Wylie | e-texts based on the ACIP/ALL ![]() ![]() |
།འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།རྒྱ་གར་སྐད་དུ|་ཨཱཪྱ་ཨཀྵི་རོ་ག་པྲ་ཤ་མ་ཎི་སཱུ་ཏྲ། བོད་སྐད་དུ། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ|་|འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནག་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འདིར་མིག་ནད་བྱུང་ན། དེ་དག་ལ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནག་པོ། མིག་ནད་ཀྱི་སྔགས་ཀྱི་ཚིག་འདི་དག་ཡོད་དེ། ཏདྱ་ཐཱ། རུ་དྷི་རེ་ཕུ་རེ། དྷི་ར་ཨཀྵི་ཕུ། རུ་དྷ་རི་པིཾ་ག་ལེ་ཕུ། བྷ་ཏེ་ཕུཿབ་དེ་ལེ་ཕུཿ།ཧ་ན་དེ་ཕུཿ། མཱཾ་ས་དུ་དྷུ་བྷི་ཕུ། པདྨ་ཨཀྵི་ཕུ། པདྨ་དཎྜ་ཧི་ར་ཎི་ཡེ་ཕུཿསྭཱཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནག་པོ་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་བ་ལ་མངོན་པར་བསྟོད་དོ། །ཆོ་ག་ནི། འདི་ཡིན་ཏེ། སྲད་བུ་དཀར་པོ་ལ་ལན་བདུན་བཟླས་པ་བྱ་སྟེ་མདུད་པ་བདུན་བོར་རོ། །ཆུ་ལ་ལན་བདུན་བཟླས་པ་བྱས་ལ་ལག་བས་བྱབས་ན། མིག་ནད་ཞི་བར་འགྱུར་རོ། །འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ་རྫོགས་སོ། ། །།རྒྱ་གར་སྐད་དུ། ཨཱཪྱ་ཨཪྴ་པྲ་ཤ་མ་ཎི་སཱུ་ཏྲ། །བོད་སྐད་དུ། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ། སངས་རྒྱས་དང་།
CLOSE WINDOW