CLOSE WINDOW

H705: འཕགས་པ་བགེགས་སེལ་བའི་གཟུངས
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ། ཨཱཪྱ་བིགྷ་ན་བི་ནཱ་ཡ་ཀཱ་ད་ཏྲ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་བགེགས་སེལ་བའི་གཟུངས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན|་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཚོགས་ཀྱི་བདག་པོའི་སྙིང་པོ་འཛིན་པ་དེས་ཆོ་ག་ཐམས་ཅད་དང་། དགོངས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། ། ཏ་དྱ་ཐཱ། ན་མ་སྟུ་ཏེ། ཀ་ཊ་ཀ་ཊ། ད་ར་ད་ར། ཌ་ཧ་ཌ་ཧ། གྲིཧྞ། བྷཉྫ་བྷཉྫ། ན་མསྟུ་ཏེ། རུ་རུ་ཙ་ཙ་ཡེ་སྭཱཧཱ། ཨ་བྷུ་ཏྲཱ་བི་ན་དུཿཁཾ་མཉྩེ་དྡྷཱ་བ་ར་ས་གཙྪ་ཏི་ཧ་ཧ་ཡ། མཧཱ་ཧསྟེ་ཏྐྵ་ཏ་ནན། པྲ་གོ་བ་ཡེ་མོ། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ན་མོ་ན་མ་སྭཱཧཱ། ནང་པར་ལངས་ཏེ་སྔགས་ལན་བདུན་བཟླས་ལ་ཆུ་ཁྱོར་བ་གང་སྟེང་དང་། འོག་གི་ཕྱོགས་སུ་གཏོར་ཅིག་དང་། བགེགས་ཐམས་ཅད་བཅིངས་པར་འགྱུར། གསང་སྔགས་སྒྲུབ་པར་འདོད་པས་སྐུད་པ་དཀར་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བོར་ཏེ་ལག་པ་ལ་བཅིངས་ན། རིག་སྔགས་འགྲུབ་པར་འགྱུར་རོ། །བགེགས་ཐམས་ཅད་བཅིངས་པར་འགྱུར་རོ། །གང་ན་ཚོགས་ཀྱི་བདག་པོ་སྣང་བ་དེར་སྔགས་འདི་ལན་གཅིག་བཀླགས་ན་ཡང་བགེགས་རྣམས་བར་ཆད་མི་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འཁོར་དེ་དག་ཐམས་ཅད་དགའ་སྟེ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བགེགས་སེལ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །། གུ་གུལ་སེར་པོ་དང་། ཕ་ཝཾ་གི་རྟུག་པ་ཀུན་ལ་བསྐུ་བའི་རྟུག་པ་སྦྱར་བའི་དུ་བས་བདུགས་ན་འགོ་བའི་ནད་པའི་གན་དུ་ཕྱིན་ཡང་མི་ཚུགས། གོས་པ་ལ་ཐུག་ན་མྱུར་དུ་སེལ། ཁྱིམ་དུ་འབྱུང་པོ་གནོད་པ་དག་ལ་རབ་ཏུ་བསྔགས་སོ། ། །།རྒྱ་གར་སྐད་དུ། མཧཱ་ཡ་ཀྵ་སེ་ན་པ་ཏ་ཡེ་ན་ར་ཀུ་པ་ར་ཀལྤ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གར་མཁན་མཆོག་གི་བརྟག་པ།

CLOSE WINDOW