Wylie |
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་སྤྱི་དཔལ་ཆེན་པོ་ཀུན་ཏུ་བཟང།། སྲོག་གི་གནས་ལུགས་ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། ཞེས་གསོལ་པ་དང།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། སྲོག་གི་གནས་ལུགས་ལྔ་རུ་བཤད།། ཕྱི་ནང་འབྱུང་བ་ལྔ་རུ་གནས།། ནང་ལྟར་ལུས་ངག་ཡིད་གསུམ་གནས། ། གསང་བ་སྙིང་དུ་གནས་པའོ།། གསང་ཆེན་ཨ་བ་དྷུ་ཏི་ལ།། ཡང་གསང་གཏེར་ནི་སེམས་སུ་གནས།། མ་འཁྲུལ་སངས་རྒྱས་སྙིང་པོ་དག། སྐུ་དང་ཡེ་ཤེས་དག་ཏུ་གནས།། མ་རྟོགས་སེམས་ཅན་འཁྲུལ་པ་རྣམས། ། ཉོན་མོངས་འཁྲུལ་པའི་སྲོག་ཏུ་སྣང་ངོ།། ཁ་དོག་དབྱིབས་དང་ཡིག་འབྲུ་སྣང།། སྤྱི་དང་སྒོ་རུང་ཤེས་པར་བྱ།། ངན་སྔགས་གཙུག་ལག་གི་རྒྱུད་ལས། སྲོག་གི་གནས་ལུགས་བསྟན་པའི་ལེའུ་སྟེ་དང་པོའོ། །།། དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བདེར་གཤེགས་བཅོམ་ལྡན་འདས།། སེམས་ཅན་ཀུན་ལ་ཕན་གདགས་ཕྱིར།། འཇིགས་པ་བརྒྱད་ཀྱིས་འཇིགས་པ་ལ། ། མི་འཇིགས་གོ་ཆ་བཤད་དུ་གསོལ། ཞེས་ཞུས་པ་དང། བྷ་ག་ཝན་གྱིས་བཀའ་སྩལ་པ།། གྲོ་ག་འམ་ནི་རས་དཀར་ལ།། འཁོར་ལོ་རྩིབས་བརྒྱད་བྲིས་ནས་ནི།། དེ་དབུས་གང་རུང་མིང་རུས་བྲིས།། རྩིབས་ལ་ཁྲོ་བོའི་སྙིང་པོ་དང། ། བསྲུང་བའི་མིང་རུས་བཅུག་ནས་ཀྱང།། བསྲུང་བར་བྱེད་པའི་སྔགས་ཀྱིས་སྲུངས། ལྷ་ཡི་དེ་ནི་བསྲུང་བར་བསྒོམ།། དེས་ནི་འཇིགས་པ་ནད་དང་གདོན།། ཐམས་ཅད་ཀུན་ལས་སྐྱོབ་པར་བྱེད། ། འདིས་ནི་འཇིགས་པ་ཐམས་ཅད་སྲུན།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ། ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། པདྨ་དབང་ཆེན་བསྲུང་བྱེད་ན།། ཨོཾ་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧཱ་ཡ་གྷྲི་བ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཕྱག་ན་རྡོ་རྗེས་བསྲུང་བྱེད་ན།། ཨོཾ་བཛྲ་ཙཎྜ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཙཎྜ་མ་ཧཱ་རོ་ཁ་ན་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ནི་ལམ་བ་ར་དྷཱ་ར་བཛྲ་པཱ་ནི་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱཧཱ། ཨོཾ་བཛྲ་པཱ་ནི་ཙཎྜ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་མཧཱ་ཀྲོ་དྷ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། གསེར་གྱི་བྱ་ཁྱུང་གིས་བསྲུང་བྱེད་ན།། ཨོཾ་ག་རུ་ཌ་བདག་ལ་རཀྵ་རཀྵ་སྭཱ་ཧཱ། འཇམ་དཔལ་གཤིན་རྗེས་བསྲུང་བྱེད་ན། ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཀཱ་ལ་རུ་པཱ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཧྲི་ཏྲི་བི་ཀྲི་ཏ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ས་མ་ཡ་མཉྫུ་ཤྲི་མུ་ཏྲ་ཡ་མན་ཏཱ་ཀ་ཆེ་གེ་མོ་ལ་ར་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཡ་མ་ར་ཛ་ས་ཏོ་མེ་ཡ།། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ།། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། རྡོ་རྗེ་གཞོན་ནུས་བསྲུང་བྱེད་ན།། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ། ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཁྲོ་བོ་སྤྱི་ཡིས་བསྲུང་བྱེད་ན།། ཨོཾ་བཛྲ་ཀྲོ་དྷ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། དེ་ནས་བསྲུང་བའི་འཁོར་ལོ་དེ།། ལ་ཆས་དྲིལ་ལ་མཚོན་གྱིས་བསྐུ།། དེ་ནས་བསྲུང་བའི་བསྲུང་འཁོར་གདགས། ། ཡང་ན་བསྲུང་བའི་སྐུད་པས་གདགས།། ཡང་ན་བསྲུང་བའི་འཁོར་ལོ་གདགས་པར་བྱ།། ངན་སྔགསགཙུག་ལག་གི་རྒྱུད་ལས། མི་འཇིགས་པ་གོ་ཆའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་འཇམ་དཔལ་གཤིན་རྗེ་ཡི། ། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། དཀོན་མཆོག་བསྟན་པ་བསྲུང་བ་དང།། རྣལ་འབྱོར་སྒོས་དགྲ་གདུལ་བའི་ཕྱིར།། སྒྲོལ་བའི་དབང་མཆོག་ཇི་ལྟར་བསྐུར།། ཡང་དང་རྫོགས་ཀྱིས་བཀའ་སྩོལ་ཅིག། ཅེས་གསོལ་པ་དང། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ།། གང་ཞིག་དགྲ་བགེགས་སྒྲོལ་འདོད་པ།། སྟོབས་ལྡན་སྐྱེས་བུ་དམ་པ་དེས།། ལུང་དང་ལྡན་པའི་སློབ་དཔོན་ལ། ། བཀའ་ཡི་གནང་བ་ནོད་པ་དང།། གནང་བ་ཐོབ་པར་གྱུར་ནས་ནི།། དུར་ཁྲོད་གནས་སམ་དབེན་པ་རུ།། སྔོན་དུ་བསོད་ནམས་ཚོགས་བྱས་ནས།། དེ་ནས་བླ་མ་མཉེས་པར་བྱ།། རྫས་དང་ལག་ཆ་འཚོགས་པར་བཤམས། ། མཆོད་རྫས་རྟེན་རྫས་ལས་ཀྱི་རྫས།། བཀའ་ཡི་གཞུང་བཞིན་བཤམ་པར་བྱ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས།། བཀའ་ཡི་ཆོ་ག་གཞུང་བསྲངས་ལ།། ལྷ་ཡི་བསྙེན་བསྒྲུབ་ཞག་བདུན་ནམ། ། ལྔ་འམ་ཡང་ན་གསུམ་དུ་བྱ།། དེ་ནས་སློབ་བུ་དམ་པ་དེས།། ལག་ཏུ་མེ་ཏོག་ཐོགས་ནས་ཀྱང།། ཕྱག་ནི་ལན་གསུམ་བཙལ་ནས་ནི།། སློབ་དཔོན་ཉིད་ལ་འདི་སྐད་ཞུ།། སློབ་དཔོན་ཆེན་པོ་དགོངས་སུ་གསོལ། ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་དག་གིས་མངའ་བདག་ཁྱེད།། སྲིད་པ་གསུམ་ལ་དབང་སྒྱུར་བ། ཁམས་གསུམ་སྒྲོལ་བའི་སྟོབས་པོ་ཆེ།། དགྲ་བགེགས་མ་ལུས་བསྒྲལ་བ་ཡི། ། དབང་མཆོག་དམ་པ་བདག་ལ་སྩོལ།། ཞེས་གསོལ་པ་དང།། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ།། སྣོད་ལྡན་དམ་པར་གནས་པ་ཁྱེད།། དགྲ་བགེགས་མ་ལུས་བསྒྲལ་བ་ཡི། ། དབང་མཆོག་དམ་པ་ཁྱོད་ཉིད་དམ།། ཞེས་གསུངས་པ་དང། སློབ་བུས་ཀྱང་འཚལ་ལགས་ཞེས་བརྗོད་དོ།། མེ་ཏོག་སློབ་དཔོན་ལ་ཕུལ་ལ།། ཡོན་གྱི་མཆོག་ཁས་བླང་བར་བྱའོ།། དེ་ནས་སློབ་དཔོན་ཆེན་པོ་དེས། ། གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་བཅའ།། དགྲ་བགེགས་གཟུགས་དང་མི་རུས་བཅའ།། ཨེ་ཡི་ནང་དུ་གཞུགས་པར་བྱ།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེད་དང།། ཡུངས་ཀར་ཡུངས་ནག་སྐྱེ་ཚེ་དང། ཁྲག་ཐུན་དུག་ཐུན་ཕུར་པ་རྣམས། ། གསོད་པའི་ཕྱག་ཆར་བསྒོམས་ནས་ནི།། སྒྲོལ་བའི་སྔགས་ཀྱིས་གསད་པར་བྱ།། སྣོད་ལྡན་སློབ་བུ་དམ་པ་དེ། ཁྲོ་བོའི་ཏིང་འཛིན་བསྒོམ་དུ་གཞུག། ལག་ཏུ་གསོད་པའི་རྫས་གཏད་ནས། ། དགྲ་བགེགས་མ་ལུས་དགྲོལ་བ་ཡི།། དབང་མཆོག་དམ་པ་བསྐུར་བར་བྱ།། སྣོད་ལྡན་དམ་ལ་གནས་པ་ཁྱོད།། སྲིད་གསུམ་འགྲན་ཟླ་མེད་པ་ཡི།། མཐུ་སྟོབས་བདག་པོར་དབང་བསྐུར་བས། ། དགྲ་བགེགས་མ་ལུས་ཐམས་ཅད་ཀུན།། སྒྲོལ་བའི་དབང་མཆོག་ཐོབ་པར་ཤོག། ཅེས་བརྗོད་ལ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ།། མཱ་ར་ཡ་མཱ་ར་ཡ་རྦད། དེ་བཞིན་ཀུན་ལ་ཤེས་པར་བྱ།། ཨོཾ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ཨོཾ་པད་མན་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྷྲི་བ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ཨོཾ་བཛྲ་ཙཎྜ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ། ཨོཾ་ནི་ལམ་བ་ར་དྷ་ར་བཛྲ་པཱ་ནི་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མ་ར་ཡ་མ་ར་ཡ་རྦད། ཨོཾ་བཛྲ་པཱ་ནི་ཙཎྜ་མཧཱ་ཚིན་དྷ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ཨོཾ་མ་ཧཱ་ཀྲོ་དྷ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ཨོཾ་བཛྲ་ག་རུ་ཌ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས།། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ཨོཾ་ཀ་ལ་རཱུ་པ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ཨོཾ་ཧྲི་ཥྟི་བི་ཀྲི་ཏ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ། ཨོཾ་ས་མཱ་ཡ་མཉྫུ་ཤྲཱི་མུ་ག་ཡ་མན་ཏ་ཀ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ། ཨོཾ་ཡ་མཱ་ར་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡི་ཀྵེ་ཡ། ཡཀྵེ་ཡ་ཙ་ནི་ར་མ་ཡ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ཨོཾ་བཛྲ་ཀྲོ་དྷ་དགྲ་བགེགས་དམ་སྲི་ནརི་ཏྲི་རྦད་ཐུམས། ད་ར་ཡ་ད་ར་ཡ། མཱ་ར་ཡ་མཱ་ར་ཡ། ཞེས་ཐུན་རྫས་དང་ཕུར་པས་ལིང་ཁ་ལ་བརྡེག། གྲ་བགེགས་ཐམས་ཅད་བསྒྲལ་བར་བསམ་མོ།། དེ་ནས་བསྒྲལ་བའི་ཕུང་པོ་དེ།། མཐུ་སྟོབས་མཚོན་ཆ་དག་གིས་གཏུབས་ནས་ནི། ཁྲོ་བོའི་ལྷ་ཚོགས་འཁོར་བཅས་ལ།། ཤ་ཁྲག་རུས་པའི་མཆོད་པ་འབུལ། ། གཤིན་རྗེ་མ་མོ་ལ་སོགས་པའི།། འཇིག་རྟེན་དྲེགས་པའི་ལྷ་སྲིན་ལ།། བཀའ་ཡི་ཕམ་བབས་སྦྱིན་པར་བྱ།། དེ་ལྟར་དབང་བསྐུར་སློབ་བུ་དེ།། མཐུ་སྟོབས་བདག་པོར་ཐེ་ཚོམ་མེད།། བདེན་པའི་བྱིན་རླབས་བརྗོད་ནས་ནི། ། དེ་རིང་ཕན་ཆད་རྡོ་རྗེ་ཆེ་གེ་མོ་ཁྱོད་ཀྱིས་ཁམས་གསུམ་སྒྲོལ་བའི་མཐུ་དབང་ཐོབ་ནས་དགྲ་བགེགས་ཐམས་ཅད་སྒྲོལ་བའི་མཐུ་སྟོབས་དང་ལྡན་པར་གྱུར་ཅིག། ཅེས་བརྗོད་པར་བྱའོ། ། དེ་ནས་སློབ་དཔོན་དེ་ལ་ཡོན་གྱི་མཆོག་དབུལ་བར་བྱའོ།། ངན་སྔགས་གཙུག་ལག་གི་རྒྱུད་ལས། ཁམས་གསུམ་སྒྲོལ་བའི་མཐུའི་དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། སྤྱི་དཔལ་ཆེན་པོ་ཀུན་ཏུ་བཟང།། ལས་རྣམས་འགྲུབ་པར་བྱ་བའི་ཕྱིར།། དུག་དབྱུང་རྒྱན་གདགས་བཤད་དུ་གསོལ།། ཅེས་གསོལ་པ་དང། སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། ། དུག་ནི་རྣམ་པ་ལྔ་ཡིན་ཏེ།། སྔགས་ཀྱི་དུག་དང་རྫས་ཀྱི་དུག། ཏིང་ངེ་འཛིན་གྱི་དུག་དང་ནི།། གྲོགས་ཀྱི་དུག་དང་བགེགས་ཀྱི་དུག། མཁས་པའི་དབྱུང་བར་ཤེས་པར་བྱ།། ལས་རྣམས་གྲུབ་པར་བྱ་བའི་ཕྱིར། ། རྒྱན་རྣམས་གདགས་པར་བྱ་བ་ནི།། རྒྱན་ནི་རྣམ་པ་ལྔ་ཡིན་ཏེ།། སྔགས་ཀྱི་རྒྱན་དང་རྫས་ཀྱི་རྒྱན།། ཏིང་ངེ་འཛིན་གྱི་རྒྱན་དང་ནི།། གྲོགས་ཀྱི་རྒྱན་དང་བགེགས་ཀྱི་རྒྱན།། མཁས་པས་གདགས་པར་ཤེས་པར་བྱ། ། ངན་སྔགས་གཙུག་ལག་གི་རྒྱུད་ལས། དུག་དབྱུང་ཞིང་རྒྱན་གདགས་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་འཇམ་དཔལ་གཤིན་རྗེས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བདེར་གཤེགས་བྷ་ག་ཝན།། བསྒྲུབ་པའི་ངན་སྔགས་ཐམས་ཅད་ཀྱི། ། སྔགས་ཀྱི་དྲོད་ཚད་བསྟན་དུ་གསོལ།། ཞེས་གསོལ་པ་དང། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། བསྒྲུབ་པའི་ངན་སྔགས་ཐམས་ཅད་ཀྱི།། སྔགས་ཀྱི་དྲོད་ཚད་ངས་བཤད་ཀྱིས། ། ཉོན་ཅིག་འཇམ་དཔལ་གཤིན་རྗེ་གཤེད།། བསྒྲུབ་པའི་ངན་སྔགས་ཐམས་ཅད་ལ།། བསྒྲུབ་པ་དྲུག་ཏུ་ཤེས་པར་བྱ།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་བསྒྲུབ་པ་དག་དང་ལྔ།། གཅིག་ཏུ་དྲིལ་བས་བསྒྲུབ་པ་དང། ། རྣམ་པ་དྲུག་ཏུ་གསུངས་པའོ།། དེ་དུས་ཞག་གྲངས་བསྒྲུབ།། མཚན་མ་རབ་འབྲིང་ཐ་མ་གསུམ།། སྔ་མ་དག་དང་འདྲ་བར་གསུངས།། ཚད་དུ་མ་བྱིན་ལས་མི་འགྲུབ།། ཚད་ལས་འགལ་བའི་ཉེས་དམིགས་དག། སྔ་མ་དག་དང་འདྲ་བར་བཤད།། མཁས་པས་དྲོད་ཚད་ཟིན་པར་བྱ།། དེ་ནས་ཡང་དག་བཤད་བྱ་བ།། གསང་བསྒྲུབ་དྲོད་ཚད་བསྟན་པ་ནི།། བསྙེན་བསྒྲུབ་དག་དང་འཕྲིན་ལས་གཉིས། ། བསྙེན་བསྒྲུབ་དྲོད་ཚད་བསྟན་པ་ནི།། རྣམ་པ་གསུམ་དུ་ཤེས་པར་བྱ།། གྲངས་དང་དུས་དང་མཚན་མའོ།། གྲངས་ནི་འབུམ་ཚོ་ལྔ་རུ་གསུངས།། དུས་ནི་ལོ་ཕྱེད་དག་ཏུ་གསུངས།། མཚན་མ་དག་ལ་དམ་པ་གསུམ། ། རབ་འབྲིང་ཐ་མ་རྣམ་པ་གསུམ།། སྔ་མ་དག་དང་མཐུན་པར་བཤད།། ཚད་དུ་མ་ཕྱིན་སྐྱོན་དུ་བཤད།། ཚད་ལས་སྒལ་ན་ཡོན་ཏན་མཆོག། བསྙེན་པའི་སྔགས་ཐུན་རེ་རེ་ལ།། སྦྱོར་བ་ཚང་བར་བཤམས་པ་ནི། ། བསྙེན་ཅིང་བསྒྲུབ་པའི་དངོས་གྲུབ་བླང།། གྲངས་ནི་བརྒྱ་རྩ་བརྒྱད་ཀྱིས་ཐོབ།། དུས་ནི་ཟ་མ་དག་གིས་འགྲུབ།། མཚན་མ་རབ་འབྲིང་ཐ་མ་གསུམ།། གཉིས་སུ་མེད་པར་གྱུར་པ་ནི།། བསྙེན་པ་རྫོགས་པར་གྱུར་པ་ནི། ། སྟོབས་དང་ལྡན་པར་གྱུར་པ་ཡིན།། བསྙེན་བསྒྲུབ་དྲོད་ཚད་ཡིན་པར་བཤད།། དེ་ནས་ལས་བསྒྲུབ་བྱེད་དེ།། ཞི་རྒྱས་དབང་དང་དྲག་པོ་དང།། གསད་གསོ་དབབ་གཅད་ལ་སོགས་དང། ། མནན་གཟིར་ཆོ་འཕྲུལ་ལས་ཀྱི་རིམ་པ་ཐམས་ཅད་ལ།། ཇི་ལྟར་འདོད་པར་བྱེད་པ་ནི།། ལས་ཀྱི་སྔགས་སུ་ཤེས་པར་བྱ།། གྲངས་ནི་ཁྲི་ཚོ་བཞི་ཡིས་འགྲུབ།། དུས་ནི་ཞག་གྲངས་བཅུ་གཅིག་གོ། མཚན་མ་རབ་འབྲིང་ཐ་མ་གསུམ། ། སྔ་མ་དག་པས་ཉེ་བར་འབྱུང།། ཚད་དུ་མ་ཕྱིན་ལས་མི་འགྲུབ།། ཚད་ལས་འགལ་བའི་ཉེས་དམིགས་ནི།། སྔ་མ་དག་ལ་མཐུན་པར་བཤད།། མཁས་པས་དྲོད་ཚད་ཟིན་པར་བྱ།། དེ་ནས་ཡང་དག་བཤད་བྱ་བ། ། གསང་ཆེན་བསྒྲུབ་པའི་དྲོད་ཚད་ནི།། འདི་ལྟར་ཡང་དག་བཤད་པར་བྱ།། སྔགས་ཀྱི་རྩ་བ་གཅིག་ཉིད་ལ།། བསྙེན་བསྒྲུབ་གཅིག་ཏུ་དྲིལ་བ་དག། བསྙེན་བསྒྲུབ་སྔགས་ཀྱི་དྲོད་ཚད་ནི།། རྣམ་པ་གསུམ་དུ་ཤེས་པར་བྱ། ། གྲངས་དང་དུས་དང་མཚན་མ་མཐོང།། གྲངས་ནི་འབུམ་ཚོ་གསུམ་དུ་གསུངས།། དུས་ནི་ཟླ་བ་གསུམ་དུ་གསུངས།། ཚད་ནི་རབ་འབྲིང་ཐ་མ་གསུམ།། སྔ་མ་དག་པས་མྱུར་བར་འབྱུང། ། ཚད་དུ་མ་ཕྱིན་སྐྱོན་དུ་འགྱུར།། ཚད་ལས་འགལ་ན་ཡོན་ཏན་མཆོག། བསྙེན་བསྒྲུབ་གཅིག་ཏུ་བསྒྲུབ་ནས་ནི།། གྲངས་ནི་བརྒྱ་རྩ་བརྒྱད་ཀྱིས་འགྲུབ།། དུས་ནི་ཡུད་ཙམ་དག་གིས་གསུངས།། མཚན་མ་རབ་འབྲིང་ཐ་མའོ། ། སྟོབས་དང་ལྡན་པར་གྱུར་པ་ནི།། གསང་ཆེན་བསྙེན་བསྒྲུབ་རྫོགས་པའོ།། སྔགས་ཀྱི་དྲོད་ཚད་ཡིན་པར་བཤད།། དེ་ནས་ལས་ལ་བསྐུལ་བྱེད་དེ།། ཞི་དང་རྒྱས་དང་དབང་དང་དྲག། གསད་གསོ་དབབ་གཅད་ལ་སོགས་དང། ། གནན་གཟིར་ལྟས་ངན་ལ་སོགས་དང།། ལས་ཀྱི་རིམ་པ་ཐམས་ཅད་ལ།། ཇི་ལྟར་འདོད་པར་བྱེད་པ་ནི།། ལས་ཀྱི་སྔགས་སུ་ཤེས་པར་བྱ།། བསྒྲུབ་པ་ཆེན་པོ་དག་ཏུ་གསུངས། ། གྲངས་ནི་ཁྲོ་ཚོ་གསུམ་དུ་གསུངས།། དུས་ནི་ཞག་དགུ་དག་ཏུ་གསུངས།། མཚན་མ་རབ་འབྲིང་ཐ་མར་གསུངས།། སྔ་མ་དག་ལས་ཉེ་བར་འབྱུང།། ཚད་དུ་མ་ཕྱིན་པས་མི་འགྲུབ།། ཚད་ལ་འགལ་བའི་ཉེས་དམིགས་དག། སྔ་མ་དག་དང་མཐུན་པར་བཤད།། མཁས་པས་དྲོད་ཚད་ཟིན་པར་བྱ།། དེ་ནས་ཡང་དག་བཤད་བྱ་བ།། ཡང་གསང་གཏེར་དུ་བསྒྲུབ་པའི་དྲོད་ཚད་བསྟན་པ་ནི།། སྔགས་ཀྱི་རྩ་བ་གཅིག་ཉིད་ལ། ། བསྙེན་དང་བསྒྲུབ་པ་ཡེ་ནས་རྫོགས།། དྲོད་ནི་རྣམ་པ་གསུམ་དུ་བསྟན།། གྲངས་ནི་འབུམ་ཚོ་གཅིག་ཏུ་གསུངས།། དུས་ནི་ཟླ་བ་གཅིག་ཏུ་གསུངས།། མཚན་མ་རབ་འབྲིང་ཐ་མ་གསུམ།། སྔ་མ་དག་བས་ཉེ་བར་འབྱུང། ། ཚད་དུ་མ་ཕྱིན་སྐྱོན་དུ་བཤད།། ཚད་ལས་འགལ་ན་ཡོན་ཏན་མཆོག། ཐམས་ཅད་རང་ལ་ཚངས་པའི་ཕྱིར།། དངོས་གྲུབ་ཀུན་ནས་སྤྱིར་སློང་ན།། ངན་སྔགས་བདག་པོ་བདག་མོ་རྣམས། ། སྔགས་པ་གཉིས་དང་གཉིས་སུ་མེད།། སྟོབས་དང་ལྡན་པ་གྱུར་པ་ནི།། བསྙེན་བསྒྲུབ་གཅིག་ཏུ་བསྒྲུབས་པ་ཡིན།། སྔགས་ཀྱི་དྲོད་ཚད་དག་ཏུ་བཤད།། དེ་ནས་ལས་ལ་བསྐུལ་བ་ནི།། ཞི་རྒྱས་དབང་དང་མངོན་སྤྱོད་དང། ། གསད་གསོ་དབབ་བཅད་ལ་སོགས་དང།། གནན་གཟིར་ལྟས་ངན་ཆོ་འཕྲུལ་སོགས།། ལས་ཀྱི་རིམ་པ་ཐམས་ཅད་ལ།། ཇི་ལྟར་འདོད་པར་བྱེད་པ་ནི།། ལས་ཀྱི་སྔགས་སུ་ཤེས་པར་བྱ།། གྲངས་ནི་ཁྲོ་ཚོ་གཅིག་དང་སྟོང། ། དུས་ནི་ཞག་བདུན་དག་ཏུ་བཟླས།། མཚན་མ་རབ་འབྲིང་ཐ་མ་དག། སྔ་མ་དག་པས་ཉེ་བར་འབྱུང།། ཚད་དུ་མ་ཕྱིན་ལས་མི་འགྲུབ།། ཚད་ལས་འགལ་བའི་ཉེས་དམིགས་དག། སྔ་མ་དག་དང་མཐུན་པར་བཤད། ། མཁས་པས་དྲོད་ཚད་ཟིན་པར་བཤད།། གལ་ཏེ་བྱིན་རླབས་མ་བྱུང་བ་འམ།། ལས་རྣམས་གྲུབ་པར་མ་གྱུར་ན།། སྔོན་དུ་བསོད་ནམས་ཚོགས་བསགས་བྱ།། ལྷ་བསྒྲུབ་སྤོགས་དང་འཕྲིན་ལས་སོ། ། སྔ་མའི་གོ་རིམས་ཇི་བཞིན་དུ།། མཁས་པས་ལས་ལ་སྦྱར་བར་བྱ།། ལས་ཀྱི་རིམ་པ་གྲུབ་པ་དང།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སྔགས་བདག་དམ་ཅན་ཉེས་པར་བྱ།། སྤོགས་ཐབས་སྔགས་ཀྱི་དྲོད་ཚད་རྣམས། ། མཁས་པས་ཡང་དག་གཟུང་བར་བྱ།། དེ་ནས་ཡང་དག་བཤད་བྱ་བ།། བསྒྲུབ་པའི་ངན་སྔགས་གཙོར་ལེན་པའི།། བསྙེན་བསྒྲུབ་ལས་ཀྱི་རིམ་པ་རྣམས།། སྔོན་དུ་རྫོགས་པའི་སྔགས་པ་དེས། ། རྒྱུན་གྱི་ཡི་དམ་བྱེད་པའི་ཚེ།། སྔགས་པས་འདི་ལྟར་ཤེས་པར་བྱ།། སྔོན་དུ་ཡི་དམ་གང་བྱེད་ལ།། དེ་ཡི་སྔགས་རྣམས་བཞུང་བཞིན་བྱ།། དེ་ནས་ལས་མཁན་སྔགས་བདག་གི། བསྒྲུབ་བྱ་གང་ཡིན་སྲོག་སྙིང་དེ། ། སྟོང་ངམ་ལྔ་བརྒྱ་བརྒྱ་རྩ་བརྒྱད།། མ་བརྗེད་དྲན་པའི་བཟླས་པ་བྱ།། འཕྲིན་ལས་གང་བྱེད་ལས་སྔགས་དག། སྟོང་ངམ་ལྔ་བརྒྱ་རྩ་བརྒྱད་བཟླས།། བཟླས་ཤིང་གང་བྱེད་ལས་ལ་བསྐུལ།། དེ་ལྟར་རྒྱུན་དུ་བྱས་གྱུར་ན། ། མཐུ་དང་བྱིན་བརླབས་དཔག་ཏུ་མེད།། ཡི་དམ་རྒྱུན་གྱི་བཟླས་བརྗོད་དང།། སྔགས་ཀྱི་དྲོད་ཚད་བཤད་པའོ།། ངན་སྔགས་གཙུག་ལག་གི་རྒྱུད་ལས། ཕྱི་དང། ནང་དང། གསང་བ་དང། ཡང་གཏེར་གྱི་བསྒྲུབ་པ་དང། ལས་སྔགས་དང་སྤོགས་ཐབས་དང། རྒྱུད་ཀྱི་བཟླས་པ་དང། དེ་རྣམས་ཀྱི་དྲོད་ཚད་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་འཁོར་འདུས་པ་ཆེན་པོ་རྣམས་དང། མཁའ་འགྲོ་མ་དང། འཆི་བདག་ལ་སོགས་པའི་འཇིག་རྟེན་ན་དབང་ཆེ་བའི་དྲེགས་པ་ཅན་ཐམས་ཅད་ལ། བཅོམ་ལྡན་འདས་སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གཏད་དོ།། འདུས་པའི་འཁོར་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་ཁྱེད་རྣམས་ལ། རྒྱུད་ཀྱི་རྒྱལ་པོ་ངན་སྔགས་གཙུག་ལག་གི་རྒྱུད་འདི་གཏད་དོ།། དཀོན་མཆོག་གི་བསྟན་པ་གཉན་པོ་སྲུངས་ཤིག། ཅེས་བཀའ་སྩལ་ནས། ཆོས་ཉིད་ཀྱི་དབྱིངས་བརྗོད་དུ་མེད་པའི་ངང་ལ་ཅི་ཡང་མི་གསུང་བར་བཞུགས་སོ། ། ངན་སྔགས་གཙུག་ལག་གི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་དྲུག་པའོ།།།། རྩ་བ་དང། ཕྱི་མ་དང། ཕྱི་མའི་ཡང་ཕྱི་མ་དང། དེ་རྣམས་ཀྱི་མ་ཚང་བ་སྐོང་བའི་རིམ་པར་གསུངས་པ་ངན་སྔགས་གཙུག་ལག་གི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ། ། རྒྱ་རྒྱ་རྒྱ།།།།
CLOSE WINDOW