Wylie | e-texts based on the ACIP/ALL ![]() ![]() |
ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། སྙིང་པོ་འདི་ལན་གཅིག་བརྗོད་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ|་|མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་ཟློག་པར་འགྱུར་རོ། །དངོས་པོ་གང་ལ་དམིགས་ཏེ་བརྗོད་ན། སངས་རྒྱས་ཀྱི་སྐུའམ། མཆོད་རྟེན་དུ་བྱས་པར་འགྱུར། མཆོད་པ་གང་ལ་དམིགས་ཏེ་བརྗོད་ན། འཇིག་རྟེན་གྱི་ཁམས་གང་བ་ཙམ་ཕུལ་བར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་བོ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱཪྱ་ཨུཥྞཱི་ཥ་ཛྭ་ལ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཇིག་རྟེན་གྱི་ཁམས་གང་བ་ཙམ་ཕུལ་བར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་བོ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱཪྱ་ཨུཥྞཱི་ཥ་ཛྭ་ལ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་གཙུག་ཏོར་འབར་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ནམས་ས་མནྟ་བུདྡྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ། འཕགས་པ་གཙུག་ཏོར་འབར་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ནམས་ས་མནྟ་བུདྡྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ། ཕཊ་ཕཊ། སརྦ་དུ་ར་ནི་མི་དྷི་དུ་སྭཱཧཱ། ཤནྟིཾ་ཀུ་རུ་སྭཱཧཱ། སངས་རྒྱས་སྟོང་གི་སྔགས་འདི་ནི། །གཙུག་ཏོར་འབར་བ་ཞེས་གྲགས་ཏེ། །ལས་རྣམས་གང་དག་སྟོང་ཕྲག་དང་། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ། ཕཊ་ཕཊ། སརྦ་དུ་ར་ནི་མི་དྷི་དུ་སྭཱཧཱ། ཤནྟིཾ་ཀུ་རུ་སྭཱཧཱ། སངས་རྒྱས་སྟོང་གི་སྔགས་འདི་ནི། །གཙུག་ཏོར་འབར་བ་ཞེས་གྲགས་ཏེ། །ལས་རྣམས་གང་དག་སྟོང་ཕྲག་དང་། །བརྒྱད་ཅུ་དང་ནི་དགུ་ཕྲག་ལྔ། །རྣམ་པ་སྣ་ཚོགས་ལས་རྣམས་དང་། །བཀྲ་ཤིས་དཔལ་གྲགས་ཐམས་ཅད་བྱེད། །རྨི་ལམ་ངན་དང་མཚན་མ་ངན། །ལན་གཅིག་བཟླས་པས་སེལ་བར་བྱེད། །བརྒྱད་ཅུ་དང་ནི་དགུ་ཕྲག་ལྔ། །རྣམ་པ་སྣ་ཚོགས་ལས་རྣམས་དང་། །བཀྲ་ཤིས་དཔལ་གྲགས་ཐམས་ཅད་བྱེད། །རྨི་ལམ་ངན་དང་མཚན་མ་ངན། །ལན་གཅིག་བཟླས་པས་སེལ་བར་བྱེད། །བགེགས་རྣམས་མ་ལུས་རབ་ཏུ་འཇིག་།ཚེ་དང་བསོད་ནམས་འཕེལ་བར་འགྱུར། །གཙུག་ཏོར་འབར་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བགེགས་རྣམས་མ་ལུས་རབ་ཏུ་འཇིག་།ཚེ་དང་བསོད་ནམས་འཕེལ་བར་འགྱུར། །གཙུག་ཏོར་འབར་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྱཱད་ཡ་ཐེ་དན། ཁ་ཊེ་ཁ་ཊེ། ཁ་ཊ་བི་ཁ་ཊེ། ཙ་ལེ་བི་ཙ་ལེ། བི་ལམ་བི་བ་ལེ་བ་ལ་པ་ཏེ། ཙན་དྲེ་ཙ་ར་ཎེ། ཨ་མྲྀ་ཏ་ནི་ར་གྷོ་ཥེ། རླུང་མཁྲིས་བད་ཀན་འདུས་པ་ཞི་བར་གྱུར་ཅིག་སྭཱཧཱ། ནད་པའི་སྨན་ལ་གདབ་བོ། །སྟོང་ཆེན་མོ་ནས་ཕྱུང་བ་སྨན་ལ་སྔགས་ཀྱི་གདབ་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱཪྱ་སརྦ་ཨན་ཏ་རཱ་ལི་བི་ཤོ་དྷ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ|་འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་བྲམ་ཟེའི་གྲོང་ཤིང་ཨ་མྲའི་གནས་ཞེས་བྱ་བ་དེའི་བྱང་ཕྱོགས་ན་ལུས་འཕགས་རི་ལ་དབང་པོའི་བྲག་ཕུག་ན་བཞུགས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འཆི་འཕོའི་ཆོས་སུ་གྱུར་ཏེ། དེའི་ཚེ་འདུ་བྱེད་ཀྱི་ལྷག་མ་ལུས་པའི་སྔ་ལྟས་ཁོང་དུ་ཆུད་ནས་སྐྲག་པ་སྐྱེས་ཏེ། བཙུན་མོའི་འཁོར་དང་། གཡོག་དང་བཅས་པར་བཅོམ་ལྡན་འདས་ཀྱི་གན་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ཡང་དེའི་ཚེ་དོན་དུ་གཉེར་བ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེའི་ཕྱིར་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་གང་དག་གིས་བདུད་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་པར་འགྱུར་བ་བར་དུ་གཅོད་པ་ཐམ་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་པའི་གསང་སྔགས་གཞི་རྣམས་ངས་བཤད་ཀྱིས་ཉོན་ཅིག།
CLOSE WINDOW