CLOSE WINDOW

Gpb052.016: ཀླུའི་དམ་ཚིག་གི་རྒྱུད་ཅེས་བྱ་བ
Wylie

ནཱ་ག་ས་མ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། ཀླུའི་དམ་ཚིག་གི་རྒྱུད་ཅེས་བྱ་བ། ཀླུ་སྒྲོལ་བྱེད་ཀྱི་བདག་པོ་གསེར་མིག་འབར་བ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ནུབ་ཕྱོགས་རྒྱ་མཚོའི་ཕོ་བྲང་ཆུ།། བྱོལ་སོང་ཆེན་པོའི་གནས་ཡིན་ཏེ།། རབ་ཏུ་གདུག་པའི་ཀླུ་རྣམས་ལ།། ལོངས་སྤྱོད་ཚོགས་ནི་རབ་ཏུ་ལྡན། བསམ་གྱིས་མི་ཁྱབ་མཐུ་རྣམས་འབྱུང།། དེ་ཕྱིར་གཉེན་པོ་རིགས་བཞི་བསྒྲུབ། ། རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས།། དམངས་ཀྱི་རིགས་ལ་རབ་གསུངས་སོ།། རི་རབ་མཆོད་རྟེན་རིགས་འདྲ་ལ།། བུམ་པ་ཡིད་བཞིན་ཤིང་ལོས་བརྒྱན།། སྦྲུལ་ལ་སོགས་པའི་རྒྱན་གྱིས་ཀླུབས། ། བུམ་པ་ལ་སོགས་དང་པོ་ལ།། དེ་བཞིན་གཉེན་པོ་རིགས་བཞི་བྲི།། འོད་དང་ལྕགས་རི་གཉིས་གཉིས་སྦྲུལ།། དེ་དག་གིས་ནི་རབ་ཏུ་བརྒྱན།། དེ་དང་ཐབས་ཅིག་པའི་འཁོར།། དགའ་བོ་དང་ནི་འཇོག་པོ་དང། ། གྱ་ནོམ་དང་ནི་ནོར་མེད་དོ།། པད་ཅན་དང་ནི་དུང་ཅན་དང།། དར་དཔྱངས་མ་དང་གཟི་ཅན་དང།། གཡུའི་བྱེ་ཆུང་ཅན་མའི་འཚོ།། མཐའ་ཡས་དུང་སྐྱོང་ནོར་བདག་གཙོ།། རིགས་ལྡན་དག་ནི་ཡིན་པར་བཤད། ། ཧལ་ཁྱི་ཧལ་པན་ཐེ་སེ་དང།། ཙང་ཀུན་ལ་སོགས་འཁོར་གྱི་བསྐོར།། ཞེས་གསུངས་སོ།། ཀླུའི་དམ་ཚིག་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་གཉེན་པོ་རིགས་བཞིའི་བསྒྲུབ་བ་འདི་གསུངས་སོ། ། དབུ་ཡི་ཁྲོ་གཉེར་ཡིད་བཞིན་ལྡན།། འཇིགས་བྱེད་སྤྲུལ་བའི་རྭ་གཉིས་ལྡན།། ལྕགས་མཆུ་འབར་བ་རབ་ཏུ་བརྗིད།། རིན་ཆེན་གསེར་གྱི་སྤྱན་དང་ལྡན།། ལྕགས་ཀྱི་སྡེར་ཆེན་རབ་ཏུ་བགྲད། ། རྡོ་རྗེ་གཤོག་པ་རབ་ཏུ་བསྐྱངས།། སྐུ་སྟོད་མཆོག་གི་གཡང་གཞིས་བརྒྱན།། བྱོལ་སོང་རིགས་བཞི་ཞལ་དུ་རྡུབ།། དེ་ཉིད་དག་ལ་གང་བཞུགས་པ།། མཐུན་པའི་རྫས་རྣམས་བསགས་པར་བྱ།། སྦྲུལ་དང་སྦལ་བའི་ཤ་ཚིལ་དང། ། ལོངས་སྤྱོད་གཏོར་མ་དབུལ་བར་བྱ།། རྩ་བའི་སྔགས་འདིས་དགུག་པར་བྱ།། ཞེས་རྒྱུན་དུ་དྲང་བའི་སྙིང་པོ་འདི་གསུངས་སོ།། ག་རུ་ཌ་ཙ་ལེ་ཙ་ལ་ཧཱུཾ་ཕཊ། ཅེས་སྟོང་རྩ་བརྒྱད་རྩ་བརྒྱད་བཟླས་ནས་ཕྱག་རྒྱ་འདི་བསྟན་པར་བྱའོ། ། གཡས་གཡོན་མཐེ་བོང་བསྣོལ་ནས་ནི།། གཞན་རྣམས་རབ་ཏུ་བརྐྱང་བར་བྱའོ།། དམ་ཚིག་སྔགས་འདིས་དབང་བསྐུར་རོ།། ཏི་ཀ་ཛཱ་བྱི་ཛ་ཏ་ཧཱུཾ་ཡ་ཧཱུཾ་ཡ། ཧུ་ལུ་ཧུ་ལུ། པུ་རུ་སྟེ་པུ་རུ་སྟེ་སྭཱཧཱ། ཞེས་སྔགས་འདིས་དབང་དུ་བསྡུ་བར་བྱའོ།། ཧཱུཾ་ཏྲི་ཏྲི་རུ་ཙག་བཛྲ། དུན་དྷ་མི་ལི་མི་ལི་ཧཱུཾ་ཕཊ། གཏོར་མ་འབུལ་བ་འདི་གསུངས་སོ།། ག་རུ་ཌ་གྲི་ཧྞ་གྲི་ཧྞི་པ་ཡ། རུ་བྷ་ཨི་དན་བ་ལིང་ཁཱ་ཧི་ཁཱའ་ཧི། ཞེས་གཏོར་མས་མཆོད་དེ། གནད་ལ་དབབ་པའི་ཕྱིར་འདིས་བསྟོད་དོ།། འདབ་ཆག་རྒྱལ་པོ་ག་རུ་ཌ།། མཐིང་ནག་གསེར་གྱི་སྤྱན་མངའ་ཞིང།། ཡིད་བཞིན་རིན་ཆེན་ཐོད་འཕྲེང་ཅན།། ལྕགས་མཆུ་འབར་བ་རབ་ཏུ་བརྗིད། ། ཐབས་དང་ཤེས་རབ་རྭ་གཉིས་ལྡན།། རྡོ་རྗེ་སྤུ་གྲི་སོ་གཉིས་རབ་ཏུ་རྔམ།། རྡོ་རྗེ་སྡེར་གཤོག་བརྐྱང་པ་རླུང་མོ་ཆེ།། སྐུ་བསྟོད་མཆོང་གི་གཡང་གཞིས་བརྒྱན།། ཀླུ་རྒྱལ་གདུག་པ་མ་ལུས་སྤྱི་ནས་འདྲེན། ། གཉེན་པོ་སྒྲོལ་མ་མཆོད་པ་འབུལ།། ཞེས་བསྟོད་དོ།། ཀླུའི་དམ་ཚིག་གི་རྒྱུད་ལས། གཉེན་པོ་རིགས་བཞི་བསྒྲུབ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་གཡུའི་བྱི་ཆུང་མ་ཞེས་བྱ་བའི་བསྒྲུབ་པ་འདི་གསུངས་སོ། ། འཕྲིན་ལས་གཡུ་ཡི་བྱེ་ཅན་མ།། རབ་ཏུ་མི་བསྒྲུངས་ཀླུ་རྣམས་འདུལ།། དེ་ཉིད་བསྒྲུབ་པར་བྱ་བ་ནི།། རྫས་ལ་བརྟེན་ཏེ་འཁོར་ལོ་བཅའ།། རྫས་ནི་བན་དུ་ནག་པའི་སྙིང།། འབྲུ་སྣ་གཏོར་མས་མཆོད་པར་བྱ། ། འཁོར་ལོ་ཆེན་པོ་བཅའ་བ་ནི།། ད་ཧི་ནག་པོ་བཙལ་ནས་ནི།། དེ་བཞིན་མཎྜལ་དབུས་སུ་བྱུང།། ལྟོ་བ་མུ་ཁྱུད་ཟླུམ་བོར་བྱ།། འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན།། གྲུ་ཆད་གྲུ་བཞི་ལྡན་པར་བྲི།། གཉིས་གཉིས་སྦྲུལ་གྱིས་མཛེས་པར་བྲི། ། དམ་ཚིག་པ་ནི་དབུས་སུ་བྲི།། ནཱ་ག་ཕུར་པ་འཁོར་ལོ་དགོད།། དེ་ནས་རྒྱན་དུ་དྲང་བའི་སྔགས།། ས་མ་ཡ་དུན་བྷྱོ། ཞེས་བརྗོད་ལ་རྦད་དོ།། བསད་པའི་འཕྲིན་ལས་ངན་ཐབས་ཅིག། སྦྱོར་བ་གཉིས་སུ་གྱུར་པ་སྟེ།། གསུམ་པ་གཙོར་ནི་རྫས་རྣམས་བསོག། མི་ཁྲག་རྟ་ཁྲག་ཁྱི་ཁྲག་རྣམས།། དུག་སྣ་ཚང་བར་སྦྱར་བར་བྱ།། ཏིལ་དང་བྲ་བོ་སྲན་མ་དང།། ནས་ནག་འོ་མ་དག་ལ་ནི།། བན་ཟུར་གསུམ་པ་བདུན་བྱས་ནས། ཁྲག་གི་ནང་དུ་གཞུག་པར་བྱ།། དུག་གིས་བྲིས་པའི་ལིང་ག་ནི།། དེ་བཞིན་ཁྲག་གི་ནང་དུ་གཞུག། ཐོད་པ་ཕོ་མོ་ཁ་སྦྱར་ལ།། དྲག་སྔགས་འདིས་ནི་གནད་ལ་དབབ།། རུ་ཏྲ་ནཱ་ག་རྦད། རག་ཤ་རྦད། སྭ་སྟ་ཀྲ་མ་མི་སྙིང་རྦད། ཡེ་ཙ་སྡེན་པོ་ཁ་ཐུན་རྦད། མ་ར་ཏི་མཛེ་ཏ་དུང་ན་ཡ་སོད། མདུན་དུ་དོང་གྲུ་གསུམ་བྲུས་ཏེ་གསད་པར་བྱའོ།། དེ་ནས་བཏོན་ཏེ་དེ་ཉིད་ཀྱིས་གནས་སུ་གཏད་པར་བྱའོ། ། ཀླུའི་དམ་ཚིག་གི་རྒྱུད་ལས་གཡུའི་བྱེ་ཆུང་ཅན་མ་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་རིགས་བཞི་བརྟག་པ་འདི་གསུངས་སོ།། དེ་ནས་རིགས་བཞི་པྲ་བརྟག་པ།། རུས་སྦལ་འདྲ་ཡི་རྩར་གནས་པའི། ། ཆུ་མིག་མགོ་གསུམ་འབབ་པ་ནི།། བྱོལ་སོང་རིགས་ངན་གནས་པ་སྟེ།། པྲ་ཏྲ་ནག་པོ་དེར་མནན་ནོ།། སྦྲུལ་གཉིས་མདུད་པ་འདྲ་བའི་རི་བར་ནས།། མགོ་གཅིག་རྐང་མང་འབབ་པ་ནི།། ཀླུ་སྲིན་ནག་པོ་འདུ་བ་སྟེ། ཁྲམ་གྱི་རི་མོ་གཏད་པར་བྱའོ།། ཕག་པ་ཐུར་ལ་དཀྱུས་པ་འདྲ།། ཟ་ཟེ་བྲག་རྣམས་གནས་པ་ནི།། ལྟེང་ཀེ་བསྒྲིལ་མ་ཡོད་པ་རུ།། ལས་ཀྱི་ཁམ་ནག་གཏད་པར་བྱ།། བྱོལ་སོང་རིགས་ངན་གནས་པའོ།། དེ་ནས་བྲམ་ཟེའི་རིགས་བརྟག་པ་འདི་གསུངས་སོ། ། ཆོས་ཟངས་ལྟ་བུའི་བྲག་ལས་ནི།། སྐྱེ་རེགས་འདྲ་བའི་ས་སྣ་ཚང།། དེ་ནས་གདོལ་པ་ལོ་འབུར་འབབ།། དེ་ན་རིགས་ངན་གནས་པ་སྟེ།། ཀ་ཏི་ཀ་ར་གཏད་པ་བྱེད། ། མཉམ་པ་དག་ལ་རྩེ་མོར་བྱུང།། ལུ་མ་ཙག་ཙོག་དག་གིས་བསྐོར།། དེ་ནི་མིང་གི་གནས་ཡིན་ནོ།། རིའུ་དྲི་དཔོན་གཏད་པར་བྱ།། དེ་ནས་རྗེའུ་རིགས་བརྟག་པ་འདི་གསུངས་སོ།། བྲ་མ་སྔ་སྔོ་ཡོད་པ་ན།། ཐང་པོ་སྤྲེའུ་ཚུལ་བཞིན་ཡོད་པ་ལ། ། བྱང་ཤར་མཚམས་སུ་འབབ་པ་ནི།། མྲི་ཏ་ཀུ་ནི་གནས་པ་སྟེ།། པ་ཐ་རུ་པ་གཏད་པར་བྱའོ།། ཀླུའི་དམ་ཚིག་གི་རྒྱུད་ལས། རིགས་བཞིའི་ཀླུའི་བརྟག་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་ཀླུ་མོ་རྣམས་བརྟག་པར་བྱ་སྟེ། ས་དེ་མདངས་དང་ལྡན་པ་དང།། མེ་ཏོག་སྣ་ཚོགས་ཡོད་པ་དང།། མདངས་དང་ལྡན་པར་ས་དེ་སྙོམས།། སྡུག་ལ་ཤར་དུ་གཞོལ་བ་ན།། ཁྲུས་ཀྱི་ཆུ་ནི་འབབ་པ་སྟེ། ། མེ་ཏོག་མ་ནི་གནས་པར་འགྱུར།། དེ་དག་ལ་ནི་བྱ་བ་གསུངས།། དེ་ནས་ཀླུ་མོ་རྣམས་བསྒྲུབ་པ་འདི་གསུངས་སོ།། མཎྜལ་ཆ་མཉམ་ཡིད་འོང་ལ།། སྤོས་དང་སྨན་སྦྱར་འོ་མས་བྱུག། པདྨ་འདབ་བཞི་བྲི་བར་བྱ། ། དེ་བཞིན་དར་སྤྱངས་སྒོ་ཁྱུད་ལྡན།། ཙན་དན་ཐལ་བ་སྨན་དང་འོ་མར་སྦྱར།། པདྨའི་དབུས་སུ་ཐིག་ལེ་བྱ།། ལྟེ་བར་སྙིང་པོ་དགོད་པར་བྱ།། དེ་བཞིན་རྫས་རྣམས་དབུལ་བ་ནི།། སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ། ། འབྲུ་སྣ་དག་ལས་འོ་མས་སྦྲུ།། དུང་དང་ན་ཕྱིས་རིན་ཆེན་སྣོད།། བསེ་ཡི་ག་འུ་སྣོད་རྣམས་སུ།། མཚམ་དང་འབྲས་ཡོས་སྤོས་དང་དར་སྣ་བསོག། དེ་བཞྀན་བསྟོད་དང་མཆོད་པ་བྱ།། མཆོད་པ་རྒྱུན་གྱི་སྔགས་འདི་གསུངས་སོ། ། ནཱ་ག་ལི་ནཱ་ག་ལི་པ་ཡེ་ནཱ་ག་ཕུད་ནཱ་ག་ཕུད་སྭཱཧཱ། ཞེས་མཆོད་པས་དབུལ་བར་བྱའོ།། ཨོཾ་ནཱ་ག་ཤུ་ཤུ་ལི་རྣོ་ཨོཾ་ཤ་ཤ་ཤུ་ཤུ་ནག་པོ་ཙིཏྟ་མཱ་ར་ཡ་སོད། གྲུ་ཐུམས་གར་བ་སོད།། ནག་པོ་ཙིཏྟ་ལ་ཡ་ཞེས་བསྒྲུབ་པར་བྱའོ། ། ཀླུའི་དམ་ཚིག་གི་རྒྱུད་ལས།། ཀླུ་མོ་རྣམས་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཀླུ་དམ་ཚིག་གིས་ཀླུ་བསྒྲུབ་པ་འདི་གསུངས་སོ།། མཎྜལ་ཆ་མཉམ་ཡིད་འོང་ལ།། སྤོས་སྣ་ཚང་བའི་ཁུ་བས་བྱུག། དེ་བཞིན་དཀྱིལ་འཁོར་བྲི་བར་བྱའོ།། དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་པའོ།། དབུས་སུ་ང་རྒྱལ་ཧཱུཾ་བྲིས་ཏེ།། ནཱ་ག་ར་ཛ་ས་མ་ཡ་ཛ་ཆེ་གེ་མོ་ཙིཏྟ་ཛྭ་ལ་ཡ། ཞེས་ཡི་གེ་དགུ་པ་དགོད་པར་བྱའོ། ། གྲུ་བཞི་གྲུ་ཆད་སྒོ་ཕུར་འདོད།། བུ་བ་ན་ར་གྲུ་ཆད་ལ།། སྒོ་བཞི་གློ་འབུར་དག་ལ་ནི།། ས་ཧ་ཏི་ཀ་དགོད་པར་བྱ།། དབུས་སུ་གསེར་མིག་འབར་བ་དགོད།། དེ་བཞིན་བདག་ཉིད་གནས་ལྔར་བསྲུང།། ས་མ་ཡ་ཨ་ཧཱུཾ་རྣམས་ནི། ། སྤྱི་བོ་ཁ་དང་སྙིང་ཁ་དང།། མགྲིན་པ་ལྟེ་བར་དེ་བཞིན་ཧཱུཾ་བྲིའོ།། དེ་བཞིན་དབང་ནི་སོ་སོའི་སྔགས་ཀྱིས་བསྐུར།། དམ་ཚིག་ཕྱག་རྒྱ་དབབ་པར་བྱ།། ས་ལས་དེ་བཞིན་བདག་པོ་བསྐྱེད།། མ་ལས་གཡུའི་བྱེ་ཆུང་ཅན་ནོ། ། ཡ་ལས་ཀླུ་བདུད་དྲག་པོ་བསྐྱེད།། ཡ་ལས་གནོད་སྦྱིན་དམར་པོའོ།། ཧཱུཾ་ལས་གསེར་མིག་འབར་བའོ།། དེ་བཞིན་བདག་ཉིད་རབ་ལྡན་ན།། ཤུ་བ་ཐོར་པ་བས་བླགས་འབྱུང།། ཀླུ་རྣམས་ཀྱི་ནི་དངོས་གྲུབ་སྟེ། ། སྐལ་བར་ལྡན་པར་ལས་བྱའོ།། གུ་རུ་དེ་རྣམས་འབྲེལ་བ་ལ།། དབང་རྣམས་དེ་བཞིན་ནོད་པར་བྱ།། དེ་ཡང་དབང་རྣམས་ནོད་པའི་ཕྱིར།། དར་དཀར་གཞི་དག་བཏིང་ནས་ནི།། གྲི་ཏ་པ་ལི་འཁོར་དང་བཅས། ། དེ་བཞིན་མེ་ཏོག་མཛེས་པ་དགྲམ།། ཡིད་འོང་བུམ་པའི་རྫས་རྣམས་བསོག། ནག་པོ་བརྟགས་པའི་ཆུ་དང་ནི།། བ་ལས་བྱུང་བའི་རྣམ་པ་ལྔ།། སྤོས་ལྔ་འབྲུ་སྣ་ལ་སོགས་སྦྱར།། མཁའ་ལྡིང་རྒྱལ་པོ་དེ་བཞིན་བསྒྲུབ། ། རྟེན་འབྲེལ་སྔགས་ཀྱིས་དབང་བསྐུར་རོ།། དེ་རྣམས་ཐོབ་པར་བྱ་བའི་ཕྱིར།། ཡིད་བཞིན་གསེར་ལ་སོགས་པ་ཡི།། ཇི་ལྟར་མཉེས་པ་དབུལ་བར་བྱ།། དེ་ལྟར་སློབ་མ་ལས་རབ་ལ།། རྟེན་འབྲེལ་སྔགས་ནི་སྦྱིན་པར་བྱ། ། དེ་མི་ལྡན་པའི་སློབ་མ་ལ།། ནམས་ཀྱང་སྦྱིན་པར་མི་བྱའོ།། ཀླུ་དམ་ཚིག་གི་རྒྱུད་ལས། ས་མ་ཡ་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་དྲག་པོ་རྫས་ཀྱི་བསྒྲུབ་པ་འདི་གསུངས་སོ། ། གང་ཡིན་པ་ཡི་ལིང་ཀ་ལ། གུ་གུལ་ནག་པོས་བདུག་བར་བྱའོ།། མདའ་ར་དག་ལ་ག་གོན་གཟུགས།། ནང་དུ་ལིང་ག་གཞུག་པར་བྱ།། འབུར་བ་ན་ཏ་བྱ་བའི་ཕྱིར།། ཤིན་ཏུ་དྲག་པོའི་ཐོད་པ་རུ།། སྔོན་དམར་སྐུད་པས་དཀྲིས་ཏེ་གཞུག། སྭ་ཏི་པྲ་མ་ཤག་ནི་དུ་ཡ་ས་ནཱ་ག་རཱ་ཛ་ཀྲ་མ་ནི་སད། ཁྲག་རྒྱས་འབུར་རླགས་དུ་ན་ས་ཏྭ་ནཱ་ག་རཱ་ཛ་ཆེ་གེ་མོ་ཙིཏྟ་ཛ་ལ་ཡ། ཞེས་བཀྲག་དང་གཟི་མདངས་དབང་དུ་བསྡུ་བར་བྱའོ། ། འདུར་བ་ནཱ་ཏ་ཏ་ས་བ་བྱ་བའི་ཕྱིར།། ཀ་ཏིའི་འདི་བཟླས་པར་བྱའོ།། རུ་ཏྲི་དྲ་བ་སད། རུ་ན་ཏོམ་བྱི་བར་སད། ཏྲིལ་དུ་ཡ་སད། ནཱ་ག་ར་ཙ་མཱ་ར་ཡ། དུ་ན་ས་ཏཱ་རྦད། ཅེས་གཏད་པར་བྱའོ།། དེ་ནས་གླང་བུ་ས་འཐོར་བྱ་བ་འདི་གསུངས་སོ། ། གླང་དམར་པོའི་རྭ་གཡས་པ་ན། ཞག་གཅིག་གུ་གུལ་གྱིས་བདུག་བའི་སྔགས་དེ་ལ་སོགས་པས་མཆོད། ཉ་ཤ་སྦྲུལ་ཤ་སྦལ་པའི་ཤ། གང་ཡིན་པྲེ་ཏེའི་ཤ་བླངས་ཏེ། ། ལིང་ག་ཉི་ཤུ་རྩ་གཅིག་བྱ།། དྲག་པོའི་སྔགས་འདིས་མཆོད་པར་བྱ།། མ་ར་ཡ་སོད། ཏྲི་ནི་སོད། ཡ་ར་ཡ་མ་ཏྲི་ཏ་སོད། ཙཀྲམ་དུ་ཏྲི་རྦད། ཙཀྲམ་དུ་ཏྲི་རྦུད། ཙཀྲམ་དུ་ཏྲི་སོད། ཤ་ལ་རྔ་མོ་ཆུམ། ཤ་ལ་རྔ་མོ་ཐུམ། ཤ་ལ་རྔ་མོ་ནན། ནཱ་ག་བཛྲ་ཤུ་ཤུ་ལི། ནཱ་ག་ར་ཛ་ས་མ་ཡ་ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད་བར་བྱའོ།། དེ་ནས་ཡང་གཉེན་པོ་གཏད་པ་ཞེས་བྱ་བ་འདི་གསུངས་སོ།། འཇིམ་པའི་ལིང་ག་མཛུབ་གང་ལ།། ཐལ་བ་ཆེན་པོ་དཀར་པོས་བྱུག། གདོང་པ་མཚལ་གྱིས་བྱུག་པར་བྱ།། ཚོན་གྱི་སྐུད་པས་རྒྱ་གྲམ་བྲི།། མགོ་བོ་ཐུར་དུ་བསྟན་ཏེ་མནན་པར་བྱའོ།། ཤུ་ཏ་ཀྲི་ཐུན་ཤིག། ཛ་ཀྱི་ཤར་ལེ་ཤུ་མུ་ལེ་རེ་ནཱ་ག། ཧཱུ་ལུ་ཧཱུ་ལུ་ཐུམ་རི་ལི་ལི་སྭཱཧཱ། ཞེས་གསུངས་སོ།། དེ་ནས་ངན་ཐབས་དྲག་པོ་ཆིག་ཅོད་ཅེས་བྱ་བ་འདི་གསུངས་སོ།། བའམ་གླང་གི་རྭ་རུ་རུ། ཁྲག་གིས་བྲིས་པའི་མི་རུས་གཞུག། དབང་དུ་དྲག་པོ་འདི་ཡིས་བསྡུའོ།། སྲུང་ཏྲ་དུན་ཏེ་ནཱ་ག་མ་ནེ་ཧཱུཾ། ཞེས་གསུངས་སོ།། མཧཱ་པཉྩ་ཏ་ཧཱུཾ། ཧེ་ཧེ་ཕཊ་ཕཊ། ཅེས་དབང་དུ་བསྡུའོ།། ཨོཾ་ས་ཏྭ་ཡ་ས་ཏྭ་ཡ། ཤོ་ཏ་ཡ་ཤོ་ཏ་ཡ།། པ་ཏ་ཡ་པ་ཏ་ཡ། ཨུད་པ་ཡ་ཨུད་པ་ཡ། ཧ་ར་ཧ་ར་བཛྲ་དེ་ནན་མཱ་ར་ཡ་བཛྲ་ཡ་ཁང་ཁ་ནན། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཙུང་ཙུང་ཛྭ་ལེ་ཛུ་ལེ་དེ་སརྦ་ས་ཏོ་ཡེ་སྭཱཧཱ། རྒྱུན་དུ་བཟླས་པ་བྱའོ།། སྐུགས་རྩ་བའི་སྔགས་ཞེས་བྱའོ།། ནཱ་ག་ནཱ་ག་ཤིག་དུ་པ་ཧཱུཾ་ཡ་ཤིག། ནཱ་ག་སོད་ནཱ་ག་ཡ། ཞེས་གཏད་པར་བྱའོ།། དེ་ནས་གཡུའི་བྱེ་ཆུང་མ་ཞེས་བྱའི་དྲག་སྔགས་འདི་གསུངས་སོ། ། ག་གོན་ནག་པོའི་ནང་དུ་ནི།། མཐུན་པའི་ལིང་ག་གཞུག་པར་བྱའོ།། དེ་བཞིན་མི་མོ་མང་པོ་དང།། ལྟོ་སྦྱར་དཀར་གནག་དཀྲིས་ཏེ་གཞག། ཅེས་སྔགས་འདི་གསུངས་སོ། ། ནཱ་ག་ལི་མུ་མུལ་དུན་ཕཊ། ནཱ་ག་ཤ་ཏྲཾ་ཕཊ། ནཱ་ག་ཐེད་ཐེད་སྭཱཧཱ། དུན་པ་ཕཊ། མོ་ལེ་ཕཊ། གར་པ་ཕཊ། ཙཀྲ་ཀྵུ་ར་ན་ཕཊ། ཏྲག་མུན་ཁ་རག། རག་མོ་ཁ་ལ་བྷྱོ། ཞེས་གཏད་པར་བྱའོ།། དེ་ནས་དྲག་པོའི་རྫས་ཀྱིས་འདུལ་བ་འདི་གསུངས་སོ། ། ཆུ་སྦྲུལ་ཐང་སྦྲུལ་སྡུག་པའི་རྫས།། ནང་དུ་དེ་བཞིན་ཡིད་ག་གཞུག། དྲག་པོའི་སྔགས་ཀྱིས་ཡང་དག་འགུག། ནཱ་ག་རཱ་ཛ་ཆེ་གེ་མོ་ཨེ་ཧ་ཨེ་ཧ་སི་རི་སི་རི་སི་རི། ཆེ་གེ་མོ་ནཱ་ག་རཱ་ཛ། སུ་རུ་སུ་རུ་སུ་རུ། ཆེ་གེ་མོ་ནཱ་ག་རཱ་ཛ་ས་མ་ཡ་ཛ་ཛ། སེ་རེ་སེ་རེ་སེ་རེ། ནཱ་ག་རཱ་ཛ་ཆེ་གེ་མོ་ཙིཏྟ་ཛ་ལ་ཡ། ཞེས་ཀླུ་ལ་གཏད་པར་བྱའོ།། སྙིང་མི་དགའ་སྟེ་རྟགས་མྱུར་དུ་འོང་ངོ།། དེ་ནས་དྲག་པོའི་སྔགས་ཀྱི་གཟེར་གདབ་པ་ཞེས་བྱ་བ་འདི་གསུངས་སོ། ། སྣ་ཚོགས་སྨན་དང་འཚལ་དང་འབྲས་དང་སྦྲུལ་དང་སྦལ་པའི་ཤ་ཚིལ་དང། ཏིལ་དཀར་ནག་དང་ལུག་གྲོ་མོའི་འོ་མ་དང། ར་དཀར་མོའི་འོ་མ་དང། ལྡེ་གུ་བྱས་ཏེ་སྦྲུལ་དང་སྦལ་པའི་གཟུགས་བརྙན་བྱ། དེ་བཞིན་གཡུའི་བྱེ་ཆུང་མའི་སྔགས་ཏེ་གདུག་པའི་སྔགས་དང་བསྡེབ་བོ།། དེ་དང་ལྡན་པར་བཟླས་སོ།། དུ་པི་རཱ་ཛ་ས་མེ་ཕུ། དེ་བ་ར་རི་ཀུར་ལྡན་རྦད། ཅེས་དྲག་པོར་ནང་དུ་བདུག་གོ། དེ་ནས་རྒྱུན་དུ་བཟླས་པའི་སྙིང་པོ་འདིའོ།། ཨོཾ་མ་ཡུར་ཤིག་སོད། ཡུན་རེ་ཤིག་སོད། ཐུན་ཏྲ་ཤིག་སོད། རྦད་ཤིག་སོད། ཡིད་ཤིག་སོད། ཅེས་རྒྱུན་དུ་བཟླས་པར་བྱའོ།། ཨོཾ་ཨཱ་ཡུ་ཆེ་ཤིག་སོད། ནཱ་ག་ལི་ཡག་ཡམ་སུ་ར་རྦད། བཾ་ཏེ་རཱ་ཛ་སོད། ཅེས་གཏད་པར་བྱའོ།། ཀླུའི་དམ་ཚིག་གི་རྒྱུད་ལས། དྲག་པོ་པ་ཏྲ་ཞེས་བྱ་བའི་སྔགས་ཀྱི་ལེའུ་སྟེ་བདུན་པའོ།།།། དེ་ནས་དྲག་སྔགས་བདུན་པའི་མགུལ་ཆིངས་ནག་པོའི་ལས་འདི་གསུངས་སོ། ། འབྲུ་སྣ་ལྔ་ཡི་ངར་ཕྱེ་ལ།། སྦྲུལ་མགོ་དགུ་པའི་གཟུགས་བྱས་ཏེ།། ནང་དུ་མིང་རུས་ལིང་ག་གཞུག་ཁམ་པའི་ག་འུ་ཁ་སྦྱར་དུ།། དེ་བཞིན་ལིང་ཀ་གཞག་པར་བྱ།། བྱང་དུ་སྦྲུལ་མགོ་དགུ་པ་བྲི། ། ལྷོ་རུ་དེ་བཞིན་གསུམ་པ་སྟེ།། ནུབ་ཏུ་སྦྲུལ་མགོ་བདུན་པ་ལ།། ཤར་དུ་སྦྲུལ་མགོ་ལྔ་པའོ།། དེ་བཞིན་དྲག་སྔགས་འདི་ཡིས་གཏད།། ས་བྱི་ལ་ཆོད་ཅིག་ཁ་ལི་མ་དུན་བྷྱོ། སརྦ་བྷིག་བྷག་ཤོ་ར་ཙ་ཡ་ཁ་ལོང་ལོང་དམ་ཏི་ཡེ་སྭཱཧཱ། ཙིཏྟ་བཾ་འབྲུཾ་ཐུཾ་རིལ་ཁས། གླད་ཁྲག་སྤྱོད་ཅིག། མིག་ཙ་སྒྱུར། ཨོཾ་ནཱ་ག་སུ་ཏྲ་ཏི་བཛྲ་དུན་དྷ་མི་ལི་མི་ལི་སྭཱཧཱ། ཨོཾ་ནཱ་ག་ཤུ་ལེ་ནི་སྭཱཧཱ། ཨོཾ་ནཱ་ག་རཱ་ཛ་ས་མ་ཡ་ཙིཏྟ་ཛ་ལ་ཡ་ཧཱུཾ་ཕཊ། ནཱ་ག་རཱ་ཛ་ས་མ་ཡ་ཤུད་ཏི་ཏྲི་ཏ་ས་མ་ར་ཛ། ན་ག་རཱ་ཛ་ཤུ་ཤུ་ལིང། དགྲ་བོ་ཙིཏྟ་ཛ། ཨོཾ་ཙཀྲ་མི་མ་ཡ་སད། ཙཀྲི་དུ་ཏྲི་མ་ར་ཡ་ཕཊ། ཙཀྲ་མཱ་ར་ཡ་དུ་ཏྲ་རྦད། ནཱ་ག་བཾ་བཾ་ལི་ལི་ཙཀྲ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་དྲག་སྔགས་འདི་གསུངས་སོ། ། ག་གོན་ནག་པོ་དྲག་པོའི་རྫས།། ནང་དུ་མཐུན་པའི་ལིང་ག་གཞུག། ཨོཾ་མ་ཡུར་ཤིག་སོད། སྤུར་ལེ་ཤིག་སོད། ཨོཾ་མུད་ཡང་ཚེ་ཤིག་སོད། ཐུན་ཏྲ་རཱ་ཛ་ཤིག་སོད། རྦད་ཤིག་རྦུད་ལ་ཡང་ཏི་རྨི་ཏ་ཕཊ། ཅེས་སྔགས་འདི་གསུངས་སོ། ཁྲག་དང་དུག་གི་ཁུ་བས་ནི།། དེ་བཞིན་སྦལ་པའི་ཁོག་བར་ལིང་ག་གཞུག། རྩེར་མ་གྱིན་གྱི་དབུས་སུ་གཞུག། དྲག་པོའི་སྔགས་ཀྱིས་གཏད་པར་བྱ། ཁྲག་ནི་སྣར་མ་རྦད། དར་རྦད། ས་ཏི་ཤིག་གླང་ཡབ་སོང། གླང་ཏྲི་ཤིག་ཀུར་གླང་ཤིག། དུ་ཏྲི་ཤིག། ཅེས་གཏད་པར་བྱའོ།། ཀླུའི་དམ་ཚིག་གི་རྒྱུད་ལས། དྲག་སྔགས་བདུན་པའི་བུམ་པ་འགུལ་ཆིངས་ཀྱི་མན་ངག་གི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ངན་ཐབས་བདུན་པ་འདི་གསུངས་སོ།། དྲག་སྔགས་བདུན་པའི་སྦྱིན་སྲེག་སྟེ།། སྦྲུལ་ལམ་སྦལ་པའི་ཤ་ཚིལ་དང།། བྲ་མ་འཛུག་གང་རྩ་གཅིག་ལ།། དེ་བཞིན་མིང་རུས་བྲི་བར་བྱའོ།། དཀར་པོ་གྲུ་གསུམ་མེ་རི་བྲི། ། དབུས་སུ་པ་རྒྱལ་ཧཱུཾ་བྲིས་ཏེ། ཁ་ཁྱེར་སྦལ་པའི་གཟུགས་བརྙན་བྲི།། མེ་རི་སྦྲུལ་གྱི་ཆུན་པོས་བསྐོར།། ཉི་ཤུ་རྩ་གཅིག་རྩ་ང་གདབ།། དེ་བཞིན་སྤུ་ཏ་རི་ཡིས་བརྩིག། གནོད་སྦྱིན་ཉེ་ནག་མེ་ཡི་ལྷ། ། ལྗགས་ལ་རཾ་བསམས་མེ་ཡི་ལྷ།། བདག་ཉིད་གསེར་འདྲ་འབར་བ་བསྐྱེད།། དེ་ནས་མཆོད་པ་འབུལ་བར་བྱ།། སྣ་ཚོགས་སྨན་དང་འོ་མ་དང།། འབྲས་དཀར་ཤོ་དང་ཏིལ་རྣམས་དང།། མར་ལ་སོགས་པས་མཆོད་པར་བྱ། ། ཉ་ཤ་སྦྲུལ་དང་སྦལ་པའི་ཤ། གང་ཡིན་སྲ་ཏའི་ས་བླངས་ལ།། ལིང་ག་ཉི་ཤུ་རྩ་གཅིག་བྱ།། དྲག་པོའི་རྫས་ཀྱི་མཆོད་པར་བྱ།། མ་ར་ཡ་ཏི་ཏྲི་སོད། མཱ་ར་ཡ་ཡཾ་ནི་ཏི་ཏ་སོད། ཙ་ཀྲཾ་དུ་ཏྲི་རྦད། ཙཀྲཾ་དུ་ཏྲི་རྦུད། ཙཀྲང་དུ་ཏྲི་སོད། ཤ་ལ་རྔམ་ཆུམ། ཤ་ལ་རྔ་མོ་ཐུ་པ། ཤ་ལ་རྔ་མོ་ནན། ནཱ་ག་བཛྲ་ཤུ་ཤུ་ལི། ནཱ་ག་རཱ་ཛ་ས་མ་ཡ། ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། ཞེས་མཆོད་པར་བྱའོ།། གཉེན་པོ་ལ་གཏད་པ་ཞེས་བྱ་བ་འདི་གསུངས་སོ། ། འཇིམ་པའི་ལིང་ག་མཛུབ་གང་ལ།། ཐལ་བ་པོ་ས་དཀར་པོར་བྱུག། གདོང་པ་མཚལ་གྱིས་བྱུག་པར་བྱ།། ཚོན་གྱི་སྐུད་པས་རྒྱ་གྲམ་དཀྲི།། མགོ་བོ་ཐུར་དུ་བསྟན་ཏེ་གནན་པ་བྱ།། ཤུ་དག་ཏྲི་ཐུན་ཤིག། ཨོཾ་ཛ་གྱི་ཤ་ལེ་ཤུ་མུ་ལེ་རེ་ནཱ་ག་ཧཱུཾ་ལུ་ཧཱུཾ་ལུ་ཐུམ་རི་ལི་ལི་སྭཱཧཱ། ཞེས་གཏད་པར་བྱའོ།། དེ་ནས་ངན་ཐབས་དྲག་པོ་ཆོད་བྱེད་བྱ་བ་འདི་གསུངས་སོ།། བའམ་གླང་གི་རྭ་རུ་རུ། ཁྲག་གིས་བྲིས་པའི་མིང་རུས་གཞུག། དབང་དུ་དྲག་པོ་འདི་ཡིས་བསྡུ།། སུ་ཏ་དུ་ན་ཏེ། ནཱ་ག་མུ་ནེ་མུ་ནེ་ཧཱུཾ། མཧཱ་པཉྩ་ཐ་ཧཱུཾ། ཧེ་ཧེ་ཕཊ་ཕཊ། ཅེས་བརྗོད་ལ་དབང་དུ་བསྡུའོ།། ཨོཾ་ས་ཏ་ཡ་ས་ཏ་ཡ། མ་ར་ཏ་ཡ་མ་ར་ཏ་ཡ། ཤོ་ཏ་ཡ་ཤོ་ཏ་ཡ། ཏ་པ་ཡ་ཏ་པ་ཡ། ཧ་ར་ཧ་ར། བཛྲ་ཏེ་ནན། མཱ་ར་ཡ་མཱ་ར་ཡ། ཁད་ཀ་ནན། ཧཱུཾ་ཧཱུཾ་ཧཱུཾ་ཏུང། ཙུང་ཙུང་ཙུ་ལེ་ཙུ་ལེ། དེས་སརྦ་ཏེ་ཡེ་སྭཱཧཱ། ཞེས་རྒྱུན་དུ་བཟླས་པར་བྱའོ།། ཀུག་རྩའི་སྔགས་ཞེས་ཀྱང་བྱའོ།། ནཱ་ག་ཤིན་དུ་ཧཱུཾ་ཡ་ཤིག། ནཱ་ག་སོད་ནཱ་ག་ཡ། ཞེས་གཏད་པར་བྱའོ།། དེ་ནས་གཡུའི་བྱེ་ཆུང་ཅན་མ་ཞེས་བྱ་བའི་སྔགས་འདི་གསུངས་སོ།། ག་གོན་ནག་པོའི་རྫས་སུ་ནི།། མཐུན་པའི་ལིང་ཀ་གཞུག་པར་ནི།། དེ་བཞིན་བླ་མའི་མི་མོ་དང། ། ལྟོ་སྦྱར་དཀར་ནག་དཀྲིས་ཏེ་གཞུག། ཅེས་སྔགས་འདི་གསུངས་སོ།། ནཱ་ག་ལི་མུ་ལུ་མ་དུན་ཕཊ། ནཱ་ག་ཤ་ཏྲཾ་ཕཊ། ནཱ་ག་ཐེད་ཐེད་སྭཱཧཱ། དུམ་པ་ཕཊ། མོ་ལེ་ཕཊ། གར་པ་ཕཊ། ཙཀྲ་ཀྵུ་ར་ན་ཕཊ། ཏྲག་མུན་ཁ་རག། རག་མོ་ཁ་ལ་བྷྱོ། ནཱ་ག་དུ་པ་ཁྲག་བྷྱོ། ཙཀྲ་དུན་བྷྱོ། ཞེས་གཏད་པར་བྱའོ།། དེ་ནས་དྲག་པོའི་རྫས་ཀྱིས་བསད་པ་ཞེས་བྱ་བ་འདི་གསུངས་སོ།། ཆུ་སྦྲུལ་ཐང་སྦྲུལ་གདུག་པའི་རྫས།། ནང་དུ་དེ་བཞིན་ལིང་ག་གཞུག། དྲག་པོའི་སྔགས་ཀྱིས་ཡང་དག་དགུག། ཨོཾ་ནཱ་ག་ར་ཛ་ཆེ་གེ་མོ། ཨེ་ཧ་ཨེ་ཧ་ཨེ་ཧ། སི་རི་སི་རི་སི་རི། ཆེ་གེ་མོ་ནཱ་ག་རཱ་ཛ། སུ་རུ་སུ་རུ་སུ་རུ། ཆེ་གེ་མོ་ནཱ་ག་རཱ་ཛ། སེ་རེ་སེ་རེ་སེ་རེ། ནཱ་ག་རཱ་ཛ། ཆེ་གེ་མོ་ཙིཏྟ་ཛྭ་ལ་ཡ། ཞེས་ཀླུ་ལ་གཏད་པར་བྱའོ།། སྙིང་མི་དགའ་རྟགས་མྱུར་དུ་འོང་ངོ།། དེ་ནས་དྲག་པོའི་སྔགས་ཀྱི་གཟེར་གདབ་ཅེས་བྱ་བ་འདི་གསུངས་སོ།། སྣ་ཚོགས་མཚལ་དང་སྨན་དང་འབྲས། ། སྦྲུལ་དང་སྦལ་པའི་ཤ་ཚལ་དང།། ཏིལ་དཀར་ནས་དང་ལུག་གྲོ་མོ།། ར་དཀར་མོ་ཡི་འོ་མ་དང།། ས་ལ་ལྡེ་གུར་བྱས་ནས་ནི།། སྦྲུལ་དང་སྦལ་པའི་ཤ་གཟུགས་བརྙན་བྱའོ།། དེ་བཞིན་གཡུའི་བྱེ་ཆུང་བསྐུལ། ། དུར་དུར་ནཱ་ག་ཏེ་ཕཊ། ནཱ་ག་རཱ་ཛ་མུ་པ་ས་ཏོ།། ཡ་མ་ཏྲི་ཡ་ཕཊ། ཅེས་བསྒྲུབ་ཏེ་ཞག་བདུན་ན་ཕྱོགས་སུ་ཁ་བལྟས་ཏེ་མིང་ནས་ཕྱུང་ཞིང་འདི་སྐད་གདབ་བོ།། དུ་ར་ཏི་ཤོར་ནཱ་ག་ལི་ས་དུ་མ་རི་ཏ། ལིང་ཤ་ར་ནཱ་ག་ཏེ་ཕཊ། ཅེས་གདབ་པར་བྱའོ།། དེ་ནས་ཀླུའི་སེ་འདབ་པ་ཞེས་བྱ་བ་འདི་གསུངས་སོ།། ཆུ་མིག་ནག་པོའི་མགོ་བོ་རུ།། འོ་མ་དང་ཙན་དན་གྱི་ཆུ་སྦྲེང་ཞིང་དྲག་པོའི་སྔགས་འདིས་ཐེབས་པར་འགྱུར་ཞེས་གསུངས་སོ། ། ཨོཾ་ནཱ་ག་བཛྲ་ཤུ་ཤུ་ལེ་ནཱ་ག་རཱ་ཛ་ཀྲི་སད། ལོ་ཏི་སད་ད་ཧཱུཾ་ཕཊ། ཅེས་གནད་ལ་དབབ་བོ།། པ་མེ་གེ་དུ་རུ། མ་ཤིག་ཀིང་ཀ་ཛོ་ལ་ཏི། ཨཾ་ཨ་ཙིཏྟ་སྭཱཧཱ། ཞེས་ཕྱོགས་སུ་གཏོར་ལ་བཏང་ངོ།། དེ་ནས་ལོག་ནོན་སྔགས་ཀྱིས་དཔལ་ཞེས་བྱ་བ་འདི་གསུངས་སོ། ། ནཱ་ག་ལི་དུ་པ་ལ་ཡ། ས་ཏོ་མ་ཏེ་ཀུ་རུ་ཧཱུཾ་ཧཱུཾ་ཛྭ་ཛྭ་བྷྱོ། ཞེས་བརྗོད་ལ་བཅང་ངོ།། ཀླུའི་དམ་ཚིག་གི་རྒྱུད་ལས། དྲག་སྔགས་བདུན་པ་ཞེས་བྱ་བ་འདིའོ། ། ལེའུ་དགུ་པའོ།།།། དེ་ནས་བསད་པའི་འཁོར་ལོ་མཐར་ཐུག་པ་ཞེས་བྱ་བ་གསུངས་སོ།། བདུན་པ་གང་ཡང་གྲངས་ཐིམ་ན། མནན་པའི་ལས་ནི་ཞིབ་ཏུ་བྱ།། དང་པོ་བརྟགས་ཏེ་ནུབ་ཕྱོགས་ནས།། དྲག་པོའི་ཐོད་པ་བླངས་ནས་ནི། ། དྲག་སྔགས་གདབ་པའི་ལིང་ག་གཞུག། མཚོན་པྲ་ལག་པ་བཅིངས་ནས་སུ།། ཐོད་པའི་ནང་དུ་ཡི་གེ་ཧཱུཾ།། ཀླུ་གཟུགས་རྣམས་ནི་གཏོར་ཁར་རོ།། དེ་ནས་ལིང་ཁ་གསར་བྱས་ཏེ།། སྙིང་དཀྱིལ་ཛ་ནག་ཁ་སྤྲད་བྲི། ། ལག་པ་གཡས་གཡོན་སྦལ་པའི་ཁར།། སྤྱི་བོ་སྦྲུལ་མཆུ་བརྩུགས་པ་བྲི།། རྐང་པ་སྦྲུལ་ནག་སྲོག་ཏུ་གཞུག། ཐ་མར་ཝ་ཐོད་དྲག་སྔགས་བྲི།། རྐང་མཐིལ་གཡས་གཡོན་སྦ་ལ་ཁར།། དེ་ནས་སྲད་བུ་ནག་པོས་བཅིང། ། རིགས་བཞི་གནས་པའི་ས་རུ་གཏད།། བཙུན་པ་ཡིན་ན་རྒྱལ་རིགས་ལའོ།། ཡ་རབས་ཡིན་ན་རྗེ་རིགས་ལའོ།། བློན་པོ་ཡིན་ན་བྲམ་ཟེ་ལའོ།། དམངས་རིགས་ཡིན་ན་གདོལ་པ་ལའོ། ། རྒྱལ་རིགས་ཤར་ལ་རྗེའི་རིགས་ལྷོ།། བྲམ་ཟེའི་རིགས་ནི་ནུབ་ལ་དབང།། གདོལ་པའི་རིགས་ནི་བྱང་ལ་དབང།། ཆུ་མིག་ཁ་དོག་དེ་ལྟར་བརྟག། འཕྲིན་ལས་རྣམ་བཞིས་གཟིར་བར་བྱ།། གནས་དང་དུས་དང་དགོས་པ་གསུམ། ། རྫས་དང་འཕྲིན་ལས་སྔགས་དང་གསུམ།། དོན་གྱི་མན་ངག་འདི་རྣམས་སོ།། ཀླུ་གཟུགས་རུས་སྦལ་འདྲ་བ་བྱ་ཞིང་བྲི།། གཟུགས་དེའི་ཕྱི་རོལ་དུ་རིགས་བཞི་སྲོག་གི་སྙིང་པོས་བསྐོར།། དོན་གྱི་མན་ངག་འདི་བྲིའོ། ། ཨ་ནན་ཏ་པུཿ་ཏ་ཀྵ་ཀ་ཕེ། མཐའ་ཡས་དང་ནི་འཇོག་པོའོ།། ཀར་ཀོ་ཏ་དང་ཨུ་ལི་ཀ། བ་སུ་ཏ་བི་སྟོབས་རྒྱུ་ནོར་རྒྱས་དང།། དུང་སྐྱོང་བ་རུ་ན་ཏེ་ཕོ།། ནག་པོ་ནག་པོ་སྲོག་ལ་ཡ། ། དགྲ་བོ་མཐའ་བརླག་རྡུངས་ཕྱུར་རྡུངས་ཕྱུར།། དགྲ་བོ་གྱེན་ཤ་སྟམ་པ་ཡ། ཐ་ཐ་བུར་བུར་བུར་ཐ་མ་ཡ། དགྲ་བོ་བདུན་རྒྱུད་ཙ་ལ་ཡ་ཡ། ཧཱུཾ་ཧཱུཾ་བ་བི་ནར་ནིར་ཛྭ་ཛྭ་ཡ་ཡ་ཞིང། ཞིང་ཕྲ་ལ་ཤེར་ཤེར།། ཧཱུཾ་ལུ་ཏ་ཀ་སོད་སོད་ཐུམ་ཐུམ་ཧཱུཾ་ཕཊ། དེ་ནི་གསང་པའི་སྔགས་སོ།། དགྲའི་གཟུགས་བྲི་ཞིང་བཅའ་བ་ནི། ཁ་མིག་མ་ལོག་པར་འདོད། ལུས་ལ་སྦྲུལ་འཁྱུད་པ།། མངར་གསུམ་གྱི་ལྡེ་གུས་བྱུག། ལིང་ག་སྐུ་གཟུགས་དང་ལྟོ་སྦྱར་ལ་བཅིང་ངོ། ། སྔགས་བཟླས་ཕུར་པ་གདབ། མནན་པར་བྱ། དེ་ནས་སྒྲོམ་བུར་གསལ་ལོ།། ཀླུའི་དམ་ཚིག་གི་རྒྱུད་ལས། གསད་པའི་འཁོར་ལོ་མཐར་ཐུག་གི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ངན་ཐབས་སྔགས་ཀྱིས་བསད་པ་ཞེས་བྱ་བ་འདི་གསུངས་སོ། ། ཨོཾ་ཀ་མ་ཀ་མེད། བརླག་ནག་མ་ཀ་མེད། ཀླག་རུམ་མ་ཀ་མེད་བརླག། དེ་ནས་གཟིར་ནན་བྱའོ།། ཛཿཧཱུཾ་བཾ་ཧོ། དགྲ་བོ་འདི་པྲ་ཧ་ཧ་ཆུམ་ཆུམ། སྲོག་ཆུམ་ཀླུ་རྒྱས་ཆུམ། གམ་གམ་འཛིན་ཆེན་མས་ཏ་ལ་ལོང་སོད། ལྕགས་རིན་ཆེན་མོས་རྟ་ལ་ལོང་ལ་སོད། དགྲ་བོ་འདི་རྟ་ལ་ལོང་སོད། དབུབས་ས་སྲིན་ཆེན་མོས་རྟ་ལ་ལོང་ལ་སོད། ཀུ་རུ་སོད། སེ་ལེ་སོད། ཡས་གུ་སོད། སུ་ཏི་སོད། ཚི་ཀ་ར་སོད། དགྲ་བོའི་སྲོག་དབུགས་ལ་རོལ་པ་མཛོད། ཁ་དང་ཐང་ཁ་འགུར་ཤ་ན་ཡ་ཕཊ། དེ་ནས་ཀླུ་ལ་གཏད་དོ།། ཆུ་གཏོར་གཏང་ངོ།། ཨོཾ་མར་མེར་ཐབ་ཐིབ་གནམ་ས་སྡོད་ཕྱེ་ས་ཁ་ཕྱེ། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བ་ན་རག་ནན། ཏད་ཡ་ཐཱ། ཨོཾ་ཏ་ཀི་ཏྱ་གྱེ། ཀུ་མུ་ལུ་ཀུ་མུ་ལུ། ཤུ་ཤུ་ཤ་ཤ། བི་ཏི་ཏི་ཏི། ཧཱུཾ་ཡུ་ཧཱུཾ་ཡུ། རུ་རུ་ཛི་ཛ་ཏ་སྭཱཧཱ། རིགས་བཞི་ཀླུ་དབང་དུ་བསྡུ་བ་དང། ཟིལ་གྱིས་མནན་པ་དང། ལས་ལ་གཏད་པ་དང། དམ་ལ་གདགས་པའོ།། གཟུགས་ལ་བྱ་བའི་རིམ་པ་དགོད། ཤ་ཏྲི་ཤ་ཏྲི། གུར་ཏྲི་ཤན་ཏྲི་ར་ཀྲི་ཀུ་ལ་ནན། ས་བྱིངས་ཆོ་ག་ལི་མ་ཧི། མ་མུགས་མ་མུགས། བྱི་ཧི་ལ་མ་ཧཱ་ཧེ་ཧེ་ཆོ་ཆོ། ནཱ་ག་མ་གུ་ལིང་སྭཱཧཱ། ད་ལཾ་དགུག་པ་ཚེ་རིལ། ཐུཾ་ཐུཾ་ཡཾ་ཏེ། ནཱ་ག་དེ་པ་ར་མཱ་ར་ཡ་ཤོག། ཨོཾ་མ་ཕུར་ཤིག་སོད། སྤུར་ལེ་ཤིག་སོད་ཡ་ཐུན་ཏྲ་རཱི་ཛ་ཐུན་སོད། ནག་པ་ཙིཏྟ་ཛྭ་ལ་ཡ་རྦུད་ལ་ཡ་ཏི་སྦུར་ལ་ལ་སོད། ཅེས་གཏད་པར་བྱའོ།། ཀླུ་དམ་ཚིག་གི་རྒྱུད་ཕྱི་མ་ལས། ཆུ་གླང་ངན་སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་གདུག་པ་ལ་གཏད་པའི་ངན་ཐབས་འདི་གསུངས་སོ།། སྣ་ཚོགས་འབྲུ་ཕྱེའི་ལིང་ཀ་བྱ།། མིང་རུས་བྲི་ལ་སྙིང་ཀར་གཞུག། གདོང་མཚལ་གྱིས་བྱུག་པར་བྱ། ། དེ་ནས་གཏོར་མ་ལོངས་སྤྱོད་བསག། ཧོམ་ཁུང་གྲུ་གསུམ་བརྐོ་བར་བྱ།། ཚེར་མ་ཅན་གྱི་ཤིང་བརྩིགས་ཏེ།། དབུས་སུ་ལིང་ཀ་གཞུག་པར་བྱ།། དེ་ནས་ལོངས་སྤྱོད་གཏོར་མ་དབུལ།། མེ་སྦར་དྲག་སྔགས་འདི་གསུངས་སོ། ། གླང་ཡམ་ཏྲི་སོད། ཁྲག་ཏི་རྣར་མ་རྦད། ད་ར་རྦད་མ་ཏི་ཤག། གླང་ཏྲི་ཤིག་གུ་གླང་ཤིག། དུ་ཏྲི་ཤིག། ཡང་དྲག་སྔགས་འདི་གསུངས་སོ།། ནཱ་ག་རཱ་ཛ་ཙ་ཙ་ཏོཾ། མཱ་ར་ཡ་ཛ། ཏི་སྟ་ཡ་ཤན་ཏིང་ཀུ་རུ་ཡེ་ཙིཏྟ་ཛྭ་ལ་སྭཱཧཱ། ཞེས་གཏད་པ་བྱ་བ་ཡིན། རབས་ཆད་ནག་པོའི་ཐོད་བླངས་ཏེ་བྱ་བ། ཁྱི་ནག་ཁྲག་གིས་ནད་བྱུག་ལ།། ཕྱི་རོལ་ནག་པོར་བྱུགས་ནས་ནི།། ཐོད་ལེ་ཀོར་གྱིས་བྲིས་ནས་ནི། ། ཛ་དང་ན་དང་པ་དེ་བྲི་བར་བྱ།། མདུན་དུ་དོང་ནི་གྲུ་གསུམ་བྲི།། དྲག་སྔགས་འདི་ནི་བསྒྲུབ་པར་བྱ།། ས་ཏོམ་ནག་པོ་སོད། ས་ཏོ་མ་ནག་པོ་ནན། མཱ་ར་ཡི་ཏྲི་སོད། མཱ་ར་ཡ་ཏྲིང་ནན། ཙཀྲ་དུ་ཏྲི་ནན། ཙཀྲ་དུ་ཏྲ་ནན། རྦུད། ཅེས་ནི་གཏད་པར་བྱ་བ་ཡིན།། དམ་ཚིག་གི་རྒྱུད་ཕྱི་མ་ལས། དམེ་ཐོད་ལས་བྱས་ཤིང་གཏང་པའི་ལེའུ་བཅུ་གཉིས་པའོ།།།། དེ་ནས་ཙ་མུན་ཏྲིའི་བསྒྲུབ་པ་འདི་གསུངས་སོ།། ཀླུ་རྣམས་ཀུན་གྱི་སྤྲུལ་པ་མོ། ། ཉ་སྟོང་གཉིས་ལ་སྟོང་ཁམས་ཡུལ།། དུས་དྲུག་གནས་སུ་ཁྲུས་མཛད་མ།། ཏི་ལིང་ནང་དུ་སྐུ་འཁྲུངས་ནས།། གཉེན་པའི་གཙོ་ལ་སྦྱོར་མཆོད་འབུལ།། སྐུ་རྣམས་སྐུ་ལས་རྣམ་པར་རྒྱལ།། མེ་ཏོག་མདངས་ཀྱི་རྒྱལ་མོ་སྟེ། ། དེ་ཉིད་བསྒྲུབ་བར་བྱ་བ་ནི།། རབས་ཆད་ཕོ་མོའི་ཐཽད་པ་ལ།། མོ་ལ་གྷི་ཝང་རྩ་གཉིས་བྲི།། ཕོ་ལ་ལོ་ཏི་རྩ་གཉིས་བྲི།། ཏིལ་དང་བྲ་བོ་སྲན་མའི་ཕྱེ།། དུག་གི་ཁུ་བས་སྦྲུ་བར་བྱ།། ཟུར་གསུམ་བདུན་བྱ་མ་བདུན་ནང། ། དེ་བཞིན་ཆུ་བྱའི་གཟུགས་བྱ་སྟེ།། ནང་དུ་ལིང་ཀ་གཞུག་པར་བྱ།། རྨེ་བ་གསུམ་ཀྱི་ཁྲག་སྣ་ཀྲུགས།། ཐོད་པ་ཁ་སྦྱར་རེ་བར་འཐུམ།། དེ་ནས་གྲུ་གསུམ་ནག་པོར་གཞུག། ཅེས་ཏེ་སྲོག་སྙིང་འདི་གསུངས། ། རུ་ཏ་རྦད། རག་ཤ་རྦད། མ་མ་སྙིང་རྦད། ཁ་དུན་རུ་རྦད། ཙིཏྟ་རྦད། སྨི་ཏ་རག་ཤ་རྦད། མཱ་ར་ཡ་རྦད། བལ་ཕྱུར་བལ་ཕྱུར་མ་མ་རག་ཤ་ཐུམ་ཐུམ་བུ་སོད། སྣི་ཏྲི་སྣི་ཏྲི་རུ་ཏྲི་མཱ་ར་ཡ་རྦད། ཅེས་ནི་བསྟོད་པར་བྱ་སྟེ།། དྲག་སྔགས་ནི་དབང་བསྐུར་བྱ། ཨོཾ་དུ་ཏྲི་ཟ་རོ་ར་ཏི་རུ་ན་ས་ས་སི་སི་ཏྲག་རག་ཤ་ཁ་མུན་ཛ་རག་མོ་ཁ།། ར་ག་ཙིཏྟ་ཁ་རག་མ་མ་དུན་བྷྱོ། ཞེས་ཏེ། དྲག་སྔགས་འདི་ཡིས་གཏད་པར་བྱའོ། ། རུ་ཏྲི་མ་ར་ཡ། ཐུམ་སྨྲི་ཏི་རག་ཤ་རྦད་ན་ལིང། ནརི་སྙིང་ལ་ཤད་བྷྱོ། ཞེས་ཏེ་གཏད་པར་བྱ་བ་ཡིན།། དམ་ཚིག་གི་རྒྱུད་ཕྱི་མ་ལས། ཀླུ་མ་མོ་ལ་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་ཀླུ་ལ་གཏད་ཅིང་སྒྲོལ་བ་འདི་གསུངས་སོ། ། གླང་ནག་རྭ་རུ་ནང་དག་ཏུ། ཁོ་པའི་མིང་རུས་བྲིས་ལ་གཞུག། རོ་བསྲེག་ཐལ་བས་ཁ་བཅད་ལ།། དེ་ནས་སྔགས་གཏད་པར་བྱ། ཏད་ཡ་ཐཱ། ཀྱི་ཤར་རེན་མུ་ནེ་ཤུ་ཤུ་ཏེ་བ་རེ་ནཱ་ག་ཧཱུཾ་ཡུ་སྭཱཧཱ། ནཱ་ག་རཱ་ཛ་མཱ་ར་ཙིཏྟ་ཛྭ་ལ་ཡ། ཞེས་ཏེ་གཏད་པར་བྱའོ།། དེ་ནས་མཛེ་ཐོད་དག་གི་ནང་དུ། དམིགས་པའི་མཚན་མ་རབ་བླངས་ཏེ།། ཀླུའི་རྩི་སྨན་སྣ་ཚོགས་པ་དང། བག་ཕྱེས་སྦྲུལ་ལ་སྦལ་པ་བྱ། ། སྦལ་པའི་ནང་དུ་ལིང་ག་གཞུག། མཛེ་ཐོད་གཏད་པའི་སྔགས་འདིའོ།། ནཱ་ག་རཱ་ཛ་ཀྲ་ཏི་མ་ར་ཡ། ཨེ་ཧ་ཨེ་ཧ་ཨེ་ཧ། སི་རི་སི་རི་སི་རི་སུ་རུ་སུ་རུ་སུ་རུ། སེ་རེ་སེ་རེ་སེ་རེ། ཆེ་གེ་མོ་ལ་ཞིག་ཛ་ལ་ཡ། ཞེས་ཏེ་མནན་བར་བྱའོ།། དམ་ཚིག་གི་རྒྱུད་ཕྱི་མ་ལས། ངན་ཐབས་མཛེ་ཐོད་ཀྱི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་འདི་གསུངས་སོ།། ཐད་ཉམས་ཕྱོགས་མེད་དག་ཏུ་ནི།། དམངས་དང་ཡུལ་མི་གང་ཡང་རུང། ། དེ་ཡི་ཕ་མེས་མགོ་རྙེད་རབ།། མ་རྙེད་བརླ་གཉིས་མིང་རུས་གསུམ།། ཆུ་མིག་གཉའ་རུ་འདོམ་གང་གཅལ།། གྲུ་སུམ་བྲུས་ལ་དེར་བཅུག་སྟེ།། རག་མོ་ཧ་ར་མ་ཡ་ནཱ་ག་ལེ་ཧུ་ཡ་ས་མེ་ས་ཧ་ས་མ་ཡ་ས་ཧ་ས་མ་ཡ། མ་མོ་བསྒྲུབ་ལ་སྦ་བར་བྱའོ།། གོས་ཀྱི་དུམ་བུ་སྐྲ་བཤད་དང།། གོམ་བདུན་བོར་བའི་རྗེས་ས་དང།། དྲི་ཆེན་དྲི་ཆུ་སྣབས་ལུད་དང།། གཟུགས་བྱ་མིང་རུས་སྙིང་ཁར་གཞུག། དེ་ལ་གོང་གི་ལས་རྣམས་བྱ། ། ཤེས་པས་ཤེས་ཚད་འབྱོར་ཚད་བྱ།། ལོ་གསུམ་མགོར་ན་མ་ཐ་འོ།། ཀླུ་དང་མ་མོ་བསྡོངས་པའི་ལེའུ་སྟེ་བཅོ་ལྔ་བའོ།།།། རྒྱལ་པོ་དག་དང་འགྲས་གྱུར་ན།། དེ་ཡི་མགོ་རྙེད་རབ་ཡིན་ནོ།། དེ་མ་ཉེད་ན་འདི་ལྟར་བྱ། ། ཉ་དང་བྱི་ལའི་སྙིང་ཁྲག་དང། ཁྲ་དང་ཕོ་རོག་སྙིང་ཁྲག་དང།། ས་རྫས་བསྲེས་ཏེ་གཟུགས་བརྙན་བྱ།། ནང་སྟོང་ཁོང་གསེང་བྱས་པ་དེར།། མིང་རུས་ནོར་གཞིས་མ་ལུས་གཞུག། དེ་ཉིད་སྦ་བ་འདི་ལྟར་བྱ། ། བྱང་དང་བྱང་ཤར་བལྟས་པ་ཡི།། ཆུ་མིག་དེ་ཡི་ཤར་ཕྱོགས་སུ། ཁྲུ་གང་འདོམ་གང་བཅལ་བ་རུ།། མ་ཉེས་དཔང་ཡང་བརྗོད་པར་བྱ།། སྨྲེ་སྔགས་བཏོན་ལ་བསྐུལ་མ་གདབ།། དེ་རུ་བཅུག་ལ་སྔགས་འདིས་སྦའོ། ། རཱ་ཛ་དྲག་དྲག་སྙིང་ཏྲག་རག་ཤ་ཏྲག་ལིང། འུར་འུར་བུད་བུད་རྦད་པུ་རྦད་པུ་ནན་ནན་ལིབས་ལིབས། དེ་སྐད་བཏབ་ནས་ཆས་གོས་གདབ།། གོང་དང་འདྲ་བར་ཡང་དེ་བརྗོད།། ཡང་ཡང་སྔགས་འདི་མང་བར་བཟླས། ། རྟགས་ནི་བཟང་པོ་མེད་ལ་རྨི།། ཐེ་ཚོམ་མི་ཟ་གདོན་མི་ཟ།། དམ་ཚིག་གི་རྒྱུད་ལས། རྒྱལ་པོའི་མན་ངག་ཏུ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།།།། ཡང་དེ་རྗེ་རིགས་མན་ངག་ལས། ། ནུབ་ཕྱོགས་དག་ཏུ་ཤིས་པ་སྟེ།། ལས་དེ་རྣམ་གསུམ་བྱ་བ་ལས། ཁོང་ཉིད་འཆད་པའམ་དུར་ས་དེར།། ལས་དེ་རྣམ་གསུམ་བྱ་བ་ལ།། གོས་དུམ་སྐྲ་དང་སྣབས་ལུད་དང།། ས་དང་བསྲེས་པའི་གཟུགས་བྱའོ། ། ར་ལུག་རྭ་དེ་དག་པར་བཀྲུ།། རྩི་དང་སྨན་གྱི་ནང་དུ་བླུགས།། དེ་ཡི་ནང་དུ་གཟུགས་དེ་གཞུག། གཟུགས་ཀྱི་ནང་དུ་ལིང་ག་གཞག། ལིང་གའི་ཐ་མ་ནོར་གཞིས་དང།། མིང་དང་རུས་ཀྱིས་བསྐོར་བྱས་ཏེ།། རྭ་ཡི་ནང་དུ་གཞུག་པར་བྱ། ། རྨེ་བའི་ཤ་ཡིས་བྱུགས་ཤིང་གཞུག། བུད་མེད་དོར་རྟས་དགབ་པར་བྱ།། ལ་ཆའི་རྒྱ་ཡིས་གདབ་པར་བྱ།། དེ་ལ་སྔགས་མང་བཟླས་པར་བྱ།། རོ་ཏི་བམ་བམ་ཡ་ཡ་དུར་ལ་དགྲ་བོ་མཱ་ར་ཡ། སྙིང་རོ་ལ་ཕ་རོ་ཤ་རག་མོ་ཧ་སྟ་ཡ། རོ་ཏི་བཾ་བཾ་ཛ་ཛཱ། ཞེས་ཏེ་གོང་དུ་ནུས་ཚད་དང།། སྦ་དཀར་ནུས་ཚད་བཟླས་པ་ཡིན།། དབང་དང་གོས་བརྡབ་སྨྲེ་སྔགས་དང།། ལས་ཀྱི་བྱ་བ་གོང་དང་འདྲ།། ཆུ་མིག་བྱང་དང་བྱང་ཤར་བལྟས། ། དེ་ཡི་ནུབ་ཀྱི་ཕྱོགས་སུ་ནི།། འདོམ་གང་གཅལ་ལ་ཁྲུ་གང་བྲུ།། དེ་རུ་གཞུང་ལྟར་སྦས་ལ་བྱའོ།། དམ་ཚིག་གི་རྒྱུད་ཕྱི་མ་ལས། རྗེ་རིགས་ནུབ་གཏད་ཀྱི་ལེའུ་སྟེ་བཅུ་བདུན་པའོ། །།། ཡང་ནི་རྒྱང་འཕེན་མུ་སྟེགས་རིགས།། བོན་པོ་དག་ལ་བྱ་ན་ནི།། གོས་དང་སྐྲ་རྗེས་དག་དང་ས།། དྲི་ཆེན་དྲི་ཆུ་ཀུན་བསྲེས་ལ།། ཉ་བོ་ལེགས་པའི་གཟུགས་བྱས་ལ།། སྙིང་ཀར་མིང་རུས་བྲིས་ལ་གཞུག། ར་ཁྱི་རྒྱ་བོའི་སྙིང་ཁྲག་དང།། དྲི་བོ་དྲི་མོའི་སྙིང་ཁྲག་དང། དེ་ཡི་མིང་རུས་བྲིས་ལ་གཞུག། དེ་ཡིས་རྫས་ཀུན་བྱུག་པར་བྱ།། གཡག་རུ་རྩེ་མོ་གཅད་པར་བྱ། ཁྲག་དམར་པོས་ཁ་བཅད་ལ།། སྙིང་པོ་བཏབ་ལ་སྦ་བ་ཡིན། ། རག་མོ་རག་མོ་ཤ་སྙིང་མཱ་ར་ཡ་ཀུ་མ་ལ་རག་ཏ་ཡ་ད་ཧ་ཙིཏྟ་ཁཱ་ཧི། དེ་དག་ནུས་ཐང་བཟླས་པར་བྱ།། མ་ཉེས་དམ་བདར་དབང་དུ་བྱའོ།། དབུ་འཕངས་སྨད་ཅིང་བསྟན་པ་བཤིག། ལུས་ལ་མེ་འབར་ཁ་ནས་ཁྲག་སྐྱུག་མཐོང། ། ལུས་ངན་སྒོངས་ལ་རྡུལ་དུ་ལྷོགས།། བྱ་བའི་ལས་རྣམས་མ་ལུས་ཀྱིས།། སྨྲེ་སྔགས་གདོན་དང་ཆོད་གདོན་བྱ།། བྱང་གི་ཆུ་མིག་བྱང་ཕྱོགས་སུ།། འདོམ་གསུམ་གཅེལ་སར་ཁྲུ་གང་བྲུ།། དེ་རུ་གོང་ལྟར་བྱ་བའོ། ། དམ་ཚིག་གི་རྒྱུད་ཕྱི་མ་ལས། མུ་སྟེགས་རྒྱང་འཕེན་གཏད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། ཡང་བན་དེ་དག་དང་འགྱུར་ཅི་ན།། གོམ་པ་བདུན་པོར་རྗེས་ས་དང།། ལུས་ལ་དཀྲིས་པའི་རྣལ་མ་དང། ། མགོ་ཡི་སྤུ་དང་ལུས་ཀྱི་སྤུ། ཁ་སྣ་མིག་ནས་ཟག་པའི་ཆུ།། ནང་གི་ཆུ་དང་དྲི་མ་དང།། དེ་དང་འབྲུ་སྣ་ལྔ་སྦྱར་ལ།། སྨན་སྣ་ཚང་བའི་ཕྱེ་མ་ལ།། ག་བུར་ལ་སོགས་དྲི་རྣམས་དང།། བ་དམར་འོ་མས་དེ་རྣམས་སྦྲུ། ། དྲི་མ་མི་གཏང་གཙང་བར་བྱ།། ཉ་བོ་ལེགས་པར་བྱས་པ་ལ།། སྲིད་པའི་སྲིད་ལུགས་ལེགས་བྱས་ཏེ།། སྲན་པའི་མིག་ལ་གྲོ་ཡི་སོ།། བྲ་བོའི་ཁ་དང་ཉུངས་ཀར་སྣ།། ཡུངས་ནག་སྣ་དང་སོའི་སེན། ། དབང་པོའི་ལག་དང་གནོད་སྦྱིན་ལག། གྲོ་ག་དག་ལ་མིང་རུས་བྲི།། ལུས་ལ་པགས་པའི་ཚུལ་དུ་བྱ།། ནང་དུ་སྨན་དང་ཞིང་ནོར་དང།། ཀུན་བྲིས་དྲིལ་ལ་གཞུག་པར་བྱའོ།། སྤྲ་ཚིལ་དག་གིས་ཕྱི་ལ་བྱུག། ཚོན་སྐུད་ཡན་ལག་དཀྲིས་ལ་བཅིང།། སེང་ལྡེང་ཕུར་བ་སྙིང་ཁར་གདབ།། བའི་ར་ནག་ནང་དུ་གཞུག། སྤྱི་ཚར་བཅུག་ལ་ཁྲག་ཟན་གཅད།། ལ་ཆའི་རྒྱས་གདབ་སྦ་བར་བྱའོ། ཁྲུ་གང་བྲུས་ལ་སྤྱི་ཚར་བསྒྱུར། ཁ་དུབ་སོང་ན་མྱུར་དུ་འཆི།། སྤྱི་ཚར་སོང་ན་དེ་བས་འགོར།། གན་རྐྱལ་སོང་ན་མི་ཚུགས་པས།། ཚེས་བརྒྱད་དག་ལ་གཏོར་མ་དང།། མི་བསྒྲུངས་གཟའ་ལ་བསྐུར།། ཉ་བོ་དག་ལ་འདི་ཡང་བཟླས།། ཐིབ་ཐིབ་ལིབས་ལིབས། ཧར་ཏི་བཾ་བ་ཆུ་ཤ་བདལ། ཙ་ར་བཾ་ཙ་ར་བཾ། ནུས་ཚད་བཟླས་ལ་བསྐྱུར་བར་བྱ། ཁ་བུབ་སྤྱི་ཚར་འགྲོ་བར་ངེས།། གང་གྲུབ་པའི་སྙིང་པོ་བཟླས།། དེ་ཡང་གོང་དུ་བྱ་བ་ཡིན།། དེ་ནས་རང་རེ་གང་ཡིན་ཡིན་པའི་སྙིང་པོས་གདབ། ། ཉུངས་ཀར་ཉུངས་ནག་སྐེ་ཚེ་དང།། རྫས་ལ་སྔགས་པ་རའི་ནང།། ནུས་ཚད་དག་ཏུ་གདབ་བར་བྱ།། སྦེད་པའི་ས་དང་ཀུན་ལ་བཟླས།། དམ་ཚིག་གི་རྒྱུད་ཕྱི་མ་ལས། བན་དེ་དང་འགྲས་སྙིང་ཀར་གཏད་པའི་ལེའུ་སྟེ་བཅུ་དགུ་བའོ།།།། ཡང་དེ་གཏད་ཐབས་འདི་ལྟ་བུའོ།། རབས་ཆད་ནག་པོའི་ཐོད་པ་ལ། ཁྲུས་དང་གཙང་སྦྲ་ལེགས་པར་བྱ།། རྩི་དང་སྨན་གྱིས་ཕྱི་ནང་བྱུག། དཔྲལ་བར་ཀླུ་ཡི་གཟུགས་ཅིག་བྲི།། ལྟག་པའི་བདུད་སྒོར་རྟ་མཆོག་བྲི།། དེ་མཐའ་རྟག་རུས་གཡས་གཡོན་དུ།། བྱ་ཁྱུང་དག་ནི་བྲི་བ་དང།། ཀླུའི་རྩ་སྔགས་བྲི་བར་བྱའོ།། ཨོཾ་དང་ཧཱུཾ་ཞེས་བྱ་བ་ཡང།། སྐབས་དང་བར་དུ་བྲི་བར་བྱ། ། གྲོ་ག་ཤིང་ཤུན་ལ་སོགས་དང།། དམིགས་པའི་སྲོག་སྙིང་བྲི་བར་བྱ།། མ་དང་ཁ་རུ་ཤ་དུམ་བུ་ལིང་ཀེའུ་ཙ་ཏྲི་སོད་འུ་ཚེ་ཏྲི་ཐུམས།། ཞེས་པ་བྲི་ལ་ཉའི་བཅའ།། དེ་ཡི་ནང་དུ་གཞུག་པར་བྱ། ། གོམ་བདུན་བོར་བའི་ས་དག་དང།། གོས་དང་སྐྲ་ལ་སོགས་པ་དང།། ས་སྦྱིན་འབྲུ་ཡི་ཕྱེ་དག་གིས།། བ་མར་འོ་མས་སྦྲུས་ལ་བྱ།། ཉ་འོ་ལགས་བྱས་ཁོང་སྟོང་བྱ།། སྙིང་པོ་གོང་མ་བྲིས་ལ་གཞུག། ཉ་བོའི་ཐོད་བའི་ནང་དུ་གཞུག། ཐོད་པ་ཕྱག་རྒྱས་དབང་བསྐུར་བྱའོ།། སོར་མོ་གཡས་ལྔ་རིགས་ལྔ་ཡབ།། སོར་མོ་གཡོན་ལྔ་ཡུམ་ལྔར་བསམ།། ཐལ་སྦྱར་ཡབ་ཡུམ་ཐོད་སྟེང་དུ།། གཏུགས་ལ་སྔགས་འདི་བཟླས་པར་བྱའོ། ། ཨོཾ་མ་ཨོཾ་ཨཾ་ཨ་ཧ་ཧ་ཧེ་ཧ་ཧེ་ཕཊ་ཕཊ་བྷྱོ་ཏ་བི་ཏ་ཙཀྲ་ཧཱུཾ་ཕཊ་བྷྱོ་བྷྱོ་བྷྱོ། དགྲ་པོ་དགུག་པའི་དབང་ཅན་ཚེར་བྱེད་པའི།། ལས་ངན་བྱེད་པའི་སེམས་ཅན་འདི།། འཁོར་བའི་གནས་སུ་འཁྱམ་པ་འདི།། བླ་མེད་གནས་སུ་བསྒྲལ་བའི་ཕྱིར། ། ཐོད་པ་གདུག་པ་ཁྱོད་ལ་དབང་བསྐུར་རོ།། གདུག་བྱེད་དགྲ་བོ་གསོད་པའི་དབང་ཐོབ་ཤོག། དབང་བསྐུར་ཐོན་ནས་སྔགས་གདབ་པ།། ཡང་དེ་ཐོད་པ་གཅིག་ནང་དུ།། སྦལ་པ་བཅུ་གསུམ་བྱས་ལ་གཞུག། སྨན་དང་འབྲུ་སྣ་ཚོགས་ཚད་དང།། སྦལ་སྦྲུལ་རང་གི་ཤ་ཁྲག་དང།། སྦལ་གཟུགས་ཁོང་སྟོང་བྱས་པའོ།། གྲོ་ག་ཤིང་ཤུན་མིང་རུས་བྲི།། སྦལ་པར་བཅུག་ལ་ཐོད་པར་གཞུག། དབང་བསྐུར་ཐོན་ནས་སྔགས་གདབ་པ། ། ཉ་ལྕིགས་བག་ཟན་བསྲེས་པས་བཅད།། ཆུ་མིག་བྱང་ངམ་བྱང་ཤར་དུ།། ཆུ་གཏོར་རྒྱས་པར་གཏང་བར་བྱ།། ཕྱོགས་བཅུར་ཕྱག་འཚལ་དབང་གཟུགས་བདེན་པ་བདར།། དེ་ནས་བྱ་ཁྱུང་བསྒོམ་བྱས་ལ། ། ཕྱག་རྒྱ་བཅས་ལ་ཕྱག་བྱ་སྟེ།། སྔགས་འདི་དག་ནི་བཟླས་པར་བྱ།། ཨོཾ་མ་ཡ་ཙ་བྱ་ཤ་ན་དུམ་དུམ། དུམ་བུ་དུམ་བུ། ཞེས་དབང་དུ་སྡུད་པ་ཡིན།། ཀླུ་རྒྱལ་མ་ཏིང་ཞེས་བྱ་བས།། ཀླུ་རྒྱལ་ཆུ་ལྷ་ཉིད་ལ་བསྒོམ། ། ཆུ་ལྷས་འཇོག་པོ་ཉིད་ལ་བསྒོ།། འཇོག་བོས་བིང་བིང་ཉིད་ལ་བསྒོ།། བིང་བིང་གིས་ནི་སྦྲུལ་མགོ་བདུན་ལ་བསྒོ།། བདུན་པས་ལྔ་པ་དག་ལ་བསྒོ།། ལྔ་པས་གསུམ་པ་ཉིད་ལ་བསྒོ། ། ཀླུ་ཡི་རྒྱལ་པོ་ཁྱེད་རྣམས་ཀྱང།། བྱ་ཁྱུང་ཏིང་འཛིན་ཕྱག་རྒྱ་ཡིས།། དམ་ལས་མ་འདའ་གྲོགས་མཛོད་ཅིག་ཁྱེད་རྣམས་གཅིག་གིས་གཅིག་བསྐུལ་ལ། དམ་ཉམས་དགྲ་བོ་མེད་པར་གྱིས།། གུ་གུལ་ཐུལ་དུ་འདི་ཐོང་ཞིག། འདི་ཡིས་བསྟན་བཤིག་དབུ་འཕངས་སྨད།། སྐུ་ལ་སྡོ་བའི་ཉམས་པ་ཡིན།། འདི་སོད་ལས་རྣམས་མྱུར་དུ་གྱིས།། ཅེས་ཏེ་ཐོད་པའི་སྟེང་འདུག་ནས།། མནན་ལ་གཟིར་ཅིང་གནད་སྔགས་བཟླས། ཨོཾ་མ་མུ་ལི་གྷཱ་གྷ་གྷི་གྷི་ག་ག་ཕཊ། གཏོར་མ་དཀར་པོ་ཀུན་ཏུ་གཏོར།། ཐོད་པ་ཆུ་མིག་བྱང་བལྟས་པའི།། འདོམ་ལྔའི་སྙིང་དང་འདོམ་ལྔ་སྟེ།། དེ་རུ་ཁྲུ་གང་བྲུས་པ་ལ།། ཞབས་སུ་ཀླུ་ཚེར་སྣ་ཚོགས་བཏིང།། དེ་སྟེང་ཀླུ་རྡོ་སྐེད་ཁྲ་གསུམ། ། དེ་སྟེང་ཐོད་པ་ཁར་བཞར་ལ།། མ་ཉེས་བརྗོད་ལ་ཁོང་ལ་བཅོལ།། དམ་ཚིག་གི་རྒྱུད་ཕྱི་མ་ལས་ལེའུ་སྟེ་ཉི་ཤུའོ།།།། འདི་ཡི་བསྐུལ་བས་ཀུན་ལ་སྦྱར།། ཆུ་མིག་སྔོ་ནས་བཅལ་བ་ཀུན། ། རྒྱུད་ཆེན་ནང་ནས་གསལ་བར་སྣང།། བྱང་དང་བྱང་ཤར་ཤིས་པར་བསྟན།། དེ་ཉིད་ཀྱིས་ནི་ཤར་དག་ཏུ།། རྒྱལ་པོ་གཏད་ལ་ལྷོ་ཕྱོགས་སུ།། བན་དེ་གཏད་ལ་ནུབ་ཕྱོགས་སུ།། རྗེའུ་རིགས་གཏད་ལ་བྱང་ཕྱོགས་སུ། ། བོན་པོ་གཏད་ལ་མཚམས་སུ་སྟེ།། ཀུན་ཀའི་གཏད་ལ་མ་ནོར་པའོ།། བཅུ་དགུ་པ་དང་ཉི་ཤུ་པས།། རྟགས་དང་བཅས་པས་ཀུན་ལ་སྦྱར་བར་བྱ་བ་ཡིན།། ཀླུ་སྐམ་དག་ལ་གཏད་པའི་སྐབས།། འབྲི་དང་གླང་གི་རྭ་དག་ལ། ། དག་པར་བཀྲུས་ནས་བསྐམས་པ་དང།། རྩི་སྨན་འཚོགས་བར་བྱ་བའོ།། བ་དམར་འོ་མས་སྦྱངས་ལ་བྱུག། ཕྱི་ལ་སྦྲུལ་རིས་འཁྱུག་པ་བྲི།། གྲོ་ག་ཤིང་ཤུན་མིང་རུས་ལིང་ག་བྲི།། དེ་ནས་རྭ་ཡི་ནང་དུ་གཞུག། ཚོན་སྐུད་བཅིངས་ལ་སྙིང་པོ་བཟླས།། བག་ཕྱེ་ཁྲག་བསྲེས་ཁ་ཡང་བཅད། ཨོཾ་པྲ་མ་རྩེ་ནཱ་གེས་ར་ཛ་སོད་སོད། ཨ་ཏྲ་ཏྲ་བུ་ཙི་སྤུ་སྤོ་ན། ཆོད་ཆེ་གེ་སྲོག་ལ་ཡ། སྔགས་བཟླས་རྭ་རུར་གཞུག་པར་བྱ། ། ཡང་ན་ཕྱི་བའི་ཐོད་པ་ལ།། ཆུ་མིག་མེད་པར་བརླན་མེད་པར།། ཤིང་དང་ཤིང་སྐམ་བྲག་དང་གཡའ།། ཀླུ་སྐམ་ཡོད་ཟེར་གང་རུང་བར། ཁྲུ་གང་གྲུ་གསུམ་བྲུས་པ་རུ།། ཤིང་དང་རྡོ་སྣ་ཚོགས་ཚད་བླུགས།། དེ་སྟེང་ར་བཙུགས་གཞག་པར་བྱ། ། ཡང་ན་ཕྱི་བའི་ཐོད་པ་ལ།། གོང་བཞིན་བྱས་ལ་ལྷ་ཁང་གི། ཐེམ་པའི་འོག་ཏུ་མནན་ཏེ་སྦའོ།། འཁུམས་ནད་སྙིང་ནད་མྱོས་ནད་འཆི།། དམ་ཚིག་གི་རྒྱུད་ཕྱི་མ་ལས། སྐམས་ནད་མྱོས་ནད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །།། ཡང་དེ་ནས་གཏད་ཐབས་ལ།། ལྕགས་སམ་སེང་ལྡེང་སྐྱེར་པ་ལ།། ཆག་གསུམ་ཡན་ཆད་ཅི་བདེར་བྱ།། རྩེ་མོ་རྩ་བ་མ་ནོར་བར།། རྩེ་མོར་ཕྱག་ན་རྡོ་རྗེ་བྲི། ། རྩ་བར་མིང་རུས་བྲིས་པ་ལ།། འབྲུ་ནག་བཏགས་པ་ཉ་བོ་བྱ།། གྲོ་ག་ཤིང་ཤུན་མིང་རུས་བྲི།། དེ་སྡོམ་བཅིངས་ལ་རྩ་བར་བླན།། ཕྱག་རྒྱ་བཅིངས་ལ་སྔགས་འདི་བཟླས།། ཤ་ཤ་ཤུ་ཤུ་ཤུ་མུ་ལེ་དན་ཙཀྲ་ཧྲིང་ཧྲིང་ཧྲིང། རང་ཉིད་ཁྱུང་གི་ཏིང་འཛིན་བསམ།། མཁས་པས་ཤིད་མནན་སྔགས་འདི་བཟླས། ནུར་བ་ཏྲི་བམ། ཁྲག་ཐིབས་པ་བདུན་སྦྲང་ངོ།། བྱ་ཁྱུང་ས་ལེ་བསྒོམ། བྲག་ཆུ་འཐིབས་པའི་སར། ཁྲུ་གང་ལེགས་པར་བྱས་ལ། འབྲུ་ནག་གཏོར་མ་བྱས་པའོ།། བྱང་དང་བྱང་ཤར་བལྟས་པ་རུ།། ལིང་ག་དང་ཚེར་མ་སོལ་དུམ་བསྡོམས་ལ་བཅིངས་ལ། དོང་དུ་བཅུག་ལ་སྔགས་འདི་བཟླས་སོ།། ཨཽ་ས་བྱི་ཆོད་ཅིག་སརྦ་བིག་བག་ཤོ་ཁ་ལོང་ལིང། ཏམ་ཏིང་ཞེས་བཏབ་ཅིང་སྦ་བ་སྟེ། གཏད་དོ་བའི་ཚིག་ཀྱང་བརྗོད།། ཞ་མཛེ་འཁུམས་བའི་ནད་ཀྱང་འབྱུང།། ནག་པོ་ཀླུ་ལ་གཏད་པ་ལ།། གྲུ་གསུམ་བྲུས་པ་གོང་འདྲ་བ།། སྤྱིར་འདྲ་ཤེས་པར་བྱ་བ་ཡིན། ། དམ་ཚིག་གི་རྒྱུད་ཕྱི་མ་ལས། ནག་པོ་དག་ལ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།།། ཡང་ནི་མོན་ཐོད་ངན་ཐབས་འདི་གསུངས་སོ།། མོན་ཐོད་རྙེད་ན་རབ་མཆོག་ཡིན།། ཡང་ན་རབས་ཆད་ནག་པོ་ཡི། ། ཐོད་པ་བཀྲུ་དང་བྱུག་པ་ཀུན།། གོང་དང་འདྲ་བར་ཤེས་བྱས་ལ།། བྱ་སྲན་འབྲུ་ནག་ཕྱེ་དག་ལ། ཁྲག་དང་ཆང་ཕུད་དེ་ལ་སྦྲུ།། སྦྲུལ་ནག་འབར་བའི་གཟུགས་སུ་བྱ།། ཚོན་སྐུད་བསྡམས་ལ་ཐོད་པར་གཞུག། ས་སྦྱིན་འདག་པས་ཁ་ཡང་སྦྱར།། ཆུ་མིག་བྱང་དང་བྱང་ཤར་བལྟས།། དེའི་ཁར་སོང། སྔགས་བཟླས་པར་བྱའོ།། ནཱ་ག་ར་ཛ་ནཱ་ག་བྷེ། ཞེས་ནི་རབ་ཏུ་བརྗོད་པར་བྱ། དེ་གཏད་པའི་ཚིག་མ་བརྗོད། སྔགས་གཞན་དག་ཀྱང་བཟླས་པར་བྱ། ། དམ་ཚིག་གི་རྒྱུད་ཕྱི་མ་ལས། མོན་ཐོད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།།།། ཡང་དེ་གཏད་མནན་འདི་ལྟར་བྱ།། མ་ལིའི་དོར་ཧྲུལ་བརྡུངས་པ་དང།། གྲོགས་མོའི་ཞིང་ས་རྩམ་སིགས་དང། ། རྗེས་དང་ཆུ་དང་རྣ་གཞག་དང།། དམིགས་པའི་རྫས་དེ་རྙེད་ཚད་ལ།། ཉ་བོ་གོང་གོང་བུ་རུ་བྱ། ཁ་སྣ་ཡོན་པོ་རྒྱབ་ལག་བཅོ།། ནང་དུ་གཞིས་ནོར་ཀུན་བཅུག་ལ།། ཚོན་སྐུད་དག་གིས་བསྡམ་པར་བྱ། ། གཏོར་མ་ནག་པོ་བཅས་པ་ལ།། མེ་ཏོག་ནག་པོས་མཆོད་པར་བྱ།། དཀར་གསུམ་མངར་གསུམ་མཆོད་པར་བྱ།། གོང་དུ་སྙིང་བོ་མང་བཟླས་ལ།། བྱང་ཤར་ཆུ་མིག་གར་སོང་ལ།། གཉེན་པོའི་ལྷ་ནི་གསལ་བྱས་ལ། ། ནརི་ནརི་མཱ་ར་ནརི་ཞེས་པས།། དམིགས་པས་བཀུག་ལ་སྙིང་པོ་བཟླས།། ནག་པོ་བྱེའོ་བྱ་བ་བྲི།། ནཱ་ག་ན་ན་ཏིང་ནཱ་ག་ཨུ་པ་ནན་ཏོ་ནཱ་ག་དུ་ན་ཏི། དེ་སྐད་བཟླས་ལ་གཏོར་མ་གཏད།། ཉ་བོ་གཟུགས་དེ་ལེགས་པར་བྱ། ། ཐོད་པ་ངན་པའི་ནང་བཅུག་ལ།། སྔགས་བཟླས་བྱང་ཤར་ཆུ་མིག་གི། འདོམ་ལྔའི་སྙིང་ཀ་ཉིད་དུ་བསམ།། སྨྲེ་སྔགས་བཏོན་ལ་དམ་བདར་རོ།། དཔང་གཟུགས་ལ་སོགས་ཤེས་ཚད་བརྗོད།། ཕྱི་མ་ལས་གཏད་མནན་གྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། །།། ནཱ་ག་རཱ་ཛ་ཀླུ་རྒྱལ་ལས།། ལས་མི་འདོད་ན་དཀྲུག་པ་ལས།། མནན་གཏད་བྱས་པ་གང་ལ་ཡང།། བཞུག་ལ་འདི་ལྟར་བྱ་བ་ཡིན།། ཐོད་པའི་སྟེང་དུ་ཁྲག་སྦྲེངས་ལ། ། ནཱ་ག་ནཱ་ག་ཀྲོདྷ་ནི་བཛྲ་ཡག་ཤ་ཀྲོདྷ་ནི། ནཱ་ག་ནཱ་ག་ནི་རི་མེན་ཙ་བན་ད་ཛྷ་ཛྷ་ཛྷ། དགུག་ཅིང་དཀྲུག་པའི་སྔགས་ཞེས་བྱའོ།། ནཱ་ག་དག་ནི་ཁྲོས་པ་ཡིས།། དམིགས་པ་མ་ལུས་འཛིན་པར་བྱེད།། མནན་གཏན་གོང་འོག་གང་ཡང་རུང། ། མནན་གཏན་གཟིར་བའི་ལས་སུ་ཤེས་པར་བྱའོ།། ཀུན་ལ་དགོས་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།།།། ཡང་ནི་གཏད་ཐབས་འདི་དག་ལས།། བྱ་མོ་ནག་མོའི་སྒོང་ཁོག་ལས།། མིང་རུས་གཟུགས་སུ་བཅས་པ་བྲི། ། ནརི་ནི་བྱ་བ་ར་ཁྲག་བྲི།། རྩིབས་ཤུན་དག་ལ་ནཱ་ག་བྲི།། ནག་པོ་ཕྱེའོ་ནིར་ནིར་བྲི།། དེ་གཉིས་སྦྱར་ལ་ཚོན་སྐུད་བསྡམས།། དེ་ནས་ཐོད་པར་གཞུག་པར་བྱའོ།། ངོས་ནས་བྱང་བལྟས་འདོམ་དྲུག་པ། ། ལྟོ་བའི་ས་ཡིན་དེ་རུ་སྦ།། མ་གཏང་ཚིག་དེ་གོང་མ་འདྲ།། དམ་ཚིག་གི་རྒྱུད་ཕྱི་མ་ལས། ལྟོར་མནན་ནས་འཆི་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།།།། ཡང་དེ་གཏད་ཐབས་འདི་ལྟར་བྱ།། སྦལ་ནག་བཤུས་པའི་སླུད་པུ་རུ། ། དམིགས་པའི་མིང་རུས་ཀུན་བཅུག་ལ།། སྙིང་པོ་འདི་དག་བཟླས་ཏེ་གཏད།། ཀ་མཀ་མེད་རླག་རུག་མ་ཀ་མེད་རླག། མང་བར་བཟླས་ཏེ་གཏད་པའོ།། མོན་ནག་སོགས་པོའམ་རབས་ཆད་དམ། ། དེ་ཡི་ཐོད་པར་ཀུན་བཅུག་ཚོན་སྐུ་བཅིང།། ཨོཾ་ཀེ་རུ་ཀུ་རུ་ཀུ་ལ་ལི་ཧཱུཾ་ཕཊ་ནརི་ནརི་ཛྷ་ཛྷ། ཡུ་ཡུ་ཞུང་ཞུང་བཛྲ་ཕྲག་ལ་ནེར་ཤེར་ཤེར་ཐུལ་ཐུལ་སོད་སོད་རུ་ལུ་རུ་ལུ་ཏས་ཀན་ཧཱུཾ་ཕཊ། ཞག་ལྔར་བསྒྲུབས་ལ་གཏད་པར་བྱའོ། ། རྡོ་ནས་འདོམ་ལྔའི་སྙིང་ཁར་གཏད། ཁྲུ་གང་བྲུས་ལ་རྡོ་ཁྲེའུ་གསུམ།། ཀླུ་རྡོ་ཐོད་པ་སྔོན་པོ་ཀླུ།། དྲག་སྔགས་བཟླས་ལ་སྙིང་ལ་གཏད།། བྱང་ཤར་སྔོན་པོར་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །།། ཡང་གཅིག་གཏད་ཐབས་འདི་ལྟ་སྟེ།། སྦྲུལ་ནག་བཤུས་པའི་རླུང་བུ་རུ།། ཤ་དང་སྨན་དང་བག་ཕྱེ་དང།། སྦྲུལ་གྱི་ཤ་སྐམས་བརྟགས་ལ་སྦྱར།། སྦྲུལ་བགས་གང་བར་བྱས་པ་ལ།། ལྷ་འདྲེའི་སྙིང་པོ་ཡོད་ཚད་དང། ། ནཱ་ག་ཀླུ་རྣམས་བྲི་བར་བྱའོ།། དེ་ཡང་སྦྲུལ་གྱི་ནང་དུ་གཞུག། དམིགས་པའི་ཕ་མེས་མགོ་བླངས་ལ།། དེ་ཡི་ཤུལ་དུ་སྦྲུལ་དེ་གཞུག། ཕ་མེས་ཐོད་པ་དམར་པོར་བྱུག། བཤུལ་ཚིག་ཁྲག་གིས་དེ་བྱུགས་ལ། ། ནང་དུ་ཁོ་རང་མིང་རུས་ཀུན།། བྲིས་པ་བཅུག་ལ་ཁ་བཅད་ལ། ཁྱི་དང་སྲེ་མོ་ཁྲག་ཟན་གྱིས་བཅད་ལ།། བྱང་བལྟས་ཆུ་མིག་ངོས་ནས་ཡར།། འདོམ་གསུམ་བཅལ་བར་བྲུས་ལ་གཞག། ཁ་བུབ་དག་ཏུ་གཞག་ནས་ཀྱང། ། བྲ་བོ་ལོ་མ་སྲན་མ་དང།། ཚེར་མ་ཤིང་དང་རེ་བ་དང།། གུ་གུལ་ཁྱི་ལུད་མི་ལུད་དང།། སྤྱང་ལུད་ལ་སོགས་སྨེ་བས་དགབ།། སྟེང་ནས་སྙིང་པོ་འདི་མང་བཟླས།། ནཱ་ག་བེ་རེ་ནཱ་ག་རཱ་ཛ་ཧ་ཧ་རུ་ལུ་རུ་ལུ་ཕཊ། སྙིང་པོ་གཞན་ཡང་ཅི་མང་བཟླས།། མ་ཉེས་དཔང་དང་དམ་བདར་བ།། གོང་མཐུན་བཟླས་ཤིང་གཏད་པར་བརྗོད།། སྔགས་བཟླས་བྲག་དང་ཆུ་འཐབ་སྦ་བར་བྱ།། ཀླུའི་དམ་ཚིག་གི་རྒྱུད་ཕྱི་མ་ལས། དྲག་པོའི་ལས་ཀྱིས་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།།།། སྤྱི་རུ་གཏད་པ་མང་གིས་ཀྱང།། གཏད་པ་འདི་ལས་དྲག་པ་མེད།། ཆུ་མིག་བྱང་བལྟས་ནང་དག་ནས།། ཟླ་བ་ཉ་གསུམ་དག་ལ་ཡང། ། དགོངས་སམ་སྲོད་ལ་དེར་ཕྱིན་ལ།། སྦལ་པ་ནག་པོ་གཅིག་བླངས་ལ།། སྦལ་པ་དེ་ཡྀ་ཁ་ཕྱེ་ལ།། ཆུ་དང་འོ་མ་བསྲེས་པ་ལ།། སྔགས་འདི་བཟླས་ལ་བླུག་པར་བྱ།། དྲི་ཆེན་དྲི་ཆུ་གོས་དང་སྐྲ་དང་རྗེས།། མཛེ་བོའི་རུས་པ་བསྲེས་ལ་བཏག། དེ་རྣམས་ཆུ་མིག་ཁ་ཁྱེར་ལ།། ཕྱོགས་བཅུར་ལྷ་ཕྱག་བཙལ་ཞིང་མ་ཉེས་དཔང་ཡང་བྱ།། བདག་ཉིད་ཀླུ་ཡི་རྒྱལ་པོ་དུད་ཁ་བ།། སྦྲུལ་མགོ་ལྔས་བརྒྱན་ནམ་མཁའ་ཁེབས་པར་བསམ། ། དེ་ནས་རྫས་དེ་མ་ལུས་ཀུན་སྦུས་ལ།། ཀླུ་ཡི་ཞགས་པས་བཅིང་བར་བསམ།། ཚོན་སྣ་ལྔ་ཡི་སྐུད་པས་བཅིང།། དེ་ནས་རྡོ་ནག་ལེབ་མའི་སྟེང་དུ་བསྲེག། ཀླུ་ཤིང་བུས་ཏེ། བསྲེགས་པ་ཡི།། ཐལ་བ་ཉུངས་ནག་ཉུངས་ཀར་བསྲེས་པ་ལ། ། ཀླུ་སྔགས་མང་བར་བཟླས་ལ་བརྡེག། ཆུ་གཏོར་གསེར་ཕུད་མཆོད་པར་བྱ།། ཕུ་ཕྱེ་ཕུང་འདི་རྨ་རྨ་འབའ་ལི་ལ་ཡེ་ཡེ་རབ་ཏ་ཧ་ཧ་མེ་མུ་སྐྱོ་མི་རྨུ་མེ་འགྲང་འགྲང་དུད་པ་ཧེ་ཧེ་མེར་ཙ་མེར་ཙ་ཤ་ཙ་ཤ་ཙ། དེ་ནས་དབང་པོ་ལྔ་ལ་གདབ་བོ།། ཕྱེ་ཙི་ཕྱེ་ཙི་ཁམ་ཁམ་ཙི་ཡ་ཡོར་ལྡིང་ལྡིང་ལྡིང། ཨ་ཨ་འདྲག་འདྲག་ཙག་ཤེ་འདྲག་འདྲག་མ་བྷྱོ་ལ་བི། དེས་དབང་པོ་ལྔ་ཀླུས་འཛིན་ནོ།། དེ་ནས་རྐང་ལག་ལྷུ་ཚིགས་ལ་འཇུག་པའི་སྔགས་ལ། སེ་དུ་སེ་དུ་སེ་དུ་བ་ས་ར་བ་ས་ར། ཧ་ཧ་ཧེ་ཧེ་ཧཱུཾ་ཧཱུཾ་དུ་ཁྱེ་རྦད། ཏུ་མིང་ཧེར་ཧོར་ཙེར་ཙེར་ཨུ་ཨུ་རཾ་རཾ་རྦད་རྦད་རམ་པ་ཙེ། དེས་ནི་ལྷུ་བཅུ་གཉིས་ལ་འཇུག། མིང་རུས་སྦལ་པ་ནག་པོའི་ཁའམ་ཀླུད་བུར་བཅུག་ལ་རྡོའི་སྟེང་དུ་བསྲེག་གོ། ཐལ་བ་སྦལ་པ་ནག་པོའམ། ཁྲ་བོའི་གསོབ་ཏུ་བཅུག་ལ་ཆུ་མིག་གི་གཏིང་དུ་སྦའོ།། དེའི་སྟེང་དུ་ཀླུ་གཏོར་བསླུགས་སོ།། སྔགས་ཀུན་བཟླས་སོ།། དབྱར་ཟླ་ར་བའི་ཚེས་བཅོ་ལྔའི་ཉི་མ་ཟེར་ཀ་དང། དགོངས་མོ་གཏད་དོ།། ལྟོར་སྦལ་པ་སྐྱེས་ནས་འཆིའོ།། དེ་ལྟར་སྤྱད་པ་བྱས་ལ་བྱའོ།། ཀླུ་དམ་ཚིག་གི་རྒྱུད་ཕྱི་མ་ལས། དྲག་པོ་མནན་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ། །།། དེ་ནས་གཏད་ཐབས་སྤྱི་རུ་མང་གི་ཀྱང།། རུས་སྦལ་འདྲ་བའི་བྲག་རྩ་ནས། ཆུ་མིག་མགོ་གསུམ་པ་འབབ་པའི་གནས།། ཀླུ་ཡི་རྒྱལ་པོའི་གནས་ཡིན་ཏེ།། རྒྱལ་པོ་ལ་སོགས་གཏད་པར་བྱའོ།། སྦྲུལ་གཉིས་སྤྲད་པ་འདྲ་བའི་གནས། ། བར་ན་མགོ་གཅིག་རྐང་མངས་འབབ།། དེ་ཡང་གཏད་པའི་ས་ཡིན་ནོ།། དེ་ཡང་ཀླུ་ཆེན་གནས་པའོ།། ཕག་པ་འཐུར་དུ་རྒྱུག་འདྲ་བའི།། རྩ་ན་ཆུ་མིག་ཙག་ཙོག་འབབ།། དེ་ནི་ཀླུ་ཡི་གནས་ཡིན་ཏེ། ། དེར་ཡང་གཏད་པའི་ས་ཡིན་ནོ།། ཤིན་ཏུ་སྟུག་པོའི་རི་རྣམས་ལ།། སྣ་ཚོགས་ས་རྣམས་ཚང་བ་ཡི།། སྦྲུལ་ཞགས་འདྲ་བའི་ཆུ་འབབ་པ།། དེ་ཡང་གཏད་པའི་ས་ཡིན་ནོ།། ངམས་ནག་བྲག་ལ་ཆུ་འབབ་པ། ། ཤིང་རྩི་ཚང་བའི་ཆུ་འབབ་པ།། ཤིང་གི་ཚང་བའི་ཚེར་མ་ཅན།། དེར་ཡང་གཏད་པའི་ས་ཡིན་ནོ།། དམ་ཉམས་དག་ལ་རྩེ་མོར་འཐོན།། ལུ་མ་གྱ་གྱུས་བསྐོར་བ་ནི།། དེ་ཡང་གཏད་པའི་ས་ཡིན་ནོ། ། ནག་པོ་བྱ་རྐང་འདྲ་རྩ་ནས།། ཆུ་མིག་མགོ་མང་འབབ་པ་ནི།། ཀླུ་ཡི་ཡི་དྭགས་ས་ཡིན་ཏེ།། དེར་ཡང་གཏད་པའི་ས་ཡིན་ནོ།། ཤིང་སྐམ་མགོ་ནག་ཡོད་རྩ་ནས།། ཆུ་མིག་ལེགས་པར་གནས་པ་ཡང།། དེ་ཡང་གཏད་བའི་ས་ཡིན་ནོ། ། ཐོད་སྐམ་བྲེ་བོ་ཡོད་པ་ལ།། ཕ་འོང་ནག་པོ་ཡོད་པ་ལ།། རྩིང་རྩ་ནག་པོ་སྐྱེས་པ་ན།། ནོར་མེད་རིགས་ངན་གནས་པ་སྟེ།། ལོངས་སྤྱོད་ནོར་ཟས་གཏད་བར་བྱ།། ཀླུ་དམ་ཚིག་གི་རྒྱུད་ཕྱི་མ་ལས། གཏད་པ་ཀླུ་དམ་མནན་དྲག་པོར་གཏད་པའི་ལེའུ་སྟེ་སུམ་ཅུ་པའོ།།།། ཀླུ་དམ་ཚིག་གི་རྒྱུད་ཕྱི་མ་རྫོགས་སོ།།།།

CLOSE WINDOW