Wylie | e-texts based on the ACIP/ALL ![]() ![]() |
། །།རྒྱ་གར་སྐད་དུ། ཨཱཪྱ་ད་ཤ་བཛྲ་པཱ་ཎི་ཧྲྀ་ད་ཡ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ|་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། རིགས་ཀྱི་བུའམ|་རིགས་ཀྱི་བུ་མོ་གང་ལ་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུའི་མིང་ཤེས་སམ། རུས་ཤེས་སམ། གསང་སྔགས་ཤེས་པ་དེ་ལ་བྱད་ཀྱིས་མི་ཚུགས་སོ|་|གནོད་སྦྱིན་དག་རྣམ་པར་འཚེ་བར་མི་འགྱུར་རོ། །སྲིན་པོ་རྣམས་དང་། ལྷག་མ་ཟ་བ་རྣམས་དང་། བདུག་པ་ཟ་བ་རྣམས་འཚེ་བར་མི་འགྱུར་རོ། །ཕྱིས་འཇོག་པ་རྣམས་ཀྱང་གནོད་པར་མི་འགྱུར་རོ། །ཏདྱ་ཐཱ། ཨུ་ཀི་རི་མ་ཀི་རི། མི་རཱི་ཙ་ད་ཤ་པ་རི། ཨུ་ལི་མེ། མི་ལི་མེ། ཨི་ལི་མེ། ཨི་ལི་མེ། ཨི་ལི་མ་ལེ་མི། ཧེཀྐེ་དྷིཀྐེ། ཧུཀྐེ། དྷུ་ཧུ་རེ། པྲ་དྷ་རེ|་ཨ་ལཾ་ཕ་ལེ། ཕཱ་ལཾ་ཕ་ལེ། ཁུ་ཁུ་མེ་ཏི་ཀུ་མེ་ཏུ་མེ། ཁི་རི་ཁི་རི། སཱ་དཱ་སཱ་དཱ། སརྦ་བཀ་ཀྭ་ལེ། བནྡྷ་མ་བཀ་ཀྭ་ལེ། ཀུན་དགའ་བོ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་ལ་རྟག་ཏུ་བདག་གི་ཕྱི་བཞིན་དུ་འབྲང་བར་གྱུར་ནས་བདག་གཉིད་ལོག་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་ཡང་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བྱེད་པར་བཅོམ་ལྡན་འདས་ཀྱི་བཀས་གསོལ་པ་ཐོབ་ཅིག་། འདི་ལྟ་སྟེ། རྒྱལ་བ་ཁྱུ་མཆོག་དང་། འབྲོག་གནས་དང་། གང་གནས་དང་། ལྔས་རྩེན་དང་། ནོར་བུ་བཟང་པོ་དང་། གྲགས་པ་བཟང་དང་། ལུས་ངན་གྱི་བུ་མཛེས་བྱེད་དང་། ཕྲེང་བ་མཛེས་དང་། རྒྱལ་པོ་ཆེན་པོ་ཆོས་སྐྱོང་རྣམ་ཐོས་ཀྱི་བུ་སྟེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་ལ་རྟག་ཏུ་བདག་གི་ཕྱི་བཞིན་འབྲང་བར་གྱུར་ནས་བདག་གཉིད་ཀྱིས་ལོག་བ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་ན་ཡང་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བྱེད་པར་བཅོམ་ལྡན་འདས་ཀྱིས་བཀས་གསོལ་བ་ཐོབ་ཅིག། གསང་སྔགས་ཀྱི་གཞི་འདི་རྣམས་གྲུབ་པར་གྱུར་ཅིག་སྭཱཧཱ|་ཏདྱ་ཐཱ། ས་ར་ས་ར་ཎེ་སྭཱཧཱ། དེ་ལ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་གི་གསང་སྔགས་གཞི་རྣམས་ནི། འདི་དག་ཡིན་ཏེ། ཏདྱ་ཐཱ། ཨུ་ཀེ་ཏེ། ཀེ་ཏེ། སཾ་ཀེ་ཏ། ཨུ་དུ་ལེ། དྷ་དྷེ|་ཏ་ཏེ། ཏ་བ་ཏ་ཏེ་། ཙི་ཙེ་ཙི་ཏེ། ཙི་ཁེ་ལོ་ཙྪེ་ནི། བྷེ་ད་ནི། སརྦ་བཱིཪྱ་ཙྪེ་ད་ནི། སརྦ་ཀྲི་ཏ། ཀ་ཁོ་རྡོ། བ་རི་ཀྲི་ཏ་ནཱ་ཤ་ནི། དེ་ལ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་དེ་དག་གི་གསང་སྔགས་ཀྱི་གཞི་དམ་པ་ནི། འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨ་ལེ་ལཀྵེ། པ་ཀེ་ལེ་ལཀྵེ། ཨ་ཀེ། པ་ཀེ་ལཀྵེ་སྭཱཧཱ། ཏདྱ་ཐཱ། ཧུ་ཏུ་ཧུ་ཏུ|་ཧུ་ཏུ་ཏུ། བི་ཏུ་བི་ཏུ། བི་ཏུ་ཏུ། གཙྪ་གཙྪ། ས་པ་ཏེ། པ་ཏ་ཧ་ཏ་ཡེ་སྭཱཧཱ། ན་མོ་བྷ་ག་བཱ་ཏོ་བུདྡྷ་སྱ་སིདྡྷྱནྟུ་མནྟྲ་པ་དཱཿསྭཱཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་ནི་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། བཛྲ་དུནྡ་ནཱ་མ་ནཱ་ག་ས་མ་ཡ། བོད་སྐད་དུ། རྡོ་རྗེ་མཆུ་ཞེས་བྱ་བ་ཀླུའི་དམ་ཚིག།
CLOSE WINDOW