CLOSE WINDOW

Gpb053.009: ཀླུའི་འཁོར་ལོ་ནག་པོ
Wylie

རྒྱ་གར་སྐད་དུ། ནཱ་ག་ཀཱ་ལ་ཙཀྲ། བོད་སྐད་དུ། ཀླུའི་འཁོར་ལོ་ནག་པོ། མཱ་ར་ཡ་བསད་པའི་འཕྲིན་ལས། གཤིན་རྗེ་ནག་པོའི་འཁྲུལ་འཁོར། དུག་སྦྲུལ་ནག་པོ་ལྟོ་དཀྲུག་གསང་བ་ཡང་སྙིང་ནག་པོ། ཀླུའི་སྲོག་ཏིག་ནག་པོ་ཞེས་བྱ་བ། ཀླུའི་རིགས་ཀྱི་བདག་པོ་འཇམ་དཔལ་ལ་ཕྱག་འཚལ་ལོ།། རིགས་ཀྱི་བདག་པོ་འཇམ་དཔལ་གཤིན་རྗེ་གཤེད།། སྤྲུལ་པ་གཤིན་རྗེ་ཀླུ་དང་གཟའ།། རིན་ཆེན་ལྷུན་པོའི་རི་རབ་སྟེ། ། ཕྱོགས་བཞི་དག་ལ་རེ་རེ་ལ།། ཉི་ཤུ་རྩ་ལྔ་གྲངས་ཀྱིས་སོ།། རྒྱ་མཚོ་ལྗོན་ཤིང་ས་དང་བྲག། ནམ་མཁའ་ལ་སོགས་རིགས་མཐུན་པ།། ཀླུ་ཡི་རྒྱལ་པོའི་གནས་དེ་དག། ཕོ་བྲང་ལ་སོགས་གཞན་དག་ཀྱང།། རང་རང་རྗེས་སུ་མཐུན་པ་ནི། ། རིགས་ལ་ཁྱད་པར་ཡིན་པར་སྣང།། རྒྱལ་པོ་བྲམ་ཟེ་རྗེའུ་དམངས།། གདོལ་པ་མཚམས་ཀྱི་ཆ་ལ་སྟེ།། འདི་དག་ཏུ་ནི་རྣམ་པར་བཤད།། ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནང།། རེ་རེ་ལ་ནི་བཞི་བཞི་སྟེ། ། རིགས་ཀྱི་ཁྱད་པར་ཡིན་པར་བཤད།། ཤར་ན་རྒྱལ་པོ་སེང་གེ་གདོང།། བྲམ་ཟེའི་རྒྱལ་པོ་བོད་གདོང་ཡིན།། ནུབ་ནི་རྗེའུ་རིགས་ཝ་གདོང་སྟེ།། བྱང་ན་དམངས་རིགས་བྱ་རོག་གདོང། ། མཚམས་ན་གདོལ་པ་གནས་པ་སྟེ།། ཤར་ལྷོ་མགོ་སྟོང་ལུས་ནག་པོ།། བྱང་ཤར་ན་ནི་རྟག་མགོ་ཅན།། ནུབ་བྱང་འཛིན་ཤེས་གཏོང་མི་ཤེས།། ལྷོ་ནུབ་ནག་པོ་མིག་གཅིག་གོ། དེ་དག་རྒྱལ་བའི་ཞལ་མཐོང་མིན། ། མྱུར་མགྱོགས་བདེན་པ་མི་ཤེས་པས།། གདོལ་པ་ཞེས་པ་རིགས་ཀྱི་ཆའོ།། ལོ་དང་ཟླ་བ་ཞག་དང་དུས།། རྟགས་དང་འབྱུང་པས་བཙལ་བ།། ངེས་པར་ཐེབས་དང་འཁྱམས་པ་དང།། ལྡོག་དང་འགོར་བ་དུས་ཡིན་ནོ། ། འགྲས་པའི་དུས་སུ་འགྲུབ་པ་དང།། གཏད་པའི་དུས་སུ་ཤེས་པར་ནི།། དགྲ་དང་ཟས་དང་གྲོགས་སུ་ཤེས།། འདི་དག་ཀླུ་ཡི་བདག་པོས་བཤད།། འཇམ་པའི་བདག་པོ་ཀླུ་ཡི་གཤེད།། ཟིལ་གྱིས་མཁར་ལྡིང་ནག་པོས་མནན། ། དབང་དུ་རྟ་མགྲིན་རྒྱལ་པོས་བསྡུ།། ལས་ལ་ཀླུ་མོ་ནག་མོས་གཟུད།། ཕོ་བྲང་སྲང་དང་སྲང་སྒོ་དང།། བྱ་ར་ས་ལ་སོགས་པར་ནི།། རིག་ལ་རེ་རེ་སྣང་བས་གཏད།། གཏད་པ་ཀླུ་ཡི་རྒྱལ་པོ་སྟེ། ། ས་ཡི་བདག་པོའི་ལྟོ་བར་གཏད།། འདི་ནི་ཀླུ་ཡི་བདག་པོས་བཤད།། དུག་སྦྲུལ་ནག་པོ་ལྟོ་དཀྲུག་གི་རྟོག་པ་དང་པོའོ།།།། དེ་ནས་བསད་པ་ལས་སྟོན་ནི།། མ་རཱ་ཡ་ཞེས་བྱ་བ་ནི།། བྱང་ཕྱོགས་བྲག་གམ་ཆུ་མིག་གོ། ཡང་ན་ནག་པོ་གལ་བའི་གནས།། ལྷོ་ཕྱོགས་བྲག་ནག་སོག་པོ་འདྲ།། ཡང་ན་རྒྱ་མཚོའི་དོང་ཡང་འདྲ།། གནོད་སྦྱིན་དྲག་པོ་ཡོད་པའི་གནས།། འདི་དག་ཏུ་ནི་བཤད་པ་ཡིན།། དབྱར་ཟླ་ཐ་མའི་ནག་པོའི་དུས། ། ལས་ལ་འཁོར་ལོས་སྦྱོར་བ་སྟེ།། དཀྱིལ་འཁོར་ཨེ་ལྡན་རྩིག་བྱུགས་ལ།། ཀླུ་བདག་འཁོར་ལ་གཏོར་མ་སྦྱིན།། འཇིག་རྟེན་པ་ལ་གསེར་སྐྱེམ་གཏང།། ཐོད་པ་ནག་པོའམ་རོ་རས་ལ།། མཁས་པས་འཁོར་ལོ་བྲི་བར་བྱ། ། སྟེང་གཅོད་གཤིན་རྗེ་ནག་པོ་སྟེ།། འོག་གཅོད་བདུད་མོ་རེ་མ་ཏི།། བཅུ་བདུན་གཡས་དང་གཡོན་དུ་བྲི།། ཧྲི་ཏི་སྟྀ་ཕྱིའི་ཁ་གནན་ཏེ།། རང་ལ་མི་ལྡོག་ཕར་ལ་ཐེབས། ཁ་གནོན་གཟེར་བུ་བཤད་པ་ཡིན། ། བར་དུ་བསད་པའི་ཙཀྲ་ནི།། ནག་པོ་ཀླུ་ཡི་འཁོར་ལོ་སྟེ།། སྦལ་ནག་ལྟོ་བར་ཨ་མུ་ཀ། ཕྱི་རོལ་བསད་དང་སྒྲུབ་པ་སྟེ།། བཅུག་ས་དང་སྦྱོར་ཤེས་པར་བྱ།། འཁོར་ལོ་ཉི་མ་བཞི་པ་སྟེ།། མཚན་མོ་ཀླུ་ཡི་དམོད་པ་དང། ། ཡང་སྙིང་ནག་པོས་བསད་པ་ནི།། ཡ་མ་རཱ་ཡ་ཡི་སྲོག་ཐུན་ཞེས། ཁྱབ་བདག་ཡེ་ཤེས་ངེས་བཤད་དོ།། དུག་སྦྲུལ་ནག་པོ་ལྟོ་དཀྲུག་གི་རྟོག་པ་གཉིས་པའོ།།།། དང་པོར་སེམས་ཉིད་སྟོང་པ་ཉིད།། སྙིང་རྗེ་ངང་ལས་ཧཱུཾ་མཐིང་སྟེ། ། ཐུགས་ཀྱི་ཕྱག་རྒྱ་རྡོ་རྗེ་ཆེ།། དེ་ལས་ཁྲོ་རྒྱལ་གཤིན་རྗེ་གཤེད།། མཐིང་ནག་གྱད་ཀྱི་འཇིགས་ཚུལ་ཅན།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། བེ་ཅོན་སྡིགས་མཛུབ་ཞབས་བགྲད་པས།། དེ་ཡུམ་བདུད་མོ་རེ་མ་ཏི། ། ལྕགས་ཀྱུ་ཙིཏྟ་བསྣམས་པའོ།། ལས་ཀྱི་ལྷ་ཡང་དེ་འདྲ་སྟེ།། འཁོར་ལོ་ནག་པོའི་བདག་ཉིད་ཡིན།། ཙིཏྟ་ཨེ་ཀ་ཧཱུཾ་ཞེས་པ།། སེམས་དཔའ་བཞུགས་དང་མཆོད་བསྟོད་བྱ།། ཀླུ་ཡི་བདག་པོ་མདུན་དུ་སྟེ། ། མགོ་དགུ་ཡབ་ཡུམ་བཀའ་སྟོད་ཚུལ།། སྔགས་ནི་ཉིན་དང་མཚན་མོ་སྟེ།། ཉིན་ནི་གཤིན་རྗེའི་བསྙེན་པ་ལ།། མཚན་མོ་ཀླུ་ཡི་བདག་པོ་བསྒྲུབ།། སྒྲུབ་རྟགས་ཅིར་ཡང་མ་ངེས་ཏེ།། སྦྲུལ་ནག་གཡག་རོག་མོན་པ་དང། ། སྦལ་པ་ནག་པོ་མཐོང་ན་འགྲུབ།། གླང་ཆེན་མ་ཐོང་ལྡོག་དང་འགྲུབ།། རྟགས་ནི་ཆད་མར་ང་ཡི་བཤད།། དུག་སྦྲུལ་ནག་པོ་ལས་ལེའུ་གསུམ་པའི་རྟོག་པའོ།།།། གསང་སྔགས་ངོ་བོ་འདི་དག་གོ། ཨོཾ་ཡ་མ་མེ་ཏ་ཀྵ། ར་ཛ་ས་ཏོ། རུ་ན་ཡོ་ནི། རཱ་ཡ་ཙ་ནི། ས་མ་ཡ་ཧཱུཾ་ཕཊ། འདི་དག་ཀླུའི་འཁོར་སྡུད་པའོ།། ན་ག་དུ་ནཱ་ག་དུ་ནཱ་ག་ཧེ་ལི་ཧེ་ལི་ནཱ་ག་འདུས་འདུས། འདི་དག་ནི་གཙོ་བོ་བསྒྲུབ་པའོ། ། ཨ་ཤཾ་ནག་པོ་ཧི་པ་ཙ། ན་ག་ཀྲོ་དྷི་ཤྭ་རི་ཏྲི་ཤཾ་རྦད། བུ་གུ་ཤ་ར་རྦད། ཏི་པ་ཙ་པ་ཙ་ཁ་ལ་བཾ་ཤ་ཏྲུཾ་ཤ་མཱ་ར་ན་ཛཱ་ཛཱ། འདི་དག་སྙིང་ནག་པོས་བསད་པའོ།། ནག་པོ་བཾ་ཙི་ཙི་རྒྱོབ། ཏྲག་ཐུར་སྙིང་འགུལ་མྱགས་མྱགས་རྩ་བཞི་བསྐུམས། ། ཤན་ཤན་སྲོག་ལ་ཤན་ཐུར་སོད་སྭཱཧཱ། འདི་དག་ཉི་མ་བཞི་པས་བསད་པའོ།། ཡ་མ་ར་ཛ་ས་ཏོ་མེ་ཡ། ཆེ་གེ་མོ་ཨ་མོ་ཁྲཾ་པྲ་མ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏེ། ཆེ་གེ་མོ་ཨ་མུ་ཁཾ་རགྟ་ཙ་ར་ཡ། ཡ་ཏ་ཡོ་ནྀ་ར་ཡཀྵེ་ཡ། ཆེ་གེ་མོ་ཨ་མུ་ཁཾ་མུ་ར་ཙ་ར་ལ། ཡཀྵེ་ཡ་ཙ་ནི་མ་ར་ཡ། ཆེ་གེ་མོ་ཨ་མུ་ཁཾ་མཱ་ར་ཡ། ནཱ་ག་ཁཾ་ཐུམ་མྱགས། དགྲའི་སྲོག་ལ་ནི་རྦུད་རྦུད་ཡ། ཉིན་བཞིན་སྤུ་གྲི་སོ་སོའོ།། དུག་སྦྲུལ་ནག་པོ་ལས་འཁོར་ལོ་བསྐོར་བ་དང་གསང་སྔགས་ཀྱི་རྟོག་པ་བཞི་པའོ། །།། འཁོར་ལོ་ཉི་མ་བཞི་རུ་བསྐོར།། མཚན་མོ་བསད་པ་ཀླུ་ཡི་སྔགས།། དགོངས་དང་ཐོ་རང་ཐུན་སྔགས་དང།། རེག་ཆོད་དྲག་དྲིལ་ལ་བཟླས།། འདི་ནི་འཁོར་ལོ་རྫོགས་ནས་ཞག། གསུམ་དུ་གཏད་པའི་གསང་སྔགས་ཏེ།། དྲིལ་བས་བརྡེག་ཅེས་ངས་བཤད་པ།། རྡོ་རྗེ་རྣོན་པའི་ལས་ཡིན་ནོ།། ལས་ཀྱི་གཤིན་རྗེ་ཕོ་མོ་བསྐུལ།། གཟའ་དང་ཡམ་ཤུད་དམར་པོ་ཡང། ། བསྐུལ་བས་རྡོ་རྗེ་དྲག་པོས་བཤད།། གསུམ་དུ་གཏད་པའི་གསང་སྔགས་ཏེ།། དུག་སྦྲུལ་ནག་པོ་ལས་གསང་བ་དོན་གྱི་ལས་ཏེ་རྟོག་པ་ལྔ་པའོ།།།། ཡང་སྙིང་ནག་པོ་གསང་བའི་དོན།། ནག་པོ་ཀླུ་ཡི་དུག་མདའ་ཡིན། ། སྦྲུལ་ནག་ཆེན་པོ་བྱས་པའི་ཁར།། གྲོ་ག་མིང་རུས་རྫས་ལ་བྱ།། ལ་བྱའི་སྦལ་པའི་ཁོག་པར་གཞུག། ནག་པོ་ཀླུ་ཡི་གནས་སུ་གཞུག། དུས་ལ་མི་འདའ་ཁོ་ན་ཉིད།། དང་པོ་དཀར་ལ་བྲིད་པ་ཡིན། ། འདྲིས་ནས་དམར་ཡང་དབུལ་བར་བྱ།། ཀླུ་ཡི་བདག་པོ་སྔགས་འདིས་བོད།། ཨོཾ་ནཱ་ག་ཤ་ཤུ་ཁ་དུམ་པ་ལ་ནཱ་ག་རཱ་ཛ་འདུས་ས་མ་ཡ་ཧཱུཾ་ཛ་ཛ། ཀླུ་ཡི་རྒྱལ་པོ་བོད་པ་ཡིན།། ཨེ་ཧྱེ་ཧི་ནཱ་མཿས་མནྟ་ནཱ་ག་རུ་པ་ཛ་ལ་ཛ་ལ་སྭཱཧཱ། སྤྱན་དྲང་བའི་སྔགས་སུ་འདོད། ཨོཾ་ཨ་ལ་ལ་ཧོ་ནཱ་ག་ར་ཛ་པུ་ཙ་ཡ་ན་པུ་ཙ་ཧྲིང་ཧྲིང། གཏོར་མ་དབུལ་དང་མཆོད་པའི་སྔགས། ཨོཾ་ན་ག་རཱ་ཛ་ནག་པོ་བཾ་ཙིཏྟ་རྒྱས། ཡན་ལག་སྐུམས་ས་མ་ཡ། མཱ་ར་ཡ། ཙི་ཙི་ཛ་ལ་ཁྲག་རྒྱས་ཧེ་ཧེ་ན་ག་འདུས། ཁྲཾ་བཾ་བ་རུ་ན་ཙི་ཙི་རྒྱས། ཁ་ཁྲག་སྙིང་ལ་རྒྱས། ན་ག་རུ་པ་རུ་པ་ཧཱུཾ་ཕཊ། ནཱ་ག་རཱ་ཛ་ས་མ་ཡ། སྙིང་ལ་ཁྲག་དུ་མུགས་དམ་ཛ་ཛ། བསད་པའི་ཡང་སྙིང་བསྒྲུབ་པ་ཡིན། ། ཨོཾ་ནཱ་ག་ཙ་ནག་པོ་བཾ་ཙིཏྟ་རྒྱས། ཡན་ལག་སྐུམས། ས་མ་ཡ། མ་ར་ཡ། ཙི་ཙི་ཛ་ལ་དྲག་རྒྱས། ཧེ་ཧེ་ནཱ་ག་འདུས་འདུས། ཁྲཾ་བཾ་པ་རུ་ན་ཙིཏྟ་རྒྱས། ཁ་ཁྲག་སྙིང་ལ་ལ་རྒྱས། ནཱ་ག་རུ་པ་རུ་པ། ཛ་ལ་ཛ་ལ། ཆེ་གེ་མོ་མ་ར་རྦད། བསད་པའི་ཡང་སྙིང་ནག་པོ་ཡིན།། བཙན་དུག་ཁོལ་མ་ལྟ་བུར་བཤད།། དུག་སྦྲུལ་ནག་པོ་ལས། ཡང་སྙིང་ནག་པོའི་རྟོག་པ་དྲུག་པའོ།།།། ཧཱུཾ། བསྐལ་པའི་རླུང་ནག་འཁྱིལ་པའི་དཀྱིལ་འཁོར་ནས། ། རིག་པའི་རྒྱལ་པོ་འཆི་བདག་མགོ་དགུ་པ།། བདུད་ཀྱི་བདུད་ཅིག་འཆི་བདག་ཀླུ་ཡི་བདུད།། འཆི་བདག་ནག་པོ་ཡབ་ཡུམ་སྐུ་བཞེངས་ཅིག། བཀའ་ཡི་ཕོ་ཉ་ལས་ཀྱི་སྲོག་གཤེད་དང།། ཀླུ་བདུད་ཀླུ་བཙན་ས་བདག་ཀླུ་སྲིན་གཉན། ། བསྟན་པ་བསྲུང་ཕྱིར་འཕྲིན་ལས་འདི་ནི་འཆོལ།། དམ་ཉམས་རུ་ཏྲའི་འཁོར་རྣམས་རྩ་རྒྱུ་གཅོད།། ནག་པོ་ཏི་པ་ཙ་ཡ་ནཱ་ག་རགྴ་མཧཱ་བ་ལི་ཏ་ཁཱ་ཧི། ཧཱུཾ། རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། ། རིགས་བཞིའི་ཀླུ་རྣམས་བཞུགས་པ་ནི།། གཞན་ལ་མི་འབོད་མི་གཡོབ་ཀྱིས།། ནག་པོ་གདལ་པ་ཅན་གྱི་རིགས།། བཞུགས་ནི་ཆབ་མི་གདོང་ན་བཞུགས།། ཆིབས་སུ་རུས་སྦལ་ནག་པོ་ཆིབས།། ཆུ་སྲིན་ནག་པོའི་ཁྲི་སྟེངས་ན།། ནག་པོ་འཛིན་ཤེས་གཏོང་མི་ཤེས། ། སྦྲུལ་ནག་སྟོང་གི་ཞགས་པ་འཕེན།། གཏད་པའི་དགྲ་བོ་ཡན་ལག་ཆིངས།། གཡོན་པ་མེད་པའི་ནད་རྣམས་ཀྱིས།། ཚོར་བ་མེད་པའི་སྙིང་ལ་གཏོང།། སྙིང་ནད་འབར་བའི་ནད་ཀྱང་གཏོང། ། སླར་འཚོ་བྱ་བའི་མིང་ཡང་མེད།། ཙི་ཙི་ཛ་ལའི་མངའ་བདག་སྟེ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ན་བཟའ་སྦྲུལ་ནག་སླག་པ་ལ།། སྦལ་སྦྲུལ་མང་པོ་ཕྲུལ་ལུ་ལུ།། ཚ་བའི་འབུ་སྲིན་ཉིལ་ལི་ལི། ། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ཅེས་ནི་གདོལ་པ་ཁྱད་པར་བསྐུལ།། དུག་སྦྲུལ་ནག་པོ་ལས་བསྐུལ་གྱི་རྟོག་བ་བདུན་པའོ།།།། རང་ལ་མི་ལྡོག་གཉེན་པོ་སྟེ།། སྟོང་ཉིད་ལྟ་བ་དེ་ཉིད་ཡིན། ། གཉེན་པོ་ན་ག་རགྴ་སྟེ།། ངན་སྔགས་འདི་དག་གསང་བ་ཡིན།། ཨོཾ་བྲུཾ་ཀྲི་བྲུཾ་ཁྲཾ། གབ་པའི་ཡི་གེ་ཡིན་པར་བཤད།། འཁོར་ལོ་མི་ལྡོག་ཧྲི་ཏིའི་གཟེར།། ཕོ་ཉ་མི་ལྡོག་བསྐུལ་བའི་གཟེར།། ཛ་ཏི་གུར་ཀུམ་གླ་རྩི་གསུམ། ། ལུས་ངག་བསྲུང་བའི་གནས་སུ་གདབ།། རྨ་བྱ་འུག་པ་སྲིན་བྱ་གསུམ།། རྒྱལ་མཚན་ལྟ་བུར་གཟུགས་པར་བྱ།། སྒྲིབ་ཤིང་ཡིན་པས་བཅང་བར་བྱ།། དྲི་ཆེན་དྲི་ཆུ་ཁོང་དུ་གཏང།། བཙན་དུག་ཨ་རུ་ར་དང་སྦྱར། ། དྲི་ཆུ་དང་སྦྱར་བ་ཁོང་དུ་གཏང།། འདི་དག་པའི་ཡང་སྙིང་ཡིན།། མི་ལྡོག་པའི་ལས་ཡིན་ཏེ།། དུག་སྦྲུལ་ནག་པོའི་རྟོག་པ་བརྒྱད་པའོ།།།། དུག་སྦྲུལ་ཕུང་གཤིག་ནག་པོ་འདི།། ཡཱ་མ་ནཱ་ག་རགྴ་སྟེ། ། དུག་གི་མཚོན་ཆ་ལྟ་བུ་ཡིན།། ཡང་སྙིང་ནག་པོ་གཏད་ཀྱི་རྒྱུད།། ཕུང་བྱེད་ནག་པོ་མགོ་དགུའི་གཏེར།། བྱོལ་སོང་ཧ་ལ་གདོང་པའི་མདའ།། ཕུང་བྱེད་འཁོར་ལོ་ལྟོ་བསྡེབས་རྒྱུད།། ནག་པོ་རིགས་ཀྱི་བདག་པོ་སྟེ། ། ནཱ་ག་ཧ་ལ་ཞེས་བྱ་བ།། མི་འབར་ཚངས་པ་ཀླུ་ཁང་ན།། རྒྱལ་པོ་ཀ་མས་བརྡ་བཀྲོལ་བ།། འདི་ནི་ཡང་སྙིང་ལྟ་བུར་བསྡུས།། འཆི་བདག་ཀླུའི་ཟླ་གསང་ཡང་སྙིང་ནག་པོ། དུག་སྦྲུལ་ལྟོ་དཀྲུག་ཅེས་བྱ་བ་རྟོག་པ་ཞེས་བྱ་བ་རྫོགས་སོ། །།། རྡོ་རྗེ་གདན་གྱི་ཀ་གདན་གསེར་ཟངས་ཅན་ནས་ཕྱུང་པ།། བ་སུ་དྷ་རའི་མནག་པའོ།། མངྒ་ལཾ།།

CLOSE WINDOW