CLOSE WINDOW

Gpb051.025: དྲག་པོ་ངན་སྔགས་བསྐལ་པའི་དུམ་བུའི་རྒྱུད
Wylie

རྒྱ་གར་སྐད་དུ།། ཨུ་ཏྲི་ན་བི་མན་ཏ་ཕྲོ་ཤ་པུ་ཤ་ཏན་ཏྲ། བོད་སྐད་དུ། དྲག་པོ་ངན་སྔགས་བསྐལ་པའི་དུམ་བུའི་རྒྱུད། འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། ཡང་དག་ངེས་པར་བཤད་པར་བྱ། ། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། སྔགས་པ་ནང་རྒྱས་བྱེད་པའི་དུས།། ལྷ་སྲིན་མཐུ་འགྲན་བྱེད་པའི་དུས།། སྔགས་པ་བྱིན་རླབས་བྱེད་པའི་དུས།། མ་ཕུར་གཤིན་རྗེས་གཏུབས་ཙམ་ན།། སྔ་བརྒྱ་དུས་ཀྱི་སྙིགས་མར་སླེབས་ཙམ་ན། ། གྲོང་བསྙེན་ནང་ཁུང་མཐུ་འགྲན་དུས།། དེ་ཚེ་ཕྱག་ཆ་བསྐོར་བར་བྱ།། བགེགས་རིགས་སྟོངས་ཕྲག་བརྒྱད་ཅུ་ཡང།། དེད་དཔོན་དྲེགས་ཆེན་བརྒྱད་ཅུར་འདུས།། དེ་རེ་ལ་ཡང་བདུན་བདུན་འབྱུང། ། དུག་དང་གཟིར་དང་གསད་དང་གནན།། སྦྱིན་སྲེག་ཟོར་དང་གསེར་བར་བསྟན།། དྲག་པོ་ངན་སྔགས་གབ་བ་མངོན་དུ་ཕྱུང་བའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དྲེགས་པ་སྤྱི་ཡི་མན་ངག་ལ།། དང་པོར་རང་བསྒྲུབ་མན་ངག་གསང་སྔགས་ནི།། ཨོཾ་བཛྲ་དུན་བྷྱོ། ཨརྻ་ཏིག་སྣ་ཛ་ཛ། ས་མ་ཡ་སྟོཾ། ཨེ་བཛྲ་པ། རོ་ཤ་ན་ཡ་ཧཱུ~ཾ་ཕཊ། ཕྱག་ན་རྡོ་རྗེ་བདག་ཉིད་སྒོམ། ། བཛྲ་སརྦ་དུ་ཥྟན། ཨེ་ཧཱུ~ཾ་ར་ཐུམས་ཛ། བཛྲ་སརྦ་དུཥྟན། ཨེ་ཏྲིག་ནན། བཛྲ་སརྦ་དུཥྟན། ཨེ་མཱ་ར་ཡ་ཕཊ། བཛྲ་སརྦ་དུཥྟན། ཨེ་སྟཾ་པ་ཡ་ནན། བཛྲ་སརྦ་དུཥྟན། ཨེ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། བཛྲ་སརྦ་དུཥྟན། ཨེ་ཁས་བྷྱོ། སྲོག་མྱོགས་རྦད། བཛྲ་སརྦ་དུཥྟན་ཨེ། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ། ཤར་ཤར་ཕོབ། ཨེ་ཡི་འོག་ཏུ་དགྲ་བགེགས་གཞུག། དམིགས་པ་ཕོ་མོའི་ཡུལ་གཞན་གཞོམ།། དྲག་པོ་ངན་སྔགས་གབབ་པ་མངོན་དུ་ཕྱུང་བའི་རྒྱུད་ལས། དྲེགས་པ་སྤྱིའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གཤིན་རྗེ་གཤེད་ཀྱི་ཕྱག་ཆ་ནི།། ལྷ་མཆོག་ཡ་མན་ཏ་ཀར་བསྒོམ།། བསྒྲུབ་པའི་སྔགས་ནི་འཁོར་ལོ་བཟླས།། མ་ཡ་མ་ར་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྴེ་ཡ་ཙ་ནི་ར་མ་ཡ། མ་ཁ་ཙ་ཨེ་ཨ་མུ་ཀཾ་ཕཊ། ཡ་མ་ཡ་ཧཱུར་ཐུམས་ཛ། ཡ་མ་ཡ་ཏྲིག་ནན། ཡ་མ་ཡ་མཱ་ར་ཡ་རྦད། ཡ་མཱ་ཡ་སྟམ་པ་ཡ་ནན། ཡ་མ་ཡ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། ཡ་མ་ཡ་ཁས་བྷྱོ། སྲོག་མྱོགས་རྦད། ཡ་མ་ཡ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཨ་ཡི་འོག་ཏུ་གང་དམིགས་གཞུག། དམིགས་པ་ཕོ་མོ་རང་གནད་འཇོམས།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། གཤིན་རྗེ་གཤེད་ཀྱི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལྷ་ཆེན་མཧཱའི་ཕྱག་ཆ་ནི།། ལྷ་ནི་མ་ཧཱ་དེ་བ་སྒོམ།། དྲག་པོ་ངན་སྔགས་འདི་ཡིས་བསྒྲུབ།། དེ་བ་ཧཱུ~ཾ་ཏྲི་མ་ཧཱ་དི་ཧྲི་གྷི་ནི་ཧཱུ~ཾ་ཕཊ། དེ་བ་ཨེ་ཧུར་ཐུམས་ཛ། དེ་བ་ཏྲིག་ནན། དེ་བ་མཱར་ཡ་རྦད། དེ་བ་ཨ་སྟཾ་པ་ཡ་ནན།། དེ་བ་ཨ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། དེ་བ་ཨ་ཁེ་ས་བྷྱོ། སྲོག་མྱོགས་རྦད། དེ་བ་ཨ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཨ་ཡི་འོག་ཏུ་གང་དམིགས་གཞུག། དམིགས་པ་ཕོ་མོས་རང་གནད་འཇོམས།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། མ་ཧཱ་དེ་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མུ་སྟེགས་བཀའ་བཟློག་ཕྱག་ཆ་ནི། ། ལྷ་ནི་ཀཱ་ལ་ཡཀྵ་བསྒོམ།། བཀའ་ཟློག་རང་སྔགས་བསྒྲུབ་པའི་རྫས།། བིམ་ཛོ་ནི་ནག་པོའི་ཙིཏྟ་ཕྲ་མ།། ཡཀྵ་ཀུ་རུ་རྦད་མྱོགས་རྦད། མྱགས་རྦད། བིམ་ཛོ་ནི་སོ་ཧཱུར་ཐུམས་ཛ།། བིམ་ཛོ་ནི་སྤོ་ཏིག་སོག་ནན། བིམ་ཛོ་ནི་སྭོ་མཱ་ར་ཡ་རྦད། བིམ་ཛོ་ནི་སྭ་སྟཾ་པ་ཡ་ནན། བིམ་ཛོ་ནི་སྭོ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། བིམ་ཛོ་ནི་སྭོ་ཁོས་བྷྱོ། དམྱག་རྦད། བིམ་ཛོ་ནི་སྭོ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སྭོ་ཡི་འོག་ཏུ་གང་དམིགས་གཞུག། ལྷ་ཡི་དགོངས་པ་རང་གནད་འཇོམས།། དྲག་པོ་ལས་བདུན་འདིར་བསྟན་པས།། མུ་སྟེགས་བཀའ་བཟློག་རྣམ་པར་འཁྲུགས།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། མུ་སྟེགས་ཀཱ་ལ་ཡཀྵའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི་མ་མོའི་ཕྱག་ཆ་ནི།། ལྷ་ནི་ལས་ཀྱི་མ་མོ་བསྒོམ།། སྔགས་ནི་བསྒྲུབ་སྔགས་མཁའ་འགྲོའི་སྙིང།། མ་མ་ཏྲག་རག་ཤ་མུ་ཏྲ་མ་མ་བྷྱོ། རུ་ལུ་རུ་ལུ་བྷྱོ། ཁ་མུ་ཏྲ་བྷྱོ། མ་མ་རུ་ལུ་མ་ཧཱུར་ཐུམས་ཛ།། མ་མ་རུ་ལུ་མིག་ནན། མ་མ་རུ་ལུ་མཱ་ར་ཡ་རྦད། མ་མ་རུ་ལུ་མ་མ་སྟཾ་པ་ཡ་ནན། མ་མ་རུ་ལུ་མ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རམ། མ་མ་རུ་ལུ་མ་ཁེ་ས་བྷྱོ། སྲོག་མྱོགས་རྦད། མ་མ་རུ་ལུ་རུ་ལུ་མ། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། མ་ཡི་འོག་ཏུ་གང་དམིགས་གཞུག། དམིགས་པ་ཕོ་མོ་རང་གནད་འཇོམས།། མ་མོ་ལས་བདུད་རྣལ་འབྱོར་སོགས།། དྲག་པོ་ངན་སྔགས་བསྐལ་བ་དུམ་བུའི་རྒྱུད་ལས། ལས་ཀྱི་མ་མོ་མཁའ་འགྲོ་མའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བདུད་པོ་ལེགས་ལྡན་ཕྱག་ཆ་ནི།། རང་ཉིད་བྱེ་བ་གོང་རིར་བསྒོམ།། བསྒྲུབ་སྔགས་དྲག་པོ་འདི་བཟླས་སོ།། ད་ཤ་བག་ནག་ཚོགས་ཀྱང་ཚོགས་གེ་ས་མ་ཡ་ཕཊ། ད་ཤ་དུ་ཧཱུར་ཐུམས་ཛ། ད་ཤ་དུ་ཏིག་ནན། ད་ཤ་དུ་མཱ་མཱ་ར་ཡ་ཕཊ། ད་ཤ་དུ་སྟཾ་པ་ཡ་ནན། ད་ཤ་དུ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། ད་ཤ་དུ་ཁེས་བྷྱོ། སྲོག་མྱོགས་རྦད། ད་ཤ་དུ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། དུ་ཡི་འོག་ཏུ་གང་དམིགས་གཞུག། དམིགས་པ་བཟླས་པས་ཕོ་མོ་འཇོམས།། བདུད་ཀྱི་ལས་བདུན་འཕྲུལ་གྱི་མིང།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། དྲག་པོ་བདུན་གྱི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མ་བདུད་ནག་པོའི་ཕྱག་ཆ་བསྒོམ།། ལྷ་ནི་ཕོ་ལས་མོ་རུ་བསྒྱུར།། བསྒྲུབ་སྔགས་བདུད་མོའི་སྲོག་སྔགས་ནི།། ཡ་བདུད་ཧཱ་ཡ་གྷྲི་བ་དུ་ནག་མོ་ཙན་ཏྲི་ཕྲ་མ་དེ་བྷྱོ། གྷྲི་བ་དུ་ཧཱུར་ཐུམས་ཛ། གྷྲི་བ་དུག་ཏྲིག་ནན། གྷྲི་བ་དུ་མཱ་ར་ཡ་ཕཊ། གྷྲི་བ་དུ་སྟཾ་པ་ཡ་ནན། གྷྲི་བ་དུ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། གྷྲི་བ་དུ་ཁོས་བྷྱོ། སྲོག་མྱོགས་རྦད། གྷྲི་བ་དུ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། དུ་ཡི་འོག་ཏུ་གང་དམིགས་གཞུག། བདུད་མོ་དམིགས་པས་བདུད་མོ་འཇོམས།། བདུད་མོ་ལས་བདུད་མོ་ཡི་གཤེད།། རང་དབང་མེད་པས་དྲང་ལས་བྱེད། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། མ་བདུད་ནག་མོའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྲིན་པོའི་ཕྱག་ཆ་རང་བསྐོར་ན།། རང་ཉིད་ལས་ཀྱི་སྲིན་པོར་བསྒོམ།། སྲིན་པོའི་སྲོག་སྔགས་བསྒྲུབ་པ་ནི།། རག་ཤ་ཕཊ་དུ་ནེ་དུ་ནེ། ཨག་ཨག་ཨག་མོ་སན་ཛ་ཡ། བྱི་མ་ར་ཧ་ཧ་ཧི་རཾ་སྙིང་ཁ་རག། ཨེ་ཏོ་མ་མོ་ལི་བྱིན་ཙ་ཡ་འུར་འུ། རག་ཤ་ར་ཧཱུར་ཐུམས་ཛ། རག་ཤ་ར་མ་ར་ཡ་ཕཊ། རག་ཤ་ར་སྟཾ་པ་ཡ་ནན། རག་ཤ་ར་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། རག་ཤ་ར་ཁེས་བྷྱོ། སྲོག་མྱོགས་རྦད། རག་ཤ་ར་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ར་ཡི་འོག་ཏུ་གང་དམིགས་གཞུག། སྲིན་པོའི་དམིགས་པས་སྲིན་པོ་འཇོམས།། སྲིན་པོའི་ལས་བདུན་སྲིན་པོའི་གཤེད། ། རང་དབང་མེད་པར་རང་ལས་བྱེད།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། རག་ཤ་སྲིན་པོའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རག་མོ་སྲིན་མོའི་ཕྱག་ཆ་བསྐོར།། ལྷ་ནི་ཕོ་ལ་སྲིན་མོར་བསྒོམ། ། སྲིན་མོ་བསྒྲུབ་སྔགས་བཟླས་པས་གཏེམ།། རག་མོ་ཏེ་ཀེཾ་ཛ་ཛ་རུ་ལུ་རུ་ལུ་ར་ཏྲི་ཀྲབས་ཀྲབས་རག་མོ་ར་ཧཱུར་ཐུམས་ཛ། རག་མོ་ཏྲིག་ནན་རག་མོ་མཱ་ར་ཡ་ཕཊ། རག་མོ་ར་སྟཾ་པ་ཡ་ནན། མོ་ར་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། རག་མོ་ཁེས་བྷྱོ། སྲོག་མྱོགས་རྦད།། རག་མོ་ར་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ར་ཡི་འོག་ཏུ་གང་དམིགས་གཞུག་པར་བྱ།། སྲིན་མོའི་སྟོབས་ཀྱིས་སྲིན་མོ་འཇོམས།། སྲིན་མོའི་ལས་བདུན་སྲིན་མོ་གཤེད། ། རང་དབང་མེད་པར་རང་ལས་བྱེད།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། སྲིན་མོའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡཀྵ་གནོད་སྦྱིན་ཕྱག་ཆ་ནི། ། བསྒོམ་པའི་ལྷ་སྟོབས་ཀུ་བེ་ར།། བཟླས་པའི་བསྒྲུབ་སྔགས་དྲང་བ་ནི།། ཡཀྵ་ཛཾ་པ་ལ་ཛ་ལེན་ས་མ་ཡ། མེ་ཀུ་བེ་ར་ཧཱུ~ཾ་ཕཊ། ཡཀྵ་ཀྵ་ཧཱུར་ཐུམས་ཛ། ཡ་ཀྵ་ཀྵ་ཏྲིག་ནན། ཡཀྵ་ཡཀྵ་མཱ་ར་ཡ་ཕཊ། ཡཀྵ་ཀྵ་སྟཾ་པ་ཡ་ནན། ཡཀྵ་ཀྵ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། ཡཀྵ་ཀྵ་ཁེས་བྷྱོ། སྲོག་མྱོགས་རྦད། ཡཀྵ་ཀྵ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཀྵ་ཡི་འོག་ཏུ་གང་དམིགས་གཞུག་བྱས་ལ།། གནོད་སྦྱིན་སྟོབས་ཀྱིས་གནོད་སྦྱིན་འཇོམས། ། གནོད་སྦྱིན་ལས་བདུན་གནོད་སྦྱིན་གཤེད།། རང་དབང་མེད་པར་རང་ལས་བྱེད། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། གནོད་སྦྱིན་གྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཀྵ་ཀྵ་གདོན་མོའི་ཕྱག་ཆ་ནི།། སྒོམ་པའི་ལྷ་ནི་གནོད་སྦྱིན་མོ།། བཟླས་པའི་བསྒྲུབ་སྔགས་རྒྱུན་དུ་དྲངས།། ཡག་མོ་གོང་མོ་སྙིང་ཁ་རག་མོ་བྷྱོ། ཡག་མོ་ཀྵ་ཧཱུར་ཐུམས་ཛ། ཡཀྵ་མོ་ཀྵ་ཏྲིག་ནན། ཡག་མོ་ཀྵ་མཱ་ར་ཡ་ཕཊ། ཡག་མོ་ཀྵ་སྟཾ་པ་ཡ་ནན། ཡག་མོ་ཀྵ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ།། ཡཀྵ་ཁེས་བྷྱོ། སྲོག་མྱོགས་རྦད། ཡག་མོ་ཀྵ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཀྵ་ཡི་འོག་ཏུ་གང་དམིགས་གཞུག། ཡག་མོའི་སྟོབས་ཀྱིས་ཡག་མོ་འཇོམས།། ཡག་མོའི་ལས་བདུན་ཡག་མོའི་གཤེད།། རང་དབང་མེད་པར་རང་ལས་བྱེད།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། གནོད་སྦྱིན་ནག་མོའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཀླུ་བདུད་ཕྱག་ཆ་བསྐོར་བ་ནི།། བསྒོམ་པའི་ལྷ་ནི་བྱ་ཁྱུང་མ།། ཀླུ་བདུད་མགོ་བོ་བྱ་ཁྱུང་བསྒོམ།། རྒྱུན་དུ་ལས་སྔགས་འདི་བརྗོད་དོ།། ནཱ་ག་ལེ། དུཾ་པ་ལེ། ཤུན་ཤུ་ཐུ། བ་ཡུ་ཁ་བི་ཏི་ཏི་སྟན་པ། ཁྲམ་ཧུ་ཕུ་ཧཱུ~ཾ་ཕཊ། ན་ག་ཕུ་ཧཱུར་ཐུམས་ཛ་ན་ག་ཕུ་ཏྲིག་ནན། ནཱ་ག་ཕུ་མཱ་ར་ཡ་ཕཊ། ནཱ་ག་ཕུ་སྟཾ་པ་ཡ་ནན། ནཱ་ག་ཕུ་ཏྲིག་ནན། ནཱ་ག་ཕུ་མཱ་ར་ཡ་ཕཊ། ནཱ་ག་ཕུ་སྟཾ་པ་ཡ་ནན། ནཱ་ག་ཕུ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། ནཱ་ག་ཕུ་གེས་བྷྱོ། སྲོག་མྱོགས་རྦད། ནཱ་ག་ཕུ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཕུ་ཡི་འོག་ཏུ་གང་དམིགས་གཞུག། ནཱ་ག་སྟོབས་ཀྱིས་ནཱ་ག་འཇོམས།། ནཱ་གའི་ལས་བདུན་ནཱ་གའི་གཤེད།། རང་དབང་མེད་པར་རང་ལས་བྱེད། ། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། ཀླུ་བདུད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཙན་གྱི་ཕྱག་ཆ་བསྐོར་བྱ་ན།། བསྒོམ་པའི་ལྷ་ནི་ལྷ་བཙན་ཡ་ཤུད་བསྒོམ། ། དྲག་པོ་བསྒྲུབ་སྔགས་རྒྱུན་དུ་བཟླས།། ཙན་ཏྲི་ཧྲི་ཏྲི་རཾ་ཁ་རག་ཏྲ་དུ་ཟི་རྦད། མ་མ་ཏྲག་ཤ་ཟ་བཞི་མཚོ་ལ་བཛྲ། ཙན་ཏྲི་ཙ་ཧཱུ~ཾ་ཐུམས་ཛ། ཙན་ཏྲིག་ཙ་ཏྲིག་ནན། ཙན་ཏྲི་ཙ་མཱ་ར་ཡ་ཕཊ། ཙན་ཏྲི་ཙ་སྟཾ་པ་ཡ་ཕཊ། ཙན་ཏྲི་ཙ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། ཙན་ཏྲི་ཙ་ཁེས་བྷྱོ། སྲོགས་མྱོགས་རྦད། ཙན་ཏྲི་ཙ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཙ་ཡི་འོག་ཏུ་གང་དམིགས་གཞུག། བཙན་གྱི་སྟོབས་ཀྱིས་བཙན་རྣམས་འཇོམས།། བཙན་གྱི་ལས་བདུན་བཙན་གྱི་གཤེད། ། རང་དབང་མེད་པར་རང་ལས་བྱེད།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། དྲག་པོ་བཙན་གྱི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དམུ་ཡི་ཕྱག་ཆས་དམུ་ལ་བསྐོར། ། བསྒོམ་པ་ལྷའི་སྟོབས་དམུ་རྗེ་བཙན་པོ་བསྒོམ།། དམུ་ཡི་དྲག་སྔགས་རྒྱུན་དུ་བཟླས།། མུན་ནན་མོ། ཙུ་ངན་པུ་ཙི། ཕུ་ཙ་ཤད་ཤད་བ་ཏ་རྦད་ཐུམ་རི་ལི་ལི། མུན་མུན་པ་ཧུར་ཐུམས་ཛ། མུན་མུན་པ་ཏྲིག་ནན། མུན་མུན་པ་མཱ་ར་ཡ་རྦད། མུན་མུན་པ་སྟམ་པ་ཡ་ནན། མུན་མུན་པ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། མུན་མུན་པ་ཁེས་བྷྱོ། སྲོག་མྱོགས་རྦད། མུན་མུན་པ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། བ་ཡི་འོག་ཏུ་དམུ་མིང་གཞུག། དམུ་སྟོབས་དྲག་པོས་དམུ་རྣམས་འཇོམས།། དམུ་ཡི་ལས་བདུན་དམུ་ཡི་གཤེད། རང་དབང་མེད་པར་རང་ལས་བྱེད།། དམུ་ཡི་ཕྱག་ཆས་དམུ་རང་བསྐོར། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། དྲག་པོ་དམུའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རིགས་འཛིན་རུ་དྲའི་ཕྱག་ཆ་ནི།། རུ་དྲའི་གཉེན་པོ་བན་དེར་བསྒོམ།། རིགས་འཛིན་སྲོག་སྙིང་རྒྱུན་དུ་བསྙེན།། རུ་དྲ་ལ་ཁ་རག་ནི་ཨ་གུ་ཤ་ཀྲག་ཤ་ས་མ་ཡ་ཛ་ཛ། ཧཱུ~ཾ་ནརི་རུ་ཏྲ་ནི་ཧུར་ཐུམས་ཛ་རུ་དྲ་ནརི་ཏྲིག་ནན། རུ་དྲ་ནརི་མཱ་ར་ཡ་ཕཊ། རུ་དྲ་ནརི་སྟཾ་པ་ཡ་ནན། རུ་དྲ་ནརི་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། རུ་དྲ་ནརི་ཁས་བྷྱོ། སྲོག་མྱོགས་རྦད། རུ་དྲ་ནརི་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ནརི་ཡི་འོག་ཏུ་རུ་དྲ་གཞག། རིགས་འཛིན་སྟོབས་དྲག་རིགས་འཛིན་འཇོམས།། རིགས་འཛིན་ལས་བདུད་རུ་དྲའི་གཤེད།། རང་དབང་མེད་པར་རང་ལས་བྱེད།། རིགས་འཛིན་ཕྱག་ཆ་རུ་དྲ་རང་ལ་བསྐོར། ། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། རིགས་འཛིན་རུ་དྲའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ར་ཛ་རྒྱལ་པོའི་ཕྱག་ཆ་བསྐོར།། ར་ཛའི་གཉེན་པོ་རྒྱལ་པོར་བསྒོམ། ། རྒྱལ་པོའི་སྲོག་སྙིང་འཛབ་དྲང་བ།། ཨོཾ་ཏྲིག་ཙ་པ་ལ་ཨག་ཤུག་མེ། ཁཾ་ནེ་རཱ་ཛ་ཏྲི་པ་ལ་ར་ཛ་ས་མ་ཡ་ཛ་ཛ། རཱ་ཛ་ར་ཧུར་ཐུམས། རཱ་ཛ་ཏྲིག་ནན། རཱ་ཛ་རཱ་མཱ་ར་ཡ་རྦད། རཱ་ཛ་ར་སྟཾ་པ་ཡ་ནན། རཱ་ཛ་ར་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། རཱ་ཛ་ར་ཁེས་བྷྱོ། སྲོག་མྱོགས་རྦད། རཱ་ཛ་ར་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ར་ཡི་འོག་ཏུ་རྒྱལ་པོ་གཞུག། རྒྱལ་པོའི་སྟོབས་ཀྱིས་རཱ་ཛ་འཇོམས།། རྒྱལ་པོའི་ལས་བདུན་རྒྱལ་པོའི་གཤེད། ། རང་དབང་མེད་པར་རང་ལས་བྱེད།། རྒྱལ་པོའི་ཕྱག་ཆས་རཱ་ཛ་བསྐོར།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། རྒྱལ་པོའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། གིང་ཆེན་ཕྱག་ཆ་བསྐོར་བ་ནི།། ཐེ་བྲང་གཉེན་པོར་གིང་ཆེན་བསྒོམ།། གིང་ཆེན་སྲོག་སྙིང་གཉིས་མེད་འཛབ།། ས་བསྟན་ཨ་ཏྲི་ས་དུ་ཏྲི་བུ། དགྲ་ལ་གིང་ཆེན་སྲོག་བདག་ཡང་ལ་ཤར། ས་དན་དུ་ཧུར་ཐུམས་ཛ། ས་དན་དུ་ཏྲིག་ནན། ས་དན་དུ་མཱ་ར་ཡ་ཕཊ། ས་དན་དུ་སྟཾ་པ་ཡ་ནན། ས་དན་དུ་ཨག་མི་ཤ་ཏྲུཾ་ཛྭ་ལ་རཾ། ས་དན་དུ་ཁེས་བྷྱོ། སྲོག་མྱོགས་རྦད། ས་དན་དུ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། དུ་ཡི་འོག་ཏུ་ཐེ་བྲང་གཞུག། གིང་ཆེན་སྟོབས་དྲག་ཤར་དེ་འཇོམས།། ཤང་གིང་ལས་བདུན་ཐེ་བྲང་གཤེད།། རང་དབང་མེད་པར་རང་ལས་བྱེད།། གིང་ཆེན་ཕྱག་ཆ་རང་ལ་བསྐོར།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། དགྲ་ལྷ་རྡོ་རྗེ་ལེགས་པའི་ལེའུ་སྟེ་བཅཝོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དམ་སྲིའི་ཕྱག་ཆ་བསྐོར་བར་བྱ། དམ་སྲིའི་གཉེན་པོར་མ་མོ་བསྒོམ།། དམ་སྲི་སྲོག་སྙིང་བསྒྲུབ་འཛབ་དྲང། ། རོ་ཏྲི་རོ་ལ་ཡ་མ་པ་ཡཾ་ཏྲི་ཡ་སྲི་ཛ་རྦད། རུ་ཏྲི་སྲི་ཧུར་ཐུམས་ཛ། རུ་ཏྲི་སྲི་ཧྲིག་ནན། རུ་ཏྲི་སྲི་ས་མ་ར་ཡ་རྦད། རུ་ཏྲི་སྲི་སྟཾ་པ་ཡ་ནན། རུ་ཏྲི་སྲི་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། རུ་ཏྲི་སྲི་ཁས་བྷྱོ། སྲོག་མྱོགས་རྦད། རུ་ཏྲི་སྲི་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ། སྲི་ཡི་འོག་ཏུ་དམ་སྲི་གཞུག། དམ་སྲི་སྟོབས་དྲག་བལ་མོ་འཇོམས།། དམ་སྲིའི་ལས་བདུན་ཕུང་འདྲེའི་གཤེད།། རང་དབང་མེད་པར་རང་ལས་བྱེད།། དམ་སྲིའི་ཕྱག་ཆ་རང་ལ་བསྐོར། ། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། དམ་སྲི་འདྲེ་མིག་གི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འགོང་པོ་ཕྱག་ཆ་བསྐོར་བར་བྱ།། འགོང་པོའི་གཉེན་པོར་སྲོག་བདག་བསྒོམ། ། འགོང་པོ་སྲོག་སྙིང་བསྒྲུབ་འཛབ་དྲང།། ཧཾ་ཤཾ་ཧཾ་ཤཾ་ཏྲི། ཨོཾ་སེ་རྒྱལ་བ་ཤ་ནི་ཏྲི་ཏྲི་ཐང་ལང་དུ་ན་ཀཾ་ཀཾ་ཡཾ་ར་ཏྲི་རེ།། ཧཾ་ཤཾ་ཏྲི་ཏྲི་ཧུར་ཐུམས་ཛ། ཧཾ་ཤཾ་ཏྲི་ཧྲིག་ནན། ཧཾ་ཤཾ་ཏྲི་ཏྲི་སྟམ་པ་ཡ་ནན། ཧཾ་ཤཾ་ཏྲི་ཏྲི་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། ཧཱཾ་ཤཾ་ཧཾ་ཏྲི་ཏྲི་ཁེས་བྷྱོ། སྲོག་མྱོགས་རྦད། ཧཾ་ཤཾ་ཏྲི་ཏྲི་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཏྲིའི་འོག་ཏུ་འགོང་པོ་སྟོབས་དྲག་སྤྲུལ་འགོང་འཇོམས།། འགོང་པོའི་ལས་བདུན་འགོང་པོའི་གཤེད།། རང་དབང་མེད་པར་རང་ལས་བྱེད། ། འགོང་པོའི་ཕྱག་ཆ་ཡང་རང་ལ་བསྐོར།། དྲག་པོའི་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། ཕུང་འགོང་འཁྲུག་བྱེད་འཇོམས་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ཁྱད་པར་གབ་པའི་ལས་བཟླས་ནི།། བསམ་གཏན་ལོ་གནོན་རོ་ལངས་གསུམ།། བསྐལ་བ་དུམ་བུའི་མན་ངག་ཡིན།། བསམ་གཏན་དག་ལག་དགོངས་པ་དྲུག། གང་བསྒོམ་གསལ་བྱས་ཕྱག་ཕུར་ལ། ། རྒྱ་མདུད་སྟོད་ལ་སྟོབས་པོ་ཆེ།། རྒྱ་མདུད་འོག་ལ་དབང་ཆེན་བསྒྱིལ།། དཔལ་ལ་གང་གནོད་འདྲེ་བསྒོམ་ལ།། དེ་ལྟ་བུ་ཡི་ཕུར་དྲིལ་པས།། གཉེན་པོའི་སྟོབས་ཀྱིས་འདྲེར་འགྱུར་ན།། དང་པོའི་ཏྲི་ཡི་འོད་འཕྲོས་པས། ། མདུན་གྱི་མཱ་ར་གསལ་བྱས་ཏེ།། ལྷ་འམ་བགེགས་དང་བྲལ་བར་གསལ།། དགུག་བསྟིམ་ལུས་སེམས་བྲལ་བར་བྱ།། གཉིས་པས་ཕུར་དྲིལ་གནད་དབབ་སྟེ།། རིམས་དང་ནད་དུ་འབེབས་པར་བསམ། ། གསུམ་པ་ཕུར་འདྲིལ་བཙན་དུག་གིས།། དུག་སྣ་ཚོགས་པས་མྱོས་སྩོས་སམ།། བཞི་པ་མཚོན་ཆ་སྣ་ཚོགས་ཀྱིས།། ཆར་ཕབ་བསམས་ལ་གསད་པར་བྱ།། ལྔ་པ་དྲག་པོ་མེར་བསྲེགས་པས།། སྐད་ཅིག་ཡུད་ལ་ཐལ་བར་བསམ། ། དྲུག་པ་འབྱུང་བ་རླུང་གཏོར་བས།། དུག་མཚོ་ཁོལ་མས་ཁྱེར་བསམ་ལ།། སྲིད་པ་ཆགས་འཇིག་འབྱུང་བ་དཀྲུག། ལྷ་མེད་འདྲེ་མེད་ཕན་གནོད་མེད།། ཆོས་ཉིད་རྟོགས་མེད་མཉམ་པའི་ངང། ། བསམ་གཏན་དེ་དྲུག་སྤྱི་རུ་གཅེས།། དགུག་གཟེར་ལ་སོགས་ལས་ཐབས་བདུན།། བདུན་བསྲུང་སྤྱི་དང་མཐུན་པར་སྦྱར།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། དྲག་པོ་བསམ་གཏན་གྱི་ལེའུ་སྟེ་ཉེར་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལོག་ནོན་ཕྱག་ཆ་ཁྱབ་པར་ཡིན།། ལྷ་སྲིན་གཏེམ་ཐབས་ཁྱད་པར་གསུམ།། བཛྲ་སརྦ་དུཥྟན། ཨེ་ཨེ། ཧུར་ཧུར་ཐུམས་ཐུམས་ཛ་ཛ། ཨེ་ཨེ། ཏྲིག་ཏྲིག་ནན་ནན། ཨེ་ཨེ། མ་མ་ར་ར་ཡ་ཡ་རྦད་རྦད། ཨེ་ཨེ། སྟཾ་པ་ཡ་སྟཾ་པ་ཡ་ནན་ནན། ཨེ་ཨེ་ཨག་ཨག་ནེ་ནེ་ཤ་ཤ་ཏྲུཾ་ཏྲུཾ་ཛྭ་ཛྭ་ལ་ལ་རཾ་རཾ་ཨེ་ཨེ་ཁེས་ཁེས་བྷྱོ་བྷྱོ། སྲོག་སྲོག་མྱོགས་མྱོགས་རྦད་རྦད།། ཨེ་ཨེ་ཕྲོཾ་ཕྲོཾ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཧྲིལ་ཧྲིལ་ཤར་ཤར་ཤར་ཤར་ཕོབ་ཕོབ། འདི་བཞིན་ཀུན་ལ་སྦྱར་བར་བྱ།། སྙིང་པོ་འབྲུ་གཅིག་གཏེམ་པ་ནི།། ཨེ་ཧུར་ཐུམས་ཛ། ཨ་ཏྲིག་ནན། ཨེ་མཱ་ར་ཡ་རྦད། ཨེ་ཏཾ་པ་ཡ་ནན། ཨེ་ཨ་ནེ་ཤ་ཏྲུཾ་ཛྭ་ལ་རཾ། ཨེ་ཁེས་བྷྱོ། སྲོག་མྱོགས་མཱ་ར་ཡ་རྦད། ཨེ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། འདི་བཞིན་གཞན་ལའང་སྦྱར་བར་བྱ།། སྒོམ་གཏེམ་འབྲུ་གཅིག་གཏེམ་བྱས་ན། ཡ་ཧཱུར་ཐུམས་ཛ་ཡ་ཏྲིག་ནན། ཡ་མཱ་ར་ཡ་རྦད། ཡ་སྟཾ་པ་ཡ་ནན། ཡ་ཨག་ནེ་ཤ་ཏྲུཾ་ཛྭ་ལ་རཾ། ཡ་ཁས་བྷྱོ། སྲོག་མྱོགས་རྦད། ཡ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། འདི་བཞིན་འོག་ནས་ཀུན་ལ་སྦྱར།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། ལོག་ནོན་གྱི་ལེའུ་སྟེ་ཉེར་གཉིས་པའོ། །།། དེ་ནས་ཡང་དང་བཤད་བྱ་བ།། རོ་ལངས་རྨེ་འཐབ་ནང་སྟོབས་ཕྱག་ཆ་འགྲན་པའི་ཚེ། ཁོའི་བསྒྲུབ་སྔགས་ལོག་གིས་བཟློག་ལ་གཏམ་པར་བྱ།། རང་གིས་བསྒྲུབ་སྔགས་རྣལ་མར་བྱ། ཁོ་ཡི་བསྒྲུབ་སྔགས་བཟློག་པ་ལ།། གཟིར་དང་སྲོག་ཕྲོག་གསད་པར་བྱ།། ཕཊ་ཧཱུ~ཾ་ཡ་ནང་ཤ་རོ་ནི་པ་བཛྲ། ཨེ་སྟོཾ། ཡ་མ་ས་ཛ་ཛ་སྣ་རྒྱ་ཨ། བྷྱོ་བདུན་བཛྲ་ཨོཾ། ཛ་ཐུམས་ཧུར་ཨེ་ཏན་དུ་སརྦ་བཛྲ། ནན་ཏྲིག་ཨེ་སྟན་དུ་རྦད་སྭ་བཛྲ། རྦད་ཡ་ར་མ་ཨེ། སྟན་དུ་རྦ་ས་བཛྲ། ནན་ཡ་པ་སྟཾ། ཨེ་སྟན་དུ་རྦ་ས་བཛྲ་ཏྲུཾ་ཤ་ནི་ཨག་ཨེ་སྟན་དུ་རྦ་ཛ། རྦད་མྱོགས་སྲོག་བྷྱོ་ཁེས། ཨེ་བསྟན་དུ་རྦ་ས་བཛྲ་ཕོབ་ཤར་ཤར་ཧྲིལ་ཧྲིལ་ཕྲོཾ་ཕྲོཾ། ཨེ་སྟན་དུ་རྦ་ས་བཛྲ། ཨེ་ཡི་འོག་ཏུ་དགྲ་བགེགས་གཞུག། དམིགས་པ་ཕོ་མོ་ཡུལ་ནས་འཛོམ།། ཡ་མ་ར་ནི་ཙ་ཡཀྵེ་ཡ། ཡཀྵེ་ཡ་ར་ནི་ཡོ་ཏ་ཡ། ཡ་ཏ་ཡོ་ནི་རུ་ཏུ་མེ་ཡ། ཡ་མེ་ཏོ་ས་ཙ་ར་མ་ཡ། ཛ་ཐུམས་ཧུར་ཡ་མ་ཡ་ནན་ཏྲིག་ཡ་མ་ཡ། རྦད་ཡ་ར་མ་ཡ་ཡ་མ། ནན་ཡ་པ་སྟཾ་པ་ཡ་མ་ཡ། རཾ་ལ་ཛ་ཏྲུ?ཾ་ཤ་ནི། ཨག་ཡ་མ་ཡ། རྦད་མྱོགས་སྲོགས་བྷྱོ། ཡ་ཁེས་ཡ་མ་ཡ། ཕོབ་ཤར་ཤར་ཧྲིལ་ཧྲིལ་ཕྲོཾ་ཕྲོཾ། ཡ་མ་ཡ། ཨ་ཡི་སྟེང་དུ་གང་དམིགས་གཞུག། དམིགས་པ་རང་གནས་ཕོ་མོ་འཇོམས། དེ་བཞིན་ཀུན་ལ་སྦྱར་བར་བྱ།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། རོ་ལངས་རྨེ་འཐབ་ནང་སྟོབས་ཕྱག་ཆ་འགྲན་པའི་ལེའུ་སྟེ་ཉེར་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཐུན་མོང་སྤྱི་ཡི་ཕྱག་ཆ་ནི།། དཔལ་ཆེན་ཧེ་རུར་གསལ་བསྒོམ་ལ།། འཕྲིན་ལས་གཞུང་བསྲང་རང་སྔགས་བཟླས།། ཨོཾ་བཛྲ་ཀྲོ་དྷ་མ་མ་ཤྲཱི་ཧེ་རུ་ཀ། བཛྲ་ཀྲོ་དྷ་ཤ་རི་སྟཾ། ཨོཾ་རུ་ལུ་རུ་ལུ། ཧཱུ~ཾ་བྷྱོ་ཧཱུ~ཾ། འདི་མཇུག་ཕྱག་ཆའི་ལས་སྦྱར་བས། ཁྲོ་བོ་ཁྲག་འཐུང་གཙོ་འཁོར་བཅས་པའི་ཕྱག་ཆར་འགྲོ།། ཕྱག་ན་རྡོ་རྗེ་གསལ་སྒོམས་ལ།། འཕྲིན་ལས་གཞུང་བསྲངས་དྲག་སྔགས་བཟླས། ། ཨོཾ་ནི་ལཾ་བ་ར་དྷ་ར་བཛྲ་ཕཱ་ནི་ཧཱུ~ཾ་ཕཊ། ཏདྱ་ཐ་བྷྱོ་བྷྱོ་བན། འདི་འཇུག་ཕྱག་ཆའི་ལས་སྦྱར་བས།། མཐུ་སྟོབས་བདག་པོའི་ཕྱག་ཆར་འགྲོ།། པདྨ་དབང་ཆེན་གསལ་བསྒོམས་ལ།། འཕྲིན་ལས་གཞུང་བསྲང་བསྒྲུབ་སྔགས་བཟླས། ། ཨོཾ་ཧྲི་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྷི་བ་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། འདི་གཞུག་ཕྱག་ཆའི་ལས་སྦྱར་བས།། པདྨ་དབང་ཆེན་ཕྱག་ཆར་འགྲོ།། རྡོ་རྗེ་གཞོན་ནུ་གསལ་བསྒོམས་ལས།། འཕྲིན་ལས་གཞུང་བསྲངས་བསྒྲུབ་སྔགས་བཟླས། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་སརྦ་བི་ནན་བཾ་ཧཱུ~ཾ་ཕཊ། འདི་གཞུག་ཕྱག་ཆའི་ལས་སྦྱར་བས།། ཕུར་པའི་འཕྲིན་ལས་ཕྱག་ཆར་འགྲོ།། ཡ་མན་ཏ་ཀར་གསལ་བསྒོམས་ལས།། འཕྲིན་ལས་གཞུང་བསྲངས་རྩ་སྔགས་བཟླས། ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཏ་བྷཉྫ་ཕཊ། མུག་ཡེ་འདི་གཞུག་ཕྱག་ཆའི་ལས་སྦྱར་བས།། འཇམ་དཔལ་གཤིན་རྗེའི་ཕྱག་ཆར་འགྲོ།། བྱ་ཁྱུང་འཁྱིལ་པ་གསལ་བསྒོམས་ལ། ། འཕྲིན་ལས་གཞུང་བསྲངས་བསྒྲུབ་སྔགས་བཟླས།། ཨོཾ་ག་རུ་ཌ་བཛྲ་དུན་ཏིང་ཀ་ཨ་ཀུ་ཤ་ཛ་ཛ། འདི་གཞུག་ཕྱག་ཆའི་ལས་སྦྱར་བས།། བྱ་ཁྱུང་གསེར་གྱི་ཕྱག་ཆར་འགྲོ།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། བཀའ་འཁོར་དྲུག་གི་ཐུན་མོང་སྤྱིའི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཆེ་མཆོག་པདྨ་ཕྱག་རྡོར་དང།། ཕུར་པ་གཤིན་རྗེ་བྱ་ཁྱུང་གསལ།། བསད་དང་གསོ་དང་དབབ་དང་བཅད། ། ལྟས་ངན་གཟིར་དང་ནན་དང་བདུན།། གཅིག་ལའང་འབྱུང་བར་ཤེས་པར་བྱ།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། སྤྱིའི་ལས་ཀྱི་ཐོ་བྱང་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྤྱིར་ནི་རྡོ་རྗེ་གཙུག་ལག་དང།། དྲག་སྔགས་གཙུག་ལས་གཉིས་ལས་རྡོ་རྗེ་གཙུག་གི་ནི། ཆོས་ཉིད་སྤྱི་གཏན་ལ་འབེབས་ཤིང་སྤྱི་རྒྱ་གཅོད་དོ།། དྲག་སྔགས་གཙུག་ལག་གི་ནི། གཙོ་བོར་ལས་རྣམ་པ་བདུན་དང། སྭོ་བརྒྱ་དང་ལྔ་བཅུ་རྩ་གཅིག། སྡེ་དཔོན་བཅུ་དགུའི་རྫས་དང། སྔགས་དང། ཏིང་ངེ་འཛིན་དང། རྟགས་དང། འཁྲུལ་འཁོར་དང། སྲོག་དང་ངེས་ཚིག་གཏན་ལ་ཕབ། ། དེའི་རྒྱུད་རྣམས་ཀྱི་རྣམ་གྲངས་ནི།། རྩ་རྒྱུད་ཕྱི་རྒྱུད་ཕྱི་མའི་རྒྱུད།། མ་ཚང་ཁ་ནི་སྐོང་བའི་རྒྱུད།། དེ་རྣམས་གསལ་བྱེད་སྟོན་པའི་རྒྱུད།། དེ་ལ་དྲག་སྔགས་བཤད་པའི་རྒྱུད།། དེ་རྣམས་ཀུན་ལས་བཅུད་ཕྱུང་བ། ། བསྐལ་པ་དུམ་བུའི་རྒྱུད་འདི་གསུངས།། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། རྒྱུད་རྣམས་ཀྱི་བྱུང་ཚུལ་དང། རྒྱུད་རྣམ་པ་གཉིས་ཀྱི་ལས་གཉེར་དང། དྲེགས་པ་ལས་ལ་མངག་པའི་གནད་རྣམས་དང། རྒྱུད་ཀྱི་རྣམ་གྲངས་དང། དོན་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།།།། པདྨ་ཐོད་འཕྲེང་བདག་གིས་ནི།། འདི་ཉིད་རྡོ་རྗེ་གདན་དུ་བསྒྱུར་བ།། སྒོར་ཞུགས་འགྲོ་བ་དྲངས་པ་དང།། རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར། ། སྔགས་ཀྱི་གཙུག་ལག་དྲག་སྔགས་གཙུག་ལག་དང།། བསྟན་པ་བསྲུང་ཕྱིར་ཕན་གནོད་གཉིས་ལགས་སོ།། དམ་ཅན་རྣམས་ཀྱི་ཐུགས་ཀྱི་དཀྱིལ་དུ་ཞོག། གཏེར་ཆོས་དྲག་སྔགས་མངོན་བསྟན་འདི། ། ལས་འཕྲོ་ཅན་དང་འཕྲད་པར་ཤོག། རྒྱ་བདུན་ཐོབ་ལ་རང་ཐེམས།། རིན་ཆེན་གཏེར་ལ་ཆོང། དྲག་པོ་ངན་སྔགས་བསྐལ་པ་དུམ་བུའི་རྒྱུད་ལས། སློབ་དཔོན་པདྨ་ཐོད་འཕྲེང་གིས་བསྒྲུབ་པ་པོ་ལ་ཕན་གདགས་ཕྱིར། གདམས་པ་བསྐལ་པ་དུམ་བུའི་རྒྱུད་བསྒྱུར་པའི་ལེའུ་སྟེ་ཉེར་བདུན་པའོ།།།། རྫོགས་སོ།།

CLOSE WINDOW