Wylie | e-texts based on the ACIP/ALL ![]() ![]() |
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏེ་དྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟ་ཀཱ་རེ། ཨ་མི་ཏ་ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱཧཱ། གཟུངས་འདིའི་ཡོན་ཏན་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་གྱི་སྒྲིབ་པ་ཡང་འདི་ལན་གསུམ་བཟླས་བརྗོད་བྱས་ན་སྒྲིབ་པ་དེ་རྣམས་ཟད་བར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་བཟླས་ན་རྩ་བ་བཞིའི་ལྟུང་བའང་ཡོངས་སུ་བྱང་བར་གྱུར་ཏེ། སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་བསྐྲུན་པར་འགྱུར་རོ། །བཅོམ་ལྡན་འདས་སྣང་བ་མཐའ་ཡས་རྗེས་སུ་དྲན་པར་བྱའོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱི་དུ་ཧི་ཀེ་སྭཱཧཱ། ལུས་ལ་ནད་བྱུང་བ་དང་། ནད་ཁོང་སྐམས་སུ་གྱུར་ཀྱང་རུང་སྟེ། ལན་ཉི་ཤུ་རྩ་གཅིག་སྔགས་ཏེ། བསིལ་ཡབ་ཀྱིས་དེ་ལ་གཡབས་ན་ནད་མེད་པར་འགྱུར་རོ། །གཟུངས་སྔགས་དེ་གསུངས་མ་ཐག་ཏུ་འཁོར་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་བ་ལ་མངོན་པར་བསྟོད་དོ།། །།བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་གཟུངས་རྫོགས་སོ།། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོ་དྦྷ་བེ། ཨ་མི་ཏ་སཾ་བྷ་བེ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོ་དྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནཱི། གཱ་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤཀྵ་ཡཾ་ཀ་རི་སྭཱཧཱ། གཟུངས་འདིའི་ཡོན་ཏན་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པའང་ལན་གསུམ་བཟླས་པ་བྱས་ན་དེ་རྣམས་ཟད་པར་རིག་པར་བྱའོ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནཱི། གཱ་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤཀྵ་ཡཾ་ཀ་རི་སྭཱཧཱ། གཟུངས་འདིའི་ཡོན་ཏན་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པའང་ལན་གསུམ་བཟླས་པ་བྱས་ན་དེ་རྣམས་ཟད་པར་རིག་པར་བྱའོ། །ཉི་ཤུ་རྩ་གཅིག་ཏུ་བཟླས་པ་བྱས་ན། རྩ་བ་བཞིའི་ལྟུང་བའང་སྡིག་པ་ཡོངས་སུ་བྱང་བར་འགྱུར་ཏེ། སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་བསྐྲུན་པར་ཡང་འགྱུར་རོ། །ཉི་ཤུ་རྩ་གཅིག་ཏུ་བཟླས་པ་བྱས་ན། རྩ་བ་བཞིའི་ལྟུང་བའང་སྡིག་པ་ཡོངས་སུ་བྱང་བར་འགྱུར་ཏེ། སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་བསྐྲུན་པར་ཡང་འགྱུར་རོ། །སྣང་བ་མཐའ་ཡས་རྗེས་སུ་དྲན་པ་རྫོགས་སོ།། །།ཟླ་བའི་འོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །སྣང་བ་མཐའ་ཡས་རྗེས་སུ་དྲན་པ་རྫོགས་སོ།། །།ཟླ་བའི་འོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙནྡྲེ་ཙནྡྲེ། སུ་ཙནྡྲེ། མ་ཏི་ཙནྡྲ། ཙནྡྲ་ཀི་ར་ཎ། སི་རི་སི་རི། བུདྡྷ་ཨ་དྷིཥྛི་ཏེ། ཀི་ལི་ཀི་ལི། དྷརྨཱ་ཨ་དྷིཥྛི་ཏེ། ཀི་ལི་ཀི་ལི། སཾ་གྷ་ཨ་དྷིཥྛི་ཏེ་སྭཱཧཱ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་རྟག་ཏུ་ནང་བར་ལངས་ཏེ། ཟླ་བའི་འོད་དེ་བཞིན་གཤེགས་པའི་མཆན་དྲན་པར་བྱེད་པ་དེ་ནི་བསྐལ་པ་བཞི་ཁྲིའི་ཚེ་རབས་དྲན་པར་འགྱུར་ཏེ། དེ་ནི་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །ཟླ་བའི་འོད་གྱི་མཚན་རྗེས་སུ་དྲན་པས་ཡོན་ཏན་དེ་རྣམས་ཐོབ་པར་འགྱུར་རོ། །ཟླ་བའི་འོད་ཀྱི་མཚན་རྗེས་སུ་དྲན་པ་རྫོགས་སོ།
CLOSE WINDOW