CLOSE WINDOW

H606: འཕགས་པ་གཟུངས་ཆེན་པོ
Wyliee-texts based on the ACIP/ALL Input

།འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱཪྱ་མ་ཧཱ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གཟུངས་ཆེན་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འ་དས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་གྲོང་ཁྱེར་གནས་བཅས་སུ་དབྱར་གནས་ནས་ཟླ་བ་གསུམ་འདས་པ་དང་། ཆོས་གོས་བྱས་ཏེ་ཆོས་གོས་ཟིན་ནས་ལྷུང་བཟེད་དང་། ཆོས་གོས་ཐོགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། སྟོབས་དང་། གཟི་བརྗིད་ཀྱི་ཕྱིར་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ཟུངས་ཤིག་།ཆོས་ཤིག་།ལོངས་ཤིག་།ལྷོགས་ཤིག་། ཀུན་ཆུབ་པར་གྱིས་ཤིག་།ཡིད་ལ་ཟུངས་ཤིག་།དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་རྣམས་ནི། རྙེད་པར་དཀའ་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ཡང་རྙེད་པར་དཀའ་བའི་ཕྱིར་ཏེ། དཔེར་ན། ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུ་ཡིན་གྱི། ཟུངས་ཤིག་།ཆོངས་ཤིག་།ལོངས་ཤིག་།ལྷོགས་ཤིག་།ཡིད་ལ་ཟུངས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།ཀུན་དགའ་བོ། དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་འཆང་ངམ། འཛིན་ཏམ། ཀློག་གམ། ཡིད་ལ་འཛིན་ཏམ། ཀུན་ཆུབ་པར་བྱེད་ན། དེ་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར། དུག་གིས་མ་ཡིན། མེས་མ་ཡིན། ཆུས་མ་ཡིན། རྒྱལ་པོའི་ཆད་པས་མ་ཡིན་ཏེ། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་ལྷ་དང་། ལྷ་མ་ཡིན་དང་། ཀླུ་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། གྲུལ་བུམ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། འབྱུང་པོ་དང་། རྗེད་བྱེད་དང་། སྨྱོ་བྱེད་དང་། གནོན་པོ་དང་། གྲིབ་གནོན་དང་། གཤེད་བྱེད་དང་། གནོད་བྱེད་དང་། བྱད་ཀྱིས་མི་ཚུགས། དེ་ལ་མི་དང་། མི་མ་ཡིན་པ་རྣམས་ཀྱིས་མི་ཚུགས། དེ་ལ་རིག་པའི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཀྱིས་མི་ཚུགས། དེ་ལ་རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་|་ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རྟག་པའི་རིམས་དང་། འབྱུང་པོའི་རིམས་དང་། ཡུད་ཙམ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པས་མི་ཚུགས་པར་འགྱུར་རོ། །དེ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་ནི། འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཛྭ་ལེ། མཧཱ་ཛྭ་ལེ། ཛྭ་ལ་ནེ། མ་ཧཱ་ཛྭ་ལ་ནེ|་ཏཱ་པ་ནེ། མ་ཧཱ་ཏཱ་པ་ནེ། ཛྭ་ལི་ཏེ། ཨུཀྐེ། པུཀྐེ། སཾ་བྷ་དེ། མ་ཧཱ་སཾ་བྷ་དེ། ཙ་ཀྲེ། མ་ཧཱ་ཙ་ཀྲེ། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་དང་། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག་སྭཱཧཱ། ཀུན་དགའ་བོ། གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་གསུངས་ཏེ། ང་ཡང་ད་ལྟར་འཆད་ཅིང་རྗེས་སུ་ཡི་རང་ངོ་། །ཀུན་དགའ་བོ། དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་འཛིན་ཏམ། འཆང་ངམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་ན། དེ་ཚེ་རབས་བདུན་གྱི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །དེ་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་པར་འགྱུར་རོ། །དེ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་ནི། འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨནྟེ། བནྟེ། ཀྵ་མེ། ཀྵ་མ་མེ|་དྷཱ་ན་སེ། བ་ད་ནེ། ཨ་ད་ནེ། ཧུ་ལེ། མ་ཧཱ་ཧུ་ལེ། ཏ་ཀ་རེ་གཾ་གྷི་རེ། དུཥྤུ་ས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་དང་། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག། སྲུངས་ཤིག་སྭཱཧཱ། ཀུན་དགའ་བོ། གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བརྒྱད་ཀྱིས་གསུངས་ཏེ། ང་ཡང་ད་ལྟ་ན་འཆད་ཅིང་རྗེས་སུ་ཡི་རང་ངོ་། །ཀུན་དགའ་བོ། དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་འཆང་ངམ། འཛིན་ཏམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་ན། དེ་ཚེ་རབས་བཅུ་བཞིའི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །དེ་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་པར་འགྱུར་རོ། །དེ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་ནི། འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨཊྚེ། བཊྚེ། ཨགྒེ། པགྒེ། ཋགྒེ། ཋགྒེ། དྷཀྐེ། དྷཱ་ར་དྷཀྐེ། ཊ་ཀེ་ཊ་ར་ཀེ། ཨ་ཀ་སི། ས་ཀ་སི། མ་ཀ་སི། ཨི་ལི་མི་ལི། ཏི་ལི་མི་ལི། རཽ་ར་བེ། མ་ཧཱ་རོ་ར་བེ། བྷཱུ་ཏཾ་ག་མེ་བྷཱུ་ཏ་པ་རཱ་ཡ་ཎེ། ཏི་མི་གི་སེ། མ་ཧཱ་ཏི་མི་གི་སེ། སཾ་བྷ་བེ|་མ་ཧཱ་སཾ་བྷ་བེ། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག་།སྲུངས་ཤིག་སྭཱཧཱ། ཀུན་དགའ་བོ། གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཏེ། ང་ཡང་ད་ལྟ་ན་འཆད་ཅིང་རྗེས་སུ་ཡི་རང་ངོ་། །ཀུན་དགའ་བོ། དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། ཡིད་ལ་བྱེད་པ་དང་། ཀུན་ཆུབ་པར་བྱེད་པ་དེ་ཚེ་རབས་ཉི་ཤུ་རྩ་གཅིག་གི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །དེ་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་ནི། འདི་རྣམས་ཡིན་ནོ། །ཏདྱ་ཐཱ། རུ་ལེ། མ་ཧཱ་རུ་ལེ། ཧེ་ཧེ་རི། མཏྟ་རི། ཛམྦྷ་ནི། སྟམྦྷ་ནི། ཀུན་དགའ་བོ། དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་གིས་ཤིང་སྐམ་པོ་སྲུང་བའམ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ནམ་མཁའ་བཅིང་བ་དང་། ས་བཅིང་བ་བྱས་ཏེ། དེ་ལ་སྲད་བུས་བཅིངས་ན། དེའི་རྩ་བ་ཡང་སྐྱེ་བར་འགྱུར། ཡལ་ག་དང་། ལོ་མ་དང་། ལྕུག་མ་དང་། མེ་ཏོག་དང་། འབྲས་བུ་ཡང་སྐྱེ་བར་འགྱུར་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཀུན་དགའ་བོ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི། མ་གཏོགས་སོ། །ཀུན་དགའ་བོ། ཉི་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་དབང་ཆེ་བར་གྲགས་པ་འདི་གཉིས་ནི། ས་ལ་ལྟུང་ཡང་སྲིད་དོ། །ཀུན་དགའ་བོ། རིའི་རྒྱལ་པོ་རི་རབ་གནས་ནས་གཡོ་ཡང་སྲིད་དོ། །ཀུན་དགའ་བོ། རྒྱ་མཚོ་ཆེན་པོ་འདི་ལྟར་ཟབ་པ། འདི་ལྟར་རྒྱ་ཆེ་ལ། འདི་ལྟར་རྫུ་འཕྲུལ་ཆ་ཞིང་མཐུ་ཆེ་བ་བཞི་པོ་འདི་དག་ནི། བསྐམས་ཤིང་ཡོངས་སུ་ཟད་དེ་མཐར་ཐུག་པར་འགྱུར་ཡང་སྲིད་དོ། །ཀུན་དགའ་བོ། ས་ཆེན་པོ་འདི་ནི། རྣམ་པ་སྟོང་དུ་འགྱེས་ཀྱང་སྲིད། ཆུ་ནི། གཤེར་བ་ཉིད་འདོར་ཡང་སྲིད། མེ་ནི་།ཚ་བ་འདོར་ཡང་སྲིད། རླུང་ནི། གྲང་བ་འདོར་ཡང་སྲིད་ཀྱི། གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ནི། བསླུ་མི་སྲིད་དོ། །ཀུན་དགའ་བོ། ལྷའམ། ཀླུའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། རླུང་ལྷའམ། དྲི་ཟའམ། མིའམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། གནོད་སྦྱིན་ནམ། སྲིན་པོའམ། ཡི་དྭགས་སམ། ཤ་ཟའམ། གྲུལ་བུམ་མམ། སྲུལ་པོའམ། ལུས་སྲུལ་པོའམ། འབྱུང་པོའམ། བྲམ་ཟེའམ། སྲིན་པོའམ། གྲིབ་གནོན་ནམ། མི་དང་མི་མ་ཡིན་པ་གང་ལ་ལ་ཞིག་གམ། གཞན་སུ་ཡང་རུང་བ་ཞིག་གིས་གཟུངས་ཆེན་པོའི་གསང་སྔགས་འདི་དག་ལས་འགལ་བར་བྱེད་ན། ཏདྱ་ཐཱ། ཨགྒི་ལེ། ཙགྒི་ལེ། བལླེ། མལླེ། ཨོཾ་ཧཱ་ནི། མོ་ཧཱ་ནི། ཛཾ་བྷ་ནི། སྟཾ་བྷ་ནི། བདག་དང་སེམས་ཅན་ཐམས་ཅད་ལ་སྲུངས་ཤིག་། སྲུངས་ཤིག་སྭཱཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཡང་ལྕགས་ཀྱི་འཁོར་ལོ་འཕར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ། མེ་ལྕེ་གཅིག་ཏུ་གྱུར་པས་དེའི་མགོ་ཚལ་པ་བདུན་དུ་འགེམས་སོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་ཡང་ལྕགས་ཀྱི་འཁོར་ལོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པས་དེའི་མགོ་ཚལ་པ་བདུན་དུ་འགེམས་སོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་རྡོ་རྗེ་འཕེན་ནོ། །གསང་པ་པའི་བདག་པོ་ལག་ན་རྡོ་རྗེ་ཡང་རྡོ་རྗེ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པས་དེའི་མགོ་ཚལ་པ་བདུན་དུ་འགེམས་སོ། ། དེ་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་གནས་སུ་མི་དབང་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་བ་བདུན་དུ་འགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་གཟུངས་ཆེན་པོ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཧེ་བྷ་ག་ཝན། མཉྫུ་ཤྲཱི་ཀུ་མཱ་ར་སརྦ་ཏ་ཐཱ་ག་ཏ་བ་ལ། བཱི་དྷི་ཛྙཱ། སརྦ་ཏ་ཐཱ་ག་ཏཱ་ནཱན།

CLOSE WINDOW