Wylie | e-texts based on the ACIP/ALL ![]() ![]() |
།འོག་ཏུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་ངོ་། །ཐད་ཀ་ཁོ་ར་ཁོར་ཡུག་ཏུ་ནི་རི་ལ་ཐུག་པ་ཚུན་ཆད་བཅིང་ངོ་། ། གཞན་ཡང་འདི་བཏོན་པས་གཙུག་ལག་ཁང་དང་། དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཀུན་གྱི་དགྲ་བླ། བདུད་འདུལ་རྣམས་ཀྱི་དབང་ཕྱུག་།སྲིན་པོ་ལངྐ་པུ་རིའི་གྲོང་ཁྱེར་གཏན་ནས་རློག་པ། གནོད་སྦྱིན་གྱི་བུ་མོ་ནམ་མཁའི་གློག་མ་སྤྲིན་རྡུལ་དུ་རློག་པ། ལྷ་མ་ཡིན་གྱི་བུ་མོ་ནམ་མཁའི་གློག་མ་སྙིང་རྡུལ་དུ་རློག་པ། དཀོན་མཆོག་གསུམ་གྱིས་བསྟན་པ་སྲུང་བར་ཁས་བླངས་ཤིང་དམ་བཅས་པའོ། །འཕགས་པ་དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས་རྫོགས་སོ། ། །།རྒྱ་གར་སྐད་དུ། དེ་བི་མ་ཧཱ་ཀཱ་ལི་ནཱ་མ་དྷ་ར་ཎི། བོད་སྐད་དུ། ལྷ་མོ་ནག་མོ་ཆེན་མོའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། །།རྒྱ་གར་སྐད་དུ། དེ་བི་མ་ཧཱ་ཀཱ་ལི་ནཱ་མ་དྷ་ར་ཎི། བོད་སྐད་དུ། ལྷ་མོ་ནག་མོ་ཆེན་མོའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པ་ཞིག་ན་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པ་ཞིག་ན་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་སོ། །དེ་ནས་འདོད་པའི་ཁམས་ཀྱི་དབང་ཕྱུག་མ་བདུད་ཀྱི་ཡུམ། གཤིན་རྗེའི་ལྕམ་མོ། ལྷ་མོ་ནག་མོ་ཆེན་མོས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་འདོད་པའི་ཁམས་ཀྱི་དབང་ཕྱུག་མ་བདུད་ཀྱི་ཡུམ། གཤིན་རྗེའི་ལྕམ་མོ། ལྷ་མོ་ནག་མོ་ཆེན་མོས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་ནག་མོ་ཆེན་མོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་རིག་པ་འདི་འབུལ་ན། །དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་ནག་མོ་ཆེན་མོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་རིག་པ་འདི་འབུལ་ན། བདག་གིས་དེ་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་ཀྱི་ཡུམ་གཤིན་རྗེའི་ལྕམ་མོ་ནག་མོ་ཆེན་མོས་སྟེང་དུ་ནི་གཞན་འཕྲུལ་དབང་བྱེད་ལ་ཐུག་པ་མན་ཆད་བཅིང་བར་བྱའོ། བདག་གིས་དེ་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་ཀྱི་ཡུམ་གཤིན་རྗེའི་ལྕམ་མོ་ནག་མོ་ཆེན་མོས་སྟེང་དུ་ནི་གཞན་འཕྲུལ་དབང་བྱེད་ལ་ཐུག་པ་མན་ཆད་བཅིང་བར་བྱའོ། །འོག་ཏུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་བར་བྱའོ། །ཐད་ཀ་ཁོ་ར་ཁོར་ཡུག་ཏུ་ནི་རི་ལ་ཐུག་པ་ཚུན་ཆད་བཅིང་བར་བྱའོ། །འོག་ཏུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་བར་བྱའོ། །ཐད་ཀ་ཁོ་ར་ཁོར་ཡུག་ཏུ་ནི་རི་ལ་ཐུག་པ་ཚུན་ཆད་བཅིང་བར་བྱའོ། །དེའི་སྔགས་འདི་དག་ཀྱང་བཟླས་པར་བྱ་སྟེ། ཏདྱ་ཐཱ། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སི་རུ་རུ་རོ་རུ་བི་ཏིཥྛ་བཱ་ཏོ་སི་སྭཱ་ཧཱ། འདི་བཏོན་པས་རིམས་དང་། ནད་དང་། མི་ངས་དང་། ཉེས་བར་བལྟས་བ་ཐམས་ཅད་དང་། །དེའི་སྔགས་འདི་དག་ཀྱང་བཟླས་པར་བྱ་སྟེ། ཏདྱ་ཐཱ། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སི་རུ་རུ་རོ་རུ་བི་ཏིཥྛ་བཱ་ཏོ་སི་སྭཱ་ཧཱ། འདི་བཏོན་པས་རིམས་དང་། ནད་དང་། མི་ངས་དང་། ཉེས་བར་བལྟས་བ་ཐམས་ཅད་དང་། མཛེ་དང་། ཕོལ་མིག་དང་། གཡན་པ་ལ་སོགས་པའི་ནད་ཐམས་ཅད་ཞི་བར་འགྱུར་རོ་སྭཱ་ཧཱ། ལྷ་མོ་ནག་མོ་ཆེན་མོའི་གཟུངས་རྫོགས་སོ།། །།འཕགས་པ་ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་རྣམ་པར་ཐར་བར་བྱེད་པ། མཛེ་དང་། ཕོལ་མིག་དང་། གཡན་པ་ལ་སོགས་པའི་ནད་ཐམས་ཅད་ཞི་བར་འགྱུར་རོ་སྭཱ་ཧཱ། ལྷ་མོ་ནག་མོ་ཆེན་མོའི་གཟུངས་རྫོགས་སོ།། །།འཕགས་པ་ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་རྣམ་པར་ཐར་བར་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་སྐྱེས་བུ་ནག་སེར་མཆེ་བ་རྣོན་པོ། མཆེ་བ་ཆེན་པོ་རིམས་ནད་ཐམས་ཅད་ལས་རྣམ་པར་ཐར་པར་བྱེད་པ་བརྗོད་པར་བྱ་སྟེ། ཕྱོགས་གང་དང་གང་དུ་བལྟས་པ་དེར་བདག་ལ་རིམས་ནད་མེད་པར་གྱུར་ཅིག། །ཏདྱ་ཐཱ། ཧ་ན་ཧ་ན་རཱ་ཛ་དྷུ་ཏེ་ན། ད་ཧ་ད་ཧ་རཱ་ཛ་དྷུ་ཏེ་ན།
CLOSE WINDOW