CLOSE WINDOW

Gpb051.030: མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ཅེས་བྱ་བ
Wylie

།།། རྒྱ་གར་སྐད་དུ། ས་མུན་ཏྲ་དུ་མ་ཤ་ཏྲུཾ་ཧ་ར་ཏནྟྲ་ནཱ་མ། བོད་སྐད་དུ། མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ཅེས་བྱ་བ། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། ། འདི་སྐད་བསྟན་པའི་དུས་གཅིག་ན།། རི་རབ་ཆེན་པོ་བྱང་ངོས་ནས།། དཔག་ཚད་བརྒྱད་ཁྲི་མར་འདས་ན།། ལྕགས་ཀྱི་ཁང་པ་སྒོ་མེད་ན།། ཡི་དྭགས་གྲོང་ཁྱེར་བསམ་མི་ཁྱབ། ། ཡི་དྭགས་ཀུན་གྱི་རྒྱལ་མོ་བ།། བདུད་རྒྱལ་བྱེད་བ་གུང་རིངས་བཞུགས།། ཡི་དྭགས་ཀུན་གྱི་ཁང་བློན་པ།། ཡབ་ནི་དམུ་བེར་ཆེན་པོ་དང།། ཡུམ་ནི་བདུད་མོ་སྨིན་དཀར་མ།། དེ་གཉིས་ཡིད་ཀྱིས་འཚོས་པ་ལས། ། བདུད་རིགས་སུམ་བརྒྱ་དྲུག་ཅུ་བྱུང།། དེ་རྣམས་ཀུན་གྱི་རིགས་ལས་འཁྱལ།། བདུད་བློན་ཟོ་ར་རས་སྐྱེས་བྱུང།། རྒྱལ་པོ་བློན་པོ་དེ་རྣམས་ནི།། གཅེར་བུའི་ལུས་ལ་སྦྲུལ་གྱིས་བརྒྱན།། མ་ཧེ་ཞོན་ནས་ཕྱོགས་བཅུར་རྒྱུ། ། སྐྱེ་འགྲོའི་སྲོག་དབུགས་ཟས་སུ་ཟ།། འཇིག་རྟེན་ཁམས་ནི་སྟོང་པར་བྱས།། དེ་དུས་འཇམ་དཔལ་གཤིན་རྗེ་ཡིས།། སྐྱེ་འགྲོའི་སེམས་ཅན་སྙིང་རྗེ་ནས།། ཡི་དྭགས་རྒྱལ་མོ་བྱེ་པ་གུང་རིངས་བཏུལ། ། དཔའ་བོའི་བསྟན་པ་འཛིན་དུ་བཅུག། བློན་པོ་ཟོ་ར་རྭ་སྐྱེས་དང།། ཡུལ་ཅིག་མོན་མོ་ནག་མོ་གཉིས།། རླུང་ནག་ཚུབ་མའི་ནང་ནས་ནི།། སྤྲུལ་པ་འཇིག་རྟེན་ཁྱབ་པར་བྱས།། ང་ཡི་གནས་ན་འདུག་པ་འདི། ། སུ་ཡིན་ང་ཡི་བྲན་དུ་བྱ།། ཞེས་ཟེར་ནས་སྐྱེ་འགྲོའི་སྲོག་དབུགས་ཐམས་ཅད་དབང་དུ་བསྡུས་སོ།། དེའི་ཚེ་འཇམ་དཔལ་གཤིན་རྗེ་ཡིས།། སྟང་སྟབས་ཞབས་ཀྱིས་ལྕགས་མཁར་བརྫིས།། མ་ཡ་མན་ཏ་ཀ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཞེས་བརྗོད་པས། བློན་པོ་ཡབ་ཡུམ་གཉིས་བརྒྱལ་ལོ།། དེ་ནས་དཔལ་ལྡན་ཆེན་པོ་དེས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཧྲི་ཞེས་བརྗོད་པས། ཡབ་ཡུམ་གཉིས་བརྒྱལ་བ་སངས་ཏེ། ཨེ་མ་ཧོ་དཔའ་བོ་ཆེན་པོ་ལགས། ། བདག་ཅག་རྣམས་ནི་འབངས་སུ་མཆི།། སྲོག་གི་སྙིང་པོ་ཁྱེད་ལ་འབུལ།། དཔའ་བོའི་བསྟན་པ་ང་རང་བསྲུངས།། བསྟན་པ་བཤིག་པའི་དགྲ་བོ་ལ།། ཆོ་འཕྲུལ་སྣ་ཚོགས་ང་རང་གཏོང། ། ཟེར་ནས་འདུག་གོ། མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ལས། གླིང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཟོ་ར་རྭ་སྐྱེས་ཀྱིས་སྲོག་གི་སྙིང་པོ་འདི་ཕུལ་ལོ།། ཨོཾ་ཏིའུ་ཤང་ཀུན་མོ་པ་ནག་པོ་རྦད། ཙིཏྟ་ཧུར་ཆུ་མ་ཧ་ར་རྦད་ནན། མོན་པ་ནག་པོ་ཧཱུ~ཾ་ཛ། ཞེས་ཕུལ་ལོ།། ཡུམ་གྱིས་ཕུལ་པ་ནི། མ་ཁ་རག་མ་མོན་མོ་ནག་མོ་ཧཱུ~ཾ་ཛ། ཞེས་ཕུལ་ལོ།། དེ་ནས་ཡབ་ཡུམ་འཁོར་བཅས་པ་རྣམས་ཀྱིས་ལས་ཐམས་ཅད་ཀྱི་སྔགས་ཕུལ་བ། ཨོཾ་ཤན་ཤན་འདར་འདར། ཏེ་ཙོ་ཕ་ལ་ཕཊ་ཕཊ། ཤ་སྲུང་འདར་པོ་ཧ་ར་ཛ། ཏེའུ་ཤང་ཀུ་མོན་པ་ནག་པོ་སྲོག་ལ་ཆུམ་ཛ། ཨོཾ་ཏེའུ་ཤང་ཀུ་མོན་པ་ནག་པོ་ཛ། མ་ཁ་རག་མ་མོན་མོ་ནག་མོ་ཛ་ཛ། སྲོག་ལ་སར་བདར་སྙིང་ལ་ཡཾ་ཡཾ། ཞེས་ཕུལ་ལོ།། མོན་པ་ཕུང་བྱེད་ནག་པོ་ནོར་སྲུངས་ཀྱི་རྒྱུད་ལས། གསང་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་མོན་པ་ནག་པོ་དེས།། དཔའ་བོ་ཉིད་ལ་འདི་སྐད་གསོལ།། བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། ། བརྟེན་ཐབས་བཞི་ནི་འདི་ལྟ་སྟེ།། ཕྱི་དང་ནང་དང་གསང་བའོ།། ཕྱི་ལྟར་བརྟེན་ཅིང་བསྒྲུབ་པ་ནི།། ཙ་ར་རོག་པོ་ཁ་ཀྲ་ལ། ལེ་བརྒན་དར་ནག་གདགས་པར་བྱ།། དེ་ལ་བདག་ཅག་འཁོར་རྣམས། ། ཤིན་ཏུ་དགྱེས་པས་རྟེན་དུ་བྱ།། ནང་གི་རྟེན་ནི་འདི་ལྟ་སྟེ།། ར་རོག་ཁྲག་གི་གླུད་བུ་ལ།། རྒྱལ་གྱིས་བརྒྱན་ཏེ་སྟེང་ནས་དབུལ།། དཀྱིལ་འཁོར་མདའ་གང་གྲུ་བཞི་ལ།། དབུས་སུ་གྲུ་གསུམ་ནག་པོ་ལ། ། ཟླ་གམ་དམར་པོ་གསུམ་དང་ལྡན།། འཁོར་ལོ་རྩིབས་བཞི་ནག་པོར་བྱ།། ཕྱི་རིམ་སྒོ་དང་སྒོ་ཁྱུད་བཅས།། གཏོར་མ་དག་ལ་བསྟེན་ན་དགེ། གསང་བ་ལྟར་ན་བསྒྲུབ་པ་ན། ཁམ་པའི་ས་ལ་མ་ཏྲཾ་གཟུགས། ། ལེགས་པར་བྱས་ལ་ལྟེ་བར་ནི།། འབྲུབ་ཁུང་གྲུ་གསུམ་འཐུར་ལ་བྲུ།། དེ་རུ་སྐྱེར་བའི་ཧོཾ་གཟུགས།། ཡན་ལག་བཞི་ལ་ཕུར་པ་བཞི།། ལས་མཁན་རུ་ནི་དབང་བསྐུར་ལ།། གསང་བའི་སྔགས་བརྗོད་དེ་ལ་གཟུགས། ། ཨ་ཙ་ར་དང་མོན་པ་ཡི།། གཟུགས་བྱས་འབྲུབ་ཁུང་ཟུར་ལ་འོ།། ལིང་ཁ་བྲིས་ཏེ་ཐ་མར་ཡང།། གང་ཤོང་ནོར་གྱི་མིང་གིས་བསྐོར།། འབྲུབ་ཁུང་དེ་ཡི་དབུས་སུ་གཞུག། ཙ་ར་རོག་པོའི་ཤ་ཁྲག་ལ། ། གཏོར་མ་བྱས་ལ་མཆོད་པར་དབུལ།། བསྙེན་སྔགས་དེ་ཡི་མཇུག་ཏུ་ཡང།། ཨི་ད་བ་ལིང་ཏ་ཁཱ་ཧི་གདགས།། དེ་ཡི་དོན་སྙིང་ལྔ་དང་ནི།། དབང་པོ་ལྔ་ཡི་གསུར་དུད་གཏང།། མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ལས། རྟེན་དང་རྫས་བཤམས་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་མོན་པ་ནག་པོ་དེས།། རྟགས་ཀྱི་རིམ་པ་བསྟན་པ་ནི།། གདུགས་དང་ཟངས་དུང་དར་པོ་ཆེ།། བན་དྷེ་དགེ་བཤེས་པཎྜི་ཏ།། ལོ་ཙ་བའི་སྣ་ལེན་བྱས་པ་དང། ། ཟང་ཟིང་ལང་ལོང་མང་པོ་ནི།། བསྙེན་པའི་དུས་སུ་འོང་བ་ཡིན།། རྒྱ་དང་མོན་པ་ཨ་ཙ་ར།། ལྷོ་བལ་མི་དང་འགར་བ་སོགས།། བསྒྲུབ་པའི་དུས་སུ་འོང་བ་ཡིན།། གོང་གི་བསྙེན་རྟགས་བྱུང་བའི་ཚེ། ། ཡུངས་ཀར་ཉུངས་ནག་སྐྱེ་ཚེ་དང།། དུག་དང་ཁྲག་ཀམ་ཕུར་པ་ཡིས།། ལིང་ཁ་དེ་ལ་བྲབ་པར་བྱ།། དེ་ནས་སྒྲུབ་རྟགས་བྱུང་བ་དང།། ལིང་ཁ་ཧོཾ་ལ་སྲེག་པར་བྱ།། ཐེད་རོལ་མཚན་ངན་ཐོད་པ་ཡི།། ནང་དུ་བཅུག་ལ་སྲང་དུ་མནན། ། མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ལས། རྟགས་དང་དྲོད་ཚད་ཀྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་མོན་པ་ནག་པོ་དེས།། རང་གི་བཅའ་ཐབས་བསྟན་པ་ནི།། ལས་ཀུན་ཟིན་པའི་རྟིང་ལ་ཡང། ། དཀར་ནག་ཁམ་པའི་ཨ་ཙ་ར།། གཉིས་པོ་རྒྱབ་སྤྲད་ནག་པོ་དེ།། དགྲ་བོའི་ཕྱོགས་སུ་ཁ་བསྟན་ལ།། སྦྱིན་སྲེག་བྱས་པའི་ཐལ་བ་དང།། མོན་པའི་རྐང་ལ་ལྕག་བྱས་ལ།། ནག་པོ་དེ་ལ་དྲག་བྱ་ཞིང།། ང་ཡི་ནོར་འདི་ཁྱེར་ལ་ཤོག། བྱས་ལ་སྔགས་རྣམས་རྟག་ཏུ་བཟླས།། ཙ་ར་རོག་པོའི་སྙིང་དུ་ཡང།། དར་ལ་སྲོག་སྙིང་བྲིས་ལ་གཞུག། ཕ་ཝ་ཆོ་ལོང་གཞུག་པར་བྱ།། དར་ནག་ཁུག་མའི་ནང་དུ་ནི།། སྦྱིན་སྲེག་བྱས་པའི་ཐལ་བ་རྣམས། ། བླུག་ལ་ལུས་ལ་བཅང་བར་བྱ།། དགོས་པའི་དུས་སུ་གོང་བཞིན་བྱ། ཁྲོས་པས་བརྡབས་ན་ཆོ་འཕྲུལ་མོད་ལ་འབྱུང།། མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ལས། བླ་རྡོ་བཅང་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་འཇམ་དཔལ་གཤིན་རྗེ་ཡིས།། སངས་རྒྱས་བསྟན་པ་ཞིག་སྲིད་ན།། རྣལ་འབྱོར་འཕྲིན་ལས་མ་གྲུབ་ན།། དམ་ཚིག་ལྡན་པའི་སྔགས་པ་དེས།། དཔའ་བོ་ང་ཡི་ཏིང་ངེ་འཛིན་བྱ།། ཧྲི་ལས་མདུན་དུ་མོན་པ་ནི། ། ལས་མཁན་ཚུལ་དུ་བསྐྱེད་པར་བྱ།། དེ་ལ་དེ་ཉིད་བཀུག་ལ་བསྟིམ།། དེ་ནས་ལས་མཁན་བསྐུལ་བ་ནི།། ཧཱུ~ཾ། འདི་ནས་བྱང་ཕྱོགས་རི་བོའི་རྨང།། དཔག་ཚད་བརྒྱད་ཁྲི་མར་འདས་ན། ། ཆུ་དང་རླུང་གི་དཀྱིལ་ཤེད་ན།། ལྕགས་ཀྱི་ཁང་པ་སྒོ་མེད་ན།། མི་རོ་གཏམས་པའི་ནང་ཤེད་ན།། ལྕགས་མཁར་གླིང་དགུའི་ནང་ཤེད་ན། གཤིན་རྗེ་ནག་པོའི་ཕོ་ཉ་ནི།། བདུད་མོ་མི་ཟན་སྐྱེ་འགྲོའི་བདུད། ། ཟོ་ར་རྭ་སྐྱེས་སུ་མི་སློག། ཡི་དྭགས་གཙོ་བོ་མ་རུངས་པ།། མེ་ལྕེ་གློག་གི་འཕྲེང་བ་ཅན།། གཅེར་བུ་སྦྲུལ་དང་ཐོད་པས་བརྒྱན།། མ་ཧེ་ཞོན་ནས་ཕྱོགས་བཅུར་རྒྱུ།། ལས་ཀྱི་རླུང་དམར་དེད་ཅིང་རྒྱུ།། ཞལ་ནས་ལྟས་ངན་ཆོ་འཕྲུལ་འགྱེད། ། ཟས་སུ་སྐྱེ་འགྲོའི་སྲོག་དབུགས་ཟ།། ལས་སུ་དམ་ཉམས་སྲོག་དབུགས་ལེན།། གཤེན་རྗེ་གཤེད་ཀྱི་ཞབས་དྲུང་དུ།། ཇི་ལྟར་དམ་བཅས་འཕྲིན་ལས་མཛོད།། དེ་ཡི་ཐུགས་དམ་རྒྱུད་བསྐུལ་མ། ། སྲིན་མོ་ནག་མོ་ཤམ་ཤམ་མོ།། གཅེར་བུ་མོན་མོའི་ཆ་བྱད་ཅན།། དུག་དང་ཁྲག་གི་གོས་གོན་མ།། བདུད་མོ་ནག་མོ་སྐྱེ་འགྲོའི་བདུད།། སྣ་ཚོགས་ནད་ཀྱི་བདག་མོ་སྟེ།། སྐྱེ་འགྲོ་ཀུན་གྱི་སྲོག་ཅོད་མ། ། ཤ་ཁྲག་སྲོག་དབུགས་བདག་མོ་ཁྱོད།། ལས་ཀྱི་རླུང་དམར་ཞོན་ནས་རྒྱུ།། ལག་ནས་ཁྲག་ནག་འཐོར་བྱེད་ཅིང།། འདུ་བའི་ནད་རྣམས་སློང་བར་བྱེད།། གྲུབ་པའི་གནས་འདིར་གཤེགས་ལ།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད། ། མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ལས། དཔའ་བོ་ཆེན་པོ་ཡབ་ཡུམ་བསྐུར་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་མོན་པ་ནག་པོ་དེས།། རང་གི་འཁོར་རྣམས་བསྐུལ་བ་ནི།། ཧཱུ~ཾ། བཀའ་ཡི་ལས་མཛད་སྤྲུལ་པ་ནི། ། བྱེ་བ་གུང་རིངས་བཀའ་འཁོར་ན།། ལས་བྱེད་མོན་པ་ནག་པོ་ནི།། སྐུ་ནི་དུག་སྡོང་འབར་བ་ལ།། སྤྲུལ་པར་ལྟས་ངན་སྣ་ཚོགས་འབེབས།། ཝ་སྤྱང་མང་པོ་ཤུལ་ལ་ཁྲིད།། འཁོར་ནི་མོན་པ་འབུམ་དང་བཅས། ། དམ་ཉམས་དགྲ་ལ་ཆོ་འཕྲུལ་གཏོང། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། དེ་ཡི་ཐུགས་དམ་རྒྱུད་བསྐུལ་བས།། མོན་མོ་དམར་མོ་ཀུན་ཏུ་རྒྱུ།། ཆིབས་སུ་གློག་ལྕག་དམར་མོ་ཆིབས།། བྱ་ནག་མང་པོ་གདོང་ལ་གཅུག། མོན་པ་ནག་པོའི་དཀྱིལ་ན་རྒྱུག། ནང་དུ་ཁྲག་ནད་དམུ་འཐིབས་གཏོང།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ཧཱུ~ཾ། ཡང་ཅིག་ལས་མཁན་མོན་པ་ནི།། སྐུ་ལ་དར་ནག་མོན་པ་གསོལ། ། ཐོད་པའི་འཕྲེང་བ་སེ་རལ་ཁ།། དར་ནག་འཕྱར་ཞིང་ཁུ་ཡིས་འདེབས།། ཆིབས་སི་ལྕགས་སྤྱང་ནག་མོ་ཆིབས།། གཡས་ན་ལྕགས་སྦྱང་ནག་མོ་གཉིས།། ས་ཐོར་དུ་འབོད་ཁུ་ཡིས་འདེབས།། དེ་ཡི་ཐུགས་དམ་རྒྱུད་བསྐུལ་མ། ། ཡང་ཅིག་མོན་མོ་དམར་ནག་ནི།། གཅེར་བུ་བསེ་ཡི་གདོང་པ་ཅན།། བྱུ་རུའི་རལ་པ་སྤྱི་བོར་བཅིངས།། ཐོད་ཁྲག་འཐོང་ཞིང་ཁ་ཡིས་འདེབས།། གཞའ་ལ་ཞོན་ནས་སྐར་མདའ་འཕེན།། ལས་མཁམ་ཡབ་ཡུམ་ཁྱེད་བཞི་ཡིས། ། སྡང་བའི་དགྲ་བོའི་ལས་ངན་ལ།། ཆོ་འཕྲུལ་སྣ་ཚོགས་ཐོངས་ལ་ཤོག། གཤིན་རྗེའི་ཞགས་པས་ཁྲིད་ལ་ཤོག། ལས་ཀྱི་དབྱུག་པས་གཏོགས་ལ་ཤོག། བཅོལ་བའི་ལས་རྣམས་གྲུབ་པར་མཛོད། ། མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ལས། འཁོར་བསྐུལ་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་མོན་མོ་ནག་པོ་དེས།། དཔའ་བོ་ཆེན་པོ་ཨ་ལ་ལ།། རྒྱུད་འདིའི་མཚན་འདི་གང་ལགས་སྟོན། ། ཞེས་གསོལ་པས། དཔའ་བོ་ཆེན་པོས་བཀའ་སྩལ་པ། འདི་ནི་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ཅེས་བྱ་བར་ཟུང་ཞིག། ནག་པོ་དར་གྱི་རྒྱུད་ཅེས་བྱ་བར་ཟུང་ཞིག་ཅེས་བཀའ་སྩལ་ཏོ།། མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། མོན་པ་ཕུང་བྱེད་ནག་མོ་ནོར་སྲུངས་ཀྱི་རྒྱུད་རྫོགས་སོ།།།། གིང་ཆེན་གསང་བ་རྡོ་རྗེ་ལེགས་པའི་དྲག་སྔགས་ཤན་པ་གྲི་ཐོགས་ལས་ལ་མངག་པ་འདི་ལ།

CLOSE WINDOW