Wylie | e-texts based on the ACIP/ALL ![]() ![]() |
། །།རྒྱ་གར་སྐད་དུ། ཨཱཪྱ་ཙུནྡེ་དེ་པི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལྷ་མོ་སྐུལ་བྱེད་མ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ལྷ་མོ་སྐུལ་བྱེད་མ་མཐུ་དང་སྟོབས་དཔག་ཏུ་མེད་པ་དང་ལྡན་པ། རྫུ་འཕྲུལ་དང་ཕ་རོལ་གནོན་པ་གྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་ཤིང་བསྟོད་པ་ལ་ཕྱག་འཚལ་ལོ། །བདག་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དགེ་བར་མཛོད་ཅིག་།ན་མཿསཔྟཱ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊི་ནཱཾ། ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱཧཱ། བརྩོན་འགྲུས་ཆེན་པོ་ཐོགས་པ་མེད་པ་འདུལ་བ། སྟོབས་ཆེ་བ། ཕ་རོལ་གནོན་པ་ཆེ་བ། ཕྱག་ན་རལ་གྲི་དང་། དགྲ་སྟ་དང་། ལྕགས་ཀྱུ་དང་། ཞགས་པ་བསྣམས་པ། ཁྲོ་མོ་ཆེན་མོ། ཁྲོ་མོ་ཆེན་མོའི་དབང་ཕྱུག་མ། དྲག་པའི་གཟུགས་ཅན་མ། ཞལ་རས་མཐའ་ཡས་མ། ཕྱག་སྟོང་མངའ་མ། མ་ཕམ་མ། གཞན་གྱིས་མི་ཐུབ་མ། དོན་ཡོད་མ། གདུལ་བར་དཀའ་མ། མིག་སྟོང་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་མ། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་མཆོད་པ་རབ་ཏུ་སྒྲུབ་མ། རྡོ་རྗེ་སེན་མོ་ཅན་།རྡོ་རྗེ་རྡོ་རྗེས་འདྲེན་མ། རྡོ་རྗེའི་མཚོན་ཆ་ཅན། རྡོ་རྗེའི་སྐུ་ཅན་མ། རྡོ་རྗེའི་ཁུ་ཚུར་མ། རྡོ་རྗེའི་སྤྱན་གདངས་པའི་སྟངས་སྟབས་ཅན་མ། དྲག་ཤུལ་ཅན་མ་ལགས་ཀྱང་དྲག་ཤུལ་གྱི་གཟུགས་ཅན་དུ་བསྒྱུར་བར་སྟོན་པར་མཛད་མ། སྐུ་རྡོ་རྗེ་དང་བཻ་ཌཱུཪྱའི་རྒྱན་གྱིས་བརྒྱན་པ། ཨོཾ་བྷ་ག་བ་ཏི་ཙུནྡེ། དྷྲཱུཾ་དྷྲཱུཾ། ཀྲུཾ་ཀྲུཾ། མྲུཾ་མྲུཾ། སྲུཾ་སྲུཾ། རླཾ་རླུཾ། ཨ་བེ་ཤ་ཡ། གྲྀཧྣ་གྲྀཧྣ། གྲྀཧྣ་པ་ཡ་གྲྀཧྣ་པ་ཡ། ཧ་ར་ཧ་ར། བྷཉྫ་བྷཉྫ། ས་ར་ས་ར། མ་ར་མ་ར། མ་ར་ཡ་མ་ར་ཡ། པ་ཙ་པ་ཙ། ད་ཧ་ད་ཧ། གྲྀཧྣ་གྲྀཧྣ། སྡང་བའི་གདན་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། ཞག་བདུན་པ་དང་། རྟག་པའི་རིམས་དང་། ཡུད་ཙམ་པ་དང་། འབྱུང་པོ་དང་། རོ་ལངས་དང་། ཡི་དྭགས་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་གྱི་གདོན་དང་། མངལ་ལས་སྐྱེས་པ་དང་། ལས་ལས་སྐྱེས་པ་དང་། འགྲོ་བ་དང་གནས་པ་འདི་དག་དང་། སྡང་བ་གང་དག་བདག་ལ་འཚེ་བ་དང་། གདུག་པ་དེ་དག་ཐམས་ཅད། སཱཾ་དྷ་ཡ་སཱཾ་དྷ་ཡ། མརྡ་ཡ་མརྡ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏཱ་པ་ཡ་ཏཱ་པ་ཡ། ཨུཏ་སཱ་ད་ཡ། ཨུཏ་སཱ་ད་ཡ|་ཧ་ན་ཧ་ན་བཛྲེ་ཎ། ས་ར་ས་ར་དཎྜེ་ན། མཱ་ར་ཡ་མཱ་ར་ཡ། ཁགྒེ་ན། ཧཱུཾ་ཧཱུཾ་ཧཱུཾ། ཙུཾ་ཙཱུཾ་ཙུཾ། དྷྲུཾ་དྷྲུཾ་དྷྲུཾ། ཨོཾ་ཙ་ལ་ཙུ་ལེ་ཙུནྡེ་སརྦ་ཨརྠ་སཱ་དྷ་ཡ་སྭཱཧཱ། བཅོམ་ལྡན་འདས་འཕགས་པ་ལྷ་མོ་སྐུལ་བྱེད་མའི་མཐུ་དང་བྱིན་གྱི་བརླབས་ཀྱིས་བདག་གནོད་བ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱཧཱ། འཕགས་པ་ལྷ་མོ་སྐུལ་བྱེད་མ་ཞེས་བྱ་བའི་གཟུངས་རྫོགས་སོ། ། །།རྒྱ་གར་སྐད་དུ། ཨཱཪྱ་ཛཾ་གུ་ལི་ནཱ་མ་བི་དྱཱ། བོད་སྐད་དུ། འཕགས་བ་དུག་སེལ་བ་ཞེས་བྱ་བའི་རིག་སྔགས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།
CLOSE WINDOW