Wylie | e-texts based on the ACIP/ALL ![]() ![]() |
ཁྱེད་ཅག་རྟག་ཏུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པ་མ་གྱུར་ཅིག། སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཅིང་། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག་། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས།། གྲོང་ཁྱེར་འདི་ནི་གཏོང་གྱུར་ཅིག་།སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག་།ཐམས་ཅད་ནད་རྣམས་མེད་པར་ཤོག་། ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག་།གང་ཡང་སྡིག་པར་མ་གྱུར་ཅིག་།འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་དང་བར་སྣང་དག་ལ་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག་།ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག་།འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ཞུས་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མཧཱ་མུ་ན་ཡེ་སྭཱཧཱ། ལན་གཅིག་བཟླས་བརྗོད་བྱས་ན་བསྐལ་པ་བྱེ་བ་བརྒྱ་ཕྲག་བརྒྱད་ཁྲིའི་བར་དུ་སྡིག་པ་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་འབྱང་བར་འགྱུར་རོ། །འཕགས་པ་ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། བི་རི་བི་རི། ཧུ་རུ་ཧུ་རུ། བཻ་རོ་ཙ་ན་རཤྨི་སཉྩོ་དི་ཏེ་ཨཱ་གཙྪ། །ཏདྱ་ཐཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། བི་རི་བི་རི། ཧུ་རུ་ཧུ་རུ། བཻ་རོ་ཙ་ན་རཤྨི་སཉྩོ་དི་ཏེ་ཨཱ་གཙྪ། ཨཱཪྱ་ཨཱ་ཀཱ་ཤ་གརྦྷ་མཧཱ་ཀཱ་རུ་ཎི་ཀ་པཱུ་ར་ཡ་ཧ་ཤཱ་ན། དྷཱ་ར་ཡ་བུདྡྷེ་བི་ཤྩ་ཡ་ན། ཙ་ར་ཙ་ར། ཙི་རི་ཙ་རི་སྭཱཧཱ། བཏོན་པས་འགྲུབ་སྟེ། མཚོན་ཆ་དང་། མེ་དང་། ཆུ་དང་། དུག་དང་|་དུག་སྦྱར་མ་དང་། ཨཱཪྱ་ཨཱ་ཀཱ་ཤ་གརྦྷ་མཧཱ་ཀཱ་རུ་ཎི་ཀ་པཱུ་ར་ཡ་ཧ་ཤཱ་ན། དྷཱ་ར་ཡ་བུདྡྷེ་བི་ཤྩ་ཡ་ན། ཙ་ར་ཙ་ར། ཙི་རི་ཙ་རི་སྭཱཧཱ། བཏོན་པས་འགྲུབ་སྟེ། མཚོན་ཆ་དང་། མེ་དང་། ཆུ་དང་། དུག་དང་|་དུག་སྦྱར་མ་དང་། བྱད་སྟེམས་རྣམས་ཀྱིས་མི་ཚུགས་སོ། །རྒྱལ་པོ་དང་། ཆོམ་རྐུན་ལ་སོགས་པ་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །གང་དུ་བྲིས་ཏེ་བཞག་པ་དེར་ཡམས་ཀྱི་ནད་དང་། བྱད་སྟེམས་རྣམས་ཀྱིས་མི་ཚུགས་སོ། །རྒྱལ་པོ་དང་། ཆོམ་རྐུན་ལ་སོགས་པ་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །གང་དུ་བྲིས་ཏེ་བཞག་པ་དེར་ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་ཐམས་ཅད་མི་འབྱུང་བར་འགྱུར་རོ། །དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ། །འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ། གནོད་པ་དང་། འགོ་བའི་ནད་ཐམས་ཅད་མི་འབྱུང་བར་འགྱུར་རོ། །དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ། །འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ། ། །།སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་བླ་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། །།སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་བླ་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།
CLOSE WINDOW