ། །དེ་རྣམས་ལྷའི་སྨན་རབ་ཏུ་སྦྱིན་ཏེ་དེ་རྣམས་ཟོས་པས་ལོ་སྟོང་འཚོ་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་དུའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ནིར་རི་ཎ་དྷརྨ་ནིརྱཱ་ཏུཏྟཱ་རེ། ཨ་མི་ཏཱ་བྷཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བུ་ལོན་མེད་པའི་འོད་དཔག་མེད་ཀྱི་ཆོ་ག་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཚངས་པའི་སྲིན་པོ་དང་བཅས་པ་རྣམས་དབང་དུ་བྱེད་དོ། །ན་མོ་རཏྣ་ཏཱ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ས་ཏྭེ་ཏུ་རེ་ནི་ར་ཎ། ནི་ར་ཎ། ནི་ཎི་དྷརྨེ་ནིརྱཱ་ཏེ་ཏཱ་རེ་དྷརྨ་དྷརྨ། ནིརྱཱ་ཏུཏྟཱ་རེ། ཨ་མི་ཏཱ་བྷཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་སྙིང་སྟོབས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གཞན་རྣམས་དང་། རང་གིས་བྱས་པའི་རྫས་རྣམས་དང་། རྫས་རྣམས་ཐམས་ཅད་ལ་དབང་བྱས་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སཏྭེ་ཏཱ་རེ་ནི་རི་ཎེ་ཏཱ་རེ། དྷརྨ་ཏུཏྟཱ་རེ་ཨ་མི་ཏཱ་བྷཱ+ེ་ཏུཏྟཱ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་སྙིང་སྟོབས་ཀྱི་འོད་དཔག་མེད་ཅེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་འབྱུང་པོ་ཐམས་ཅད་དབང་དུ་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ན་མོ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སཏྭེ་ཏཱ་རེ་སཏྭཱ་དྷརྨེ་ཏུཏྟཱ་རེ། སཏྭ་དྷརྨ་ནིརྱཱ་ཏེ་ཏཱ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་སྙིང་སྟོབས་ཀྱི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྲུལ་པོ་ཐམས་ཅད་དབང་དུ་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ས་ཏྭེ་ཏཱ་རེ་ནི་རི་ཎེ་དྷརྨ་ནིརྱཱ་ཏེ། དྷརྨ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་མི་ཏཱ་བྷཱ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྙིང་སྟོབས་ཐོབ་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རིག་པ་ཐམས་ཅད་དབང་དུ་བྱེད་ཅིང་མི་སྣང་བར་ཡང་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨ་ཏཱ་རེ། དྷརྨེ་ཏུཏྟཱ་རེ། དྷརྨ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཀུན་ཏུ་སྣང་བ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ལྷ་དང་། མཁའ་འགྲོ་མ་རྣམས་དབང་དུ་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། དྷརྨེ་དྷརྨེ་ཏུཏྟཱ་རེ་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཀྱི་རིག་པ་ཅན་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཀླུའི་བུ་མོ་ཐམས་ཅད་དབང་དུ་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། དྷརྨེ་དྷ་རྨེ་ཏུཏྟཱ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རྟག་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་ན་ཁྱིམ་ཆེན་པོའི་བདག་པོར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨེ་ཏཱ་རེ། དྷརྨེ་ནི་རི་ཎེ། དྷརྨ་ནི་རི་ཎ། དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འོད་དཔག་མེད་པའི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གང་འདོད་པ་དེ་འགུགས་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐ་ག་ཏཱ་ཡཱ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དྷརྨ་ཏཱ་རེ། དྷརྨ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་ཆོས་ཀྱི་སེམས་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སེམས་ཅན་རྣམས་ཀྱི་བསམ་གྱིས་མི་ཁྱབ་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མོ་གྷེ་ཏཱ་རེ། སཾ་གྷེ་ཏུཏྟཱ་རེ། སུ་ཁ་བ་ཏི་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གདོན་མི་ཟ་བར་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྟོབས་དང་། གཟི་བརྗིད་རྣམས་གདོན་མི་ཟ་བར་འབྱུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མོ་གྷ་དྷརྨ་ནིརྱཱ་ཏེ་ཏཱ་རེ། སཾ་གྷ་དྷརྨ་ནིརྱཱ་ཏེ་ཏུ་རེ་སུ་ཁ་བ་ཏི་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འཆི་བ་འཇོམས་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ལྷ་མ་ཡིན་གྱི་གནས་སུ་རབ་ཏུ་འཇུག་པ་རྙེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མོ་གྷ་ཏཱ་རེ། ཨ་མོ་གྷ་དྷརྨ་ཏུཏྟཱ་རེ་ཨ་མོ་གྷ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་འཆི་བ་འཇོམས་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྫུ་འཕྲུལ་འགྲུབ་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ཙིནྟྱ་ཏཱ་རེ། ཨ་མོ་གྷ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། སུ་ཁ་བ་ཏི་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་རིག་སྔགས་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་མི་སྣང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ཙིནྟྱེ་ཏཱ་རེ། ཨ་མོ་གྷ་ཏཱ་རེ། སུ་ཁ་བ་ཏི་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པའི་བདུད་རྩི་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རང་གི་ཁྱིམ་དུ་གཏེར་མཐོང་སྟེ་ཟད་མི་ཤེས་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ཙིནྟྱེ་ཏཱ་རེ། ཨ་ཙིནྟྱེ་ཏུཏྟཱ་རེ། ཨ་ཙིནྟྱེ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པའི་བདུད་རྩིའི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ལྷའི་བཅུད་ལེན་ཏུ་འགྱུར་རོ། །ན་མོ་རཏྣ་ཏྲཱ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ཙིནྟྱེ་ཏཱ་རེ། ཨ་ཙིནྟེ་དྷརྨ་ཏུཏྟཱ་རེ། ཨ་ཙནྟེ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དུས་མ་ཡིན་པའི་འཆི་བ་ཉེ་བར་ཞི་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་མོ་གྷ་དྷརྨ་ཏཱ་རེ་སཾ་གྷ་དྷརྨེ་ཏུཏྟཱ་རེ། སུ་ཁ་བ་ཏི་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པའི་དགེ་འདུན་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཚེ་རིང་པོར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ཙིནྟྱེ་ཏཱ་རེ། སཾ་གྷ་དྷརྨ་ཏུཏྟཱ་རེ། སཾ་གྷ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པའི་དགེ་འདུན་གྱི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ཙིནྟྱ་ཏཱ་རེ། ཨ་མོ་གྷ་དྷརྨ་ཏུཏྟཱ་རེ། ཨ་མོ་གྷ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་བདག་ཉིད་ཀྱི་སྐྱེ་བ་དང་། འཆི་བའི་དུས་མངོན་སུམ་དུ་ཤེས་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ཙིནྟྱེ་ཏཱ་རེ། སུ་ཁ་བ་ཏི་དྷརྨེ་ཏུཏྟཱ་རེ། སུ་ཁ་བ་ཏི་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདེ་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རང་འཆི་བར་ཤེས་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སུ་ཁ་བ་ཏི་དྷརྨེ་ཏཱ་རེ། སུ་ཁ་བ་ཏི་དྷརྨེ་ཏུཏྟཱ་རེ། སུ་ཁ་བ་ཏི་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་བདེ་བ་ཅན་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་བྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། སཾ་གྷེ་ཏཱ་རེ། སཾ་གྷ་དྷརྨ་ཏུཏྟཱ་རེ། སམ་གྷ་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་དགེ་འདུན་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྡིག་པ་བྱེད་པའང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་བ་ལོ་ཀི་ཏེ་ཏཱ་རེ། ཨཱི་ཤེ་ཏུཏྟཱ་རེ། ཨ་ནཾ་གི་ན་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྤྱན་རས་གཟིགས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་འཆི་བའི་དུས་སུ་སྤྱན་རས་གཟིགས་མཐོང་བར་བྱེད་དོ་དེ་ནས་ལྷའི་འགྲོ་བ་ཀུན་ནས་མཐོང་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་བ་ལོ་ཀི་ཏེ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨཱི་ཤ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཨ་ནཾ་ག་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྤྱན་རས་གཟིགས་ཀྱི་ཆོས་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་བས་ནོར་དང་ལྡན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་བ་ལོ་ཀི་ཏེ་དྷརྨ་ཏཱ་རེ་ཨཱི་ཤྭ་རཱ་དྷརྨེ་ཏུཏྟཱ་རེ། ཨརྒཾ་ག་ན་དྷརྨེ་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་སྤྱན་རས་གཟིགས་ལུས་མེད་ཅེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དྲི་ཐོབ་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨཱརྱ་ཏཱ་རེ། ཨ་བ་ལོ་ཀི་ཏེ་དྷརྨ་ནིརྱཱ་ཏེ་ཏཱ་རེ་ཨཱི་ཤ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ་ཨ་ནཾ་ག་ན་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། །འདི་ནི་འཕགས་མ་སྒྲོལ་མ་འཕགས་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྒྱལ་སྲིད་དང་། ཆོས་དང་། ལྷ་དང་། ནོར་ཡང་ཐོབ་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་བ་ལོ་ཀི་ཏེ་ཏཱ་རེ། ཨི་ཤེ་ཨ་ནི་ག་ནེ་ཏུ་རེ་སྭཱཧཱ། །འདི་ནི་འཕགས་མ་སྒྲོལ་མ་ཀུན་ནས་གཟིགས་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཡུལ་གྱི་དཔོན་པོར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨཱརྱ་ཏཱ་རེ། ཨ་བ་ལོ་ཀི་ཏེ་དྷརྨེ་ཏཱ་རེ། ཨཱི་ཤ་དྷརྨེ་ཏུཏྟཱ་རེ་ཨ་ནཾ་ག་ན་དྷརྨེ་ཏུ་རེ་སྭཱཧཱ། །འདི་ནི་འཕགས་མ་སྒྲོལ་མ་འཆི་མེད་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཕྱིར་ལྡོག་པར་མི་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨཱི་ཤེ་ཏཱ་རེ་ཨཱི་ཤ་དྷརྨ་ཏུཏྟཱ་རེ། ཨཱི་ཤ་དྷརྨེ་ནིརྱཱ་ཏེ་ཏུ་རེ་སྭཱ་ཧཱ། །འདི་ནི་འཕགས་མ་སྒྲོལ་མ་དབང་པོ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གདེངས་ཅན་དུ་མི་སྐྱེ་ཞིང་སྐྱེ་བར་མི་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨཱརྱ་ཏཱ་རེ། ཨ་ནཾ་ག་དྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། །འདི་ནི་འཕགས་མ་སྒྲོལ་མ་ལུས་མེད་ཅེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ལྷ་དང་། མི་རྣམས་ཀྱི་ནང་ན་སྐལ་པ་བཟང་པོར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨཱརྱ་ཏཱ་རེ། ཨ་བ་ལོ་ཀི་ཏེ་དྷརྨེ་ཏུཏྟཱ་རེ་སྭཱཧཱ། །འདི་ནི་འཕགས་མ་སྒྲོལ་མ་འཕགས་པ་ལྡན་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྨྲ་བ་ཐམས་ཅད་དུ་སྨྲ་བའི་མཆོག་ཏུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨཱི་ཤ་ཏཱ་རེ་དྷརྨ་ཏུཏྟཱ་རེ། ཨཱི་ཤདྷརྨ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། །འདི་ནི་འཕགས་མ་སྒྲོལ་མ་དབང་པོའི་མཆོག་ཅེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་དབང་ཕྱུག་ཏུ་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨཱི་ཤེ་ཏཱ་རེ། ཨཱི་ཤ་དྷརྨ་ནིརྱཱ་ཏུ་རེ་སྭཱཧཱ། །འདི་ནི་འཕགས་མ་སྒྲོལ་མ་དབང་པོ་ཐོབ་པ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གདོན་མི་ཟ་བར་ཐམས་ཅད་མཐོང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བེ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། རི་ཛུ་ཀརྨ་ཨཱརྱེ་ཏཱ་རེ། ཏཱ་ར་ཡ་བྷ་ག་བ་ཏི། ཏུཏྟ་རེ་སརྦ་བྷ་ཡ། མོ་ཙ་ནི་སྭཱཧཱ། འདི་ནི་འཕགས་མ་སྒྲོལ་མ་འཇིགས་པ་ལས་གྲོལ་བ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སྐྱེ་བ་དྲན་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏ་ར་ཎི། ཏྲཱ་ས་ཡ། ཤ་ཏྲུཾ་བྷ་ཡ། ནཱ་ཤ་ནི་མོ་ཅེ་ནི་ཏུ་རེ་སྭཱ་ཧཱ། འདི་ནི་འཕགས་མ་སྒྲོལ་མ་གཡུལ་ལས་བརྒལ་བ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ་ཏ་ཐ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏཱ་རེ་ཏཱ་རེ། ཏཱ་རཱ་ཡ། བྷ་ག་བ་ཏི་བནྡ་མོ་ཙ་ནི་སྭཱཧཱ། །འདི་ནི་འཕགས་མ་སྒྲོལ་མ་འཆིང་བ་གྲོལ་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་སེམས་ཅན་རྣམས་གྲོལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨ་ཏུཏྟཱ་རེ་ཏུ་ཏྟཱ་རེ་བ་ར་བཛྲ་མོཀྵ་ནི་སྭཱཧཱ། །འདི་ནི་འཕགས་མ་སྒྲོལ་མ་རྡོ་རྗེ་ལས་ཐར་བར་བྱེད་མ་ཞེས་བྱ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་རྡོ་རྗེའི་ཐོག་སེལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་རི་ཛུ་ཀ་དྷརྨ་ནིརྱཱ་ཏེ་ཏུཏྟཱ་རེ། ཤཱནྟཱ་ནིརྱཱ་ཏི་ཏཱ་རེ་ཏཱ་རེ་ཨ་ན་བྷི་ལཱ་སྱ། དྷརྨ་ནི་ཪྻཱ་ཏེ་ཏཱ་རེ་ཏཱ་རེ་ཏུ་རེ་ཧི་ན་ཏྲཱ་ས་ནི་བི་ཏཱ་ས་ནི་ཊེ་ཀ་ནི། མོ་ཧ་ནི། ཛ་མྦྷ་ནི། སྟམྦྷ་ནི། པྲ་བྷེ་ཙནྡྲ་པྲ་བྷེ། ཧི་ལི་ཧི་ལི། མི་ལི་མི་ལི། བེ་ག་ཤངས་ནི་ཀུཎྜི་ཀུཎྜ་མཧཱ་ཀུཎྜ། དྷ་རེ་དྷ་རེ། དྷ་ན་པ་ཏི་ཏཱ་རེ། ཏུ་རུ། ཀུ་རུ་ཀུ་རུ། ཨ་ཧཾ་ཡཱཾ་ཡཾ། ཙིནྟ་ཡ། སིན་ཏཱནྟ་སཱ་དྷཱ་ཡ་སྭཱཧཱ། །འདི་ནི་རྩ་བའི་རིག་པ་སྟེ་རྟག་ཏུ་བཟླས་པས་ཐམས་ཅད་སྒྲུབ་པར་བྱེད་དོ། །དེ་ནི་འདིའི་སྒྲུབ་ཐབས་ཀྱི་ཆོ་གའི་རིག་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱ་ཪྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སུ་རེ་སུ་རཱ་བི་ཏི་ཧ་ར་ཧ་ར་སྭཱཧཱ། །འདི་ནི་གུ་གུལ་གྱིས་སྤྱན་དྲང་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་ར་བ་ཏི། སརྦ་ཨརྠ་སཱ་དྷ་ནི། ཏིཥྛ་ཏིཥྛ། ཡཱ་བརྐཨཱརྱ། ས་དྡྷ་མ་ཧཱ་མ་སྭཱ་ཧཱ། འདི་ནི་མཆོད་ཡོན་གྱི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཧ་ར་ཧ་ར། ཀུ་རུ་ཀུ་རུ། གནྡྷ་ར་བཱ་སི་ནི་སྭཱ་ཧཱ། འདི་ནི་དྲའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་མོ་གྷེ། ཨ་མོ་གྷ། བཱ་སི་བ་ར་དེ་སྭཱ་ཧཱ། འདི་ནི་མེ་ཏོག་གི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། མེ་གྷ་སྭཱ་ར་ཀུ་རུ་སྭཱ་ཧཱ། འདི་ནི་བདུག་སྤོས་ཀྱི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ད་ནི་ད་ནི། ཧ་ན་ཧ་ན། ཀུ་རུ་ཀུ་རུ། དི་ཤྭ་བ་ལི་སྭཱ་ཧཱ། འདི་ནི་གཏོར་མའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨེ་ཏ་ཛྭ་ལི་ནི། ཛྭ་ལ་ཛྭ་ལ། དེ་བ་སྭཱ་ཧཱ། འདི་ནི་མར་མེའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཧི་རི་ཧི་རི། སུ་རུ་སུ་རུ། མུ་རུ་མུ་རུ། སརྦ་སཏྭཱ་ཀཱ་རུ་ཎི་ཀཱ། གཙྪ་ཏི་སྭ་བྷུ་བ་ནཾ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱཾ་ས་མ་ཡ་མ་ནུ་སྨ་རཱ་ཡ་སྭཱ་ཧཱ། འདི་ནི་གཤེགས་སུ་གསོལ་བའི་རིག་པ་སྟེ། མེ་ཏོག་དཀར་པོ་དང་མཆོད་ཡོན་གྱིས་གཤེགས་སུ་གསོལ་བར་འགྱུར་རོ། །ཞེས་པ་རྣམས་རྩ་བའི་རིག་པའི་སྒྲུབ་ཐབས་ཀྱི་ཆོ་གའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤ་ར་ཎེ་ཏཱ་རེ་སྭཱ་ཧཱ། སྒྲོལ་མ་ལ་སྐྱབས་སུ་གསོལ་བ་འདེབས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷརྨེ་ཏཱ་རེ་ཏུ་རེ་སྭཱ་ཧཱ། མེ་ཏོག་ལ་སོགས་པའི་འབྲས་བུ་ཆོས་ཀྱི་སྒྲོལ་མས་སེམས་ཅན་དབང་དུ་བྱེད་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སཏྭཱ་ཏཱ་རེ་ཏུ་རེ་སྭཱ་ཧཱ། སེམས་ཅན་རྣམས་ལ་འཕགས་མ་སྒྲོལ་མས་སེམས་ཅན་རྣམས་དགའ་བར་བྱེད་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཏྭཱ་ནི་རི་སྟི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སེམས་ཅན་སྒྲོལ་མས་བདེ་བ་ཐམས་ཅད་རབ་ཏུ་སྦྱིན་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ས་ཏྭ་སཏྭཱ་བ་ཏི་ཏཱ་རེ་སྭཱཧཱ། སྐྱེ་བོ་སྙིང་སྟོབས་དང་ལྡན་པ་རྣམས་དབང་དུ་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཱ་སྟེ་དྲྀ་ཌྷེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མས་བསྟན་པ་རྣམས་ལ་རྟག་ཏུ་བཟླས་པའི་སྦྱོར་བས་ཡུལ་སྦྱིན་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། རི་ཎི་རི་ཎི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བུ་ལོན་མེད་པ་ཞེས་བྱའོ། །ན་མོ་རཏྣ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཽ་མི་སཽ་མི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བདེ་བ་ཉིད་ཅེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭ་ཡ། ཏདྱ་ཐཱ། དྷརྨེ་དྷརྨ་བ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཆོས་ཀྱི་བློ་གྲོས་མ་ཞེས་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སུ་རེ་དྷ། སུ་ཁ་བ་ཏཱི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བདེ་བ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་བྱ་བ་ཙྪིནྟེ་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་རྒྱུན་མ་ཆད་པ་ཞེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭ་ཡ། ཏདྱ་ཐཱ། དྲྀ་ཌྷེ་དྲྀ་ཌྷེ་པྲ་ཏི་ཛྙཱ་བ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དམ་བཅའ་བརྟན་པ་ཞེས་བྱ་བའི་རིག་པའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛྙཱ་ན་ཛྙཱ་ན་མ་ཏི་ཙ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཡེ་ཤེས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཱུཀྵྨེ་སཱུཀྵྨེ་བ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཕྲ་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བཱིཪྻ་མ་ཏི་བཱིཪྻ་མ་ཏི་ཏཱ་རེ་བྷཱ་ག་བ་ཏི་སྭཱཧཱ། འཕགས་མ་སྒྲོལ་མ་བརྩོན་འགྲུས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། པྲ་བྷེ་པྲ་བྷ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འོད་ཟེར་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷརྨེ་དྷརྨ་བ་ཏི་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཆོས་ལྡན་མ་ཞེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་རྷ་ཏེ། སཾ་མྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཱི་ཤེ། ཨི་ཤ་བ་ཏཱི་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དབང་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་བ་ལོ་ཀི་ཏེ་བ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཀུན་ཏུ་གཟིགས་མ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཙནྟྲ་ཙནྟྲ། མ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཟླ་བ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཱུརྱ་སཱུརྱ་བ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཉི་མ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀཾ་ཏེ་ཤྭཱ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛྭཱ་ལེ་ཛྭཱ་ལ་བ་ཏི་བྷ་ག་བ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འབར་བ་ལྡན་མ་ཞེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བུདྡྷ་བུདྡྷ་བ་ཏི་ཏཱ་རེ་སྭཱཧཱ་ཡ། འཕགས་མ་སྒྲོལ་མ་སངས་རྒྱས་མའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷརྨེ་དྷརྨ་བ་ཏཱི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཆོས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏཱ་ཐ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཾ་གྷེ་ཏཱ་རེ། སཾ་གྷེ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དགེ་འདུན་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛ་ཡེ་ཏཱ་རེ། ཛ་ཡ་བ་ཏི། བྷ་ག་བ་ཏི། ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་རྒྱལ་བ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དཱ་ནེ། དཱ་ན་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སྦྱིན་པ་ལྡན་མ་ཞེས་བྱའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བྱཱུ་ཧེ་བྱཱུ་ཧེ། བ་ཏཱི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བཀོད་པ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་ཌྷྱེ་ཨ་ཌྷྱེ་བ་ཏྭ་ཏཱ་རེ་བྷ་ག་བ་ཏི་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཕྱུག་པོ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶ་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཱ་བ་ཏི། ཨཱ་བ་ཏི། ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སྲུང་བྱེད་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨནྟེ་ཨནྟ་བ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་མཐའ་ཡས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་བ་ལོ་ཀི་ནི་ཨ་བ་ལོ་ཀི་བ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཀུན་ཏུ་ལྟ་བ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཪྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཱི་ལེ་ཤཱི་ལ་བ་ཏི། ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཚུལ་ཁྲིམས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀྵཱནྟ་ཀྵཱནྟ་བ་ཏི་ཏཱ་རེ་བྷ་ག་བ་ཏི་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བཟོད་པ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བིརྱེ་བིརྱེ་བ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བརྩོན་འགྲུས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷྱ་ནེ་དྷྱ་ན་པ་ཏི། ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བསམ་གཏན་ལྡན་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲཛྙཱ+ེ་བ་ར་པྲཛྙཱ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་གཞན་པའི་ཤེས་རབ་ལྡན་མ་ཞེས་བྱ་བའོ། །ན་མོ་ར་ཏྣ་ཏྲ་ཡཱ་ཡ། ན་མ་ཨཪྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨུ་པཱ་ཡེ། ཨུ་པཱ་ཡ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཐབས་ལྡན་མ་ཞེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀཽ་ཤ་ལྱ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་མཁས་པ་ཉིད་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྭ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལེ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛྱོ་ཏི་ཛྱོ་ཏི། པ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སྐར་འོད་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བོ་དྷྱངྒེ། བོ་དྷྱཾ་ག་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་མ་ཞེས་བྱ་བའི་རིག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཱ་རེ་ཨཱརྱ་བ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་རིང་དུ་སོང་བ་དང་ལྡན་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྲྀཥྚ་དྲྀཥྚ་པ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བལྟས་པ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲ་ཏྱ་ཡེ་པྲ་ཏྱ་ཡ་བ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་རྒྱན་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་ནཾ་ག་ནེ་ཨ་ནཾ་ག་པ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ལུས་མེད་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨེ་ཀ་ཨེ་ཀ་བ་ཏི་ཏཱི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་གཅིག་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པཱ་རེ་པཱ་ར་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཕ་རོལ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤི་ཁི་ཤི་ཁ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་གཙུག་ཕུད་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤུདྡྷེ་ཤུདྡྷ་བ་ཧི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དག་པ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བི་ཤུདྡྷེ་བི་ཤུདྡྷ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དག་པ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤུ་བྷེ་ཤུ་བྷ་བི་ཏ་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དགེ་བ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭ་ཡ། ཏདྱ་ཐཱ། ཏྲཱ་ས་ཏྲཱ་ས་ནི། ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སྐྲག་བྱེད་མ་ཞེས་བྱ་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། མཱརྒེ་མཱརྒ་བ་ཏཱི་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ལམ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཱ་ཡུ་ཥེ། ཨཱ་ཡུ་ཥ་བ་ཏི་ཏཱ་རེ་བྷ་ག་བ་ཏི་སྭཱཧཱ། འཕགས་མ་སྒྲོལ་མ་ཚེ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨུ་ད་ཀ་ཨུ་ད་ཀ་བ་ཏཱི། ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཆུ་བོ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བིགྷྣ་བིགྷྣ་བ་ཏཱི། ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བགེགས་ཅན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀཱ་ཤེ་ཀཱ་ཤ་བ་ཏཱི་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་གསལ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བཛྲེ་བཛྲ་བ་ཏཱི་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་རྡོ་རྗེ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ལོ་ཀེ་ལོ་ཀ་བ་ཏཱི་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འཇིག་རྟེན་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲཧྨེ། པྲཧྨ། བཱ་ཏཱི་ཏཱ་རེ། ཏཱ་ར་བ་ཏཱི་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཚངས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལེ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། མཻ་ཏྲི་མཻ་ཏྲ་བ་ཏཱི་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བྱམས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བྷ་དྲེ་བྷ་དྲེ་བ་ཏཱི་ཏུཏྟཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བཟང་པོ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭ་ཡ། ཏདྱ་ཐཱ། གྷོ་ཥེ་གྷོ་ཥ་བཱ་ཏི་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དབྱངས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སུ་ར་སུ་ར་བ་ཏཱི་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ལྷ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བོ་དྷི་བོ་དྷ་བ་ཏི་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་རྟོགས་པ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ག་ག་ནེ་ག་ག་ན་བ་ཏཱི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ནམ་མཁའ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བཱི་རེ་བཱི་ར་བ་ཏཱི་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དཔའ་མོ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཧི་ར་ཎྱེ། ཧི་ར་ཎྱ་བ་ཏཱི་ཏུ་རུ་ཏུ་རུ་སྭཱཧཱ། འཕགས་མ་སྒྲོལ་མ་དབྱིག་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷ་ནེ་དྷ་ན་བ་ཏཱི་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ནོར་དང་ལྡན་མ་ཞེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཪྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དི་བྱེ་དི་བྱ་བ་ཏི་ཏཱ་རེ་ཏཱ་རེ་ཏུ་རུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བརྩེ་བ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨརྷ་ཏེ་ཨརྷ་བ་ཏཱི་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་མཆོད་པ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་བྷ་ཡེ་ཨ་བྷ་ཡ་བ་ཏཱི། ཏཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་མི་འཇིགས་པ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པདྨེ་པདྨ་བ་ཏཱི་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་པདྨ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤྲི་ཡེ་ཤྲི་ཡ་བ་ཏཱི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དཔལ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བྷཱ་སེ་བྷཱ་ས་བ་ཏི་ཏཱ་རེ་བྷ་ག་བ་ཏེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཚུལ་ཁྲིམས་ཀྱི་མཐུ་སྟོབས་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དཱ་ནེ་དཱ་ཏ་པྲ་བྷེ། དཱ་ཏཱ། ཏཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སྦྱིན་པའི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཱི་ལེ་ཤཱི་ལ་པྲ་བྷེ་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཚུལ་ཁྲིམས་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀྵཱནྟི་ཀྵཱནྟ། པྲ་བྷེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བཟོད་པའི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བིརྱ་བིརྱ་པྲ་བྷ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བརྩོན་འགྲུས་ཀྱི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷྱ་ནེ། དྷྱ་ན་པྲ་བྷེ་ཏུཏྟཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བསམ་གཏན་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲཛྙཱ+ེ་པྲ་བྷེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཤེས་རབ་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨུ་པཱ་ཡེ། ཨུ་པཱ་ཡ། བྲ་བྷེ། ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཐབས་ཀྱི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བེ་དྷྱེ་ཡ། བེ་དྷྱ་པྲ་བྷེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འབིགས་པའི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སྭ་བྷཱ་བྷེ་སྭ་བྷཱ་བ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་རང་བཞིན་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཾ་གྷེ། སཾ་གྷ་པྲ་བྷཱ+ེ་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དགེ་འདུན་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷརྨེ་དྷརྨ་པྲ་བྷེ་ཏུཏྟཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཆོས་ཀྱི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བུདྡྷེ་བུདྡྷ་པྲ་བྷེ་ཏུཏྟཱ་རེ་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སངས་རྒྱས་ཀྱི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཱི་ཤེ་ཨཱི་ཤཱ་པྲ་བྷེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དབང་པོའི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྲྀ་ཌྷི་དྲྀ་ཌྷི་པྲ་བྷེ་དྲྀ་ཌྷ། པྲ་བྷེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བརྟན་པའི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཀྟེཏྟ་རེ། ཤིཀྐ་པྲ་བྷེ་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ནུས་པའི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་བྱ་ཡ་ཏཱ་རེ་ཨ་བྱ་ཡ་པྲ་བྷེ་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་མི་ཟད་པའི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ནི་རཉྫ་ནི་ཏ་རེ། ནི་རཉྫ་ན་པྲ་བྷེ། ནི་རཉྫ་ན་པྲ་བྷེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་མིག་སྨན་མེད་པའི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཱུཀྵྨེ་ཏཱ་རེ། སཱུ་ཀྵྨ་པྲ་བྷེ། སཱུཀྵྨ་པྲ་བྷེ་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འོད་ཕྲ་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་བ་ཡ་བི་ཏཱ་རེ། ཨ་བ་ཡ་བ་པྲ་བྷེ། ཏཱ་རེ་ཏཱ་རེ། ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཆ་ཤས་ཀྱི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། མཱརྒ་མཱ་རྒ་པྲ་བྷེ། ཏཱ་རེ་ཏཱ་རཱ་ཡ། བྷ་ག་བ་ཏི་སྭཱཧཱ། འཕགས་མ་སྒྲོལ་མ་ལམ་གྱི་འོད་ཅེས་བྱ་བའོ། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དུཿཁེ་དུཿ། བ་པྲ་བྷེ་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སྡུག་བསྔལ་རབ་བསལ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷ་ནྱ་དྷ་ནྱ་བྲ་བྷེ། དྷ་ནྱེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འབྲུའི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཱ་བ་ར་ཎེ། ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཀུན་ཏུ་སྒྲིབ་པའི་འོད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། དྷརྨེ་དྷརྨེ། དྷརྨ་ཨ་བ་བྷཱ་སེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཆོས་ཀྱི་ཀུན་ཏུ་སྣང་བ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཾ་གྷེ། སཾ་གྷ་ཏཱ་རེ། སཾ་གྷ་ཨ་བ་བྷཱ་སེ། ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དགེ་འདུན་ཀུན་ཏུ་སྣང་བ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བུདྡྷེ་བུདྡྷ་ཏཱ་རེ། བུདྡྷ་ཏེ་ཛེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སངས་རྒྱས་ཀུན་ཏུ་སྣང་བ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨུ་པཱ་ཡེ། ཨུ་པཱ་ཡ། ཏཱ་རེ་ཨུ་པཱ་ཡ་ཏ་ཛེ་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཐབས་ཀྱི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བཱ་རེ་པཱ་རེ་ཏཱ་རེ་པཱ་ར་ཏེ་ཛེ་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཕ་རོལ་གྱི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཀྵ་ཡ་ཨཀྵ་ཡ་ཏེ་ཛེ། ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་གཟི་བརྗིད་མི་བཟད་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དཱ་ནེ་དཱ་ན་ཏཱ་རེ་དཱ་ན་ཏེ་ཛེ་ཏུཏྟཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སྦྱིན་པའི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཱི་ལེ་ཤཱི་ལ། ཏཱ་རེ་ཤཱི་ལ་ཏེ་ཛེ་ཏུཏྟཱ་རེ་ཏུཏྟཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཚུལ་ཁྲིམས་ཀྱི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀྵཱནྟེ་ཀྵཱནྟ་ཏཱ་རེ་ཀྵཱནྟ་ཏེ་ཛེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བཟོད་པའི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བཱིཪྻ། བཱིཪྻ་ཏཱ་རེ། བཱིཪྻ་ཏེ་ཛེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བརྩོན་འགྲུས་ཀྱི་གཟི་བརྗིད་ཅེས་བྱ་བའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷྱ་ནེ་དྷྱ་ན་ཏཱ་རེ་དྷྱ་ན་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བསམ་གཏན་གྱི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲ་ཛྙཱ+ེ་པྲ་ཛྙཱ+ེ་ཏཱ་རེ་པྲ་ཛྙཱ་ཏེ་ཛེ་ཏུ་རེ་ཏུ་རེ་ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཤེས་རབ་ཀྱི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲ་བྷེ། པྲ་བྷ་ཏེ་ཛེ་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་འོད་ཟེར་གྱི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་པ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། མ་དྷྱེ། མ་དྷྱ་ཏཱ་རེ། ཏུ་རེ་ཏུ་རེ། ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དབུ་མའི་སྒྲོལ་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ་། ཏདྱ་ཐཱ། ནིར་མ་ལེ། ནི་ར་མ་ལ། ཏཱ་རེ། ནིར་མ་ལེ་ཏེ་ཛེ། ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་གཟི་བརྗིད་དྲི་མ་མེད་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤུདྡྷ། ཤུདྡྷ་ཏཱ་རེ་ཤུདྡྷ་ཏེ་ཛེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དག་པའི་སྒྲོལ་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སི་ཏེ་སི་ཏེ་ཏཱ་རེ། སི་ཏཱ་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དཀར་བའི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། མཾ་ག་ལྱེ་མཾ་ག་ལྱ། མཾ་ག་ལ་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་བཀྲ་ཤིས་པའི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བོ་དྷི་བོ་དྷ་ཏཱ་རེ་བོ་དྷི་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་བྱང་ཆུབ་ཀྱི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ནི་རྀ་ཎེ་རྀ་ཎེ་ནི་རཾ་ཎ་ཏཱ་ཡེ། ནི་རྀ་ཎ་ཏེ་ཛེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་བུ་ལོན་མེད་པའི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བེ་གེ་བེ་ག་བ་ཏི་ཏེ་ཛེ་ཏུ་རེ་ཏཱ་རེ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཤུགས་ཀྱི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སྭ་པྣེ། སྭ་པྣ་ཏཱ་རེ། སྭབྣ་ཏེ་ཛེ་ཏུ་རེ་ཏུ་རེ། ཏཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་རྨི་ལམ་གྱི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་ནནྟེ། ཨ་ནནྟ་ཏཱ་རེ་ཨ་ནནྟ་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་གཟི་བརྗིད་མཐའ་ཡས་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། གནྡྷེ་གནྡྷ་ཏཱ་རེ། གནྡྷ་ཏེ་ཛེ། ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་དྲིའི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། མོ་ཧ་ནི་མོ་ཧ་ནི་ཏཱ་རེ་ཏེ་ཛེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་རྨོངས་བྱེད་མའི་གཟི་བརྗིད་ཅེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་པ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་ར་བུདྡྷ་མ་ཏི་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་སངས་རྒྱས་ཀྱི་བློ་གྲོས་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་དྷརྨ་མ་ཏེ་ཏུ་ཏྟཱ་རེ་ཏཱ་རེ་ཏཱ་རེ་མི་ཏི་སྭཱཧཱ། །འཕགས་མ་སྒྲོལ་མ་ཆོས་ཀྱི་བློ་གྲོས་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་སཾ་གྷེ་སཾ་གྷ་ཏཱ་རེ་སཾ་གྷ་མ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དགེ་འདུན་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། མཻ་ཏྲེ་ཏཱ་རེ། མཻ་ཏྲ་ཏུ་རེ། མཻ་ཏྲ་མ་ཏི་ཏཱ་རེ་སྭཱཧཱ། ། འཕགས་མ་སྒྲོལ་མ་བྱམས་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀུ་སུ་མེ་ཏཱ་རེ། ཀུ་སུ་མ་དྷརྨེ་ཏཱ་རེ། ཀུ་སུ་མ་མ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་མེ་ཏོག་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བྷ་ཏྲེ་ཏཱ་རེ། བྷ་དྲ་དྷརྨེ་ཏུཎྟ་རེ་ཏུ་རེ་བྷ་དྲ་བ་ཏི་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་བཟང་པོ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཌྷེ་ཏཱ་རེ། ཨཱཌྷེ་ཏུཏྟཱ་རེ་ཏུ་རེ་མ་ཏི་སྭཱཧཱ། །འཕགས་མ་སྒྲོལ་མ་འབྱོར་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། གྲྀ་ཧེ་ཏཱ་རེ་གྲྀ་ཧ་མ་ཏི་ཏཱ་རེ་ཏུཏྟཱ་རེ་ཏུཏྟཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཁྱིམ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དེ་བེ་ཏཱ་རེ། དེ་བ་མ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ལྷ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། རྀ་ཛུ་ཀ་ཏཱ་རེ་རི་ཛུ་དྷརྨ་ཏཱ་རེ་རི་ཛུ་ཀ་མ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་དྲང་པོ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཽ་མྱེ་ཏཱ་རེ་སཽ་མྱ་དྷརྨེ་ཏཱ་རེ་ཏུཏྟཱ་རེ་ཏུཏྟཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཟླ་བ་ཉིད་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཏྭེ་ཏཱ་རེ་སཏྭེ་ཏུཏྟཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་སྙིང་སྟོབས་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀུ་རུ་ཏཱ་རེ་སུ་རུ་ཏཱ་རེ་ཀྵ་ཡ་མ་ཏི་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་མི་ཟད་པ་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བི་པུ་ལ་ཏཱ་རེ། བི་པུ་ལ་དྷརྨ་ཏཱ་རེ། བི་པུ་ལ་དྷརྨ་བ་ཏི་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཡངས་པའི་ཆོས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏེ་ཛེ་ཏཱ་རེ། ཏེ་ཛེ་བ་ཏི་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་གཟི་བརྗིད་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བི་དྷི་བ་ཏི་ཏཱ་རེ། བི་དྷི་བ་ཏེ་ཏཱ་རེ། བི་དྷ་བ་ཏི་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་མཆོག་ལྡན་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དཱ་ན་དཱ་ན་ཏཱ་རེ་དཱ་ན་པ་ཏ་ཏཱ་རེ་ཏུཏྟཱ་རེ། ཏུཏྟཱ་རེ་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་སྦྱིན་པའི་བདག་པོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀཱི་ཏ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨུ་པཱ་ཡ་ཏཱ་རེ། ཨུ་པཱ་ཡ་སཏྭཱ་ཏཱ་རེ། ཨུ་པཱ་ཡ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཐབས་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཱི་ལེ་ཏཱ་རེ་ཏུཏྟཱ་རེ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཚུལ་ཁྲིམས་དང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཀྵཱནྟི་བ་ཏི་ཏཱ་ར་ཏཱ་རེ་ཏུཏྟཱ་རེ་ཏུཏྟཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་བཟོད་པ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤུ་བྷེ་ཏཱ་རེ་ཏུཏྟཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་ཤུ་བྷ་མ་ཏི་ཏཱ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་དགེ་བ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སཱུརྱ་ཏཱ་རེ་ས་མཱ་ན་ཏུཏྟཱ་རེ་ཏུ་རེ་ཏུ་རེ་ཏཱ་རེ་སཱུརྱ་མ་ཏི་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཉི་མ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཙནྟྲ་ཏཱ་རེ་ཙནྟྲ་ས་མེ་ཏཱ་རེ་ཏཱ་རེ་ཙནྟྲ་བྷི་ས་མེ་ཏཱ་རེ་ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཟླ་བ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛྭ་ལི་ནི་ཏཱ་རེ། ཛྭ་ལ་ས་མེ་ཏཱ་རེ། ཛྭ་ལ་བ་ཏཱི་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་འབར་བ་ལྡན་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བྲཧྨེ་ཏཱ་རེ། བྲཧྨེ་ས་མེ་ཏཱ་རེ། བྲཧྨ་ཎི་ས་མེ་ཏཱ་རེ་པྲཧྨ་མ་ཏི་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཚངས་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨིནྟྲེ་ཏཱ་རེ། ཨིནྟྲེ་ས་མེ་ཏཱ་རེ། ཨིནྟྲ་པ་ཏི་ཏཱ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་དབང་པོའི་བདག་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐའ། ཨནྣ་ཏ་རེ་ཨནྣ་བ་ཏི་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ལས་ཀྱི་བདག་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཱ་ཀཱ་ཤེ་ཏཱ་རེ། ཨཱ་ཀླ་ཤ་པ་ཏི་ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཀུན་ནས་གསལ་བའི་བདག་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ག་ག་ནེ་ཏཱ་རེ་ག་ག་ན་པ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ནམ་མཁའི་བདག་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། །མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཛ་ཡ་ཏཱ་རེ་ཛ་ཡ་པ་ཏི་ཏཱ་རེ། ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་རྒྱལ་བའི་བདག་མོ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སརྦ་ད་བ་ཏཱ། སྭ་ར་ཏཱ་རེ་ཨ་བྷི་སྭཱ་ར་པ་ཏི་ཏཱ་རེ་ཏུ་རེ་ཏུ་རེ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་འོད་གསལ་གྱི་བདག་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲ་དྷ་ན་པྲ་ཏི་ཏཱ་རེ། པྲ་དྷཱ་ནེ། ཏཱ་རེ་ཏུ་རེ་ཏུ་རེ་པྲ་དྷཱ་ན་པ་ཏི་སྭཱཧཱ། །འཕགས་མ་སྒྲོལ་མ་གཙོ་བོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སརྦ་དེ་བ་ཏཱ་རེ། སརྦ་དེ་བ་པ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ལྷ་ཐམས་ཅད་ཀྱི་བདག་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ས་མནྟེ་ཏཱ་རེ། ས་མནྟཾ་བ་ཏི་ཏཱ་རེ། ས་མནྟ་མ་ཏེ། ཏཱ་རེ་ཏུ་རེ་ཏ་རེ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཀུན་ཏུ་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱཱ་ཐཱ། ས་མྲྀ་དྷརྨ་ཏི་ཏཱ་རེ་ཏུ་རེ་ཏུ་རེ་ཏཱ་ར་ཡ་ཏཱ་རེ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཡང་དག་པར་བསགས་པའི་བདག་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨཱི་ཤེ་ཏཱ་རེ་ཨཱི་ཤྭ་ཏི་ཏཱ་རེ་ཏཱ་རེ་ཏུ་རེ་ཨཱི་ཤ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་དབང་ལྡན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་ཏཱ་རེ་ཏཱ་རེ་སུ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ལེགས་པའི་སྒྲོལ་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་བྷ་ག་བ་ཏེ། བྷ་ཡ་མོ་ཙ་ནི་ཏྲཱ་སེ་ཏྲཱ་ས་ཡ། ཏཱ་རེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་འཇིགས་པ་གྲོལ་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཨཱ་རེ་ཨཱ་རེ་ཏུཏྟཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་དཔའ་མོ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏཱ་ར་ཡ། བྷོ་ཏཱ་རེ། མཧཱ་བྷ་ཡ། ཏཱ་རེ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་འཇིགས་པ་ཆེན་པོ་ལས་གྲོལ་བར་བྱེད་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་ར་ཎི། ནིར་བི་ཀལྤེ་ཏཱ་རེ། ནིར་བི་ཀལྤ་ས་མུངྒ་ཏེ་ཏཱ་རེ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བུདྡྷ་ཀལྤེ་ཏཱ་རེ་བུདྡྷ་ཀལྤ་ནིརྱཱ་ཏེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་སངས་རྒྱས་བརྟག་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ་དྷརྨ་ཀལྤེ་ཏཱ་རེ། དྷརྨ་ཀལྤེ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཆོས་ཀྱི་བརྟག་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་སཾ་གྷ་ཀལྤེ་ཏཱ་རེ། སཾ་གྷ་ཀལྤ་ནིརྱ་ཏེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་དགེ་འདུན་བརྟག་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སྭ་ཏེ་བྷ་ག་བ་ཏེ་ཏཱ་རེ། ཨ་གྷ་བེ་ཏཱ་རེ་ཏཱ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་དངོས་པོ་མེད་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཨ་བྷ་བ་དཱ་ནེ་ཏཱ་རེ་ཏཱ་རེ། ཀུ་ཏཱ་རེ། ཀུ་རུ་ཀུ་རུ། མུ་རུ་མུ་རུ་སྭཱཧཱ། །འཕགས་མ་སྒྲོལ་མ་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སརྦ་བྷཱ་བེ་ཏཱ་རེ། སརྦ་སྭ་ནིརྱ་ཏེ་ཏཱ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་རང་ཐམས་ཅད་ངེས་པར་འབྱུང་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སརྦ་ཨཾ་གེ་རཏཱ་རེ། སརྦ་རི་ཛ་ཀེ་ཏུ་རེ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་དང་པོའི་ཆོས་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སརྦ་པཱ་ར་མི་ཏཱ་ཏཱ་རེ། སརྦ་པཱ་རཱ་མི་ཏཱ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སརྦ་དཱ་ནེ་ཏཱ་རེ་ཏཱ་རེ། སརྦ་དཱ་ན་པཱ་ར་མི་ཏཱ་ནིརྱཱ་ཏེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་སྦྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཤཱི་ལེ་ཏཱ་རེ། ཤཱི་ལ་པཱ་རི་མི་ཏཱ། ཏཱ་རེ་ཏུ་རེ་ཏུ་རེ་ཤཱི་ལ་པཱ་ར་མི་ཏཱ། ནིརྱཱ་ཏེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭ་ཡ། ཏདྱ་ཐཱ། ཀྵཱནྟེ་ཏཱ་རེ། ཀྵཱནྟེ་པཱ་ར་མི་ཏ་ཏཱ་རེ། ཀྵཱནྟེ་པཱ་ར་མི་ཏཱ་ནིརྱཱ་ཏེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། བཱིརྱེ་ཏཱ་རེ། བཱིརྱཱ་པཱ་རཱ་མི་ཏཱ་ཏཱ་རེ། བཱིརྱཱ་པ་ར་མི་ཏཱ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། དྷྱ་ནེ་ཏཱ་རེ་དྷྱ་ན་པ་ར་མི་ཏཱ་ཏཱ་རེ་དྷྱ་ན་པཱ་ར་མི་ཏཱ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། པྲཛྙཱ་ཏཱ་རེ་པྲཛྙཱ་པཱ་ར་མི་ཏཱ་ཏཱ་རེ། པྲཛྙཱ་པཱ་ར་མི་ཏཱ་ནིརྱཱ་ཏེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། པོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སརྦ་པཱ་ར་མི་ཏཱ། ནི་ཪྻ་ཏེ་ཏུ་རེ་ཏུ་རེ། སརྦ་དྷརྨ་ཨ་བ་བྷཱ་ཝ། སརྦ་པཱ་ར་མི་ཏེ་ཏུ་རེ་ཏུ་རེ་སྭཱཧཱ། འཕགས་མ་སྒྲོལ་མ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཆོས་ངེས་པར་འབྱུང་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ། སརྦ་བུདྡྷ་ནི་ཪྻ་ཏེ་ཏུ་རེ་ཏུ་རེ་སརྦ་བུད་དྷ་པཱ་ར་མི་ཏེ་རུ་ཏེ་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་སངས་རྒྱས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སརྦ་དྷརྨེ་ཏཱ་རེ། སརྦ་དྷརྨ་ནི་ཪྻཱ་ཏེ་ཏཱ་རེ་ཏཱ་རེ་སརྦ་དྷརྨ་ནི་ཪྻ་ཏེ་ནི་བ་ར་ཎི་བ་ར་ཎི་ཏཱ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་བའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་སཾ་གྷེ། སཾ་གྷེ་ཏཱ་རེ་ཏུ་རེ། སརྦ་སཾ་གྷེ་དྷརྨ་ནིཪྻ་ཏཱ+ེ་ཏུ་རེ་སཾ་གྷ་པཱ་རཱ་མི་ཏེ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་དགེ་འདུན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། སརྦ་པཱ་ར་མི་ཏཱ་ཏཱ་རེ། སརྦ་དྷརྨེ་ཏཱ་རེ། སརྦ་རི་ཛུ་ཀ་དྷརྨ་ནིརྱཱ་ཏེ་ཏུ་རེ་ཏུ་རེ་ཨ་ན་བྷི་ལཱ་བུ་ཏཱ་རཻ་ཏུ་རེ་ཏུ་རེ་སྭཱཧཱ། །འཕགས་མ་སྒྲོལ་མ་མངོན་པར་བརྗོད་པར་བྱར་མེད་པ་ཞེས་བྱ་བའི་སྒྲོལ་མ་འདི་རྣམས་ཆོས་ཐམས་ཅད་ངེས་པར་འགྱུར་བ། རང་བཞིན་མེད་ཅིང་མངོན་པར་བརྗོད་པར་བྱར་མེད་པ། དོན་ཐམས་ཅད་སྒྲུབ་པར་བྱེད་པ། ནད་ཐམས་ཅད་གསོ་བར་བྱེད་པ། ཐམས་ཅད་དུ་བཀླགས་པས་གྲུབ་པ། འཇིགས་པ་ཐམས་ཅད་དང་། ཉེ་བར་འཚེ་བ་ཐམས་ཅད་ལས་ཕྲན་ཚེགས་ཐམས་ཅད་ཇི་ལྟར་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་དོ། ། འདི་རྣམས་ཀྱི་ཆོ་ག་ཕྱོགས་ཙམ་སྟོན་པར་འགྱུར་ཏེ་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་གསོ་སྦྱོང་ལ་གནས་པའམ། གསོ་སྦྱོང་མེད་པས་ཀྱང་རུང་སྟེ་དྲི་དང་། མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཉི་མ་རེ་རེ་ལ་མཆོད་པ་བྱས་ནས་འབུམ་ཕྲག་གཅིག་བཟླས་པར་བྱའོ། །མཐར་ཉིན་ཞག་གཅིག་སྨྱུང་བར་གནས་པས་རས་རིས་སམ། སྐུ་གཟུགས་ཀ་ཡི་སྤྱན་སྔར་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཇི་སྐད་གསུངས་པའི་རིམ་པས་བདག་ཉིད་ཁ་ཤར་དུ་ཕྱོགས་ཏེ་སྔར་བརྗོད་པའི་ཨ་ག་རུ་ནག་པོའི་ཡམ་ཤིང་སོར་བཞི་པའི་ཚད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རྟོག་པའི་རྒྱལ་པོ་འདི་འམ། གཞན་གང་རུང་དུ་སྒྲོལ་མའི་རིག་པས་བརྗོད་ཅིང་གྲོལ་བར་སྦྱོང་བ་ལ་རིག་པ་མཐའ་ཡས་པ་གྲུབ་པར་འགྱུར་རོ། །རས་རིས་གཞན་འདོད་ན་གསོ་སྦྱོང་ཅན་གྱིས་དཀར་པོའི་བཅོ་ལྔ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ས་ལ་མ་ལྷུང་བའི་བ་ལང་གི་ལྕིབས་དཀྱིལ་འཁོར་བྱུགས་ཏེ་མེ་ཏོག་དང་། བདུག་པ་དང་། མར་གྱི་མར་མེ་ལ་སོགས་པས་མཆོད་པ་བྱས་ནས་ཨུ་དུམ་བཱ་རའི་ཤིང་གིས་སྦར་ཏེ་ཚངས་པའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཙཱ་རུའི་བཟའ་བས་ཡིད་གཞུངས་པར་འགྱུར་རོ། །འོ་མའི་སྦྱིན་སྲེག་བྱས་པས་བྲམ་ཟེ་རྣམས་དབང་དུ་འགྱུར་རོ། །ཙ་རུའི་བཟའ་བས་སྦྱིན་སྲེག་བྱ་སྟེ་རྒྱལ་རིགས་དབང་དུ་འགྱུར་རོ། །ནས་དང་། ཞོ་བསྲེས་པ་དང་། ཙཱ་རུ་དང་གཅིག་ཏུ་བྱས་ནས་སྦྱིན་སྲེག་བྱ་སྟེ་རྗེ་རིགས་དབང་དུ་འགྱུར་རོ། །དགྲལ་བལྟས་ནས་བཟླས་པ་བྱ་སྟེ་རེངས་པར་འགྱུར་རོ། །ལན་བདུན་མངོན་པར་སྔགས་པའི་ཆུས་བྱབས་པས་ཐམས་ཅད་སེལ་བར་བྱེད་དོ། །དུག་ཐམས་ཅད་ལའང་ཉེ་བར་བྱབས་པས་སོ། །ཞུ་མཁན་གྱི་རིལ་བུ་ལན་བདུན་མངོན་པར་སྔགས་པས་མིག་ནད་སེལ་བར་བྱེད་དོ། །ན་པ་ལ་སྐུད་པས་བཅིང་བར་བྱ་སྟེ་གདོན་ཐམས་ཅད་སེལ་བར་བྱེད་དོ། །གཙུག་ཏོར་བཅིངས་པས་བདག་ཉིད་སྲུང་བའོ། །ཐལ་བས་དཀྱིལ་འཁོར་བཅིང་བའོ། །བོང་བ་ལ་ལན་བདུན་བཟླས་པས་ཕྱོགས་བཅིང་བའོ། །བུད་མེད་བུ་མ་ཐོན་པ་ལ་ཏིལ་མར་ལ་ཡོངས་སུ་བཟླས་ནས་སྦྱིན་པར་བྱ་སྟེ་བདེ་བླག་ཏུ་བཙའ་བར་བྱེད་དོ། །རྨོངས་པས་མངལ་གྱི་ཟླ་མཚན་གྱི་དུས་ལས་འདས་ན་ཁྲུས་བྱས་ནས་རྒྱུད་མཚུངས་པའི་འོ་མ་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པར་བྱས་ནས་བཏུང་བར་སྦྱིན་པར་བྱའོ། །གཞན་གྱི་ཚད་དད་མར་བསྲེས་ནས་སྦྱིན་པར་བྱའོ། །དེ་ནས་བུ་བཙའ་བར་འགྱུར་རོ། །དེ་ནས་བུ་མང་པོ་འདོད་ན་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་པའི་ཐལ་བ་དེས་ཆུའི་བུམ་པ་བཞི་དང་བསྲེས་པ་བཞག་པར་བྱའོ། །བརྒྱད་བརྒྱར་བཟླས་པའི་སྲད་བུས་ལག་པ་གཡས་པ་ལ་བཅིངས་ན་ཇི་སྲིད་དུ་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །གཞན་གྱིས་མི་ཐུབ་པའི་མེ་ཏོག་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ཏེ་གཡུལ་དུ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྐུད་པ་ལ་མདུད་པ་བྱས་ནས་ལན་བདུན་མངོན་པར་སྔགས་པར་བྱས་ནས་ལག་པ་ལ་བཅིང་བར་བྱ་སྟེ་བརྟན་པ་དང་། གཡོ་བར་བཅས་པའི་མངའ་བདག་ཏུ་འགྱུར་རོ། །དེ་ནས་དྲག་ཤུལ་ལ་ཉམས་པའི་མིང་ནས་སྨོས་ཏེ་ལན་བདུན་མངོན་པར་སྔགས་ནས་ཁྱོར་བའི་ཆུ་བཏུང་བར་སྦྱིན་པར་བྱ་སྟེ་ཤི་བའང་ལངས་པར་བྱེད་དོ། །དེ་བཞིན་དུ་ཕྱོགས་བཞིར་མངོན་པར་སྔགས་པར་བྱས་ནས་བཏུང་བར་སྦྱིན་པར་བྱ་སྟེ་འཇོག་པོའི་མཆེ་བས་ཟིན་པའང་འཚོ་བར་བྱེད་དོ། །ནུ་མའི་ཕུར་པ་དང་། འབྲས་ལ་ལན་བདུན་མངོན་པར་སྔགས་པར་བྱས་ནས་བྱིན་པས་གྲོལ་བར་བྱེད་དེ་ཚོར་བ་མེད་པར་འགྱུར་རོ། །ཡམས་དང་། ཉེ་བར་འཚེ་བ་དང་། གཡུལ་ལ་གྲོང་ཁྱེར་གྱི་དབུས་སམ། མཚན་མོ་མདའ་རྒྱང་གང་གི་ཚད་ཀྱིས་གཞི་ལ་ཉེ་བར་བྱུགས་ནས་དཀར་གཏོར་བྱིན་ཏེ་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་སྦར་ནས་འོ་མའི་སྲེག་བླུགས་སྟོང་ཕྲག་གིས་སྦྱིན་སྲེག་བྱ་སྟེ་ཡམས་ཉེ་བར་ཞི་བར་བྱེད་དོ། །དེ་ནས་ཉེ་བར་མ་ཞི་ན་དེ་ལས་གཞན་དུ་རེངས་པར་བསམས་པའི་དུས་སུ་བད་ཀན་མཐར་བྱེད་ཀྱི་ཡམ་ཤིང་གིས་མེ་སྦར་ནས་དོན་གྲུབ་ཀྱི་ཤིང་ལ་ཨཀྵ་དང་། ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་འཕྲལ་དུ་ཡམས་ཐམས་ཅད་ཞི་བར་བྱེད་དོ། །ཆོ་ག་འདིས་དུག་འཆིང་ངོ་། ། ཟློས་བཞིན་པས་ནི་སེམས་ཅན་ཐམས་ཅད་མཐོང་བར་བྱེད་དོ། །དེ་རྣམས་འདིའི་འབངས་སུ་འགྱུར་རོ། །ཀུཥྨཱཎྜའི་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་གྲུལ་བུམ་རྣམས་དབང་དུ་འགྱུར་རོ། །ཏིལ་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཡི་དྭགས་དབང་དུ་འགྱུར་རོ། །དུར་ཁྲོད་དུ་བེ་ལ་དང་། ཁཎྜ་ཀའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཤ་ཟ་དབང་དུ་འགྱུར་རོ། ། གནོད་སྦྱིན་དབང་དུ་བྱེད་པ་ལ་ཝ་ཊའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་བརྗེད་བྱེད་དང་། གནོན་པོ་དབང་དུ་བྱེད་དོ། །བལ་གྱི་སྲེག་བླུགས་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རིག་པས་བགེགས་རྣམ་པར་གཞོམ་པའི་དོན་དུ་སེང་ལྡེང་གི་རྩེ་མོ་ལ་རྣོན་པོའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །གུ་གུལ་གྱི་རིལ་བུ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ལྷ་ཆེན་པོའི་རྗེས་སུ་འབྲང་བ་དང་། ལྷ་ཆེན་པོ་དབང་དུ་འགྱུར་རོ། །དཔའ་བོའི་རིན་གྱིས་ཉོས་པའི་ལྡོང་རོས་བླངས་ནས་རྒྱལ་པོའི་ཡམ་ཤིང་གིས་མེ་སྦར་ནས་ཇི་སྲིད་མེ་དཔུང་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་རྒྱུད་མཚུངས་པའི་བ་སེར་སྐྱའི་འོ་མ་ལ་གཞོན་ནུ་མས་བསྲུབས་པའི་མར་དུ་བྱས་ནས་མར་དེ་ལ་གདབ་པར་བྱའོ། །དེ་བཞིན་དུ་ཞོས་གང་བའི་སྣོད་དང་། མར་དང་། སྦྲང་རྩིས་གང་བའི་སྣོད་ལ་ཡང་ངོ་། །དེ་ནས་སྲུང་བ་བྱས་ཏེ་ཟ་མ་ཏོག་ཏུ་བཞག་ནས་ཟླ་བ་གཟས་བཟུང་བ་ན་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་ཇི་ལྟར་འབྱོར་བའི་མཆོད་པ་བྱས་ནས་ཁ་བྱང་དུ་མངོན་པར་ཕྱོགས་པས་སྣོད་བཞི་རུ་བཞག་ནས་ཇི་སྲིད་འགྲོ་བ་དང་། དུ་བ་འཐུལ་བའམ། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དབང་དུ་བྱེད་པ་དང་། མི་སྣང་བ་དང་། ནམ་མཁའ་ལ་ཉེ་བར་འཁྲིད་པར་བྱེད་དོ། །དེ་བཞིན་དུ་མིག་སྨན་བླ་བསྐྱེད་པའི་ཆེད་དུ་རང་ཉིད་ཁྱད་པར་དུ་དཀར་པོའི་བཅོ་ལྔ་ལ་པདྨའི་སྐུད་པ་ལ་བཞག་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་ལག་པ་ཁ་སྦྱར་ནས་བླངས་ནས་ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །འདི་ཉིད་ལ་མངོན་པ་རྣམས་པ་གསུམ་མོ། །ལྕགས་ལྔས་པདྨ་བྱེད་དུ་བཅུག་ནས་གུར་གུམ་དང་། གི་ཝང་དང་། དབུར་ནམ་མཁའི་ཆུས་བཏགས་ནས་པདྨར་བཅུག་སྟེ་དེ་ནས་དཀར་པོའི་བརྒྱད་པ་ལ་གསོ་སྦྱོང་ཅན་དུས་གསུམ་དུ་ཁྲུས་བྱས་ནས་གོས་གཙང་མ་བགོས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཀྱི་དྲུང་དུ་ལག་པ་གཡས་པས་པདྨ་བླངས་ནས་ཇི་སྲིད་དུ་འབར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་བླངས་པ་དེས་རིག་པ་འཛིན་པར་འགྱུར་ཏེ་ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ། །དེ་བཞིན་དུ་གདུ་བུ་དང་། ཅོད་པན་དང་། ལྕགས་སྒྲོག་རྣམས་ཀྱང་ངོ་། །དེ་བཞིན་དུ་རིའི་ཙནྡན་དམར་པོ་དང་། གུ་གུལ་དང་། དགའ་བ་འཁྱིལ་བའི་རྩ་བ་དང་། ལྕགས་ལྔ་དང་། བེ་རི་ཀརྞི་ཀ་དང་། འབྲུའི་ཕུབ་མ་དང་། རུ་རྟ་དང་། རྒྱ་སྤོས་དང་། སྦྲང་རྩི་དང་། པི་པི་ལིང་དང་། དུ་རུ་ཀ་རྣམས་ཆ་མཉམ་པ་གཅིག་ཏུ་བྱས་ནས་ཕྱེ་མ་ཞིབ་མོ་བྱེད་དུ་གཞུག་གོ་། དེ་ནས་སེར་སྐྱ་རྒྱུད་མཚུངས་པར་བའི་འོ་མ་བླངས་ནས་གཞོན་ནུ་མས་བསྲུབས་པའི་མར་སར་དང་གཅིག་ཏུ་བྱས་པས་ཕྱེ་མ་ལ་རིལ་བུ་བྱེད་དུ་གཞུག་གོ་།རྒའི་ཏིལ་མར་གྱི་ཕྱེ་མས་མར་མེ་དབུལ་བར་བྱའོ། །དེ་ནས་དཀར་པོའི་བཅུ་བཞི་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་གསོ་སྦྱོང་ཅན་གྱི་ཨ་ཤྭཏྠའི་འདབ་མ་བདུན་གྱི་ནང་དུ་བཅུག་པར་བྱས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་སྔར་ཇི་སྲིད་དུ་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །དེ་ནས་འབར་བར་བྱེད་པས་ནི་ནམ་མཁའ་ལ་འགྲོ་བར་བྱེད་དོ། །དེ་ནས་ཆོ་ག་གཞན་ནི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་སྐུ་གཟུགས་ཀྱི་སྤྱན་སྔར་གསོ་སྦྱོང་ཅན་གྱིས་མཆོད་པ་རྒྱ་ཆེན་པོ་བྱས་ནས་མེའི་ཡམ་ཤིང་གིས་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སེང་ལྡེང་གི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། ། དཀར་པོའི་བཅུ་བཞི་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔའི་བར་དུའོ། །དེ་ནས་གྲུབ་པར་འགྱུར་རོ། །དེ་བཞིན་དུ་གསོ་སྦྱོང་ཅན་གྱིས་རྟག་ཏུ་བཟླས་པ་སྟོང་ཕྲག་གསུམ་བྱའོ། །ཕྱི་ནས་ལས་ཐམས་ཅད་དུ་འགྱུར་རོ། །ཡང་ན་རྒྱལ་པོའམ། བློན་པོ་དབང་དུ་བྱེད་པར་འདོད་ན་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཤིང་གི་རྒྱལ་པོའི་ཡམ་ཤིང་ལ་ཨིརྒུ་དའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །བཅུ་བཞི་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔའི་བར་དུའོ། །ལས་འདིས་ཚུལ་ཁྲིམས་འཆལ་པ་ཡིན་ཡང་དེ་བཞིན་ཁོ་ནར་གསོད་པ་དང་། བསྐྲད་པ་ལ་ནི་མྦའི་ཡམ་ཤིང་ལ་ཚ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་མཚན་མོ་བདུན་གྱིས་སྐྲོད་པར་བྱེད་དོ། ། རིགས་བཞི་དབང་དུ་བྱེད་པར་འདོད་པས་ཙཱ་རུ་དང་བཅས་པའི་ཆུ་དང་། གནོད་སྦྱིན་གྱི་ཁམ་ཕོར་ཞེས་པའི་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ། །མཚན་མོ་པུ་ཙི་ར་ཛ་ཏའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །བཟླས་པས་འཆིང་བ་ལས་གྲོལ་བར་བྱེད་དོ། །བགེགས་ལ་ཕུབ་མ་དང་། ཏིལ་གྱི་སྦྱིན་སྲེག་གིས་གཞན་གང་ཡང་རྡུང་བས་རབ་ཏུ་ཞི་བར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་རིགས་ཀྱི་བུ་མོ་དབང་དུ་བྱེད་པ་ལ་ཏིལ་གྱི་སྦྱིན་སྲེག་བྱའོ། །གོས་འདོད་པས་དཱུར་བ་དང་། ཚེར་མ་ཅན་གྱི་སྦྱིན་སྲེག་བྱའོ། །སྟོང་ཕྲག་བརྒྱད་དམ། །མཚན་མོ་བདུན་དུའོ། ། ཤུ་དག་ལ་སྟོང་ཕྲག་བརྒྱད་ལན་བདུན་དུ་མངོན་པར་སྔགས་པ་བྱས་ནས་ལག་པ་ལའོ། །ནོར་འདོད་པས་གུ་གུལ་གྱི་རིལ་བུ་འམ། སྦྱིན་སྲེག་སྟོང་ཕྲག་བརྒྱད་མཚན་མོ་བདུན་དུ་བྱའོ། །ཁྱིམ་གྱི་བདག་པོ་འདོད་པས་དྲིའི་སྦྱིན་སྲེག་མཚན་མོ་བདུན་དུ་བྱའོ། །མར་གྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་གྲོང་རྙེད་དོ། །སྐྲོད་པ་ལ་ཚ་བའི་ཏིལ་མར་གྱིས་བཏགས་པའི་ནིམ་པའི་འདབ་མའི་སྦྱིན་སྲེག་བྱའོ། །སྐྱེས་བུའི་ཤ་ནི་སྐྲོད་པར་བྱེད་པ་ལས་སོ། །ཕུབ་མ་ནི་སྡང་བར་བྱེད་པ་ལས་སོ། །སྐྲོད་པར་བྱེད་པ་ལ་སྦྲུལ་གྱི་ཤུན་ལྤགས་དང་། ཐལ་བས་སོ། །སྐྱེས་བུ་མ་ཡིན་པར་བྱེད་པ་ལ་གོ་མ་ཨིནྡྲ་འོ། །ཕུབ་མ་མཆུ་འཆིང་བ་ལའོ། །ཞི་བའི་དོན་དུ་ཤིང་ས་མིའི་འདབ་མ་རྣམས་འོ་མ་དང་ལྷན་ཅིག་པས་སོ། །ཇི་ལྟར་ཉི་མ་སོ་སོར་ཐོ་རངས་ལངས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟར་འབྱོར་བའི་མཆོད་པ་བྱས་ནས་འབུམ་བཟླས་པར་བྱའོ། །མ་གྲུབ་པ་སྒྲུབ་པར་བྱེད་དོ། །གཞན་གྱི་བསྒྲུབས་པ་རྣམ་པར་འཇིག་པར་བྱེད་པ་ལ་མ་ནུ་ལ་འཆིང་བ་འཛིན་པར་བྱེད་དོ། །མཚན་མོ་བདུན་དུ་ཚེར་མ་ཅན་གྱི་སྦྱིན་སྲེག་བྱ་སྟེ་དགྲ་འཇོམས་པར་བྱེད་དོ། །གོས་འདོད་པས་དཱུར་བ་དང་། ཚེར་མ་ཅན་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཁྱིམ་རབ་ཏུ་གཡོ་པར་འདོད་པས་མིའི་རུས་པ་བླངས་ནས་སོར་བརྒྱད་པའི་ཚད་ཀྱི་ཕུར་བུ་བྱས་ནས་ཁྱིམ་དུ་གདབ་པར་བྱའོ། །མེ་ཏོག་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ནས་བྱིན་ན་དབང་དུ་འགྱུར་རོ། །རྒྱལ་པོའི་སྒོ་རུ་གུར་གུམ་དང་། རྒྱ་སྤོས་དང་། ཏ་མ་ལའི་འདབ་མ་དང་བཅས་པ་དང་། མེ་ཏོག་བརྒྱ་པ་སྡོང་བུ་དང་བཅས་པ་རྣམས་ཀྱིས་རས་དཀྲིས་པ་ཡང་དག་པར་ལྡན་པའི་ཆོ་གས་ཕྱེ་མ་གོས་ལ་བཏབ་པས་མིའི་དགྲ་རབ་ཏུ་ལྡན་པ་ལ་མིའི་དགྲ་དབང་དུ་འགྱུར་རོ། །གཡུལ་དུ་རྣམ་པར་རྒྱལ་བར་བྱེད་པ་ལ་རྒྱལ་མཚན་ལ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མས་མངོན་པར་བསྔགས་ནས་མེ་ཐབ་ཏུ་མཆོད་ཡོན་ལན་བདུན་ཕུལ་ནས་མངག་གཞུག་པས་ཕ་རོལ་གྱི་སྡེ་ལ་སྟོན་དུ་གཞུག་པར་བྱའོ། །ཤིང་ལ་རྡོ་རྗེའི་ཐོག་ཇི་ལྟར་བར་རོ། །ཏིལ་ནག་པོ་ལ་གཟུགས་བརྙན་བྱས་པའི་མདུན་དུ་སྟོང་ཕྲག་བཟླས་ཏེ་གང་གིས་མིང་ནས་སྨོས་ཏེ་ཟ་བར་བྱེད་དོ། །སྟོང་ཕྲག་བརྒྱད་བཟླས་པས་ས་བོན་ཐམས་ཅད་དམ། སྨན་ཐམས་ཅད་དམ། དྲི་ཐམས་ཅད་དམ། དྲི་ཞིམ་པོའི་མེ་ཏོག་རྣམས་སམ། པདྨ་རྩ་བ་ནག་པོ་མེད་པའི་བུམ་པར་བཅུག་ནས་སྟོང་བཟླས་པར་བྱའོ། །བྱང་ཆུབ་ཤིང་གི་འོག་ཏུ་འམ། གཞན་ཡང་རུང་སྟེ་ཁྲུས་བྱའོ། །དོན་གྲུབ་དང་། པདྨ་འམ། པདྨའི་འདབ་མ་དང་། སྡོང་བུ་དང་། ཆུ་བ་རྣམས་ཀྱི་ཕྱེ་མ་དང་། སེང་ལྡེང་གི་སོལ་བ་རྣམས་མིང་ནས་སྨོས་ནས་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ། །བིལ་བའི་དབུས་སུ་སྦྲང་རྩི་དང་ཡང་དག་པར་ལྡན་པ་རྣམས་ཀྱིས་དུ་བ་དང་། སོལ་བ་ལ་སྟོང་ཕྲག་བརྒྱད་བཟླས་ན་རྒྱལ་པོའི་བཙུན་མོ་འམ། བློན་པོ་འམ། མིང་ནས་སྨོས་པ་དེ་དབང་དུ་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་བཅོམ་ལྡན་འདས་མ་ལ་མཆོད་པ་བྱ་སྟེ་སྣ་མའི་མེ་ཏོག་དང་། ཨུཏྤ་ལ་སྔོན་པོ་འམ། གཞན་པའི་མེ་ཏོག་རྣམས་གང་གི་མིང་ནས་སྨོས་ཏེ་སྦྱིན་སྲེག་བྱས་པ་དེ་དབང་དུ་འགྱུར་རོ། །གྲུབ་པའི་འདོད་མ་དབང་དུ་བྱེད་པ་ལ་ཏིལ་ནག་པོ། བཙུན་མོའི་མཆོག་དབང་དུ་བྱེད་པ་ལ་པྲི་ཡང་ཀུ་།སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་ལ་སཱ་ལུ་དམར་པོ། གང་གི་མིང་ནས་སྨོས་ཏེ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །གཞོན་ནུ་མའི་མིང་ནས་སྨོས་ཏེ་མེ་ཏོག་གེ་སར་གྱིས་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །འོ་མ་དང་། འོ་ཐུག་དང་། མར་དང་། སྦྲང་རྩིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་གང་གི་མིང་ནས་འབོད་པ་དེ་རྒྱས་པ་ཅན་གྱི་ལས་སོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་རིང་བསྲེལ་ཅན་གྱི་མཆོད་རྟེན་ནམ། སྐུ་གཟུགས་སམ། རས་རིས་ཞལ་ནུབ་དུ་ཕྱོགས་པའི་རས་རིས་ཀྱི་སྤྱན་སྔར་རོ། །སྔོན་གྱི་མཐའ་མ་རིའི་རྩེ་མོ་ཀུ་ཤ་དང་། བིལ་པའི་ཡམ་ཤིང་གིས་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་པདྨ་ཁ་རྒྱས་པར་བྱེ་བའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ། ཨ་ག་རུ་དང་། ཀུན་ཏུ་རུ་ཀ་དང་། ཤྲི་བེཥྚ་ཀ་རྣམས་ཀྱི་བདུག་སྤོས་དང་། འོ་མ་དང་། ཞོའི་གཏོར་མ་དབུལ་བར་བྱ་ཞིང་རྣམ་པ་གཞན་དུ་བགེགས་རྣམས་ལ་འབྱུང་པོ་ཐམས་ཅད་པའི་གཏོར་མ་སྦྱིན་ནོ། ། དེ་ནས་བརྒྱད་པ་ལ་མངའ་བདག་ཏུ་འགྱུར་རོ། །འོ་མ་དང་། ནས་ཟན་ཟ་པས་པདྨ་དཀར་པོ་ཁ་རྣམ་པར་རྒྱལ་བའི་སྦྱིན་སྲེག་བྱས་ན་གཏེར་ཆེན་པོ་འམ། ཡུལ་རྙེད་དོ། །མེ་ཏོག་སེར་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པས་མེ་ལ་སྦྱིན་སྲེག་བྱའོ། །ཡུལ་གྱི་རྗེ་བོར་འགྱུར་རོ། །མཚན་མོ་གསུམ་དུ་ཕྱེ་ཟ་བར་མཚན་མོ་གསུམ་དུ་སྦྱིན་སྲེག་བྱའོ། ། དེ་བཞིན་དུ་སྟོང་ཕྲག་བདུན་བརྒྱས་མཚམས་མེད་པ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ། །ཡམ་ཤིང་དེ་ཉིད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་གསེར་བྱེ་བ་འབྱུང་ངོ་། །སྔ་བར་ལངས་ནས་ཁྲུས་སྔོན་དུ་འགྲོ་བས་ཚངས་པར་སྤྱོད་ཅིང་མེ་རབ་ཏུ་སྦར་ནས་ནཱ་ག་གེ་སར་དང་། པྲི་ཡང་ཀུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཟླ་བ་གསུམ་གྱི་ནང་དུ་ཁྱད་པར་དུ་འཕགས་པའི་དངོས་གྲུབ་ཉམས་སུ་མྱོང་བར་འགྱུར་ཞིང་རྫས་མང་པོ་ཡང་ངོ་། །བ་ལང་གི་ཤ་དང་། ཁཎྜ་ཅན་གྱི་སྦྱིན་སྲེག་བྱས་ན་བ་ལང་གི་གནས་རྙེད་དོ། །དེ་བཞིན་དུ་པྲི་ཡང་ཀུ་དང་། ནཱ་ག་གེ་སར་གྱི་ཡམ་ཤིང་གིས་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས་བིལ་བའི་འོག་ཏུ་མེ་སྦར་ནས་བིལ་བ་དང་། ཨཱ་ཤི་བིལ་བ་རྣམས་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ་ལྷ་མོ་སྒྲོལ་མ་མཐོང་ངོ་། །གཙང་མར་གྱུར་པས་ཟས་བཞིར་སྨྱུང་བར་གནས་ཏེ་སྟོང་ཕྲག་བཅུར་སྦྱིན་སྲེག་བྱའོ། །གཏེར་ཆེན་པོ་མཐོང་ངོ་། །དེ་བཞིན་དུ་མཚན་མོ་ཉི་ཤུར་འོ་མ་དང་། ནས་ཟན་ཟ་བས་ཡུངས་ཀར་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ་ནོར་གྱི་བདག་པོར་འགྱུར་རོ། །སྔོན་སྤྱད་པ་བྱས་པས་ཉིན་མཚན་དུ་ཡུངས་ཀར་དཀར་པོ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱ་སྟེ་ཟླ་བས་ཆར་རྒྱུན་བཟང་པོ་ལྟུང་བར་བྱེད་དོ། །ཟས་བཞིར་སྨྱུང་བར་གནས་པས་སྟོང་ཕྲག་བཅུར་སྦྱིན་སྲེག་བྱ་སྟེ་ནོར་རྙེད་དོ། །མཁས་པས་དཀར་པོའི་ཕྱོགས་འབྱུང་འགྱུར་ལ་ལྷ་མོའི་རས་རིས་ཀྱི་སྤྱན་སྔར་མཁས་པས་ཐུན་མཚམས་གསུམ་དུ་བསྣུན་པར་བྱའོ། །དཀར་པོའི་ཕྱོགས་ཀྱི་ནང་དུ་དེ་ལ་ལྷ་མོ་འདི་མཆོག་སྦྱིན་པར་མཛད་དོ། །རིག་པ་འདིས་ཏིལ་གྱི་སྲེག་བླུགས་སྟོང་གི་སྦྱིན་སྲེག་བྱའོ། །བིལ་བའི་ཤིང་གིས་མེ་སྦར་ན་ལྷ་མོ་མཐོང་སྟེ་ནོར་རམ། འབྲུའི་དབང་ཕྱུག་ཏུ་བྱེད་དོ། །བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མེ་ཏོག་བརྒྱ་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་ནོར་རྙེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་ཕྱོགས་གཙང་མར་ལྷ་ལ་པཱ་ལ་ཤའི་ཡམ་ཤིང་གིས་མེ་སྦར་ནས་ཨུཏྤལའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་ཡུལ་གྲུ་དབང་དུ་འགྱུར་རོ། །རིག་པ་འདིས་དྲི་ཞིམ་པོའི་བདུག་པ་ཕུལ་ནས་འོ་མ་དང་། ནས་ཟན་ཟ་བས་པདྨའི་སྦྱིན་སྲེག་སྟོང་བྱ་སྟེ་གསེར་སྟོང་རྙེད་དོ། །འདིས་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་གང་ཡིད་ལ་སེམས་པ་དེ་སྦྱིན་ནོ། །རས་རིས་ཀྱི་སྤྱན་སྔར་སྦྱིན་སྲེག་སྟོང་བྱས་ན་གཏེར་མཐོང་ངོ་། །པྲི་ཡང་ཀུ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་འོ་མ་དང་། ནས་ཟན་ཟ་བས་ཕྱོགས་གཙང་མར་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་གསེར་བརྒྱ་རྙེད་དོ། །རྣམ་པ་སྣ་ཚོགས་པའི་ཕྲེང་བའོ། ། དེ་ནས་མཚན་མོ་གསུམ་དུ་གཡུལ་དུ་སྨྱུང་བར་གནས་པས་ཨ་ག་རུའི་ཡམ་ཤིང་གིས་ཐུན་མཚམས་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དེ་ནས་མཚན་ཐོག་ཐག་ཏུ་བཟླས་པས་རས་རིས་རབ་ཏུ་འགུལ་བ་འམ། ཕྲེང་བའི་ཆུན་པོ་གཡོ་བར་གྱུར་ན་དེ་ནས་འགྲུབ་པར་འགྱུར་ཏེ་རྒྱལ་སྲིད་སྦྱིན་པ་བྱེད་དོ། །གང་ཡིད་ལ་སེམས་པར་བྱེད་པ་དེ་སྟེར་བར་བྱེད་དེ། ནད་ཐམས་ཅད་གསོ་བ་དང་། ཤི་བ་དང་། འཆིང་བ་གྲོལ་བ་དང་། སེལ་བ་དང་། དཀྱིལ་འཁོར་བཅིང་བའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་མེ་ཏོག་གིས་སྦྱིན་སྲེག་སྟོང་བྱའོ། །དབང་དུ་བྱེད་དོ། །ཡང་ན་རས་རིས་གཅིག་བྱང་ཆུབ་ཀྱི་རྩ་བར་བཞག་ནས་ཆོ་ག་འདི་ཉིད་ཀྱིས་ནས་ཟན་ཟ་བས་བཟླས་པ་སྟོང་ཕྲག་བརྒྱ་བྱ། ཟས་གཅིག་པས་ཡན་ལག་བརྒྱད་པའི་གསོ་སྦྱོང་ལ་གནས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཟས་ཀྱི་ལས་རྣམས་འགྲུབ་པར་འགྱུར་རོ། །ཡང་ན་ཟླ་བ་དང་། ཉི་མ་གཟས་བཟུང་བའི་དུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་སྤྲིན་ལྟར་དཀར་བ། བླ་གོས་དཀར་པོ་མནབས་པ་འདྲིར་གཞུག་པར་བྱའོ། །གཞོགས་གཅིག་ཏུ་ལྷ་མོ་སྒྲོལ་མ་གསེར་མདོག་པདྨ་ལ་གནས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། སྒྲུབ་པ་པོ་ལ་ཀུན་ནས་གཟིགས་པར་བྱེད་པ་འདྲིར་གཞུག་པར་བྱའོ། །དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མའི་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཟླ་བ་ལ་མིག་ལྟ་བར་ཇི་སྲིད་ཟླ་བ་གྲོལ་གྱི་བར་དུ་བཟླས་པ་དབུལ་བར་བྱའོ། །ལྷ་མོ་སྒྲོལ་མ་རང་གི་གཟུགས་ཀྱིས་འབར་བ། ཉི་མ་འཆར་ཀའི་མདོག་ལྟ་བུ། པདྨ་ཁ་བྱེ་བ་ཕྱག་ན་བསྣམས་པ་འབྱོན་པར་འགྱུར་རོ། །མཆོད་ཡོན་ཕུལ་ནས་མཆོག་ཞུ་བར་བྱའོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས་འོ་མ་དང་། ནས་ཟན་ཟ་བས་བསྒྲུབ་པར་བྱའོ། །ཡན་ལག་བརྒྱད་པའི་གསོ་སྦྱོང་ཅན་གྱིས་མེ་དང་། ལན་ཚྭ་ཟོས་པས་རས་རིས་ཀྱི་སྤྱན་སྔར་གུ་གུལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དོང་རྩེ་བརྒྱད་རྙེད་དོ། ། ཀུན་ཏུ་རུ་ཀའི་ལས་འདིའོ། །བིལ་བའི་ཡང་ལས་འདིའོ། །དེ་བ་དཱ་རུས་གྲུབ་པའི་དོན་དུ་རབ་ཏུ་སྦྱར་བར་བྱའོ། །འདི་ནི་རྩ་བའི་རིག་པས་ཨ་ག་རུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །འོ་མ་དང་བཅས་པའི་ཤིང་གིས་མེ་རབ་ཏུ་སྦར་ན་ནོར་ཐམས་ཅད་སྦྱིན་པར་བྱེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་དྲི་དང་། མེ་ཏོག་དང་། བདུག་པས་མཆོད་པ་བྱས་ནས་སྔ་བར་ལངས་ཏེ་བླུགས་གཟར་དང་ལྡན་པས་མེ་རབ་ཏུ་སྦར་ནས་ནཱ་ག་གེ་སར་དང་། པྲི་ཡང་ཀུའི་སྦྱིན་སྲེག་བརྒྱད་བརྒྱ་བྱ་སྟེ་ཟླ་བའི་ནང་དུ་བལྟ་བར་བྱ་བར་འགྱུར་རོ། །བེ་ཀངྐ་ཀ་ཏའི་ཡམ་ཤིང་ལ་ཞོ་དང་། སྤྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །གཙང་མའི་སྔར་གྱི་ལས་ཀྱི་ཕྱོགས་སུ་པཱ་ལ་ཤའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ན་གསེར་བརྒྱ་རྙེད་དོ། །རིག་པ་འདིས་པྲི་ཡང་ཀུའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་གསེར་སྟོང་རྙེད་དོ། །རིག་པ་འདིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་ཨུ་དུམ་བཱ་རའི་ཡམ་ཤིང་གིས་མེ་རབ་ཏུ་སྔར་ཏེ་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །འདོད་པ་ཐམས་ཅད་མཆོག་དང་ལྷན་ཅིག་བྱེད་དོ། །མྱ་ངན་མེད་པའི་ཤིང་གིས་མེ་སྦར་ནས་ཡུངས་ཀར་དཀར་པོའི་སྦྱིན་སྲེག་བརྒྱ་བྱའོ། ། མངོན་སུམ་དུ་གཟུགས་ཀྱིས་འོང་བར་བྱེད་དོ། །བདུག་པ་ལ་ལན་སྟོང་ཕྲག་བརྒྱ་བཟླས་ནས་གཙང་མས་གོས་གཙང་མ་གོན་ཏེ་འོ་མ་དང་། ནས་ཟན་ཟ་ཞིང་རྟག་ཏུ་བཟླས་པས་འདོད་ཅིང་འདོད་པ་རྣམས་ཀུན་ཏུ་ཐོབ་སྟེ་འདོད་པ་ཐམས་ཅད་སྦྱིན་པར་བྱེད་དོ། །སྔོན་སྤྱད་པ་བྱས་པས་མཚན་མོ་ལྔར་འོ་མ་དང་། ནས་ཟན་བཟའ་བ་འམ། འོ་མ་འཐུངས་པས་སྟོང་ཕྲག་བརྒྱར་བཟླས་པར་བྱའོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཟླ་བ་ཉ་ལ་དྲི་དང་། མེ་ཏོག་དང་། བདུག་པ་དང་ལྡན་པ་རྣམས་ཀྱིས་མངོན་པར་མཆོད་ན་ལྷ་མོ་རང་གི་གཟུགས་སུ་མཐོང་ངོ་།། འོ་མ་དང་། ནས་ཟན་ཟ་ཞིང་ཡུངས་ཀར་དཀར་པོའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་འོ། །ཞག་ཉི་ཤུ་རྩ་གཅིག་ཏུ་འོ་མ་འཐུངས་པས་ཨ་པཱ་མརྒཱའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་ཡུངས་ཀར་དཀར་པོའི་སྦྱིན་སྲེག་སྟོང་བྱའོ། །འོ་མ་དང་བཅས་པའི་ཡམ་ཤིང་གི་མེ་རབ་ཏུ་སྦར་ན་དེས་ངེས་པ་ཉིད་དུ་གཏེར་མཐོང་ངོ་། །རིག་པ་འདིས་འོ་མ་དང་། ནས་ཟན་ཟ་ཞིང་བིལ་བའི་ཤིང་གིས་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་ཏིལ་གྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱས་ན་རང་གི་གཟུགས་ཀྱིས་ལྷ་མོ་མཐོང་ངོ་། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་ཨུ་དུམ་བཱ་རའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཨརྒའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ་དོན་དུ་མ་གཉེར་བར་ནོར་དང་། འབྲུ་རྙེད་དོ། །ལྷའི་ཤིང་གིས་མེ་རབ་ཏུ་སྦར་ནས་དེ་བ་དཱ་རུའི་སྦྱིན་སྲེག་སྟོང་བྱའོ། །རང་གི་གཟུགས་ཀྱིས་འོང་བར་བྱེད་དོ། །མར་གྱི་སྦྱིན་སྲེག་གིས་ཞི་བའོ། །དཱུར་བའི་སྦྱིན་སྲེག་གིས་རྒྱས་པ་ཅན་ནོ། །ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་པས་དེ་བཞིན་དུ་འདིའི་ནོར་ཐམས་ཅད་རྙེད་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྐུད་པ་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ཏེ་བུ་མོ་བག་མར་གཏོང་བར་བྱེད་དོ། །ནུབ་མོ་ཉལ་བར་འདོད་པས་རིག་པ་དཔག་ཏུ་མེད་པ་བཟླ་བར་བྱ་སྟེ་རྨི་ལམ་ངན་པ་མི་མཐོང་ངོ་། །ཏིལ་ནག་པོའི་གཟུགས་བརྙན་གྱི་མདུན་དུ་བརྒྱད་བརྒྱར་བཟླས་ན་གང་གི་མིང་བསམས་པར་གྱུར་པ་དེ་དབང་དུ་འགྱུར་རོ། །འབྲུ་ནག་པོ་ལ་བརྒྱད་བརྒྱར་བཟླས་ན་གང་གི་མིང་ནས་བརྗོད་པ་དེ་དབང་དུ་འགྱུར་རོ། །དབང་དུ་བྱེད་པ་ལ་རས་རིས་ཀྱི་སྤྱན་སྔར་ཨ་པཱ་མརྒའི་ཡམ་ཤིང་གི་མེ་ལ་པདྨའི་སྦྱིན་སྲེག་བྱའོ། །བིལ་བའི་ཤིང་གི་ཡམ་ཤིང་ངམ། འོ་མ་དང་བཅས་པའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་པདྨ་སྟོང་ཕྲག་བརྒྱ་སྦྱིན་སྲེག་བྱ་སྟེ་སྟོབས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་རོ། །སླར་ཡང་པདྨ་སྟོང་ཕྲག་བཅུས་རྒྱལ་སྲིད་རྙེད་དོ། །པདྨ་སྟོང་ཕྲག་བརྒྱའི་སྦྱིན་སྲེག་གིས་ལོངས་སྤྱོད་ཆེན་པོ་རྙེད་དོ། །སྦྱིན་སྲེག་འདི་རྣམས་ཐམས་ཅད་ལ་དྲི་དང་། མེ་ཏོག་དང་། བདུག་པས་མཆོད་པ་བྱས་ནས་འོ་མ་དང་། ནས་ཟན་ཟ་བས་སྣ་མའི་མེ་ཏོག་གིས་གང་གི་མིང་ནས་འབོད་པ་དེ་དབང་དུ་འགྱུར་རོ། །བིལ་བའི་ཡམ་ཤིང་གིས་བརྒྱད་བརྒྱས་མེ་རབ་ཏུ་སྦར་ནས་པདྨ་སྟོང་ཕྲག་བརྒྱ་སྦྱིན་སྲེག་བྱའོ། །གང་གི་མིང་ནས་འབོད་པ་དེ་དབང་དུ་འགྱུར་རོ། །གི་ཝང་གི་བྱུག་པ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་མགོ་བོ་ལ་བྱུག་པར་བྱའོ། །ཡང་ན་གདོང་ལ་ཐིག་ལེ་བྱའོ། །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །པདྨའི་ས་བོན་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་འོ། །མིང་སྨོས་པ་དེ་དབང་དུ་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲིན་ལས་གཞན་དུ་འགྱུར་རོ། །པདྨ་མ་རྙེད་ན་ཨུཏྤ་ལ་སྔོན་པོ་སྟོང་ཕྲག་བརྒྱད་ཀྱི་སྦྱིན་སྲེག་བྱའོ། །དྲི་འམ། མེ་ཏོག་གི་སྦྱིན་སྲེག་བྱ་སྟེ་འབུམ་ཕྲག་གཅིག་གིས་ལྷ་རྣམས་གྲུབ་པར་འགྱུར་རོ། །ཁྲུས་ལ་སྨན་ཐམས་ཅད་དང་། ས་བོན་ཐམས་ཅད་རྩ་བ་ནག་པོ་མེད་པའི་བུམ་པར་བཅུག་ནས་སྟོང་ཕྲག་བརྒྱད་མངོན་པར་སྔགས་པའི་ཆུས་ཁྲུས་བྱའོ། །བགེགས་ཀྱིས་བཏབ་པའམ། བདག་ཉིད་ཞི་བར་འགྱུར་རོ། །ུཏྤ་ལ་དང་། རུ་རྟ་དང་། ཨ་ག་རུའི་ཆ་དང་། སྟག་སེན། རྒྱ་སྤོས་བཞི་འགྱུར་གྱི་ཆ་རྣམས་རས་རིས་ཀྱི་སྤྱན་སྔར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་བའི་མར་མེ་རབ་ཏུ་སྦར་ནས་རྫས་རྣམས་ཐམས་ཅད་མེ་ཏོག་གིས་སྦྱོར་བས་དུས་མ་ཡིན་པ་གང་གིས་རྒྱལ་པོ་འམ། རྒྱལ་པོའི་བློན་པོ་འམ། རྒྱལ་པོའི་བཙུན་མོ་འམ། སྒྲུབ་པ་པོ་འམ། ཚེ་སོང་བ་རྣམས་འཁྲུར་གཞུག་པར་བྱའོ། །ཚེ་རིང་བར་འགྱུར་རོ། །སྐལ་པ་བཟང་པོ་བགེགས་ཀྱིས་བཏབ་པ་རྣམས་བགེགས་ལས་གྲོལ་བར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ཉིན་མཚན་དུ་སྨྱུང་བར་གནས་པས་བྲཧྨ་དཱ་རིའམ། ཛི་ཏེནྟྲ་ཡ་དང་། ཨ་ག་རུ་དང་། ཏུ་རུ་ཀ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱ་སྟེ་དེ་བཞིན་དུའང་འགྲུབ་པར་འགྱུར་རོ། །ཏིལ་ནག་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་དང་། ཙནྡན་གྱི་ཕྱེ་མ་འམ། ཞོགས་མ་དང་བསྲེས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་གྲུབ་པར་འགྱུར་རོ། །ཆོ་ག་གཞན་ནི་ཙནྡན་གྱི་ཡམ་ཤིང་སོར་བཞི་པའི་ཚད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ཏེ་གྲུབ་པར་འགྱུར་རོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏི་བིལ་པའི་ཤིང་གི་འོག་ཏུ་མེ་ཉེ་བར་སྦར་ནས་བིལ་བའི་འབྲས་བུ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་བརྒྱད་ཅུ་བྱ་སྟེ་རང་གི་གཟུགས་ཀྱི་ལྷ་མོ་མཐོང་ཞིང་རྒྱལ་སྲིད་ཆེན་པོ་གནང་བར་བྱེད་ཅིང་གཞན་ཡང་གང་ཞུས་པ་དེ་གནང་བར་བྱེད་དོ། །འབྱུང་པོའི་གདོན་གྲོལ་བར་བྱེད་པ་ལ་པདྨའི་ཕྱག་རྒྱས་རེག་པར་བྱ་སྟེ་འབྲོས་པར་བྱེད་དོ། །བསྒྲུབ་པར་བྱ་བཞིན་པ་མ་ཡིན་པའི་འོ་མའི་ཤིང་གིས་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་མར་གྱིས་བཏགས་པའི་པདྨའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །དེ་བཞིན་དུ་ཨུཏྤ་ལ་དམར་པོ་དང་། སྔོན་པོ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱ་ཞིང་ཡང་ན་སྣ་མའི་མེ་ཏོག་གི་སྦྱིན་སྲེག་གོ་། རས་རིས་ཀྱི་སྤྱན་སྔར་འོ་མ་དང་། ནས་ཟན་ཟ་ཞིང་འཕེལ་བཞིན་པའི་མཆོད་པ་བྱ་སྟེ་སློང་མོའི་ཟས་བཟའ་བར་བྱའོ། །དྲི་དང་། མེ་ཏོག་དང་། བདུག་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཉིན་མཚན་དུ་སྨྱུང་བར་གནས་པའི་མཐར་དྲི་ཞིམ་པོའི་མེ་ཏོག་གིས་སྦྱིན་སྲེག་བྱའོ། །སྒྲུབ་བཞིན་པ་མ་ཡིན་པ་འདིས་ས་རྣམས་ཚུལ་ཁྲིམས་མཆོག་ཏུ་འཚལ་པས་ཀྱང་གྲུབ་པར་བྱེད་དོ། །ཡང་ན་ཡུངས་ཀར་ཏིལ་ནག་པོ་དང་བསྲེས་པ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །དེ་བཞིན་དུ་འགྲུབ་པར་འགྱུར་རོ། །ནོར་འདོད་པས་ཨ་པཱ་མརྒའི་ཡམ་ཤིང་གིས་ཡུངས་ཀར་རྒྱལ་པོ་འམ། སྐེ་ཚེའི་སྦྱིན་སྲེག་གོ་།ཡང་ན་བློན་པོ་དབང་དུ་བྱེད་པ་ལ་ཏིལ་མར་གྱི་སྦྱིན་སྲེག་སྟེ་ལས་ཐམས་ཅད་ལའང་སྦྱར་བར་བྱའོ། །བུ་མོ་དབང་དུ་བྱེད་པལ་སྔར་གྱི་སྦྱིན་སྲེག་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པས་སོ། །རྒྱལ་པོའི་བཙུན་མོ་ལ་ལས་འདིའོ། །བྱང་ཆུབ་ཤིང་གི་མེ་སྦར་ནས་ཡོངས་སུ་སྤྱོད་པའི་སྦྱིན་སྲེག་གོ་། དབང་དུ་བྱེད་པ་ལ་ཡུངས་ཀར་རྒྱལ་པོའི་སྦྱིན་སྲེག་གོ་།དབང་དུ་བྱེད་པ་ལ་ཀམྦོ་ཛི་ཀའི་མེ་ཏོག་གི་ཡམ་ཤིང་གིས་སྟོང་ཕྲག་བརྒྱ་བྱའོ། །ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་ཐབ་མེད་པའི་མེ་ལ་ལྷ་དང་། ལྷ་མོ་ལ་དྲི་དང་། མེ་ཏོག་དང་། བདུག་པས་མངོན་པར་མཆོད་ཅིང་མཆོད་པ་རྒྱ་ཆེན་པོ་བྱས་ནས་འོ་མ་དང་། ནས་ཟན་ཟ་ཞིང་གོས་གཙང་མ་བགོས་ཏེ་གང་བླངས་པ་དེ་སྟེར་བར་བྱེད་དོ། །བ་ཤ་ཀའི་མེ་ཏོག་ཕྲག་བརྒྱ་སྦྱིན་སྲེག་བྱ་སྟེ་མིང་སྨོས་པ་དེ་དབང་དུ་བྱེད་དོ། །ན་ལེ་ཤམ་གྱི་སྦྱིན་སྲེག་གིས་ལོག་འདྲེན་རྣམ་པར་འཇོམས་པར་བྱེད་དོ། །བྱང་ཆུབ་ཤིང་གི་འོག་ཏུ་དྲི་དང་། མེ་ཏོག་གིས་མངོན་པར་མཆོད་ནས་ཟླ་བ་གཟས་བཟུང་བ་ན་ལྡོང་རོས་བླངས་ནས་ཨ་ཤྭཏྠའི་འདབ་མ་བདུན་གྱིས་སྟེང་དུ་གཞག་ནས་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །བླངས་པ་དེས་རིག་པ་འཛིན་པར་འགྱུར་ཏེ་ལྷ་ཐམས་ཅད་ཐོགས་པ་མེད་པ་དང་། ལྷའི་གཞལ་ཡས་ཁང་མཆོག་ཏུ་མཛེས་པར་མྱུར་ཞིང་མགྱོགས་པར་འགྲོ་སྟེ་ཉི་མ་འཆར་ཀའི་མདོག་དང་། གཟི་བརྗིད་དང་ལྡན་ཞིང་རིག་པ་འཛིན་པ་ཐམས་ཅད་དང་ལྡན་པར་འགྲོ་སྟེ་ལྷའི་འགྲོ་བ་བརྒྱ་ཕྲག་གིས་ཡོངས་སུ་བསྐོར་བར་འགྱུར་རོ། །རྣ་བའི་མིག་སྨན་ལ་ལས་འདི་ཁོ་ན་འོ། །གི་ཝང་སྒྲུབ་པར་འདོད་པས་འོ་མ་དང་། ནས་ཟན་ཟ་བས་སྔོན་དུ་སྟོང་ཕྲག་བརྒྱ་བཟླས་པར་བྱའོ། །ཟླ་བ་གཟས་བཟུང་བའི་དུས་སུ་པི་པི་ལིང་གི་འདབ་མ་བདུན་གྱི་སྟེང་དུ་འམ། རིང་བསྲེལ་ཅན་གྱི་མཆོད་རྟེན་དུ་གི་ཝང་རྣམ་པ་བརྒྱར་བྱ་སྟེ་བཏང་ནས་རིག་པ་ཡོངས་སུ་བསྐོར་པས་ལས་བྱའོ། །ཉེ་བར་སྤྱོད་པ་ལ་སོགས་པ་ཅན་ཏེ་དེས་ཐིག་ལེ་བྱས་ནས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་ལུས་འདོད་པའི་གཟུགས་ཅན་གྱི་རིག་པ་འཛིན་པར་འགྱུར་ཏེ་ལོ་སྟོང་དུ་འཚོ་བར་བྱེད་དོ། །དཔའ་བོ་བཟང་པོ་ལས་བྱུང་བའི་མིག་སྨན་གྱི་འདབ་མ་བླངས་ནས་མེ་གདུང་བཟང་པོར་བྱས་ནས་ལན་བརྒྱར་རབ་ཏུ་བཅུག་ནས་ཟླ་བ་གཟས་ཟིན་པ་ན་ཆུར་ཞུགས་ཏེ་ཇི་སྲིད་དུ་གྲུལ་བུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །སྐད་ཅིག་ལ་བཅུག་པ་ཙམ་གྱིས་རྣམ་པར་ཞིག་པར་འགྱུར་རོ། །འདི་བྱུགས་པས་གཟི་བརྗིད་དང་ལྡན་ཞིང་ཅོད་པན་དང་། རྣ་རྒྱན་འཆང་བ། པདྨའི་ཕྲེང་བས་རྣམ་པར་བརྒྱན་པའི་ལུས་རིག་པ་འཛིན་པ་ཐམས་ཅད་ཀྱི་མཐར་ཐུག་པར་ཡང་རབ་ཏུ་སྨོན་པར་འགྲོའོ། །འཁོར་དང་བཅས་པ་ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །རླུང་ལྟར་འགྲོ་ཞིང་ཡིད་ལྟར་མགྱོགས་པར་འགྲོ་བའི་རིག་པ་འཛིན་པར་འགྱུར་རོ། །པདྨ་དང་། ཨུཏྤ་ལ་སྟོང་ཕྲག་བརྒྱའི་སྦྱིན་སྲེག་གིས་གསེར་སྟོང་རྙེད་དོ། །པ་ལཱ་ཤའི་ལས་ནི་འདི་ཁོ་ནའོ། ། ཡང་འདིར་ལས་ཆེན་པོའི་སྒྲུབ་ཐབས་སུ་འགྱུར་བ་ནི་རྒྱལ་བའི་ཞབས་དྲུང་ངམ། རས་རིས་ཀྱི་སྤྱན་སྔར་རམ། རྟོག་པ་གཞན་ལས་གསུངས་པའི་ཆོ་གས་ཀྱང་རུང་སྟེ་རིག་པ་འདི་རྣམས་ཀྱི་མིང་གསུམ་གསུམ་བརྗོད་པའི་རས་རིས་ཀྱི་ཆོ་ག་དེ་འམ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཕྱོགས་གཙང་མར་འོ་མ་དང་། ནས་ཟན་ཟ་བས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་མེ་ཏོག་དང་། འབྲས་བུ་དང་། ཙཱ་རུ་དང་། རྩ་བ་དང་། ཞོའི་བཟའ་བ་འམ། ཆུ་དང་། ཕྱེ་དང་། ཟན་དང་། དྲིའི་བཟའ་བའམ། ཝ་ཀྲའི་བཟའ་བའམ། མར་གྱི་བཟའ་བས་ཀྱང་རུང་སྟེ་ཡང་ན་མི་སྨྲ་བའི་བརྟུལ་ཞུགས་སྤྱད་པར་བྱའོ། །ཐོག་མར་སྔོན་དུ་བསྙེན་བར་བྱའོ། །ཡན་ལག་བརྒྱད་པའི་གསོ་སྦྱོང་དང་ཡང་དག་པར་ལྡན་པས་ཉི་མ་སོ་སོར་མངོན་པར་བརྗོད་བཞིན་པའི་མཆོད་པ་བྱའོ། །གསུང་རབ་ཇི་ལྟ་བ་བཞིན་དུ་སློང་མོའི་ཟས་བཟའ་བར་བྱའོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་ཞིང་སྡུག་བསྔལ་གྱི་གདུངས་པས་བཟའ་བར་བྱའོ། །སྒྲུབ་པ་པོས་དུས་གསུམ་དུ་ཁྲུས་བྱས་པའི་འོག་ཏུ་ཤིས་པའི་ཀུ་ཤའི་ཁྲེས་ལ་འདུག་སྟེ་སྦྱངས་པ་ལས་བྱུང་བའི་གོས་བགོ་ཞིང་འབུམ་ཕྲག་གཅིག་ཏུ་བཟླས་པར་བྱའོ། །མཐར་ཉིན་མཚན་དུ་སྨྱུང་བར་གནས་པས་སེང་ལྡེང་གི་ཤིང་གིས་མེ་སྦར་ནས་འོ་མ་དང་བཅས་པའི་ཤིང་དམ། ཨ་ག་རུ་ནག་པོའི་ཡམ་ཤིང་སོར་བཞི་པའི་ཚད་དམ། མཛུབ་མོའི་ཚད་ལ་ཏུ་རུ་ཀའི་ཏིལ་མར་གྱིས་བཏགས་པ་དུས་གསུམ་དུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་གྲུབ་པར་འགྱུར་ཏེ་བཅོ་ལྔ་ལ་ཕྱོགས་བཞིར་ས་ལས་བྱུང་བའི་བུམ་པ་བཞི་ཆུ་དང་བཅས་པ། ཨ་མྲའི་ཡལ་འདབ་ཀྱིས་ཁ་གཡོགས་པ། རྩ་བ་དང་། ནག་པོ་མེད་པ་གཞག་པར་བྱའོ། །གཡས་ཀྱི་གཞོགས་སུ་ས་ལས་བྱུང་བའམ། གསེར་ལས་བྱུང་བ་རིན་པོ་ཆེ་དང་། ས་བོན་ཐམས་ཅད་ཀྱིས་ཡོངས་སུ་གང་བ། སྨན་ཐམས་ཅད་དང་། རྩ་བ་དང་། རིན་པོ་ཆེའི་སྙིང་པོ་པདྨ་དྲ་བའི་མེ་ཏོག་གིས་ཁ་གཡོགས་པ། དུ་གུ་ལའི་རས་མ་ཉམས་པས་མགྲིན་པ་བཅིངས་པ། རྣམ་པར་རྒྱལ་བཞེས་བྱ་བའི་བུམ་པ་དབུས་སུ་བཞག་པར་བྱའོ། །དེ་བཞིན་དུ་ཤར་གྱི་ཕྱོགས་སུ་འཆར་བ་ཞེས་བྱ་བའི་བུམ་པ་འོ། །ནུབ་ཀྱི་ཕྱོགས་སུ་ཧ་རིངས་ཞེས་བྱ་བའི་བུམ་པའོ། །དེ་ལྟ་བུ་ལ་སོགས་པ་བུམ་པ་རྣམས་ཀྱི་མིང་སྨོས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞིན་གཞུག་པར་བྱའོ། །དྲི་བཟང་པོའི་མེ་ཏོག་དང་། གཏོར་མ་དང་། ཕྲེང་བ་ཉི་ཤུ་དབུལ་བར་བྱ་ཞིང་དྲིས་བཀང་བའི་ཁམ་ཕོར་ཉི་ཤུ་ཕྱོགས་བཞིར་དབུལ་བར་བྱའོ། །འོ་མས་བཀང་བའི་ཁམ་ཕོར་ཉི་ཤུ་ཕྱོགས་བཞིར་བཞག་པར་བྱའོ། །མར་གྱི་མར་མེ་བརྒྱ་དབུལ་བར་བྱའོ། །བུམ་པའི་སྒྲོན་མ་བཞི་རབ་ཏུ་སྦར་བར་བྱའོ། །འོ་ཐུག་གིས་བཀང་བའི་ཁམ་ཕོར་བཅུ་གཉིས་ཀླུ་རྣམས་ལ་དབུལ་བར་བྱའོ། །ཏིལ་གྱི་ཐུག་པའི་ཁམ་ཕོར་བཅུ་གཉིས་སྲིན་པོ་རྣམས་ལ་གཏོར་མ་མཆོད་པར་བྱའོ། །ཟན་དྲོན་གྱི་ཁམ་ཕོར་བརྒྱད་འབྱུང་པོ་རྣམས་ལ་གཏོར་མར་སྦྱིན་ནོ། །ཧྭགས་ཀྱི་བཅའ་བ་ལ་སོགས་པའི་གཏོར་མ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དབུལ་བར་བྱའོ། །གཞན་རྣམས་ལ་མར་སར་དང་། ཞོས་བཀང་བ་དང་། ཇི་ལྟར་འོས་པ་དང་། ཇི་ལྟར་མཚུངས་པའི་ཁམ་ཕོར་རྣམས་ཕྱོགས་བཞིར་བཞག་པར་བྱའོ། ། ག་རུ་ནག་པོའི་བདུག་སྤོས་དབུལ་བར་བྱའོ། །ག་བུར་དང་། ཙནྡན་དཀར་པོ་དང་། ཀུན་ཏུ་རུ་ཀ་དང་། ཤྲི་བཱ་ས་ཅན་གྱི་བདུག་པའི་ཁམ་ཕོར་ཕྱོགས་བཞིར་བཞག་པར་བྱའོ། །དེ་ནས་སྲོད་ལ་ལས་བརྩམས་པར་བྱས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས་ཨརྒའི་ཡམ་ཤིང་ངམ། སེང་ལྡེང་གི་ཤིང་གིས་མེ་རབ་ཏུ་སྦར་ནས་ལས་འདི་ལ་སྔགས་འདིས་སྤྱན་དྲངས་པ་བྱས་པར་འགྱུར་རོ། །སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཧི་རི་ཧི་རི། སུ་རུ་སུ་རུ། མཧཱ་ཀཱ་རུ་ཎི་ཀཱ་ཨཱ་གཙྪ་ཨཱ་གཙྪ། ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་དྷི་རི་དྷི་རི་ཎི། ཡ་ཐཱ་ས་མ་ཡ་མ་ནུ་སྨ་ར་སྭཱཧཱ། །གཤེགས་སུ་གསོལ་བའི་དུས་སུ་དྲི་ཞིམ་པོའི་མེ་ཏོག་གིས་བསྐུལ་བས་སོ། །དངུལ་ལས་བྱུང་བའི་སྣོད་དམ། ས་ལས་བྱུང་བར་མཆོད་ཡོན་ཕུལ་ནས་དེ་ནས་ཨ་ག་རུ་ནག་པོའི་ཡམ་ཤིང་ཇི་སྐད་གསུངས་པའི་ཚད་གཞན་གསུངས་པ་ལ་ཏིལ་མར་གྱིས་བཏགས་པ་རྣམས་ཟླ་བ་གཟས་བཟུང་བའམ། ཉི་མ་གཟས་བཟུང་བ་ན་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་ཤར་ལ་སོགས་པའི་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་ཏུ་ཐུགས་བརྩེ་བ། ཕྱག་ན་རིལ་བ་སྤྱི་བླུགས་དང་། དབྱུག་པ་བསྣམས་པ། རལ་པའི་ཅོད་པན་འཕྱང་བ་འབྱོན་པར་འགྱུར་རོ། །དེ་ནས་ཇི་སྐད་གསུངས་པའི་སྣོད་དུ་དྲི་ཞིམ་པོའི་མེ་ཏོག་དཀར་པོ་རྣམས་སྙིམ་པས་བླངས་ནས་ཆུའི་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅི་ཡིན་པའི་མཆོག་ཏེ་སྦྱིན་པར་བྱའོ་ཞེས་གསུངས་པར་བྱེད་དོ། །གང་མཆོག་བླངས་པ་དེ་སྟེར་རོ། །ནམ་མཁའ་ལ་འགྲོ་བ་འམ། མི་སྣང་བ་འམ། རྒྱལ་པོ་ཉིད་དམ། རིག་པའི་དངོས་གྲུབ་ཐམས་ཅད་དང་། རིག་པ་འཛིན་པའི་རྒྱལ་པོ་ཉིད་དམ། མཚོན་ཆ་འམ། ཚེ་རིང་པོ་ཉིད་དམ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་འམ། གི་ཝང་སྒྲུབ་པའམ། མིག་སྨན་སྒྲུབ་པའམ། གཏེར་འཕོ་བའམ། ཕུག་ཏུ་འཇུག་པའམ། བཅུད་ལེན་ནམ། ལྡོང་རོས་སྒྲུབ་པའམ། མངོན་པར་ཤེས་པ་ལྔ་ཉིད་དམ། རང་གི་ལུས་ལ་རྗེས་སུ་འདོད་པའི་ཆོ་ག་འམ། ལྷའི་མིག་གམ། ནད་འཇོམས་པའམ། ལྷའི་ཤེས་པའམ། ལག་པ་དང་། རྐང་པའམ། མིག་ཆ་དང་བྲལ་བ་ཉིད་དམ། ལྷའི་དབང་པོ་སྦས་པ་ཉིད་དམ། ནད་འཇོམས་པ་ཉིད་དམ། མཛེ་འམ། ལུས་ལ་གང་ཅུང་ཟད་བསྒྲུབ་བྱ་མིན་པའི་ནད་དེ་དང་། དེ་རྣམས་ལ་དེ་ལས་ཐར་བ་དང་། ཐོས་པ་འཛིན་པ་དང་། ནོར་སྒྲུབ་པ་ཉིད་དམ། གང་བླངས་པའི་མཆོག་དེ་སྦྱིན་པར་མཛད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་སུ་འང་འགྲོའོ། །ཚེ་བསྐལ་པར་འགྱུར་རོ། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་སྒྲུབ་པོས་ཀུ་ཤའི་ཁྲེས་ཡོད་པས་ཨུ་དུམ་བཱ་རའི་ཆོ་ག་ཤེས་པར་བྱ་སྟེ། ཨུ་དུམ་བཱ་རའི་ཤིང་གི་ཤིང་ལྷམ་གཉིས་སམ། རྫ་མཁན་གྱི་ས་ལ་དེ་ནས་ཐམས་ཅད་མཉམ་པ་ཉིད་དོ། །སྒྲོལ་མའི་མཆོག་ཏུ་གསང་བའི་ཉེ་བའི་སྙིང་པོའི་ཆོ་གར་འགྱུར་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨོཾ་ཀུ་རུ་ཀུ་རུ་ཀུལླེ་སྭཱཧཱ། འདི་ནི་རིག་པ་འདི་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་ཉེ་བའི་སྙིང་པོ་སྟེ་བཟླས་པ་ཙམ་གྱིས་འཇིགས་པ་ཐམས་ཅད་གནོན་པར་བྱེད་དོ། །ནད་ཐམས་ཅད་ཟད་ཅིང་འཇོམས་སོ། །འཇིགས་པ་ཐམས་ཅད་འཇོམས་པར་བྱེད་དོ། །ལས་ཕྲན་ཚེགས་རྣམས་ཀྱང་བཀླགས་པས་འགྲུབ་བོ། །འབུམ་ཕྲག་ཉི་ཤུ་རྩ་གཅིག་ཏུ་ཟློས་པར་བྱེད་པ་ནི་ནམ་མཁའ་ལ་འགྲོ་བར་བྱེད་པའོ། །དེ་ནས་མིག་སྨན་ལྡོང་རོས་ཨ་ཤྭཱཏྠའི་འདབ་མ་བདུན་གྱིས་ནང་དུ་ཇི་སྲིད་དྲོ་བར་གྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །དོ་བར་བྱེད་བཞིན་པས་ནི་དབང་དུ་བྱེད་དོ། །དུ་བ་འཐུལ་བས་ནི་མི་སྣང་བའོ། །འབར་བས་ནི་ནམ་མཁའ་ལ་འགྲོའོ། །ཏིལ་གྱི་སྲེག་བླུགས་འབུམ་གྱིས་སྦྱིན་སྲེག་བྱའོ། །གང་འདོད་པ་དེ་སྟེར་བར་བྱེད་དོ། །འབུམ་ཕྲག་བཅུ་གཅིག་བཟླས་པར་བྱ་སྟེ་ཇི་སྲིད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་བྱེད་དོ། །དེ་མཐོང་ན་གང་བརྩམས་པ་དེ་འགྲུབ་པར་བྱེད་དོ། །ཙནྡན་དཀར་པོའི་ཡམ་ཤིང་གི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ་ཉི་མ་སོ་སོར་ལ་དོང་ཙེ་རྙེད་དོ། །ཙནྡན་དམར་པོའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ་ཉི་མ་རེ་རེ་ལ་ཀར་ཤ་པ་ཎ་དྲུག་རྙེད་དོ། །འབུམ་ཕྲག་བདུན་བདུན་བཟླས་པར་བྱ་སྟེ་མི་སྣང་བར་འགྱུར་རོ། །འབུམ་ཕྲག་ལྔ་བཟླས་པར་བྱ་སྟེ་ནད་འཇོམས་པར་བྱེད་དོ། །མཚན་མོ་བརྒྱད་དུ་ལན་གསུམ་ཡོངས་སུ་བཟླས་པས་ནད་འཇོམས་པར་བྱེད་དོ། །འབུམ་ཕྲག་བཅུ་གཉིས་བཟླས་པར་བྱ་སྟེ་བཅུད་ལེན་དང་། བཅུད་རྙེད་དོ། །དེ་ཟོས་ནས་གཉེར་མ་དང་། སྐྲ་དཀར་སྤངས་པར་འགྱུར་རོ། །འབུམ་ཕྲག་གསུམ་གྱིས་གྲི་དྷ་ཤཱི་སེལ་བར་བྱེད་དོ། །ལྕགས་བསྲེགས་ནས་ལན་གསུམ་བཟླས་པའི་ཏིལ་མར་གྱིས་རྐང་བ་གཡས་པ་ལ་བསྐུས་ནས་ལྕགས་དེས་རྐང་པ་ལ་གདུང་པར་བྱ་ཞིང་གྲི་དྷ་ཤཱི་ཆོད་ཅིག་ཅེས་བརྗོད་པར་བྱའོ། །འབུམ་ཕྲག་གཉིས་བཟླས་པས་རྒྱལ་པོའི་བཙུན་མོ་དབང་དུ་བྱེད་དོ། །ཡུངས་ཀར་རྒྱལ་པོའི་སྲེག་བླུགས་བྱས་པས་དབང་དུ་འགྱུར་ཞིང་མཚན་མོ་བདུན་གྱིས་ནོར་གྱི་བདག་པོར་འགྱུར་ཏེ་འདོད་པས་ཉེ་བར་བཞག་པ་མ་གཏོགས་སོ། །མཱརྒ་ལ་འབུམ་བཟླས་ཏེ་བསྐུལ་ན་བཟའ་བཏུང་གང་བླངས་པ་དེ་རྙེད་དོ། །རྒའི་ཡམ་ཤིང་གིས་སྦྱིན་སྲེག་བྱས་ན་གསེར་སད་བརྒྱད་རྙེད་དོ། །ཤིང་པི་ཎྱ་ཀི་གི་སྦྱིན་སྲེག་བྱ་སྟེ་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། ། ཏཱམྦུ་ལའི་ཕྱེ་མས་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ་ཅོད་པན་འཆིང་བར་འགྱུར་རོ། །བྱེ་བ་བཟླས་པར་བྱ་སྟེ་འཁོར་བརྒྱས་བསྐོར་བའི་རིག་པ་འཛིན་པར་འགྱུར་རོ། །འབྲས་ཡོས་ཀྱི་བསྲེགས་བླུགས་སྟོང་ཕྲག་བརྒྱད་ཀྱི་སྦྱིན་སྲེག་བྱ་སྟེ་ཉི་མ་བདུན་གྱིས་བགེགས་རྣམས་མེད་པར་འགྱུར་རོ། །འབུམ་ཕྲག་བཅུ་གཉིས་བཟླས་པར་བྱ་སྟེ། བ་ལྕི་སྐམ་པོ་ཧྭགས་ཀྱི་བཙོ་བོར་འགྱུར་རོ། །རྩ་བ་མེད་པ་འམ། དུག་མེད་པར་བརྗོད་པས་བསྐུས་ན་དྲི་བཟང་པོར་འགྱུར་རོ། །ཏཱམྦུ་ལ་ཐམས་ཅད་ཡང་དག་པར་སྦྱར་ཏེ་འབུམ་གྱིས་སྦྱིན་སྲེག་བྱའོ། །ཏཱམྦུ་ལ་མཚང་བ་ཉིད་མེད་པར་འགྱུར་རོ། ། པཱ་མརྒས་མིག་ནད་སེལ་བར་བྱེད་དོ། །རིམས་ཀྱིས་བཏབ་པ་ལ་ཀུ་ཤས་བྱབས་པས་སོ། །སྲད་བུ་ལ་བརྒྱད་བརྒྱ་བཟླས་ནས་བཅིང་བར་བྱ་སྟེ་སྐལ་བ་བཟང་པོར་འགྱུར་རོ། །ཟན་དང་། ཞོ་ལྷན་ཅིག་པ་འབུམ་གྱིས་སྦྱིན་སྲེག་བྱས་ན་ཇི་སྲིད་འདོད་པའི་ཟས་མ་ཚང་བ་མེད་པར་འགྱུར་རོ། །མར་གྱི་སྲེག་བླུགས་སྟོང་གི་སྦྱིན་སྲེག་བྱས་ན་ཡུལ་གྲུ་གསུམ་རྙེད་དོ། །བསོད་ནམས་ཆུང་བའི་སེམས་ཅན་རྣམས་ཀྱིས་སྒྲུབ་པ་ལན་གསུམ་གྱིས་བསྒྲུབ་པར་བྱའོ་ཞེས་ས། །གུ་གུལ་གྱི་རིལ་བུ་ཀ་པར་ཥའི་རུས་པའི་ཚད་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ། ཉི་མ་རེ་རེ་ལ་པཎ་བཅུ་དྲུག་རྙེད་དོ། །ལྷག་མ་མེད་པ་ཟད་པར་བྱའོ། །དོང་ཀའི་མེ་ཏོག་གི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱ་སྟེ་མ་བཏགས་པའི་གོས་སྣ་ཚོགས་པ་བྱེ་བ་ཕྲག་བཅུ་གཉིས་རྙེད་དོ། །སྙིང་རྗེས་སྦྱིན་དུ་བཅུག་པ་དང་། དེ་བཞིན་དུ་དད་པ་དང་། ལྷ་བསྙེན་པ་ལས་གཞན་མ་ཡིན་པས་འགྲུབ་པར་མི་འགྱུར་རོ། །ཞེས་དེ་བཞིན་དུ་རྟོགས་པར་བྱའོ། །རྟོག་པའི་རྒྱལ་པོ་འདི་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་གཏོགས་པར་རྟོག་པ་ཐམས་ཅད་ཀྱི་ནང་དུ་གཏོགས་པའི་རིག་པ་འདི་ནི་ཆོ་ག་རྒྱས་པར་བསྟན་པར་ལོ་བརྒྱ་ཕྲག་གིས་ཀྱང་དི་དང་། འདིས་མདོར་བསྡུས་ནས་བསྟན་པར་མི་ནུས་སོ། །ཆོ་ག་གཞན་རྣམས་སུ་ཡང་རིག་པ་འདི་སྒྲུབ་པའི་ཆོ་ག་དེ་ཐམས་ཅད་བསྒྲུབ་པར་བྱ་ཞིང་། དེ་བཞིན་དུ་གང་ངེས་པར་བརྗོད་པའི་ལས་རྣམས་སྒྲུབ་པར་བྱེད་དོ། །རྟོག་པའི་རྒྱལ་པོ་འདིར་རིག་པའི་སྔགས་དེ་རྣམས་དང་གང་སྔགས་རྣམས་ཀྱིས་བསྒྲུབ་པར་བྱ་བ་དེ་རྣམས་ཁོ་ན་ཡངས་པ་དང་ལྡན་པའི་ཏིང་ངེ་འཛིན་རབ་ཏུ་གསལ་བ་ལ་སོགས་པ་དང་། རྟོག་པ་གཞན་གྱི་ཆོགས་ཀྱང་བསྒྲུབ་པར་བྱའོ་ཞེས་པའོ། །དེ་རྟོག་པའི་རྒྱལ་པོ་འདིའི་སྒྲུབ་ཐབས་ཀྱི་སྤྱོད་པ་སྦྱིན་པ་དང་། སྒྲུབ་པའི་ཐབས་ཀྱི་ཆོ་ག་རྣམ་པ་སྣ་ཚོགས་པ་ལ་སོགས་པ་དང་། དཀྱིལ་འཁོར་གྱི་ལས་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་མངོན་པར་འདོད་པའི་རིག་པ་དང་། སྔགས་རྣམས་དང་། རྟོག་པ་ཐམས་ཅད་དུ་རྒྱས་པར་བསྟན་པའི་ཕྱག་རྒྱ་ཆེན་པོའི་ཆོ་ག་བཅུ་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་ཆོ་ག་བརྒྱད་རྣམས་ཀྱང་མཉམ་པ་ཉིད་དུ་འགྱུར་རོ། །འདི་ལྟ་སྟེ། འཕགས་པ་ཀུན་ཏུ་བཟང་པོའི་རྟོག་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་གཞོན་ནུ་བཞི་པོའི་རྟོག་པ་དང་། ཡངས་པའི་རི་བོ་དང་། ཀུན་ཏུ་རི་བོ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད་སྟེ་རྟོག་པ་ཆེན་པོ་ཐམས་ཅད་ཀྱི་སྤྱོད་པའི་ཆོ་ག་རྣམས་སུ་མཉམ་པ་ཉིད་དུ་འགྲོ་བར་བྱེད་དོ། །དེ་བཞིན་ཁོ་ན་བདག་གིས་བརྗོད་པ་དེ་དང་། སངས་རྒྱས་མཐའ་ཡས་པས་གསུངས་པའི་རྟོག་པའི་རྒྱལ་པོ་བདེ་བླག་ཏུ་བསྒྲུབ་པར་བྱ་སྟེ་མཐའ་ཡས་པའི་བྱང་ཆུབ་ཀྱི་ཕ་རོལ་ཏུ་འགྲོའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་བ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཐམས་ཅད་ཐུན་མོང་པའི་ཆོ་གའི་རིག་པའི་ལེའུ་རབ་འབྱམས་རྫོགས་སོ། ། །།ཕྱག་རྒྱའི་ལེའུ་བྲི་བར་བགྱའོ། །དེ་ནས་སེམས་དཔའ་ཆེན་པོ་ཕྱག་རྒྱ་ཡང་དག་པར་མགུ་བར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་ཐུན་མོང་པ། རྒྱུད་ཐམས་ཅད་གྱི་ནང་དུ་གཏོགས་པ། ཕྱག་རྒྱ་རི་མོའི་ཆོ་ག་།རབ་ཏུ་འཛུམ་པའི་བཞིན་དུ་གྱུར་པས་དེའི་འོག་ཏུ་ཕྱག་རྒྱའི་མཚན་ཉིད་གསུངས་པར་གྱུར་ཏོ། །བཅིང་པ་རྣམས་ཀྱི་མཚན་ཉིད་ནི། །ཤེས་ནས་རབ་ཏུ་བཞག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །རིགས་ཀྱི་ཕྱག་རྒྱ་ཆ་གསུམ་རྣམས། །ཉི་མའི་དཀྱིལ་འཁོར་ཀུན་ནས་འབར། །གཙུག་ཏོར་ཕྱག་རྒྱ་རྫོགས་པ་ཡི། །ཉི་མའི་དཀྱིལ་འཁོར་འཆར་བ་ནི། །འཁོར་ལོས་བསྒྱུར་བའི་ཕྱག་རྒྱའོ། །གཙུག་ཏོར་དེ་ཉིད་ཅུང་ཟད་བཏེག་།གཙུག་ཏོར་སྟེང་འགྲོའི་ཕྱག་རྒྱ་འོ། །ཀུན་ཏུ་དཀར་བ་གདུགས་དཀར་ཅན། །འཁོར་ལོ་འབར་བ་རྣམ་པར་འཕྲོ། །གཟི་བརྗིད་ཕུང་པོ་རྡོ་རྗེ་ཉིད། །གཞན་གྱིས་མི་ཐུབ་ལན་གསུམ་དཀྲིས། །རྒྱལ་བའི་གཙུག་ཏོར་ཕྱག་རྒྱ་འོ། །འཁོར་ལོ་རྩིབས་བརྒྱད་ལྟེ་བར་བཅས། །ཆོས་ཀྱི་འཁོར་ལོའི་མཚན་ཉིད་དོ། །པདྨ་རིན་ཆེན་ནོར་བུ་ནི། །རིན་ཆེན་སྙིང་པོའི་ཕྱག་རྒྱའོ། ། དེ་ཉིད་དཀྱིལ་འཁོར་སོ་སོར་གནས། །ལས་ཀུན་བྱེད་པའི་གདུ་བུ་ཅན། །དབུས་སུ་སོན་པ་དབུས་མ་ཡིན། །སྤྱན་དེ་དེ་བཞིན་གཤེགས་པའི་སྤྱན། །དེ་ཉིད་རྩ་བ་ཅན་གྱིས་དམན། །དེ་བཞིན་གཤེགས་པའི་མཛོད་སྤུ་འོ། །རྩེ་མོའི་སྟེང་འོག་ནུས་པའི་མཚན། །དེ་བཞིན་གཤེགས་པའི་ནུས་པ་འོ། །འབར་བའི་ཚོགས་པ་གཞན་མི་ཐུབ། །འབར་བའི་སྙིང་པོའི་དཀྱིལ་འཁོར་ནི། །ཐམས་ཅད་ལྷུང་བཟེད་སོགས་ཕྱག་རྒྱ། །སྔགས་སམ་ཡིད་ཀྱི་བྱེ་བྲག་ལས། །དེ་བཞིན་གཤེགས་རིགས་ཕྱག་རྒྱ་འོ། ། པདྨ་འདབ་བརྒྱད་ཕྱི་མ་ལ། །འདབ་མ་ཅན་རྫོགས་གང་བ་ཡི། །ཟླ་བའི་རྣམ་པ་ཆ་དང་བཅས། །རྩ་བའི་ཕྱག་རྒྱ་པདྨ་ཅན། །པདྨ་གཡོ་བའི་སྟེང་དུ་ནི། །ངེས་ཞུགས་ནོར་བུ་འདོད་པ་ནི། །ཕུན་ཚོགས་བྱེད་པའི་ཕྱག་རྒྱའོ། །རྟ་མགྲིན་དང་ནི་སྔོན་ཕྱོགས་ཀྱི། །པདྨ་ཡི་ནི་སྡོང་བུའོ། །པདྨ་དཀར་པོ་གོས་དཀར་ཅན། །ཟེ་འབྲུ་དེ་ཉིད་གྲགས་ལྡན་མའི། ། ཨུཏྤལ་དེ་ཉིད་སྒྲོལ་མ་ཡི། །ུཏྤལ་ནི་ཟླ་བ་ཡི་འོ། །ཅུང་ཟད་རིན་ཆེན་ཁྲོ་གཉེར་ཅན། །སྡོང་བུ་དང་བཅས་དཔལ་མོ་སྟེ། །ཕོ་ཉ་མོ་ཀུན་ཞེས་བྱའི་རིགས། །ཁ་བྱེ་རྒྱས་པ་རིགས་རྒྱལ་མོའོ། །ལྷག་མ་རྣམས་ཀྱི་ཐུན་མོང་ཉིད། །ཕྱུག་པའམ་རིལ་བ་སྤྱི་བླུགས་ཀྱི། །རྣམ་པ་དེ་དག་ལྷག་མ་རུ། །རིག་པ་ཅན་རྣམས་ཀྱིས་ཤེས་བྱ། །འབར་བས་བད་རིགས་ཕྱག་རྒྱའོ། །རྩེ་མོ་ལྔ་པ་རྡོ་རྗེ་ཡི། །གདོང་གཉིས་ལྷ་མོ་སོ་སོར་གནས། །འབར་བའི་ཕྲེང་ལྡན་རིག་པ་མཆོག་།རིག་པའི་རྒྱལ་པོའི་རྡོ་རྗེའོ། །དམ་ཚིག་རྡོ་རྗེ་ཐད་ཀར་གནས། །བུམ་དབུས་སྟེང་སོང་མཱ་མ་ཀཱི་།གཙུག་ཏོར་གཅིག་པ་རྒྱལ་བ་སྟེ། །གཙུག་ཏོར་གཉིས་པ་རྣམ་པ་རྒྱལ། །གཙུག་ཏོར་གསུམ་པ་རྡོ་རྗེའི་མཚན། ། དབུས་སུ་མདུང་གི་རྣམ་པ་ནི། །རྡོ་རྗེ་ཡི་ནི་མཚན་མ་འོ། །དབུས་སུ་འཁྱིལ་བ་བྱས་ནས་ནི། །མདུང་ལ་འཁྱིལ་བ་མངོན་ཕྱོགས་པའོ། །རྡོ་རྗེའི་དབུས་སུ་དཀྱིལ་འཁོར་ལ། །ཀུན་ནས་འབར་བའི་དཀྱིལ་འཁོར་ནི། །ཡོད་པ་ཕྲེང་བ་ཅན་མའོ། །རྡོ་རྗེ་གཉིས་ཀའི་རྩེ་མོ་ལ། །ཕྲེང་བ་དག་བྱེད་ཕྲེང་བ་འཆང་། །ཅུང་ཟད་ཅོད་པན་གཞོགས་སུ་ནི། །ལྕགས་ཀྱུ་རྡོ་རྗེ་ལྕགས་ཀྱུ་མའོ། །དབྱུག་པ་དབྱུག་པའོ་དེ་བཞིན་དུ། །དགྲ་སྟ་དབུས་མའི་རྩེ་མའི་རྩེ་མོར་གནས། །རྡོ་རྗེ་ཁུ་ཚུར་བུམ་ཅན་ཡང་། །དེ་ནས་ངེས་པའི་རྣམ་པ་ནི། །རྡོ་རྗེ་རྩེ་གཅིག་འབར་བཅས་པ། །རྡོ་རྗེ་ཁ་མ་དུང་གི་སྣ། །ཕོ་ཉ་མོ་ཡི་རིང་པོ་སྟེ། །ཁྲོ་བོ་རྣམས་ཀྱི་ཐུང་དུ་འོ། །རྣམ་པར་འཕྲོ་བ་རིག་པའི་རྒྱལ། །ཅུང་ཟད་དབུས་སུ་གཙུག་ཏོར་ལྡན། །རིག་པའི་རྒྱལ་པོ་ཞེས་བྱ་འོ། །འོག་ཏུ་མདུང་ལ་སྟེང་རྡོ་རྗེ། །ཚོགས་ཀྱིའོ་སྟེང་དུ་མདུང་དང་ནི། །འོག་ཏུ་རྡོ་རྗེ་ལོག་འདྲེན་ཀུན། །དབུས་སུ་བི་འདིའི་ཕྱོགས་བཞི་རུ། །མགོ་གསུམ་རྡོ་རྗེ་བི་དཱི་ནི། །རིག་པའི་རྒྱལ་པོའི་དཀྱིལ་འཁོར་དུའོ། །དེ་ཉིད་འདིར་ཡང་དེ་བཞིན་དུ། །ཐམས་ཅད་དུ་ནི་འབར་བཅས་པ། །བདུན་ལྔ་གསུམ་གྱི་འབར་བར་བྱ། །རྡོ་རྗེའི་རིགས་ནི་ཐམས་ཅད་ལ། །རྡོ་རྗེ་ལྔ་ཡི་མཚན་ཉིད་རྣམས། །ཕྱག་རྒྱ་བཅས་པའོ་གཏུམ་པོ་རྣམས། །བི་དཱི་ག་དང་བཅས་པའོ། །གཅིག་ཤོས་འཇིག་རྟེན་པ་རྣམས་ནི། །འབར་བ་དང་བཅས་གཏུམ་པོ་མི། །བི་དཱི་མེད་པར་སོ་སོར་གནས། །ཇི་ལྟར་འགྲོ་བར་བྱ་བ་ཡི། །དགེ་བའི་སྤྱོད་པས་འཇིག་རྟེན་པ། །འཇིག་རྟེན་འདས་པའི་རྒྱུད་ཤེས་པས། །ཐམས་ཅད་རྟོག་པ་དཀྱིལ་འཁོར་གྱིས། །ཞེས་སོ། །ོཾ་ས་ར་ས་ར་བཛྲ་པྲ་ཀཱ་རཾ་ཧཱུཾ་ཕཊ་སྭཱཧཱ། ར་བའོ། །ོཾ་བི་ཕུ་རབ། །རཀྵ་བཛྲ་པཉྫ་ར་ཧཱུཾ་ཕཊ་སྭཱཧཱ། རྡོ་རྗེའི་གུར་རོ། །ོཾ་ཀཱི་ལི་ཀཱི་ལ། བཛྲ་བཛྲི་བྷུ་བནྡྷ་བནྡྷ་ཧཱུཾ་ཕཊ་སྭཱཧཱ། །ཕུར་པའོ། །དེ་ལྟར་འདི་རྣམས་ཀྱི་དཀྱིལ་འཁོར་བྲི་བའི་ཕྱག་རྒྱའོ། དེ་ནས་སེམས་དཔའ་ཆེན་པོ་ད་ཨེས་སླར་ཡང་ཕྱག་རྒྱ་ཡང་དག་པར་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྒྲུབ་ཐབས་ཐམས་ཅད་ཀྱི་སྤྱིའི་ཆོ་ག་མཚུངས་པ་ཉིད་ཀྱི་ཕྱག་རྒྱ་དང་། རིག་པ་ཐམས་ཅད་ལ་ཀུན་ནས་མཉམ་པར་འཇུག་པ་དེ་རྣམས་གདོན་མི་ཟ་བ་ཁོ་ནར་དངོས་གྲུབ་རྟོགས་པར་འགྱུར་རོ་ཞེས་སོ། །དེ་ནས་ཐལ་མོ་དབུས་མ་ཡི། ། གུང་མོའི་སོར་མོ་གུང་མོས་གུང་མོ་ལ། །དེ་ཉིད་སྡིགས་མཛུབ་རྩེ་མོ་ལྟ་བར་གནས། །དེ་བཞིན་གཤེགས་རིགས་དམ་ཚིག་གི་།ཕྱག་རྒྱ་ལྷན་ཅིག་པར་བསྒྲགས་སོ། ། དང་པོར་སྔགས་བཅས་རྫོགས་པར་བྱ། །བཟླས་པ་ལ་སོགས་པར་འགྱུར་རོ། །ཡང་འདིར་སྔགས་ནི། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿོཾ་ཏ་ཐཱ་ག་ཏཱ་ཨུད་བྷ་བཱ་ཡ་སྭཱཧཱ། །དེ་བཞིན་གཤེགས་པའི་རིགས་སུ་དམ་ཚིག་གི་སྔགས་སོ། །གཡོན་པའི་རྒྱབ་ཕྱིན་ཅི་ལོག་ཏུ་འགྱུར་ཏེ་བཀན་པ་ལག་པའི་མཐེའུ་ཆུང་བཟུང་ལ་གང་གིས་མཐེ་བོང་གཉིས་ཅུང་ཟད་བརྐྱང་བ་མནན་པར་བྱ་སྟེ་སོར་མོ་དག་ནི་མཆོག་གི་དམ་ཚིག་གི་སྔགས་ཏེ་རྡོ་རྗེའི་རིགས་སུ་རབ་ཏུ་གྲགས་པར་འགྱུར་རོ། །ཡང་འདིར་སྔགས་ནི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ་ཨོཾ་བཛྲ་ཨུད་བྷ་བཱ་ཡ་སྭཱཧཱ། །རྡོ་རྗེ་རིགས་སུ་དམ་ཚིག་གི་ཕྱག་རྒྱའི་སྔགས་སོ། །གུང་མོའི་སོར་མོ་གུང་མོ་ཅན། །བྱས་ནས་ཐལ་མོ་སྦྱར་བྱས་པ། །སོར་མོ་གཉིས་རྟག་བུག་པ་མེད། །དང་པོར་བཅིངས་ནས་དེ་བཞིན་ཕྱིས། །རྫོགས་ནས་བཟླས་པ་ལ་སོགས་འགྱུར། །ཡང་འདིར་སྔགས་ནི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ་ཞེས་པ་འདི་རྣམས་དམ་ཚིག་གི་ཕྱག་རྒྱ་རྣམས་ལའོ། །ོཾ་པདྨ་ཨུད་བྷ་བཱ་ཡ་སྭཱཧཱ།། འདི་ནི་པདྨའི་རིགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་སྔགས་སོ། །ཞེས་པ་དམ་ཚིག་ཕྱག་རྒྱ་ནི། །གསུམ་པོ་འདི་རྣམས་ཀུན་ཏུ་བསྒྲག་།ཡོན་ཏན་དཔག་མེད་རྣམ་པ་སྟེ། །སྟོབས་ཆེན་ཕ་རོལ་གནོན་པ་འོ། །དང་པོར་བཅིང་བྱ་རྟག་ཏུ་སླར། །སྒྲུབ་པོས་ལྷ་ཡི་སྤྱན་སྔ་རུ། །དེ་ཡི་དངོས་གྲུབ་ཐོབ་པར་འགྱུར། །མྱུར་དུ་འདོད་པའི་ཞི་སོགས་རྣམས། །འཇིག་རྟེན་མགོན་པོ་མཐའ་ཡས་དང་། །དེ་སྲས་བདག་ཉིད་ཆེ་རྣམས་ཀྱིས། །ལུས་ཅན་ཀུན་གྱི་ཕྱག་རྒྱ་ཆེ། །སྒྲུབ་པའི་དོན་དུ་གསུངས་པ་ཡིན། །རྟག་ཏུ་སྔ་བར་ལངས་ནས་ནི། །ཉིན་རེ་ཉིན་རེ་བཅིང་བར་བྱ། །གཙང་ཞིང་དད་དང་བློ་གྲོས་ལྡན། ། དེ་ཡི་དངོས་གྲུབ་འབྱུང་བར་འགྱུར། །དམ་ཚིག་ཕྱག་རྒྱ་གསུམ་པོ་འདི། །གང་གིས་ཤེས་བ་བློ་ལྡན་པས། །གཟུང་བའི་འཕགས་པའི་མན་ངག་གིས། །དེ་ཡི་དངོས་གྲུབ་ཐེ་ཚོམ་མེད། །འདི་རྣམས་རྣམ་པར་ཤེས་པ་ནི། །ཆོ་ག་ཉམས་ཀྱང་སྒྲུབ་པ་པོས། །དེ་ཡི་དངོས་གྲུབ་བྱེད་པ་ཡིན། །སྟོབས་པོ་ཆེ་ལ་སོགས་རྣམས་ཀྱིས། །ཕྱག་རྒྱ་ཀུན་ཏུ་སྲུང་དོན་དུ། །དེ་ནས་དབུགས་འབྱིན་ཆེན་པོ་དེ། །བདག་གིས་ཀུན་ནས་སྣང་བ་ཡི། །ཕྱག་རྒྱ་ཡང་དག་སྐུལ་བྱེད་པའི། །སྒོམ་པ་ཀུན་ནས་རྟག་ཏུ་ནི། །ཕྱག་རྒྱ་རབ་ཏུ་གསུངས་པ་སྟེ། ། སྒྲོལ་མ་ཀུན་གྱི་ཐུན་མོང་དུ། །རྟག་པ་གང་དུ་གསུངས་པ་ཡིན། །རྟོག་པ་གཞན་དུ་རིག་པ་གང་། །དེ་རྣམས་ཉིད་ཀྱང་རབ་སྦྱར་བྱ། །ཡང་འདིར་ཕྱག་རྒྱའི་མཚན་ཉིད་འགྱུར། །སླར་ཡང་སོར་མོ་ཕན་ཚུན་དུ། །ལན་གཉིས་ཁ་སྦྱར་གནས་པ་ལ། །མཛུབ་མོ་གཉིས་ནི་རབ་ཏུ་བརྐྱང་། །བློ་ལྡན་དེ་བཞིན་མཐེ་བོང་ཡང་། །སེམས་ནི་ལེགས་པར་མཉམ་བཞག་པས། །བཅིང་བྱ་རྩ་བའི་ཕྱག་རྒྱའོ། །སྒྲོལ་མ་སྤྱན་དྲང་ཆེད་དུ་ནི། །འདི་རྣམས་རིག་པ་ལྷན་ཅིག་པས། །ཞེས་འདི་སྒྲོལ་མ་ཐམས་ཅད་ཀྱི། །རྩ་བའི་ཕྱག་རྒྱ་དོན་ཆེན་སྦྱིན། །སྒྲུབ་པ་པོ་ནི་དོན་ཐམས་ཅད། ། རང་གི་རིག་པ་སྦྱར་བ་ཡིན། །ཆོ་ག་ཉམས་ཀྱང་དད་བ་ཡིས། །ལྷ་རྣམས་འཕྲལ་དུ་འོང་བར་བྱེད། །དེ་ཉིད་མཐེ་བོང་བཀན་བྱས་ནས། །མཆོད་ཡོན་དག་ནི་དབུལ་བར་བྱ། །དེ་ནས་མཆོད་ཡོན་ཅན་དུ་འགྱུར། །མི་རྣམས་འདོད་པའི་འབྲས་རབ་སྦྱིན། །མཆོད་ཡོན་གྱི་ཕྱག་རྒྱའོ། །ལག་པ་བཀན་ཏེ་བཏེག་ལ་བརྐྱང་། །མཐེ་བོང་གདན་དུ་རབ་བརྟག་བྱ། །དེ་ཉིད་འདོད་པའི་སྒྲུབ་པའི་དོན། །ལྷ་རྣམས་ཡོངས་སུ་མཉེས་པར་བྱེད། །གདན་གྱི་ཕྱག་རྒྱའོ། །མཐེ་བོང་དག་གི་རྩེ་མོ་ཆ། །བསྐུམ་ནས་ཐ་དད་གྱུར་གང་ཉིད། །ཁྲུས་བྱས་བདག་ཉིད་དོན་བཟང་སྒྲུབ། །ཁྲུས་ཀྱི་ཕྱག་རྒྱའོ། །སོར་མོའི་རྩ་བའི་ཉེ་ལོགས་སུ། །གཡས་པའི་མཐེ་བོང་རྣམ་པར་དགོད། །སྨན་དང་སྲོག་ཆགས་ཡན་ལག་ནི། །ཡོངས་སུ་སྤངས་ཏེ་དྲི་དག་དབུལ་དྲིའི་ཕྱག་རྒྱའོ། །དེ་བཞིན་གཡོན་པའི་མཐེ་བོང་ཡང་། །མཉམ་པར་བཞག་པས་རྣམ་པར་དགོད། །ལྷ་ཡི་དྲི་མཆོག་དང་ལྡན་པའི། །མེ་ཏོག་སྣ་ཚོགས་དབུལ་བར་བྱ། །མེ་ཏོག་གི་ཕྱག་རྒྱའོ། །སྡིགས་མཛུབ་གཡས་པའི་རྩེ་མོ་ནི། །བསྐུམ་སྟེ་གུང་མོར་གནས་པར་འགྱུར། །གང་གིས་མཐེ་བོང་ཅན་གྱིས་ནི། །དེ་ཡིས་བདུག་སྤོས་དབུལ་བར་བྱ། །བདུག་སྤོས་ཀྱི་ཕྱག་རྒྱའོ། །གཡོན་པའི་མཐེ་བོང་སྡིགས་མཛུབ་ནི། །གུང་མོར་གང་གིས་གནས་པར་བྱ། །གཙང་ཞིང་དག་པར་ཡང་དག་ལྡན། །དེ་ཉིད་གཏོར་མའི་མཆོད་པར་བྱ། །གཏོར་མའི་ཕྱག་རྒྱའོ། །སྡིགས་མཛུབ་རྩེ་མོར་མཐེ་བོང་གཉིས། །རྣམ་པར་བཀོད་པ་བྱས་ནས་ནི། །བ་ཡི་མར་ནི་ཕུལ་བྱུང་བྱས། །སྒྲོན་མེ་དབུལ་བར་བྱ་བ་འོ། །མར་མེའི་ཕྱག་རྒྱའོ། ། གུང་མོའི་རྩེ་མོར་མཛུབ་མོ་ནི། །ཕྱི་ཡི་རྩེ་མོའི་ཚིགས་སུ་སྦྱར། །མཐེ་བོང་དང་ནི་མིང་མེད་དག་།བགྲང་ཕྲེང་སྲད་བུ་ཡོངས་སུ་འཛིན། །བྲེང་བ་འཛིན་པའི་ཕྱག་རྒྱའོ། །རྟག་ཏུ་མེ་རུ་མངོན་ཕྱོགས་པས། །ལག་པ་གཡས་པའི་མིང་མེད་ནི། །གུང་མོའི་ཚིགས་སུ་བྱས་པར་འགྱུར། །ལག་གཉིས་སྦྱར་བའི་གུང་མོ་ལ། །མཐེ་བོང་ཅུང་ཟད་རྣམ་འདུད་པའོ། །མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །མིང་མེད་མཐེ་བོང་སྦྱར་བྱས་ནས། །སྔགས་དང་བཅས་པ་རབ་སྦྱར་བྱ། །དེ་ཉིད་ཀྱིས་བརྗོད་གཤེགས་སུ་གསོལ། །མེ་ལྷ་སྤྱན་དྲངས་པ་བ་སྐུལ་བའི་ཕྱག་རྒྱའོ་ཞེས་པ་འདི་སྒྲོལ་མ་ཐམས་ཅད་ཀྱི་རིག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་ཕྱག་རྒྱ་སྟེ་སྒྲུབ་པ་པོ་དངོས་གྲུབ་མཉམ་པ་མེད་པ་འདོད་པ་རྣམས་ཀྱིས་ཐུན་མོང་དུ་རྟག་ཏུ་སྦྱར་བར་བྱའོ། །རྐང་པ་འཁྱོག་པོར་བྱས་ནས་ནི། །ཕྱག་རྒྱ་རྣམ་པར་རྒྱས་པ་ནི། །ལག་གཉིས་བརྐྱང་བྱས་འཁོར་ལོ་དང་། །སྔོན་དུ་མཐེ་བོང་བསྐུལ་ནས་ནི། །ཁུ་ཚུར་བཅིངས་ཏེ་མཐེ་བོང་དག་། མཉམ་པར་བཤིབས་ཏེ་བརྐྱང་བར་བྱ། །གུང་མོ་སྒྲེང་བའི་ཕྱག་རྒྱ་འདི། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡི། །དབྱུག་པའི་ཕྱག་རྒྱར་གྲགས་པ་ཡིན། །སྒྲུབ་པོས་མྱུར་དུ་སྦྱར་བར་བྱ། །དངོས་གྲུབ་ཐམས་ཅད་བྱེད་པར་འགྱུར། །དབྱུག་པའི་ཕྱག་རྒྱའོ། །ལེགས་པར་ཁ་སྦྱར་བ་ཐལ་མོ་ཁོང་སྟོང་དུ་འགྱུར་ཏེ་ཁ་སྦྱར་གྱི་ཕྱག་རྒྱའོ། །གང་དུ་མཐེ་བོང་ནང་དུ་བཅུག་པ་ནི་བཟང་པོའི་གདན་ནོ། །བཟང་པོའི་གདན་གྱི་ཕྱག་རྒྱའོ། །ཐལ་མོ་ཁོང་སྟོང་དེས་རབ་ཏུ་བརྗོད་པའི་ཁ་སྦྱོར་གྱི་ཕྱག་རྒྱ་ལས་མིང་མེད་ཀྱི་སོར་མོ་ཡང་དག་པར་སྦྱར་བ་ནི་ཁ་སྦྱོར་གྱི་ཕྱག་རྒྱའི་གཙོ་བོ་པདྨའི་རྣམ་པ་འོད་ཟེར་གྱི་རྣམ་པ་ནི་པདྨའི་ཕྱག་རྒྱའོ་ཞེས་སྒྲུབ་པ་པོ་བློ་དང་ལྡན་པས་ཤེས་པར་བྱའོ། གདན་གྱི་དོན་ཏུ་རབ་ཏུ་སྦྱར་བར་བྱའོ། །ཕྱག་རྒྱ་འདི་ནི་གྲགས་པ་ཆེན་པོའོ། །པདྨའི་ཕྱག་རྒྱ་འོ། །རྩ་བའི་ཕྱག་རྒྱ་ནི་རབ་ཏུ་བརྗོད་པ་དེ་ཨུཏྤ་ལ་དེ་འདིར་བརྗོད་པར་བྱའོ། །ནས་ཙམ་རྣམ་པར་གྲོལ་བ་ནི་ཕྱག་རྒྱའི་པདྨའི་ཏོག་ནི་ཡན་ལག་ཉིད་དོ། །ུཏྤ་ལའི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་། སྒྲོལ་མའི་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ཕྱིག་རྒྱར་ཡོངས་སུ་བསྒྲགས་སོ། །ཚིགས་གསུམ་པ་བཅག་པ་ནི་ཁྲོ་གཉེར་ཅན་གྱིས་སོ། །དེ་ཁོ་ན་ཚིགས་བར་པར་གྱུར་པ་ཡང་དག་པ་ཁོ་ནར་འདོད་པ་ནི་ཏིང་ངེ་འཛིན་ཡངས་པའི་ཕྱག་རྒྱར་གསུངས་སོ། །སྡིགས་མཛུབ་དང་། མཐེ་བོང་ཡང་དག་པར་སྦྱར་བའི་ཕྱག་རྒྱ་ནི་རལ་གཅིག་མའི་ཅོད་པན་ལས་སོ། །དང་པོ་ཏིང་ངེ་འཛིན་ཡང་དག་པར་གསུངས་པའི་རིག་པའི་སྔགས་རྣམས་ཕྱག་རྒྱ་གཉིས་པ་རལ་གཅིག་མའི་འོ། །ཕན་ཚུན་སྦྱར་བྱས་ལྷག་མ་ཕྱི་རོལ་ཏུ་སྐྲའི་རྣམ་པར་རབ་ཏུ་བརྐྱང་ནས་དབུས་མ་གཉིས་ནི་མདུང་གི་རྣམ་པར་ལེགས་པར་གནས་པའི་ཕྱག་རྒྱ་ནི་མདུང་དུ་ཡང་དག་པར་བཤད་དོ། །ལྷ་ཡི་འབར་བར་བྱེད་པ་དང་། ཡང་དག་པར་མཚུངས་པ་འདི་བསྟན་པ་ཙམ་གྱིས་གདུག་པ་རྣམས་ཐམས་ཅད་རྣམ་པར་འཇོམས་པ་མདུང་གི་ཕྱག་རྒྱའོ། །ཞེས་པ་ཕྱག་ཆེན་འདི་རྣམས་ནི། །དམ་ཚིག་དོན་དུ་རབ་སྦྱར་བ། །གང་གིས་ཡང་དག་ཤེས་བྱས་པ། །དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར། །ཕྱག་རྒྱ་ལྷག་མ་ཐམས་ཅད་ཉིད། །ཚད་མེད་གྲངས་མེད་ཉིད་དུ་བྱ། ། ཕྱགས་རྒྱ་ཡང་དག་ཡོངས་སུ་བསྒྲགས། །མདོར་ན་འདི་རུ་བརྗོད་པ་ནི། སེམས་ཅན་སེམས་ནི་དུར་བ་རྣམས། །ལས་ཆེན་བྱེད་པར་མི་ནུས་པ། །མདོར་བསྡུས་འདིར་ནི་བརྗོད་པར་བྱ། །ཞེས་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྩ་བའི་རྟོག་པ་ཕྱག་རྒྱའི་ལེའུ་རབ་འབྱམས་རྫོགས་སོ། ། །།དེ་ནས་ཡང་སེམས་དཔའ་ཆེན་པོས་སླར་ཡང་དངོས་པོའི་རང་བཞིན་གྱི་ཏིང་ངེ་འཛིན་སྒོམ་ཞིང་ལས་ཐམས་ཅད་ཀྱི་དངོས་གྲུབ་བྱེད་པ་རྟོག་པའི་རྒྱལ་པོ་འདིར་གོས་དཀར་མོ་ཞེས་བྱ་བ་རང་གི་རིགས་ཀྱི་རིག་པ་ཆེན་མོའི་སྒྲུབ་ཐབས་སྲུང་བའི་དོན་དང་། བགེགས་བཟློག་པའི་དོན་ཏུ་གསུངས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། དཪྴ་ན། པཪྵ་ཎ། བྷྱོ་ཤྲ་བ་ཎ། སྨ་ར་ཎྱཻ་ན། བཱ་སྱཱ་མ་ཧཾ། སརྦ་སཏྭཱ་ནཱཾ། སརྦ་བྱཱ་དྷི། ཙི་ཀིཏྤ་ཀ་།ཏདྱ་ཐཱ། ཨོཾ་ཀ་ཊེ། བི་ཀ་ཊེ། ཀ་ཊཱཾ་ཀ་ཊེ། ཀ་ཊ། བི་ཀ་ཊ། བི་ཀ་ཊེ། བྷ་ག་བ་ཏི། བི་ཛ་ཡེ་སྭཱཧཱ། འདི་ནི་གོས་དཀར་མོ་ཞེས་བྱ་བ་དེའི་རིག་པ་ཆེན་མོ་སྟེ། རིག་པ་ཐམས་ཅད་དང་། སྔགས་རྣམས་ཀྱི་དངོས་གྲུབ་བྱེད་པ། པདྨའི་རིགས་སུ་རིགས་ཀྱི་རིག་པ་འདིས་བདག་ཉིད་སྲུང་བ་དང་། གཞན་སྲུང་བ་དང་། གཡོག་སྲུང་བ་དང་། རས་རིས་གནས་པ་དང་། ལྷ་རྣམས་བསྲུང་བར་བྱ་བ་དང་། རས་རིས་གྲུབ་པ་འདི་ཡང་ཁྱེད་ཀྱི་སྒྲུབ་ཐབས་གསུམ་བྱས་ནས་སམ། བདུན་བྱས་ནས་བཟླས་པར་བྱའོ། །དེ་ནས་རང་གི་ལྷའི་བཟླས་པ་བརྩམ་པར་བྱ་སྟེ་མྱུར་དུ་དངོས་གྲུབ་ཏུ་འགྱུར་རོ། །བཟླས་པའི་མཐར་ཡང་བགེགས་རྣམས་སྲིད་པ་གཞན་དུ་འགྱུར་རོ། །རྟག་ཏུ་བཟླས་པས་ཀྱང་ནད་མེད་པར་འགྱུར་རོ། །ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བ་དང་། རིང་དུ་འཚོ་བར་བྱེད་དོ། །བདེ་བའང་སོ་སོར་རྙེད་དོ། །སྲད་བུས་བདག་ཉིད་སྲུང་ཞིང་ཕྱིར་ཟློག་པ་ལ་སོགས་པ་རྣམས་ཀྱང་ངོ་། །དེ་ནས་འདིའི་ཕྱག་རྒྱ་ཉིད་ནི་སྒྲོལ་མ་ཐམས་ཅད་ཀྱི་སྤྱིའི་རྩ་བའི་ཕྱག་རྒྱ་སྟེ་དེ་ཉིད་ནི་སྡིགས་མཛུབ་བཅིངས་ནས་འཁྱིལ་བའི་རྣམ་པར་བྱ་སྟེ་མཐེ་བོང་ཟུང་ཡང་ཀུན་ཏུ་བཙིར་བ་ནི་གོས་དཀར་མོའི་ཕྱག་རྒྱའོ། །འདི་ཡང་ཕྱག་རྒྱའི་སྒྲུབ་ཐབས་ཀྱི་རིག་པ་མཉམ་པར་འགྲོ་མ་གདོན་མི་ཟ་བ་སྟེ་དང་པོར་ཞབས་ལ་ཕྱག་བྱས་ཏེ་དེ་ནས་ལས་ཐམས་ཅད་བྱའོ། །ཡང་རྟོག་པའི་རྒྱལ་པོའི་དབང་པོ་ཆེན་པོ་འདིར་འཕགས་མ་སྒྲོལ་མ་དང་། སྒྲོལ་མ་ཐམས་ཅད་ཀྱི་སྒྲུབ་པ་མངོན་པར་མཛེས་པ་ཐམས་ཅད་དང་། སྲུང་བ་དང་། ཉེས་པ་བྱས་པ་ཐམས་ཅད་ཟློག་པར་བྱེད་པ། འཕགས་མ་སྒྲོལ་མ་ཐམས་ཅད་ཀྱི་རྟོག་པའི་ཆོ་ག་རབ་ཏུ་སྦྱོར་བ་སྒྲུབ་ནུས་པར་འགྱུར་ཏེ། དེ་ཡང་གང་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཙནྟེ་ཙནྟྲ་མ་ཏི་སཱུརྱེ། སཱུརྱཱ་མ་ཏི། གྷུ་ནི་གྷུ་ན། ལ་ལ། ལེ་ལེ། སཱུ་ཏེ་སཱུ་ཏ་ནི། སིདྡྷི་སིདྡྷི། པ་རཱ་ཀྲ་མེ་སྭཱཧཱ། ཨ་མི་ཏཱ་བྷ་སུ་ཏཱ་སྭཱཧཱ། སརྦེ་ཥཱཾ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སྭཱཧཱ། །འདི་འང་འཕགས་པ་བཟང་པོ་ཞེས་བྱ་བ་འཕགས་མ་སྒྲོལ་མའི་རིག་པ་ཆེན་མོ་ཉ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་པའོ། །གང་འདི་སྒྲོལ་མའི་རྟོག་པའི་ཆོ་ག་རབ་འབྱམས་སྤྱོད་པ་དང་། སྒྲུབ་ཐབས་དང་། ཕྱག་རྒྱའི་ཆོ་ག་ལ་སོགས་པ་དེ་ཐམས་ཅད་འཕགས་མ་སྒྲོལ་མའི་ཟླ་བས་བསྒྲུབ་པར་བྱའོ་ཞེས་ཀུན་ཏུ་རྟོགས་པར་བྱའོ། །རྟོག་པ་གཞན་གྱི་ཆོ་གས་ཀྱང་སྒྲུབ་པར་བྱེད་དོ། །རྟོག་པ་མེད་པས་ཀྱང་མངོན་སྤྱོད་ཀྱི་ལས་འདི་བྱེད་དེ་ཕྱག་འཚལ་བའི་ཡི་གེ་སྤངས་ནས་རིག་པ་འབའ་ཞིག་གི་སྭཱཧཱ་གནས་སུ་ཧཱུཾ་ཕཊ་སྦྱིན་པར་བྱའོ། །རྟོག་པ་གཞན་གྱིས་ཆོགས་ཀྱང་ངོ་། །གང་འདོད་པ་དེ་དབང་དུ་བྱེད་པར་འགྱུར་རོ། །ཡང་ན་ཉེ་བར་འཇོམས་པར་བྱེད་པར་འགྱུར་རོ། །མདོར་ན་གང་འདོད་པ་དེ་སྒྲུབ་པར་བྱེད་དོ། །དེ་ནས་སེམས་དཔའ་ཆེན་པོ་དེ་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས་བསམ་པ་རྣམ་པར་དག་པས་སེམས་དཔའ་ཆེན་པོ་རྣམས་ལ་སྨྲས་པ། གང་རྟོག་པའི་རྒྱལ་པོ་འདིར་སྒྲུབ་པར་འགྱུར་བ་དང་། མཆོད་པར་འགྱུར་བ་དང་། ཡི་གེར་འདྲི་བར་འགྱུར་བ་དེ་རྣམས་དོན་ཐམས་ཅད་ཀྱི་དངོས་གྲུབ་འབྱུང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། སེམས་ཅན་ཐམས་ཅད་ལ་ཀུན་ནས་དགའ་བའང་འབྱུང་བར་འགྱུར་རོ། །སྲུང་བར་བྱེད་པར་འགྱུར་རོ། །གང་དུ་རྟོག་པའི་རྒྱལ་པོ་འདིའང་འབྱུང་བར་འགྱུར་བ་མཆོད་རྟེན་དུ་འགྱུར་བ་དང་། ས་ཕྱོགས་དེ་གང་ཉིད་ཀྱིས་ལག་མཐིལ་དུ་ཕྱིན་པར་འགྱུར་རོ། །མཆོད་པ་འདི་ལྷ་དང་བཅས་པའི་འཇིག་རྟེན་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོབ་པ་དེས་ཐམས་ཅད་དུ་རྣལ་འབྱོར་དུ་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྟོབས་དང་། སྟོབས་མེད་པ་ཤེས་ནས་རབ་ཏུ་གསལ་བར་བྱའོ། ། འདིའང་གཙང་མའི་ཕྱོགས་སུ་ཐམས་ཅད་ཀྱིས་རབ་ཏུ་སྤྱོད་པར་འགྱུར་གྱི། གཞན་དུ་མ་ཡིན་ནོ། །གང་ཞིག་བྱེད་པ་དེ་མངོན་པར་འདོད་པ་མེད་པ་སེམས་ཅན་གྱི་བསམ་པ་སྤང་བ་དང་། ཆོས་དང་། ཆོས་སྨྲ་བ་པོ་ལ་མ་གུས་པ་ལ་མི་འཇུག་པའི་རབ་ཏུ་སྦྱོར་བས་རབ་ཏུ་སྦྱར་བར་བྱའོ། །རྟོག་པའི་རྒྱལ་པོ་འདིར་སྒྲུབ་པ་པོ་ཐམས་ཅད་ཀྱིས་སྲུང་བའི་དོན་དུ་རྟག་མ་དང་། ལྷག་མ་མེད་པའང་རུང་སྟེ་གཙང་སྦྲ་བྱས་པས་སྲུང་བའི་དོན་དུ་རིག་པའི་རྒྱལ་པོའི་སྔགས་སུ་འགྱུར་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨོཾ་ཨ་མྲྀ་ཏ་ཨུད་བྷ་བ་ཧཱུཾ་ཕཊ་སྭཱཧཱ། །འདི་ནི་རྟ་མགྲིན་ཞེས་བྱ་བའི་རིག་པའི་རྒྱལ་པོ་སྟེ་ཐལ་བ་ལ་ལན་བདུན་མངོན་པར་སྔགས་པས་བདག་ཉིད་སྲུང་བ་དང་། གཡོག་སྲུང་བ་ལ་མདུད་པའི་སྤྱོད་པ་བྱའོ། །རྟོག་པའི་རྒྱལ་པོ་འདིའང་རྒྱལ་ལམ། ཐ་སྐར་ཡང་རུང་སྟེ་དགེ་བའི་སྦྱོར་པ་ལ་མཆོད་པ་དང་། གཏོར་མའི་ཆོ་གས་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཆོས་དང་། ཆོས་ཡང་དག་པར་སྡུད་པ་པོ་ལའང་བསོད་སྙོམས་དང་། ཐེག་པ་ཆེན་པོ་ལ་བཟའ་བ་གྱ་ནོམ་པ་དང་། ཁྱད་པར་དུ་ཡོན་དང་བཅས་པའོ། །དེ་ནས་འདི་རྫོགས་པར་བྱའོ། །དེ་བཞིན་དུ་བྱ་སྟེ་རྟོག་པའི་རྒྱལ་པོ་ཇི་ལྟ་བ་བཞིན་དུ་རྟོག་བའི་རྒྱལ་པོའི་རིག་པའི་གསང་སྔགས་བཀླག་པར་བྱ་སྟེ་དེ་བཞིན་དུ་དམན་པར་མི་འགྱུར་རོ། །ཇི་ལྟར་མྱུར་དུ་དངོས་གྲུབ་ཉིད་ཀྱང་སྩོལ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཤིན་ཏུ་རྒྱས་པ་ཆེན་པོ་ཉིད་ཀྱི་རྟོག་པའི་རྒྱལ་པོར་རལ་པ་གྱེན་བརྫེས་ཞེས་བྱ་བ་བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་རྟོག་པ་རྫོགས་སོ། ། །།དེ་ནས་བཅོམ་ལྡན་འདས་རིའི་རྒྱལ་པོ་གྲུ་འཛིན་ན་བཞུགས་ཏེ་དེར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ། ཁྱོད་ཀྱིས་རལ་པ་གྱེན་བརྫེས་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་བཤད་དོ། །ད་ནི་ཕྱི་མའི་རྒྱུད་གསང་བ་དེ་གསང་ཆེན་ཕྱི་མ་དང་བཅས་པ་ཐབས་སླ་བ། བདེ་བླག་ཏུ་སྒྲུབ་པ། ཆོ་ག་དང་བཅས་པ་སྔོན་དུ་འགྲོ་བས་བརྗོད་པ། སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་བདེ་བའི་ཆེད་དང་། སྡུག་བསྔལ་གྱིས་གདུངས་པ་རྣམས་ལ་སྙིང་བརྩེ་བའི་ཆེད་དང་། སྔོན་གྱི་སངས་རྒྱས་རྣམས་ཀྱིས་རྗེས་སུ་ཡི་རང་བར་མཛད་པ། སྒྲོལ་མ་ཐམས་ཅད་ཀྱི་ཐུན་མོད་པའི་རིག་པ། རལ་པ་གྱེན་བརྫེས་རྟོག་པའི་རྒྱལ་པོ་ཉིད་ཀྱི་སྦྱོར་བ་རྣམས་ཤོད་ཅིག་། བཅོམ་ལྡན་འདས་ལ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་རྗེས་སུ་གནང་བ་དང་། སངས་རྒྱས་བཅོམ་ལྡན་འདས་གཞན་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བར་མཛད་ན་བཤད་པར་བགྱིའོ། །དང་པོ་ཁོ་ནར་སྒྲུབ་པ་པོས་རེ་ཞིག་སྐྱབས་གསུམ་ཡོངས་སུ་བཟུང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། རལ་པ་གྱེན་བརྫེས་སུ་ཇི་སྐད་གསུངས་པའི་དཀྱིལ་འཁོར་མཐོང་ཞིང་དམ་ཚིག་དང་། སློབ་དཔོན་གྱིས་རྗེས་སུ་གནང་བ་དང་། སྒྲུབ་པའི་ཐབས་དང་། མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བ། བླ་མ་ལ་ཡོན་ཕུལ་ནས་དཀྱིལ་འཁོར་གྱི་ནང་དུ་རིག་པ་བླངས་ཏེ་རས་རིས་ཀྱི་སྤྱན་སྔར་རམ། སྐུ་གཟུགས་ཀྱི་དྲུང་དུ་སླར་ཡང་སྒྲོལ་མ་གང་ཡང་རུང་བའི་རིག་པ་བླང་བར་བྱས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་འབུམ་བཟླས་པར་བྱའོ། །དུས་ཕྱིས་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཟླ་བ་ཉ་ལ་སྐུ་གཟུགས་སམ། རས་རིས་ཀྱི་སྤྱན་སྔར་མཆོད་པ་དང་། གཏོར་མའི་ཆོ་ག་བྱས་ནས་འོ་མ་ཅན་གྱི་ཡམ་ཤིང་གི་མེ་སྦར་ནས་སེང་ལྡེང་ངམ། ཨ་ག་རུ་ནག་པོའི་ཡམ་ཤིང་སོར་དྲུག་པའི་ཚད་ཀྱིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ནམ་ལངས་ཁར་མཚན་མོ་མཆོད་པ་ཆེས་རྒྱ་ཆེན་པོ་དང་། གཏོར་མའི་ཆོ་ག་ཇི་ལྟར་འབྱོར་པ་བྱས་ནས་སློང་མོའི་ཟས་ཟོས་ནས་དངོས་གྲུབ་སྩལ་བར་བྱའོ། །དེ་ནས་རིག་པ་འགྲུབ་པར་འགྱུར་རོ། །དེ་ནས་ལས་ཐམས་ཅད་བྱའོ། །ཡང་འདིར་མཆོག་ཏུ་གསང་བའི་སྒྲུབ་པའི་ཆོ་ག་གཞན་འབྱུང་སྟེ་བཅོམ་ལྡན་འདས་མའི་དཀྱིལ་འཁོར་ཆེན་པོ་མཐོང་ནས་དཀྱིལ་འཁོར་དེ་ཉིད་དུ་དམ་ཚིག་དང་། མེའི་བྱ་བ་གནས་པར་ཇི་སྲིད་གསུངས་པའི་ཆོ་གས་རིག་པ་སྒྲུབ་པར་འདོད་པས་སྒྲུབ་ཐབས་ཀྱི་ཆོ་ག་རིག་པ་རྣམ་པར་གསང་བའི་ཇ་ཨི་སྐད་གསུངས་པས་དཀྱིལ་འཁོར་གཞན་གསུམ་བྲི་སྟེ་བླ་མ་ལ་ཡོན་རབ་ཏུ་ཕུལ་ནས་དཀྱིལ་འཁོར་གྱི་དབུས་སུ་རིག་པ་བླངས་ནས་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་སྦར་ནས་དང་པོར་རེ་ཞིག་ཏུ་ཌིའི་ཚད་ཀྱི་གསེར་གྱི་ཕྱེ་མ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་ཨ་ག་རུ་ནག་པོའི་ཡམ་ཤིང་མཐོ་གང་ཙམ་གྱི་ཚད་དང་། ། མར་རྣམས་ཀྱི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །ཙནྡན་དཀར་པོའི་ཡམ་ཤིང་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་སླར་ཡང་གསེར་གྱི་ཕྱེ་མ་ལ་བར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་དངུལ་གྱི་ཕྱེ་མ་ལ་སྦྲང་རྩིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་ར་གན་གྱི་ཕྱེ་མ་ལ་འོ་མས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་ཟངས་ཀྱི་ཕྱེ་མ་ལ་ཞོས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་མུ་ཏིག་གི་འབྲས་བུའི་ཕྱེ་མས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་ཙནྡན་དམར་པོའི་ཕྱེ་མས་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་ཙནྡན་དམར་པོའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་འབྲུ་དང་། བཟའ་བ་དང་། ལོངས་སྤྱོད་ལ་སོགས་པ་ཐམས་ཅད་ཀྱི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །དེ་ནས་དཀར་པོར་རྣམ་པར་བརྟག་པ་ལེགས་པར་བཀྲུས་ཤིང་དྲི་ཞིམ་པོའི་གོས་སྐྲ་དང་བྲལ་བའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །རེ་རེ་ལ་ལན་རེ་ཡོངས་སུ་བཟླས་ནས་དེ་ནས་གུ་གུལ་དང་། ཤྲི་བཱ་ས་དང་། གནྡྷ་རས་དང་། ཀུན་དུ་རུ་སྐ་དང་། ག་བུར་རྣམས་གཅིག་ཏུ་བྱས་ནས་མར་གྱིས་བཏགས་པའི་སྲེག་བླུགས་བདུན་དབུལ་བར་བྱའོ། །དེ་ནས་ཇི་ལྟར་རྙེད་བའི་འབྲས་བུ་ལ་སོགས་པ་རྣམས་ཀྱིས་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། ། དེ་ནས་དྲི་བཟང་པོའི་མེ་ཏོག་རྣམས་ཀྱིས་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་བཟའ་བ་མཆོག་གི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་གཞོན་ནུ་མས་བཀལ་བའི་སྐུད་པ་ཆ་དང་བཅས་པར་བྱས་པ་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །ཀ་ར་བཱི་རའི་མེ་ཏོག་གིས་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་མར་གྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་ཐལ་བའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་སྡོང་བུ་ཅན་འབྲས་བུ་མེད་པ་རྣམས་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་མར་སར་གྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་གསེར་གྱི་ཕྱེ་མའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་དར་བའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་ཡུང་བའི་ཕྱེ་མ་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་རྒྱམ་ཚྭ་དང་། ལན་ཚྭ་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་བུ་རམ་གྱི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་སྲ་རྩི་པོག་གི་ཕྱེ་མའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་ལྕགས་ཀྱི་ཕྱེ་མ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་ས་ལམ་ལྷུང་པའི་བ་ལང་གི་ལྕི་བ་ལ་མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་བིལ་བའི་འབྲས་བུ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །དེ་ནས་ཏི་ལ་ནག་པོ་དང་། འབྲས་ཡོས་ལྷན་ཅིག་པ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་རྣམས་དང་། གསེར་དང་། དངུལ་གྱི་ཕྱེ་མ་ཕན་ཚུན་བསྲེས་པའི་སྦྱིན་སྲེག་བརྒྱད་བརྒྱ་བྱའོ། །བར་སྐབས་འདིར་སྒྲུབ་པ་པོ་ལྷ་ཐམས་ཅད་ཀྱིས་ཀུན་ཏུ་གཟིགས་པར་བྱེད་དོ། །དེ་དང་། འདིའང་བདག་གི་མཆོག་ཏུ་གསང་ཆེན་གྱི་གསང་བའི་སྒྲུབ་པ་ཉེ་བར་སྤྱད་པའི་ཆོ་གའོ། །དེ་ལངས་ནས་དཀྱིལ་འཁོར་ལ་བསྐོར་བར་བྱས་ཏེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བཙལ་ནས་བླ་མ་ལ་ཡོན་གྱི་མཆོག་ཕུལ་ཏེ་གང་གིས་སམ། དེའི་ཐད་ཀར་ཡང་རུང་སྟེ་ཞུ་བར་བྱའོ། །དཀྱིལ་འཁོར་བྲིས་པར་ལྷ་རྣམས་མཐོང་ནས་བླ་མ་ལ་ཕྱག་བཙལ་ཏེ་མངོན་པར་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྗེས་སུ་གནང་བའང་ཞུ་བར་བྱའོ། །དེ་ནས་ལས་གྲུབ་པའི་ཆོ་ག་འདིས་མཆོག་ཏུ་ཚུལ་ཁྲིམས་འཆལ་བས་ཀྱང་བཅོམ་ལྡན་འདས་མ་འགྲུབ་པར་འགྱུར་རོ། །སྒྲུབ་ཐབས་ཀྱི་ཉེ་བར་སྤྱོད་པའི་ཆོ་ག་འདི་མཆོག་ཏུ་གསང་བ་ཤིན་ཏུ་གསང་ཆེན་ཏེ། མདོར་ན་ལས་གང་ཡང་ཅི་ཡིན་པ་འདིས་བྱེད་པའང་བྱེད་པར་འགྱུར་རོ། །དེའི་ཐམས་ཅད་ཞི་བ་ཅན་དང་། རྒྱས་པ་ཅན་དང་། མངོན་པར་མཛེས་པའི་ལས་རྣམས་ནི་ཇི་ལྟ་ཇི་ལྟར་སྒྲུབ་པར་བྱེད་པ་དེ་ལྟ་དེ་ལྟར་སྒྲུབ་པ་ཉེ་བར་འགྲོའོ། །དེ་ལྟར་ཡང་རིག་པ་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ལེགས་པར་རབ་ཏུ་སྦྱར་བར་འགྱུར་རོ། །ཇི་ལྟར་ཡང་སྒྲུབ་པར་བྱེད་པ་དེ་ལྟར་སྒྲུབ་པར་བྱེད་དེ་ལས་དེ་དང་། འདི་རིག་པ་ཐམས་ཅད་དགའ་བ་ཞེས་པ་དེ་དང་། འདིས་ལས་རྣམས་མཆོག་ཏུ་སྒྲུབ་པ་ཉེ་བར་སྐྱེའོ། །མདོར་ན་བདག་གི་སེངྒེའི་སྒྲ་འདི་གང་ལ་ལ་རིག་པ་ལ་དགའ་བ་འདིས་ལས་བྱེད་པར་འགྱུར་རོ། །དེ་དང་། འདི་ཁོ་ནའི་ལག་མཐིལ་དུ་དངོས་གྲུབ་སོ་སོར་གནས་པར་རྗེས་སུ་རྟོགས་པར་བྱའོ། །ལས་འདིའང་གསོ་སྦྱོང་ཅན་གྱི་སྔོན་འདས་པ་བྱས་པ་དག་འཕགས་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །གསང་བའི་ཉེ་བར་སྤྱོད་པའི་ཆོ་གའོ། །སྒྲུབ་ཐབས་གཞན་གྱི་ཆོ་ག་ནི་རྒྱ་མཚོའི་འགྲམ་དུ་སོང་ནས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་མཆོད་རྟེན་སྟོང་ཕྲག་བརྒྱད་བྱས་ནས་རེ་རེའི་སྤྱན་སྡར་དྲི་དང་། མེ་ཏོག་ལ་སོགས་པ་ཕུལ་ཏེ་སྟོང་ཕྲག་བརྒྱད་དུ་བཟླས་པར་བྱའོ། །རྫོགས་པའི་དུས་སུའང་སློང་མོ་བཟའ་བར་བྱ་སྟེ་ཡོན་དབུལ་བར་བྱའོ། །དེ་ནས་རིག་པར་གྲུབ་པར་འགྱུར་རོ། །ཆོ་ག་གཞན་ནི་ཆུ་བོའི་འགྲམ་དུ་ཆོ་གས་འབུམ་བཟླས་པར་བྱ་སྟེ་འགྲུབ་པར་འགྱུར་རོ། །ཆོ་ག་གཞན་འདིའང་ཡོད་དེ་རིའི་རྩེ་མོར་འབུམ་བཟླས་པར་བྱ་སྟེ་འགྲུབ་པར་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་མར་གྱི་སྲེག་བླུགས་ཀྱིས་སྦྱིན་སྲེག་འབུམ་བྱ་སྟེ་འགྲུབ་པར་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་ཏིལ་ནག་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱ་སྟེ་འགྲུབ་པར་འགྱུར་རོ། །ཆོ་ག་གཞན་ནི་ཨ་ག་རུ་ནག་པོའི་ཡམ་ཤིང་གིས་སྦྱིན་སྲེག་འབུམ་བྱ་སྟེ་འགྲུབ་པར་འགྱུར་རོ། །ཆོ་ག་གཞན་ནི་མེ་ཏོག་ཐམས་ཅད་ཀྱི་སྦྱིན་སྲེག་འབུམ་བྱའོ། །འདི་ནི་ཆོ་ག་གཞན་ཏེ་ཐང་ཆུ་ཐམས་ཅད་ཀྱི་སྦྱིན་སྲེག་འབུམ་བྱ་སྟེ་འགྲུབ་པར་འགྱུར་རོ། །ཆོ་ག་གཞན་ནི་མཆོད་རྟེན་ཆེན་པོ་རྣམས་ལ་མངོན་པར་ཕྱག་འཚལ་ཞིང་འབུམ་བཟླས་པར་བྱ་སྟེ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་སྒྲུབ་པའི་ཐབས་འདི་རྣམས་ནི་དེ་ནས་ལས་སུ་འགྱུར་རོ། །དྲན་པ་ཙམ་གྱིས་བདག་ཉིད་སྲུང་བར་འགྱུར་རོ། །བཟླས་པ་ཙམ་གྱིས་ཞི་བར་བྱེད་དོ། །ཡུངས་གར་དཀར་པོའི་སྦྱིན་སྲེག་རྒྱས་པར་འགྱུར་རོ། །བོང་བུ་དང་། རྔ་མོའི་སྤངས་ཀྱིས་མངོན་སྤྱོད་ཅན་དུ་འགྱུར་རོ། །སྐེ་ཚེའི་འབྲུ་དང་། མེ་ཏོག་གི་རྒྱལ་པོའི་གཟུགས་བརྙན་བྱས་ནས་རྐང་པ་གཡས་པ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དེ་ཉིད་ལ་མར་གྱི་སྲེག་བླུགས་ཉིན་ཞག་བདུན་དུ་ཐུན་གསུམ་དུ་བརྒྱད་བརྒྱ་བྱའོ། །ཐུན་གཅིག་གམ། ཕྱོགས་སམ། ཟླ་བ་ལ་རྒྱལ་པོ་འབངས་སུ་འགྱུར་བས་དབང་དུ་འགྱུར་རོ། །འཁོར་ལོས་བསྒྱུར་བ་ལ་ཡང་ལན་ཚྭ་སྲང་བཅོ་བརྒྱད་ཀྱིས་གཟུགས་བྱས་ནས་རྒྱལ་པོའི་མེ་ལ་དེའི་རྐང་པ་གཡོན་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་སྦྱིན་སྲེག་བྱའོ། །ཟླ་བ་གཅིག་གིས་རྒྱལ་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་དགྲ་མངོན་པ་ཨར་མ་ལྷུང་བའི་རྐང་མཐིལ་གྱིས་མནན་པའི་རྡུལ་ཡོངས་སུ་བླངས་ནས་གླང་ཆེན་སྡོང་པོའི་ཤིང་གིས་མེ་རབ་ཏུ་སྦར་ནས་གཡས་པ་ལས་ཅིག་ཤོས་ཀྱི་ལག་པ་བླངས་ནས་ལན་གཅིག་ཡོངས་སུ་བཟླས་པའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་ཟླ་བ་གཅིག་ལ་རྒྱལ་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་རྒྱལ་པོའི་རྐང་འཐུང་གི་ཤིང་གིས་མེ་སྦར་ནས་ཡུངས་ཀར་རྒྱལ་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཟླ་བ་གཅིག་ལ་སའི་བདག་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་ཐོག་མར་ཡང་ལྗོན་པའི་རྒྱལ་པོའི་ཤིང་གིས་མེ་སྦར་ནས་སྲ་རྩི་པོག་དང་། ལན་ཚྭ་ལྷན་ཅིག་པ་ལ་མར་གྱིས་བསྲེས་པའི་སྦྱིན་སྲེག་བརྒྱད་ལྷག་པའི་སྟོང་ཕྲག་གཅིག་བྱས་ན་སའི་དབང་པོ་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་མ་བླངས་པའི་ཀ་ར་བཱི་རའི་མེ་ཏོག་དམར་པོ་བཏགས་ནས་གཟུགས་བརྙན་བྱས་ཏེ་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲིས་གཏུབ་ཅིང་གཏུབ་ཅིང་ཀ་ར་བཱི་རའི་ཤིང་གི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ། ཟླ་བ་རེ་རེ་ལ་གཟུགས་བརྙན་སྲང་སུམ་ཅུ་སོ་དྲུག་པ་བྱའོ། །དེ་ནས་རྒྱལ་པོ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་མེ་ཏོག་དམར་པོ་དང་། ལན་ཚྭ་ཕན་ཚུན་བསྲེས་ཏེ་བཏགས་ནས་སྲང་བརྒྱད་ཀྱི་གཟུགས་བརྙན་བྱས་ནས་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །དེ་ནས་ཤིང་བྱས་པ་དེ་བཞིན་དུ་ཟླ་བ་གཅིག་ལ་ཉི་མ་རེ་རེ་ལ་བྱས་ན་སའི་བདག་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་སྐེ་ཚེ་དང་། ཨུཏྤ་ལ་སྔོན་པོ་བསྲེས་ཏེ་བཏགས་པ་སྲང་བཅུ་དྲུག་གིས་གཟུགས་ཀྱི་གཟུགས་བརྙན་བྱས་ན་ཨས་མནན་ཏེ་སེང་ལྡེང་ཀོ་བི་དཱ་རའི་ཤིང་གིས་མེ་རབ་ཏུ་སྦར་ནས་མགོ་བོ་ནས་བརྩམས་ཏེ་རལ་གྲིས་གཏུབ་ཅིང་གཏུབ་ཅིང་ཟླ་བ་གཅིག་ཏུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཉི་མ་རེ་རེ་ལའོ། །དེ་ནས་གཟུགས་བརྙན་གཅིག་ནི་རྒྱལ་པོའི་འབངས་བཞིན་དུ་ཀུན་ཏུ་སྤྱོད་པར་བྱེད་དོ། །ཆོ་ག་གཞན་འབྱུང་སྟེ་རྒྱ་མཚོ་ལས་བྱུང་བའི་ཚྭ་དང་། ལན་ཚྭ་བསྲེས་ཏ་ཨེ་ཀ་ར་བཱི་རའི་མེ་ཏོག་དམར་པོ་དང་བཏགས་ནས་གཟུགས་བརྙན་རྫོགས་པར་བྱ་སྟེ་ཤིང་རྒྱལ་པོའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་རྐང་པ་གཡས་པ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཉི་སོ་སོ་ལ་གཟུགས་བརྙན་རེ་རེ་མཉམ་ཞིང་མཉམ་པ་རེ་རེའོ། །རྒྱལ་པོ་གླང་པོ་བཞིན་དུ་བཀའ་བསྒོ་བ་བྱེད་པར་འགྱུར་རོ། །ཆོ་ག་གཞན་ནི་མྱ་ངན་མེད་པའི་མེ་ཏོག་ཡུངས་ཀར་དང་། ནཱ་ག་གེ་སེར་བསྲེས་ནས་ཀོ་མེ་དང་། ནཱ་བྷཱ་ས་བཏགས་པ་སྲང་བཅུ་དྲུག་གིས་གཟུགས་བརྙན་བྱས་ན་ཨས་གཟུགས་བརྙན་གྱི་མགོ་བོ་ནས་བརྩམས་ཏེ་ལག་པ་གཡོན་པས་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་དེའི་ཤིང་ཁོ་ནས་མེ་རབ་ཏུ་སྦར་ཏེ་སྟོང་ཕྲག་བརྒྱད་བརྒྱར་སྦྱིན་སྲེག་བྱའོ། །གཞན་རྣམས་གཡས་པས་ཉི་མ་སོ་སོར་ཟླ་བ་གཅིག་ཏུ་གནས་ཏེ་ཉི་མ་གུང་ལ་གཞན་རྣམས་ཇི་ལྟར་འདོད་པས་འབངས་བཞིན་དུ་མྱུར་དུ་དབང་དུ་བྱེད་དོ།། ཆོ་ག་གཞན་ནི་སོ་མ་རཱ་ཛའི་འབྲས་བུ་དང་བསྲེས་པའི་དྲིའི་རྫས་རྣམས་ཐམས་ཅད་བཏགས་པ་སྲང་བཅུ་དྲུག་གིས་གཟུགས་བརྙན་བྱས་ནས་འོ་མ་ཅན་གྱི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ཏེ་ལྟེ་བ་ནས་བརྩམས་ནས་རྐང་མཐིལ་ལ་ཐུག་གི་བར་དུ་རལ་གྲིས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །དེ་ནས་མགོ་བོ་ནས་བརྩམས་ཏེ་སླར་ཡང་སྦྱིན་སྲེག་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་བྱས་ན་རྒྱལ་པོ་ཅི་བགྱི་དང་མཚུངས་པར་འགྱུར་རོ། །འདི་ནི་ཆོ་ག་གཞན་བླ་ན་མེད་པ་སྟེ་ཙནྡན་དམར་པོ་དང་། ལན་ཚྭ་དང་མཉམ་པར་འགྲོ་བ་རྣམས་བཏགས་པ་སྲང་ཉི་ཤུ་རྩ་ལྔས་གཟུགས་བརྙན་བྱས་ནས་ཉི་མ་སོ་སོའི་སྔ་དྲོའི་དུས་ཚོད་ལ་ཙནྡན་དམར་པོའི་ཤིང་གི་མེ་ལ་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ལས་འདི་ནི་ལག་པ་གཡས་པས་སྲེག་བླུགས་དབུལ་ཞིང་གཡོགས་ཀྱང་ངོ་། །ཟླ་བ་གཅིག་ཙམ་ལ་རྒྱལ་པོ་འབངས་བཞིན་དུ་བཀའ་བསྒོ་བ་བྱེད་པར་འགྱུར་རོ། །ཆོ་ག་གཞན་ནི་ས་ལ་མ་ལྷུང་བའི་བ་བྱུང་ཚྭ་དང་ཡང་དག་པར་བསྲེས་ནས་བཏགས་པར་བྱའོ། །དེ་ནས་སྲང་ཉི་ཤུ་རྩ་ལྔས་གཟུགས་བརྙན་བྱས་ནས་ཕྱི་དྲོའི་དུས་ཚོད་ལ་ཡང་དག་པར་ཤེས་པས་གཟུགས་བརྙན་སོ་སོ་རེ་རེ་པ་ལཱ་ཤའི་མེ་ལ་གཟུགས་བརྙན་གྱི་རྐང་པ་གཡས་པ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བརྒྱད་བརྒྱའོ། །ལས་ལྷག་མ་འདི་ནི་དང་པོ་དང་མཚུངས་པར་དེའང་ཟླ་བ་ཙམ་ལ་རྒྱལ་པོ་བཀའ་བསྒོ་བ་རྗེས་སུ་སྒྲུབ་པར་བྱེད་པ་ཅི་བགྱིད་འགྱུར་རོ། །ཆོ་ག་གཞན་ནི་བ་ལང་གི་གཅིན་དང་། གནས་དང་། གྲོག་མཁར་གྱིས་དང་། སྦྲང་རྩི་མཉམ་པར་འགྲོ་བ་ཡིས་སྲང་ཉི་ཤུ་ཆའི་གཟུགས་བརྙན་བསྐྱེད་ནས་ཟླ་བ་གཅིག་ཏུ་ཉི་མ་སོ་སོ་ལ་ལན་གསུམ་དུ་ཉི་མ་གུང་ལ་ཤིང་གི་རྒྱལ་པོའི་སྲེག་ཟ་རྣམ་པར་གནས་པ་ལ་གཟུགས་བརྙན་གྱི་རྐང་པ་གཡས་པ་ནས་བརྩམས་ནས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། འབངས་བཞིན་དུ་འགྱུར་རོ་ཞེས་སྒྲུབ་ཐབས་འདི་རྣམས་ནི་དུས་ཐམས་ཅད་སྟོན་དང་། དཔྱིད་དང་། སོ་ག་དང་། དགུན་གྱི་དུས་ཚོད་ལའང་རབ་ཏུ་སྦྱར་ན་མཚུངས་པ་མེད་པའི་ནོར་ཆེན་པོ་འདི་རྣམས་རྟག་ཏུ་ངེས་པར་ཐོབ་བོ། །དེ་ནས་སོ་གའི་སྒྲུབ་པ་འབྱུང་སྟེ་རིགས་དང་ཁ་དོག་མཐུན་པའི་ཞོ་དང་། མར་ལྷན་ཅིག་པ་ཀ་ར་བཱི་རའི་མེ་ཏོག་དང་གཅིག་ཏུ་བྱས་ཏེ་བཏགས་ནས་སྲང་སུམ་ཅུའི་ཚད་ཀྱི་གཟུགས་བརྙན་བྱས་ནས་ཉི་མ་སྔ་དྲོའམ། ཕྱི་དྲོ་པ་ལཱ་ཤའི་ཡམ་ཤིང་གིས་མེ་སྦར་ནས་གཟུགས་བ་རྙན་གྱི་གཡས་ཀྱི་མགོར་བཞག་ནས་རྐང་པ་གཡས་པ་ནས་བརྩམས་ཏེ་ལག་པ་གཡས་པས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཟླ་བ་གཅིག་ལ་རྒྱལ་པོ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་ཡུངས་ཀར་དཀར་པོ་དང་། གུར་གུམ་བསྲེས་ཏེ་ལེགས་པར་བཏགས་ལ་སྲད་བུ་བཅུ་པ་བྱས་ནས་འདི་འདིའི་ལྷག་མ་སྔར་བཞིན་ནོ། །འདི་ལ་ཁྱད་ནི་ལག་པ་གཡོན་པས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །ཆོ་ག་གཞན་ནི་རྒྱ་མཚོའི་ལན་ཚྭ་དང་། ནས་དང་། གྲོ་རྣམས་གཅིག་ཏུ་བཏགས་པ་སྲང་སུམ་ཅུ་པས་གཟུགས་བརྙན་བྱས་ནས་དེའི་ཁར་ཚ་བ་གསུམ་གྱིས་བཀང་ནས་ཟངས་ཀྱི་ཐུར་མ་དུ་སྟི་རའི་མེ་ལ་བཟླས་པ་བྱས་ནས་རྐང་པའི་འོག་ནས་ཕུག་སྟེ་སྤྱི་བོར་འཐོན་པར་བྱེད་དོ། །དེ་ནས་མགོ་བོའི་གཡས་བཞག་སྟེ་པ་ལཱ་ཤའི་འདབ་མ་ལ་རང་གི་རལ་གྲིའི་སོས་བཅད་ནས་ཇི་ལྟར་འདོད་པའི་དུས་ཚོད་ལ་སེང་ལྡེང་གི་མེར་ལག་པ་གཡས་པས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཟླ་བ་གཅིག་ལ་རྒྱལ་པོ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ་ཞེས་པ་འདི་རྣམས་ནི་སོ་གའི་དུས་ཀྱི་སྒྲུབ་ཐབས་སུ་འགྱུར་བ་རྣམས་སོ། །ཡང་འདིའི་དབྱར་གྱི་ལས་རྣམས་འབྱུང་བར་འགྱུར་ཏེ་དབྱར་གྱི་དུས་ཚོད་ལ་ངེས་པར་སྒྲུབ་པར་བྱེད་དོ། །པུ་ཤེལ་རྩེ་དང་བཱ་ལ་ཀཾ་དང་། བ་ཙ་ལ་དང་། ལན་ཚྭ་དང་གཟུགས་བརྙན་གཅིག་ཏུ་བྱས་པ་ལ་ནམ་མཁའི་ཆུས་བཏགས་ནས་སྲང་ཉི་ཤུ་རྩ་ལྔས་རྒྱལ་པོའི་གཟུགས་བརྙན་བྱས་ནས་གཡས་པ་ནས་བརྩམས་ཏེ་ལག་པ་གཡས་པས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་པ་ལཱ་ཤའི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཉི་མ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལའོ། །ཟླ་བ་གཅིག་ཏུའེ། །རྒྱལ་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་ཏེ་པུ་ཤེལ་རྩེ་དང་། པྲི་ཡང་ཀུ་དང་། ཊཱ་པ་ཎ་དང་། འགྱུར་བྱེད་རྣམས་གཅིག་ཏུ་བྱས་ཏེ་ནམ་མཁའི་ཆུས་བཏགས་ནས་སྲང་སུམ་ཅུ་པའི་རྒྱལ་པོའི་གཟུགས་བརྙན་བྱ་སྟེ། མགོ་བོ་ནས་བརྩམས་ནས་ལག་པ་གཡས་པས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་དོང་ཀའི་ཤིང་གིས་མེ་སྦར་ནས་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །འདི་ནི་ངེས་པར་མངག་གཞུག་པ་བཞིན་དུ་ཀུན་ཏུ་སྤྱོད་དོ། །འདི་ནི་ཆོ་ག་གཞན་ཏེ་སརྫི་ཀ་དང་། འོ་མ་དང་། ནས་ཀྱི་འགྱུར་བྱེད་དང་། ཤུ་དག་དང་། སྲན་མ་མཱ་ཤ་དང་། ཏིལ་རྣམས་གཅིག་ཏུ་བསྲེས་ནས་ལུས་ཀྱི་ཆུས་བཏགས་ཏེ་མི་བདག་གི་གཟུགས་བ་རྙན་སྲང་སུམ་ཅུ་པ་བྱས་ཏེ་ཨ་མྲའི་ཤིང་གི་མེ་རབ་ཏུ་སྦར་ནས་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་ཐུན་མཚམས་ལ་ལག་པ་གཡས་པས་མགོ་བོ་ནས་བརྩམས་ཏེ་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རྒྱལ་པོ་དབང་དུ་འགྱུར་རོ། །འདི་ནི་ཆོ་ག་གཞན་མཆོག་སྟེ་རྒྱ་མཚོའི་ལན་ཚྭ་དང་། ས་ལ་མ་ལྷུང་བའི་བ་བྱུང་གཅིག་ཏ་ཨུ་བྱས་ནས་ནས་ཀྱི་འགྱུར་བྱེད་དང་ལྷན་ཅིག་ནམ་མཁའི་ཆུས་བཏགས་ཏེ་སྲང་སུམ་ཅུའི་ཚད་ཀྱིས་རྒྱལ་པོའི་གཟུགས་བརྙན་བྱས་ཏེ་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་བའི་ཏ་ཧུན་མཚམས་ལ་ཨུ་དུམ་བཱ་རའི་ཤིང་གི་མེ་ལ་ལག་པ་གཡས་པས་རལ་གྲི་རྣོན་པོས་རྐང་པ་གཡས་པ་ནས་བརྩམས་ཏེ་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཞེས་པ་འདི་རྣམས་ནི་དབྱར་གྱི་དུས་ཀྱི་སྒྲུབ་པའི་ཐབས་རྣམས་ཏེ་འདི་ཁོ་ན་ལ་དངོས་གྲུབ་ཉེ་བར་འགྱུར་རོ། །ཡང་འདིར་གཞན་འབྱུང་སྟེ་དགུན་སྨད་ཀྱི་དུས་ཀྱི་སྒྲུབ་པ་ནི་གང་དུ་དུས་གཅིག་ཏུ་སྒྲུབ་པར་བྱེད་དེ། འབྲུའི་ཕུབ་མ་དང་། ནས་ཀྱི་ཚིགས་དང་། ག་བི་ན་དང་། ཤུ་དག་རྣམས་གཅིག་ཏུ་བཏགས་ནས་ས་རང་ལྔ་བཅུའི་ཚད་ཀྱི་སའི་བདག་པོའི་གཟུགས་བརྙན་བྱས་ནས་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་དུས་ཚོད་ལ་ནིམྦའི་ཤིང་གི་མེ་ལ་ནུབ་ཏུ་མགོ་བཞག་ནས་རྐང་པ་ཤར་དུ་ཕྱོགས་པའི་གཟུགས་བརྙན་གྱི་མགོ་བོ་ནས་བརྩམས་ཏེ་ལག་པ་གཡས་པས་རལ་གྲི་རྣོན་པོས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་སྟོང་བྱའོ། །རྒྱལ་པོ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་ཨ་རུ་ར་དང་། སྐྱུ་རུ་རའི་འབྲས་བུ་དང་། ཤྲི་བཱ་ས་ཀ་དང་། ཀུན་ཏུ་རུ་ཀ་དང་། བ་ལས་བྱུང་བའི་མར་རྣམས་ལྷན་ཅིག་བཏགས་པ་སྲང་སུམ་ཅུའི་མི་བ་དག་གི་གཟུགས་བརྙན་བྱས་ནས་ནུབ་ཏུ་མགོ་བཞག་སྟེ་སྔར་བཞིན་དུ་པ་ལཱ་ཤའི་མེ་ལ་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་ཇི་ལྟར་འདོད་པའི་དུས་ཚོད་ལ་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རྒྱལ་པོ་མང་ག་བཞུག་པ་བཞིན་དུ་རྟག་ཏུ་དབང་དུ་འགྱུར་རོ། །ཆོ་ག་བཞིན་བ་རུ་རའི་འབྲས་བུ་དང་། ནས་དང་། རྩི་མ་སེང་འདབ་མ་དང་། རྩ་བ་དང་བཅས་པ་དང་། ཏིལ་དང་། ཡུངས་ཀར་དཀར་པོ་རྣམས་གཅིག་ཏུ་བྱས་ཏེ་བ་ལས་བྱུང་བའི་མར་ལྷན་ཅིག་བཏགས་ནས་སྲང་སུམ་ཅུས་རྒྱལ་པོའི་གཟུགས་བརྙན་བྱས་ཏེ་མགོ་བོ་ནུབ་ཏུ་བསྟན་ནས་སྔར་བཞིན་ཨུ་དུམ་བཱ་རའི་ཤིང་གི་མེ་ལ་ཟླ་བ་གཅིག་ཏུ་ཉིན་ཞག་སོ་སོར་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །སའི་བདག་པོ་གདོན་མི་ཟ་བར་དབང་དུ་འགྱུར་རོ། ། ཆོ་ག་གཞན་ནི་རྒྱ་མཚོ་ནས་བྱུང་བའི་ལན་ཚྭ་དང་། བུ་རམ་དང་། སྐྱུ་རུ་རའི་འབྲུ་རྣམས་དང་། ཡུངས་ཀར་དཀར་པོ་གཅིག་ཏུ་བྱས་ཏེ་ཡང་དག་པར་བཏགས་པ་སྲང་སུམ་ཅུས་རྒྱལ་པོའི་གཟུགས་བརྙན་བྱས་ཏེ་མགོ་བོ་ནུབ་ཏུའོ། །སྔར་བཞིན་དུ་འོ་མ་ཅན་གྱི་ཤིང་གི་མེ་ལ་ཟླ་བ་གཅིག་ཏུ་ཉིན་ཞག་སོ་སོར་ཇི་ལྟར་འདོད་པའི་དུས་ཚོད་ལ་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་རྒྱལ་པོ་བཀའ་བསྒོ་བ་རྗེས་སུ་སྒྲུབ་པར་བྱེད་པར་འགྱུར་རོ། །ཆོ་ག་གཞན་ནི་རྒྱ་ཚྭ་དང་། རྒྱ་མཚོའི་ལན་ཚྭ་དང་། ནས་དང་ཏིལ། བུ་རམ་རྣམས་གཅིག་ཏ་ཨུ་བྱས་ཏེ་བའི་མར་གྱིས་ཀུན་ཏུ་བཏགས་པ་སྲང་ལྔ་བཅུས་རྒྱལ་པོའི་གཟུགས་བརྙན་བྱས་ནས་ནུབ་ཏུ་མགོ་བོ་བཞག་སྟེ་སྔར་བཞིན་དུ་ཇི་ལྟར་མངོན་པར་འདོད་པའི་དུས་ཚོད་ལ་ཟླ་བ་གཅིག་ཏུ་ཉི་མ་སོ་སོར་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རྟག་ཏུ་མངག་གཞུག་པ་བཞིན་དུ་ཉེ་བར་འགྲོའོ་ཞེས་པ་འདི་རྣམས་ནི་དགུན་གྱི་དུས་ཀྱི་སྒྲུབ་པ་རྣམས་གྲུབ་པར་བྱེད་པའོ། །དེ་ཉིད་ལ་འོ། །འདི་རྣམས་ནི་མཆོག་ཏུ་གསང་བའོ་ཞེས་པ་སྟེ་སླར་ཡང་རིག་པ་འཛིན་པར་གྱུར་ཅིག་།གསང་བའི་སྒྲུབ་པ་ལ་སྒྲུབ་པའི་སྦྱོར་བའི་དུས་ཅན་གྱི་དངོས་གྲུབ་གཡོ་བར་བྱེད་དེ། ཇི་སྐད་གསུངས་པའི་དུས་ངེས་པར་གྱུར་པས་སོ་ག་ལ་སོགས་པ་རྣམས་ལ་ལས་བྱས་པའོ། །དེ་ནས་གང་གི་རྒྱལ་པོ་འདི་རྟག་ཏུ་ཀུན་ཏུ་བཅིངས་པར་འགྱུར་རོ། །དངོས་གྲུབ་ཉམས་པའང་མེད་དེ་ལས་གཞན་དང་ལྷན་ཅིག་དེ་ཡོད་པའོ། །ཡང་ཆོ་ག་གཞན་ནི་གྲུབ་པ་གང་གིས་འཕོ་བར་འགྱུར་བ་གང་ཡིན་པ་རྣམས་ནི་སེམས་ཅན་གྱི་བྱེ་བྲག་ལས་སམ། ཆོ་ག་མེད་པའམ། འབྱུང་བ་ཉིད་ལས་སམ། དབང་པོ་མ་ཚང་བ་ཉིད་ལས་སམ། སློབ་དཔོན་གྱི་མན་ངག་མེད་པར་རང་གི་རིག་པ་གཟུང་སྟེ་སྟོན་པའི་བཀའ་སོ་སོར་འབྲང་བས་མང་པོ་མི་ཤེས་ཏེ་བླ་མ་དམ་པ་མེད་པ་ལས་སམ། ནུས་པ་དང་བྲལ་བ་ལས་སམ། རྫས་མ་མཐོང་བས་རྟོགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ལ་ཕུལ་བ་དང་། བླ་མ་དམ་པ་སྦྱིན་པའི་འོས་སུ་གྱུར་པ་ལ་བདག་ཉིད་ཤེས་པ་མེད་དོ་ཞེས་མ་ཞུམ་པ་དང་། ལྡན་པས་རྟོག་པའང་མེད་ཅིང་མཐོང་བའང་མེད་པར་ལས་ཆེན་པོའི་སྒྲུབ་པ་རྣམས་ཤེས་པར་བྱེད་པ་བསོད་ནམས་མ་ཡིན་པ་སྨྲ་བ་ཚུལ་ཁྲིམས་འཆལ་བའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའང་རུང་སྟེ་རང་གི་བསླབ་པའི་མཚམས་ཞིག་པ། ལག་པ་འགྱུར་པའི་ལྟུང་བ་ལ་ཀུགས་པའམ། བྱང་ཆུབ་ཀྱི་སེམས་དང་བྲལ་བའམ། མཚམས་མེད་པ་བྱས་པའམ། སློབ་དཔོན་ལ་བརྙས་པའམ། མཆོད་རྟེན་གྱི་གནས་ལ་རྡོག་པས་བརྫིས་པའམ། སློབ་དཔོན་གྱི་གྲིབ་མ་ལ་འགོམ་པར་བྱེད་པའམ། ཐེག་པ་ཆེན་པོ་ལའང་བརྙས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྡང་བར་གྱུར་པའམ། ལྷ་ཐམས་ཅད་ལ་བརྙས་པ་སྟེ་ཉེས་པ་འདི་རྣམས་ཀྱིས་ལས་གཞན་བྱས་པ་དེ་ཡང་དག་པར་བྱས་པ་མ་ཡིན་རྣམ་པ་གཞན་དུ་བྱས་པར་འགྱུར་ཏེ་དེ་དངོས་གྲུབ་དང་བྲལ་བ་ནི་དེ་ཉིད་ཀྱི་ཆོ་ག་ལས་འདས་པའི་ཕྱིར་རོ། །གང་ལ་ལ་འདི་རྣམས་བ་ཡེད་པ་དེའི་དངོས་གྲུབ་དེ་སྐད་ཅིག་མ་གཅིག་ལ་འཇིགས་པར་བྱེད་དེ་རིག་པ་ཅུང་ཟད་བཟླས་པ་ནི་དུས་གཞན་དུ་ཀུན་ཏུ་གནས་ཏེ་གང་ཡང་སྒྲུབ་པའི་དུས་ཅན་གྱི་དངོས་གྲུབ་མ་ཡིན་པ་དེ་འདིར་འགྱུར་རོ། །སླར་ཡང་རིག་པ་འཛིན་པ་གང་ཞིག་གསང་བའི་སྒྲུབ་པའི་ཚོགས་རྒྱལ་པོའི་རྐང་རྗེས་ཀྱི་ས་ལ་བར་སྐབས་འདིར་བརྒྱད་བརྒྱའམ། ལྔ་བརྒྱར་སྲེག་བླུགས་མར་གྱིས་བཏགས་པའི་སྦྱིན་སྲེག་བྱེད་དོ། །དེ་ཉིད་དུ་ཐམས་ཅད་དུ་བྱེད་པའི་རྒྱལ་པོ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། །འཁོར་ལོས་བསྒྱུར་བ་ལའང་ཇི་སྐད་གསུངས་པའི་དུས་ཀྱི་སྒྲུབ་པ་ལ་ངེས་པར་དངོས་གྲུབ་མེད་པར་མི་འགྱུར་ཏེ་ངོས་གྲུབ་ཉམས་པར་ཡང་མི་འགྱུར་རོ། །དེ་ནས་ཡང་སེམས་དཔའ་ཆེན་པོ་སྟོང་ཕྲག་བརྒྱད་ཅི་ཡང་མི་གསུང་བར་གནས་པར་གྱུར་ཏོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྐྱེ་བོ་དུ་མའི་ནང་དུ་ལྷུང་བ་དགེ་བའི་སྤྱོད་པའི་མཆོད་པ་ཆུང་དུ་དེ་སྟན་ལས་ལངས་ནས་བཅོམ་ལ་དན་འདས་ལ་ལན་གསུམ་བསྐོར་བྱས་ཏེ་མངོན་པར་ཕྱག་བཙལ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་བཙལ་ཏེ་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་སེམས་དཔའ་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་། སེམས་ཅན་ཐམས་ཅད་ལ་ཀུན་ཏུ་ལྟ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་རྒྱལ་པོ་གསུངས་ཤིག་།སེམས་དཔའ་ཆེན་པོ་གསུངས་ཤིག་། དེ་སྐད་ཅེས་སྨྲས་པ་དང་། སེམས་དཔའ་ཆེན་པོ་དེས་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་ཞིང་འཛུམ་པའི་བགེགས་དང་བྲལ་བས་བཅོམ་ལྡན་འདས་ལ་ཀུན་ཏུ་ལྟ་ཞིང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་སྨྲས་པ། གང་ཁྱོད་སྙིང་རྗེ་ཆེན་པོ་དོན་དམ་པ། མཆོག་ཏུ་གསང་བ། ལྷན་ཅིག་པའི་རྒྱུད་ཐམས་ཅད་ཀྱི་རྗེས་སུ་སོན་པ་གང་ཡིན་པ་འདི་རྣམས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པ་བྱ་བར་འགྱུར་ཏེ་མཆོག་ཏུ་ཚུལ་ཁྲིམས་འཆལ་པའང་ངན་འགྲོར་འགྲོ་བར་མི་འགྱུར་རོ། །ལྷ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་ཀྱི་དཔལ་ཡང་གང་ལ་ལ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པ་ཐོབ་པར་འགྱུར་བ་དང་། ཤེས་པར་འགྱུར་བ་དང་། ཁ་ཏོན་བྱེད་པར་འགྱུར་བ་དང་། འདྲི་བར་འགྱུར་བ་དང་། སྒྲུབ་པར་འགྱུར་བ་དང་། མཆོད་པར་འགྱུར་བ་དང་། གླེགས་བམ་དུ་བྲིས་ནས་རང་གི་ཁྱིམ་དུ་འཇོག་པར་འགྱུར་བ་དང་། ཉལ་བའི་དུས་དང་། མལ་ནས་ལྡང་བའི་དུས་སུ་མགོ་ལ་འཇོག་པར་བྱེད་པར་འགྱུར་བ་དེའི་ཕུང་ཁྲོལ་ཆེན་པོ་ཐམས་ཅད་ཡོངས་སུ་སྤངས་ཏེ་ལོངས་སྤྱོད་ཆེན་པོར་འགྱུར་རོ། །ཚེ་རིང་པོ་ཉིད་དུའང་འགྱུར་རོ། །མདོར་ན། གང་ཡང་བདག་གི་རྒྱུད་མ་ལུས་པ་ཤེས་པར་འགྱུར་རོ། །སེམས་དཔའ་ཆེན་པོ་དེ་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཀྱིས་ཤེས་པར་འགྱུར་རོ། །དེ་རྣམས་འདིས་ཟིལ་གྱིས་གནོན་པར་འགྱུར་བ་དེས་ན་བཤད་པར་བྱེད་དོ། །དེ་ནས་སེམས་དཔའ་ཆེན་པོ་སྐད་ཅིག་ལ་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒོམ་ཞིང་རབ་ཏུ་འཛུམ་པའི་རང་བཞིན་དུ་གྱུར་བས་རལ་པ་གྱེན་དུ་བརྫེས་པ། སྤྱན་གསུམ་པ། ཕྱག་བཞི་པ། བཅོམ་ལྡན་འདས་འོད་དཔག་མེད་དབུ་ལ་བཞུགས་པ། མཉམ་པར་གསུང་བ། པདྨའི་ཕྱག་ཅན། ལྷའི་ལུས་ཆེན་པོ། ལྟ་བར་མི་དཔོགས་པའི་སྐུ། སེམས་ཅན་ཐམས་ཅད་ཀྱི་གྲོལ་བ། དེ་བཞིན་གཤེགས་པ་རྣམས་ཀྱི་ལྟེ་བ་གང་ཅུང་ཟད་རྟོག་པར་ནུས་པ་མཐོང་ནས་བཅོམ་ལྡན་འདས་མ་སྒྲོལ་མ་ཡིད་ལ་བྱས་ཏེ་སངས་རྒྱས་ཐམས་ཅད་ལ་རབ་ཏུ་བཏུད་ཏེ་རིན་པོ་ཆེའི་པདྨ་ལ་ཉེ་བར་འདུག་སྟེ་སྨྲས་པ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། སྒྲུབ་པ་སོ་སོ་དང་། བྱང་ཆུབ་སེམས་དཔའ་སོ་སོའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་མྱུ་གུ་རྣམས་ལ་ངེས་པར་ཕན་པ་དང་། བདེ་བའི་ཆེད་དུ་སངས་རྒྱས་ཉིད་ཀྱི་ཐབས་མཁས་པའི་བྱ་བ་གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཆེད་དང་། ས་དང་པོར་སོ་སོར་ཐོབ་པའི་ཆེད་དང་། བླ་ན་མེད་པའི་སངས་རྒྱས་ཐོབ་པའི་ཆེད་དུ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་གྱི་བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བསོད་ནམས་ཀྱི་ཚོགས་ཆེན་པོ་རྒྱུན་ཏུ་ཉེ་བར་བསྐྱེད་པ། དེ་བཞིན་ཁོ་ནར་བསོད་ནམས་ཀྱི་མཐུས་སེམས་ཅན་རྣམས་ཀྱི་གོང་དུ་ཡོངས་སུ་བསྔགས་པའི་མཚན་བཟང་པོས་བརྒྱན་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ་བར་འགྱུར་རོ། །དེ་ནས་བ་ཡང་ཆུབ་སེམས་དཔའི་རིགས་གང་གིས་སྔོན་བྱས་པའི་ལས་རྣམས་ཀྱིས་དེ་བཞིན་དུ་བྱ་བའང་རྟག་ཏུ་རང་ཉིད་འཁོར་ལོས་བསྒྱུར་བ་དེའང་དབང་དུ་བྱ་སྟེ་སྔོན་བརྗོད་པའི་ལས་རྣམས་ཁོ་ནས་སོ། །དེ་ལས་ཀྱང་ས་ཐམས་ཅད་པའི་བདག་པོར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་མངོན་པར་མ་དད་པ་རྣམས་རབ་ཏུ་དད་པ་ཉིད་ཀྱིས་དཀྱིལ་འཁོར་བར་ཡང་འགྱུར་རོ། །ཡུལ་གྱི་དཔོན་པོའམ། ཇི་ལྟ་བུའི་བསོད་ནམས་དེས་སེམས་ཅན་རྣམས་ཀྱི་གོང་དུ་རྒྱལ་པོ་བྱེད་དུ་འཇུག་གོ་།ཉེ་བར་ལོངས་སྤྱོད་ཡོངས་སུ་ལོངས་སྤྱད་པས་བྱ་བའང་རབ་ཏུ་བྱེད་དོ། །དེའང་གལ་ཏེ་སྔར་བརྗོད་པའི་ལས་ཁོ་ནས་དེ་འབངས་སུ་འགྱུར་རོ། །དེ་ནས་རྒྱལ་པོ་དང་། བློན་པོ་ལ་སོགས་པའི་སེམས་ཅན་རྣམས་དབང་དུ་བྱེད་པའི་སྒྲུབ་པར་འགྱུར་ཏེ། སྟོན་དང་། སོ་ག་དང་། དབྱར་གྱི་དུས་རྣམས་སུ་ངེས་པར་སྒྲུབ་པར་བྱེད་དོ། །རྒྱལ་པོའི་བློན་པོ་དབང་དུ་བྱེད་པ་ལ་ནི་དེའི་རྐང་པའི་རྐང་རྗེས་ཀྱི་རྡུལ་དང་། སྐེ་ཚེ་མཉམ་པར་བྱས་པ་ཟླ་བ་གཅིག་ཏུ་ཇི་ལྟར་འདོད་པའི་དུས་ཚོད་ལ་དུས་གཅིག་ཏུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་སྣ་མའི་མེ་ཏོག་དང་། ཏིལ་བསྲེས་པས་སྔར་བཞིན་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་དུར་བྷའི་མྱུ་གུ་དང་ལྷན་ཅིག་པའི་སྐེ་ཚེས་ཟླ་བ་གཅིག་ཏུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནིམྦའི་ས་བོན་རྣམས་མ་ཤཱི་དང་། ཀཀྟུ་ཀཱ་མ་དང་། ཕྱེ་མ་རྣམས་ལན་ཚྭ་དང་བསྲེས་པའི་ཟླ་བ་གཅིག་ཏུ་ཇི་ལྟར་འདོད་པའི་ཐུན་མཚམས་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་ཏིལ་དང་། ཨརྫུ་ནའི་མེ་ཏོག་བསྲེས་པ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཀྱིས་དབང་དུ་འགྱུར་རོ། །ཆོ་ག་གཞན་ནིམྦའི་ས་བོན་རྣམས་དང་། ཚ་བའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ། །རྒྱལ་པོའི་མདུན་ན་འདོན་དབང་བྱེད་པར་འདོད་པས་སྐེ་ཚེ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་ཟླ་བ་གཅིག་ལ་ཇི་ལྟར་འདོད་པའི་ཐུན་མཚམས་ནས་བརྩམས་ནས་དུས་གཅིག་ཏུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དབང་དུ་འགྱུར་རོ། ཆོ་ག་གཞན་ནི་སྲན་མ་ཅ་མེད་ཀ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ། །ཆོ་ག་གཞན་ནི་ཨིརྒུ་དའི་ཏིལ་མར་གྱིས་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དུ་དབང་དུ་འགྱུར་རོ། །དེ་རྣམས་ཐམས་ཅད་ལ་དོང་ཀའི་ཡམ་ཤིང་གི་མེ་སྦར་ལ་སྦྱིན་སྲེག་གམ། པ་ལཱ་ཤའི་མེ་ལའང་རུང་ངོ་། །བྲམ་ཟེ་དབང་དུ་བྱེད་པ་ལ་འོ་མ་ཅན་གྱི་ཤིང་གི་མེ་ལ་སྦྱིན་སྲེག་ཟླ་བ་གཅིག་ཏུ་ཇི་ལྟར་འདོད་པའི་ཐུན་མཚམས་ནས་བརྩམས་ནས་དུས་གཅིག་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དབང་དུ་འགྱུར་རོ། རྒྱལ་རིགས་དབང་དུ་བྱེད་པ་ལ་ཚ་བའི་ཏིལ་མར་གྱིས་བཏགས་པའི་ཡུངས་ཀར་སེང་ལྡེང་གི་ཤིང་གི་མེ་ལ་སྦྱིན་སྲེག་བྱས་ན་སྔར་བཞིན་དབང་དུ་འགྱུར་རོ། །རྗེ་རིགས་དབང་དུ་བྱེད་པ་ལ་འབྲས་སཱ་ལུའི་ཟན་ཞོ་དང་ལྷན་ཅིག་པ་ཨ་མྲའི་ཤིང་གི་མེ་ལ་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དབང་དུ་འགྱུར་རོ། །དམན་པ་ཐམས་ཅད་དབང་དུ་བྱེད་པ་ལ་ཚེར་མ་ཅན་གྱི་ཡམ་ཤིང་གི་མེ་སྦར་ནས་སྐེ་ཆེ་དང་། དུག་དང་། ནིམྦ་ལྷན་ཅིག་པའི་སྦྱིན་སྲེག་ཟླ་བ་གཅིག་ཏུ་ཇི་ལྟར་འདོད་པའི་ཐུན་མཚམས་ལ་བརྩམས་ནས་དུས་གཅིག་ལ་སྟོང་ཕྲག་བརྒྱད་བྱས་ན་དེ་དབང་དུ་འགྱུར་རོ། །གཞན་ཡང་། འདིར་འབྱུང་བ་ནི་ཐུན་མོང་དུ་མཆོག་དང་། འབྲིང་དང་། ཐ་མ་སྒྲུབ་པའི་ལས་ནི་ཡུངས་ཀར་དཀར་པོ་སྟོང་ཕྲག་བརྒྱད་གང་བསྟན་བྱའི་སྦྱིན་སྲེག་བྱེད་པ་དེ་དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱེད་པ་ལ་ཏིལ་གྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དབང་དུ་འགྱུར་རོ། །ནག་པོའི་བཅུ་བཞི་པ་ལ་ཡུངས་ཀར་དཀར་པོ་ལ་མར་དང་། ཞོ་དང་། སྦྲང་རྩིས་བཏགས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །གང་བསྟན་བྱ་ཉི་མ་གསུམ་ལ་དབང་དུ་འགྱུར་རོ། ། གཞོན་ནུ་མ་དབང་དུ་བྱེད་པར་འདོད་པས། རམ་ག་ནའི་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱས་ན་དབང་དུ་འགྱུར་རོ། །སྤྲ་ཚིལ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་བདག་ཉིད་ཀྱི་ལག་པར་བཞག་སྟེ་སྟོང་ཕྲག་བརྒྱད་བཟླས་ན་གང་བསྟན་པ་དེ་དབང་དུ་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་མེ་ཏོག་དཀར་པོ་བརྒྱད་བརྒྱ་དབུལ་བར་བྱ་སྟེ་གང་འདོད་པ་དེ་དབང་དུ་འགྱུར་རོ། །དུང་དང་། གླ་རྩི་དང་། ཤུ་དག་དང་། གི་ཝང་དང་། རྒྱ་སྤོས་རྣམས་གཅིག་ཏུ་བྱས་ནས་བཏགས་པར་བྱའོ། །སྟོང་ཕྲག་བརྒྱད་མངོན་པར་སྔགས་པར་བྱས་ནས་འདི་བཏུངས་པས་སམ། གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །བྲམ་ཟེ་མོ་དབང་དུ་བྱེད་པ་ལ་རས་རིས་ཀྱི་སྤྱན་སྔར་བིལ་བའི་མྱུ་གུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །དུར་ཁྲོད་དུ་ལན་བདུན་བཟླས་པས་བུད་མེད་གང་ལ་སྐྱེས་བུ་གང་གིས་མདུན་དུ་འདུག་ནས་སྟོང་ཕྲག་བརྒྱད་བཟླས་པ་བྱས་པས་དབང་དུ་འགྱུར་རོ། །སོར་མོ་གཅིག་པའི་ཤིང་བླངས་ནས་སྟོང་ཕྲག་བརྒྱད་མངོན་པར་སྔགས་ཏེ་གང་དང་། གང་ཀུན་ཏུ་འགུགས་པར་བྱེད་པ་དེ་དབང་དུ་འགྱུར་རོ། །མེ་ཏོག་བརྒྱ་པ་སྟོང་ཕྲག་བརྒྱད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དབུལ་བར་བྱའོ། །འདི་ལ་མེ་ཏོག་གཅིག་བླངས་ནས་བུད་མེད་ལ་བལྟས་ནས་བསྐོར་བར་བྱ་སྟེ་འོང་བར་བྱེད་ཅིང་དབང་དུ་འགྱུར་རོ། །འོ་མ་དང་། ནས་ཟན་ཟ་ཞིབ་ཕྱོགས་གཅིག་ཏུ་བཟླས་པར་བྱའོ། །དེ་ནས་གྲོག་མཁར་གྱིས་ལས་བྱུང་བའི་ནོར་རྒྱས་ཀྱི་བུ་བྱས་ནས་དེ་ལ་ཉེ་བར་འདུག་སྟེ་ཇི་སྲིད་གཡོ་བར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ལྟ་བུས་གྲུབ་པར་འགྱུར་རོ། །ནོར་རྒྱས་ཀྱི་བུ་བདག་ཉིད་མ་ཤ་བཅུ་གཉིས་ཀྱི་བཟའ་བ་སྦྱིན་པར་བྱེད་དོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དོན་སྟོན་པར་བྱེད་དོ། །འོ་མ་དང་། ནས་ཟན་ཟ་ཞིང་སྐུ་གཟུགས་ཀྱི་མདུན་དུ་སྟོང་ཕྲག་བརྒྱད་བཟླས་པས་ལོངས་སྤྱོད་སོ་སོར་རྙེད་དོ། །ཟླ་བ་ཨ་གཅིག་ཏུ་བསོད་སྙོམས་བཟའ་ཞིང་དཀར་པོའི་བཅུ་གཅིག་ལ་མཚན་མོ་གཅིག་ཏུ་སྨྱུང་བར་གནས་པས་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་ཆེན་པོ་བྱས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སྐུ་གཟུགས་ཀྱི་ཞབས་དག་ལ་འཇུས་ནས་ཇི་སྲིད་དུ་སྐུ་གཟུགས་གཡོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །གཡོས་པས་གང་མཐོང་བར་འགྱུར་རོ། ། དངོས་གྲུབ་ཐམས་ཅད་ཀྱི་རྒྱལ་བར་འགྱུར་རོ། །ཡིད་ཀྱིས་གང་སྐྱེད་པར་བྱེད་དུ་འཇུག་གོ་།ལོ་སྟོང་ཕྲག་ལྔར་འཚོ་བར་འགྱུར་རོ། །གང་གཱ་རཱ་ཞུགས་ཏེ་འབུམ་ཕྲག་གཅིག་བཟླས་པར་བྱའོ། །ཕྱིན་ནས་དེ་སྲིད་དུ་སྐུ་གཟུགས་ཀྱི་སྤྱན་སྔར་བྱེ་མ་ལས་བྱུང་བའི་མཆོད་རྟེན་བྱས་ནས་སྦྲང་རྩི་དང་། འོ་མ་གཅིག་ཏུ་བྱས་ཏེ་སྦྱིན་སྲེག་བྱའོ། །ཀླུ་ཐམས་ཅད་འོང་བར་བྱེད་དོ། །གང་སྨྲས་པ་དེ་ཐམས་ཅད་བྱེད་དོ། །རིའི་རྩེ་མོར་འཛེགས་ཏེ་རས་རིས་རབ་ཏུ་བཞུགས་ནས་ཏིལ་མར་གྱིས་བཏགས་པའི་ཙནྡན་གྱི་ཞོགས་མའི་སྦྱིན་སྲེག་བྱ་སྟེ་གནོད་སྦྱིན་འོང་བར་འགྱུར་རོ། །གང་སྨྲས་པ་དེ་ཐམས་ཅད་བྱེད་དོ། །ནགས་སུ་རས་རིས་རབ་ཏུ་བཞུགས་ནས་སྦྲང་རྩི་དང་། །པི་པི་ལིང་གཅིག་ཏུ་བྱས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་རིག་པ་འཛིན་པ་ཐམས་ཅད་འོང་བར་བྱེད་དོ། །བཀའ་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ། ། ཤིང་གཅིག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་རབ་ཏུ་བཞུགས་ནས་འབུམ་ཕྲག་བཟླས་པར་བྱའོ། །འབུམ་ཡོངས་སུ་རྫོགས་པ་ན་གསོ་སྦྱོང་ཅ་ཨན་གྱིས་གཟུགས་ཀྱིས་རྣམ་པས་བྱང་ཆུབ་ཤིང་ལས་བྱུང་བ་རྩེ་གསུམ་མཚན་ཉིད་དང་ལྡན་པ་བྱེད་དུ་བཅུག་ནས་སྟོང་ཕྲག་རྫོགས་པའི་སྦྱིན་སྲེག་བྱ་སྟེ་ཟླ་བ་ཉ་ལ་དྲི་བཟང་པོས་རབ་ཏུ་བྱུགས་ནས་རས་རིས་ལ་ཇི་ལྟར་འབྱོར་བའི་མཆེད་པ་བྱས་ནས་ལག་པ་གཡས་པས་བླངས་ཏེ་མཚན་ཐོག་ཐག་ཏུ་བསྒྲུབ་པར་བྱ་སྟེ་ཇི་སྲིད་འབར་གྱི་བར་དུའོ། །འབར་བས་འབྱུང་པོའི་བདག་པོ་གཉིས་པ་གདུལ་དཀའ་གདུལ་བ་པོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་པའི་ལྷ་ཆེན་པོར་འགྱུར་རོ། །རྒྱ་མཚོར་ཞུགས་ཏེ་འབུམ་བཟླས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ་གང་འདོད་པའི་ཀླུ་དེ་མཐོང་བར་བྱེད་དོ། །ནོར་བུ་རིན་པོ་ཆེའང་འདི་ལ་རབ་ཏུ་སྩོལ་ལོ། །དེ་བླངས་པས་རིག་པ་འཛིན་པར་འགྱུར་ཏེ་ཀླུའི་རིག་པ་འཛིན་པ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །འོ་མ་དང་། ནས་ཟན་ཟ་ཞིང་འབུམ་ཕྲག་བདུན་བཟླས་པར་བྱའོ། །དེ་ནས་གསོ་སྦྱོང་ཅན་གྱིས་ལས་བྱེད་པས་ཟངས་ཀྱི་སྣོད་བྱེད་དུ་བཅུག་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ཉལ་འབྲུ་དང་། སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བར་བྱས་ནས་རས་རིས་ཀྱི་སྤྱན་སྔར་སོ་སོར་བཞག་སྟེ་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་དང་ལག་པ་བཅུག་ནས་གང་འདོད་པ་དེ་དང་། དེ་འབྱུང་བར་འགྱུར་རོ། །སྣོད་བཟང་པོའི་སྒྲུབ་ཐབས་སོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ནས་འབུམ་བཟླས་པར་བྱའོ། །ཕྱི་ནས་ཟླ་བ་ཉ་ལ་ནོར་བུའམ། ས་ལས་བྱུང་བའི་མཆོད་རྟེན་བྱས་ཏེ་དེ་ཉིད་དུ་རས་རིས་བྱེད་དུ་བཅུག་ནས་ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ཉ་ལ་འབྲུ་དང་། སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་བྱས་ནས་རས་རིས་ཀྱི་སྤྱན་སྔར་སོ་སོར་བཞག་སྟེ་མཆོད་པ་ཆེན་པོ་བྱས་ནས་བཞག་པའི་ནོར་བུའམ། ས་ལས་བྱུང་བ་ལག་པ་གཡས་པས་བླངས་ཏེ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ལ་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །ཡིད་བཞིན་གྱི་ནོར་བུ་འཆང་བའི་རིག་པ་འཛིན་པར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་རབ་ཏུ་བཞུགས་ནས་འབུམ་བཟླས་པར་བྱའོ། །ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ཉ་ལ་མཆོད་པ་སྣ་ཚོགས་པ་བྱས་ནས་མར་མེའི་ཕྲེང་བའམ་རྒྱ་ཆེར་བྱས་ཏེ་ལག་པ་གཡས་པས་རྒྱལ་མཚན་གོས་དཀར་པོ་འཕྱང་བ་བཟུང་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །རྒྱལ་མཚན་གྱི་རིག་པ་འཛིན་པར་འགྱུར་རོ། །ཐམས་ཅད་དུ་ཐོགས་པ་མེད་པར་འགྲོའོ། །ཆོ་འཕྲུལ་གྱི་ཕྱོགས་ཀྱི་ཟླ་བ་ཉ་ལ་རས་ར་ཨིས་ལ་མཆོད་པ་ཆེན་པོ་བྱས་ནས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་ལ་དྲི་བཟང་པོའི་དྲི་ཡིས་སོ་སོར་བྱུགས་ནས་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་དཀྲིས་ཏེ་ལག་པ་གཡོན་པས་བཟུང་ནས་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ་ཇི་སྲིད་འབར་བ་དེ་སྲིད་དུ་བཟློས་པར་བྱའོ། །རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །གང་དུ་འདོད་པ་དེ་རུ་འགྲོ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་སྤྱོད་མའི་གཞོན་ནུ་མ་རབ་ཏུ་མཛེས་པ་ལེགས་པར་ཁྲུས་བྱས་པ་རྒྱན་གྱིས་བརྒྱན་པར་བྱས་ནས་རས་རིས་ཀྱི་སྤྱན་སྔར་ཇི་ལྟར་འབྱོར་པའི་མཆོད་པ་བྱ་སྟེ་ལག་པ་གཡོན་པས་རབ་ཏུ་བཟུང་སྟེ་གཡས་པས་ཇི་སྲིད་དེ་དང་ཐབས་ཅིག་ཏུ་འབར་བ་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །ཇི་ལྟ་བ་བཞིན་དུ་ཐབས་གཅིག་ཏུ་རིག་པ་འཛིན་པར་འགྱུར་རོ། །མཚན་མ་གཅིག་པའི་སྟེང་དུ་ལག་པ་བཞག་ནས་ཇི་སྲིད་འཁོར་རྣམས་མི་མཐོང་བ་དེ་སྲིད་དུ་བཟླས་པར་བྱའོ། །མ་མཐོང་བ་ན་སེམས་ཅན་ཐམས་ཅད་འོངས་ནས་གྲུབ་པ་གསུམ་པོ་ཐམས་ཅད་སྦྱིན་པར་བྱེད་དོ། །ཟླ་བ་གཟས་བཟུང་བའམ། ཉི་མ་གཟས་གཟུང་བ་ན་བ་བླ་བྱང་ཆུབ་ཤིང་གི་འདབ་མའི་ནང་དུ་བཏུམས་པར་བྱས་ནས་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཇི་སྲིད་དུ་བ་འཐུལ་བ་དེ་སྲིད་དུ་བཟླས་པར་བྱའོ། །དེས་ཐིག་ལེ་བྱས་ནས་མི་སྣང་བར་འགྱུར་རོ། །འོ་མ་དང་། ནས་ཟན་བཟའ་ཞིང་རྒྱ་མཚོའི་འགྲམ་དུའམ། ཤིང་དྲུང་དུ་ཐུན་གསུམ་དུ་སྟོང་ཕྲག་བཟླས་པར་བྱའོ། །མཚན་མོ་བདུན་དུ་རྒྱ་མཚོར་གནས་པའི་ཏིལ་རྣམས་མཐོང་བར་བྱེད་དོ། །ཇི་ལྟར་འདོད་པ་བླང་བར་བྱའོ། །མོན་སྲན་སྡེའུ་ཟ་ཞིང་རི་བོ་ལ་འཛེགས་ནས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །མཚན་མོ་ཉི་ཤུར་རི་བོ་ལ་གནས་པའི་གསེར་དང་། ནོར་བུ་རིན་པོ་ཆེ་སྟོན་ཅིང་སྨྲ་བར་བྱེད་དོ། །ཇི་ལྟར་འདོད་པ་བླང་བར་བྱའོ། །རྒྱ་མཚོར་འགྲོ་བའི་ངོགས་སམ། ཤིང་གི་འགྲམ་དུ་ཟླ་བ་གཅིག་ཏུ་ཉིན་མཚན་དུ་བཟླས་པར་བྱའོ། །ཐམས་ཅད་ཆུ་ཀླུང་གི་འགྲམ་དུ་མཐོང་བར་བྱེད་དོ། །ཇི་ལྟར་འདོད་པ་བླང་བར་བྱའོ། །སྐྱེས་པ་དང་། བུད་མེད་དབང་དུ་བྱེད་པ་ལ་སོལ་བས་ས་ལ་གཟུགས་བརྙན་བྲིས་ཏེ་དེའི་སྟེང་དུ་ཉེ་བར་འདུག་ནས་སྟོང་ཕྲག་བརྒྱད་ཉིན་ཞག་གསུམ་ཐུན་གསུམ་དུ་བཟླས་པར་བྱའོ། །དབང་དུ་འགྱུར་རོ། །རྒྱལ་པོའམ། རྒྱལ་པོའི་གོས་འདོད་པས་མེ་ཏོག་དཀར་པོ་ཡོངས་སུ་མཉེས་པ་རྣམས་ལ་ལན་གཅིག་ཡོངས་སུ་བཟླས་པའི་ཆུར་གཞུག་པར་བྱའོ། །མཚན་མོ་བདུན་ལ་གོས་རྣམས་རྙེད་དོ། །བའི་མར་ལ་སྟོང་ཕྲག་བརྒྱད་བཟླས་པ་ཙམ་གྱིས་སྐལ་བ་བཟང་པོར་འགྱུར་རོ། །བཟླས་པས་བརྟན་པ་དང་། གཡོ་བ་རྣམས་ཁྱད་པར་དུ་འཕོ་བར་བྱེད་དོ། །ལྕགས་ལས་བྱུང་བའི་མཛུབ་གང་ཙམ་གྱི་རལ་གྲི་བླངས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་རབ་ཏུ་བཞུགས་ནས་མཆོད་པ་རྒྱ་ཆེན་པོ་བྱ་སྟེ་ཨ་ཤྭཏྠའི་འདབ་མས་གཡས་ནས་བསྐོར་ཏེ་རལ་གྲི་རབ་ཏུ་བཞག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བླངས་པས་འ་ཁོར་དང་བཅས་པ་འཕུར་བར་འགྱུར་ཏེ་རིག་པ་འཛིན་པ་སྟོང་གིས་ཡོངས་སུ་བསྐོར་བ་རིག་པ་འཛིན་པ་རྣམས་ཐམས་ཅད་ཀྱིས་ཤེས་ནས་བར་གྱི་བསྐལ་པར་གནས་པར་འགྱུར་རོ། །འོ་མ་དང་། ནས་ཟན་བཟའ་ཞིང་འབུམ་ཕྲག་བདུན་བཟླས་པར་བྱའོ། །སྔོན་སྤྱད་པ་བྱས་ནས་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་དགེ་འདུན་གྱི་བསྟན་པ་ཅན་ནམ། སློངས་མོ་ཟོས་ནས་དཔའ་བོའི་རིན་གྱིས་ཉོས་པའི་ལྡོང་རོས་བླངས་ཏེ་དེས་ཇི་སྐད་གསུངས་པ་བཞིན་དུ་ས་ལ་པདྨ་འདབ་བརྒྱ་པ་བྲིས་ནས་པདྨའི་འདབ་མ་ལ་ཉེ་བར་འདུག་སྟེ་ཉི་མ་སོ་སོར་ཇི་སྲིད་དུ་ས་ཟོས་ནས་པདྨ་གྱེན་དུ་འགྲོ་བ་དེ་སྲིད་དུ་བཟླས་པར་བྱའོ། །པདྨའི་འདབ་མ་ལ་ཉེ་བར་འདུག་པའི་རིག་པ་འཛིན་པ་ཉི་ཤུ་འབྱུང་བར་འགྱུར་རོ། །ལྷའི་གཞལ་མེད་ཁང་ཡང་འབྱུང་ངོ་། །དེ་ནས་དེ་འཁོར་དང་བཅས་པ་དེ་གཞལ་མེད་ཁང་ལ་འཛེགས་ནས་འཕུར་བར་བྱེད་དོ། །དེའང་པདྨ་རིན་པོ་ཆེ་དུ་མས་བརྒྱན་པའི་ལྷའི་གཞལ་མེད་ཁང་དུ་འགྱུར་རོ། །བར་གྱི་བསྐལ་པར་འཚོ་བར་བྱེད་དོ། །བདེ་བ་ཅན་དུའང་འགྲོ་ཞིང་སླར་ཡང་འོང་བར་བྱེད་དོ། །ལུས་ཐ་དད་འདོད་པ་དག་ཏུ་སྐྱེ་བ་སོ་སོར་རྙེད་དོ། །སྟོང་ཕྲག་བརྒྱད་མངོན་པར་སྔགས་པའི་ཆུས་ཤིང་སྐམ་པོ་ལ་གཏོར་ན་མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་རོ། །ཆུ་ཀླུང་སྐམས་པར་ཞུགས་ནས་འབུམ་བཟླས་པར་བྱ་སྟེ་ཆུ་སྐྱེའོ། །ཆུ་ཀླུང་རྒྱས་པར་འཛགས་པར་བཟླས་ན་ཐང་དུ་འགྱུར་རོ། །རྒྱལ་པོའམ། རྒྱལ་པོའི་བློན་པོ་དབང་དུ་བྱེད་པར་འདོད་ན་རས་རིས་ཀྱི་སྤྱན་སྔར་ཇི་ལྟར་རྙེད་པའི་མེ་ཏོག་རྣམས་ནག་པོའི་བརྒྱད་པ་ལ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །ལན་ཚྭའི་སྲེག་བླུགས་ཀྱང་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ངེས་པར་རྒྱལ་པོ་དབང་དུ་འགྱུར་རོ། །དེ་ཉིད་ཀྱིས་བརྒྱད་པ་ནས་བརྩམས་ཏེ་ཇི་སྲིད་བཅུ་གཅིག་པའི་བར་དུ་གི་ཝང་ལ་ཐུན་གསུམ་དུ་བརྒྱད་བརྒྱར་བཟླས་པ་དེས་ཐིག་ལེ་བྱས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །ཁྱེའུ་འམ། བུ་མོ་དབང་དུ་བྱེད་པར་འདོད་ན་གཟུགས་བརྙན་གྱི་སྤྱན་སྔར་ཡུངས་ཀར་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །གནས་ཀྱི་ཐལ་བ་བླངས་ཏེ་གཟུགས་བརྙན་བྱས་ན་གང་གི་མིང་ནས་སྨྲས་པ་དེ་དབང་དུ་འགྱུར་རོ། །གཙང་མའི་དོན་དུ་བའི་མར་བླངས་ཏེ་ཟླ་བ་གཟས་བཟུང་བའམ། ཉི་མ་གཟས་བཟུང་བའི་དུས་སུ་ཟངས་ཀྱི་སྣོད་དུ་བཅུག་ནས་ཇི་སྲིད་དངོས་གྲུབ་རྣམ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །འགྲོ་བཞིན་པ་ལ་ཐོས་པ་འཛིན་པར་འགྱུར་རོ། །དུ་བ་འཐུལ་བཞིན་པ་ལ་བཅུད་ཀྱིས་ལེན་ནོ། །འབར་བས་མི་སྣང་བ་དང་། སྐྱེ་བ་དྲན་པར་འགྱུར་རོ། །རྒའི་མེ་ཏོག་འབུམ་གྱིས་སྤྱིན་སྲེག་བྱས་ན་དོང་ཚེ་འབུམ་སྦྱིན་པར་བྱེད་དོ། །སྐུ་གཟུགས་ཀྱི་སྤྱན་སྔར་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་དོང་ཚེ་བརྒྱད་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་འབྲས་སཱ་ལུ་དང་། འབྲས་ཐུག་པོ་ཆེ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་དོང་ཚེ་ལྔ་བརྒྱ་རྙེད་དོ། །སྔོན་སྤྱད་པ་བྱས་པས་རས་རིས་ཀྱི་སྤྱན་སྔར་ཞོ་དང་། སྦྲང་རྩི་དང་། མར་གྱི་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དོང་ཚེ་སུམ་བརྒྱ་རྙེད་དོ། །གཟུགས་བརྙན་སྦྱིན་སྲེག་སྟེང་ཕྲག་བརྒྱད་བྱའོ། །དོང་ཚེ་བརྒྱ་ལྷག་པར་རྙེད་དོ། །རིགས་ཀྱི་བདག་པོ་དང་། རིགས་ཀྱི་བདག་མོ་དབང་དུ་བྱེད་པར་འདོད་པས་གཟུགས་བརྙན་གྱི་སྤྱན་སྔར་ཨརྒའི་ཡམ་ཤིང་གིས་མཚན་མོ་བདུད་དུ་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །རིག་པའི་བདག་པོ་དབང་དུ་འགྱུར་རོ། །རིག་པའི་བདག་པོ་ཉིད་དུ་བྱེད་པར་འདོད་པས་སྐུ་གཟུགས་ཀྱི་སྤྱན་སྔར་མཚན་མོ་བདུན་དུ་ཐུན་གསུམ་དུ་དུར་བྷའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་རིགས་ཀྱི་བདག་པོ་ཉིད་དུ་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་འཕགས་པའི་དགེ་འདུན་དབང་དུ་བྱེད་པར་འདོད་པས་རས་རིས་ཀྱི་སྤྱན་སྔར་ཨརྒའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །མཚན་མོ་བདུན་དུ་འདོད་ཅིང་དོན་དུ་གཉེར་བའི་དོན་གང་ཡིན་པ་སྨྲ་བར་བྱའོ། །རྟག་ཏུ་བཟླས་པས་ནོར་རྣམས་རྙེད་དོ། །རས་རིས་ཀྱི་སྤྱན་སྔར་གུ་གུལ་གྱི་རིལ་བུའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །གསེར་སྟོང་རྙེད་དོ། །སྐུ་གཟུགས་ཀྱི་སྤྱན་སྔར་ཟླ་བ་གཅིག་ཏུ་ཀུན་ཏུ་རུའི་བདུག་པའི་སྦྱིན་སྲེག་སྟོང་བྱའོ། །གཏེར་སོ་སོར་རྙེད་དོ། །སྐུ་གཟུགས་ཀྱི་སྤྱན་སྔར་ཨརྒའི་ཤིང་གི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །དོང་ཙེ་སྟོང་རྙེད་དོ། །དགྲ་བོ་དབང་དུ་བྱེད་པར་འདོད་པས་གསོ་སྦྱོང་ཅན་གྱིས་ཐུན་གསུམ་དུ་གཟུགས་བརྙན་གྱི་སྤྱན་སྔར་པཱ་ཤའི་མེ་ལ་སྐེ་ཚེའི་སྲེག་བླུགས་སྟོང་ཕྲག་བརྒྱད་བྱའོ། །དགྲ་བོ་དབང་དུ་འགྱུར་རོ། །ཟླ་བ་གཅིག་གི་དུས་ལ་རྒྱ་སྐྱེགས་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །འབྲས་སཱ་ལུ་དང་། ཐུག་པོ་ཆེའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ཐུན་གསུམ་དུ་ཀཪྴ་པ་ཎ་བརྒྱ་རྙེད་དོ། །འོ་མ་དང་། ནས་ཟན་བཟའ་ཞིང་འབུམ་བཟླས་པར་བྱའོ། །སྔོན་སྤྱད་པ་བྱས་པས་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་གཅིག་བར་སྐྱེས་བུའི་རོ་མ་ཉམས་པ་བླངས་ནས་བཀྲུས་ཏེ་རྒྱན་གྱིས་བརྒྱན་པ་བག་མར་བླངས་པའི་གདོད་མའི་གཟུགས་ཀྱི་ཆ་བྱད་འཛིན་པ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་རྣམས་ཀྱིས་མངོན་པར་མཆོད་དེ་རྐང་པ་གཡོན་པས་བྲང་ཁར་ཡང་དག་པར་མནན་ནས་སྤྱི་བོར་ཡང་དང་། ཡང་དུ་རིག་པ་བཟླས་ཏེ་ཐལ་ལྕགས་གིས་བསྣུན་པར་བྱས་ཏེ་ལངས་པ་དེ་སྲིད་དུའོ། །ལངས་ནས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྟོན་པར་བྱེད་དོ། །དེ་ནས་རྒྱལ་གྱི་ལྕགས་ལས་བྱུང་བའི་རལ་གྲིས་བསྣུན་པར་བྱའོ། །དངུལ་དང་། གསེར་གྱི་རང་བཞིན་དུ་འགྱུར་རོ། །དེ་ནས་མི་འདོད་དོ་ཞེས་བརྗོད་པར་བྱའོ། །འདོད་པ་བྱིན་ཅིག་ཅེས་སོ། །དེ་ནས་ཡིད་བཞིན་གྱི་ནོར་བུ་སྐྱུག་པར་བྱེད་དོ། །དེ་བླངས་ནས་ཡིད་བཞིན་གྱི་ནོར་བུའི་རིག་པ་འཛིན་པར་འགྱུར་ཏེ་ཡིད་ལྟར་མགྱོགས་པའི་བར་གྱི་བསྐལ་པའི་བར་དུ་གནས་སོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཉིན་མཚན་དུ་སྨྱུང་བར་གནས་པས་རྒྱ་མཚོར་འགྲོ་བའི་ཆུ་བོར་ཞུགས་ནས་ཟླ་བ་ཙམ་མམ། མཱ་ཥའི་ཚད་ཀྱི་སྣ་མའི་མེ་ཏོག་འབུམ་རབ་ཏུ་འབབ་པར་བྱ་སྟེ་ཡུལ་གྲུ་བཅུ་རྙེད་དོ། ། དཀར་པོའི་ཚེས་གཅིག་ནས་བརྩམས་ནས་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་པདྨ་འབུམ་དབུལ་བར་བྱ་སྟེ་གཏེར་སྦྲག་མ་རྙེད་དོ། །སྔོན་སྤྱང་པ་བྱས་པ་དེ་ཉིད་ཆུ་ཀླུང་དུ་ཞུགས་ནས་སྣ་མའི་མེ་ཏོག་འབུམ་དབུལ་བར་བྱའོ། །མཐར་ཏིལ་ནག་པོའི་སྦྱིན་སྲེག་འབུམ་བྱའོ། །ཡུལ་གྲུ་ར་བ་དང་བཅས་པ་བཅུ་རྙེད་དོ། །མྱ་ངན་མེད་པའི་ཤིང་ལ་སྲན་མ་ཙ་མེད་ཀའི་ཚད་ཙམ་གྱི་རིལ་བུ་བྱས་ནས་སྐུ་གཟུགས་ཀྱི་སྤྱན་སྔར་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱས་ན་གང་ཅུང་ཟད་ཚོལ་བ་དེ་རྙེད་དོ། ། བཱ་མཱརྒའི་ཡམ་ཤིད་ལ་ཆོ་ག་འདི་ཁོ་ནས་གསེར་སྟོང་རྙེད་དོ། །མྱ་ངན་མེད་པ་དང་། ཌེ་ཌེ་ཀ་བསྲེས་ལ་ཨ་པཱ་མཱརྒའི་དང་། ཏ་ན་ཏུ་གསུམ་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱས་ན་རྒྱལ་པོའི་བུ་མོ་དང་། བཙུན་མོ་རྙེད་དོ། །རྒྱལ་པོ་རྣམས་བློན་པོ་དང་བཅས་པ་དབང་དུ་བྱེད་པར་འདོད་པས་སྐུ་གཟུགས་ཀྱི་མདུན་དུ་མྱ་ངན་མེད་པའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཟླ་བ་གཅིག་ཏུ་མྱ་ངན་མེད་པའི་མེ་ཏོག་རྣམས་ཁོ་ན་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་རང་གི་ཁྱིམ་དུ་གཏེར་མཐོང་བར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་རྐེད་པའི་ཆེད་ཀྱིས་ཆུར་ཞུགས་ནས་མེ་ཏོག་བརྒྱ་པ་འབུམ་དབུལ་བར་བྱའོ། །དེ་ནས་མེ་ཏོག་བརྒྱ་པ་ལ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ནས་གང་གིས་བསྣམས་པའམ། མཐོང་བར་བྱིན་ན་དེ་དབང་དུ་འགྱུར་རོ། །རྒྱལ་པོ་དང་། རྒྱལ་པོའི་བློན་པོ་དབང་དུ་བྱེད་པར་འདོད་པས་ཟླ་བ་གཅིག་ཏུ་སྐེ་ཚེ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་དབང་དུ་འགྱུར་རོ། །གང་བརྗོད་པ་དེ་བྱེད་རྒྱལ་པོ་ཉེ་བར་དབང་དུ་བྱེད་པ་ལ་སྐུ་གཟུགས་ཀྱི་སྤྱན་སྔར་སྐེ་ཚེ་ཞོ་དང་། སྦྲང་རྩི་དང་ལྷན་ཅིག་པ་རྣམས་དང་། ། དེ་ནས་ཀྱང་ལི་ཏ་དང་ལྷན་ཅིག་པ་དང་། དེ་ནས་ཀྱང་སྦྲང་རྩི་དང་ལྷན་ཅིག་པ་རྣམས་ཟླ་བ་གཅིག་ཏུ་ཐུན་གསུམ་དུ་ཇི་ལྟར་གསུངས་པའི་རིམ་པས་བརྒྱད་བརྒྱར་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ། །རྒྱལ་པོའི་མདུན་ན་འདོན་ན་དབང་དུ་བྱེད་པར་འདོད་པས་མར་དང་ལྷན་ཅིག་པའི་འབྲས་ཡོས་ཀྱི་སྦྱིན་སྲེག་བྱའོ། །རྒྱལ་རིགས་ལ་འོ་ཐུག་དང་བསྲེས་པས་སོ། །རྗེ་རིགས་ལ་འོ་མ་དང་ལྷན་ཅིག་པས་སོ། །དམངས་རིགས་ལ་ཏིལ་མར་གྱིས་བཏགས་པ་རྣམས་ཀྱིས་སོ། །གསུམ་པོ་ཐམས་ཅད་ལ་ལན་ཚྭའི་སྦྱིན་སྲེག་གིས་སོ། །ཡུགས་ས་མོ་ལ་མ་ཤའི་སྦྱིན་སྲེག་གིས་སོ། །སེམས་ཅན་ཐམས་ཅད་ལ་ཚྭའི་ཏིལ་མར་གྱིས་བཏགས་པའི་ཏིལ་རྣམས་ཀྱིས་དབང་དུ་བྱེད་དོ། །ཐམས་ཅད་ལ་ཟླ་བ་གཅིག་ཏུ་པཱ་ལ་ཤའི་མི་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་བའོ། །གཙང་མར་གྱུར་བས་ཉིན་མཚན་དུ་སྨྱུང་བར་གནས་ཏེ་གཟུགས་བརྙན་གྱི་སྤྱན་སྔར་བིལ་བའི་ཡམ་ཤིང་གིས་མེ་སྦར་ནས་བིལ་བའི་སྦྱིན་སྲེག་འབུམ་བྱའོ། །གཏེར་མཐོང་བར་འགྱུར་རོ། །མཚན་མོ་ཉི་ཤུར་འོ་མ་དང་། ནས་ཟན་ཟ་ཞིང་པཱ་ལ་ཤའི་མེ་ལ་ཡུངས་ཀར་དཀར་པོའི་སྦྱིན་སྲེག་བྱ་སྟེ་ནོར་རྙེད་དོ། །འོ་མ་དང་། ནས་ཟན་ཟ་ཞིང་འབུམ་ཕྲག་ལྔར་བཟླས་པ་བྱའོ། །དེ་ནས་རས་རིས་ཀྱི་སྤྱན་སྔར་ཟླ་བ་གཅིག་ཏུ་ཐུན་གསུམ་དུ་ཡུངས་ཀར་དཀར་པོ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱ་སྟེ་ནོར་གྱི་རྒྱུན་གང་དུ་འདོད་པ་དེར་ལྟུང་བར་བྱེད་དོ། །ཟས་བཞིན་སྨྱུང་བར་གནས་པས་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ། །རྒྱུ་སྐར་གྱི་གནོད་པ་ཉེ་བར་ཞི་བར་བྱེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་མཚན་བརྒྱད་དུ་བིལ་བའི་ཤིང་གིས་མེ་སྦར་ནས་ཏིལ་གྱི་སྦྱིན་སྲེག་འབུམ་བྱའོ། །གཏེར་མཐོང་བར་བྱེད་དོ། །ཡང་ན་དབང་ཕྱུག་ཉིད་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཟླ་བ་གཅིག་ཏུ་བཱ་ལ་ཤའི་མེ་ལ་མེ་ཏོག་བརྒྱ་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །ཇི་ལྟར་འདོད་པའི་ནོར་རྙེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་པཱ་ལ་ཤའི་ཤིང་གིས་མེ་རབ་ཏུ་སྤར་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ། །ཡུལ་གྲུ་བཅུ་ལ་སྤྱོད་པ་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་འོ་མ་དང་། ནས་ཟན་ཟ་ཞིང་པདྨ་འབུམ་དབུལ་བར་བྱའོ། །གཏེར་རྙེད་དོ། ། ཡང་ན་དབང་ཕྱུག་རྙེད་དོ། །འདི་རྣམས་ཁོ་ན་ཀུ་མུ་དའི་ཆོ་ག་སྟེ་རྒྱལ་པོ་ལ་གང་ཚོལ་བ་དེ་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་བིལ་བ་དང་ཏིལ་ཕན་ཚུན་བསྲེས་པས་འབུམ་སྦྱིན་སྲེག་བྱའོ། །གཏེར་མཐོང་བར་བྱེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་པྲི་ཡང་ཀུའི་ཞོགས་མ་རྣམས་ཞོ་དང་སྦྲང་རྩི་དང་། མར་གྱིས་བཏགས་པའི་བིལ་བའི་མེ་ལ་འབུམ་སྦྱིན་སྲེག་བྱའོ། །ལོངས་སྤྱོད་ཆེན་པོར་འགྱུར་རོ། །གཟུགས་བརྙན་གྱི་སྤྱན་སྔར་ཉིན་མཚན་དུ་སྨྱུང་བར་གནས་པས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་པདྨ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་གྱིས་སྦྱིན་སྲེག་བྱའོ། །དབང་ཕྱུག་ཉིད་སོ་སོར་རྙེད་དོ། །རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་གསུམ་བཟླས་པར་བྱའོ། །དེ་ནས་བུ་རམ་གྱི་ཡམ་ཤིང་སོར་གཅིག་པའི་ཚད་འབུམ་ཕྲག་གསུམ་སྦྱིན་སྲེག་བྱའོ། །རས་རིས་རབ་ཏུ་འགུལ་བར་འགྱུར་རོ། །མེ་ཏོག་ཆུན་པོ་གཡོ་བར་བྱེད་པ་དང་། དེ་ནས་རྒྱལ་རིགས་སོ་སོར་རྙེད་པ་འམ། ཡང་ན་གང་ཡིད་ཀྱིས་བསམས་པའོ། །སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་སྤྱན་སྔར་སྣ་མའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་རྣམས་ཟླ་བ་གཅིག་ཏུ་ཐུན་གཅིག་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། ། དབང་དུ་འགྱུར་རོ། །ཡུལ་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་སྤྱན་སྔར་ཀ་ར་བི་རའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ། །ཡུལ་སོ་སོར་རྙེད་དོ། །ཡུལ་གྱི་དཔོན་པོ་བྱེད་པར་འདོད་པས་དོང་ཀའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་ཕྲག་གསུམ་སྦྱིན་སྲེག་བྱའོ། །ཡུལ་གྱི་རྗེ་པོར་འགྱུར་རོ། །པཱ་ལ་ཤའི་མེ་ལའོ། །སྡེ་དཔོན་བྱེད་པར་འདོད་པས་གཟུགས་བརྙན་གྱི་སྤྱན་སྔར་ཀུན་དའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་སྡེ་དཔོན་ཉིད་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་པཱ་ལ་ཤའི་མེ་ལ་བཏང་བཟུང་གི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱའོ། །ཡུལ་གྲུའི་རྗེ་བོར་འགྱུར་རོ། །གཟུགས་བརྙན་གྱི་སྤྱན་སྔར་ཀ་ར་བཱི་རའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་ཕྲག་གསུམ་བྱས་ཏེ་ཅོད་པན་གསུམ་བཅིངས་པར་འགྱུར་རོ། །གཟུགས་བརྙན་གྱི་སྤྱན་སྔར་ཉི་མ་སོ་སོ་ལ་མཆོད་པ་སྔོན་དུ་འགྲོ་བས་ཇི་ལྟར་འདོད་པའི་ཏ་ཧུན་མཚམས་ནས་བརྩམས་ཏེ་དེ་ནས་ཨརྒའི་ཤིང་གིས་མེ་རབ་ཏུ་སྤར་ནས་དྲིའི་ཏིལ་མར་གྱིས་བཏགས་པའི་ཤིང་གསེར་གྱི་ཕྱེ་མ་ཚོན་གང་ཙམ་གྱིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཟླ་བ་དྲུག་གིས་རྒྱལ་སྲིད་སོ་སོར་རྙེད་དོ། །མ་སྐྱེས་པའི་ལོངས་སྤྱོད་སྐྱེ་བར་འགྱུར་རོ། །ལོ་གསུམ་གྱིས་རྒྱལ་སྲིད་ཆེན་པོར་སོ་སོར་རྙེད་དོ། །ཆོ་ག་འདི་ཉིད་ཁོ་ནས་ལྕགས་ལས་བྱུང་བའི་ཕྱེ་མའི་སྦྱིན་སྲེག་བྱ་སྟེ་ལོ་གསུམ་གྱིས་མཚོན་ཆ་བཅིངས་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་གུར་གུམ་གྱི་སྲེག་བླུགས་དྲིའི་ཏིལ་མར་གྱི་བཏགས་པ་འབུམ་སྦྱིན་སྲེག་བྱའོ། །ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །དྲི་ཐམས་ཅད་ཀྱི་སྲེག་བླུགས་དང་། མར་གྱི་སྲེག་བླུགས་འབུམ་སྦྱིན་སྲེག་བྱའོ། །ཇི་ལྟར་འདོད་པའི་གནས་སུ་དཔོན་པོ་བྱེད་དོ། །ཡང་ན་ཇི་ལྟར་མངོན་པར་འདོད་པའི་ཡུལ་སོ་སོར་རྙེད་དོ། །པ་ལཱ་ཤའི་མེ་ཉིད་ལ་ག་བུར་གྱི་སྲེག་བླུགས་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་རྒྱལ་པོ་དགའ་བར་འགྱུར་རོ། །པ་ལཱ་ཤའི་མེ་ལ་སྦྱིན་སྲེག་ཙནྡན་གྱིས་ཡམ་ཤིང་དྲིའི་ཏིལ་མར་གྱི་བཏགས་བ་འབུམ་སྦྱིན་སྲེག་བྱའོ། །ཡུལ་ཆེན་པོའི་དཔོན་པོར་འགྱུར་རོ། །གསེར་གྱི་ངང་ཚུལ་གྱིས་སྲེག་བླུག་འབུམ་པ་ལཱ་ཤའི་མེ་ལ་སྦྱིན་སྲེག་བྱའོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ། ག་རུའི་ཡམ་ཤིང་ལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་ཐོས་པ་འཛིན་པར་འགྱུར་རོ། །པ་ལཱ་ཤའི་ཡམ་ཤིང་ལ་དྲིའི་ཏིལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་ནད་ཆེན་པོ་ཉེ་བར་ཞི་བར་འགྱུར་རོ། །ནིམྦའི་འབྲས་བུ་ལ་དྲིའི་ཏིལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱ་སྟེ་གང་འདོད་པའི་བཅིངས་པ་དེ་གྲོལ་བར་བྱེད་དོ། །རྒྱུད་མཚུངས་པའི་བའི་མར་བླངས་ཏེ་འབུམ་མངོན་པར་སྔགས་ཏེ་འཐུངས་ཤིག། མཆོག་ཏུ་ཡིད་གཞུངས་པར་འགྱུར་རོ། །རྒའི་མེ་ལ་ཨརྒའི་མེ་ཏོག་དྲིའི་ཏིལ་མར་གྱིས་བཏགས་པ་འབུམ་སྦྱིན་སྲེག་བྱའོ། །སེམས་ཅན་ཐམས་ཅད་ཀྱི་གནང་ཆེན་པོར་འགྱུར་རོ། །དེ་རྣམས་ཐམས་ཅད་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་། གཟུགས་བརྙན་གྱི་མདུན་དུ་སྦྱིན་སྲེག་བྱའོ། །མེ་ཏོག་གམ། འབྲས་བུ་ལ་ལན་བདུན་མངོན་པར་སྔགས་པ་བྱས་ན་དེ་གང་ལ་བྱིན་པ་དེ་དགའ་བར་འགྱུར་རོ། །གསོ་སྦྱོང་ཅན་གྱིས་དཀར་པོའི་བཅོ་ལྔ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ས་ལ་མ་ལྷུང་བའི་བ་འབྱུང་གིས་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་གཟུགས་བ་རྙན་གྱི་སྤྱན་སྔར་ཨུ་དུམ་བཱ་རའི་ཤིང་གིས་མེ་སྦར་ནས་ཟླ་བ་གཅིག་གི་དུས་གཅིག་ལ་ཙཱ་རུ་བཟའ་ཞིང་ཚངས་པའི་ཡམ་ཤིང་གིས་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །ཡིད་གཞུངས་པར་འགྱུར་རོ། །བྲམ་ཟེ་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་མདུན་དུ་ཟླ་བ་གཅིག་ཏུ་འོ་མའི་སྦྱིན་སྲེག་བྱའོ། །དབང་དུ་འགྱུར་རོ། །རྒྱལ་རིགས་དབང་དུ་བྱེད་པ་ལ་གཟུགས་བརྙན་གྱི་སྤྱན་སྔར་ཙཱ་རུའི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། །རྗེ་རིགས་དབང་དུ་བྱེད་པ་ལ་ནས་དང་། ཞོ་བསྲེས་པའི་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དབང་དུ་འགྱུར་རོ། །དམངས་རིགས་དབང་དུ་བྱེད་པ་ལ་ནས་ལ་དྲིའི་ཏིལ་མར་གྱིས་བཏགས་པའི་སྦྱིན་སྲེག་བྱ་སྟེ་སྔར་བཞིན་དུ་འགྱུར་རོ། །གཞན་རྣམས་ལ་གཞན་གྱིས་མི་ཐུབ་པ་ལ་དུག་གིས་བཏགས་པའི་སྦྱིན་སྲེག་བྱ་སྟེ་དབང་དུ་འགྱུར་རོ། །དགྲ་ལ་བལྟས་ནས་བཟླས་པས་འཇིགས་པར་འགྱུར་རོ། །བརྒྱད་བརྒྱར་མངོན་པར་སྔགས་པའི་ཆུས་རིག་པ་ལན་གཅིག་མངོན་པར་སྔགས་པས་སམ། ལན་བདུན་མངོན་པར་སྔགས་པས་ཀྱང་རུང་སྟེ་རྒྱལ་པོའི་ཕོ་བྲང་དུ་ངག་འཛིན་པར་འགྱུར་རོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་གཟུགས་བརྙན་གྱི་མདུན་དུ་སེང་ལྡེང་གི་མེ་ལ་གུ་གུལ་གྱི་རིལ་བུ་མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་དུས་གསུམ་དུ་སྦྱིན་སྲེག་བྱའོ། །གང་འདོད་པ་དེ་རྙེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འོ་མ་དང་། ནས་ཟན་བཟའ་ཞིང་འབུམ་ཟློས་ཤིག་།དེ་ནས་བུ་རམ་གྱི་ཡམ་ཤིང་སོར་གཅིག་པའི་ཚད་འབུམ་སྦྱིན་སྲེག་བྱའོ། །ཅོད་པན་གསུམ་བཅིངས་པར་འགྱུར་རོ། །རིལ་བུ་སྒྲུབ་པར་བྱེད་པར་འདོད་པས། དོང་ཀའི་མེ་ཏོག་གི་གེ་སར་དང་། ནཱ་ག་གེ་སར་དང་། ཙནྡན་དཀར་པོ་རྣམས་གཅིག་ཏུ་བྱས་ནས་རྒྱ་ཤུག་གི་ཚིག་གུའི་ཚད་ཀྱི་རིལ་བུ་བྱ་སྟེ་མི་མཉམ་པའི་ལྕགས་གསུམ་གྱིས་དཀྲིའོ། །དང་པོར་ཟངས་ཀྱིས་སོ། །དེ་ནས་དངུལ་གྱིས་སོ། །དེ་ནས་གསེར་གྱིས་སོ། །དེ་ནས་རིལ་བུ་ཟ་མ་ཏོག་དུ་བཅུག་སྟེ་བཅོམ་ལྡན་འདས་མའི་སྤྱན་སྔར་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཉིན་མཚན་དུ་སྨྱུང་བར་གནས་པས་ཟླ་བ་གཟས་བཟུང་བ་ན་མཆོད་པ་དང་། གཏོར་མའི་ཆོ་ག་བྱས་ནས་མདུན་དུ་བཞག་སྟེ་ཇི་སྲིད་ཁ་ཊ་ཁ་ཊ་ཞེས་སྒྲ་སྒྲོགས་པ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་ནས་གཅིག་ལུང་སྟོན་པའི་ལྷ་ལ་དབུལ་བར་བྱའོ། །གཞན་རྣམས་གཡོག་པོ་རྣམས་ལ་སྦྱིན་པར་བྱའོ། །བླ་མའི་བླ་མར་གྱུར་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །དེ་ནས་དེ་རྣམས་རིན་གྱིས་ཉོ་བར་བྱའོ། །གང་གང་གི་ཚེ་བདག་ཉིད་ཀྱི་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །མཆོག་སྒྲོགས་པར་བལྟ་བར་བྱའོ། །ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ། །གཟུགས་བརྙན་གྱི་མདུན་དུ་ཀ་དམ་པའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་གང་བསམས་པ་དེ་དབང་དུ་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་སྨྱུང་བར་གནས་པས་ནཱ་ག་གེ་སར་གྱི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་གོས་ཅུང་ཟད་རྙེད་དོ། །གཟུགས་བརྙན་གྱི་མདུན་དུ་སྣ་མའི་མེ་ཏོག་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། ། སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །འདི་ཁོ་ན་ཉིད་ཀུ་མུ་ད་རྣམས་ཀྱིས་རྒྱལ་པོ་དགའ་བར་འགྱུར་རོ། །རྒྱལ་པོ་དབང་དུ་བྱེད་པ་ལ་ཐམས་ཅད་དུ་ཙནྡན་གྱི་ཕྱེ་མ་ལ་བཏགས་པས་ཟླ་བ་གཅིག་ཏུ་སྦྱིན་སྲེག་བྱ་སྟེ་རྒྱལ་པོ་དབང་དུ་འགྱུར་རོ། །བྲམ་ཟེ་དབང་དུ་བྱེད་པ་ལ་ཀུ་རུཎྜ་ཀིའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །རྗེ་རིགས་དབང་དུ་བྱེད་པ་ལ་སོ་སོ་གནྡྷི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དམངས་རིགས་དབང་དུ་བྱེད་པ་ལ་ཀིཾ་ཀར་ཊའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །བུ་མོ་དབང་དུ་བྱེད་པ་ལ་ཡུ་ཐི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ་ཞེས་པ་འདི་རྣམས་གཟུགས་བརྙན་གྱི་མདུན་དུ་བེ་ཀངྐ་ཏའི་ཡམ་ཤིང་གི་མེ་ལ་སྦྱིན་སྲེག་བྱའོ། །ཡུགས་ས་མོ་ལ་བེ་ཀངྐ་ཏའི་ཡམ་ཤིང་མར་གྱིས་བཏགས་པའི་སྦྱིན་སྲེག་བྱའོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གཟུགས་བརྙན་གྱི་སྤྱན་སྔར་ལན་བདུན་མངོན་པར་སྔགས་པའི་གི་ཝང་གི་ཐིག་ལེ་བྱས་ནས་རྒྱལ་པོའི་ཁབ་ཏུ་འགྲོ་བར་བྱའོ། །ཐམས་ཅད་དགའ་བར་འགྱུར་རོ། །གདོང་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ནས་རྒྱལ་པོའི་ཁབས་ཏུ་འགྲོ་བར་བྱའོ། །ཐམས་ཅད་དགའ་བར་འགྱུར་རོ། །གཟུགས་བརྙན་གྱི་མདུན་དུ་སྔོན་དུ་མྱུ་གུ་རྣམས་ལ་མར་གྱིས་བཏགས་པ་པཱ་ལ་ཤའི་མེ་ལ་སྦྱིན་སྲེག་བྱའོ། །མཚན་མོ་བདུན་གྱིས་ཕ་རོལ་ཞི་བར་འགྱུར་རོ། །བདག་ཉིད་ཞི་བ་ལ་པཱ་ལ་ཤའི་མེ་ཉིད་ལ་ཐུན་གསུམ་དུ་མར་དང་ལྷན་ཅིག་པའི་འོ་མ་ལ་སྦྱིན་སྲེག་བྱའོ། །མཚན་མོ་བདུན་གྱིས་ཞི་བར་འགྱུར་རོ། །གཟུགས་བརྙན་གྱི་མདུན་དུ་ཟངས་ཀྱི་སྣོད་དུ་མར་བཞག་ན་ཉི་ཟླ་གཟས་བཟུང་བའི་དུས་སུ་གཏོར་མའི་ཆོ་ག་བྱས་ནས་བཟླས་པར་བྱའོ། ། སྣོད་གཡོ་བར་བྱེད་དོ། །མར་ཡང་གྲུབ་པར་འགྱུར་རོ། །དཔྲལ་བར་ཐིག་ལེ་བྱའོ། །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །འཐུངས་ཤིག་ཡིད་གཞུངས་པར་འགྱུར་རོ། ། ནུས་པ་བྱེད་པ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དངུལ་དང་། ཟངས་ཀྱི་སྣོད་དུ་བ་ལས་བྱུང་བའི་མར་བཞག་ནས་ཆོ་གས་འབུམ་ཟློས་ཤིག་།དེ་ནས་གཟས་ཟིན་པའི་དུས་སུ་བསྒྲུབ་པར་བྱ་སྟེ་གྲུབ་པར་འགྱུར་རོ། །འཐུངས་ན་ནུས་པ་སྐྱེ་སྟེ་མགྱོགས་པ་དང་། ལྡིང་བ་དང་། མཆོང་པ་ལ་སོགས་པ་ནུས་པར་འགྱུར་རོ། །མར་དེ་ཉིད་ཀྱིས་ལུས་ལ་མངོན་པར་བྱུགས་ནས་མེར་རབ་ཏུ་ཞུགས་ན་མི་ཚིག་གོ་།ཆུ་ལ་རབ་ཏུ་ཞུགས་ན་ཐམས་ཅད་ཆུ་ལ་རྐང་པ་མི་འབྱིང་བར་འགྱུར་རོ། །ལག་པ་ལ་མངོན་པར་བྱུག་ན་ལྕགས་ཚིག་པ་ཉམས་པར་བྱེད་དོ། །པདྨའི་རྩ་བ་ཟ་བར་བྱེད་ཅིང་གཟུགས་བརྙན་གྱི་མདུན་དུ་ལྡོང་རོས་བླངས་ནས་ལག་པ་ཁ་སྦྱར་བཞག་ནས་ཇི་སྲིད་གཟའ་ལས་གྲོལ་བ་དེ་སྲིད་དུ་བཟླས་པར་བྱའོ། །དེས་ཐིག་ལེ་བྱས་པས་སྲོག་ཆགས་ཐམས་ཅད་དགའ་བར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་མ་ཤ་གཅིག་ཁར་བཅུག་སྟེ་ཇི་སྲིད་མྱུ་གུ་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །མྱུ་གུའི་ཕྱེ་མས་དབང་དུ་བྱེད་དོ། །ཕ་རོལ་འགུགས་པ་ལ་མྱུ་གུས་རྣམ་པར་སྟང་བར་བྱེད་དོ། །ལྡོང་རོས་སྒྲུབ་པར་འདོད་པས་གཟུགས་བརྙན་གྱི་མདུན་དུ་ཨ་ཤྭཏྠའི་འདབ་མར་བཞག་ནས་འབུམ་ཡོངས་སུ་བཟླས་པར་བྱའོ། །ཉི་ཟླ་གཟས་བཟུང་བ་ན་ཆོ་གས་བསྒྲུབ་པར་བྱ། གྲུབ་པ་ལ་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ། །ཚིམ་པར་བྱེད་པར་འདོད་པས་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྤར་ནས་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་རིག་པ་དང་བཅས་པ་ཚིམ་པར་འགྱུར་རོ། །གང་གཅིག་ཏུ་མཉམ་པའི་གནས་གང་དུ་ཚངས་པའི་སྲིན་པོའམ། གཞན་སེམས་ཅན་གང་ལ་ལ་སོ་སོར་གནས་པ་དེར་སོང་ནས་འབུམ་ཟློས་ཤིག་དེས་འདི་འགྲུབ་པར་འགྱུར་རོ། །གཏེར་སྩོལ་བར་བྱེད་དོ། །འོ་མ་དང་། ནས་ཟན་བཟའ་ཞིང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་རས་རིས་བཞུགས་སུ་གསོལ་ནས་ལོ་གཅིག་བཟླས་སོ། །དེ་ནས་ནག་པོའི་བརྒྱད་པའམ། བཅུ་གཅིག་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་གཏོར་མ་དབུལ་བར་བྱའོ། །གནོད་སྦྱིན་རྣམས་ལ་གནོད་སྦྱིན་གྱི་གཏོར་མ་སྲན་ཚོད་དང་། ཀ་ཀ་མོ་ཊི་ཀ་དང་། ཞོ་དང་། ཆུར་བ་དང་། འཁུར་བ་ཅན་སོ་ཁ་བ་དྷི་ལ་སོགས་པ་ཕྱི་རོལ་དུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཕུལ་ནས་རས་རིས་ཀྱི་སྤྱན་སྔར་འོ་མ་ཅན་གྱི་ཡམ་ཤིང་གི་མེ་ལའོ་མའི་ཤིང་གི་ཡམ་ཤིང་ཁྲུ་གང་གི་ཚད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ནོར་བྱིན་ཅིག་གནོད་སྦྱིན་འོང་བར་འགྱུར་རོ། །མདུན་དུ་གནས་པ་ལ་དྲིའི་ཆུས་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་དེ་རྣམས་བདག་གིས་ཅི་བགྱི་བར་བརྗོད་པར་བྱའོ་ཞེས་སྟོན་པར་བྱེད་དོ། །གནོད་སྦྱིན་བདག་གིས་བཀའ་སྒྲུབ་པར་གྱུར་ཅིག་དེ་བཞིན་དུ་གྱུར་ཅིག་ཅེས་བྱས་ན་མི་སྣང་བར་འགྱུར་རོ། །དེ་ནས་བརྒྱ་ཕྲག་དུ་མའི་འཁོར་སོ་སོར་ལ་ལྷའི་གཞལ་དུ་མེད་པའི་བཟའ་བ་སོ་སོར་སྩོལ་བར་བྱེད་དོ། །ལྷ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་ལ་སོགས་པའི་རྒྱན་དང་། བཅུད་དང་། བཅུད་ལེན་དང་། སྨན་རྣམས་རབ་ཏུ་སྩོལ་བར་བྱེད་དོ། །ཡང་ན་གང་ཚོལ་བ་དེའོ། །གནས་གང་དུ་གནོད་སྦྱིན་མོ་རྣམས་ཀུན་ཏུ་གནས་པ་དེར་ས་ལ་མ་ལྷུང་བའི་བ་བྱུང་གིས་དཀྱིལ་འཁོར་བྱས་ནས་འབུམ་ཟློས་ཤིག་། དེ་ནས་སེང་ལྡེང་གི་སོལ་བ་དུ་བ་མེད་པ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་ཇི་སྲིད་ཐོ་རངས་ཀྱི་དུས་ལ་ཇི་ལྟར་མངོན་པར་འདོད་པའི་ལྷ་རྣམས་འོང་བར་བྱེད་པ་དེ་སྲིད་དུའོ། །ལྷན་ཅིག་མཆོག་སྩོལ་བར་བྱེད་དོ། །ཡང་ན་ལྷའི་སྨན་སྩོལ་བར་བྱེད་དོ། །ཟོས་ན་ཚེ་བསྐལ་པར་འགྱུར་རོ། །བ་ཏུ་ཤཱརྠི་དང་། དུར་བྷ་དང་། ཚེར་མ་རྣམས་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །གོས་རྙེད་དོ། །ཤུ་དག་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པར་བྱས་ནས་ཁར་བཅུག་ན་ཐ་སྙད་འདོད་པ་སྨྲ་བའི་མཆོག་ཏུ་འགྱུར་རོ། །དྲི་ཞིམ་པོའི་ཏིལ་མར་ལ་ཡོངས་སུ་བཟླས་ནས་ཁ་ལ་སྐུས་ཤིག་།རྒྱལ་པོའི་ཁབ་ཏུ་སྨྲ་བའི་མཆོག་ཏུ་འགྱུར་རོ། །མིག་སྨན་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པ་བྱས་ནས་མིག་ལ་མིག་སྨན་དུ་བྱའོ། །ཐ་སྙད་རྣམས་ལ་སྨྲ་བའི་མཆོག་ཏུ་འགྱུར་རོ། །ཉི་ཟླ་གཟས་བཟུང་བ་ན་རྣ་བའི་མིག་སྨན་ཁར་བཅུག་ནས་ཇི་སྲིད་གྲོལ་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་དེ་ལ་བསྲུང་བ་བྱས་ནས་ཡང་དག་པའི་ཆོ་གས་བཏགས་པར་བྱའོ། །སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པས་མིག་ལ་མིག་སྨན་དུ་བྱའོ། །མི་སྣང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལའོ། །རས་རིས་ཀྱི་སྤྱན་སྔར་འབུམ་སྦྱིན་སྲེག་བྱའོ། །དཔལ་མོ་མཐོང་ངོ་། །གང་མཆོག་སྩོལ་བར་བྱེད་པའི་མཆོག་རྙེད་དོ། །མི་སྨྲ་བར་སློང་མོ་ཟ་བས་འབུམ་ཟློས་ཤིག། མི་སྣང་བར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་ལག་པ་གཡོན་པ་ཁུ་ཚུར་བཅངས་ནས་འབུམ་ཟློས་ཤིག་དེ་ནས་གྲུབ་པར་འགྱུར་རོ། །ཁུ་ཚུར་བཅིངས་པས་མི་སྣང་བར་འགྱུར་ཏེ་བཀྲོལ་བས་སྣང་བར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། ཆུ་ཀླུང་གི་འགྲམ་དུ་རས་རིས་བཞུགས་སུ་གསོལ་ནས་པདྨ་འབུམ་གྱིས་སྦྱིན་སྲེག་བྱ་སྟེ་དཔལ་མོ་མཐོང་ངོ་། །མཱ་ཥས་དེ་བཞིན་དུ་མཆོག་སྩོལ་པར་བྱེད་དོ། །ཆོ་ག་འདི་ཉིད་ཀྱིས་ཨུཏྤ་ལ་སྔོན་པོས་འབུམ་སྦྱིན་སྲེག་བྱ་སྟེ་གཏེར་མཐོང་ངོ་། །གུ་གུལ་གྱི་རིལ་བུས་འབུམ་སྦྱིན་སྲེག་བྱ་སྟེ་དོང་ཙེ་འབུམ་རྙེད་དོ། །དྲི་ཞིམ་པོའི་མེ་ཏོག་འབུམ་སྦྱིན་སྲེག་བྱ་སྟེ་གོས་བྱེ་བ་རྙེད་དོ། །གུ་གུལ་གྱིས་བདུག་པ་བརྒྱད་བརྒྱས་ཡིད་ལ་མངོན་པར་འདོད་པ་རྙེད་དོ། །རས་རིས་ཀྱི་སྤྱན་སྔར་ཉི་མ་སོ་སོར་ཡུངས་ཀར་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་ཉི་མ་གསུམ་ལ་དོང་ཙེ་ཉི་ཤུ་རྩ་ལྔ་རྙེད་དོ། །ཆོ་ག་འདི་ཉིད་ཀྱིས་མཚན་མོ་བདུན་དུ་སྦྱིན་སྲེག་བྱའོ། །དོང་ཙེ་ཡང་དག་པར་རྙེད་དོ། །ལན་ཚྭ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱའོ། །འདོད་པའི་སྐྱེས་བུ་དང་། བུད་མེད་དེ་དབང་དུ་འགྱུར་རོ། །བཞི་གས་ཀྱང་གོས་སོ། །ཡུངས་ཀར་ལ་མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཉི་མ་གསུམ་གྱིས་བགེགས་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །ཆུར་རྐང་པ་གཅིག་བཅུག་ནས་དེ་བཞིན་དུ་ཐང་ལ་སྟེ་ཇི་སྲིད་དུ་ཆུར་གནས་པའི་རྐང་པ་ཡང་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །སྡིག་པ་ལས་གྲོལ་བར་འགྱུར་རོ། །རྒའི་ཤིང་གིས་མེ་རབ་ཏུ་སྦར་ནས་སྐེ་ཚེ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་ཉི་མ་བདུན་གྱིས་ལས་ཀྱི་སྒྲིབ་པ་ཟད་པར་བྱེད་དོ། །ཚངས་མ་དང་། སླེ་ཏྲེས་དང་། ཤུ་དག་དང་། པི་པི་ལིང་གི་ཕྱེ་མ་ཆ་མཉམ་པར་བྱས་ནས་སྦྲང་རྩི་དང་ལྷན་ཅིག་པས་འཕགས་པ་འཇམ་དཔལ་གྱི་སྤྱན་སྔར་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་པར་བྱས་ཏེ་ཉི་མ་བདུན་ལ་དེ་བཞིན་དུ་ཡིད་གཞུངས་པར་འགྱུར་རོ། །ཟླ་བ་གཉིས་ཀྱིས་སྦྱོར་བས་ཐོས་པ་འཛིན་པར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་རམ། གཟུགས་བརྙན་གྱི་སྤྱན་སྔར་སྟོང་ཕྲག་བརྒྱད་བྱས་ནས་ཕྱིས་ཀློག་པར་བྱེད་དོ། །དེ་བཞིན་དུ་ཉི་མ་སོ་སོ་ལ་མི་སྨྲ་བར་བཟླས་པར་བྱའོ། །ཡིད་གཞུངས་པར་འགྱུར་རོ། །བཅིངས་པའམ། འགགས་པར་ཡང་རུང་སྟེ་བཟླས་པ་ཙམ་ཉིད་ཀྱིས་གྲོལ་ལོ། །ཆོམ་རྐུན་ལ་ལྟས་ནས་བཟླས་པས་ཆོམ་རྐུན་གྱིས་མི་ཚུགས་སོ། །ཏིལ་མར་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པར་བྱས་ནས་མགོ་ལ་སྐུས་ཤིག་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་མེ་ཏོག་གཅལ་དུ་བཀྲམ་སྟེ་ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་སྔགས་པར་བྱས་ནས་བཏུང་བར་བྱའོ། །ཉི་མ་བདུན་གྱིས་ཡིད་གཞུངས་པར་འགྱུར་རོ། །སྔོན་གྱི་ཚིག་བླ་དྭགས་ཉམས་པར་བྱེད་དོ། །ཚངས་མའི་ཁུ་བ་ཞོ་གང་དང་། འོ་མ་ཞོ་གང་དང་། སྦྲང་རྩི་ཞོ་གང་ལ་བརྒྱད་བརྒྱར་ཡོངས་སུ་བཟླས་ནས་ཉི་མ་རེ་རེ་བཏུང་བར་བྱ་སྟེ་ཇི་སྲིད་མཚན་མོ་ཉི་ཤུ་རྩ་གཅིག་གི་བར་དུའོ། །ཡིད་གཞུངས་པར་འགྱུར་ཞིང་ལྔ་བརྒྱ་འཛིན་པར་བྱེད་པ་དང་། འཆང་བ་བྱེད་ཅིང་སྲུང་ངོ་། ། ཆུ་ལ་ལན་བདུན་བཟླས་ནས་མགོ་བོར་བླུགས་པས་དཀྱིལ་འཁོར་བཅིང་བའོ། །སེང་ལྡེང་གི་ཕུར་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་དང་། གུ་གུལ་གྱི་བདུག་པས་སྟོན་པར་བྱེད་དོ། །དུག་གསོ་བ་ལ་ཆུ་གྲིས་སོ། །ལན་བདུན་བཟླས་པའི་ཡལ་འདབ་ཀྱིས་གདོན་འཇོམས་པར་བྱེད་དོ། །མེ་ཏོག་དཀར་པོའམ། གུ་གུལ་གྱི་བདུག་པས་གདོན་གྱིས་ཟིན་པ་རྣམས་ལའོ། །ཁྲུས་སམ། སྲད་བུས་བདག་ཉིད་འཆིང་བའོ། །ཡུངས་ཀར་དཀར་པོ་དང་། ཏིལ་འདྲེས་པ་ལ་མར་གྱིས་བཏགས་པའི་སྦྱིན་སྲེག་མཚན་མོ་བྱ་སྟེ་མཆོག་སྦྱིན་པར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཟླ་བ་ཉ་བ་ལ་དད་པས་དཀྱིལ་འཁོར་ཉེ་བར་བྱུགས་ཏ་བུམ་པ་གང་བ་བརྒྱད་དང་། ཕྲེང་བ་བརྒྱད་དང་། ཨ་ག་རུ་དང་། ཏུ་རུཥྐ་དང་། ཙནྡན་དང་། ཀུན་ཏུ་རུ་སྐའི་བདུག་པ་སྲེག་ཅིང་བཟླས་པར་བྱའོ། །ལུས་ཀྱི་དངོས་གྲུབ་རབ་ཏུ་སྩོལ་ལོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འོ་མ་དང་། ནས་ཟན་ཟ་ཞིང་ཇི་ལྟར་འབྱོར་བའི་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱ་བཟླས་པར་བྱའོ། །རྨུགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་ལ་སོགས་པའི་ལས་རྣམས་ནུས་པར་འགྱུར་རོ། །ཕྱེ་ཟ་ཞིང་ཆུ་ཀླུང་གི་ཆུར་ཞུགས་ནས་འབུམ་བཟླས་པར་བྱའོ། །དབང་དུ་བྱེད་པ་དང་། མི་སྣང་བ་དང་། ལྡོང་རོས་ལ་སོགས་པས་སྒྲུབ་པ་རྣམས་ནུས་པར་འགྱུར་རོ། །ཀླུའི་གནས་སུ་ཀརྦཱ་བའི་བཏུས་པའི་སྦྱིན་སྲེག་བྱའོ། །ཀླུ་རྣམས་དབང་དུ་འགྱུར་རོ། །གང་ཚོལ་བ་དེ་རྙེད་དོ། །ལག་པ་གཡས་པའི་སོར་མོ་ལ་སྲུང་བ་མངོན་པར་སྔགས་པ་བྱས་ནས་རྒྱལ་པོའི་མཐར་ཟློས་ཤིག་། དབང་དུ་འགྱུར་རོ། །ཆོ་ག་འདི་ཉིད་ཁོ་ནས་རྒྱལ་པོ་དང་། མ་ཧེ་དང་། སྟག་དང་། གཟིག་ལ་སོགས་པ་འཇིགས་པར་བྱེད་དོ། །ཏིལ་གྱི་སྦྱིན་བསྲེག་གིས་རོ་ལྡན་མ་དབང་དུ་བྱེད་དོ། །ཤ་འཚོང་བས་བདག་ཉིད་སྲུང་བ་དང་། གཞན་སྲུང་བའོ། །ལན་བདུན་མངོན་པར་སྔགས་པས་གཙུག་ཏོར་བཅིང་བའོ། །གཡུལ་དང་། རྒྱལ་པོའི་ཕོ་བྲང་དུ་རྩོད་པ་ལ་བཟླས་པས་རྒྱལ་བར་འགྱུར་རོ། །ཆུས་མངོན་པར་དབང་བསྐུར་བར་བྱེད་པར་འདོད་པས་རྩ་བ་དང་། ནག་པོ་ལ་སོགས་པ་མེད་པའི་བུམ་པ་བཞི་ཡལ་འདབ་ཀྱིས་ཁ་བརྒྱན་ཏེ་འབབ་ཆུ་དང་། དྲི་དང་། ས་བོན་ཐམས་ཅད་བཅུག་ནས་སྟོང་ཕྲག་བརྒྱད་མངོན་པར་སྔགས་པ་བྱས་ཏེ་ཆུ་དེས་བདག་ཉིད་ལ་མངོན་པར་དབང་བསྐུར་ན་བདག་བགེགས་དང་། ལོག་པར་འདྲེན་པ་ཐམས་ཅད་ལས་གྲོལ་ལོ། །སྐོམ་པ་དང་། རིམས་ལས་དྲིའི་ཆུ་ལ་བརྒྱད་བརྒྱར་མངོན་པར་སྔགས་པ་བྱས་ནས་མངོན་པར་གཏོར་བར་བྱ་སྟེ་རང་གནས་སུ་འགྱུར་རོ། །རོ་ལངས་ལ་སེང་ལྡེང་གི་ཕུར་བུས་བྱིས་པའི་སྦྱོར་བས་རབ་ཏུ་འབད་པ་འཁྲུལ་འཁོར་ལེགས་པར་བྱས་ནས་ཕྱོགས་བཞིར་སྐྱེས་བུ་ལག་ན་རལ་གྲི་ཐོགས་པ་བཞི་བཞག་སྟེ་སྙིང་གར་ཉེ་བར་འདུག་སྟེ་ལྕགས་ལས་བྱས་པའི་བླུགས་གཟར་གྱིས་ལྕགས་ཀྱི་ཕྱེ་མའི་སྦྱིན་སྲེག་བྱའོ། །འདིའི་ཁ་ནས་ལྕེ་ངེས་པར་འབྱུང་སྟེ་རལ་གྲི་རྣོན་པོས་བཅད་ནས་ཨུཏྤ་ལ་སྔོན་པོ་དང་མཚུངས་པའི་རལ་གྲིར་འགྱུར་རོ། །དེ་བླངས་པས་འཁོར་དང་བཅས་པ་སྐྱེ་བར་འགྱུར་ཏེ་རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །ལོ་བྱེ་བ་ཕྲག་བཅུ་གཅིག་ཏུ་འཚོ་བར་བྱེད་དོ། །དུས་ལ་བབ་པ་དང་ལྷ་རྣམས་སུ་ཉེ་བར་སྐྱེ་བར་འགྱུར་རོ། །ལྕགས་ལས་བྱུང་བའི་དཔྲལ་རིས་པུབ་པ་མཚན་ཉིད་དང་ལྡན་པ་བྱས་ནས་རས་རིས་ཀྱི་སྤྱན་སྔར་འབུམ་བཟླས་པར་བྱའོ། །མཚན་མོ་བདུན་དུ་ལྷག་པར་གནས་པར་བྱས་ནས་སྟོང་ཕྲག་རྫོགས་པའི་སྲེག་བླུགས་བྱ་སྟེ་དེ་ནས་ནག་པོའི་བཅུ་བཞི་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་གཏོར་མའི་ཆོ་ག་བྱས་ནས་བསྲུང་བ་དང་། མཚམས་དང་། དཀྱིལ་འཁོར་བཅིང་བ་ལ་སོགས་པ་བྱས་ཏེ་འཕགས་པའི་དགེ་འདུན་ལ་ཇི་ལྟར་ནུས་པའི་སྟོན་མོ་བྱས་ནས་ཞབས་གཉིས་ལ་ཕྱག་བྱས་ཏེ་འཕགས་པའི་དགེ་འདུན་ལ་རྗེས་སུ་གནང་བ་ཞུ་བར་བྱའོ། །རས་རིས་ཀྱི་སྤྱན་སྔར་ཡུངས་ཀར་གྱི་ཕུང་པོ་བྱས་ནས་དེ་ལ་གོང་ནས་གོང་དུ་བཟླས་པ་དབུལ་བར་བྱའོ། །གདོན་འཇུག་པ་ཐམས་ཅད་ལ་གུ་གུལ་གྱི་བདུག་པས་སོ། །དུས་མ་ཡིན་པའི་འཆི་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །རླུང་དང་། སྤྲིན་ཐམས་ཅད་གནོན་པ་ལ་བཟླས་པས་སོ། །ཡུངས་ཀར་ལ་བཟླས་ནས་དེ་མནན་པས་ནམ་མཁར་གཏོར་བར་བྱ་སྟེ་ཆུ་རེངས་སོ། །སེང་ལྡེང་གི་ཕུར་བུ་ལ་ལན་བདུན་བཟླས་པས་ས་ལ་བརྐོ་བར་བྱའོ། །དགྲ་འམ། མཚོན་ཆ་ཐམས་ཅད་གནོན་པར་འགྱུར་རོ། །འཐབ་པ་དང་། རྩོད་པ་དང་། འགྱེད་པ་རྣམས་ཐམས་ཅད་ལ་ཚོན་སྣ་ལྔ་པའི་སྲད་བུ་ལ་བརྒྱད་བརྒྱར་མངོན་པར་སྔགས་པར་བྱས་ནས་གསང་གནས་སུ་གདགས་པར་བྱ་སྟེ་འཁྲུགས་བ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་རྣམས་རྣམ་པར་གནོན་པར་འགྱུར་རོ། །དུག་ཐམས་ཅད་དང་། སྔགས་རྣམས་ལ་ཆུ་ལ་ལན་བདུན་བཟླས་པ་སྦྱིན་སྲེག་བྱ་སྟེ་དུག་མེད་པར་འགྱུར་རོ། །ནོར་འདོད་པ་གཙང་མས་གོས་གཙང་མ་བགོས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་ཀུན་ཏུ་རུའི་བདུག་སྤོས་དབུལ་བར་བྱའོ། །རྨི་ལམ་དུ་དགེ་བ་དང་། མི་དགེ་བ་སྟོན་པར་བྱེད་དོ། །སྟོང་ཕྲག་བདུན་བཟླས་པས་དངུལ་སྦྱིན་པར་བྱེད་དོ། །ཐམས་ཅད་དབྱེ་བ་ལ་ཐལ་བས་སོ། །ལོངས་སྤྱོད་དོན་དུ་གཉེར་བས་ཆུ་ཀླུང་འདུས་བའམ། ལྟེང་ཀར་གཙང་མའི་ཕྱོགས་སུ་རས་རིས་བཞུགས་སུ་གསོལ་ནས་བཟླས་པ་དང་། སྦྱིན་སྲེག་བརྩམ་པར་བྱའོ། །པདྨ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་འབུམ་བྱའོ། །ཡང་ན་འབུམ་ཕྲག་གཉིས་སོ། །དེ་ནས་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །སྦྱིན་སྲེག་འབུམ་ཕྲག་གསུམ་གྱིས་མི་སྣང་བར་འགྱུར་རོ། །སྦྱིན་སྲེག་འབུམ་ཕྲག་གསུམ་གྱིས་རྒྱལ་སྲིད་སོ་སོར་རྙེད་དོ། །སྦྱིན་སྲེག་འབུམ་ཕྲག་ཉི་ཤུ་རྩ་གཅིག་གིས་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །གང་བླངས་པ་དེ་རྙེད་དོ། །ནམ་མཁའ་ལ་འགྲོ་བ་དང་། མི་སྣང་བ་དང་། ཕུར་བུ་རབ་ཏུ་འཇུག་པ་ལ་སོགས་པ་བྱེད་དོ། །དུར་བྷ་ལ་མར་གྱིས་བཏགས་པ་འབུམ་བསྲེག་པར་བྱའོ། །ཉི་མ་བདུན་གྱིས་རྒྱས་པར་འགྱུར་རོ། །ཞོ་དང་། སྦྲང་རྩི་མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱའོ། །མཚན་མོ་ཉི་ཤུ་རྩ་གཅིག་གིས་རྒྱས་པར་འགྱུར་རོ། །དོང་ཙེ་སྟོང་རྙེད་དོ། །བུ་རམ་ལ་རབ་ཏུ་བཞག་པར་བྱ་སྟེ་དགྲ་ཐམས་ཅད་རེངས་པར་འགྱུར་རོ། །བ་བྱུང་གི་དཀྱིལ་འཁོར་བྱས་ནས་སྲང་བུ་གསང་བའི་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ་གུ་གུལ་གྱི་བདུག་པ་ཕུལ་ནས་སྔགས་བཟླས་པར་བྱའོ། །གལ་ཏེ་འཚོ་ན་སྲད་བུ་གར་བྱེད་དོ། །མི་འཚོ་ན་གར་མི་བྱེད་དོ། །བ་བྱུང་གི་དཀྱིལ་འཁོར་ཁྲུ་བཞི་པ་བྱས་ནས་མེ་ཏོག་དང་། བདུག་པ་ཕུལ་ཏེ་དེར་གནས་པས་བཟླས་པ་བྱའོ། །དགྲ་རྣམས་ལ་ལན་བདུན་ཡོངས་སུ་བཟླས་ནས་སའི་གནས་སུ་གདབ་བོ། །བྱད་སྟེམས་ཐམས་ཅད་མེད་པར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་ལ་དབྱུག་པ་ལ་ཡོངས་སུ་བཟླས་ནས་དེར་འཕངས་པར་བྱ་སྟེ་གནོད་པ་མེད་པར་འགྱུར་རོ། །བརྗེད་བྱེད་འཇུག་པ་ལ་ཨ་པ་མརྒའི་ཡམ་ཤིང་གིས་མེ་སྤར་ནས་ཏིལ་ནག་པོ་དང་། ཀ་ར་བཱི་རའི་མེ་ཏོག་དཀར་པོ་བསྲེག་པའི་སྦྱིན་སྲེག་བྱའོ། །བརྗེད་བྱེད་ཀྱི་གདོན་ཉམས་པར་བྱེད་དོ། །གདོན་ཐམས་ཅད་ལ་སྲད་བུ་ནག་པོ་བཅིང་བར་བྱའོ། །ཡེ་འབྲོག་མ་དང་། འབྲས་དང་། ཕོལ་མིག་དང་། བཙོག་ཤུ་དང་། ཁྱི་རྡོ་གཅོད་པ་ལས་དཀར་པོ་སྟེ་སེམས་ཅན་ཐམས་ཅད་ལ་གནོད་པ་མེད་པར་འགྱུར་རོ། །ཉི་ཟླ་གཟས་བཟུང་བ་ན་སྨྱུང་བར་གནས་པ་བྱས་ནས་ཏིལ་མར་ལ་ཡོངས་སུ་བཟླས་ཏེ་ཏིལ་མར་གྱིས་གདོང་ལ་བསྐུས་ནས་དགྲའི་ཁྱིམ་དུ་འཇུག་པར་བྱ་སྟེ་བྱམས་པའི་སེམས་སུ་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་སོ་སོར་འབྲང་བ་བརྒྱད་བརྒྱར་མངོན་པར་སྔགས་པར་བྱས་ནས་ལག་པ་ལ་བཅིངས་པས་གཡུལ་དུ་འཇུག་པར་བྱ་སྟེ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །དུས་ཉིད་དུ་ལངས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དཀྱིལ་འཁོར་བྱས་ནས་ཆུ་ཁྱོར་བ་གསུམ་པོ་རེ་རེ་ལ་ལན་བདུན་ཡོངས་སུ་བཟླས་ནས་བཏུང་བར་བྱའོ། །ཡིད་ཀྱིས་བརྗོད་པས་གཙོ་བོར་བྱ་སྟེ་ཇི་སྲིད་དུ་ཚོས་ཀྱི་བར་དུའོ། །དེ་ནས་ཟས་ཁམ་དང་པོ་ལ་ལན་གསུམ་ཡོངས་སུ་བཟླས་ནས་དུས་མ་ཡིན་པར་བརྒྱད་བརྒྱར་བཟླས་པ་བྱས་ནས་དེ་གཞག་པར་བྱའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ངག་ཀྱང་ཡོངས་སུ་དག་པར་འགྱུར་ཏེ་ཉི་མ་རེ་རེ་ལ་ཤོ་ལོ་ཀ་བརྒྱ་འཛིན་པར་བྱེད་དོ། །དེ་བཞིན་དུ་ཉིན་མོ་བདུན་དུ་ཆུ་ལ་ལན་བདུན་བཟླས་པས་སོ། །ལྡོང་རོས་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་པར་བྱས་ནས་རས་རིས་ཀྱི་སྤྱན་སྔར་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །གཟུགས་བརྙན་གྱི་སྤྱན་སྔར་ཨ་བ་མརྒའི་ཡམ་ཤིང་སྟོང་ཕྲག་བརྒྱད་ཀྱིས་སྦྱིན་སྲེག་བྱའོ། །རྒྱལ་པོ་རྒྱལ་པོའི་བློན་པོ་དང་བཅས་པ་དབང་དུ་འགྱུར་རོ། །འོ་མ་འཐུང་བ་འམ། ལོ་མ་ཟ་བ་གསོ་སྦྱོང་ཅན་གྱིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་འབུམ་ཕྲག་གསུམ་ཟློས་ཤིག་། དེ་ནས་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་ཏིལ་ནག་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ།། ཀཪྴ་པཎ་སྟོང་རྙེད་དོ། །གཟུགས་བརྙན་གྱི་སྤྱན་སྔར་གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།གང་འདོད་པའི་སྐྱེས་པ་དང་། བུད་མེད་དབང་དུ་འགྱུར་རོ། །གུ་གུལ་གྱི་རིལ་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱོས་ཤིག་།སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཡང་ན་རྒྱལ་པོའི་ཕོ་བྲང་དུ་ངག་འཛིན་པར་འགྱུར་རོ། །ཤུ་དག་ཁར་བཅུག་སྟེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བཞིན་པ་ལ་དབང་དུ་བྱེད་དོ། །དུ་བ་འཐུལ་བཞིན་པ་ལ་མི་སྣང་བར་འགྱུར་རོ། །འབར་བས་ནམ་མཁའ་ལ་འགྲོ་བར་བྱེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་ནག་པོའི་བརྒྱད་པ་ནས་བརྩམས་ཏེ་པདྨ་འབུམ་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་འགྱུར་རོ། །ཙནྡན་དམར་པོ་ལས་བྱུང་བའི་སོར་བཅུ་དྲུག་པ་ལ་གཟོ་བོ་གསོ་སྦྱོང་ཅན་གྱིས་ཤིང་གི་དབྱུག་པ་བྱེད་དུ་གཞུག་གོ་།དེ་ནས་རས་རིས་ཀྱི་སྤྱན་སྔར་ཉིན་མཚན་སྨྱུང་བར་གནས་པས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཤིང་གི་དབྱུག་པ་ལག་པ་གཡས་པས་བླངས་ཏེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པའོ། །དྲོ་བཞིན་པ་ལ་སྨྲ་བར་བྱ་བ་འདོད་པ་ཐམས་ཅད་མྱུར་དུ་སྨྲ་བར་འགྱུར་རོ། །དུ་བ་འཐུལ་བས་མི་སྣང་བར་འགྱུར་རོ། །འབར་བས་ནམ་མཁའ་ལ་འགྲོའོ། །རས་རིས་ལ་གོས་དཀར་པོས་ཀུན་ནས་གཡོགས་པར་བྱས་ནས་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །འཁོར་སྟོང་དང་བཅས་པ་འཕུར་བར་བྱེད་དོ། །རས་རིས་ཀྱི་སྤྱན་སྔར་འོ་མ་དང་། ནས་ཟན་ཟ་ཞིང་མི་སྨྲ་བར་ཀུ་ཤ་བཏིང་བའི་མལ་སྟན་ལ་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད་ཟླ་བ་ཉའི་བར་དུ་འབུམ་ཕྲག་བཅུ་དྲུག་བཟླས་པར་བྱའོ། །ུ་དུམ་བཱ་རའི་ཡམ་ཤིང་གིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་སྟེ་ནད་ཐམས་ཅད་སེལ་བར་བྱེད་དོ། །དེ་ལ་ལྕགས་ལས་བྱུང་བའི་པདྨ་སོར་དྲུག་པའམ། བརྒྱད་པ་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ནས་དུས་གསུམ་དུ་ཡོངས་སུ་བཟླས་པར་བྱའོ། །འབུམ་པ་ཧྲག་ལྔ་བཟླས་པར་བྱ་སྟེ་ཕྱིས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་པདྨ་བཞག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བླངས་པ་ཙམ་གྱིས་འཁོར་དང་བཅས་པ་སྐྲ་ལི་ཞིང་འཁྱིལ་བར་འགྱུར་རོ། །ཡིད་ཀྱིས་བྱེ་བ་ཟློས་ཤིག། གྲུབ་པར་འགྱུར་རོ། །གང་ཅུང་ཟད་བསམས་པ་མ་ཚང་བ་མེད་པར་ཕུན་སུམ་ཚོགས་སོ། །ཕྱོགས་གང་དུ་འགྲོ་བ་དེར་བོང་བ་ལ་ལན་བདུན་བཟླས་པ་བྱས་ནས་འཕང་བར་བྱ་སྟེ་གདུག་པ་ཐམས་ཅད་གནོན་པར་འགྱུར་རོ། །གོས་ལ་མངོན་པར་སྔགས་ནས་བགོ་བར་བྱ་སྟེ་བྱ་བ་རྩོམ་པ་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །གདོང་ལ་ཀུན་ཏུ་བྱབས་ན་སྨྲ་བའི་མཆོག་ཏུ་འགྱུར་རོ། ། དུག་རབ་ཏུ་ཉམས་པ་ལྡང་དུ་འཇུག་པར་བྱེད་དོ། །འབྱུང་པོའི་གདོན་གྲོལ་བར་བྱེད་དོ། །བགེགས་མཐུ་མེད་པར་བྱེད་དོ། །ཁྱིམ་དུ་རས་རིས་བཞུགས་སུ་བཅུག་ན་ཁྱིམ་གྱི་བདག་པོར་འགྱུར་རོ། །སོ་བའི་ཕུང་པོར་བཞུགས་སུ་བཅུག་ན་སོ་བ་འཕེལ་བར་འགྱུར་རོ། །དེ་བཞིན་དུ་འདབ་མར་བཞུགས་སུ་འཇུག་པར་བྱེད་ན་དེའི་དངོས་གྲུབ་དུ་འགྱུར་རོ། །དེ་བཞིན་དུ་ཡོན་ཏན་བརྗོད་པ་གཞལ་དུ་མེད་པ་སྐྱེའོ། །དེ་ནས་ཞི་བ་ཅན་བྱེད་པར་འདོད་ན་ཞོ་དང་། སྦྲང་རྩི་མར་གྱིས་བཏགས་པའི་དྲི་ཞིམ་པོའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། མཆོག་ཏུ་ཞི་བར་འགྱུར་རོ། །རྒྱས་པ་ཅན་ལ་ཏིལ་དང་། འབྲས་ཐུག་པོ་ཆེ་དང་། མོན་སྲན་སྡེའུ་དང་། མོན་སྲན་གྲེའུ་ལ་སོགས་པ་རྣམས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། མཆོག་ཏུ་རྒྱས་པར་འགྱུར་རོ། །རས་རིས་ཀྱིས་སམ། རས་རིས་མེད་པས་ཀྱང་རུང་སྟེ་གསོ་སྦྱོང་ཅན་གྱིས་སྐྱབས་གསུམ་ཡོངས་སུ་བཟུང་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །སྟོང་ཕྲག་བཅུ་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་ཟླ་བ་གཟས་བཟུང་བ་ན་འདོད་པ་ཅན་ཐམས་ཅད་ལ་གཏོར་མ་བྱིན་ནས་ཉིན་མཚན་དུ་སྨྱུང་བར་གནས་ཏེ་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་ལས་ཐམས་ཅད་ནུས་པར་འགྱུར་རོ། །ཁྱད་པར་ཐམས་ཅད་རང་གིས་ལེན་པར་བྱེད་དོ། །ཀུན་ནས་བྱབས་པ་ཙམ་གྱིས་འཚོ་བར་བྱེད་དུ་འཇུག་གོ་།ཆུ་ལ་ལན་བདུན་བཟླས་པས་སྔགས་པར་གྱིས་ཤིག་ཀུན་ཏུ་མྱུར་བར་འཐུངས་ན་རང་གི་གནས་སུ་འགྱུར་རོ། །གདོན་དང་། སྲོག་ཆགས་ལ་ཡུངས་ཀར་གྱི་སྦྱིན་སྲེག་སྟོང་གིས་ལྷ་མ་ཡིན་གྱི་ཕུག་གི་སྒོར་དེ་ལྟར་རབ་ཏུ་བཞག་ནས་ངེས་པར་གནས་པས་འབུམ་བཟླ་བར་བྱའོ། །ལྷ་མ་ཡིན་གྱི་བུ་མོ་ངེས་པར་སོང་ནས་རབ་ཏུ་འཇུག་པར་བྱེད་དོ། །དེར་རབ་ཏུ་གནས་པས་གང་ཚོལ་བདེ་རྙེད་དོ། །གང་དུ་འདོད་པ་དེར་ཀུན་ཏུ་གནས་སོ། །རྒྱ་མཚོའི་འགྲམ་དུ་རས་རིས་སོ་སོར་བཞུགས་ནས་རས་རིས་ལ་འབུམ་བཟླས་པས་ཀླུའི་རྒྱལ་པོ་རྒྱ་མཚོའང་རང་གིས་གནས་སུ་རྗེས་སུ་འཇུག་པར་བྱེད་དོ། །དེ་ལ་ཡིད་བཞིན་གྱི་ནོར་བུ་བཙལ་བར་བྱ་སྟེ་དེ་བླངས་ནས་འདོད་པ་ཐམས་ཅད་ལ་སྤྱོད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཞིང་དུ་སྤྱོད་པར་བྱེད་དོ། །བསྐལ་པར་གནས་ཤིང་ཐོགས་པ་མེད་པར་འགྱུར་རོ། །གཞོན་ནུ་མས་བཀལ་བའི་སྐུད་པ་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པ་བྱས་ནས་མདུད་པ་བྱེད་དོ། །བགེགས་དང་། ལོག་པར་འདྲེན་པ་ཐམས་ཅད་བཅིངས་བར་འགྱུར་རོ། །ཆུ་ཀླུང་ངམ། ཆུ་གླིང་དུ་བསོད་སྙོམས་ཟ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མི་སྣང་བར་འགྱུར་རོ། །ཙཱ་རུ་ཟ་ཞིང་ཆུ་ཀླུང་འདུས་པར་འབུམ་ཟློས་ཤིག་།མི་སྣང་བར་འགྱུར་རོ། །མི་སྣང་བ་ཐམས་ཅད་ཀྱི་མངའ་བདག་ཏུ་འགྱུར་རོ། །ཡང་དག་པར་སྡོམ་པས་ལྷུང་བཟེད་ལག་པ་གཡས་པས་བླངས་ཏེ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ལ་རས་རིས་ཀྱི་སྤྱན་སྔར་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །རིག་པ་འཛིན་པར་འགྱུར་རོ། །བསྐལ་པར་གནས་ཤིང་རིག་པ་འཛིན་པའི་ཚོགས་ཐམས་ཅད་ཀྱིས་ཕྱག་བྱས་པར་འགྱུར་རོ། །ལྷུང་བཟེད་དང་། མཁར་གསིལ་ལ་སོགས་པ་རྣམས་ལ་ཆོ་ག་འདི་ཉིད་ཀྱིས་སོ། །ཉི་ཟླ་གཟས་བཟུང་བ་ན་དགེ་སློང་གིས་བསྒྲུབ་པར་བྱ་སྟེ་ཐམས་ཅད་འདི་ཉིད་ཁོ་ནས་བྱ་སྟེ་བསྐལ་བར་གནས་ཤིང་ཚངས་པར་སྤྱོད་ཅིང་ཐོགས་པ་མད་པར་འགྲོ་བ་དང་། ཇི་ལྟར་འདོད་པ་བཞིན་དུ་སྤྱོད་དོ། །བ་ལང་གི་གཅིན་དང་། ནས་ཟན་ཟ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །ཡུལ་གྲུ་བརྒྱད་སོ་སོར་རྙེད་དོ། །པུ་སཱི་ལཱ་ཀའི་འདབ་མ་རྣམས་ཀྱིས་སྡིག་པ་དང་། སྡོམ་དང་། དུག་ཐམས་ཅད་འཇོམས་པར་བྱེད་དོ། །འབུམ་ཕྲག་གཉིས་བཟླས་པས་སྦྲུལ་གྱི་མཆེ་བའི་དུག་ཀུན་ཏུ་འཇོམས་པར་བྱེད་དོ། །སྣ་མའི་མེ་ཏོག་གི་གནས་སུ་འགྱུར་རོ། །མལླི་ཀ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། སཽ་གནྡྷ་ཏི་ཀ་ལ་སོགས་པ་རྣམས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་ཏེ་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག་རྒྱལ་པོ་དང་། རྒྱལ་པོའི་བློན་པོ་འམ། བྲམ་ཟེ་མདུན་ན་འདོན་ཡང་རུང་སྟེ་མཚན་མོ་བདུན་གྱིས་དབང་དུ་བྱེད་དོ། །རིག་པས་ཉམས་པ་ལ་གུར་གུམ་གྱིས་གྲོ་གའི་འདབ་མ་ལ་བྲིས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་བརྒྱ་བཟླས་པར་བྱའོ། །ཐོ་རངས་གང་བར་འགྱུར་རོ། །ཡུངས་ཀར་ལ་ལན་བདུན་བཟླས་པ་གྲོང་ངམ། གྲོང་ཁྱེར་དུ་ཐོར་ཅིག། དེར་སེམས་ཅན་རྣམས་ཤིང་བཞིན་དུ་གཉིད་ལོག་པར་བྱེད་དོ། །ཇི་སྲིད་ཉི་མ་འཆར་གྱི་བར་དུའོ། །བུད་མེད་དམ། སྐྱེས་པའང་རུང་སྟེ་དབང་དུ་བ་ཡེད་པར་འདོད་ན་ཕྱོགས་གང་ན་དེའི་ཁྱིམ་ཡོད་པའི་ཕྱོགས་དེར་ཁ་བལྟས་ཏེ་མཚན་མོ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ན་རྨི་ལམ་དུ་མཐོང་བ་སྦྱིན་ཞིང་ཉི་མ་བདུན་གྱིས་དབང་དུ་འགྱུར་རོ། །ཆུ་ལ་ལན་བདུན་བཟླས་པས་མཆེ་བ་ཅན་ཐམས་ཅད་ཀྱི་མཆུ་བཅིང་བར་བྱེད་དོ། གཏེར་བཅིང་པ་ལ་འང་སེང་ལྡེང་གི་ཕུར་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་གཏེར་གྱི་གནས་སུ་གྲཝ་བཞི་གདབ་བོ། །གཏེར་བཅིང་བ་བྱས་པར་འགྱུར་རོ། །ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་སྔགས་པ་བྱས་ནས་ཆུ་ལ་གཏོར་ན་གཏུམ་པོ་རྣམས་ཀྱིས་ཉ་འཇོམས་པར་མི་ནུས་སོ། །ས་ཕ་ལི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།མི་སྣང་བར་བྱེད་དོ། །རྟའི་སྦངས་ལ་ལན་བདུན་བཟླས་པས་གདུག་པ་སྦྱིན་པར་བྱེད་དོ། །སྦལ་པ་འཇོམས་སོ། །མེ་ཏོག་གམ། འབྲས་བུས་ཀྱང་རུང་སྟེ་ལན་བདུན་བཟླས་པས་སྦྲང་བུ་འཇོམས་སོ། །དབང་དུ་བྱེད་པ་ལ་རྒྱལ་པོའི་སྒོར་སོ་ཤིང་ཟ་བ་ལ་སོ་ཤིང་སྦྱིན་པ་དང་། འབྲས་བུ་སྦྱིན་པ་དང་། དྲི་སྦྱིན་པའོ། །ས་གཞི་བཅིང་བ་དང་། ཆོམ་རྐུན་བཅིང་བ་དང་། མཆེ་བ་ཅན་ཐམས་ཅད་རེངས་པ་དང་། གཏན་པ་གཅོག་པ་དང་། མེ་རེངས་པ་དང་། དུག་འདྲེན་པ་དང་། དུག་འཕོ་བ་དང་། དུག་བཅིང་བ་དང་། འབྱུང་པོ་དབང་དུ་བྱེད་པ་དང་། མཁའ་འགྲོ་མའི་གདོན་ལས་དགྲོལ་བ་དང་། རིམས་མངག་པ་དང་། བདག་ཉིད་སྲུང་བ་དང་། གཞན་སྲུང་བ་དང་། རོ་ལངས་སློང་བར་བྱེད་པ་དང་། ཕུག་ཏུ་འཇུག་པར་བྱེད་པ་དང་། མཚམས་བཅིང་བ་རྣམས་ལ་འང་བཟླས་པ་ཙམ་གྱིས་སོ། །མི་སྣང་བར་འདོད་པས་ཤིང་ཤ་ཏཱ་པ་རིའི་རྩ་བ་ལ་སྟོང་མངོན་པར་སྔགས་པ་བྱས་ནས་ལག་པས་ཆིངས་ཤིག། མི་སྣང་བར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་བཟླས་པ་བྱས་ནས་ཕྱི་ནས་མེ་ཏོག་བརྒྱད་པ་དཔའ་བོའི་རིན་གྱིས་ཉོས་པ་བླངས་ཏེ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་བྱའོ། །ཇི་སྲིད་རྩ་བའི་རིན་གྱི་ཚད་དུ་བྱས་པས་བརྒྱ་འགྱུར་གྱི་རིན་རྙེད་དོ། །དེ་ནས་ཟླ་བ་གཟས་བཟུང་བ་ན་བྱང་ཆུབ་ཤིང་གི་འོག་ཏུ་དྲི་དང་། མེ་ཏོག་དང་། བདུག་པས་མཆོད་པ་བྱས་ནས་ལྡོང་རོས་སྲང་གཅིག་བླངས་ཏེ་ཨ་ཤྭཏྠའི་འདབ་མ་བདུན་གྱི་སྟེང་དུ་བཞག་ནས་ལུས་རྣམ་པར་བཅོམ་ནས་བཞག་པར་བྱ་སྟེ་སྐད་ཅིག་དེ་ཉིད་ལ་དེ་སྐྱེ་སྟེ་རིག་པ་འཛིན་པར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །ལྷའི་རྣ་བ་དང་། ཡིད་ལྟར་མགྱོགས་པ་དང་། ཉི་མ་འཆར་ཀའི་མདོག་ཅན་རིག་པ་འཛིན་པ་ཐམས་ཅད་ཀྱིས་མང་དུ་འདོད་པར་འགྱུར་རོ། །རིག་པ་འཛིན་པ་བརྒྱ་ཕྲག་གིས་ཡོངས་སུ་བསྐོར་བར་འགྱུར་རོ། །གི་ཝང་སྒྲུབ་པར་འདོད་པས་འོ་མ་དང་། ནས་ཟན་ཟ་ཞིང་འབུམ་བཟླས་པར་བྱའོ། །ཟླ་བ་གཟས་བཟུང་བ་ན་ལོ་མ་བདུན་པའི་འདབ་མའི་སྟེང་དུ་བྱིན་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་གི་ཝང་རྣམ་པར་དོར་ནས་ཇི་སྐད་གསུངས་པའི་ཆོ་གས་བསྒྲུབ་པར་བྱའོ། །ཇི་སྲིད་འབར་བར་གྱུར་པར་རོ། །ཐིག་ལེ་བྱས་ནས་རྒྱན་གྱིས་བརྒྱན་པའི་རིག་པ་འཛིན་པ་འདོད་པའི་གཟུགས་ཅན་དུ་འགྱུར་རོ། །ལོ་སྟོང་དུ་འཚོ་བར་འགྱུར་རོ། །མིག་སྨན་ས་གྲུབ་པར་འདོད་པས་སོ་སོ་བཱི་ར་མ་ན་སྲང་གཅིག་བླངས་ནས་མེས་གདུངས་བཟང་པོར་བྱས་ནས་མིག་སྨན་གྱི་ལས་རྣམས་རྟོགས་པར་བྱ་སྟེ་ཟླ་བ་གཟས་བཟུང་བ་ན་ཆུར་རབ་ཏུ་ཞུགས་ནས་ཇི་སྲིད་གྲུལ་བུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །སྐད་ཅིག་ལ་བཅག་པ་ཙམ་གྱིས་གཟི་བརྗིད་དང་ལྡན་པའི་རིག་པ་འཛིན་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྣ་རྒྱན་དང་། ཅོད་པན་འཆང་བའི་རིག་པ་འཛིན་པ་རྣམས་ཀྱིས་མི་གནོད་པར་འགྱུར་ཞིང་འཁོར་དང་བཅས་པ་འཕུར་བར་བྱེད་དོ། །ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །པདྨ་འམ། ཨུཏྤ་ལ་འབུམ་སྦྱིན་སྲེག་བྱའོ། །གསེར་སྟོང་སོ་སོར་རྙེད་དོ། །པཱ་ལ་ཤའི་ཡམ་ཤིང་འབུམ་སྦྱིན་སྲེག་བྱའོ། །གསེར་སྟོང་རྙེད་དོ། །མཚན་མོ་གསུམ་དུ་སྨྱུང་བར་གནས་བས་འོ་མ་དང་། ནས་ཟན་ཟ་ཞིང་བསྒྲུབ་པར་བྱ་སྟེ་རྒྱལ་པོ་དབང་དུ་བྱེད་དོ། །འོ་མ་ཅན་གྱི་ཤིང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ནས་ཉི་མ་བདུན་དུ་ཡུངས་ཀར་དཀར་པོ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་ཉི་མ་བདུན་ནམ། བདུན་གཉིས་ཐུན་གསུམ་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག་།ལྷག་པར་རྟོགས་པ་དབང་དུ་འོང་ངོ་། །རྒྱལ་པོའི་བློན་པོ་དབང་དུ་བྱེད་པ་ལ་ཨརྒྷའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཉི་མ་བདུན་དུ་ཡུངས་ཀར་རྒྱལ་པོའི་སྦྱིན་སྲེག་བྱས་ནས་དབང་དུ་འགྱུར་རོ། །རིགས་བཞི་དབང་དུ་བྱེད་པ་ལ་རས་རིས་ཀྱི་སྤྱན་སྔར་ཉི་མ་བདུན་དུ་ཐུན་གསུམ་དུ་ཏིལ་ནག་པོ་དང་། ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག། སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་ཏིལ་གྱི་སྦྱིན་སྲེག་གྱིས་ཤིག་།སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །རྒའི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག། གསེར་སྲང་བརྒྱ་རྙེད་དོ། །ཤིང་པི་ནཱ་ཀའི་སྦྱིན་སྲེག་གྱིས་ཤིག། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཏམྦུ་ལའི་ཕྱེ་མ་འབུམ་སྦྱིན་སྲེག་གྱིས་ཤིག། ཅོད་པན་བཅིངས་པར་འགྱུར་རོ། །ཕྱག་གཡས་པས་མིག་ནད་སེལ་བར་བྱེད་དོ། །རིམས་ཀྱིས་བཏབ་པ་ལ་ཀུ་ཤས་ཕྱགས་པས་སོ། །གཞོན་ནུ་མས་བཀལ་བའི་སྲད་བུ་ལ་བརྒྱད་བརྒྱ་བཟླས་ཏེ་ཆིངས་ཤིག། སྐལ་བ་བཟང་པོར་འགྱུར་རོ། །རྒའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཏིལ་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག་། བཟའ་བ་མི་ཟད་པ་འབྱུང་བར་འགྱུར་རོ། །འབྲུ་ཐམས་ཅད་གནས་གཅིག་ཏུ་བྱས་ནས་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག་། འབྲུ་ཐམས་ཅད་མི་ཟད་པར་འགྱུར་རོ། །ཤིང་ཝ་ཊ་འཆིང་བ་ཅན་གྱི་སྦྱིན་སྲེག་གྱིས་ཤིག་།རྫས་ཟད་མི་ཤེས་པར་འགྱུར་རོ། །སྦྲང་རྩི་ཅན་གྱི་ཤིང་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག་། ནོར་སྐྱེ་བར་འགྱུར་རོ། །ལྡོང་རོས་དང་། བ་བླ་དང་། ཅུ་གང་གཅིག་ཏུ་བྱས་ནས་རས་རིས་ཀྱི་སྤྱན་སྔར་སྟོང་ཕྲག་བརྒྱད་མངོན་པར་སྔགས་པར་བྱ་སྟེ་བྱང་ཆུབ་ཤིང་གི་འདབ་མར་བཞག་ནས་ཟློས་ཤིག་། དེ་ནས་དེས་གི་ཝང་གྲུབ་པར་འགྱུར་རོ། །བུད་མེད་དམ། སྐྱེས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །འབྲས་ཡོས་ཀྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།ཇི་སྲིད་ཉི་མ་བདུན་གྱི་བར་དུའོ། །བགེགས་མེད་པར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་དོང་ཀའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག། རྣམ་པར་བཏགས་པའི་གོས་བྱེ་བ་བཅུ་གཉིས་རྙེད་དོ། །ཟན་དང་། ཞོ་ལྷན་ཅིག་སྦྱིན་སྲེག་གྱིས་ཤིག་།ཇི་སྲིད་འཆོའི་བར་དུ་བཟའ་བ་མ་ཚང་བ་མེད་པ་ཉིད་དུ་འགྱུར་རོ། །མར་གྱི་སྲེག་བླུགས་སྟོང་ཕྲག་སྦྱིན་སྲེག་གྱིས་ཤིག། གྲོང་རྙེད་དོ། །བྱེ་བ་བཟླས་པས་འཁོར་བརྒྱ་དང་བཅས་པའི་རིག་པ་འཛིན་པར་འགྱུར་རོ། །བུད་མེད་དམ། སྐྱེས་པ་དབང་དུ་བྱེད་པར་འདོད་པས་གུ་གུལ་གྱི་རིལ་བུ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་སྦྱིན་སྲེག་བྱ་སྟེ་མིང་སྨོས་པ་དེ་དབང་དུ་འགྱུར་རོ། །ཤུ་དག་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ཁར་བཅུག་ན་སྨྲ་བའི་མཆོག་ཏུ་འགྱུར་རོ། །ལམ་དུ་འབུམ་ཟློས་ཤིག། བཟའ་བ་དང་། བཏུང་བ་ཞིམ་པོ་གང་བླངས་པ་རྙེད་དོ། །འབུམ་སྦྱིན་སྲེག་གྱིས་ཤིག་།དཔལ་དང་ལྡན་པར་འགྱུར་རོ། །ཏིལ་དང་། འབྲས་ཐུག་པོ་ཆེ་རྣམས་མ་ཤ་དང་ལྷན་ཅིག་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག། གང་འདོད་པ་དེ་དབང་དུ་བྱེད་དོ། །སིནྡྷུ་བཱ་རའི་མེ་རབ་ཏུ་སྦར་ནས་བཙོས་པ་ཐམས་ཅད་ཀྱི་ཕུད་ཀྱི་སྦྱིན་སྲེག་གྱིས་ཤིག། ཇི་ལྟར་གྲུབ་པ་དང་། བཟའ་བ་ཟད་མི་ཤེས་པར་འགྱུར་རོ། །གང་འདོད་པའི་ཅོད་པན་བཅིངས་པ་རྙེད་དོ། །ནིམྦའི་མེ་ཏོག་འབུམ་གྱི་སྦྱིན་སྲེག་གྱིས་ཤིག་།སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མ་ཉམས་པའི་འབྲས་སཱ་ལུ་དང་། ཐུག་པོ་ཆེ་རྣམས་སྦྱིན་སྲེག་གྱིས་ཤིག་།གྲོང་རྙེད་དོ། །མྱ་ངན་མེད་པའི་ཤིང་གིས་མེ་རབ་ཏུ་སྦར་ནས་ལྷའི་སྲེག་བླུགས་འབུམ་སྦྱིན་སྲེག་གྱིས་ཤིག། བུ་མོ་གང་དོན་དུ་གཉེར་བ་དེ་སོ་སོར་རྙེད་དོ། །རས་རིས་ཀྱི་སྤྱན་སྔར་ཨ་ག་རུའི་བདུག་པ་བསྲེགས་ཏེ་འབུམ་བཟླས་སོ། །དེ་ནས་ཡུལ་དེའི་རྒྱལ་པོ་བཀའ་བསྒོ་བར་བྱེད་པར་འགྱུར་རོ། །སློང་མོ་ཟ་བ་འམ། ཙཱ་རུ་ཟ་བས་གསོ་སྦྱོང་ཅན་གྱིས་འབུམ་ཕྲག་ལྔ་བཟླས་པར་བྱ་སྟེ་སའི་རྒྱལ་སྲིད་སོ་སོར་རྙེད་དོ། །འོ་མ་དང་། ནས་ཟན་ཟ་བར་གྱུར་པས་འབུམ་ཕྲག་བརྒྱད་བཟླས་ཏེ་པདྨ་དཀར་པོ་འབུམ་དབུལ་བར་བྱའོ། །ཀུན་ནས་རྒྱལ་སྲིད་སོ་སོར་རྙེད་དོ། །དུར་བྷ་དང་བྱུ་རུ་སྟོང་ཕྲག་བརྒྱར་སྦྱིན་སྲེག་བྱས་ན་ཚེ་རིང་པོར་འགྱུར་རོ། །ཡུངས་ཀར་དཀར་པོ་སྟོང་ཕྲག་བརྒྱར་སྦྱིན་སྲེག་གྱིས་ཤིག་།ནད་ལས་གྲོལ་ལོ། །འོ་མའི་སྣོད་ཀྱིས་ཨ་མྲའི་འདབ་མ་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག་། ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །པྲི་ཡང་ཀུའི་སྙིང་པོ་ཚད་གང་ཡིན་པ་འབུམ་སྦྱིན་སྲེག་བྱེད་པ་ཚད་དེའི་དོང་ཙེ་རྙེད་དོ། །འོ་མའི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། ནད་གྲོལ་ལོ། །བཟའ་བ་དོན་དུ་གཉེར་ན་བཟའ་བའི་སྦྱིན་སྲེག་གྱིས་ཤིག། རིའི་རྩེ་མོར་འཛེགས་ཏེ་སློངས་མོ་ཟ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཨ་ཤྭ་ཏྠའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཏིལ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་མཚན་ཐོག་ཐག་ཏུ་སྦྱིན་སྲེག་གྱིས་ཤིག་། རྒྱལ་པོར་འགྱུར་རོ། །ཏིལ་དང་། མར་གྱི་སྦྱིན་སྲེག་གིས་ཐམས་ཅད་སྒྲུབ་པར་བྱེད་དོ། །སྦྲང་རྩིས་སྦྱིན་སྲེག་གྱིས་ཤིག་། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མར་གྱི་སྦྱིན་སྲེག་གྱིས་ཤིག་།གཟི་བརྗིད་དང་ལྡན་པར་འགྱུར་རོ། །འོ་མའི་སྦྱིན་སྲེག་གྱིས་ཤིག། ཞི་བར་འགྱུར་རོ། ། ཞོའི་སྦྱིན་སྲེག་གྱིས་ཤིག། རྒྱས་པར་འགྱུར་རོ། །རིའི་རྩེ་མོར་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་བཞུགས་ནས་པདྨ་སྟོང་ཕྲག་བརྒྱ་ཕུལ་ཅིག་། རྒྱལ་པོ་འམ། ཡུལ་གྱི་བདག་པོར་འགྱུར་རོ། །ལས་རྣམས་གྲུབ་པར་མ་གྱུར་ན་ཡུལ་གྲུ་བརྒྱ་རྙེད་དོ། །རྒྱལ་པོ་དབང་དུ་བྱེད་པ་དང་། ཀུན་ན་ཨས་འཇུག་པར་བྱེད་པ་ལ་ཟླ་བ་གཟས་བཟུང་བ་ན་བ་སེར་སྐྱའི་མར་ཟངས་ཀྱི་སྣོད་དུ་འཇོག་ཏུ་བཅུག་ནས་ཟངས་ཀྱི་ཐུར་མ་ལ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་གྱི་བར་དེ་སྲིད་དུ་བཟླས་པར་བྱའོ། །ཝུ་བ་འབྱུང་བཞིན་པ་ལ་ཐོས་པ་འཛིན་པར་འགྱུར་རོ། །དུ་བ་འཐུལ་བཞིན་པ་ལ་མི་སྣང་བར་འགྱུར་རོ། །འབར་བས་ནམ་མཁའ་ལ་འགྲོའོ། །སྔོན་སྤྱད་པ་བྱས་པས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་ཟླ་བ་ཉའི་བར་དུ་མེ་ཏོག་ཕུར་མ་དང་། བླ་རེ་ཡོངས་སུ་བྲེ་བ་བྱས་ནས་དྲི་ཞིམ་པོའི་དྲིས་མཐོ་གང་གི་ཚད་ཀྱི་དཀྱིལ་འཁོར་བྱས་ནས་རྣམ་པ་སྣ་ཚོགས་པའི་དྲི་དང་། མེ་ཏོག་གི་མཆོད་པ་བྱས་ནས་གཏོར་མ་དབུལ་ཞིང་མར་གྱི་མར་མེ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །དེ་ནས་ཟླ་བ་ཉ་ལ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ་ཇི་སྲིད་གང་དུ་བཻ་གྷ་སྟ་ནི་ཏ་ཞེས་པའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་མྱུར་དུ་མཚན་མ་སྐྱེ་བར་འགྱུར་ཏེ་མེ་ཏོག་གི་ཆུན་པོ་གཡོ་བ་དང་། མར་མེའི་རྩེ་མོ་འཕེལ་བ་དང་། འོད་ཟེར་འབྱུང་བ་དང་། རས་རིས་འགུལ་བ་སྟེ་འདི་རྣམས་མཐོང་ནས་གང་སྒྲུབ་པར་བྱེད་པ་དེ་འགྲུབ་ཏེ་སྡིག་པ་ཟད་པར་ཡང་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་དབང་དུ་བྱེད་པར་འདོད་པས་རས་རིས་ཀྱི་སྤྱན་སྔར་མཚན་མོ་བདུན་དུ་ཐུན་གསུམ་དུ་སེང་ལྡེང་གི་སོལ་བས་མེ་རབ་ཏུ་སྦར་ནས་ལན་ཚྭ་དང་། ཏིལ་དང་། ཡུངས་ཀར་རྣམས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།དབང་དུ་འགྱུར་རོ། །ཆུ་དང་། ཐལ་བ་དང་། ཡུངས་ཀར་གང་ཡང་རུང་བ་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པ་བྱས་ནས་ཕྱོགས་བཞིར་ཐོར་ཅིག་། དཀྱིལ་འཁོར་བཅིང་བ་བྱས་པར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་རྣམ་པ་སྣ་ཚོགས་པ་ཨའི་གཏོར་མ་ཕུལ་ནས་མཆོད་པ་རྒྱ་ཆེན་པོ་བྱ་སྟེ་པདྨ་འདབ་མའི་གི་ཝང་བཞག་ནས་སྐྱིལ་ཀྲུང་གིས་ཉེ་བར་འདུག་སྟེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲི་གཞན་པ་ལས། སེམས་ཅན་ཐམས་ཅད་དུ་བྱད་པ་དང་། ལོ་སྟོང་དུ་འཚོ་བར་བྱེད་དོ། །ཁྲོ་བཞིན་པ་ལ་ལོ་སྟོང་དུ་འཚོ་བར་བྱེད་ཅིང་དཔག་ཚད་སྟོང་ཕྲག་དུ་འགྲོ་ཞིང་དེ་ཉིད་དུ་འོང་བར་བྱེད་དོ། །གྲུབ་པ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་ཞིང་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ཡིད་ཀྱིས་བཟའ་བ་སྐྱེད་པར་བྱེད་དོ། །དེ་ནས་འབར་བར་བྱེད་པ་ནི་ཉི་མ་འཆར་ཀའི་མདོག་ལྟར་སྣང་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། སྐྲ་ལི་ཞིང་ཚེ་བསྐལ་པར་གནས་པ། རིག་པ་འཛིན་པ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས་གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ། །སྔོན་སྤྱད་པ་བྱས་པས་རས་རིས་ཀྱི་སྤྱན་སྔར་ཆོ་འཕྲུལ་གྱི་ཟླ་བའི་ཕྱོགས་ལ་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་ལན་གསུམ་བརྗེས་ཏེ་ཐུན་གསུམ་དུ་སྟོང་ཕྲག་བརྒྱད་བཟླས་སོ། །ཇི་སྲིད་ཟླ་བ་ཉའི་བར་དུའོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་སྣམ་སྦྱར་བསྒྲུབ་པ་ཨར་བྱ་སྟེ་དྲི་ཐམས་ཅད་ཀྱི་རབ་ཏུ་བྱུགས་ཏེ་མར་མེ་སྟོང་ཕྲག་བརྒྱད་སྦར་ནས་སྐྱིལ་མོ་ཀྲུང་གིས་འདུག་སྟེ་དྲི་རྣམས་ཀྱིས་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་དེའི་སྟེང་དུ་སྣམ་སྦྱར་བཞག་སྟེ་ལག་པ་གཡོན་པས་མནན་ནས་ཇི་སྲིད་དུ་འཕུར་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །འཕྲལ་དུ་ཤིང་ཏ་ལའི་ཚད་དུ་འཕུར་བར་བྱེད་ཅིང་གནས་པ་ཚད་འདི་ཉིད་ཁོ་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་བླང་བར་བྱའོ། །བླངས་པ་ཙམ་གྱིས་རིག་པ་འཛིན་པར་འགྱུར་རོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མདུན་དུ་བདར་ནས་ཕྱག་བྱས་པར་འགྱུར་ཞིང་ཅི་བགྱིར་ཡང་འགྱུར་རོ། །རྟག་ཏུ་སྣམ་སྦྱར་ལ་ཡོངས་སུ་བཟླས་པར་བྱེད་པ་ནི་དེའི་ཚེ་སེམས་བསྐྱེད་པས་གདུག་པའི་སེམས་དེ་ལས་ལྟུང་བར་བྱེད་དོ། །ཡིད་ཀྱིས་སླར་ཡོངས་སུ་བཟླས་པས་ལྡང་བར་བྱེད་དོ། །མར་སར་ལས་བྱུང་བའི་ནོར་བུ་བྱས་ནས་ཨ་ཤྭཏྠའི་འདབ་མ་བཞི་ལ་བཞག་སྟེ་ཇི་སྲིད་དྲོ་བར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །སོས་མ་རེག་པར་ཟོ་ཞིག་།ཟོས་པ་ཙམ་གྱིས་གང་སེམས་པར་བྱེད་པ་དེ་ཐམས་ཅད་སྐྱེ་བར་འགྱུར་ཏེ་འདོད་པ་མང་པོ་དང་། སྐྱེས་བུ་བཅུའི་སྟེབས་དང་། ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ། །སྔོན་སྤྱད་པ་བྱས་པས་ཟླ་བ་ཉ་ལ་རས་རིས་ཀྱི་སྤྱན་སྔར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་དྲི་དང་། མེ་ཏོག་ལ་སོགས་པ་རྣམས་ཀ་ཡིས་མཆོད་པ་བྱས་ནས་ཀུ་ཤ་ལས་བྱུང་བའི་རལ་གྲི་ལ་ཨ་ཤྭཏྠའི་འདབ་མ་བདུན་ལ་བཞག་ནས་ཁུ་ཚུར་གྱི་མཛུབ་མོས་བླངས་ནས་ཇི་སྲིད་དུ་འཕྲོ་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བླངས་པས་ནམ་མཁའ་ལ་འགྲོ་བར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་གནོད་པ་མེད་པར་འགྱུར་རོ། །ཐལ་བས་མེའི་ར་བའོ། །ཆུས་སམ། གསེག་མས་ཕྱོགས་བཅིང་བའོ། །རང་བཞིན་ཅན་གྱི་མིག་སྨན་བླངས་ནས་ལན་ཉི་ཤུ་རྩ་གཅིག་བཟླས་པས་མིག་ལ་བསྐུ་བར་བྱ་སྟེ་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མིག་སྨན་དང་། རྒྱ་སྤོས་དང་། རུ་རྟ་དང་། ཤུ་དག་དང་། པདྨའི་གེ་སར་དང་། གི་ཝང་དང་། ནཱ་ག་གེ་སར་དང་། གླ་རྩི་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པས་ཀུན་བྱུགས་ཤིག། ཐམས་ཅད་དགའ་བར་འགྱུར་རོ། །ལན་ཚྭ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་མངོན་པར་སྔགས་པས་གང་གི་ཁྱིམ་དུ་མངོན་པར་ཕྱོགས་པས་འཐོར་བར་བྱེད་ན་ཉི་མ་བདུན་གྱིས་དེ་དབང་དུ་འགྱུར་རོ། །ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་སྔགས་པ་བྱས་ན་གང་གིས་ཁྲུས་དང་། འཐུང་བར་བྱེད་པ་དེ་དབང་དུ་འགྱུར་རོ། ། བདག་གིས་མཐོང་བ་ལ་ཉི་ཤུ་རྩ་གཅིག་བཟླས་པས་ཇི་སྲིད་མཐོང་བ་དེ་དབང་དུ་བྱེད་དོ། །གུ་གུལ་གྱི་སྦྱིན་སྲེག་འབུམ་གྱིས་རྒྱལ་རིགས་སོ་སོར་རྙེད་དོ། །ུཏྤ་ལ་དང་། ཀུ་མུ་ད་དང་། ཕུན་ད་རཱི་ཀ་ལ་སོགས་པ་རྣམས་འབུལ་བར་བྱེད་བཞིན་པས་ནི་གང་འདོད་པ་དེ་དབང་དུ་བྱེད་དོ། །ཟླ་བ་གཟས་བཟུང་བ་ན་མཚན་མོ་གསུམ་དུ་སྨྱུང་བར་གནས་པ་ཨས་མཚན་གཅིག་པར་མཆོད་པ་བྱས་ནས་ལུས་ཀྱིས་གཡས་སུ་ཙནྡན་དམར་པོས་དཀྱིལ་འཁོར་ཉེ་བར་བྱུགས་ནས་ལག་པ་གཡས་པས་དཀྱིལ་འཁོར་མནན་ནས་འབོད་བཞིན་པའམ། ཇི་སྲིད་དཀྱིལ་འཁོར་ས་ནག་པོར་སྐྱེས་པ་དེ་སྲིད་དུ་བཟླས་པར་བྱའོ། །ལག་པ་གྲུབ་པར་འགྱུར་རོ། །ཁུ་ཚུར་བཅིངས་པས་མི་སྣང་བར་འགྱུར་རོ། །གཙུག་ཕུད་སྒྲུབ་པ་ལ་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད་མཚམས་སུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་གཙུག་ཕུད་ལ་བརྒྱད་བརྒྱར་མངོན་པར་སྔགས་པ་བྱས་ནས་བསོད་སྙོམས་ལ་རྒྱུ་བ་ནི་ཇི་ལྟར་བསོད་སྙོམས་སྟེར་བ་བས་མཐོང་བ་དྲེའི་ཚེ་གྲུབ་བར་འགྱུར་རོ། །ཉི་མ་དང་པོ་ལ་སློང་མོ་གཅིག་གོ། །དེ་བཞིན་དུ་ཉི་མ་བདུན་གྱི་བར་དུའོ། །བསོད་ནམས་དང་མི་ལྡན་པས་ཀྱང་འགྲུབ་པར་བྱེད་དོ། །ཟླ་བ་གཟས་བཟུང་བ་ན་འོ་མ་ལ་ཡོངས་སུ་བཟླས་ནས་འཐུངས་ཤིག། བཅུད་ཀྱིས་ལེན་ཆེན་པོར་འགྱུར་རོ། །བ་ཤ་ཀའི་ཡམ་ཤིང་གི་སྲེག་བླུགས་བརྒྱས་གང་འདོད་པ་དེ་དབང་དུ་བྱེད་དོ། །རལ་གྲི་ལ་བརྒྱད་བརྒྱར་མངོན་པར་སྔགས་ཏེ་ཕུག་གམ། ལྷའི་ཁྱིམ་གྱི་སྒོ་རུ་གཞག་པར་བྱའོ། །སྒོ་གླེགས་ལུགས་ལ་མངོན་པར་འདུད་པས་སྒོ་དབྱེ་བར་བྱེད་དོ། །ལན་གཅིག་བཟླས་པས་བདག་ཉིད་སྲུང་བར་བྱེད་དོ། །འོ་མའི་སྲེག་བླུགས་ཀྱིས་བུད་མེད་དབང་དུ་འགྱུར་རོ། །ཡིད་ཀྱིས་གྲུབ་པའི་གསང་སྔགས་རྣམས་རེངས་པར་བྱེད་དོ། །གསང་སྔགས་ཐམས་ཅད་ཕྱེ་བར་བྱེད་དོ། །ལྷ་མ་ཡིན་གྱི་བུ་མོ་དབང་དུ་བྱེད་དོ། ། དྲི་ཐམས་ཅད་ཀྱི་སྲེག་བླུགས་རྒྱལ་རིགས་ཀྱི་བུད་མེད་དབང་དུ་འགྱུར་རོ། །ལྷ་དེ་དྲི་མེད་ཀྱི་སྦྱིན་སྲེག་གི་བརྟུལ་ཞུགས་པ་དང་། རབ་ཏུ་བྱུང་བ་དབང་དུ་འགྱུར་རོ། །སྙིང་ག་དང་། ལག་པ་བརྒྱར་བཞུགས་ནས་ཟློས་ཤིག་།སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། སེམས་ཅན་ཐམས་ཅད་འགུགས་པར་བྱེད་དོ། །མགོ་ལ་ལག་བ་བཞག་ནས་བརྒྱད་བརྒྱར་ཟློས་ཤིག་། སེམས་ཅན་ཐམས་ཅད་རེངས་བར་བྱེད་པ་དང་། སྡིག་པ་རབ་ཏུ་ཞི་བར་བྱེད་དོ། །བིལ་བ་ལ་ཡོངས་སུ་བཟླས་ནས་བྱིན་ན་སེམས་ཅན་ཐམས་ཅད་འགུགས་པར་བྱེད་དོ། །ལྷའི་ལུས་ཀྱི་གཡས་སུ་དཔག་ཏུ་མེད་པ་བཟླས་པར་བྱའོ། །བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། རྒན་པོའང་དབང་དུ་འགྱུར་རོ། །ཐལ་བ་ལ་ལན་བདུན་མངོན་པར་སྔགས་པས་གོ་ཆར་བྱའོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཕྱེད་དོ། །ཆུ་ལ་བརྒྱད་བརྒྱར་བཟླས་པས་ཡན་ལག་རྣམས་ལ་སྦྱིན་དུ་ཆུག་ཅིག། ནད་ཉེ་བར་ཞི་བར་འགྱུར་རོ། །ཉིན་མཚན་དུ་སྨྱུང་བར་གནས་པས་སེང་ལྡེང་ལ་རལ་གྲི་བྱས་ནས་ནག་པོའི་བཅུ་བཞི་ལ་བླངས་ནས་དུར་ཁྲོད་དུ་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །བླངས་པ་དེས་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །རལ་གྲིའི་རིག་པ་འཛིན་པ་སྐྲ་ལི་ཞིང་འཁྱིལ་བ་ཚེ་བསྐལ་པར་གནས་པ་རིག་པ་འཛིན་པ་ཐམས་ཅད་ཀྱིས་མང་དུ་འདོད་པར་འགྱུར་རོ། །ཡང་ན་ཉི་མ་དང་། ཟླ་བ་གཟས་བཟུང་བན་སྔོན་སྤྱད་པ་བྱས་པའི་ཐོ་རངས་ལངས་ནས་རས་རིས་ལ་མཆོད་པ་བྱས་ཏེ་སློང་མོའི་ཟས་ཟ་ཞིང་ཡོན་དང་བཅས་བས་དངོས་གྲུབ་སྩལ་བར་བྱའོ། །དེ་ནས་ངག་གི་ལས་རབ་ཏུ་འགྲུབ་བར་འགྱུར་ཏེ་དཱུར་བ་དང་། བྱུ་རུ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།འཆིང་བ་རྣམས་གྲོལ་བར་བྱེད་དོ། །བདག་ཉིད་མཆོག་ཏུ་བྱེད་པ་ལ་གི་ཝང་ལ་སྟོང་ཕྲག་བརྒྱད་བཟླས་པས་དཔྲལ་པར་ཐིག་ལེ་བྱས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ན་མཆོག་ཏུ་བསྔགས་པར་འགྱུར་རོ། །བླངས་པ་དང་། བརྗོད་པའང་ངོ་། །བུ་མོ་དབང་དུ་བྱེད་པ་ལ་སྣ་མའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། བུ་མོ་རྙེད་དོ། །འདི་ཉིད་གྱིས་རྣམ་པར་རྒྱས་པའི་བུད་མེད་བྱེད་དོ། །རིམས་ཐམས་ཅད་དང་། གདོན་ཐམས་ཅད་དང་། ཕྱག་རྒྱ་ཐམས་ཅད་ཀྱང་ངག་ངེས་བྱིན་པས་གྲོལ་བར་བྱེད་དོ། །དུག་ཐམས་ཅད་གསོ་བར་བྱེད་དོ། །གདོན་ལས་ཐར་བར་བྱེད་དོ། །ངག་ཉིད་ཀྱིས་ལས་རྣམས་ནི་གླང་པོ་ཟློག་པར་བྱེད་དོ། །ཚེར་མ་ཟློག་པར་བྱེད་དོ། ། ཆོམ་རྐུན་དང་། དམག་སྡེ་རེངས་པར་བྱེད་པ་དང་། མཚོན་ཆ་རེངས་པར་བྱེད་པ་དང་། ཤིང་རྟ་རེངས་པར་བྱེད་པ་དང་། མེ་རེངས་པར་བྱེད་པ་དང་། གྲུ་རེངས་པར་བྱེད་པ་དང་། འགུགས་པར་བྱེད་པ་མཆེ་བ་ཅན་རྣམས་སམ། མཆེ་བ་མེད་པའང་རུང་སྟེ་འབེབས་པར་བྱེད་པ་དང་། ཤི་བ་སློང་བ་དང་། དེ་དང་། རིམས་མངག་པར་བྱེད་པའོ། །འོ་མ་དང་། ནས་ཟ་ཨན་ཟ་ཞིང་འབུམ་བཟླས་ཏེ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་གོས་གཙང་མ་བགོས་ཏེ་མཚན་མ་གཅིག་པར་ཀུ་ཤའི་སྟེང་དུ་བཞག་སྟེ་མཆོད་པ་ཆེན་པོ་བྱས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱས་ཏེ་ལུས་ཀྱི་གཡས་སུ་གནས་པས་བ་བླ་དང་། ལྡོང་རོས་དང་། མིག་སྨན་དང་། བཙོད་དང་། གི་ཝང་རྣམས་གཅིག་ཏུ་བྱས་ནས་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་ཏེ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་གྱི་བར་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བར་བྱེད་པ་དང་། དུ་བ་འཐུལ་བ་དང་། འབར་བ་སྟེ་དྲོ་བཞིན་པ་ལ་རྐང་འཐུང་ལ་སྤྱོད་པ་དང་། ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །དུ་བ་འཐུལ་བ་བཞིན་པ་ལ་མི་སྣང་བ་དང་། ཚེ་ལོ་བརྒྱ་ཕྲག་བཅུ་ཐུབ་བོ། །འབར་བས་རིག་པ་འཛིན་པ་ཐམས་ཅད་མངའ་བདག་གི་རིག་པ་འཛིན་པར་འགྱུར་རོ། །བསྐལ་བའི་ཚེ་དང་། གོང་ནས་གོང་དུ་བཟླས་པ་འབུམ་གྱིས་ངག་མངོན་པར་ཤེས་པར་འགྱུར་རོ། །སྟེང་དང་། འོག་དང་། ཕྱོགས་རྣམས་བཅིང་བ་དང་། ངེས་པར་ལེན་པ་དང་། ཚིག་དེའང་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །དེ་ནས་རོ་ལངས་སྒྲུབ་པར་འདོད་ན་རོ་ཡན་ལག་མ་ཉམས་པ་བླངས་ནས་དུར་ཁྲོད་དམ། ཤིང་གཅིག་གམ། ལམ་བཞི་མདོའམ། མཚན་མ་གཅིག་པར་ཡང་རུང་སྟེ་འབྱུང་པོ་ཐམས་ཅད་པ་ལ་གཏོར་མས་ཉེ་བར་མཆོད་ནས་ལྷ་ཆེན་པོའི་ལུས་ཀྱི་གཡས་སུ་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་གཏོར་མ་ཕུལ་ནས་ཁྲུས་དང་། རྒྱན་གྱིས་བརྒྱན་པར་བྱས་ནས་ཐལ་བས་དཀྱིལ་འཁོར་བྲིས་ཏེ་དེའི་དབུས་སུ་མགོ་བོ་ཤར་དུ་བསྟན་ལ་བཞག་ཅིང་རས་དཀར་པོས་ལུས་ལ་གཡོག་གོ་། གྲོགས་བཟང་པོས་ཕྱོགས་སྐྱོང་བར་བྱེད་པ་གནས་སུ་བཅུག་ནས་དེའི་སྟེང་དུ་སྐྱིལ་ཀྲུང་བྱས་པ་ཉེ་བར་འདུག་སྟེ་དེའི་ཁར་ཏིལ་དང་། ཡུངས་ཀར་གྱིས་སྦྱིན་སྲེག་འདིའི་ཁ་ནས་ནོར་བུ་འབྱིན་པར་བྱེད་པའི་བར་དེ་སྲིད་དུ་བྱའོ། །ཁའི་ནོར་བུ་དེ་བླངས་པས་སྐྲ་ལི་ཞིང་འཁྱིལ་བ། ཉི་མ་འཆར་ཀའི་མདོག་ཅན་གྱི་རིག་པ་འཛིན་པར་འགྱུར་ཏེ་གླང་པོ་ཆེ་སྟོང་གི་སྟོབས་དང་ལྡན་པ། འདོད་པའི་གཟུགས་ཅན། ལྷའི་གནས་སུ་འགྲོ་བར་བྱེད་པ། ཚེ་བསྐལ་པ་ཆེན་པོར་གནས་པ། གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ། །རོ་ལངས་གཞན་ནི་ཆོ་ག་འདི་ཉིད་ཀྱིས་སྐྱེས་བུའི་རོ་བླངས་ནས་སེང་ལྡེང་གི་ཕུར་བུ་བཞི་ལ་སྔགས་ཏེ་འདི་ཉིད་ཀྱིས་བདག་ཉིད་སྲུང་བ་དང་། ཕྱོགས་སྐྱོང་བ་རྣམས་ཀྱང་ངོ་། །དེའི་སྟེང་དུ་ཉེ་བར་འདུག་སྟེ་མར་གྱི་སྲེག་བླུགས་ཇི་སྲིད་དེའི་ཁ་ནས་ལྕེ་བྱུང་གི་བར་དེ་སྲིད་དུ་སྦྱིན་སྲེག་བྱའོ། །སྔར་མངོན་པར་སྔགས་པའི་རལ་གྲིས་བཅད་པར་བྱ་སྟེ་ཇི་སྲིད་ལྕེ་བརྒྱ་བྱུང་གི་བར་དེ་སྲིད་དུའོ། །ལྕེ་དེ་ཉིད་བླངས་པས་འཁོར་བརྒྱ་དང་བཅས་པ་འཕུར་བར་འགྱུར་རོ། །རིག་པ་འཛིན་པ་རྣམས་ཀྱིས་མཆོག་དང་།མཚོན་ཆར་འགྱུར་རོ། །བསྐལ་པ་ཆེན་པོར་གནས་པར་བྱེད་དོ། །ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལའང་རུང་སྟེ་མཚན་མོ་རྣ་བའི་མིག་སྨན་བཏགས་པར་བྱའོ། །སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པས་མིག་ལ་བསྐུས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །དྲི་ལ་བཟླས་ནས་བསྐུ་བར་བྱ་སྟེ་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །བདུག་པ་ལ་ཡོངས་སུ་བཟླས་ནས་བདག་ཉིད་ལ་བདུག་པར་གྱིས་ཤིག། སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །མེ་ཏོག་ལ་ཡོངས་སུ་བཟླས་ནས་མགོ་བོར་བྱིན་ཅིག་།སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་དང་། དགའ་བར་བྱེད་དོ། ། གཙུག་ཏོར་ལ་ཡོངས་སུ་བཟླས་ནས་ཆིངས་ཤིག་།ཐམས་ཅད་དུ་སྲུང་བ་དང་། སེམས་ཅན་ཐམས་ཅད་འཆིང་བ་ཡང་ངོ་། །ཡུགས་ས་མོ་དབང་དུ་བྱེད་པར་འདོད་པས་མཱ་ཥའི་སྦྱིན་སྲེག་གྱིས་ཤིག་། འཕྲལ་དུ་དབང་དུ་འགྱུར་རོ། །གནོད་སྦྱིན་མོ་དབང་དུ་བྱེད་པ་ལ་པདྨ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།མཚན་མོ་གསུམ་གྱིས་འོང་ངོ་། །དེ་ནས་མ་འོངས་ན་མཚན་མོ་བདུན་གྱིས་འོང་བར་བྱེད་དོ། །དེ་མཆོག་སྦྱིན་པར་འགྱུར་རོ། །ཇི་ལྟར་འདོད་པ་བཞིན་དུ་རྫོགས་པར་བྱེད་དོ། །བུ་མོ་འདོད་ན་འབྲས་ཡོས་ཀྱི་སྦྱིན་སྲེག་གྱིས་ཤིག་། འདོད་པའི་བུ་མོ་རྙེད་དོ། །དཔལ་མོ་འདོད་ན་པདྨའི་སྦྱིན་སྲེག་གྱིས་ཤིག་།པདྨའམ། དཔལ་མོ་འོང་ངོ་། །རྒྱལ་བར་འདོད་ན་ཞོའི་སྦྱིན་སྲེག་གྱིས་ཤིག་། རྟག་ཏུ་རྒྱལ་བར་འགྱུར་རོ། །རྒྱས་པར་འདོད་ན་མར་གྱི་སྦྱིན་སྲེག་གྱིས་ཤིག་།ནོར་ཐོབ་པར་འགྱུར། དུས་རྟག་ཏུ་གཙང་མས་མཚན་མོ་ལྔས་ཤ་ཟ་བ་རྣམས་དང་། མཚན་མོ་དགུས་གནོད་སྦྱིན་དང་། སྲིན་པོ་རྣམས་དང་། མཚན་མོ་བཅུ་གཉིས་ཀྱིས་ཀླུའི་རྒྱལ་པོ་རྣམས་དང་། ཟླ་བ་ཕྱེད་ཀྱིས་དྲི་ཟ་དང་། ཆུས་བྱུང་དང་། ཉི་མ་ཉི་ཤུ་རྩ་གཅིག་གིས་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྷ་མོ་རྣམས་དང་། མཚན་མོ་ཉི་ཤུ་རྩ་གཉིས་ཀྱིས་ཚོགས་ཐམས་ཅད་དང་། ཟླ་བས་རྒྱལ་པོའི་བཙུན་མོ་སྟེ་དབང་དུ་བྱེད་པ་ལ་རོ་ཞིམ་པོའི་སྙི་མ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།དབང་དུ་འགྱུར་རོ། །སྐྱེས་པ་དང་། བུད་མེད་དབང་དུ་བྱེད་པ་ལ་ཡུངས་ཀར་དཀར་པོ་ལ་ཞོ་བཏགས་པ་འབུམ་སྦྱིན་སྲེག་གྱིས་ཤིག་། ནོར་རྙེད་དོ། །ཀ་ར་བཱ་རི་དམར་པོ་དང་། དོང་ཀའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག་།རྒྱལ་པོའི་བུ་མོ་རྙེད་དོ། །བིལ་བ་ཞོས་བཏགས་པ་འབུམ་སྦྱིན་སྲེག་གྱིས་ཤིག་།ཁྱིམ་དུ་དཔལ་མོ་འབྱུང་ངོ་། །མེ་ཏོག་བརྒྱ་པ་ལ་ཞོས་བཏགས་པ་འབུམ་སྦྱིན་སྲེག་གྱིས་ཤིག་། དོང་ཙེ་བརྒྱ་རྙེད་དོ། །གསེར་མདོག་ཅན་གྱི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག་།བ་ལང་སྟོང་སོ་སོར་རྙེད་དོ། །མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག་།ཡུལ་སོ་སོར་རྙེད་དོ། །ཀའི་ཡམ་ཤིང་གི་སྦྱིན་སྲེག་འབུམ་གྱིས་ཤིག་།དོང་ཙེ་སྟོང་རྙེད་དོ། །མར་གསར་གྱི་སྲེག་བླུགས་འབུམ་སྦྱིན་སྲེག་གྱིས་ཤིག་།ཡུལ་གྲུ་ལྔ་སོ་སོར་རྙེད་དོ། །པུཎྜ་རཱི་ཀའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག་།གོས་བྱེ་བ་བཞི་རྙེད་དོ། །འོ་མའི་སྲེག་བླུགས་འབུམ་སྦྱིན་སྲེག་གྱིས་ཤིག་།བ་ལང་དང་། ནོར་ཡོངས་སུ་གཞལ་བ་རྙེད་དོ། །བྱང་ཆུབ་ཤིང་གི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག་།མ་བླངས་པར་ཁྱིམ་ཕུན་སུམ་ཚོགས་པར་བྱེད་དོ། །སྣ་མའི་མེ་ཏོག་འབུམ་སྦྱིན་སྲེག་གྱིས་ཤིག་། རྣམ་པར་བརྟགས་པའི་གོས་ཟུང་བརྒྱ་རྙེད་དོ། །པཱ་མཱནྣའི་སྲེག་བླུགས་སྟོང་ཕྲག་བརྒྱའི་སྦྱིན་སྲེག་གྱིས་ཤིག་།མཚན་མོ་བདུན་གྱིས་བྲམ་ཟེ་དབང་དུ་བྱེད་དོ། ། ཀུ་མུ་ད་འབུམ་སྦྱིན་སྲེག་གྱིས་ཤིག་།ཆུང་མ་དབྱིག་དང་བཅས་པ་རྙེད་དོ། །རིའི་རྩེ་མོར་འཛེགས་ཏེ་འབུམ་ཟློས་ཤིག་།ཡུལ་གང་དུ་བཟླས་པ་བྱེད་པའི་ཡུལ་དེའི་རྒྱལ་པོ་དེ་འོང་སྟེ་དོན་དུ་མ་གཉེར་བར་བུ་ཉིད་དང་ནོར་ཐམས་ཅད་རྣམ་པར་འབྱོར་པར་འགྱུར་རོ། །བུ་དང་བཅས་པ་སྲུང་བར་བྱེད་དོ། །རྒྱ་མཚོ་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་དྲི་ཞིམ་པོའི་མེ་ཏོག་འབུམ་ལྷུགས་ཤིག་། ཕྱིས་མེ་ཏོག་རྒྱུན་ལ་ཟློག་ཕྱོགས་སུ་དོང་ངོ་། །སོས་མ་རིག་པར་བཟའ་བར་བྱའོ། །ཉི་མ་རེ་རེ་ལ་གཞུང་ལྔ་བརྒྱ་འཛིན་པ་བྱེད་ཅིང་དེ་རྣམས་འཆང་བར་བྱེད་དོ། །སྔོན་སྤྱད་པ་བྱས་པས་གཟུགས་བརྙན་གྱི་སྤྱན་སྔར་འབུམ་བཟླའོ། །དེ་ནས་གང་དུ་གཏེར་གནས་པ་དེར་སོང་ནས་རྩ་བ་དང་། ནག་པོ་མེད་པའི་བུམ་པ་ཐམས་ཅད་དྲི་ཞིམ་པོས་བྱུག་པར་བྱས་ནས་ཙནྡན་དཀར་པོ་དང་། ཆུས་ཡོངས་སུ་བཀང་བ་བྱས་ཏེ་སྟོང་ཕྲག་བརྒྱད་མངོན་པར་སྔགས་བ་ཆོ་གའི་གནས་སུ་བཞག་པར་བྱའོ། །ས་ཐམས་ཅད་འགས་པར་བྱེད་དོ། །གལ་ཏེ་གཏེར་མི་གང་ཙམ་དུའང་གནས་པར་བྱེད་དོ། །ཆུས་མི་གནོད་པ་སྟེང་དུ་གནས་སོ། །དྲན་པ་ཙམ་གྱིས་ཉེ་བར་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །བུད་མེད་གང་མི་འདོད་པ་དེའི་མིང་སྨོས་ནས་མར་ལ་ཡོངས་སུ་བཟླས་ནས་འཐུངས་ཤིག་།སྐལ་བ་བཟང་པོར་འགྱུར་རོ། །རྡོ་རྗེ་སྒྲུབ་ཐབས་ནི་རྒྱལ་གྱི་ལྕགས་ལས་བྱུང་བའི་རྡོ་རྗེ་ས་ཨོར་བཅུ་དྲུག་བ་རྩེ་མོ་གསུམ་པ་བྱས་ནས་ཙནྡན་དམར་པོས་རྗེས་སུ་བྱུགས་ཏེ་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཉི་མ་སོ་སོར་ཕྱག་འཚལ་བཞིན་པས་བསོད་སྙོམས་བཟའ་བར་བྱའོ། །མཐར་མཚན་མོ་སྨྱུང་བར་གནས་པས་རིང་བསྲེལ་ཅན་གྱི་མཆོད་རྟེན་ལ་རས་རིས་བཞུགས་ནས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མར་མེ་བརྒྱ་རབ་ཏུ་སྦར་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་རྡོ་རྗེ་གཉིས་ཀ་དག་ཀྱང་ལག་པ་དག་གིས་བཟུང་ནས་ཇི་སྲིད་བཟུང་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །ཡོངས་སུ་འཁོར་བ་བདུན་དུ་འཕུར་བར་བྱ་སྟེ་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བར་འགྱུར་རོ། །བསྐལ་པ་ཆེན་པོར་འཚོ་བར་བྱེད་དོ། །རྒྱལ་གྱི་ཟླ་བ་ལ་མྱ་ངན་མེད་པའི་ཤིང་གི་འོག་ཏུ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ན་ལེ་ཤམ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱ་ཞིང་ན་ལེ་ཤམ་གཅིག་ཁར་བཅུག་ནས་རྣམ་པར་ལྟ་བར་བྱེད་པ་དེ་དབང་དུ་འགྱུར་རོ། །ནག་པོའི་བརྒྱད་པ་འམ། ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་གོས་གཙང་མ་བགོས་ཏེ་རས་རིས་ཀྱི་སྤྱན་སྔར་མར་མེ་དང་། རྒྱལ་མཚན་དང་། མེ་ཏོག་གི་ཕྲེང་བ་ལ་ས་ཨོགས་པ་ཕུལ་ནས་རང་ཉིད་ཀྱིས་སོ་སོར་བཏགས་པའི་ཆུ་ཟངས་ཀྱི་སྣོད་དུ་བཞག་ནས་ཐུན་ཚོད་གཅིག་ཏུ་བཟླས་པ་འཐུངས་ནས་སླར་ཡང་ཆོ་ག་དེ་ཉིད་ཀྱིས་མཚན་ཐོག་ཐག་ཇི་སྲིད་བར་རོ། །ཐོ་རངས་དགེ་འདུན་གྱིས་བསྟན་པ་ཅན་གྱི་སློངས་མོ་བཟའ་བར་བྱའོ། །ཟོས་ནས་མར་དང་། ཕྱེ་དང་། སེ་འབྲུ་རྣམས་ཀྱང་ཟོས་ན་གང་གི་ཚེ་གཉིད་འོང་བར་བྱེད་དོ། །ཕྱོགས་བཞིར་རིག་པའི་གནས་རྣམས་ཁར་རབ་ཏུ་འཇུག་པར་བྱེད་དེ་ཐོས་པ་འཛིན་པར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ནས་ལག་པ་གཡས་པ་ཁུ་ཚུར་བཅིངས་ནས་ཉི་མ་བཅུ་གསུམ་དུ་ཟློས་ཤིག་། དུག་དང་། མཆེབ་རྣམས་ཀྱིས་ཤི་བ་ཐམས་ཅད་སློང་དུ་འཇུག་པར་བྱེད་དོ། །ཁུ་ཚུར་གྱིས་གདོན་ཐམས་ཅད་འཇུག་པར་བྱེད་ཅིང་ཐར་བར་ཡང་བྱེད་དོ། །ས་ལ་མ་ལྷུང་བའི་བ་བྱུང་གིས་ཁྲུ་བཞི་པའི་དཀྱིལ་འཁོར་ཉེ་བར་བྱུགས་པ་བྱས་ནས་ནག་པོའི་བརྒྱད་པ་ལ་ཀཪྴ་རའི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་ཉི་མ་རེ་རེར་སྟོང་ཕྲག་བརྒྱད་བརྒྱད་སྦྱིན་སྲེག་གྱིས་ཤིག་།ཇི་སྲིད་བཅུ་བཞིའི་བར་དུའོ། །ལས་འདིས་ཁྲོས་པའི་རྒྱལ་པོའི་ཕོ་བྲང་རབ་ཏུ་དང་བར་བྱེད་དེ་གྲོགས་དང་ལྡན་པས་ནགས་སུ་རབ་ཏུ་ཞུགས་ཏེ་ཤིང་ཀུ་པི་ཏའི་སོལ་བས་མི་བྲིས་ནས་རྐང་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་ཁྲོས་པ་དང་བྲལ་བར་འགྱུར་རོ། །སྔོན་སྤྱད་པ་བྱས་པས་གློག་དང་ལྡན་པའི་ཤིང་སོར་མོ་དྲུག་པ་བླངས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རིང་བསྲེལ་དང་བཅས་པའི་མ་ཆོད་རྟེན་དུ་རས་རིས་རབ་ཏུ་བཞུགས་ནས་ཕུར་བུ་དེ་ལྕགས་གསུམ་དང་ལྡན་པ་བྱས་ནས་བུམ་པ་བཞི་སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་པདྨ་སྟོང་པ་ལ་བཞག་པར་བྱའོ། །དེ་ནས་ཕུར་བུ་དེ་རྐང་པ་གཡོན་པས་མནན་ནས་ལག་པ་གཡོན་པས་བཟུང་སྟེ་ཇི་སྲིད་ལག་པ་ཉམས་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ལག་པ་གྲོལ་ལོ། །དེ་ནས་ཐོ་རངས་གཏོར་མ་ཆེན་པོ་བྱིན་ནས་སེ་འབྲུ་བཟའ་བར་བྱ་སྟེ་དེ་འགྲུབ་པར་འགྱུར་རོ། །ཁྱིམ་གཞན་དུ་ཕུར་བུ་དེ་གདབ་པར་བྱ་སྟེ་འདོད་པ་སྦྱིན་པར་འགྱུར་ཞིང་ཡོ་བྱད་ཐམས་ཅད་ཀྱང་འབྱུང་ངོ་། །བཏོན་པས་ཐམས་ཅད་མི་སྣང་བར་འགྱུར་རོ། །སྣ་མའི་ཤིང་གིས་མེ་རབ་ཏུ་སྦར་ནས་མེ་ཏོག་རྣམས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དོང་ཙེ་ལྔ་རྙེད་དོ། ། མྲའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཆུ་ཀླུང་གི་འགྲམ་དུ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་ཨརྒའི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །ཉི་མ་ལྔ་རུ་དོང་ཙེ་ལྔ་རྙེད་དོ། །དཀར་པོའི་བཅུ་བཞི་ནས་བརྩམས་ནས་མྱ་ངན་མེད་པའི་ཡམ་ཤིང་འོ་མས་བཏགས་པ་སྟོང་ཕྲག་བརྒྱད་ཇི་སྲིད་བཅོ་ལྔ་བའི་བར་དུ་སྦྱིན་སྲེག་གྱིས་ཤིག་། དོང་ཙེ་བརྒྱ་རྙེད་དོ། །ཀ་ར་བཱི་རའི་ཤིང་གིས་མེ་རབ་ཏུ་སྦར་ནས་དཀར་པོའི་བརྒྱད་པ་ནས་བརྩམས་ཏེ་ཇི་སྲིད་དཀར་པོའི་བཅུ་བཞི་པའི་བར་དུ་ཀ་ར་བཱི་རའི་ཞོགས་མ་འོ་མས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། དོང་ཙེ་སྟོང་སོ་སོར་རྙེད་དོ། །ལེགས་པར་བཙགས་པའི་ཆུ་ལ་མངོན་པར་སྔགས་ནས་ཉི་མ་བདུན་དུ་སྤྱད་པར་བྱའོ། །དེ་ནས་སྲུང་བ་བྱས་པའི་ཕྱུགས་རྫིས་དེ་བ་སེར་སྐྱ་ལ་བསྣུན་པར་བྱའོ། །དེ་ནས་དེའི་འོ་མ་ཕྱོགས་དབེན་པར་བུམ་པ་བཞག་ལ་བཟླས་པར་བྱའོ། །དེ་ནས་དཀྲུགས་ནས་བྲམ་ཟེའི་བུ་མོའི་ལག་པས་རྫས་འདི་རྣམས་འཐག་ཏུ་གཞུག་པར་བྱའོ། །དེ་ནས་རིལ་བུ་ལྕགས་གསུམ་གྱིས་ཡོངས་སུ་དཀྲིས་པ་བྱེད་དུ་གཞུག་གོ་། སེར་སྐྱ་དེ་ཉིད་ཀྱི་བ་བྱུང་ལྔའི་རིལ་བུ་རབ་ཏུ་བཅུག་སྟེ་མཚན་མོ་གཅིག་གཞག་པར་བྱའོ། །དེ་ནས་ཕྱུང་སྟེ་བའི་ཆུས་བཀྲུ་བར་བྱའོ། །པདྨའི་འདབ་མར་གི་ཝང་གིས་མངོན་པར་བཏགས་ཏེ་གཞག་པར་བྱའོ། །དེ་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་སུ་གསོལ་ནས་སྲུང་བའི་ཆོ་ག་བྱས་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་ནས་གཏོར་མ་དང་། མར་མེའང་ངོ་། །དེ་ནས་རིག་པ་འཛིན་པས་རིལ་བུ་བརྒྱད་བླངས་ནས་པདྨའི་འདབ་མ་ཁ་སྦྱོར་དུ་པདྨའི་མཚོ་རུ་སོང་ནས་རས་རིས་བཞུགས་སུ་གསོལ་ཏེ་པདྨའི་སྦྱིན་སྲེག་གྱིས་ཤིག་། དཔལ་མོ་འོངས་ཏེ་མཆོག་སྦྱིན་པར་བྱེད་དོ། །པདྨའི་ས་བོན་དང་། རྒྱ་སྤོས་དང་། པདྨའི་གེ་སར་དང་། ཙནྡན་དང་། སྦྲང་རྩིས་ལྷན་ཅིག་བཏགས་ཏེ་རིལ་བུ་བྱེད་དུ་གཞུག་གོ་།དེ་ལ་འདུག་པ་དང་ལྷན་ཅིག་མངོན་པར་སྔགས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །མེ་ཏོག་ཕྲེང་བ་ལ་ཡོངས་སུ་བཟླས་ནས་གང་གི་མགོ་ལ་བཅིངས་པ་དེ་དབང་དུ་འགྱུར་རོ། །ཙནྡན་དམར་པོ་དང་། ཙམ་པ་ཀའི་མེ་ཏོག་དང་། པདྨ་གེ་སར་དང་། སཱ་ལུ་དམར་པོའི་ཕུབ་མ་དང་། གི་རི་ཀརྞི་ཀ་དང་། ཀུ་རནྟ་ཀའི་ས་བོན་དང་། འབྲུ་དང་། སྲན་མའི་མྱུ་གུ་དང་། རུ་རྟ་དང་། རྒྱ་སྤོས་དང་། ཏུ་རུཥྐ་དང་། ཏིལ་རྣམས་ཆ་མཉམ་པ་གཅིག་ཏུ་བྱས་ནས་བ་སེར་སྐྱའི་མང་གྱིས་རིལ་བུ་བྱེད་དུ་གཞུག་གོ་། སྔོན་དུ་སྒྲུབ་པ་ཐམས་ཅད་གསུམ་པར་བྱའོ། །རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་དབང་དུ་བྱེད་པར་འདོད་པས་ཀུ་ཤ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་མནན་ཏེ་ཟློས་ཤིག་། འཁོར་དང་བཅས་པ་དབང་དུ་འགྱུར་རོ། །བྲམ་ཟེ་དབང་དུ་བྱེད་པ་ལ་ཏིལ་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་དབང་དུ་འགྱུར་རོ། །རྒྱལ་རིགས་དབང་དུ་བྱེད་པ་ལ་ནས་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།དབང་དུ་འགྱུར་རོ། །རྗེ་རིགས་དབང་དུ་བྱེད་པ་ལ་ཡུངས་ཀར་ནག་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། དབང་དུ་འགྱུར་རོ། །དམངས་རིགས་དབང་དུ་བྱེད་པ་ལ་འབྲུ་ནག་པོའི་ཕུབ་མ་སྟོང་ཕྲག་བརྒྱད་ཉི་མ་གཅིག་པའི་སྦྱིན་སྲེག་གྱིས་ཤིག་།ཉི་མ་གསུམ་དུ་བ་སེར་སྐྱ་ཁྱིམ་དུ་བཏགས་ཏེ་མངོན་པར་སྔགས་པའི་རྩ་ལྗང་གུ་ཟར་གཞུག་པར་བྱའོ། །མངོན་པར་སྔགས་ནས་ཕྲེང་བ་བཟང་པོ་དེ་དང་ལྡན་པར་བྱའོ། །མངོན་པར་སྔགས་ཏེ་ཆུ་འཐུང་དུ་གཞུག་པར་བྱའོ། །སྲུང་བ་བྱས་པའི་ཕྱུག་རྫིས་བཞོ་བར་བྱའོ། །དེ་ནས་འོ་མ་དེ་རྣམ་པར་དབེན་པའི་ཕྱོགས་སུ་གཞག་ནས་ཞོ་ཆགས་པ་དང་། དཀྲུགས་པར་བྱའོ། །མར་དེས་མཱ་ལ་ཏིའི་མེ་ཏོག་དང་དེ་གཅིག་ཏུ་བྱས་ནས་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །ལག་པ་གཉིས་ཀྱིས་པདྨའི་འདབ་མས་དཀྲིས་པའི་རིལ་བུ་བླངས་ནས་ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །བསྙེན་པ་སྔོན་དུ་འགྲོ་བ་ཅན་གྱིས་རིལ་བུ་དེ་ཇི་སྲིད་དུ་བ་འཐུལ་བ་དང་། འབར་བ་དང་། འབར་བ་དེ་སྲིད་དུའོ། །དྲོ་བཞིན་པ་ལ་ནི་དབང་དུ་བྱེད་པའོ། །དུ་བ་འཐུལ་བཞིན་པ་ལ་མི་སྣང་བའོ། །འབར་བས་རིག་པ་འཛིན་པར་འགྱུར་ཏེ་ལོ་སྟོང་ཕྲག་ལྔར་འཚོ་བར་བྱེད་དོ། །ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཡུངས་ཀར་དཀར་པོ་ལ་ལན་བདུན་མངོན་པར་སྔགས་པ་གང་གི་མགོ་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །རྒྱལ་པོ་དབང་དུ་བྱེད་པ་ལ་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་མནན་ནས་སྟོང་ཕྲག་བརྒྱ་ཟློས་ཤིག་། སྟོང་དང་བཅས་པ་དབང་དུ་འགྱུར་རོ། །ཡུངས་ཀར་དཀར་པོ་ལ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། དེ་ནས་བླང་བར་བྱ་སྟེ་མི་སྣང་བར་འགྱུར་རོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་བྱེ་མ་འམ། སའི་གོང་བུ་ལ་ཨ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཅན་བྱས་ནས་གཙང་མ་གསོ་སྦྱོང་ལ་གནས་པས་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་སློང་མོས་ཟ་བའམ། ཙཱ་རུ་ཟ་བས་སྟོང་ཕྲག་བརྒྱར་ཟློས་ཤིག་།ལས་ཐམས་ཅད་ནུས་པར་འགྱུར་རོ། །དུར་ཁྲོད་ཆེན་པོའི་ཕྱོགས་སུ་དཀྱིལ་འཁོར་ལ་སོགས་པ་བཅིང་པ་དང་། ཕྱོགས་བཅིང་བ་དང་། དུག་ཐམས་ཅད་གསོ་བ་དང་། ངེས་པར་བྱ་བ་པ་དང་། གདོན་དང་། རིམས་གཞོམ་པ་དང་། ཆུ་ཀླུང་ཆེན་པོ་རབ་ཏུ་སྒྲོལ་བ་ལ་བཟླས་པར་བྱས་ཏེ་བདེ་བས་སྒྲོལ་བར་བྱེད་དོ། །ལ་གཅན་དང་། ཤོ་གམ་མེད་པར་མཆོད་པར་བྱ་བར་འགྱུར་རོ། །རྩོད་པ་ལ་ཡང་སྨྲ་བའི་མཆོག་ཏུ་འགྱུར་རོ། །གཉིད་དུ་སོང་བ་ན་ཁུ་བ་འཆིང་བར་འགྱུར་རོ། །སྲད་བུ་ལ་སྟོང་ཕྲག་བཟླས་པ་དང་། སེང་ལྡེང་གི་ཕུར་བུ་ལ་སྟོང་ཕྲག་བརྒྱད་བཟླས་པས་ལོ་ཐོག་ཐམས་ཅད་ཀུན་ཏུ་སྲུང་བ་དང་། བརྐོས་པས་ལྕང་མའི་འདབ་མ་ཉེ་བར་མཉམ་པ་དང་། འབྲས་སཱ་ལུ་དང་། ཐུག་པོ་ཆེ་རྣམས་ཀྱི་སོ་ནམ་ཕུན་སུམ་ཚོགས་པར་བྱེད་དོ། །ཡུངས་ཀར་གྱིས་རྒྱལ་པོ་དང་། བློན་པོ་ཐམས་ཅད་འཇོམས་པར་བྱེད་དོ། །སེར་པ་དང་། རྡོ་རྗེ་དང་། རྡོ་བ་ལ་སོགས་པ་རྣམས་ལ་བརྒྱད་བརྒྱར་བཟླས་པས་གང་དུ་འགྲོ་བར་འདོད་པ་དེར་འགྲོ་བར་བྱེད་དོ། །ཐལ་བ་ལ་སྟོང་ཕྲག་བཟླས་པས་གང་གི་ཕྱོགས་སུ་གཏོར་བ་དེའི་ཕྱོགས་སུ་ཚེར་མ་ཟློག་པར་བྱེད་དོ། །བརྒྱད་བརྒྱར་བཟླས་པས་ཟུག་རྡུ་ཐམས་ཅད་མེད་པར་བྱེད་དོ། །སྔོན་སྤྱད་པ་བྱས་པས་རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་ཉི་ཤུ་རྩ་ལྔ་བཟླས་སོ། །དེ་ནས་སེན་མོས་བཅད་པའི་ཏ་ལའི་འདབ་མ་ལ་རལ་གྲི་བྱས་ནས་དེའི་འདབ་མ་ལ་གུར་གུམ་གྱིས་བྲིའོ། །ནག་པོའི་བརྒྱད་པའི་ཉི་མ་ནག་པོའི་བཅུ་བཞི་པ་ལ་གསོ་སྦྱོང་ལ་ངེས་པར་གནས་པས་གཅིག་པུ་རི་བོའི་རྩེ་མོ་ལ་འཛེགས་ཏོ་ཕྱོགས་སུ་དོར་ན་ཁྲུ་བརྒྱད་དམ། ཁྲུ་བཅུ་ད་རུག་པའི་དཀྱིལ་འཁོར་ཉེ་བར་བྱུགས་ནས་བྱེ་མ་ལ་མཆོད་རྟེན་བྱས་ཏེ་དེ་ལ་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་ཁ་ཤར་དུ་ཕྱོགས་ཏེ་ལག་པ་གཡས་པས་རལ་གྲི་བླངས་ནས་དཔུང་པ་གྱེན་དུ་བསྒྲེངས་ཏེ་མཆོད་རྟེན་གྱི་མདུན་དུ་གསང་སྔགས་བཟླས་པར་བྱའོ། །ཇི་སྲིད་རལ་གྲི་ལ་ཡོད་པའི་ནང་གི་སྔགས་ཀྱི་ཡི་གེ་དེ་རྣམས་འབར་བར་གྱུར་པ་དང་། དེ་བླངས་ནས་ཇི་ལྟར་འདོད་པར་འགྲོ་ཞིང་རིག་པ་འཛིན་པར་འགྱུར་ཏེ་རིག་པ་འཛིན་པ་ཐམས་ཅད་ཀྱིས་གནོད་པ་མེད་དོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་སོ། །འདོད་པའི་གཟུགས་ཅན་བསྐལ་པར་གནས་ཤིང་དཔག་ཚད་སྟོང་མཐོང་བར་བྱེད་ཅིང་ཐོས་པར་བྱེད་སྣོམ་པར་བྱེད་དོ། །རི་ལའང་ཐད་ཀར་འགྲོ་།རྩིག་པ་ལའང་ཐད་ཀར་འགྲོ་།ར་བ་ལའང་ཐད་ཀར་འགྲོ་། རྒྱ་མཚོ་ལའང་མངོན་པར་འཕགས་པར་བྱེད་དོ། །ངེས་པར་བསགས་པ་རྙེད་དོ། །བ་བླ་དང་། ལྡོང་རོས་སྒྲུབ་པར་འདོད་ན་རིང་བསྲེལ་དང་བཅས་པའི་གཟུགས་བརྙན་གྱི་ས་པྱན་སྔར་དེ་ཉིད་དུ་རས་རིས་བཞུགས་སུ་གསོལ་ཏེ་དཀར་པོ་བརྒྱད་པ་ལ་མཆོད་པ་བྱས་ནས་དེའི་དབུས་སུ་ཡན་ལག་མ་ཉམས་པའི་སྐྱེས་བུ་བཞག་ནས་རྐང་པ་གཡོན་པས་བྲང་ཁར་ཡང་དག་པར་མནན་ནས་སྲུང་བ་བྱས་ཏེ་སྔགས་བཟླས་པར་བྱའོ། །ཇི་སྲིད་ལངས་ཀྱི་བར་དུའོ། །སྔར་སྦྲང་རྩི་དང་། འོ་ཐུག་བཟའ་བར་བྱ་ཞིང་ལན་བདུན་མངོན་པར་སྔགས་པའི་ཁུ་ཚུར་བཅིངས་པ་མགོ་བོ་ལ་གཞུ་བར་བྱའོ། །དེ་ནས་འཛག་པར་བྱེད་དོ། །དེ་འཐུངས་ནས་མི་སྣང་བར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཉ་དང་བཅས་པའི་ཆུ་བོར་ཞུགས་ཏེ་དྲི་ཞིམ་པོའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། གོས་ཟུང་སོ་སོར་རྙེད་དོ། །གྲོང་དུ་ཞུགས་ནས་བརྒྱད་བརྒྱ་བཟླས་པར་བྱ་སྟེ་མཛེས་པའི་བཟའ་བ་ཐོབ་པར་བྱེད་དོ། །ལན་ཚྭ་དང་བསྲེས་པའི་ཆུ་ལ་བརྒྱད་བརྒྱར་མངོན་པར་སྔགས་པས་གཟེར་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །བུད་མེད་བུ་མ་ཐོན་པ་ལ་ཆུ་ལ་ལན་བརྒྱད་བརྒྱར་མངོན་པར་སྔགས་ནས་སྦྱིན་ནོ། །བདེ་བར་བཙའ་བར་བྱེད་དོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔའི་བར་དུ་ཉི་མ་རེ་རེ་ལ་སྟོང་ཕྲག་འཕེལ་བར་བྱས་ནས་བཟླས་པར་བྱའོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་ཏེ་རིལ་བུའི་སྦྱོར་བས་རིལ་བུ་རྣམས་བསྒྲུབས་ནས་ཁར་བཅུག་ན་མི་སྣང་བར་འགྱུར་རོ། །མྱ་ངན་མེད་པའི་མེ་ཏོག་དང་། ཀྲྀཥྞ་སཱ་རའི་མཁྲིས་པ་དང་། དུར་བའི་སྙིང་དང་། སོ་དྲི་ཡའི་སོལ་བ་རྣམས་ལྷན་ཅིག་ཆ་མཉམ་པར་བྱས་ནས་རྒྱལ་གྱི་ལྕགས་ཀྱིས་དཀྲིས་ཏེ་སླར་ཡང་ལྕགས་གསུམ་གྱིས་དཀྲིས་པར་བྱས་ནས་རས་རིས་ཀྱི་སྤྱན་སྔར་བསྒྲུབ་པར་བྱའོ། །ཁར་བཅུག་ནས་ཀུན་ཏུ་གནས་པས་དང་པོར་འཆིང་བ་ལས་གྲོལ་བར་བྱའོ། །སྤྲ་ཚིལ་ལས་བྱུང་བའི་སྐྱེས་པའམ། བུད་མེད་ཀྱི་གཟུགས་བརྙན་བྱས་ནས་རྣམ་པར་དབེན་པའི་ཕྱོགས་སུ་མེ་རབ་ཏུ་སྔར་ནས་བརྒྱད་བརྒྱར་མངོན་པར་སྔགས་ནས་གཞུ་བར་བྱ་སྟེ་མྱོས་བྱེད་ཀྱི་ཚེར་མས་ངེས་པར་གདབ་པར་བྱ་ཞིང་དབང་དུ་འགྱུར་ཏེ་གང་དོན་དུ་གཉེར་བ་དེ་རྙེད་དོ། །དཀར་པོའི་ཉ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་དྲི་ཞིམ་པོའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་ཀཱར་ཥཱ་པ་ཎ་ལྔ་རྙེད་དོ། །ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་ཏེ་གཟུགས་བརྙན་གྱི་མདུན་དུ་པྲི་ཡང་ཀུའི་ཤིང་གིས་མེ་རབ་ཏུ་སྦར་ནས་བེ་ཀངྐ་ཏའི་ཡམ་ཤིང་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། ནོར་ཐམས་ཅད་ཐོབ་པར་བྱེད་དོ། །དཀར་པོའི་བརྒྱད་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་བྱ་རོག་འཕུར་གྱི་བར་དུ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དོང་ཙེ་བཅུ་རྙེད་དོ། །མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ནག་པོའི་བཅུ་བཞི་པ་ལ་གུ་གུལ་གྱི་བདུག་པ་བསྲེགས་ཏེ་པཱ་ལའི་མེ་སྦར་ནས་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་ཀ་ར་བའི་རའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་མེ་ཐབ་ཏུ་པདྨའི་ཚད་ཀྱི་ཀ་ར་བཱི་ར་ལངས་ཏེ་ཀ་ར་བཱི་རའི་དབུས་སུ་དེའི་མདོག་ཅན་གྱི་ལྡོང་རོས་མཐོང་སྟེ་སྔགས་ཟློས་ཤིང་བླང་བར་བྱའོ། ། ཡིད་ཀྱིས་བླངས་པ་ཙམ་གྱིས་ཉི་མ་འཆར་བའི་མདོག་ཅན་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་རིག་པ་འཛིན་པར་འགྱུར་ཏེ་རླུང་གི་ཤུགས་དང་བཅས་པ་འདོད་པ་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ། །ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བའི་འཆི་བ་ཤེས་པར་བྱེད་པ་དང་། གལ་ཏེ་སླར་ཡང་སྒྲུབ་པ་བྱེད་ན་ཚེ་ཉིས་འགྱུར་དུ་འགྱུར་རོ། །ཁང་སྟོང་དུ་ཞུགས་ཏེ་ཕྱོགས་གཙང་མར་རས་རིས་བཞུགས་སུ་གསོལ་ནས་མི་སྨྲ་བར་འོ་མ་དང་། ནས་ཟན་ཟ་ཞིང་ཕྱོགས་གཅིག་ཏུ་བཟླས་པར་བྱའོ། ། དེ་ནས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་གཏོར་མ་ཆེས་རྒྱ་ཆེན་པོ་ཕུལ་ཏེ་སྐྱིལ་མོ་ཀྲུང་བཅིངས་ནས་ཇི་སྲིད་འོད་ཟེར་འབྱུང་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་མཐོང་ནས་མཚམས་མེད་པ་ལྔའང་ཟད་པར་ཉེ་བར་འགྲོའོ། །དེ་ནས་གྲུབ་པར་འགྱུར་ཏེ་ཀུན་ནས་རྒྱལ་སྲིད་ཆེན་པོ་ཆེན་པོ་རྙེད་དོ། །ཕྱིར་རྒོལ་བ་མེད་པར་འགྱུར་རོ། །གི་ཝང་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པ་བྱས་ནས་བདུག་པས་བདུགས་ཏེ་བར་མ་ཆད་པར་འཇོག་ཏུ་བཅུག་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་སྨྲ་བའི་མཆོག་ཏུ་འགྱུར་རོ། །ཐམས་ཅད་ཀྱང་འདིའི་དབང་དུ་འགྱུར་རོ། །མ་གྱུར་ནའང་དེ་དབང་དུ་བྱེད་པ་ལ་ཁྱིམ་དུ་དཀྱིལ་འཁོར་ཉེ་བར་བྱུགས་ཏེ་རྐང་འཐུང་ཨ་བ་ཨ་བཱི་ཡ་ལག་པ་གཡོན་པས་སྲེག་བླུགས་སྟོང་སྦྱིན་སྲེག་གྱིས་ཤིག་། དབང་དུ་འགྱུར་རོ། །ཐུན་མོང་བའི་བུད་མེད་དབང་དུ་བྱེད་པ་ལ་ལན་ཚྭས་གཟུགས་བརྙན་བྱས་ནས་ལག་པ་གཡོན་པས་སྦྱིན་སྲེག་གྱིས་ཤིག་།དབང་དུ་འགྱུར་རོ། །འབངས་མོ་དབང་དུ་བྱེད་པ་ལ་པུནྣཱ་གའི་གེ་སར་དང་། ནས་དང་། གྲོ་དང་། ཤ་རྣམས་གཅིག་ཏུ་བྱས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།དབང་དུ་འགྱུར་རོ། ། འབྲས་སཱ་ལུ་བཏགས་པ་ལས་བྱུང་བའི་གཟུགས་བརྙན་བྱས་ནས་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་གྱིས་ཤིག་།དབང་དུ་འགྱུར་རོ། །རྣ་བའི་མིག་སྨན་བླངས་ནས་མཆོད་རྟེན་གཅིག་དང་། ཨ་ཤྭཏྠའི་འདབ་མའི་ནང་དུ་གཏུམས་ཏེ་སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པས་མིག་ལ་བསྐུ་བར་བྱའོ། །གང་ལུང་ཕོག་པ་དེ་དབང་དུ་འགྱུར་རོ། ། ཕུག་གི་སྒོར་འབུམ་ཟློས་ཤིག་།འཁྲུལ་འཁོར་ལྟུང་བར་བྱེད་དོ། །བ་ལང་གི་གནས་སུ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་བཞུགས་ནས་འབུམ་ཟློས་ཤིག་། དོང་ཙེ་འབུམ་སོ་སོར་རྙེད་དོ། །ཀླུའི་གནས་སུ་རས་རིས་བཞུགས་ནས་སྲུང་བའི་ཆོ་ག་བྱས་པས་ཛམ་བུའི་ཤིང་གི་མི་སྦར་ནས་མངར་གསུམ་གྱི་གཏོར་མ་བྱིན་ཏེ་ཀླུ་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་བྲམ་ཟེའི་གཟུགས་ཅན་གྱི་ཀླུ་འོང་བར་བྱེད་དོ། །དེའང་ཅི་བགྱི་ཞེས་སྨྲ་བར་བྱེད་དོ། །ཉི་མ་རེ་རེ་ལ་དོང་ཙེ་བདུན་བདུན་རབ་ཏུ་སྩོལ་ཅིག་ཅེས་བརྗོད་པར་བྱའོ། །དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་འགྱུར་རོ། །ཉི་མ་རེ་རེ་ལ་དོང་ཙེ་བདུན་བདུན་སྩོལ་བར་བྱེད་དོ། ། ལྷག་མ་མེད་པར་ཟད་པར་བྱའོ། །ཕྱེད་དཀོན་མཆོག་གསུམ་གྱི་ཉེ་བར་སྦྱོར་བའི་ཆེད་དུའོ། །རས་རིས་ཀྱི་སྤྱན་སྔར་ཟླ་བ་གཅིག་ཏུ་བཟླས་པར་བྱའོ། །དོང་ཙེ་སྟོང་ཕྲག་བཅུ་གཉིས་རྙེད་དོ། །དཀར་པོའི་བརྒྱད་པ་ནས་བརྩམས་ཏེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་ཟླ་བ་དྲུག་བཟླས་པར་བྱའོ། །རྒྱལ་སྲིད་སྦྱིན་པར་བྱེད་དོ། །ནག་པོའི་བརྒྱད་པ་ཨ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་གཟུགས་བརྙན་གྱི་སྤྱན་སྔར་བད་ཀན་མཐར་བྱེད་ཀྱི་སྙིང་པོ་བླངས་ནས་སྲད་བུ་དམར་པོས་དཀྲིས་ཏེ་དེ་ནས་བཱ་ལ་ཤའི་ཤིང་གི་མ་ཨེ་སྦར་ནས་ཕུར་བུ་ཅན་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པ་བྱས་ནས་དུམ་བུ་གསུམ་དུ་གཤགས་ཏེ་དུམ་བུ་རེ་རེ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་མེར་གཞུག་པར་བྱའོ། །ཐོ་རངས་དོང་ཙེ་སུམ་བརྒྱ་སོ་སོར་རྙེད་དོ། །དཀར་པོའི་བརྒྱད་པ་ལ་མཚན་མོ་གཅིག་ཏུ་སྨྱུང་བར་གནས་པས་ཨ་ཏི་མུཀྟ་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །ཉི་མ་བདུན་བདུན་དུ་དོང་ཙེ་སྟོང་སོ་སོར་རྙེད་དོ། །ནག་པོའི་བཅུ་བཞི་པ་ལ་མཚན་མོ་གཅིག་སྨྱུང་བར་གནས་པས་མཚན་མོ་ཤིང་བ་ཏྱ་ཊ་ཀའི་རྩ་བ་རྣམས་བསྲེས་པའི་མེ་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དངུལ་སྟོང་སོ་སོར་རྙེད་དོ། །དཀར་པོའི་བདུན་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པ་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་པདྨ་སྟོང་ཕྲག་བཅུ་དབུལ་བར་བྱའོ། །རྒྱལ་སྲིད་སོ་སོར་རྙེད་དོ། །སྐྱེས་པ་དབང་དུ་བྱེད་པ་ལ་ནག་པོའི་བརྒྱད་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་ནག་པོའི་བརྒྱད་པ་ལ་མཚན་མོ་གཅིག་ཏུ་སྨྱུང་བར་གནས་པས་བྱང་ཆུབ་ཤིང་གི་ཤིང་ལ་མེ་རབ་ཏུ་སྦར་ནས་ཀུ་མུ་ད་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། དབང་དུ་འགྱུར་རོ། །བུད་མེད་དབང་དུ་བྱེད་པ་ལ་ནག་པོའི་བཅུ་གཉིས་པ་ལ་སོའུ་གནྟི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་འཕགས་པ་འཇམ་དཔལ་ལ་སྣུན་ཅིག་། དབང་དུ་འགྱུར་རོ། །སྨན་འཆིང་བ་དང་། ཡིད་ཀྱིས་གཉིས་འཐུང་དང་། རྐང་བཞི་པ་རྣམས་ཀྱི་བྲུན་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་རྐེད་པའི་ཕྱོགས་སོ་བཞག་པར་བྱ་སྟེ་ཁུ་བ་འཆིང་བར་བྱས་པར་འགྱུར་རོ། །ཆོས་གོས་ཀྱི་རྣ་བ་ལ་ལན་བདུན་བཟླས་ནས་མདུད་པ་བྱས་ན་དུག་འཆིང་ངོ་། །དུག་གསོ་བ་ལ་ལོ་མས་སོ། །ཕྱག་རྒྱ་དབྱེ་བ་ལ་ཆུས་སོ། །འབེབས་པ་ལ་གུ་གུལ་གྱི་བདུག་པས་སམ། ཆུས་གདོན་འཆིང་ངོ་། །སོར་མོ་ལ་ཡོངས་སུ་བཟླས་ནས་སྡིགས་པར་བྱེད་པ་དེ་དབང་དུ་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་བརྒྱད་བརྒྱ་བཟླས་པར་བྱའོ། །རྨི་ལམ་དུ་ཇི་ལྟར་འབྱུང་བ་བཞིན་སྟོན་པར་བྱེད་དོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་དེའི་སྤྱན་སྦར་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཨ་པཱ་མརྒ་དཀར་པོ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་རྣམས་བིལ་བའི་ཤིང་གིས་མེ་རབ་ཏུ་སྦར་ནས་འབུམ་སྦྱིན་སྲེག་བྱའོ། །རྒྱལ་སྲིད་སོ་སོར་རྙེད་དོ། །མ་གྲུབ་ན་གྲོང་བསྡུས་པ་སྟོང་སོ་སོར་རྙེད་དོ། །རས་རིས་ཀྱི་སྤྱན་སྔར་གི་ཝང་ངམ། ལྡོང་རོས་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པ་བྱས་ནས་བསྐུས་ཏེ་དགྲ་བོ་རྣམས་ཀྱི་ནང་དུ་ཞུགས་ན་འཇིགས་པར་མི་འགྱུར་རོ། །དགྲ་བོ་རྣམས་ཀྱིས་གནོད་པར་མི་འགྱུར་རོ། །འབེབས་པ་ལ་མེ་ཏོག་དཀར་པོ་དང་བཅས་པའི་ཆུ་དྲོན་ལ་ལན་གསུམ་བཟླས་པ་དང་། ཀ་ར་བཱི་རའི་མེ་ཏོག་ལ་ལན་གསུམ་བཟླས་པས་འབེབས་པ་ལ་བསྣུན་པར་བྱའོ། །འདས་པ་དང་། མ་འོངས་པ་སྟོན་པར་བྱེད་དོ། །འཆིང་བ་ནི་སེ་གོལ་གྱི་ཕྱག་རྒྱས་ཤིས་པར་བྱེད་དོ། །མིག་སྨན་སྒྲུབ་པར་འདོད་པས་དཔའ་བོའི་རིན་གྱིས་ཉོས་པའི་སོའུ་བི་རའི་མིག་སྨན་སྤང་གཅིག་བླངས་ནས་བྲམ་ཟེའི་བུ་མོ་ཁ་བྱང་དུ་བ་ལྟས་པས་བ་བྱུང་ལྔས་འཐག་ཏུ་གཞུག་པར་བྱའོ། །མིང་མེད་ཀྱི་སོར་མོས་རིལ་བུ་བཞི་བྱས་ནས་ཕྱོགས་བརྒྱད་ཀྱིས་རབ་ཏུ་སྦར་ཏེ་ཆོ་ག་འདི་ཉིད་ཀྱིས་མར་དང་། སྲ་རྩི་པོག་སྲེག་ཅིང་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །གྲོང་གི་མཆོག་བཅུ་རྙེད་དོ། །ཆོ་ག་འདི་ཉིད་ཀྱིས་མཆོད་རྟེན་བྱས་ནས་ཙནྡན་གྱིས་བཏགས་པའི་པདྨ་སྟོང་ཕྲག་བརྒྱད་དབུལ་བར་བྱའོ། །ཡུལ་གྱི་བདག་པོ་ཉིད་སྟོང་སོ་སོར་རྙེད་དོ། །བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་བྱས་ནས་བདུག་པ་བསྲེགས་ཏེ་ཙམ་པ་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་གསེར་སོ་སོར་རྙེད་དོ། །བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་བྱས་ཏེ་མེ་ཏོག་གི་གེ་སར་སྟོང་ཕྲག་བརྒྱད་དབུལ་བར་བྱ་སྟེ་གོས་སྟོང་སོ་སོར་རྙེད་དོ། །དེ་བཞིན་དུ་མེ་ཏོག་ཐམས་ཅད་ཀྱི་འདོད་པའི་ཆོ་གའོ། །དུར་ཁྲོད་ནས་རོ་བསྲེགས་པའི་ཐལ་བ་བླངས་ཏེ་ཟླ་བ་ཉ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་མིང་མེད་ཀྱི་སོར་མོའི་ཁྲག་གི་ཟླུམ་པོ་བྱས་ནས་གཟུགས་བརྙན་བྲིས་ཏེ་རྐང་པ་གཡོན་པས་མནན་ནས་སྟོང་ཟློས་ཤིག་། རིགས་བརྒྱུད་དང་བཅས་པ་དབང་དུ་བྱེད་དོ། ། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱི་མཆོད་རྟེན་བྱས་ནས་འབྲས་ཡོས་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་མེ་ལ་སྦྱིན་སྲེག་སྟོང་ཕྲག་བརྒྱད་གྱིས་ཤིག་། གི་ཝང་ལ་སྟོང་དུ་མངོན་པར་སྔགས་པས་ཐིག་ལེ་བྱས་ན་གང་མཐོང་བ་དང་། གང་རྣམས་མཐོང་བ་དེ་རྣམས་དབང་དུ་བྱེད་དོ། །ཐོ་རངས་ཏུ་རུཥྐའི་ཆུ་ལ་ལན་བདུན་མངོན་པར་སྔགས་པ་བྱས་ཏེ་གདོང་བཀྲུས་པས་གང་མཐོང་བ་དེ་སྦྱིན་པར་བྱེད་དོ། །ཐམས་ཅད་དེ་ཁོ་ན་བཞིན་དུ་ཏིལ་མར་ཟ་བས་ཁྱོར་བའི་ཆུ་ལ་ལན་བདུན་མངོན་པར་སྔགས་པ་བྱས་ཏེ་འཐུངས་ཤིག་། དོན་དུ་མ་གཉེར་བར་བཟའ་བ་རྙེད་དོ། །རྒྱལ་པོའི་ཕོ་བྲང་དུ་རབ་ཏུ་ཞུགས་ཏེ་ཆོས་གོས་དེ་བླངས་ཏེ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ལག་པ་གཡོན་པས་མདུད་པ་བྱས་ནས་ཐོགས་པ་མེད་པར་འགྱུར་རོ། །ཆོམ་རྐུན་གྱི་ནང་དུ་དྲན་པར་བྱེད་ཅིང་བཟླས་པས་འཆིང་བ་གྲོལ་བར་བྱེད་དོ། །གཅོད་པ་དང་། འབུགས་པ་ལག་པའི་སྔགས་རྣམས་ལ་པ་ལཱའི་འབྲུ་དང་། ཀ་ར་བཱི་ར་དཀར་པོ་དང་། ཡུངས་ཀར་རྣམས་ཀྱི་གཟུགས་བརྙན་བྱས་ནས་རས་རིས་ཀྱི་སྤྱན་སྔར་ལག་པ་གཡོན་པས་མནན་ཏེ་སྟོང་ཕྲག་བརྒྱད་ཟློས་ཤིག་། སྔགས་རྣམས་སྤོང་བར་བྱེད་པར་འགྱུར་རོ། །རིམས་གཞོམས་པར་འདོད་པས་གི་རི་ཀརྞི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། ཤཱི་རི་མས་འཇོམས་པར་འགྱུར་རོ། །སེང་ལྡེང་གི་ཡམ་ཤིང་གིས་བརྒྱ་རྩ་བརྒྱད་སྦྱིན་སྲེག་གྱིས་ཤིག་།གདོན་ཐམས་ཅད་གྲོལ་བར་འགྱུར་རོ། །ཐལ་བ་ལ་ལན་བདུན་བཟླས་ནས་གཞན་གྱིས་གསང་སྔགས་སྒྲུབ་པར་བྱེད་དོ། །ཆུ་ལ་ལན་གཅིག་བཟླས་པས་གྲོལ་ལོ། །རས་སམ། གྲོ་ག་ལ་བྲིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་ཕ་རོལ་གྱི་དམག་སྡེ་རེངས་པར་འགྱུར་རོ། །ཆུ་དང་། ཕྱེ་ཟ་ཞིང་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་པ་ལ་མཚན་མོ་གསུམ་སྨྱུང་བར་གནས་པས་མཚན་མ་གཅིག་པར་སོང་ནས་ལུས་ཀྱི་གཡས་སུ་རས་རིས་བཞུགས་ཏེ་བཅིང་བར་བྱའོ། །ཁུ་ཚུར་བཅིངས་ནས་ཇི་སྲིད་ཁུ་བ་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །འཆིང་བར་བྱེད་དོ་ཞེས་གསུམ་པ་ལ་ཁུ་ཚུར་སྒྲུབ་པར་འགྱུར་རོ། །ཁུ་ཚུར་བྱས་ན་མི་སྣང་ངོ་། །ལོ་བདུན་བརྒྱར་འཚོ་བར་འགྱུར་རོ། །དབང་ཕྱུག་ཆེན་པོའང་ཅི་བགྱིར་འགྱུར་རོ། །ཕྱོགས་གཙང་མར་རས་རིས་བཞུགས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་གཟུགས་བརྙན་བྱས་ཏེ་ཆོ་ག་བཞིན་དུ་མངོན་པར་མཆོད་ནས་བིལ་བའི་ཡམ་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། བཅོམ་ལྡན་འདས་འཇམ་དཔལ་གྱི་དཔྲལ་བ་ནས་འོད་ཟེར་བྱུང་ངོ་། །དེ་ནས་གྲུབ་པར་འགྱུར་བ་སྟེ་རྫས་སམ། གསེར་དཔག་ཏུ་མེད་པ་རྙེད་དོ། །ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་ཀ་ར་ཕཱི་རའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།དེ་ནས་ཀ་ར་བཱི་རའི་མེ། ཏོག་གཅིག་བླངས་ནས་ཀླུའི་གནས་སུ་སོང་སྟེ་མེ་ཏོག་ཀླུ་མཚོ་བྲན་དུ་བུག་ལ་སྔགས་བཟླས་པར་བྱའོ། །ཀླུ་མོ་དང་བཅས་པ་དབང་དུ་འགྱུར་རོ། །གང་རོམ་དུ་གཉེར་བ་དེ་ཐོབ་པར་བྱེད་དོ། །ཉིན་མཚན་དུ་སྨྱུང་བར་གནས་པས་ནག་པོའི་བཅུ་བཞི་པ་ལ་ལམ་སུམ་མདོར་མཆོད་པ་བྱས་ནས་ཉེ་བར་འདུག་སྟེ་སྲན་མའི་ཚད་ཀྱིས་ལྡོང་རོས་ཀྱི་རིལ་བུ་བྱས་ནས་ཁར་བཅུག་ཏེ་ཇི་སྲིད་ཁ་གས་པ་དེ་སྲིད་དུ་བཟླས་པར་བྱའོ། །ལྡོང་རོས་གྲུབ་པར་འགྱུར་ཏེ་དཔྲལ་བར་ཐིག་ལེ་བྱས་པས་མི་སྣང་ངོ་། །འདོད་པའི་གཟུགས་ཅན་ལོ་ལྔ་བརྒྱར་འཚོ་བར་བྱེད་དོ། །ནག་པོའི་བརྒྱད་པ་ལ་ཁྲིའི་ཚོགས་ཅན་བླངས་ནས་གཞན་མོའི་བརྒྱད་པ་ལ་ཁྲོ་ཚོགས་ཅན་ལ་རྩེ་གསུམ་བྱེད་དུ་གཞུག་གོ་།གཞན་པའི་ནག་པོའི་བརྒྱད་པ་ཨ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་དུར་ཁྲོད་དུ་སོང་ནས་རྩེ་གསུམ་ལ་མཆོད་པ་ཆེན་པོ་བྱས་ནས་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ་ལག་པ་གཡས་པས་རྩེ་གསུམ་བླངས་ནས་ཇི་སྲིད་རྩེ་གསུམ་ལས་འོད་ཟེར་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་གྲུབ་པར་འགྱུར་ཏེ་མཚན་མོ་མ་བརྩིགས་པ་རུ་ལྷའི་ཁྱིམ་འབྱུང་སྟེ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་བུད་མེད་འབྱུང་ངོ་། །འཁོར་གྱི་སྐྱེས་བུ་མང་པོའང་དགོད་པ་དང་། སྒེག་པ་ལ་སོགས་པ་རྣམས་ཀྱིས་ཀུན་ཁྱབ་པར་ཉེ་བར་གནས་ཏེ་གང་བསམས་པ་དེ་ཐམས་ཅད་རྙེད་དོ། །ཐོ་རངས་སྟོན་པས་ཐམས་ཅད་འཇོག་གོ་།དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་ཚངས་མའི་ཁུ་བ་ཞོ་གང་ལ་བརྒྱད་བརྒྱར་ཟློས་ལ་འཐུངས་ཤིག་། ཉི་མ་བདུན་གྱིས་ཐོས་པ་འཛིན་པར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་རྣམ་པ་སྣ་ཚོགས་པའི་སྲུང་བ་བྱས་ཏེ་བཟའ་བའི་ཊི་ཀཱ་ལ་ཇི་སྲིད་ཟན་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་གྲུབ་པར་འགྱུར་ཏེ་ཕྱི་ནས་ཟན་འཕོ་བར་བྱེད་དོ། །འབྲུ་ལ་སྐྱེས་པའང་ངོ་། །སྔོན་སྤྱད་པ་བྱས་པས་ལྕགས་གསུམ་ལས་བྱུང་བ་ཨའི་འཁོར་ལོ་སོར་བཅུ་དྲུག་པའི་རྣམ་པ་བྱས་ནས་ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་རྩ་བའི་རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས་འཁོར་ལོ་ཨ་ཤྭཏྠའི་འདབ་མ་བདུན་ལ་བཞག་སྟེ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་བླངས་པ་ཙམ་གྱིས་སྐྲ་ལི་ཞིང་འཁྱིལ་བ་ཉི་མ་འཆར་ཀའི་མདོག་ཅན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བར་འགྱུར་ཏེ་གང་རྣམས་ཀྱི་མཐོང་བ་དེ་རྣམས་དང་ལྷན་ཅིག་འཕུར་བར་འགྱུར་རོ། །འབར་བ་ཅན་ལེགས་པར་མཐོང་བ་བླངས་ནས་ལག་པས་མནན་ཏེ་ལན་བདུན་བཟླས་པ་བྱས་ནས་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། །ཀུ་ཤ་ལས་བྱུང་བའི་འཁོར་ལོ་བྱས་ནས་ལན་བདུན་བཟླས་པ་ཆུར་བཅུག་སྟེ་ཀླུ་རྣམས་ལངས་ནས་ཅི་བགྱི་ཞེས་སྨྲ་བར་བྱེད་དོ། །དོང་ཙེ་འབུམ་བྱིན་ཅིག་ཅེས་བརྗོད་པར་བྱའོ། །སློང་མོ་ཟ་ཞིང་རིའི་རྩེ་མོར་འཛེགས་ཏེ་སྟོང་ཕྲག་བརྒྱ་བཟླས་པར་བྱ་སྟེ་དེ་བཞིན་གཤེགས་པའི་སྐུ་མངོན་དུ་འགྱུར་རོ། །དེ་མཐོང་ནས་འགྲུབ་པར་བྱེད་དོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ནས་ཨརྒའི་མེ་ཏོག་གིས་སྦྱིན་སྲེག་གྱིས་ཤིག་། ཉི་མ་མཆོག་སྤྱན་པར་འགྱུར་རོ། །ཧུ་ཀླུང་དེ་ཉིད་དུ་རྐེད་པ་ནུབ་ཙམ་དུ་ཞུགས་ནས་པིལ་བའི་མེ་ཏོག་རབ་ཏུ་ལྷུག་ཅིག་།མེས་པོས་མཆོག་སྦྱིན་པར་འགྱུར་རོ། ། མནད་ར་བའི་མེ་ཏོག་གིས་སྦྱིན་སྲེག་གྱིས་ཤིག་།དབང་པོས་མཆོག་སྦྱིན་པར་འགྱུར་རོ། །དེ་ཉིད་ཆུ་ལ་མནྡཱ་ར་བའི་མེ་ཏོག་གིས་ནོར་སྦྱིན་མཆོག་སྦྱིན་པར་འགྱུར་རོ། །འབུམ་ཕྲག་གཉིས་བཟླས་པར་བྱའོ། །རྒྱལ་པོར་འགྱུར་བར་བྱེད་དོ། །འབུམ་ཕྲག་གསུམ་བཟླས་པར་བྱའོ། །སེམས་ཅན་ཐམས་ཅད་འགུགས་པར་བྱེད་དོ། །རྒྱ་མཚོར་འགྲོ་བའི་ཆུ་ཀླུང་དུ་ཞུགས་ཏེ་མྱ་ངན་མེད་པའི་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱ་བླུགས་པར་བྱའོ། །མཚན་མོ་བདུན་གྱིས་གནོད་སྦྱིན་མོ་རྣམས་འགུགས་པར་བྱེད་དོ། ། ཤིང་ལ་མི་སྨྲ་བར་ཟླ་བ་དྲུག་ཏུ་བཟླས་པར་བྱའོ། །མངོན་པར་འདོད་པའི་རྫས་སོ་སོར་རྙེད་དོ། །རྒ་ལས་བྱུང་བའི་རྒྱལ་པོའི་གཟུགས་བརྙན་སོར་དྲུག་པ་བྱས་ནས་ཁ་དོག་མ་འདྲེས་པས་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་འདྲིར་གཞུག་པར་བྱའོ། །དཀྱིལ་འཁོར་བའི་རྒྱལ་པོར་འགྱུར་རོ། །ཡང་ན་རིག་པ་འཛིན་པ་ཉིད་དོ། །རས་རིས་ཀྱི་སྤྱན་སྔར་མི་སྨྲ་བར་ཟླ་བ་དྲུག་དུ་ལག་པ་གཡོན་པ་ལ་མངོན་པར་སྔགས་ནས་ཁྲི་ཡོངས་སུ་བཟླས་ཏེ་ཉེ་བར་གྱུར་པའི་གཏེར་འབུམ་འབྱུང་ངོ་། །འབྲས་ཡོས་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བཅུ་དང་། ཨ་པཱ་མརྒའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བཅུ་སྦྱིན་སྲེག་གྱིས་ཤིག་།གསེར་སྟོང་ཕྲག་བཅུ་སོ་སོར་རྙེད་དོ། །གི་ཝང་བླངས་ཏེ་རིལ་བུ་བྱས་ནས་ལྕགས་གསུམ་གྱིས་དཀྲིའོ། །དེ་ནས་གཙང་ཞིང་དཀར་བའི་གོས་བགོས་ཏེ་དུར་ཁྲོད་དུ་སོང་ནས་དྲི་དང་། བདུག་པ་དང་། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་ཏེ་རིལ་བུ་ཐོད་པ་ཁ་སྦྱར་དུ་བཞག་ནས་ཇི་སྲིད་འཇིགས་པའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །འཇིགས་པར་མི་འགྱུར་གྲོགས་རྣམས་ལ་བགོས་ནས་ཡང་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །ལོ་སྟོང་ཕྲག་བཅུར་འཚོ་བར་འགྱུར་རོ། །ཕག་གི་མིག་བླངས་ནས་ཕྱུགས་དང་ལྷན་ཅིག་གཞོན་ནུ་མའི་ལག་པས་བཏབ་བར་བྱའོ། །རིལ་བུ་བྱས་ནས་ལྕགས་གསུམ་གྱིས་དཀྲིས་ཏེ་ལག་པ་ཁ་སྦྱར་དུ་བཞག་ནས་དབང་ཕྱུག་ཆེན་པོའི་སྐུའི་གཡས་ཕྱོགས་སུ་ཁམ་ཕོར་ཁ་སྦྱར་དུ་བཞག་སྟེ་ལག་པ་གཡས་པས་མནན་ནས་ཇི་སྲིད་ཤི་ཏའི་སྒྲ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། རིག་པ་བཟླས་ཏེ་གྲོགས་རྣམས་ལའང་བྱིན་ནས་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །བསྒྲུབ་པར་བྱ་བ་ཐམས་ཅད་ཀུན་ཏུ་དགའ་བ་དང་། ལོ་སྟོང་ཕྲག་ཏུ་འཚོ་བར་བྱེད་དོ། །པདྨ་གེ་སར་དང་། མིག་སྨན་དང་། ལྡོང་རོས་ཀྱང་རུང་སྟེ་ཆ་མཉམ་པར་བྱས་ནས་གསོ་སྦྱོང་ཅན་གྱི་བུ་མོའི་ལག་པས་བཏབ་པར་བྱའོ། །ལྕགས་གསུམ་གྱིས་དཀྲིས་པ་བྱས་ནས་སྔོན་སྤྱད་པ་བྱས་པ་རྒྱལ་པོའི་སྦྱོར་བས་དབང་ཕྱུག་ཆེན་པོའི་སྐུའི་གཡས་སུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཕུལ་ནས་དྲི་དང་། མེ་ཏོག་དང་། བདུག་པ་རྣམས་ཀྱིས་མཆོད་པ་བྱས་ཏེ་ཁམ་ཕོར་ཁ་སྦྱར་དུ་བཞག་ནས་ལག་པ་གཡས་པས་མནན་ཏེ་ཇི་སྲིད་ཁ་ཊ་ཁ་ཊ་ཞེས་སྒྲོགས་པ་དེ་སྲིད་དུ་བཟླས་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་གཅིག་ཕུལ་ནས་གྲོགས་རྣམས་ལའང་བགོས་ཏེ་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །ལོ་སྟོང་དུ་འཚོ་བར་བྱེད་དོ། །སྔོན་སྤྱད་པ་བྱས་པས་འོ་མ་དང་། ནས་ཟན་ཟ་ཞིང་རིའི་རྩེ་མོར་རས་རིས་བཞུགས་ནས་འབུམ་བཟླས་པར་བྱའོ། །དེ་ནས་གསོ་སྦྱོང་ཅན་གྱིས་གྲོག་མཁར་གྱིས་རྟག་ཏུ་བླངས་ནས་འོ་མས་སྦྱར་ཏེ་འཇམ་པར་བྱས་ནས། བདེ་བར་གཤེགས་པའི་མཐོ་གང་གི་ཚོད་ཀྱི་ངང་པ་བྱའོ། །རི་མོ་མཁན་གསོ་སྦྱོང་ཅན་གྱིས་ཁ་དོག་མ་འདྲེས་པ་འདྲིར་གཞུག་པར་བྱའོ། །དེ་ནས་རྣམ་པར་དབེན་པའི་ཕྱོགས་སུ་རས་རིས་བཞུགས་ནས་དྲི་དང་། མེ་ཏོག་དང་། བདུག་པས་མངོན་པར་མཆོད་དེ་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་ནས་གོས་གཙང་མ་བགོས་པས་རས་རིས་ཀྱི་སྤྱན་སྔར་ཇི་སྲིད་ངང་པ་གཡོ་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་རིག་པ་འཛིན་པས་སྔར་ཡོངས་སུ་བཟླས་པའི་གཞན་གྱིས་མི་ཐུབ་པའི་མེ་ཏོག་མཆོད་ཡོན་དབུལ་པར་བྱའོ། །སླར་ཡང་བརྒྱད་བརྒྱར་བཟླས་པར་བྱའོ། །ཐམས་ཅད་འོང་བར་བྱེད་དེ་འཇིགས་པར་མི་བྱའོ། །སྔགས་བཟླས་པའི་རྨ་བྱས་རེག་པར་བྱའོ། །ཅི་བགྱི་ཞེས་སྨྲ་བར་བྱེད་དོ། །ལུས་ཀྱི་ནང་དུ་སོན་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་སྒྲུབ་པ་པོའི་ལུས་སུ་མི་སྣང་བར་འགྱུར་རོ། །སྐད་ཅིག་དེ་ཉིད་ལ་སྐྲ་ལི་ཞིང་འཁྱིལ་བ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ། ཉི་མ་འཆར་ཀའི་མདོག་ལྟར་སྣང་བ། ཐོགས་པ་མེད་པར་འགྲོ་བར་བྱེད་དོ། །གང་མཐོང་བ་དང་། ལྟ་བར་བྱེད་པ་དེ་དང་ལྷན་ཅིག་འཕུར་བར་འགྱུར་རོ། ། རིག་པ་འཛིན་པ་ཐམས་ཅད་འདིའི་དབང་དུ་འགྱུར་ཏེ་བསྐལ་པར་གནས་ཤིང་གང་གི་ཚེ་འཆི་བ་དེའི་ཚེ་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །སྔོན་སྤྱད་པ་བྱས་པས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་འབུམ་ཕྲག་ལྔ་བཟླས་པར་བྱའོ། །གསོ་སྦྱོང་ཅན་གྱིས་མི་སྨྲ་བར་ཐོག་ཕོག་པའི་ཤིང་བླངས་ནས་འོ་མར་ཉིན་ཞག་བདུན་དུ་གཞུག་པར་བྱའོ། །དེ་ནས་ཕྱུང་སྟེ་ས་དཀར་པོ་དང་། ཙནྡན་གྱི་ཆུས་མཉེས་པས་ཇི་སྲིད་རྡོ་རྗེ་ཕོག་པའི་ཤིང་འཁྲུར་གཞུག་པར་བྱའོ། །དེ་ནས་སྒྲུབ་པ་པོ་གསོ་སྦྱོང་ཅན་གྱིས་བཟོ་བོས་སེངྒེ་བྱེད་དུ་གཞུག་པར་བྱའོ། །དེ་ནས་རྒྱུ་སྐར་སྣར་མ་ལ་དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་བྱས་ནས་དགེ་འདུན་གྱིས་བསྟན་པའི་སློང་མོ་བཟའ་བར་བྱའོ། །རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས་རྣམ་པ་སྣ་ཚོགས་པའི་གཏོར་མ་དབུལ་བར་བྱའོ། །དེ་ནས་སྒྲུབ་པ་པོ་གཙང་མས་གོས་གཙང་མ་བགོས་ཏེ་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་པས་ལག་པ་གཡས་པས་སེངྒེ་མནན་ཏེ་ཇི་སྲིད་སེངྒེ་གཡོ་བར་བྱེད་པ་དེ་སྲིད་དུ་བཟླས་པར་བྱའོ། །གཡོས་པ་དང་། རྣམ་པ་སྣ་ཚོགས་པའི་མཚན་མ་སྐྱེ་སྟེ་འཇིགས་པར་མི་བྱེད་དོ། །དེ་ནས་རིག་པ་འཛིན་པས་ལན་བདུན་མངོན་པར་སྔགས་པའི་ཡུངས་ཀར་རྣམས་ཀྱིས་སེངྒེ་ལ་གཞུ་བར་བྱའོ། །སེངྒེ་སྒྲ་ཆེན་པོ་སྒྲོགས་པར་བྱེད་དོ། །སྒྲུབ་པ་པོའང་མ་བསམས་པར་དགོན་པ་ལས་འདའ་བར་མི་འགྱུར་རོ། །དེ་ནས་སྒྲུབ་པ་པོས་ལན་བདུན་བརྗོད་ནས་སེངྒེ་ལ་འཇོགས་ཏེ་རིག་པ་འཛིན་པ་ཐམས་ཅད་ཀྱང་འདུས་ན་སེངྒེ་ལ་ཞོན་ཏེ་འཁོར་དང་བཅས་པ་འཕུར་བར་འགྱུར་རོ། །ཡིད་ཀྱིས་རླུང་ལྟར་འགྲོ་བ་དང་། རིག་པ་འཛིན་པའི་འཁོར་དུ་མ་དང་། བསྐལ་པར་གནས་ཤིང་གང་གི་ཚེ་འཆི་བ་དེའི་ཚེ་གང་དུ་འདོད་པར་སྐྱེ་བར་འགྱུར་རོ། །སེངྒེའི་སྒྲུབ་ཐབས་སོ། །ནོར་སྒྲུབ་པར་བྱེད་པར་འདོད་ན་དཀར་པོའི་ཟླ་བ་ཉ་ནས་བརྩམས་ཏེ་མི་སྨྲ་པར་འོ་མ་དང་། ནས་ཟན་ཟ་ཞིང་ཇི་སྙེད་ཕྱི་མ་ཟླ་བ་གསུམ་གྱི་བར་དུ་རས་རིས་ཀྱི་སྤྱན་སྔར་འབུམ་བཟླས་པར་བྱའོ། །དེ་ནས་རས་རིས་གཡོ་བར་འགྱུར་རོ། །ཡང་དེ་བཞིན་གཤེགས་པའི་གཟུགས་བརྙན་གཡོ་བར་བྱེད་དོ། །ནོར་གྱི་དངོས་གྲུབ་ཆེན་པོར་འགྱུར་རོ། །ནཱི་ལ་ཊ་ཀ་ལ་བརྒྱད་བརྒྱར་མངོན་པར་སྔགས་ཏེ་མདུད་པ་བྱའོ། །གྱད་གཡུལ་དུ་རྒྱལ་བར་འགྱུར་རོ། །ཐལ་བ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་སྤྱི་བོར་བཞག་པར་བྱས་ན་གཡུལ་དུ་རྒྱལ་བར་འགྱུར་ཏེ་གྱད་ཀྱི་དངོས་གྲུབ་བོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས་འོ་མ་དང་ལྷན་ཅིག་ཟངས་ཀྱི་སྣོད་དུ་བཞག་སྟེ་བརྒྱད་བརྒྱར་མངོན་པར་བཟླས་པ་བྱས་ནས་འཐུངས་ཤིག་།དེ་བཞིན་དུ་ཉི་མ་བདུན་གྱིས་ཐོས་པ་འཛིན་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས་འོད་ཟེར་བྱུང་སྟེ་སྒྲུབ་པ་པོས་བསྐོར་བ་བྱས་ནས་སྟེང་དུ་འགྲོ་སྟེ་རིག་པ་འཛིན་པར་འགྱུར་རོ། །འདོད་པའི་གཟུགས་ཅན་ལོ་བརྒྱ་སྟོང་ཕྲག་གསུམ་དུ་འཚོ་བར་བྱེད་དོ། །ནག་པོའི་བརྒྱད་པ་ལ་མཚན་མོ་གཅིག་སྨྱུང་བར་གནས་པས་གཟུགས་བརྙན་གྱི་མདུན་དུ་གི་ཝང་བཞག་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེའི་ཚེ་བླང་བར་བྱ་སྟེ་བླངས་པ་ཙམ་ལ་སྲེད་མེད་ཀྱི་བུའི་སྟོབས་སུ་འགྱུར་ཏེ་གཞན་གྱི་མཚོན་ཆ་རྣམས་མཐུ་མེད་པར་འགྱུར་རོ། །གང་ཕྲེང་བ་དང་ལྡན་པ་དེ་གནས་པས་ལོ་སུམ་བརྒྱ་འཚོ་བར་བྱེད་དོ། །ནག་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བ་ཨར་གནས་པས་རས་རིས་ཀྱི་སྤྱན་སྔར་བིལ་བའི་ཤིང་གིས་མེ་རབ་ཏུ་སྦར་ནས་བེ་ཀངྐ་ཏའི་ཡམ་ཤིང་ལ་ཚ་བའི་ཏིལ་མར་གྱིས་བཏགས་པ་སྟོང་ཕྲག་བརྒྱར་སྦྱིན་སྲེག་གྱིས་ཤིག་། དོང་ཙེ་གཅིག་རྙེད་དོ། །དཀར་པོའི་བཅུ་གསུམ་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་ས་ལས་བྱུང་བའི་འདོད་པའི་ལྷ་བྱས་ནས་དེའི་ཁར་འབྲས་ཐུག་པོ་ཆེའི་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག་། ཉི་མ་བདུན་ལ་གནག་བུ་མོ་འདོད་པ་དེ་དབང་དུ་འགྱུར་རོ། །ནག་པོའི་བཅུ་བཞི་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་དུར་ཁྲོད་དུ་སོང་སྟེ་ས་ལ་མ་ལྷུང་བའི་བ་ལང་གི་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུག་པ་བྱས་ནས་མ་ཉམས་པའི་ཐོད་པ་བླངས་ཏེ་ཙནྡན་དམར་པོའི་ཆུས་བཀྲུས་ནས་མེ་ཏོག་དམར་པོ་དང་། དྲི་དང་། མེ་ཏོག་གིས་མངོན་པར་མཆོད་ཅིང་དེ་ནས་ཐོད་པ་ལ་ཉེ་བར་འདུག་སྟེ་གསང་སྔགས་བཟླས་པས་དགུག་པར་བྱའོ། །ཇི་སྲིད་ཐོད་པ་གཡོ་བར་གྱུར་པ་དེ་སྲིད་དུའོ། །དེའི་ཆེ་གྲུབ་པར་འགྱུར་རོ། །དེའི་ཚེ་སེན་མོས་གང་བཀུག་པ་དེ་འོང་སྟེ་གང་བརྗོད་པ་དེ་བྱེད་དོ། །ཞི་བར་བྱེད་པར་འདོད་ན་རས་རིས་ཀྱི་སྤྱན་སྔར་པདྨ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།ཞི་བར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་མཱ་ལ་ཏིའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།ཞི་བར་འགྱུར་རོ། །སྔོན་སྤྱད་པ་བྱས་པ་ནག་པོའི་བཅོ་ལྔ་པ་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་མཆོད་པ་ཆེན་པོ་བྱས་ཏེ་གཏོར་མ་རྒྱ་ཆེན་པོ་དབུལ་བར་བྱའོ། །ཕྱི་རོལ་ཏུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་ཏེ་དེ་ནས་ནཱ་ག་གེ་སར་གྱི་ཕྱེ་མས་གཟུགས་བརྙན་བྲིས་ཤིག་། དཀྱིལ་འཁོར་བཅིང་བའང་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཇི་སྲིད་དུ་སྐར་མདའ་ལྟུང་བ་དེ་སྲིད་དུ་བཟླས་པར་བྱའོ། །སླར་ཡང་ཇི་སྲིད་རས་རིས་འགུལ་བ་དེ་སྲིད་དུ་བཟླས་པར་བྱའོ། །དངོས་གྲུབ་ཀྱི་མཚན་མ་གཞན་རྣམས་ཀྱང་འབྱུང་སྟེ་དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་འཕུར་བའི་རིག་པ་འཛིན་པར་འགྱུར་རོ། །འདོད་པའི་གཟུགས་ཅན་དཔག་ཚད་སྟོང་ནས་མཐོང་བར་བྱེད་ཅིང་ཐོས་པར་བྱེད་དོ། རིག་པ་འཛིན་ཐམས་ཅད་ཀྱིས་གནོད་པ་མེད་དོ། །སྔོན་སྤྱད་པ་བྱས་པས་ནག་པོའི་བཅུ་བཞི་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ནས་མ་ཉམས་པའི་ལུས་བླངས་ཏེ་དྲི་དང་། མེ་ཏོག་དང་། བདུག་པས་མངོན་པར་མཆོད་ནས་ལག་པ་གཡས་པས་བྱིན་ཏེ་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །འབར་བ་ཙམ་གྱིས་རིག་པ་འཛིན་པ་སྟོང་གིས་ཡོངས་སུ་བསྐོར་ཏེ་ནམ་མཁའི་མཐིལ་དུ་འཕུར་བར་བྱེད་དོ། །ལོ་བརྒྱད་གཉིས་ལོན་པའི་རྣམ་པ། སྐྲ་ལི་ཞིང་འཁྱིལ་བ། རིག་པ་འཛིན་པ་ཐམས་ཅད་ཀྱིས་གནོད་པ་མེད་པའོ། །འབེབས་པ་ལ་འདུག་པས་སོ། །དུག་འཇོམས་པ་ལ་ཡལ་འདབ་ཀྱིས་སོ། །བདག་ཉིད་སྲུང་བ་ལ་བཟླས་པས་སོ། །དཀར་པོའི་བཅུ་བཞི་པ་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔའི་བར་དུ་གཟུགས་བརྙན་གྱི་སྤྱན་སྔར་གསོ་སྦྱོང་ཅན་གྱིས་དག་པ་གོས་གཙང་མ་བགོས་པས་བཟླས་པར་བྱའོ། །གང་འདོད་པ་དེ་ཐོབ་པར་བྱེད་དོ། །མར་ལ་བརྒྱད་བརྒྱར་མངོན་པར་སྔགས་པར་བྱས་ནས་འཐུངས་ཤིག་། ཉི་མ་བདུན་གྱིས་ཡིད་གཞུངས་པར་འགྱུར་རོ། །རས་རིས་ཀྱིས་སྤྱན་སྔར་མ་ལླི་ཀའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། མཚན་མོ་བདུན་ལ་རྫས་སྐྱེ་བར་འགྱུར་རོ། །དཀར་པོའི་བཅུ་བཞི་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཨུ་དུམ་བཱ་རའི་ཤིང་གིས་མེ་རབ་ཏུ་སྦར་ནས་ཨུ་དུམ་བཱ་རའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པའི་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།དོང་ཙེ་ལྔ་བརྒྱ་རྙེད་དོ། །ནག་པོའི་བཅུ་བཞི་པ་ལ་གསོ་སྦྱོང་ཅན་གྱིས་མར་མེ་སྟོང་ཕྲག་བརྒྱད་སྦར་ནས་མར་མེ་འཁྱིལ་བ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། ཕྱི་ནས་བཟླས་པ་དབུལ་བར་བྱའོ། །དེ་ནས་མིག་ཐོབ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་བཞུགས་ནས་སྟོང་ཕྲག་བརྒྱད་མངོན་པར་སྔགས་པ་བྱས་ཏེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་བ་བྱས་ནས་ཉི་མ་གཅིག་ལ་ཐུན་གསུམ་དུ་ཡོངས་སུ་བཟླས་པ་ལན་བཅུ་གཉིས་སུ་བཟླས་པར་བྱའོ། །རྣ་བ་སོ་སོར་རྙེད་དོ། །ནད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏིང་ངེ་འཛིན་ངེས་པར་སྐྱེས་པའི་ཆོ་གས་རས་སམ། འབྲས་བུ་ཅན་ལ་ཁ་དོག་མ་འདྲེས་པའི་ཚོན་གྱིས་འདྲིར་གཞུག་པར་བྱའོ། །དེའི་སྤྱན་སྔར་མཆོད་པ་ཆེན་པོ་བྱས་ནས་སྟོང་ཕྲག་བརྒྱར་བཟླས་པར་བྱའོ། །ཀུ་ཤའི་སྟན་ལ་འོ་མ་དང་། ནས་ཟན་ཟ་ཞིང་དུས་གསུམ་དུ་ཁྲུས་བྱེད་ཅིང་གཙང་མ་བགོས་པས་ཡན་ལག་བརྒྱད་ལྡན་པའི་གསོ་སྦྱོང་ཅན་གྱིས་ཚེས་གཅིག་ནས་བརྩམས་ནས་ཇི་སྲིད་གཅིག་གི་བར་དུ་བཟླས་པ་དབུལ་བར་བྱའོ། །དེ་ནས་ནད་རབ་ཏུ་ཞི་བར་འགྱུར་རོ། །སྔོན་སྤྱད་པ་བྱས་པའི་འོ་མ་དང་། ནས་ཟན་ཟ་བའམ། བ་ལང་གི་གཅིན་དང་། ནས་ཟན་ཟ་བས་དུས་གསུམ་དུ་ཁྲུས་བྱ་ཞིང་གསོ་སྦྱོང་ཅན་གྱིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་མར་མེ་བརྒྱད་སོ་སོར་སྦར་ཏེ་པདྨ་སྟོང་གིས་མཆོད་པར་བྱའོ། །ནག་པོའི་ཕྱོགས་ལ་བཟླས་པར་བྱའོ། །དཀར་པོའི་ཚེས་གཅིག་ནས་བསྒྲུབ་པར་བྱའོ། །ཟླ་བ་ཉ་ལ་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །གལ་ཏེ་རྒྱལ་པོར་འགྱུར་ན་སྒྲུབ་པ་པོའི་ཁང་པ་འབར་བར་བྱེད་ཅིང་མེ་ཏོག་གི་ཆུན་བུ་གཡོ་བར་བྱེད་ན་དཀྱིལ་འཁོར་བའི་རྒྱལ་པོར་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་ཙནྡན་དཀར་པོས་དཀྱིལ་འཁྲོ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དང་། གཏོར་མའང་ཕུལ་ནས་མེ་ཏོག་གི་གེ་སར་བརྒྱ་ཕྲག་གསུམ་བླངས་ཏེ་བརྒྱད་བརྒྱར་མངོན་པར་སྔགས་པར་བྱས་ནས་མར་གྱི་མར་མེ་གསུམ་སྦར་ཏེ་ཨུ་དུམ་བཱ་རའི་ཡམ་ཤིང་གིས་མེར་རབ་ཏུ་སྦར་ནས་མེ་ཏོག་རེ་རེ་ལ་བརྒྱད་བརྒྱར་མངོན་པར་སྔགས་པར་བྱས་ནས་མར་གྱིས་བྱུགས་ཏེ་སྦྱིན་སྲེག་བྱའོ། །གང་འདོད་པ་དེ་དབང་དུ་འགྱུར་རོ། །མཚན་མོ་བདུན་དུ་དུས་གསུམ་དུ་ཡོངས་སུ་བཟླས་པར་བྱེད་ན་དེའི་མཚམས་མེད་པ་ལྔ་བསྲབས་པར་འགྱུར་རོ། །ཉི་མ་སོ་སོར་བརྒྱད་བརྒྱར་ཟློས་པར་བྱེད་ན་སྡིག་པ་རྣམས་བསྲབས་པར་འགྱུར་རོ། །རྟག་ཏུ་བཟླས་པས་གང་འདོད་པའི་གྲོང་དེ་སོ་སོར་རྙེད་པ་དང་། མིག་གིས་གང་མཐོང་བ་དེ་དབང་དུ་འགྱུར་རོ། །རྩོད་པ་ལས་རྒྱལ་བ་དང་། སྨྲ་བའི་མཆོག་ཏུ་འགྱུར་རོ། །ཏིལ་དང་། མཱ་ཥའི་སྦྱིན་སྲེག་གྱིས་ཤིག་།ནོར་སྐྱེད་པར་བྱེད་དོ། །བ་ཊའི་མྱུ་གུ་ཞོ་དང་། སྦྲང་རྩི་དང་། མར་གྱི་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། དུས་མ་ཡིན་པར་འཆི་བར་མི་འགྱུར་རོ། །རས་རིས་ཀྱི་སྤྱན་སྔར་ཀླུ་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་མི་བདག་དབང་དུ་འགྱུར་རོ། །དེ་ནས་ཡང་ཤཱཀྱ་ཐུབ་པས་སླར་ཡང་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་ཀུན་ཏུ་གཟིགས་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ། ཁྱོད་ཀྱི་རིག་པའི་སྔགས་ཀྱི་ལེའུ་མཐའ་དག་རྣམ་པར་བཀོད་པའི་ཁྱད་པར་གྱི་ཚོགས་སྦྱིན་སྲེག་གི་ལས་རབ་ཏུ་སྦྱར་བས་རིག་པ་སྒྲུབ་པ་པོའི་མེ་ལ་རབ་ཏུ་སྤྱོད་པའི་ཁྱད་པར་གྱི་ཆོ་ག་དང་། གང་དུ་རབ་ཏུ་གནས་པས་རིག་པའི་སྤྱོད་པ་ལ་མངོན་པར་བརྩོན་པའི་སེམས་ཅན་གྱིས་རབ་ཏུ་སྦྱར་བར་བྱ་བ་ཡོད་དེ། དེ་གང་ཞེ་ན། འདིའི་རིག་པའི་སྔགས་ཀྱི་ཚིག་རྣམས་གསུངས་པ། ཏདྱ་ཐཱ། ཨོཾ་ཏིཥྛ་ཧ་རི་སིརྒ་ལ་ལོ་ཧི་ཏཀྵ་དེ་ཧི། ད་དཱ་པ་ཡ། ཧཱུཾ་ཕཊ་སྭཱཧཱ། འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གི་མེའི་སྙིང་པོ་སྟེ་ལས་ཐམས་ཅད་བྱེད་པ། འདོད་པ་ཐམས་ཅད་སྦྱིན་པ་བདག་ཉིད་དགོངས་སོ། །སྒྲུབ་པ་པོས་འདིས་མེ་ལ་སྦྱིན་སྲེག་བྱ་སྟེ་ལན་གཅིག་བཟླས་པའི་སྲེག་བླུགས་གསུམ་མེ་ལ་སྦྱིན་སྲེག་བྱའོ། །མེ་སྤྱན་དྲངས་པར་འགྱུར་རོ། །དེ་བཞིན་དུ་ཞི་བཅན་དང་། རྒྱས་པ་ཅན་དང་། དྲག་པོའི་ལས་རྣམས་རབ་ཏུ་སྦྱར་བ་ལ་ཡམ་ཤིང་གི་ཤིང་རྣམ་པ་གསུམ་དུ་འགྱུར་ཏེ། ཞི་བའི་དོན་དུ་མྱ་ངན་མེད་པའི་ཤིང་རླན་དང་བཅས་པས་ཁྱད་པར་དུ་བྱས་པ་མཐོ་གང་ངམ། ཁྲུ་གང་ཙམ་མམ། སོར་གསུམ་པའང་སྒྲུབ་པ་དང་། འཇམ་ཞིང་མཉེན་པ་རབ་ཏུ་སྔགས་པ་ནི་ཆོ་ག་འདི་བསྒྲུབ་པར་བྱའོ། །བུག་པ་མེད་ཅིང་ཁོང་སྟོང་ཡང་མ་ཡིན་པ། ནེ་ཙོའི་གཤོག་པ་འདྲ་བ་དང་། དེ་བཞིན་དུ་ལྗང་གུ་དང་། ལོ་མ་བསྐམས་པའམ། ཁ་དོག་ནག་པོའང་སྦྱིན་པར་བྱའོ། །སྲིན་བུ་རྣམས་ཀྱིས་ཟོས་པ་སྤངས་ནས་བུག་པ་མེད་པའང་ཀུན་ཏུ་འཇོག་པས་ཁ་དོག་གཞན་མཆོག་དང་། ཐ་མ་ཉིད་ཀྱང་སྤངས་ནས་སྐམ་པོ་དེ་རྣམས་ཀྱང་སྤངས་པ་བསྲེགས་པར་ཀུན་ཏུ་སྤྱོད་དོ། །མ་རུལ་ཅིང་མི་འཁྱོག་པ་ཉིད་དང་། གཞན་སྤང་བར་བྱའོ། །དེ་ནས་མེ་ཐབ་ཀུན་ནས་གྲུ་བཞི་པ་བྱས་ནས་འོག་ཉིད་དུ་བསྐོར་བར་བྱ་སྟེ་གཞུ་གང་དང་། ཁྲུ་གང་གི་ཚད་ལས་ཁྲུ་གསུམ་མམ། ཁྲུ་གཉིས་སམ། ཁྲུ་བཞི་སྟེ་དེ་བཞིན་ཁོ་ནར་སྲོག་ཆགས་རྣམས་སྤངས་པ་རྟག་ཏུ་བྱེ་མ་སྔགས་ཏེ་དེ་ལ་པདྨའི་རྣམ་པས་སོ། །དེ་ནས་ཁ་ཁྱེར་ཀུན་ནས་དཀྱིལ་འཁོར་གྱི་རྣམ་པ་གྲུ་བཞི་པའང་འབད་པས་སོ། །རས་རིས་ཀྱི་སྤྱན་སྔར་ཞི་བ་ཅན་དང་། རྒྱས་པ་ཅན་ཡང་རུང་སྟེ་འདི་རྣམས་ཡང་དག་པར་རབ་ཏུ་བསྒྲགས། མངོན་སྤྱོད་དུ་ནི་བཤད་པ་ལ། །དབུས་སུ་རྡོ་རྗེ་བྱ་བ་ནི། །རྩེ་མོ་གཉིས་ཀ་རྩེ་གསུམ་པ། །གཞན་ཡང་མེ་ཐབ་ཁྲུ་གཉིས་པ། །ཐད་ཀར་ཡང་ནི་བདུན་པའོ། །དེ་བཞིན་གཙང་མའི་ཕྱོགས་རྒྱབ་ཏུ། །ཆུ་ཀླུང་དོགས་ཀྱི་ཕྱོགས་གཅིག་གམ། །བརྟན་པའི་ཕྱོགས་སམ་དུར་ཁྲོད་དམ། །ཁང་སྟོང་སྤྱིན་སྲེག་ལེགས་བརྩམ་བྱའོ། །དེ་བཞིན་ཁོ་ནར་རི་རྩེ་ཡང་། །ལྷ་ཡི་ཁང་པ་སྟོང་པ་དང་། །རྟག་ཏུ་དགོན་པ་ཆེན་པོ་དང་། །དེ་བཞིན་དུ་ཡང་གསུམ་རྣམས་ནི། །སྒྲུབ་པོའི་ཕྱོགས་སུ་གསུངས་པ་ཡིན། །གང་ཟག་མཆོག་གི་གནས་དེ་རྣམས། །གསུངས་པའི་སྦྱིན་སྲེག་ལས་ཀུན་ལས། །ཀུ་ཤའི་ཁྲེས་ལ་ཉེར་འདུག་པས། །གནས་ནས་ཁྲུ་ཡི་ཚད་ལས་ནི། །སྦྱིན་སྲེག་ལས་རྣམས་ཁྱད་པར་དུ། །དེར་ནི་གསང་སྔགས་ཤེས་པས་བྱའོ། །དངོས་གྲུབ་མྱུར་བ་ཁོ་ནར་གནས། །ཉིད་དུ་གནས་པར་ཐེ་ཚོམ་མེད། །ཤར་དུ་བལྟས་དང་བྱང་དུ་བལྟས། །ཞི་དང་རྒྱས་པ་ཅན་ལ་བྱ། །དྲག་པོ་ལ་ནི་ལྷོ་རུ་སྟེ། །དེ་ནས་སྔགས་པས་རྣམ་པར་སྤང་། །ཤར་དུ་ཁ་བལྟས་ཞིབ་འཕེལ། །རྒྱས་པ་ལ་ཡང་བྱང་བལྟས་པ། །འདི་རྣམས་སྔགས་པས་དུས་ལྷན་ཅིག་རིག་པ་བཟླས་པས་ཡང་དག་རྩམ། །བིལ་བ་ཨརྐ་པ་ལཀྵ། །ནྱ་གྲོ་དྷ་ཡིས་རྒྱས་ལས་བྱ། །མངོན་སྤྱོད་ཅན་ལ་ཤིང་རྣམས་ནི། །དཀར་དང་ཚ་བ་སྐྱུར་དང་རྣོ། །དེ་རྣམས་ཐམས་ཅད་སྤང་བྱ་སྟེ། །ཐུབ་པ་རྣམས་ཀྱིས་བཀག་པ་ཡིན། །རྟག་ཏུ་ཞི་དང་རྒྱས་ལས་ལ། །བརླན་བཅས་ཤིང་ནི་རབ་ཏུ་བསྔགས། །དེ་བཞིན་སྐམ་པོ་དྲག་ལས་སོ། །ཐུབ་པ་རྣམས་ཀྱིས་རྟག་ཏུ་སྤངས། །དེ་རྣམས་མེད་པའི་ཡམ་ཤིང་གིས། །ཤིང་དེ་རྣམས་སུ་བརྟག་པར་བྱ། །ལྗང་དང་སྣུམ་པ་འདྲ་བ་དང་། །རྨ་བྱའི་མགྲིན་པ་དང་མཚུངས་པ། །དེ་བཞིན་ཀུ་ཤའི་རྣམ་པ་ཡི། །ཞི་དང་རྒྱས་པ་རྟག་ཏུ་བྱ། །མརྒད་དང་ནི་འདྲ་བ་དང་། །དེ་བཞིན་དཀར་པོའི་རྩ་རྣམས་ཀྱིས། །སྡིག་པའི་ལས་རྣམས་རྟག་ཏུ་བྱ། །རྒྱལ་བ་མཆོག་གིས་བཀག་པ་ཡིན། །འདིར་ནི་དྲི་མེད་ཆུ་ལ་ཡང་། །དག་པ་སྲིན་བུ་སྤངས་པ་ལས། །རྟག་ཏུ་དེ་ནས་མངོན་པར་བཀྲུ། །ཀུན་ནས་བསྐོར་བ་བྱ་བ་ཡང་། །རང་སྣང་ཕྱི་རོལ་བརྩོན་པ་འམ། །ཆོ་ག་ཇི་བཞིན་ཉེ་རེག་བྱ། །གཙང་མས་རྩཝ་ཡིས་སྒྲོན་མའི་ཚད་ལ་བྱ་བའོ། །དེ་ནས་ཁུ་ཚུར་ཚད་བྱས་ན། །འབད་པས་མེ་ནི་སྦར་བར་བྱ། །ཁ་ཡི་རླུང་གིས་ཕུ་མི་བྱ། །དེ་བཞིན་གོས་ཀྱི་མཐའ་ཡིས་དང་། །གོས་ཀྱི་ཆུན་པོའམ་ཤམ་ཐབས་དང་། །སྒྲིབ་གཡོགས་དག་ནི་སྤངས་པ་ཡིས། །ནམ་མཁའི་ནོར་དང་ཐ་དད་རླུང་། །ཉེ་བར་བཅོམ་དང་མངོན་དགའ་བའམ། །གཙང་མ་ཉམས་པ་བྲལ་བས་དང་། །དེ་བཞིན་གོས་དང་ནོར་བུས་ཀྱང་། །རླུང་ཡབ་བྱའོ་རླུང་བཟང་པོས། །མེ་ནི་ཡང་དག་བརྩམ་པར་བྱ། །དེ་ལས་གྱུར་པའི་རླུང་འདི་ཡིས། །སྔགས་ཤེས་མེ་ནི་སྦར་བར་བྱ། །ཤིན་ཏུ་མཉམ་གཞག་སྦྱིན་སྲེག་དོན། །བུད་མེད་མཆོག་གཞན་བརྟག་པ་དག། བྱས་ནས་ཡང་ནི་མཐའ་རུ་ནི། །བ་ཡི་མར་གྱི་སྲེག་བླུགས་གསུམ། །དེར་ནི་སྦྱིན་བྱ་དེ་ལས་ནི། །གང་ཡང་ཚད་དུ་བྱ་བའོ། །སངས་རྒྱས་སྐྱོབས་པ་ཐམས་ཅད་དང་། །རང་རང་སྔགས་ཀྱི་མགོན་པོ་ལ། །དེ་ནས་ཇི་བཞིན་འདོད་ཕྱག་བྱ། །དེ་ཚེ་མེ་ལ་སྦྱིན་སྲེག་བྱ། །གསང་སྔགས་ལན་བདུན་བཟླས་པ་ཡིས། །རྟག་ཏུ་མེ་ནི་སྤྱན་དྲང་ངོ་། །བདག་ཉིད་རྩོམ་པའི་དྲི་ཞིམ་པོའི། །མེ་ཏོག་ཁོ་ནས་རྟག་ཏུ་འབོད། །སྔགས་པ་གནས་ལ་མཁས་པ་ཡིས། །གདན་ནི་གནས་ལ་ཕུལ་བ་པ། །གསང་སྔགས་དེས་སོ་གཞན་དུ་མིན། །ཞོ་ལྡན་མར་དང་བསྲེས་པ་ལ། །སྦྲང་རྩི་བཏགས་པའི་ཡམ་ཤིང་གསུམ། །རྒྱས་དོན་མེ་ལ་སྦྱིན་སྲེག་བྱ། །སྔགས་ཀྱི་ལས་ཀྱིས་ཐམས་ཅད་དུ། །པདྨའི་གདན་ལ་ཉེར་འདུག་པས། །ཞི་བའི་ལས་ཀྱི་སྦྱིན་སྲེག་བྱ། །རྒྱས་པ་ཅན་ལ་འདི་རྣམས་ཉིད། །སྦྱིན་བྱ་གཟུགས་མཐུན་སྔགས་རྣམས་ཀྱིས། །མངོན་སྤྱོད་ཅན་དུ་གནས་པ་ལ། །གཞན་གྱི་གཟུགས་སུ་བལྟ་བར་བྱ། །དྲི་མ་མེད་པའི་ལྷ་རྣམས་ནི། །རིམ་པ་བཞིན་དུ་མེ་ཐབ་ཏུ། །ཇི་ལྟར་རྙེད་པའི་མེ་ཏོག་དྲི། །བདུན་དུ་ཡོངས་སུ་བཟླས་པ་ཡིས། །མངོན་པར་བོས་པ་དེ་ཡི་ཚེ། །འབྱུང་གནས་ངེས་པར་གཞག་པ་རྣམས། །ཇི་ལྟར་གཉིས་ཀར་གནས་དེ་བཞིན། །ཡམ་ཤིང་རྫས་དང་བསྲེས་པ་དང་། །མར་དང་སྦྲང་རྩི་ཡང་དག་ལྡན། །དེ་བཞིན་ཁོ་ནས་ཞོ་བསྲེས་པས། །བྱའོ་སྟོང་ངམ་འབུམ་ཚད་དམ། །ཡང་ན་བརྒྱ་རྩ་བརྒྱད་རྟག་བྱ། །སྔགས་ནི་བླངས་ནས་དེ་བཞིན་དུ། །རིག་པ་ལན་གཅིག་བཟླས་པ་ཡི། །མིག་དང་གཙུག་ཕུད་འབར་བ་ཡི། །ཕྲེང་བའི་མེ་ལ་མེ་ལྕེ་གཅིག་།དེ་བཞིན་ཉིད་དུ་ཞི་བའི་ལས། །སྦྱིན་སྲེག་ངེས་པར་བྱ་བ་ཡང་། །རྒྱས་པ་ཅན་ལ་དེ་དང་དབང་། །དྲག་པོའི་ལས་ནི་སྨད་པ་སྟེ། །རྒྱལ་བས་སྤངས་སོ་སྦྱིན་སྲེག་ལས། །རབ་སྦྱོར་མེ་ནི་བསྔགས་པར་འགྱུར། །སྒྲ་གཅན་བརྒྱད་ཅུའི་སྟོབས་དང་ལྡན། །རྒྱལ་བ་མཆོག་གིས་རབ་ཏུ་བསྔགས། ། དེར་ནི་གསང་སྔགས་རྟག་སྒྲུབ་བྱེད། །དཀར་བའི་མེ་ལ་སྦྱིན་སྲེག་བྱ། །གལ་ཏེ་ཁ་དོག་དམར་དེ་བཞིན། །རྟག་ཏུ་རྒྱས་པའི་དངོས་གྲུང་འདོད། །ནག་པོ་དུད་ཀ་སེར་སྐྱ་ལའང་། །གཡོན་པ་ཅན་ཞེས་བྱ་བ་ཉིད། །ཁ་དོག་རྣམས་གསུམ་རབ་འཇུག་པ། །དངོས་གྲུབ་རྣམ་པ་གསུམ་ཡིན་ནོ། །སྔགས་པ་ལས་གཞན་ཁ་དོག་གང་། །རྣམ་པ་སྣ་ཚོགས་ཁ་དོག་ཉིད། །དེ་ལ་སྔགས་ཀྱིས་དངོས་གྲུབ་མེད། །སླར་ཡང་ལག་པའི་མཐིལ་འདིར་ནི། །རྣམ་པ་སྣ་ཚོགས་ཁ་དོག་ཉིད། །ཁ་དོག་གསལ་བ་དེ་འདྲ་ཡོད། །མེ་ནི་འབར་བ་མཐོང་ནས་ནི། །སླར་ཡང་ལས་རྣམས་བརྩམ་པར་བྱ། །སྤྱན་དྲངས་བྱས་ལ་གཟུགས་ཁ་དོག་།གལ་ཏེ་སྔགས་ཀྱི་དངོས་གྲུབ་འགྱུར། །སླར་ཡང་སྦྱིན་སྲེག་རབ་འཇུག་པ། །རས་ཀྱི་ཆོ་ག་མཐོང་བ་ཡིས། །སྤྱན་དྲང་གཤེགས་སུ་གསོལ་བ་ཉིད། །མེ་ལ་སྔགས་ནི་བརྗོད་པར་བྱ། །སྔར་ནི་རབ་ཏུ་བཏགས་པས་ཀྱང་། །དཀྱིལ་འཁོར་འདི་རུ་རྣམ་པ་གཞན། ། མཆོག་དེ་ཉིད་ཀྱིས་དེ་གྱིས་ཤིག། སྦྱིན་སྲེག་འདི་ལ་སྤྱན་དྲང་དང་། །གཤེགས་སུ་གསོལ་བའི་ལས་ཅན་གྱིས། །ལས་རྣམས་དེ་ཉིད་ཀྱིས་བྱའོ། །དེར་ནི་མེ་ཡི་སྤྱོད་པའི་ལས། །དེ་བཞིན་གཟུགས་དང་རས་རིས་ཀྱི། །སྤྱན་སྔར་བརྩམས་ནས་འགྲུབ་པར་བྱེད། །དེ་ལ་སྔགས་ནི་སྔར་བརྗོད་པ། །དེ་བཞིན་གཤེགས་པ་རྒྱལ་བས་བསྔགས། ། ལས་རྣམས་ཀུན་ནས་དེར་བྱ་འོ། །གཞན་པའི་ལས་རྣམས་མི་བྱ་སྟེ། །ཁྱད་པར་སྡིག་པ་ཅན་གྱི་ལས། །རྒྱལ་བ་མཆོག་གིས་སྨད་པ་དང་། །གང་དུ་འཇིག་རྟེན་དང་འགལ་སྨད། །འཁོར་ལོས་བསྒྱུར་བ་ཉིད་དུ་ལངས། །དེ་ནས་བྱང་སེམས་ས་ཡི་བདག། དེ་བཞིན་མངོན་ཤེས་ལྔ་ཐོབ་པ། །དེ་ནས་ལྷ་ཉིད་འགྲུབ་པར་བྱེད། འདིར་ནི་རྟག་ཏུ་སྦྱོར་ཤེས་པ། །རས་རིས་སྦྱིན་སྲེག་ལས་ལ་མཁས། །ས་འོག་བདག་པོ་ཉིད་དང་ནི། །བར་སྣང་ལ་ནི་སྤྱོད་པར་བྱེད། །དེ་ནས་ས་བླའི་ལྷ་དང་ནི། །གནོད་སྦྱིན་ཉིད་དམ་གནོད་སྦྱིན་མོ། །འགུགས་པར་བྱེད་ཅིང་རྟག་ཏུ་ཡང་། །རྒྱལ་སྲིད་ཀྱི་ནི་བདག་པོ་ཉིད། །ཡང་ན་ཡུལ་འདིར་འཁོར་བ་ཉིད། །ཡང་ན་རིག་དང་རིག་འཛིན་ཉིད། །ལྷ་མིན་ཉིད་དང་སེམས་ཅན་ཀུན། །དབང་བྱེད་རྗེས་འགྲོ་འགུགས་པར་བྱེད། །སེམས་དཔའ་ཆེན་པོ་ཡང་དག་པ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །སེམས་ཆེན་ས་བཅུར་གནས་བཅས་པ། །སྦྱིན་སྲེག་ལས་ཀྱིས་འགུགས་པར་བྱེད། །ས་སྟེངས་མི་རྣམས་སྨོས་ཅི་དགོས། །ལྷག་མའི་བདག་པོ་ཉིད་དེ་བཞིན། ། ཁྱད་པར་འཇིག་རྟེན་དབང་ཕྱུག་ཉིད། །འབྱུང་པོ་ཀུན་ལ་ཡང་དག་ངེས། །མི་བདག་ཉིད་དང་དེ་བཞིན་ཡང་། །དབང་གི་དོན་དུ་སེམས་ཅན་ཀུན། །མི་བདག་དེས་སམ་མི་དེས་ནི། །ས་སྟེངས་ཐམས་ཅད་མཉམ་པ་ཡིས། །ལས་རྣམས་དེ་བཞིན་ཀུན་ནས་ནི། །རྟག་ཏུ་སྦྱིན་སྲེག་གིས་བྱའོ། །ངེས་པར་ལས་ཀུན་ཡང་དག་བརྟེན། །བདག་ཉིད་བརྩམས་པས་ལྷན་ཅིག་སྒྲུབ། །དཔལ་གྱི་དོན་དུ་དེ་ཡི་ལས། །མཆོག་དང་བར་མ་ཉིད་དང་ཡང་། །ཡང་ན་ཆུང་དུ་ཉིད་བསྒྲུབ་བྱ། །དེ་ཉིད་དུ་ནི་རྫས་ཀུན་གྱི། །དངོས་གྲུབ་བརྗོད་པའི་དོན་དུ་སླར། །ལྷན་ཅིག་དངོས་གྲུབ་བལྟ་བར་བྱ། །སྦྱིན་སྲེག་ལས་ལ་ལེགས་འཇུག་པ། །ལས་རྣམས་ཀུན་ལ་ཕྱག་རྒྱ་བཅིང་། །བདག་སྲུང་མར་དང་ལྡན་པ་ཡི། ། སྦྱིན་སྲེག་ལས་ལ་རབ་འཇུག་བྱེད། །དེ་ནས་རས་རིས་གསང་སྔགས་འདི། །བདུན་བཟླས་པ་འམ་བརྒྱད་བཟླས་པ། །རྟག་ཏུ་ལས་འདིས་སྤྱོད་ལམ་བྱ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱན། ཨ་པྲ་ཏི་ཧ་ཏ་ག་ཏི་སཏྲཱ་ནཱན། ཏདྱ་ཐཱ། ཨོཾ་ཛྲ་ལ་ཏིཥྛ་ཧཱུཾ། རུ་རུ་བི་ཤྭ་སམྦྷ་བེ་སྭཱཧཱ། ཤིང་ལ་སྦྱོར་བ་འདིས་བཟླས་ཏེ། །སླར་ཡང་གཉིས་སམ་བདུན་བཟླས་པས། །སྔགས་རིག་མེ་ལ་སྦྱིན་སྲེག་གྱིས། །མེ་ཏོག་བདུག་པ་དྲི་ཡང་རུང་། །ཀུན་ནས་ཐམས་ཅད་ཉིད་ལ་ནི། །ལན་བདུན་བཟླས་པ་འདི་ཉིད་ཀྱིས། །ཁྱོད་ཀྱིས་རབ་ཏུ་བརྗོད་པར་བྱ། །ལས་རྣམས་ཐམས་ཅད་རྩོམ་བྱེད་པ། །ཆོ་ག་རྒྱུ་ཡི་སྔ་མ་ཡིས། །རབ་སྦྱོར་ཉིད་ཀྱིས་བྱ་བ་འོ། །ལས་རྣམས་ཀུན་ལ་སྔར་བཅིངས་པའི། །ཕྱག་རྒྱ་ཆེན་མོ་གྲགས་ལྡན་མ། །དེ་བཞིན་བསྲུངས་པ་བྱས་གྱུར་ནས། །དངོས་གྲུབ་རྒྱུ་ལ་མཁས་པ་ཡིས། །ལས་རྣམས་ཐམས་ཅད་རྩོམ་པར་བྱོས། །གལ་ཏེ་ནུས་པ་མཐོང་བ་ན།། དགེ་བའི་སྒྲ་རྣམས་ཉིད་དང་ནི། །རྟག་ཏུ་འབྲས་ཅན་ས་དེ་ཡི། །གསང་སྔགས་ཇི་ལྟར་འདོད་བཞིན་དུ། །ངེས་པར་མཆོག་འདི་སྦྱིན་པའོ། །དང་པོ་ལས་ཀྱི་རབ་སྦྱོར་བ། །གསང་སྔགས་རྒྱུ་ཡིས་རབ་བཞུགས་པ། །འབྲས་བུར་བཅས་པ་ཁོ་ན་ཡིས། །དངོས་གྲུབ་དེ་རྣམས་བསྒྲུབ་པར་བྱ། །རྒྱལ་བའི་སྒྲ་དང་ས་ཊ་ཧ། །རྔ་བོ་ཆེ་ཡི་དངོས་གྲུབ་ངེས། ། ཐམས་ཅད་དུ་ནི་སྨད་པར་བརྗོད། །སྦྱིན་སྲེག་ལ་ནི་གནས་བཅས་པ། །གཞན་ཡང་དགེ་མཚན་མཆོག་དང་ནི། །འདབ་ཆགས་ཅན་ནམ་དགེ་བའི་སྒྲ། །རྣམ་པ་སྣ་ཚོགས་ངེས་སྒྲོགས་པའི། །སྒྲ་ཡང་རུང་སྟེ་རྒྱལ་བས་བསྔགས། །རབ་བསྔགས་དུས་བཅས་ལྷ་རྣམས་དང་། །ཡིད་འོང་རྣམ་པ་སྣ་ཚོགས་སྒྲ། །གདུགས་དང་རྒྱལ་མཚན་བ་དན་དང་། །བཙུན་མོ་རྒྱན་གྱིས་བརྒྱན་པ་དང་། །དེ་བཞིན་བུམ་པ་གང་བ་དང་། །མཆོད་ཡོན་མཐོང་ན་དངོས་གྲུབ་རྒྱུ། །རྣམ་པ་འདི་ཡིས་བསྔགས་པའམ། །རབ་བསྔགས་འཇིག་རྟེན་གྱིས་མཆོད་པའི། །དགེ་སློང་དང་ནི་དགེ་སློང་མ། །དེ་རྣམས་མཐོང་ན་གསང་སྔགས་ཀྱི། །སྣ་ཚོགས་སྤྱོད་ཡུལ་དངོས་གྲུབ་བོ། །ཞེས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ་རལ་པ་གྱེན་བརྫེས་ཀྱི་རྟོག་པ་ལས། བགྲང་ཕྲེང་སྲད་བུའི་ཆོ་གའི་ལེའུ་རབ་འབྱམས་བཅུ་གཅིག་པ་ཡོངས་སུ་རྫོགས་སོ།། །།དེ་ནས་རས་རིས་ཀྱི་སྤྱན་སྔར་ཀླུ་ཤིང་གི་མེ་ཏོག་སྟོང་ཕྲག་བརྒྱད་ཀྱིས་མིའི་བདག་པོ་དབང་དུ་འགྱུར་རོ། །ནད་ཐམས་ཅད་ལས་རྐང་ཤུ་དང་། གདུག་པའི་རྨ་རྣམས་ལ་སའི་གོང་བུ་ལ་ལན་བདུན་མངོན་པར་སྔགས་པ་བྱིན་ན་ཉེ་བར་ཞི་བར་འགྱུར་རོ། །སྔོན་སྤྱད་པ་བྱས་པས་བ་བྱུང་ལྔས་ལུས་སྦྱང་བ་བྱས་ནས་དུས་གསུམ་དུ་ཁྲུས་བྱས་ཏེ་འོ་མ་བཏུང་བར་བྱའོ། །རྩ་བའི་རས་རིས་ཀྱི་སྤྱན་སྔར་བརྒྱད་བརྒྱ་བཟླས་པར་བྱའོ། །ཕྱི་ནས་ནག་པོའི་བརྒྱད་པ་ལ་རས་རིས་ཀྱི་སྤྱན་སྔར་ཇི་ལྟར་ནུས་པའི་མཆོད་པ་བྱས་ནས་ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་བིལ་བའི་ཡམ་ཤིང་ལ་མར་དང་། ཞོ་དང་། སྦྲང་རྩི་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།འཕགས་པ་འཇམ་དཔལ་གྱི་སྤྱི་བོ་ནས་འོད་ཟེར་འབྱུང་བར་བྱེད་དོ། །དེས་སྒྲུབ་པ་པོ་ལ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་གྱི་མདུན་དུ་མི་སྣང་བར་འགྱུར་རོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་སྟེ་མཆོག་གསུམ་པོ་རྣམས་གང་གཉེར་བ་དེ་རྙེད་དོ། །རིག་པ་འཛིན་པ་ཉིད་ཀྱི་རྒྱལ་སྲིད་དང་། ཁྱོད་ཇི་འདྲ་བའི་བཅོམ་ལྡན་འདས་དེ་འདྲ་བ་ངའོ་ཞེས་སོ། །དངོས་གྲུབ་འདི་ནི་བླ་མ་མཆོད་པ་དང་། སྙིང་རྗེས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་སྦྱིན་པ་ཉིད་ཀྱིས་སྒྲུབ་པར་བྱེད་དོ། །ཉིན་མཚན་དུ་སྨྱུང་བར་གནས་པས་རས་རིས་ཀྱི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཨརྒའི་ཡམ་ཤིང་གི་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། གང་འདོད་པ་དེ་སྐད་ཅིག་ཉིད་ལ་འགུགས་པར་བྱེད་དོ། ། ཀ་རུ་དང་། པྲི་ཡང་ཀུ་དང་། ནཱ་ག་གེ་སར་རྣམས་ཅ་ཧ་མཉམ་པ་ཕྱེ་མར་བྱས་ཏེ་ཁམ་ཕོར་ཁ་སྦྱར་དུ་བྱས་ནས་སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པས་ལུས་ལ་བྱུགས་ཏེ་གཡུལ་དུ་ཞུགས་ན་གཞན་གྱིས་མི་ཐུབ་པར་འགྱུར་རོ། །སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འབུམ་ཕྲག་ཉི་ཤུ་རྩ་གཅིག་བཟླས་པས་རིག་པ་འཛིན་པར་འགྱུར་རོ། །འབུམ་ཕྲག་བཅུ་གཅིག་ཟློས་ཤིག་།འཕགས་པ་འཇམ་དཔལ་མཐོང་ངོ་། །རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་བདུན་ཟློས་ཤིག་།མི་སྣང་བར་འགྱུར་རོ། །ནད་ཀྱིས་བཏབ་པ་ལ་རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་བཅོ་ལྔ་ཟློས་ཤིག་། ནད་འཇོམས་པར་བྱེད་དོ། །སྔོན་སྤྱད་པ་བྱས་པས་འབུམ་ཕྲག་བཅུ་གཉིས་ཟློས་ཤིག། བཅུད་དམ། བཅུད་ཀྱིས་ལེན་སོ་སོར་རྙེད་དོ། །དེ་བྲོས་པས་གཉེར་མ་དང་། སྐྲ་དཀར་སྤངས་པར་འགྱུར་རོ། །ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཡུན་རིང་དུ་འཚོ་བར་འགྱུར་རོ། །འབུམ་ཕྲག་གསུམ་བཟླས་པས་ཡུངས་ཀར་རྒྱལ་པོ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་། རྒྱལ་པོའི་བཙུན་མོ་དབང་དུ་འགྱུར་རོ། །མཚན་མོ་བདུན་གྱིས་འདི་ལ་ནོར་རབ་ཏུ་སྦྱིན་ཏེ་འདོད་པ་ཉེ་བར་བཞག་པ་ནི་མ་གཏོགས་སོ། ། རས་རིས་ཀྱི་སྤྱན་སྔར་ཨརྒའི་ཡམ་ཤིང་འབུམ་སྦྱིན་སྲེག་གྱིས་ཤིག་།གསེར་སྲང་བརྒྱ་སོ་སོར་རྙེད་དོ། །འབྲས་ཡོས་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།བགེགས་མེད་པར་འགྱུར་རོ། །བི་ནྱཱ་ཀའི་ཤིང་སྟོང་སྦྱིན་སྲེག་གྱིས་ཤིག་།སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །འབུམ་ཕྲག་གསུམ་ཟློས་ཤིག་།རྐེད་པའི་ནད་མེད་པར་འགྱུར་རོ། །རིམས་ཀྱིས་བཏབ་པ་ལ་ཀུ་ཤས་ཕྱག་པར་བྱའོ། །པུ་མོས་བཀལ་བའི་སྲད་བུ་ལ་སྟོང་ཕྲག་བརྒྱད་མངོན་པར་སྔགས་པ་བྱས་ནས་བཅིང་བར་བྱའོ། །སྐལ་བ་བཟང་པོར་འགྱུར་རོ། །དོང་ཀའི་མེ་ཏོག་སྟོང་ཕྲག་བརྒྱ་སྦྱིན་སྲེག་གྱིས་ཤིག་། གོས་བྱེ་བ་བཅུ་གཉིས་སོ་སོར་རྙེད་དོ། །རྒྱལ་གྱི་ལྕགས་ལས་བྱུང་བའི་སྲང་ཤིན་ཏུ་མཛེས་པ་ལ་འཁོར་ལོ་འདབ་མ་བཅུ་པ་བྱས་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་ཉིན་མཚན་དུ་སྨྱུང་བར་གནས་པས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་འཁོར་ལོ་བླངས་ནས་ཇི་སྲིད་དུ་མཚན་མ་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། །གང་གི་ཆེ་མེ་སྟག་འཕྲོ་བར་བྱེད་པ་དང་། ཇི་སྲིད་འབར་བར་འགྱུར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་གྲུབ་པར་འགྱུར་ཏེ་རིག་པ་འཛིན་པ་ཐམས་ཅད་འདུ་བར་བྱེད་ཅིང་འཁོར་དང་བཅས་པ་འཕུར་བར་བྱེད་དོ། །རིག་པ་འཛིན་པའི་རྒྱལ་པོ་དང་། བསྐལ་པ་ཆེན་པོར་གནས་པ་དང་། ཐོགས་པ་མེད་པར་འགྲོ་བར་བྱེད་དོ། །སྔ་བར་ལངས་ནས་ལོར་བཟླས་པར་བྱེད་དོ། །མཆོག་སྦྱིན་པར་བྱེད་དོ། །ཟླ་བ་དྲུག་ཏུ་ལན་གཅིག་བརྗོད་པས་ནད་ཆེན་པོ་གྲོལ་ལོ། །ཟླ་བ་གཅིག་ཏུ་ཟློས་ཤིག་།དུས་མ་ཡིན་པར་གུ་གུལ་གྱི་བདུག་པས་མཆེ་བའི་དུག་འབེབས་པར་བྱེད་དོ། །ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་ལ་སོགས་པ་རྣམས་སུའོ། །བུད་མེད་དབང་དུ་བྱེད་པ་ལ་རས་རིས་ཀྱི་སྤྱན་སྔར་ལཱ་པན་ལ་སྦྲང་རྩི་བཏགས་པ་མཚན་མོ་བདུན་དུ་ཐུན་གསུམ་དུ་སྦྱིན་སྲེག་ཉི་ཤུ་རྩ་གཅིག་གྱིས་ཤིག་དབང་དུ་འགྱུར་རོ། །འདི་ནི་ཡུགས་ས་མོས་སྐྱེས་བུ་ཡིའོ། །རྒྱལ་པོ་ནི་རས་རིས་ཀྱི་སྤྱན་སྔར་ཨརྒའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག་།དབང་དུ་འགྱུར་རོ། །རྒྱལ་པོའི་བློན་པོ་ལ་སོགས་པ་ལ་མཚན་མོ་ཐུན་གསུམ་དུ་ལན་ཚྭ་ཉི་ཤུ་རྩ་གཅིག་སྦྱིན་སྲེག་གྱིས་ཤིག་། དབང་དུ་འགྱུར་རོ། །མགོ་བོ་ལ་ལན་གསུམ་མམ། བདུན་དུ་མངོན་པར་སྔགས་ནས་རྒྱལ་པོའི་སྒོར་འཇུག་པར་བྱེད་ན་རྒྱལ་པོའི་གནང་ཆེན་པོར་འགྱུར་རོ། །བརྒྱད་བརྒྱར་མངོན་པར་སྔགས་པའི་རྨ་བྱའི་མདོངས་ཀྱིས་ཕྱག་པར་བྱས་ན་དུག་འཇོམས་སོ། ། ལྡོང་རོས་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་པར་བྱས་ནས་སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པས་ཡང་དག་པར་བརྩམས་པར་བྱ་སྟེ་སྐལ་བ་བཟང་པོར་འགྱུར་རོ། ། རས་རིས་ཀྱི་སྤྱན་སྔར་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་འོ་མ་དང་། ནས་ཟན་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་གོས་ལན་གསུམ་བརྗེས་ཏེ་ཨ་ག་རུ་དང་། ཏུ་རུཥྐ་དང་། ཙནྡན་རྣམས་བསྲེགས་ཤིང་དཀར་གསུམ་གྱི་གཏོར་མ་དབུལ་བར་བྱའོ། །འབྱུང་པོ་ཐམས་ཅད་པའི་གཏོར་མ་ཆུ་ལས་སྐྱེས་པའམ། ཐང་ལས་སྐྱེས་པའི་དྲི་ཞིམ་པོའི་མེ་ཏོག་དང་། བའི་མར་གྱིས་མར་མེ་གསུམ་མོ། །མཐར་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །གང་དོན་དུ་གཉེར་བ་དེ་རྙེད་དོ། །ཐུན་མཚམས་སུ་བཟའ་བའང་ཇི་ལྟར་ནུས་པ་སྦྱིན་ནོ། །རིང་བསྲེལ་དང་བཅས་པའི་མཆོད་རྟེན་དུ་རས་རིས་བཞུགས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་ཨ་ཤྭཏྠའི་ཡམ་ཤིང་ལ་ཞོ་དང་། སྦྲང་རྩི་དང་། མར་གྱིས་བཏགས་པ་སྟོང་ཕྲག་བརྒྱད་སྦྱིན་སྲེག་གྱིས་ཤིག། དེ་ནས་རས་རིས་ལས་འོད་ཟེར་འབྱུང་བ་དང་། ས་འགུལ་བ་དང་། མར་མེའི་རྩེ་མོ་འཕེལ་བ་དང་། ཕྲེང་བ་གཡོ་བར་བྱེད་པ་སྟེ་མཚན་མ་འདི་རྣམས་ཀྱི་གྲུབ་པར་འགྱུར་རོ། །རྣ་བའི་མིག་སྨན་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་ཏེ་སྟོང་ཕྲག་རྫོགས་པའི་སྲེག་བླུགས་བྱས་ནས་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ་ཇི་སྲིད་གྲུབ་པ་རྣམ་པ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །འབྲས་བུ་ཅན་ལ་གང་འདོད་པའི་རྫས་དེའི་མིང་བྲིས་ཏེ་སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པ་བྱས་ནས་གང་དུ་ཀླུ་གནས་པའི་མཚོ་ཕྲན་དེར་དོར་བར་བྱའོ། །དེའི་ཀླུ་དེས་ལས་ཐམས་ཅད་རྫོགས་པར་བྱེད་དོ། །ཉི་མ་བདུན་གྱིས་ཇི་ལྟར་འདོད་པའི་གོས་སྦྱིན་པར་བྱེད་དོ། །འབྲས་བུ་ཅན་ལ་མངོན་པར་འདོད་པའི་རྫས་མངོན་བར་བྲིས་ནས་དེ་བཞིན་དུ་ཁྲོན་པའམ། མཚོ་ཕྲན་དུ་གཞུག་པར་བྱའོ། །དེ་ནས་སྐྱེས་བུ་ཆུར་བྱི་འཛུལ་བྱེད་དུ་གཞུག་གོ་། དེར་ཡང་སྒྲ་ཆེན་པོ་སྐྱེས་བུས་ཐོས་ཏེ་ཕྱོགས་ཆེ་གེ་མོ་ན་རྫས་ལ་སོགས་པ་གནས་སོ། །དེ་ནས་བླངས་པར་བྱ་སྟེ་ཆུ་ཀླུང་གི་མཐའ་སྒྲོལ་བར་བྱེད་པ། བགྲོད་དཀའ་བ་ཅན་གྱི་མདུན་སའམ། རྒྱལ་པོའི་ཕོ་བྲང་དུའང་རུང་སྟེ་ལྷ་རྣམས་དྲན་པར་བྱས་ཏེ་གཞན་གྱིས་མི་ཐུབ་པར་འགྱུར་རོ། །གང་དུ་འདོད་པ་དབང་དུ་བྱའོ། །དེ་འཕགས་པའི་ཞལ་དུའང་བཅུག་ནས་ཅུང་ཟད་ཡང་དག་པར་གསུངས་པར་མཛོད་ཅིག་། རིང་པོར་མི་ཐོགས་པར་དབང་དུ་འགྱུར་རོ། །ཆུ་སྣོད་དུ་བྱས་ནས་དེ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བསམ་ཏེ་སྟོང་ཕྲག་བརྒྱད་དུ་མངོན་པར་སྔགས་པའི་ཆུ་དེས་མཆེ་བ་ཅན་ལ་གཏོང་བར་བྱའོ། །དུག་མེད་པར་འགྱུར་རོ། །དེ་ལ་བརྗོད་པའི་ཚོགས་དཀྱིལ་འཁོར་དུ་རབ་ཏུ་ཞུགས་པ་ནི་དོན་མེད་པར་མི་འགྱུར་རོ། །ས་ལ་མ་ལྷུང་བའི་བ་བྱུང་བླངས་ནས་ཙཱ་རུ་བཟའ་ཞིང་མི་སྨྲ་བར་དཀྱིལ་འཁོར་བྱས་ནས་ཟླ་བ་ཉ་ནས་བརྩམས་ཏེ་ཇི་སྲིད་གསུམ་པའི་བར་དེ་སྲིད་དུ་བཟླས་པར་བྱ་སྟེ་འབུམ་བཟླས་སོ། །ཟླ་བ་དྲུག་ཏུ་ཚངས་པར་སྤྱོད་པ་དང་། བརྟུལ་ཞུགས་འདི་ཉིད་སྤྱད་ཅིང་ཟླ་བས་དངོས་གྲུབ་དང་། ཟླ་བ་དྲུག་གིས་འགྲོ་བ་མཐའ་དག་མངོན་སུམ་དུ་མཐོང་བར་འགྱུར་རོ། །ལུས་ཀྱིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་དོ། །ཟླ་བས་སྔགས་ཐམས་ཅད་གྲུབ་པར་བྱེད་དོ། །གང་འདོད་པའི་ཀླུའི་རྒྱལ་པོ་མངོན་པར་བྲིས་ནས་དེའི་སྟེང་དུ་རྐང་པ་གཡོན་པ་བཞག་སྟེ་གཡོགས་པའི་ཕྱོགས་སུ་འབུམ་བཟླས་པར་བྱའོ། །ཀླུའི་རྒྱལ་པོ་དེ་འོང་སྟེ་དེ་ཅི་བགྱི་ཞེས་སྨྲ་བར་བྱེད་དོ། །ཀླུ་ཐམས་ཅད་ཀྱི་གནས་སུ་རབ་ཏུ་འཇུག་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེར་རབ་ཏུ་འཇུག་པར་བྱེད་དོ། །དེ་བཞིན་དུ་གནོད་སྦྱིན་གྱི་རྒྱལ་པོ་བྲིས་ནས་སྒྲུབ་པར་བྱེད་ན་བཀའ་བསྒོ་བ་བྱེད་དོ། །ཐམས་ཅད་འཛིན་པའི་གཙང་མའི་གནས་ནས་རྡུལ་ཆུང་དུ་བླངས་ཏེ་སྦྲུལ་གྱི་སྟེང་དུ་ཡོངས་སུ་ཐོར་ཅིག། སྦྲུལ་བཟློག་པ་བྱས་པར་འགྱུར་རོ། །སླར་ཡང་གལ་ཏེ་གྲོལ་བར་འདོད་པ་བརྗོད་པར་བ་ཡ་སྟེ་གོས་དཀར་པོའི་ཁ་དོག་ཅན་ལ་ས་ལས་བྱུང་བའི་ཕྱག་རྒྱ་བྱས་ནས་སྟོང་ཕྲག་བརྒྱད་མངོན་པར་སྔགས་ཏེ་མཆེ་བའི་སྟེང་དུ་འཇོག་ཏུ་བཅུག་ནས་ཁུག་ཅིག་ཤིའང་སློང་བར་བྱེད་དོ། །ལྡོང་རོས་ལ་སོགས་པའི་རྫས་རྣམས་དང་། རལ་གྲི་དང་། སྟ་གྲི་དང་། འཁོར་ལོ་དང་། བྷུ་ཥུཎྜ་ལ་སོགས་པ་རྣམས་བ་བྱུང་ལྔས་སྦྱངས་ནས་སྟོང་ཕྲག་རྫོགས་པའི་སྲེག་བླུགས་བྱ་སྟེ་རྫས་གང་ཡང་རུང་བ་བླངས་ནས་རས་རིས་ཀྱི་སྤྱན་སྔར་ཆོ་ག་སྔོན་དུ་འགྲོ་བས་འབུམ་ཕྲག་ལྔར་ཟློས་ཤིག་། ཕྱིས་ནས་ཇི་ལྟར་བྱས་པའི་རིན་གྱིས་ལྡོང་རོས་བླངས་ནས་བྱང་ཆུབ་ཤིང་གི་ཡམ་ཤིང་གིས་མེ་སྦར་ཏེ་ཇི་སྲིད་མེའི་མདོག་ཏུ་གྱུར་པ་དེ་སྲིད་དུ་བསྲེག་པར་བྱའོ། །དེ་ནས་རྒྱུད་མཚུངས་པའི་བ་ལས་བྱུང་བའི་འོ་མ་བུ་མོས་བསྲུབས་པས་མར་དུ་བྱས་ནས་ཐལ་བ་མར་ལ་གདབ་པར་བྱའོ། །དེ་བཞིན་དུ་ཞོས་བཀང་བའི་སྣོད་སྦྲང་རྩིས་བཀང་བ་ལའང་ངོ་། །དེ་ནས་བླངས་ཏེ་གུར་གུམ་ག་ཡི་ཟ་མ་ཏོག་ཏུ་བཞག་ནས་བཅོམ་ལྡན་འདས་མ་འདི་ཉིད་ཀྱིས་བདག་ཉིད་སྲུང་བ་བྱས་ཏེ་ཟླ་བ་གཟས་བཟུང་བ་ན་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་རས་རིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཨ་ཤྭཏྠའི་འདབ་མ་གསུམ་གྱིས་ཀུན་ཏུ་དཀྲིས་ནས་བཞིས་དགབ་པར་བྱའོ། །ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ལག་པ་གཡས་པས་མནན་ནས་ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དྲོ་བཞིན་པ་ལ་ཐིག་ལེ་བྱས་ནས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །དུ་བས་མི་སྣང་བའོ། །འབར་བས་ནམ་མཁའ་ལ་འགྲོའོ། །ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་སོ། །དེ་བཞིན་དུ་མིག་སྨན་པ་བླ་སྒྲུབ་པར་བྱེད་པ་དང་། གི་ཝང་ལ་ཆོ་ག་འདིའོ། །དཀར་པོའི་བཅོ་ལྔ་ལ་པདྨའི་འདབ་མར་བཞག་སྟེ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་ལག་པ་ཁ་སྦྱོར་གྱིས་བླངས་ཏེ་ཇི་སྲིད་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །འདི་ཉིད་ལ་དངོས་གྲུབ་རྣམ་པ་གསུམ་མོ། །རས་རིས་ཀྱི་སྤྱན་སྔར་འབུམ་ཕྲག་བཅུར་ཟློས་ཤིག་།དེ་ནས་བཟོ་བོ་དབང་པོ་མཚལ་བ་མིན་པ་གསོ་སྦྱོང་ཅན་གྱིས་ལྕགས་གསུམ་གྱིས་པདྨ་འདབ་མ་བཅུ་པའམ། བརྒྱད་པ་གདན་དང་། རྒྱན་གྱིས་བརྒྱན་པ་བྱས་ནས་གུར་གུམ་དང་། གི་ཝང་དང་། ག་བུར་རྣམས་ནམ་མ་ཁའི་ཆུས་བཏགས་པ་པདྨར་བཅུག་ཅིང་དཀར་པོའི་བརྒྱད་པ་ལ་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་མཚན་མོ་གསུམ་དུ་སྨྱུང་བར་གནས་པས་སྐྱིལ་མོ་ཀྲུང་གིས་འདུག་སྟེ་སྡིག་པ་བཤགས་པ་དང་། གསོལ་བ་གདབ་པ་ལ་སོགས་པ་བྱས་ནས་ལག་པ་གཡས་པས་པདྨ་བླངས་ནས་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་པདྨ་དེས་འཁོར་དང་བཅས་པ་དགའ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཚུགས་སོ། །ལོ་སྟོང་ཕྲག་བཅུར་འཚོ་བར་བྱེད་དོ། །དེ་བཞིན་དུ་གདུ་བུ་དང་། ཅོད་པན་དང་། ལྕགས་སྒྲོག་དང་རྡོ་རྗེ་དང་། དགྲ་སྟ་དང་། འཁོར་ལོའང་ཞེས་པའོ། །འདི་ནི་འཁོར་ལོའི་ཁྱད་པར་ཏེ་ལྕགས་ལྔ་པའི་འཁོར་ལོ་བྱས་ནས་སོ་རྣོན་པོ་འཁོར་ལོ་མཚན་ཉིད་ཕུན་སུམ་ཚོགས་པ་མཐོ་གང་གི་ཚད་དོ། །གངྒཱའི་འགྲམ་གཉིས་ཀྱི་ས་བླངས་ནས་རས་རིས་ཀྱི་སྤྱན་སྔར་གོང་བུར་བྱའོ། །དེ་ལ་འཁོར་ལོ་རབ་ཏུ་བཞག་ནས་ཙནྡན་དམར་པོས་མཆོད་དེ་ཀ་ར་བཱི་རའི་མེ་ཏོག་དམར་པོ་དང་། ཕྲེང་བ་ཕུལ་ནས་དཀར་པོའི་བརྒྱད་པ་ལ་གསོ་སྦྱོང་ཅན་གྱིས་སྨྱུང་བར་གནས་པས་སློང་མོས་དགེ་འདུན་ལ་སྟོན་མོ་བྱས་ཏེ་དངོས་གྲུབ་སྩལ་བར་བྱའོ། །གཙང་མ་གོས་གཙང་མ་བགོས་པས་སྙིང་རྗེའི་སེམས་ཀྱིས་རབ་ཏུ་སྦྱར་བར་བྱའོ། །རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་རྣམས་ཕུལ་ནས་ཇི་ལྟར་ཉེ་བར་འབྱོར་པའི་མར་མེ་ཕུལ་ནས་འཁོར་ལོའི་ཕྱོགས་བཞི་རུའང་མར་མེ་བཞི་དང་། གུ་གུལ་གྱི་བདུག་པ་དབུལ་བར་བྱའོ། །ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་ཙནྡན་དམར་པོས་བཏགས་པ་རྣམས་ལ་ལན་རེ་བཟླས་ཏེ་རེ་རེས་བསྣུན་པར་བྱའོ། །ཇི་སྲིད་སྟོང་ཕྲག་བརྒྱད་ཀྱི་བར་དུའོ། །དེ་ནས་འཁོར་ལོ་སྒྲ་དང་། འོད་ཟེར་འཕྲོ་བ་དང་། དེ་ནས་འབར་རོ། །གཉིས་པ་ལ་འཁོར་ལོ་ངེས་པར་འགྲོ་སྟེ་དེ་ནས་སྒྲུབ་པ་པོས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་རིག་པ་ཟློས་ཤིག་། དེ་བླངས་པར་བྱའོ། །བླངས་པ་ཙམ་གྱིས་འཁོར་དང་བཅས་པ་རིག་པ་འཛིན་པར་འགྱུར་ཏེ་དཔག་ཚད་སྟོང་ཕྲག་བཅུར་རིག་པ་འཛིན་པ་ཆེན་པོ་ཀླུ་དང་། གནོད་སྦྱིན་གྱི་རིག་པ་འཛིན་པ་ཐམས་ཅད་ཀྱི་མང་དུ་འདོད་པར་འགྱུར་ཏེ་ལོ་སྟོང་ཕྲག་ལྔ་འཚོ་བར་བྱེད་དོ། །ཤི་ནའང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ། ནས་རིལ་བུ་སྒྲུབ་པར་འདོད་ན་སེ་ལེ་ཏ་ཀ་དང་། ཙནྡན་དམར་པོ་དང་། རྒྱ་སྐྱེགས་དང་། གུ་གུལ་དང་། ཏཱ་ར་བར་ཏ་ཀའི་རྩ་བ་དང་། ལྕགས་ཀྱི་ཕྱེ་མ་དང་། གི་རི་ཀ་རྞི་དང་། འབྲུའི་ཕུབ་མ་དང་། རུ་རྟ་དང་། རྒྱ་སྤོས་དང་། སྦྲང་རྩི་དང་། པི་པི་ལིང་དང་། ཏུ་རུ་ཥྐ་རྣམས་གཅིག་ཏུ་བྱས་ནས་ཕྱེ་མ་ཞིབ་མོར་བྱེད་དུ་གཞུག་གོ་།དེ་ནས་སེར་སྐྱར་རྒྱུད་མཚུངས་པའི་བའི་འོ་མ་བླངས་ནས་བུ་མོས་བསྲུབས་པའི་མར་གྱིས་གཅིག་ཏུ་བྱས་ནས་ཕྱེ་མ་དེས་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་བྱེད་དུ་གཞུག་གོ། །དེ་ནས་དཀར་པོའི་བརྒྱད་པའམ། དཀར་པོའི་བཅུ་བཞི་པ་ལ་ཉིན་མཚན་དུ་སྨྱུང་བར་གནས་པས་ཡན་ལག་བརྒྱད་པའི་གསོ་སྦྱོང་ཅན་གྱིས་རིལ་བུ་ལྔ་ཙམ་བླངས་ཏེ་ཨ་ཤྭཏྠའི་འདབ་མའི་ནང་དུ་བཏུམས་པ་བྱས་ནས་རས་རིས་ཀྱིས་སྤྱན་སྔར་བགྲང་ཕྲེང་དང་། ཏིལ་མར་དང་། ཕྱེ་མ་ལ་སོགས་པ་གཞན་ལ་སྦྱིན་པར་བྱའོ། །ཀུ་ཤའི་ཁྲེས་ལ་ཉེ་བར་འདུག་སྟེ་མཆོད་པའི་ཆོ་ག་བྱས་པས་ལག་པ་གཡས་པས་མནན་ཏེ་ཇི་སྲིད་དུ་བ་འཐུལ་བ་དེ་སྲིད་དུ་བཟླས་པར་བྱའོ། །ཡང་དག་པར་བགོས་ཏེ་ཁར་བཅུག་པས་མི་སྣང་བར་འགྱུར་རོ། །ལྷ་གཟུགས་ཅན་རྣམས་འོང་ངོ་། །གྲུབ་པ་རྣམས་ཐམས་ཅད་འཐོན་ནས་མཐོང་ངོ་། །ལོ་བརྒྱ་ཕྲག་ལྔར་འཚོ་བར་བྱེད་དོ། །དེ་ནས་འབར་བྱེད་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དངོས་གྲུབ་རྣམས་གཉིས་སོ། །འདིའང་བཅོམ་ལྡན་འདས་མའི་རྩ་བའི་རིག་པའི་ལས་སྒྲུབ་པའི་ཐབས་སུ་འགྱུར་རོ། །གསུམ་པ་འམ། བདུན་པའི་སྒྲུབ་པ་ལ་མཚམས་མེད་པ་ལྔ་བྱེད་པའང་འགྲུབ་པར་འགྱུར་རོ། །རྩ་བའི་སྙིང་པོས་ཀྱང་ལས་འདི་རྣམས་འགྲུབ་པར་བྱེད་པ་དེ་ཇི་ལྟ་བ་བཞིན་དུ་རྟོག་པར་བྱེད་དོ། །བཅོམ་ལྡན་འདས་མའི་རྩ་བའི་རྟོག་པར་སྒྲུབ་ཐབས་ཐམས་ཅད་ཅེས་བྱ་བ་འདི་རྫོགས་སོ། ། །།

CLOSE WINDOW