Wylie | e-texts based on the ACIP/ALL ![]() ![]() |
སྤོས་ཀྱིས་མཆོད་པར་བྱའོ། །བྱང་ཆུབ་ཀྱི་སྙིང་པོ་པདྨའི་གནས་དང་། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་ཡང་ཡིད་ལ་བྱའོ། །དེ་ལ་ཡང་འདོད་པ་བསྐྱེད་པར་བྱས་ཏེ་འདོད་པ་དང་། དད་པ་བྱས་ན། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཤིང་གི་རྒྱལ་པོ་ནི་རིན་པོ་ཆེའི་པདྨ་རྣམ་པར་སྣང་བ་ཞེས་བྱ་བ་ཤིང་དེ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའོ། །པདྨའི་གད་ན་ནི་དག་ཅིང་གསལ་ལ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་བ་སྟེ། རིན་པོ་ཆེ་དུ་མས་བསྐོར་བ་ལ་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་སོ། །གཡས་ན་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གོ་། གཡོན་ན་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་བསྐོར་ཏོ། །དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་མོས་པ་དང་། དད་པ་དང་། གུས་པ་མང་བ་དེ་དེར་སྐྱེ་བར་འགྱུར་རོ། །གསེར་གྱི་ས་གཞི་ཆེན་པོ་ལ་རིན་པོ་ཆེ་སྣ་བདུན་གྱི་པདྨ་ཆེན་པོ་དག་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །དགེ་སློང་དང་།དགེ་སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ཕའམ། དགེ་བསྙེན་མ་གང་ལ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་མཚན་ཡང་དག་པར་འཛིན་པ་དེ་ལ་མེའི་འཇིགས་པ་མི་འབྱུང་། །ཆུའི་འཇིགས་པ་མི་འབྱུང་། །དུག་གི་འཇིགས་པ་མི་འབྱུང་། །མཚོན་ཆའི་འཇིགས་པ་མི་འབྱུང་། །གནོད་སྦྱིན་གྱི་འཇིགས་པ་མི་འབྱུང་ངོ་། །སྲིན་པོའི་འཇིགས་པ་མི་འབྱུང་། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པུཎྱ་སཾ་བྷ་ཝ་དང་། ཞུ་ཆེན་གྱི་ལོཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།། །།ོཾ་བཛྲ་ཨཱ་ཡུ་ཤེ་ཧཱུཾ་ཨ། འཕགས་པ་ཚེ་དཔག་མེད་ཀྱི་སྙིང་པོ་འདི་རྟག་ཏུ་བཟླས་སམ། རྒྱ་གར་གྱི་མཁན་པོ་པུཎྱ་སཾ་བྷ་ཝ་དང་། ཞུ་ཆེན་གྱི་ལོཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།། །།ོཾ་བཛྲ་ཨཱ་ཡུ་ཤེ་ཧཱུཾ་ཨ། འཕགས་པ་ཚེ་དཔག་མེད་ཀྱི་སྙིང་པོ་འདི་རྟག་ཏུ་བཟླས་སམ། སྔགས་ཆབ་ཀྱིས་དབང་བསྐུར་ན་ཚེ་ནུར་བར་འགྱུར་རོ། །ོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་ཨཱ་ཡུར་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱ།། །། སྔགས་ཆབ་ཀྱིས་དབང་བསྐུར་ན་ཚེ་ནུར་བར་འགྱུར་རོ། །ོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་ཨཱ་ཡུར་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱ།། །། རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་པདྨ་ཛྭ་ལ་མཱུ་ལ་ཏནྟྲ་རཱ་ཛ་ན་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་པདྨ་ཛྭ་ལ་མཱུ་ལ་ཏནྟྲ་རཱ་ཛ་ན་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ།
CLOSE WINDOW