CLOSE WINDOW

Gpb053.006: ཀླུའི་འཁོར་ལོ་ནག་པོ། བྱོལ་སོང་ཧ་ལ་ནག་པོ
Wylie

རྒྱ་གར་སྐད་དུ། ནཱ་ག་ཀ་ལ་ཙཀྲ་ཏི་ར་ཡ་ཀ་ཧཱའ་ལ་ཀཱའ་ལ། བོད་སྐད་དུ། ཀླུའི་འཁོར་ལོ་ནག་པོ། བྱོལ་སོང་ཧ་ལ་ནག་པོ། ཀླུའི་རྒྱལ་པོ་མགོ་དགུ་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བསྐལ་པ་རླུང་ནག་འཁྱིལ་བའི་རྒྱ་མཚོ་ནག་པོ་སྦ་ཚ་གཏིང་ཁོལ་དུ་འདུག་པའི་ཕོ་བྲང་དུ།། སྦྲུལ་ནག་འཁྱིལ་བའི་དབུས། ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་རྒྱ་མཚོ་ཆེན་པོ་ནི།། དཀར་ལ་ཤིན་ཏུ་དངས་པ་དང། སེར་ལ་འཁྱོམ་ཞིང་དམར་ལ་འཁྱུག། ནག་ཅིང་གཏིང་ནས་ཁོལ་བ་སྟེ།། དེ་ནི་རིགས་ཀྱི་བདག་པོའི་གནས་མཆོག་ཡིན། ཞེ་སྡང་གཏི་མུག་ང་རྒྱལ་འདོད་ཆགས་ཕྲག་དོག་ལས་གྱུར་པའི།། ཀླུའི་རྒྱལ་པོ་རིགས་ཀྱི་ཁྱད་པར་མངོན་པར་སྣང་བ་ནི། ། བྱོལ་སོང་རིགས་བཞི་འདུལ་བའི་གཉེན་པོར་སྐུ་མདོག་ཕྱག་མཚན་སོ་སོར་བསྟན།། དེའི་འཁོར་ནི་ཀླུ་གཉན་ས་བདག་གསུམ་དུ་བསྟན།། ཆུ་དང་ས་དང་ཤིང་ལ་གནས་པ་ཁོ་ན་སྟེ། ། ངེས་པར་མ་བསྟན་བྱང་ཕྱོགས་ཧོར་དང་མཚུངས་ཞེས་བཤད།། ཉི་ཤུ་རྩ་ལྔ་དབྱེ་ཞིང་མི་རིགས་སྦྱར་བར་ཡང་དག་གོ། མངའ་གསོལ་བསྐུལ་ཏེ་གཏད་དང་གཟིར་བ་གསུམ་དུ་སྦྱར།། མངའ་གསོལ་བ་ནི་མདུན་ས་རྐུ་བ་ཕོ་བྲང་དག་ཏུའོ། ། གཟིར་གཏད་གྲོང་ཁྱེར་མི་ལྡོག་རྒྱུན་སྲང་དུ།། ཆུ་མིག་ཉི་ཤུ་རྩ་ལྔར་ཕྱེ་ན་ཡང།། ཕྱོགས་བཞི་མཚམས་བཞི་བརྒྱད་དུ་ཤེས་པར་བྱ།། དེ་ལ་གདོལ་པ་ནག་པོ་ལྔ་ནི་མིའི་བདུད་དུ་ཆེ་བས། ། ཤར་ལྷོ་རྒྱལ་རིགས་ལྷོ་དང་ལྷོ་ནུབ་རྗེའུ་རིགས་ཡིན།། ནུབ་དང་ནུབ་བྱང་ཤར་ལྷོ་བྲམ་ཟེ་དང་ནི་དམངས།། ས་དང་ཆུ་ཤིང་རབ་ཏུ་ནག་པ་ལ།། བྱང་དང་བྱང་ཤར་ཕྱོགས་སུ་ཁ་བལྟས་པ།། དེ་ན་ཤིན་ཏུ་གདུག་པ་གདོལ་པའི་རིགས། ། ནག་པོ་ཤིན་ཏུ་གདུག་པ་མི་རིགས་ལྔའི་བདུད་དུ་ཆེ།། མདུན་སར་སྤྱན་དྲངས་མངའ་གསོལ་གཏད་པར་བྱ།། རུས་སྦལ་བསེ་བྱང་རོ་ཚས་བྱས་པ་ཡིན་ཞེས་བཤད།། ཕོ་བྲང་དག་ཏུ་རྐུས་ཏེ་གཏད་པར་ཁྱབ་བདག་བཤད། ། ཐོད་ཅན་དུག་རྫས་བཅས་པ་བྷ་ར་ཏ།། གྲོང་ཁྱེར་ཆེན་པོར་གཟིར་ཏེ་ཐོག་བཅས་གཏད།། ཕག་ཐོད་དག་ཏུ་རྒྱུན་སྲང་ལམ་དུ་གཏད།། ཅེས་གསུངས་སོ།། མི་རིགས་ལྔ་དང་འགྲས་ན་ལྔ་གླིང་བསྒྲུབ་པ་བྱ། ། ཀླུ་རིགས་ལྔ་ལ་གཏད་དེ་དཀར་སེར་དམར་སྔོ་ཤིན་ཏུ་གནག། ཕོ་བྲང་རྒྱ་མཚོའི་མདོག་ཀྱང་དེ་ལྟར་བརྟག་ཅེས་གསུངས།། དེ་ལྟའི་ལྷ་ལྔ་དག་ལ་བསྐྱོན་ལ་འཕང་བར་རིག་པས་བཤད། ། སྦྲེལ་བ་ཤེས་པར་བྱས་ཏེ་ལག་ཏུ་གཏད་དང་ལམ་ལ་གཏད།། མནན་པས་ཤེས་པས་སྟེང་འོག་འཁོར་ལོས་གཅུན་པ་གསུམ།། ཧྲི་ཊྀ་བཟླས་པ་རྫོགས་དང་ལྟོ་བར་བསམས་ལ་མནན།། གནད་ལ་དབབ་ཅིང་གཅུན་གཟིར་ཨར་ལ་གཏད་པའོ། ། བཅུ་གཉིས་རྩིགས་ལྡན་འཁོར་ལོ་ནཱ་ག་གཟིར།། ཅེས་གསུངས་སོ།། ཧོ། བྱོལ་སོང་གླང་མགོ་ཅན་ལས་སྐབས་དང་པོའོ།།།། དང་པོར་གནས་དག་ངེས་པར་བརྟག་པ་ལུང་གསུམ་མདོ། ། བྲག་དང་ཆུ་འཐབ་བྲག་ཁུང་བྱང་བལྟས་དང།། རྩི་ཤིང་མངོན་ན་ཡོད་ཅིང་ཆུ་མིག་འཇིགས་པར་བྱ།། དུས་ཚོད་དབྱར་ཟླ་གསུམ་པོ་ངེས་པ་ཡིན་ཏེ་ར་བ་གསུམ་ལ་མཆོད། ། འབྲིང་པོ་བདུད་དང་སྦྱར་ལ་སྟོན་ཏེ་ཐ་ཆུང་གཟའ་དང་སྦྱར་ལ་གཏད།། ཅེས་ཁྱབ་བདག་གསུང།། དང་པོ་རྣལ་འབྱོར་ལས་ཅན་འདི་ལྟར་ངོ་བོ་ཤེས་བྱ་སྟེ།། ཡབ་ཡུམ་སྲས་དང་སྤྲུལ་བར་བཅས་པ་རྣམས་ནི་རང་ཉིད་དོ། ། འཇམ་དཔལ་གཤིན་རྗེའི་ལྷ་ཉིད་དབྱེར་མེད་ངོ་བོ་ཉིད།། འཁོར་ལོ་ཐུན་དང་གཏད་ཁྲམ་རྫོགས་པར་བྱ།། མཆོད་དུས་འཇམ་དཔལ་ཞི་བས་ཀླུ་ལ་དཀར་གྱིས་མཆོད་པར་བྱ་བ་ཡིན།། སྒྲུབ་དུས་ཀླུ་བདུད་ནག་པོ་དམར་ལ་དབབ་པར་ཁྲོ་བོས་བཤད། ། དཔང་གཟུགས་ཀླུ་མཆོད་དེ་ལ་གཏོར་མ་གཏང་བར་ཡང་དག་བཤད།། ཏིང་འཛིན་རྣམ་གསུམ་ངོ་བོ་ཡི་གེ་ཧཱུཾ་འཾ་ཡང་ན་ཕེན་ཞེས་རྒྱུ།། རཾ་ཡཾ་ཁཾ་ནི་འབྱུང་བའི་དཀྱིལ་འཁོར་གཞལ་ཡས་བསྐྱེད་པ་ཡན། ཨེ་ལས་བསྐལ་པ་སྦྲུལ་ནག་ཀློང་སྟེ་འཆི་བདག་གཤིན་རྗེའི་གནས།། ར་ལས་རཀྟ་དབང་སྟེ་སྲོག་གཤེད་གནས་སུ་གྱུར།། ཕ་ལས་སྦྲུལ་ནག་ཆུན་ཁོལ་གཞལ་ཡས་ཁང་དུ་བྱུང། ཁང་ལས་ལྕགས་ཀྱི་ཁང་རོམ་ནང་ནས་ཕྱི་གསལ་སྒོ་མེད་ཡིད་ཀྱིས་རྒྱུ།། ཕེ་ཤག་ཏུ་བྷྲུཾ་ལས་རིན་ཆེན་གཞལ་ཡས་ཁང་པར་བསམ།། སྦྲུལ་ནག་ཀ་གདུང་དམངས་རིགས་སྦྲུལ་གྱིས་དྲལ་ཕྱམ་ཅན།། སྡོམ་དང་སྡིག་པ་ནག་པོའི་ཟར་ཚགས་ཏེ་ཞབས་གཉིས་རྒྱ་མཚོར་འཁྱིལ། ། གཟས་པ་གཅལ་དགྲམ་སྒོ་སྐྱེས་སྦྲུལ་དང་རུས་སྦལ་ཐེམས་པར་ལྡན།། ཆུ་སྲིན་ཉི་མའི་ཁ་བད་གཏང་སྟེ་རླུང་ནག་ཚུབ་མའི་ནང།། འདི་ནི་འཆི་བདག་ཆེན་པོ་གནས་ཏེ་མཆོག་ཆེན་པོ། ། ཨོཾ་ནག་པོ་ཏི་པ་ཙ་ཡ་ཧཱུཾ། འབྲུ་བརྒྱད་འདི་དག་བཟླས་པར་བྱ་དང་བསྐྱེད་པར་བཤད།། བྱོལ་སོང་གླང་མགོ་ཅན་ལས་སྐབས་གཉིས་པའོ།།།། དེ་ནས་རྩ་བའི་སྙིང་པོ་ཀླུའི་སྲོག་དང་འདྲ་བས་དེ་ཉིད་ཏེ་ཐིག་ལེ་ཆེ། ། ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རགྴ་ཏེ། ཁུ་ལ་ཕེ་ཤནྟེ་ཕོབ་ཕོབ་ཤིག་ཆུམ་ཆུམ་ཧུ་ཡ་ཧུ་ཡ་ཀླུ་ནག་པོ་མགོ་དགུ་པ་དགྲ་བོའི་སྲོག་ལ་མཱ་ར་ཡ་ཛ་ཛཱ། བསྒྲུབ་པར་རིག་པ་ཡིན། ཨོཾ་ནཱ་ག་ལག་ཧཱུཾ། སྙིང་པོར་རིག་པའོ།། ཨོཾ་ཕེཾ་ལཾ་ཧཱུཾ། ཡང་སྙིང་པོ།། ཨོཾ་ནག་པོ་ཏི་པ་ཙ་ཡ་ཨ་ཕུག་ཤ་ཕེ་ཤན་དྲང་ནག་ཕེ་ས་ཡེ། ཨ་ཀྲཾ་ཤན་ཧཱུཾ། ཕེ་ལཾ་ཤག་ཤིག་ནིར་ཡན་དགྲ་བོའི་སྲོག་ལ་མཱ་ར་རྦད། བསད་པའི་མདེའུ་སྤུ་གྲིར་རིག་པ་ཡིན། དགྲ་བོ་ནི་ཛ་ཛ། དགྲ་བོ་ནརི་ཛ། ནརི་རྨི་རྫི་ནརི་ཛ་ནརི་རྨེ་རྫི་ནར་ཛཱ། དགྲ་བོ་མཱ་ར་ཡ་ཛཱ། འབྱུང་པོ་མཱ་ར་ཡ་ཛ། ཁྲ་ཙ་ར་ཡ། ཁྲ་ཙ་ར་ཡ། ཛ་ཧྲིང་ཨུ་ཙུ་ད་ར་དུ་ནན། ཛ་ཧྲིང་ཨུ་ཙུ་ཏ་ར་དུ་ནན། རཾ་ཡཾ་ནན། ལཾ་ཁཾ་ནན། དུ་རུ་ཡཾ་ནན། ཁྲཾ་ཤིང་ཐེ་ཡཾ། ཙིཏྟ་བི་མ་ལ། ཨཱ་ཀར་ཤ་ཡ། ཨཱ་ཀར་ཤ་ཡ། བཛྲ་པྲ་མ་ནི་ཧཱུཾ། མནྡྲ་ནཱ་ག་འུབས། མཱ་ར་རྦད། འདི་ནི་གཤིན་རྗེའི་ཁ་ཐུན་ནག་པོར་རིག་པའོ།། ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རགྴ་ཡཀྴ་ཁ་ཡན་ཧཱཾ་ཡ་ཧཱུཾ་ཡ་ནརི་ཛ། ཙ་ར་ཐུམས་ཐུམས་རྦད་རྦད་རྦད་ཡ་རྦད་ཡ། འདི་ནི་བསད་པའི་འཁོར་ལོ་ཁོ་ནར་རིག་པའོ།། ནག་པོ་ཏི་པ་ཙ་ཡ་སརྦ་རུ་པ་ཙ་ལེ་བེ་རུ་ཤ་ཧཱུཾ། འདི་དག་གིས་གཟུགས་དཔུང་བཤིག་ཅིང་བསད་པར་རིག་པའོ། ། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཡཀྴ་ཡུ་ཤནྟེ་ཡུ་ནཱ་ག་ཡུ་ཀུ་རུ་ཙ་ཡ་མཱ་ར་ཡ་རྦད་ཡ་རྦད། འདི་ལྕགས་ཀྱི་ཁང་པར་རིག་པར་བྱའོ།། ཡཾ་ནརི་རྦད། རཾ་ནརི་རྦད། ཁྲཾ་ནརི་རྦད། ཡང་ནརི་རྦད། འདི་ནི་འབྱུང་བ་གནད་གཅོད་པར་རིག་པར་བྱའོ།། ཨོཾ་ནག་པོ་ཏི་པ་ཙ་ཡ་ཛ་ལ་བར་སྙིང་ལ་ཐུར་ཐུར་གཤོགས། འདི་དག་མཛེ་ནག་ལས་ཀྱི་སྤུ་གྲིར་རིག་པའོ།། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ནརི་སྙིང་ལ་རྦད། རིལ་རྦད་རིལ་བཾ་ལི་ལི། ནཱ་ག་ཀྲོ་དྷི་ཤྭ་རི་སྙིང་ལ་ཚ་ལཾ་པ་ཚལ་པ་ཏྲག་མ་ཏྲག་ཤི་ནི་སྙིང་ལ་ཁ་རཾ་ཁཱ་ཧི། ནག་པོ་ཤ་པ་ཏྲི་ཙ་པ་བཾ་རིལ་རྦད། ནག་པོ་ཧེར་ཧཾ་བཾ་རིལ་རྦད། ནག་སྙིང་མགོ་བོ་ཆོད། ཤ་ལ་ཟོ་སྙིང་ཁྲག་འཐུང། རྩལ་རོད་པ། ནརི་སྙིང་ལ་ཛ་ཛཱ་རྦད་རྦད། ནརི་སྙིང་ལ་རཾ་མེ་བཾ་རི་ལ་བཾ་རི་ལ་རྦད། ནརི་སྙིང་ལ་དུ་ར་དུ་ར་བློ་རྩ་བཾ་རིལ་རྦད། ཡང་ན་མྱོས་ཞིང་འབོག་ཏུ་ཆུག། ཡང་ན་མྱོས་ཤིང་ལྐུགས་སུ་ཆུག། ཡང་ན་དོན་སྙིང་ཕྱུང་ལ་ཤོག། ཡང་ན་མཛེ་དང་འབྲུམ་དུ་ཐོང།། ཡང་ན་རྩ་བ་བདུན་རྒྱུད་ཆོད།། ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཡགྴ་བཛྲ་ཙཀྲ་ཙཀྲ་ཆེ་གེ་མོ་མཱ་ར་ཡ་རྦད་ཡ། འདི་དག་ནི་ཀླུ་ནག་པོ་མགོ་དགུ་པས་འཁོར་ལོ་འཕངས་པ་དང། མཛེ་ཟོར་འཕངས་པར་རིག་པར་བྱའོ།། བྱང་དང་བྱང་ཤར་ན་གནས་སོ།། ནཱ་ག་རཱ་ཛ་ཧུར་ཐུམས་ཤིག་ན་ག་ར་ཛ་མ་ས་ཁ། ཙིཏྟ་རུ་བ་ཀ་ར་སི་བ་ཆོད། ན་ཤུ་ཤུ་ཐུན། སྲོག་ལ་ཛ། ལྦབས་ལ་རུབ། ནཱ་ག་ཤིག་ཤིག། ཐུཾ་ཐུཾ་སྲོག་ཆོད་རྦ་ཁང་ཤིག། སྲོག་ཐེར་ཐེར་འུར་ལཾ་སྲོག་ལཾ་དགྲ་བོ་མཱ་ར་ཡ་ཛ། འདི་དག་ནི་སྔགས་ནག་པོ་ཐུན་གཅིག་པར་རིག་པར་བྱའོ།། ཧཱུཾ་ཧཱུཾ་ཧཱུཾ། ནཱ་ག་ར་ཛ་ཨ་མུ་ཀ་ཁྲག་ཅི་བ་ཅི་བ་རྦད། མུག་མུག་མྱོག་མྱོག་ཐུཾ་རིལ་སོད། ། སོད་སོད་རྦད་རྦད་ཐུཾ་ཐུཾ་རིལ་རིལ་པྲ་མ་རག་སོད་ཐུཾ་རིལ་རིལ། ཅེས་པ་འདི་ནི་ལྕོག་རྡུངས་སོ།། ནཱ་ག་རག་མྱལ་མ་མོ་མྱོགས་ཧཱུཾ་ཐུཾ་རིལ་སྲོག་ཧུར་ཤིག་ཏྲག་ཤིག། འདི་དག་གནད་དུ་དབབ་པའོ། ། འདི་ནི་ཀླུ་ནག་པོ་བྷུ་ཏའི་སྙིང་པོར་རིག་པར་བྱའོ།། ནུབ་དང་ནུབ་བྱང་ན་གནས་པ་ཡིན་ནོ།། ཀེ་ལེ་ཀེ་ལེ་ཧཱུཾ། ནཱ་ག་ལ་ནཱ་ག་ལེ་ཧཱུཾ། བ་ལེ་ཧཱུཾ་བ་ལེ་ཧཱུཾ། ཧཱུཾ་ཡ་ཧཱུཾ་ཡ། པྲ་ཙ་ལེ་པྲ་ཙ་ལེ་ཧཱུཾ། ཡ་མེ་ཡ་མེ་ཧཱུཾ། པྲ་བེ་ཤ་ཡ་ཧཱུཾ། དུ་ར་ལི་དུ་ར་ལི་ཧཱུཾ། པུ་ར་ཡ་པུ་ར་ཡ་ཧཱུཾ། ན་མ་ལེ་ན་མ་ལེ་ཧཱུཾ། པྲ་ཙ་ལེ་པྲ་ཙ་ལེ་ཧཱུཾ། དགྲ་བོའི་སྲོག་ལ་མ་ར་ཡ་རྦད་རྦད། འདི་དག་ནི་ཀླུ་རྒྱལ་དུང་ཅན་གྱི་སྟེ། ཤར་ན་གནས་པར་རིག་པར་བྱའོ། ། གཏོར་ཟོར་དང་མདའ་ཟོར་དུ་རིག་པར་བྱའོ།། ནག་པོ་བཾ་ཙི་ཙི་རྒྱས་ཏྲག་ཐུར་སྙིང་ཐུར་སྙིང་འགུལ་མྱགས་མྱགས་རྩ་བཞི་བསྐུམས། ཤན་ཤན་སྲོག་ལ་ཤན་ཐུར་སོད་སྭཱཧཱ། འདི་དག་ནི་ཡང་སྙིང་ནག་པོའི་རྩ་བར་རིག་པར་བྱའོ། ། ལྷོའི་ཕྱོགས་ན་གནས་པར་རིག་པར་བྱའོ།། ཕཊ་ཏ་ལ་ཙི་པྲ་ཏི་ཙ་ཡ་བྱི་ཛ། བ་ཏ་ལི་ཛཱ། ས་མ་ཡ་ཛཱ། པྲ་པྲ་ཡེ་ཛཱ། བཛྲ་ཨཾ་ཀུ་ཤ་ཛཱ། ཨཱ་ཀརྵ་ཡ། ཨ་ཀར་ཛ་ལི་ཧཱུཾ་ཛཱ་ཁེ་ན་ཧཱུཾ་ཛཱ། ཝ་ཛཱ་གིན་ཛཱ། ཟིན་ཛ། ཁོ་ན་ཛ། ཏན་ཛ་ཧཱུཾ་ཛ། འདི་དག་ནི་ས་བདག་མཐའ་བཞི་དབུས་དང་ལྔའི་སྔགས་སུ་རིག་པར་བྱའོ།། བྱོལ་སོང་གླང་མགོ་ཅན་ལས་སྐབས་ཏེ་གསུམ་པའོ།།།། སྟོང་པ་ཉིད་ལས་ཕེ་བྱུང་དེ་ལས་རིག་པའི་རྒྱལ་པོ་མགོ་དགུ་བསྐྱེད། དེ་ལ་མཆོད་པའི་རྫས་ཀུན་རབ་རྩོགས་སྦྲུལ་ནག་ཏུ་པྲ་གཏང་ནས་ནི། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར།། འཆི་བདག་ཡབ་ཡུམ་འཁོར་ཚོགས་སྤྱན་འདྲེན་ན། ། དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ།། བདག་གི་བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ཛཿཧཱུཾ་བཾ་ཧོ། ནག་པོ་ཏི་པ་ཙ་ཡ་ནཱ་ག་རགྴ་ཧཱུཾ་ཛ་ཡ། ཀླུ་དང་ས་བདག་གཉན་སྟོད་འཁོར་རྣམས་དང། ། ཀླུ་བཙན་ཀླུ་བདུད་ཀླུ་སྲིན་ལ་སོགས་པ།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར།། ཀླུ་སྨན་དང་ནི་དཀར་གསུམ་མངར་གསུམ་རྣམས།། འབྲུ་བཅུད་རྣམ་གསུམ་སྣ་ཚོགས་ཞལ་ཟས་རྣམས། ། འདོད་པའི་ཡོན་ཏན་ལྔ་དང་མཆོད་པ་ལྔ།། གསེར་དངུལ་ཟངས་ལྕགས་རིན་ཆེན་སྣ་ཚོགས་པ།། ཉ་སྦལ་སྦལ་ལྕོང་ཆུ་གནས་སེམས་ཅན་ཤ། དམ་ཉམས་དགྲ་བོ་བཅས་པ་མཆོད་པར་བཞེས།། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཁ་རཾ་ཁཱ་ཧི། མཆོད་པ་འདི་དག་གཙོ་འཁོར་རིམ་པར་དཔག་བཞེས་གསུངས། ཧཱུཾ། བཅོམ་ལྡན་འཇིགས་བྱེད་ཆེན་པོ་ཀླུ་བདུད་མགོ་དགུ་པ།། སྦྲུལ་དང་སྦལ་ནག་གཞལ་ཡས་ཆེན་པོའི་དབུས། ། གཟས་པ་ཕོ་མོ་གཅལ་དུ་བཀྲམ།། ཀླུ་ནི་རི་རབ་ངོས་ལ་བརྟེན།། ཞལ་ནི་གནམ་ས་བར་དུ་གདངས།། དམ་ཉམས་དགྲ་བོ་ཁྱུར་མིད་བྱེད།། ཀླུ་སྨད་སྦྲུལ་གཞུག་རྒྱ་མཚོའི་གཏིང་དུ་བརྐྱང།། རྒྱ་མཚོའི་ཀླུ་རྣམས་མ་ལུས་ཟས་སུ་ཟ། ། ཕྱག་གིས་ཁམས་གསུམ་ཉུག་ཅིང་དམ་ཉམས་བྱད་དུ་འཇུག། དབུ་དགུ་མཐིང་ནག་རབ་ཏུ་འཇིགས་པར་བསྟན་པ་ན།། དབུས་ཀྱི་ཞལ་ནི་མཐིང་ནག་ཧ་ལ་མདོག། ཆོས་ཉིད་ཡང་དག་དོན་དང་ལྡན་པའི་རྟགས། ། དབུས་བརྒྱད་སྦྲུལ་བརྒྱད་བར་སྣང་འཕྱོ་བ་ནི།། ས་བདག་ཆུ་སྲིན་མང་པོ་དབང་དུ་བསྡུས་ནས་ཀྱང།། སྡང་བའི་དགྲ་ལ་ནད་རྣམས་གཏོང་བའི་བརྟགས།། འཆི་བདག་འཇིགས་བྱེད་ཁྱོད་ལ་ཕྱག་འཚལ་ལོ། ། གཡོན་ན་ཡུམ་ཆེན་ཀླུ་མོ་ནག་མོ་ནི།། སྦྲུལ་ནག་འཇོམས་པའི་རིམ་པས་དབུ་ལ་བརྒྱན།། སྤྱན་ནས་ཁྲག་འཛག་ཤངས་ནས་དུད་པ་འཐུལ།། ཞལ་ནས་སྦལ་ལྕོང་སྡོམ་སྡིག་ཕྲུལ་ལུ་ལུ།། གཡས་པ་གཙོ་ལ་ཞབས་སུ་འཁྱུད། ། གཡོན་པ་པདྨ་ཀེ་ཀེ་རུས་བཀང་གཙོ་ལ་སྟོབ།། ཡུམ་ཆེན་ཀླུ་མོ་ནག་མོ་འཁོར་བཅས་རྣམས་ལ་འདུད།། ཅེས་པ་བསྟོད་པའི་དམ་པ་ཡིན་ཞེས་གསུངས།། བྱོལ་སོང་གླང་མགོ་ཅན་ལས་རྟོག་པའི་སྐབས་ཏེ་བཞི་པའོ། །།། དེ་ནས་གཏད་བསྒྲུབ་འཆི་བདག་ཞལ་གྱི་བསྒྲུབ་པ་འདི་དག་སྟེ།། ཀླུ་གནས་ས་ལ་ཨེ་དབུས་ཨེ་ལྡན་བཞི་ཡོད་པའོ།། ཐ་མར་སྦྲུལ་གདུག་བརྒྱན་པ་ས་ཡི་ཨེ་གནས་ཡིན། ། རབས་ཆད་མཛེ་ཅན་ཐོད་པ་ཤ་མེད་བཀྲུ།། ལག་པར་གནས་པ་འཆི་བདག་གཟུགས་བརྙན་རྟགས་ལ་ཁ་དོག་འགྱུར།། གཤིན་རྗེའི་དམོད་པ་ཁ་ནས་ཁ་ཁྱེར་བསྐོར་ཏི་མིང་རུས་དེས།། འཆི་བདག་ཁ་རུ་མིང་ཡིག་མང་པོ་བརྫང་བར་བྱ། ། ཡུམ་གྱི་ལྟོ་བར་མུ་ཁྱུད་དང་པོར་ཕྱི་རོལ་ལྕགས་ཁང་ཡིན།། གཉིས་པ་འཇོམས་བྱེད་དྲག་པོ་ཙཀྲ་སྟེ།། གསུམ་པར་གཟུགས་ཕུང་འཇོམས་པ་བྲི་བར་བྱ།། རྩ་བར་འབྱུང་བའི་གནད་བྲི་ལྡིང་བའི་ཙཀྲ་བར་དུ་གཞུག། སྲིད་པ་གསུམ་ཞེས་བརྗོད་པའི་འཁོར་ལོ་དེ་ཉིད་ཡིན།། བསྙེན་བསྒྲུབ་ཉིན་མཚན་བསྣོལ་བ་བཀའ་ནན་རྒྱལ་པོ་ལྟར་ཡིན་ཏེ།། དགུག་དང་གསད་པ་དེ་ཉིད་རྟགས་དང་སྦྱར། ། ཡང་ན་རྒྱུན་བསྐོར་ཡང་ན་ཉི་མ་བཞི།། དྲག་པོ་ཧ་ལ་ཞེས་ཏེ་བརྣག་པར་འདི་ལ་བརྗོད།། ནག་པོ་བཾ་གྱི་སྔགས་ནི་ཀུན་གྱི་སོ་ཡིན་ཀླུ་ཡི་སྤུ་གྲི་ཀ་མ་ལ།། འཁོར་ལོ་ནག་པོ་རྫོགས་ཁར་འབྱུང་བའི་སྤུ་གྲི་བརྡེག། ཨ་ས་བོ་དྷི་རིགས་འཛིན་རྒྱལ་པོ་ཡང་ནི་འཇོམས་བར་ནུས།། དེ་ནས་དུས་ཚོད་ངེས་པ་དེ་ལ་གཏད་འཇོག་བྱ།། ལིང་གའི་གནས་སུ་གང་འདོད་ནད་དགྲ་ཤེས་པར་བྱ་བ་ཡིན།། ཡུལ་དང་རུས་དང་མིང་དང་བླ་དགས་དང། ། འཁོར་དང་དུག་དང་དབེན་ཟླ་འཕྲ་མ་དང།། དུར་ས་དང་ནི་གདུག་པའི་གདོན་འབྲེལ་ཅེས་པར་བཤད།། འདིར་སྙོགས་བྱ་བའི་དགྲ་ཡང་ཤིས་པར་བྱ།། དུག་དེ་འཇུག་ཏུ་བསམ་གཏན་གསུམ་ཞེས་བྱ། ། རྟ་ལྔ་དང་ནི་མགོ་ཅན་མགོ་མེད་མི་ལྡོག་ཤེས་པར་བྱ།། མངའ་གསོལ་མུན་པ་དུར་ཁྲོད་བྱུག་པ་ཤེས་པར་བྱ།། དགུག་པ་འབྲེལ་པ་རྫས་ཀྱི་གནས་གཉིས་ཤེས་པར་བྱ།། འཕང་དང་མངའ་གསོལ་དུག་ཀྱང་ཤེས་པར་བྱ། ། མནན་གཏད་འཕྲང་མ་དབང་དང་བོད་པར་ཤེས་པར་བྱ།། རྦད་དང་བསད་མནན་གསོ་བ་ཤེས་པར་བྱ།། གནད་རྫས་གཉན་པོ་མི་རིགས་ཤེས་པར་བྱ།། བདུད་དང་ཀླུ་རིགས་གཟའ་ཡི་རྒྱུ་བ་ཤེས་པར་བྱ། ། མཆོད་བསྟོད་བསྡུ་བ་བསྐུལ་བ་ཤེས་པ་ན། ཁམས་གསུམ་ཕུང་ནུས་སེམས་དཔའ་འཛིན་མི་ནུས།། མི་རིགས་ལྔ་ལ་སྨོས་ཅི་དགོས་ཏེ་བདུད་ཀྱང་ཕུང།། གཏད་པའི་དུས་སུ་འཇིག་རྟེན་དྲེགས་པ་བོད།། བདུད་དང་ལྷ་སྲིན་སྡེ་བརྒྱད་ར་མདའ་བཟློག། རྒྱུ་བའི་དུས་སུ་ཀླུ་དང་བཙན་ལ་མཆོད་ཅིང་རྦད།། དྲག་པོར་གཏད་དང་འཇམ་པོར་གང་ཡང་རུང་བར་ནི།། ལྟོ་འཕྱེ་བརྩིས་དང་རིགས་བཞི་དུས་ཚོད་མ་ནོར་བར།། ས་སྒོ་དབྱེ་ན་དྲག་པོས་སྔགས་འདི་ཡིན། ། ཨ་ཉང་ཚེ། ས་མྱང་ཚེ། ཟེ་མྱང་ཚེ། རྦཾ་ཏྲི། ཙ་ཏྲི་རྩ་ཐད། རྩ་ཐང། ཚ་ཁུར་ཚ་ཁུར་སྭཱཧཱ། བྱོལ་སོང་གླང་མགོ་ཅན་ལས། མར་ཡའི་ལེའུ་སྟེ་སྐབས་ལྔ་པའོ།།།། རིགས་བཞིའི་དགོངས་པ་རྒྱལ་པོ་མགོ་དགུ་ཉིད། ། ཤར་དུ་དབུ་གསུམ་དཀར་པོ་ཏི་པ་ཙ།། ལྷོ་རུ་མགོ་ལྔ་དམར་པོ་ཏི་པ་ཙ།། ནུབ་ཏུ་མགོ་གཅིག་གོར་ནི་སེར་པོ་ཏི་པ་ཙ།། བྱང་དུ་མགོ་བདུན་པ་སྟེ་སྔོན་པོ་ཏི་པ་ཙ། ། དོན་ནི་གཅིག་སྟེ་གདུལ་བྱའི་ངོ་ལ་དེ་ལྟར་ཤར་ཞེས་སོ།། དེ་ཡི་རྩ་བ་དྲིལ་བ་ལས་འཁོར་ཡིན།། རྒྱལ་པོ་ཉེ་ན་མདའ་ཟོར་སྤུ་གྲིར་བརྡེག། བྲམ་ཟེ་ཉེ་ན་བུདྡྷའི་ཙོག་བརྡུངས་བརྡེག། རྗེའུ་རིགས་ལ་ནི་ཡང་སྙིང་ནག་པོས་བྱ། ། དམངས་ལ་མཛེ་ཟོར་ནག་པོས་འཁོར་ལོ་འཕང།། འདི་ནི་ཀུན་ལ་གཅེས་པ་སྙིང་དང་འདྲ།། ས་བདག་ཀླུ་ཡི་ཡང་སྙིང་མཛེ་ཟོར་ཡིན་པས་གཅེས།། མི་རིགས་གཏད་པ་ལྔ་གླིང་བཞི་གླིང་དང། ། གསུམ་གླིང་གཉིས་གླིང་དག་ཏུ་ཕྱེ་བ་སྟེ།། ལྔ་གླིང་བྱེད་ན་དཀྱིལ་འཁོར་མཐིང་ནག་ཨེ་དབུས་སུ། ཤར་དུ་དཀར་ནག་ལྷོ་ཡི་སེར་ནག་ཡིན།། བྱང་གི་ལྗང་ནག་ནུབ་ཀྱི་དམར་ནག་གོ། དེ་རྣམས་གཙོ་བོ་བདུན་རྣམས་རང་རང་གི། དེ་རྣམས་སྐུ་གསུང་ཐུགས་ལས་སྤྲུལ་པ་གསུམ་གསུམ་སྟེ།། སྟག་མགོ་ཐང་པོ་དགའ་བོ་ཡིན།། སྣ་ཚོགས་ཨོཾ་ལ་ཐང་པོ་ཨ་སྟེ་དགའ་བོ་ཧཱུཾ་ལས་གྱུར་པ་ཡིན།། གྲ་མ་སྐྱེར་པ་སེ་བ་རིམ་པས་སོ། ། ཐོད་པ་ཁ་དོག་རེ་བ་སྦྲུལ་དང་རླུང་ཡིན་ཞེས།། ལུས་ངག་ཡིད་ལ་ཕུར་པ་གདབ་པ་ཡིན།། ཕུར་པ་རྣམས་ཀྱི་ཚད་ཀྱང་སོར་བཞི་སྟེ།། འབྱུང་བ་བཞི་པོ་དབང་དུ་སྡུད་པ་ཡིན།། དེ་ལྟར་སྔགས་དང་སྦྱོར་བ་རིགས་དང་སྦྱར། ། ཕུར་པ་གདབ་པ་དག་ཀྱང་རིགས་དང་སྦྱར།། མདའ་ཟོར་བྱས་ལ་མདའ་ཡང་བརྡེག། མཚོན་གྱི་ཆར་པ་ཀུན་ཀྱང་དབབ།། གདུག་ན་ནད་རླུང་ཀུན་འདུས་བསམ།། ལྕགས་མཁར་འབར་བ་ཐོད་པ་སྟེ། ། གདུག་སྔགས་སྤྱི་རྒྱུགས་ཆར་ཡང་འབབ།། ཧྲི་སྟི་བྱོས་བྷྱོར་ཞེས་བྱ་བ།། ཧྲི་ཏྲི་རོ་ཡམ་བཅུ་གཉིས་པ།། གནད་ཀྱི་འཁོར་ལོ་ཁ་གཅད་དོ།། ལྷ་སྲིན་ཀུན་ལ་གཏད་ཅིང་བཅོལ།། མ་ཉེས་དཔང་ཡང་དྲག་ཏུ་གཟུགས། ། གདུང་བའི་སྨྲེ་སྔགས་རིང་དུ་གདོན།། དམིགས་པའི་མིང་ནས་ཕྱུང་ནས་ནི།། སྟག་མགོ་ཅན་ལ་གཏད་པར་བྱ།། མནན་པ་གནས་སུ་བསྐྱལ་བར་བྱ།། གླིང་བཞི་གྲུ་གསུམ་བཞི་ལ་བྱ།། གླིང་གསུམ་གྲུ་གསུམ་རེ་རེ་ལའོ། ། གཉིས་ནི་དབུས་དང་བྱང་དུ་ཡིན།། ཞེས་གསུངས་སོ།། བྱོལ་སོང་གླང་མགོ་ཅན་ལས། རྟོག་པའི་སྐབས་ཏེ་དྲུག་པའོ།།།། གཏད་པའི་སྦྱོར་བ་རྫོགས་ནས་ནི།། ཀླུ་ཡི་དྲོད་ཚད་འབྱུང་བ་ངེས། ། གཡག་གམ་མུན་པ་བྱུང་བ་ན།། འཁོར་ལོ་གོང་མ་སྤོགས་པ་ཡིན།། དམག་དང་བཤས་བྱེད་བྱུང་བ་ན།། དགྲ་རྟགས་མྱུར་དུ་འོང་བ་ཡིན།། གཏང་རག་གཏང་བའི་སྦྱོར་བ་བྱ།། དཀར་གཏོར་ཀླུ་ལ་དམར་གཏོར་བདུད། ། དེ་ནི་ཉིན་དང་མཚན་མོ་བྱ།། རྒྱ་མཚོ་འཁྱིལ་པ་བྱུང་བ་ན།། མ་ཚོགས་གཏོར་མས་བྲིད་ལ་བསྐུལ།། རྒྱལ་རིགས་འབག་སེང་ཨ་ཙ་ར།། ལྷ་གང་ལ་སོགས་སྟོན་པ་ན།། གཏོར་མའམ་ནི་མདའ་ཟེར་བཅའ། ། རས་སམ་རྒྱ་ཤོག་དག་ལ་ཡང།། སྦྲུལ་དཀར་ཁོངས་སུ་དགྲ་བོ་བྲི།། ནད་དང་དྲི་རྒོད་གང་འདོད་བྲི།། སྙིང་ལ་མདའ་ཟོར་གཟེར་བ་སྟེ།། ཞག་གྲགས་གསུམ་མཾ་ཉིན་གཅིག་ཡིན།། སྦལ་པ་ཁོང་སྟོང་ནང་དུ་གཞུག། རྒྱལ་རིགས་གནས་པའི་ས་རུ་མནན།། གཏོར་མ་དགྲ་བོའི་གནས་སུ་བརྡེག། རྒྱལ་རིགས་ལས་ཀྱི་མདེའུ་ཀའོ།། དམགས་དང་རྟ་པ་ཁྱི་སྤྱང་དང། བུད་མེད་མང་པོ་བྱུང་བ་ན།། ཐོད་པ་ཉི་མ་ནུབ་ནས་བླང། ། རྣ་བར་དར་ལྕེ་བཏགས་ནས་ཀྱང།། ཀླུ་ཆེན་བརྒྱད་ཀྱི་སྙིང་པོ་བྲི།། ནང་དུ་དགྲ་གཟུགས་ཨ་མུ་ཀ། སྦྲུལ་དང་སྦལ་པ་སྡིག་པ་དང།། གཏོར་མ་གཞུག་པ་མཆོག་ཡིན་ཏེ།། ཅོག་རྡུངས་ཉིན་གཅིག་བཟླས་ཤེས་པས། ། གཉེན་པོ་བཛྲ་ཧེ་རུ་ཀ། ནུབ་ཕྱོགས་ཆུ་མིག་ལྟེང་བག་ཅན།། འདི་ཉིད་གཏད་ན་ལས་འགྲུབ་པས།། བྲམ་ཟེ་བྷུ་ཏ་ནག་པོ་ཡིན།། ཐེབས་པ་རྟགས་ཀྱི་ཚད་མ་གཟུང།། འདི་དག་མི་བཟད་ཧོམ་ཞེས་བྱ། ། ཀླུ་བཙན་ཤ་རྐྱང་རྟ་བ་ནི།། མི་དམར་མང་པོ་མང་པོ་ན།། ཡང་སྙིང་ནག་པོའི་ལིང་ག་ནི།། རྒྱ་ཤོག་དག་གམ་ཀ་རི་ཀ། དེ་ལ་གནས་པ་མིང་གཟུགས་ཞིང།། སྦལ་པའི་ལྟོ་བར་དགྲ་གཟུགས་ལ།། ནག་པོ་ཡང་སྙིང་བསྐུལ་བས་བསྐོར། ། འདི་ལ་ཞག་གྲངས་གསུམ་བཟླས་སམ།། ཡང་ན་གཞུང་བཞིན་ཤེས་པས་ན།། ཡང་སྙིང་ནག་པོ་ཞེས་བཤད་པ།། ཐོད་པ་བྱང་ཤར་མཚམས་སུ་སྟེ།། སྦལ་པ་ལྷོ་ནུབ་མཚམས་ན་ཡིན། ། ཞེས་བཤད་པ་ནི་རྗེའུ་རིགས་གཏད།། ཚུབ་མ་འཁྱིལ་དང་གཡག་རོག་འགྱིང།། གདོལ་དང་དམངས་ཀྱི་རིགས་ཡིན་པས།། མཛེ་ཟོར་ནག་པོའི་ལས་འདི་བརྩམ།། འཁོར་ལོ་འཕང་དང་ཐུན་འཕང་བྱ།། ཞེས་གསུངས་པ་ལས་ཐེ་ཚོམ་མེད། ། བྱོལ་སོང་གླང་མགོ་ཅན་ལས་སྐབས་བདུན་པའོ།།།། དེ་ནས་རྒྱལ་བའི་བཀའ་བསྟན་པ་བསྲུང་བའི་མན་ངག་ལས་ཀྱི་མཚོན་ཆ་བྱོལ་སོང་ཧ་ལ་ནག་པོ་འདི་ནི།། བཀའ་རྒྱུད་མཁའ་འགྲོས་ཚངས་པ་ཀླུ་གནས་ལྷ་ཁང་སྦས་ཏེ་བཞག། སྐལ་ལྡན་དབང་ཕྱུག་དཔལ་ལྡན་ཧཱུཾ་ཀ་ར།། དེ་ལས་རྒྱུད་པ་ཁྲག་འཐུང་ནག་པོ་སྟེ།། སྲོག་གི་རྟེན་པ་རིན་ཆེན་སྙིང་དང་འདྲ་བར་བཅངས།། ཅེས་གསུངས་ནས་རུ་ཁྲག་འཐུང་ནག་ནག་པོས་བ་སུ་དྷ་ར་ལ་གདམས་སོ། ། ཀླུའི་འཁོར་ལོ་ནག་པོ་ཧ་ལ་འབར་བའི་རྒྱུད། བྱོལ་སོང་གླང་མགོ་ཅན་གྱིས་གསུངས་པ་རྫོགས་སོ།།།།

CLOSE WINDOW