Wylie |
རྒྱ་གར་སྐད་དུ། ཨུ་ཀྲ་ན་བི་མན་ཏྲ་ཏན་ཏྲ། བོད་སྐད་དུ།། དྲག་པོ་ངན་སྔགས་ཀྱི་རྩ་བའི་རྒྱུད། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གསང་བ་ཆེན་པོའི་གནས་ན་རིན་པོ་ཆེ་སྣ་ལྔ་དང་དུར་ཁྲོད་ཆེན་པོ་ལས་གྲུབ་པའི་གཞལ་ཡས་ཁང། དབུས་མཐིང་ནག་གྲུ་གསུམ་ཟླ་ཁམ་གསུམ་དང་ལྡན་པ། འཁོར་ལོ་རྩིབས་བཞི་དང་ལྡན་པ། དེའི་ཕྱིར་རིམ་འཁོར་ལོ་རྩིབས་བརྒྱད་དང་ཡང་ལྡན་པ། སྒོ་བཞི་དང་ལྡན་པ་རྒྱ་ཁྱོན་དཔག་ཏུ་མེད་པ། རྒྱན་སྣ་ཆོགས་ཀྱིས་བརྒྱན་པ། ཤིན་ཏུ་འཇིགས་པའི་གཞལ་ཡས་དེ་ན།། དུར་ཁྲོད་གསར་རྙིང་གི་ལོངས་སྤྱོད་དང་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། གཞལ་ཡས་ཁང་དེའི་ཕྱི་རོལ་ན། ལྕགས་རི་ཆེན་པོའི་མཐའ་མན་བསྐལ་པའི་མེ་ཆེན་པོ་འབར་བ། དེ་ལྟ་བུའི་གཞལ་ཡས་ཁང་དེའི་དབུས་ཀྱི་ཕོ་བྲང་ན། ། གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང་དུ་གླང་པོ་ཆེ་ཕོ་མོ། དེའི་སྟེང་ན་ཉི་ཟླ་པདྨ་གདན་སྟེངས་ན། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཡབ་ཡུམ་གཉིས་སུ་མེད་པར་དགྱེས་པ་ཆེན་པོའི་རང་བཞིན་དུ་བཞུགས་སོ། ། སྐུ་གསུང་ཐུགས་ཀྱི་སྲས་གཤེད་ཆེན་བཞི་ཡབ་ཡུམ་དང། གཤིན་རྗེ་ཕྱོགས་སྐྱོང་ཡབ་ཡུམ་བཅུ་དང། ཡེ་ཤེས་ཀྱི་སྒོ་མ་བཞི་དང། གཞན་ཡང་ཡེ་ཤེས་དང། སྤྲུལ་པ་དང། ལས་ལ་གྲུབ་བའི་ཁྲོ་མོ་དང། མ་མོ་མཁའ་འགྲོ་དང། འཆི་བདག་གཤིན་རྗེ་གཤེད་འཁོར་དང་བཅས་པ་དང། སྲིད་པའི་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་བཀའ་ནོད་པའི་ཚུལ་དུ་བསྐོར་ནས་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས། སྐུ་གསུམ་དབྱེར་མེད་བར་དང་ལས་མ་གཡོས་པར།། ཐུགས་རྗེ་ཆེ་ལ་ཐབས་མཁས་པའི་བདག་ཉིད་ཆེན་པོ་བཀའ་ནོད་པའི་ཚུལ་གྱིས། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ་དཀོན་མཆོག་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། འཇིག་རྟེན་ལས་འདས་པའི་དྲག་པོའི་ངན་སྔགས་དང། འཇིག་རྟེན་པའི་དྲག་པོ་ངན་སྔགས་ཀྱི་རྒྱུད་འདི་གསུངས་སོ། ། ཕྱིན་ཅི་ལོག་གི་ཆོས་ལ་ཞེན་ཅིང་དེ་བཞིན་གཤེགས་པའི་བཀའ་དང་འགལ་བ་ཐམས་ཅད་བསྒྲལ་ཞིང། བྱང་ཆུབ་ཀྱི་སྙིང་པོ་ལ་ཐམས་ཅད་དགོད་པར་བྱ་ཤེས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལས་འདས་པ་དང། འཇིག་རྟེན་པ་ཐམས་ཅད་ཀྱི་དྲག་པོའི་ངན་སྔགས་རྣམས་ཇི་ལྟར་འདུལ་བ་ལྟར། རང་དབང་ཅན་དང་རང་དབང་མེད་པའི་སྲོག་གི་སྙིང་པོ་ལས་སྔགས་དང་བཅས་པ་རྣམས་གསུངས་ཏེ། དྲག་སྔགས་ཀྱི་བདག་པོ་ཐམས་ཅད་ཀྱི་སྲོག་བསྐུལ་བས། འཇིག་རྟེན་ལས་འདས་པའི་ལྷ་རྣམས་ནི་ཐུགས་དམ་བསྐུལ་བར་མཁྱེན་ནས། དགྱེས་པ་ཆེན་པོའི་གད་རྒྱངས་ཅན་དང་བཅས་ནས་འཕྲིན་ལས་མཛད་པར་གཟིགས་སོ། ། འཇིག་རྟེན་ཐམས་ཅད་པ་ནི་བརྒྱལ་བ་དང་གསོད་ཅིང་གཅོད་པར་མཐོང་ནས་སྲོག་དང་དབྲལ་བར་གྱུར་ཏོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་གནས་ཀྱི་ཁྱད་པར་འདི་གསུངས་སོ། ། དྲག་པོ་ངན་སྔགས་ཟློག་པའི་སྔགས་པས།། དུར་ཁྲོད་ཆེན་པོའི་གནས་དག་གམ།། བྲག་ཆེན་གནས་སམ་ས་མཁར་རམ།། ཤིན་ཏུ་དབེན་དང་བཙན་པ་རུ། ། ས་ཡི་བདག་པོ་བཅོས་ནས་ནི།། བར་ཆོད་བསལ་བའི་ལས་རྣམས་བྱ།། རེ་དོགས་མེད་པའི་གནས་དག་ཏུ།། དྲག་པོ་ངན་སྔགས་སྤྱད་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། གནས་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྟ་བའི་དོན་འདི་གསུངས་སོ།། དྲག་པོ་ངན་སྔགས་སྤྱོད་པའི་སྔགས་པ་ཡིས།། འདི་ལྟར་ཡང་དག་ཤེས་པར་བྱའོ།། ཆོས་ཉིད་རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ། ། ཡེ་ཤེས་དཀྱིལ་འཁོར་སྣང་ལ་རང་བཞིན་མེད།། སྤྲུལ་པ་སྣ་ཚོགས་འདུལ་ཞིང་ལོག་རྟོག་འདུལ་ལ་མཁས།། ཐ་སྙད་ཚིག་རྣམས་དོན་གྱིས་ཡང་དག་སྟོང།། དེ་ལྟར་རྟོགས་ན་སངས་རྒྱས་ཉིད་ཡིན་ཏེ།། དེ་ལ་བསད་ཅིང་གཅད་པ་ཅི་ཡང་མེད། ། འདི་ལྟར་སྣང་བའི་ཆོས་ཉིད་ནི།། རང་གི་སེམས་ཉིད་སྣང་བ་སྟེ།། སེམས་ནི་ཅིར་ཡང་སྣང་བས་ཏེ།། ཇི་ལྟར་སྣང་བ་ཉིད་ཙམ་ན།། ཡང་དག་སྣང་རྒྱུད་ཅི་ཡང་མེད།། སྣང་དང་སྟོང་པ་གཉིས་སུ་མེད། ། དྲག་པོ་ངན་སྔགས་སྤྱོད་པའི་ཚེ།། བསད་གསོད་དབབ་གཅད་ལ་སོགས་པའི།། ལས་རྣམས་བྱེད་པའི་དུས་ཉིད་ན།། གསད་པའི་དུས་ནས་གསད་པ་མེད།། གསོ་བ་ཉིད་ན་གསོ་བ་མེད། ། དབབ་པ་ཉིད་ན་དབབ་པ་མེད།། གཅད་པ་ཉིད་ན་གཅད་པ་མེད།། གནན་པ་ཉིད་ན་གནན་པ་མེད།། གཟིར་པ་ཉིད་ན་གཟིར་པ་མེད།། ལྟས་ངན་ཆོ་འཕྲུལ་ཉིད་ན་ལྟས་ངན་ཆོ་འཕྲུལ་མེད།། རང་སེམས་སངས་རྒྱས་ཡིན་པའི་ཕྱིར། ། གཉིས་མེད་ཡེ་ཤེས་རང་ལ་གསལ།། རང་འབྱུང་ཡེ་ཤེས་ལྷུན་གྱིས་གྲུབ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་སྲོག་གི་གནས་ལུགས་འདི་གསུངས་སོ། ། འཇིག་རྟེན་སྲོག་ཆགས་ཐམས་ཅད་ལ།། སྲོག་གི་གནས་ལུགས་གཉིས་སུ་བཤད།། དངས་མའི་སྲོག་དང་སྙིགས་མའི་སྲོག། འབྱུང་བ་ལྔ་ཡིས་བསྡུས་པ་ལ། ། ལུས་ངག་ཡིད་དང་སྙིང་དང་རྩ།། དེ་དག་སྙིགས་མའི་སྲོག་ཏུ་སྣང།། སེམས་ཉིད་ཡིག་འབྲུ་ཐིག་ལེར་སྣང། ཁ་དོག་དབྱིབས་དང་འོད་དུ་སྣང།། དེ་དག་དངས་མ་སྲོག་ཏུ་སྣང།། དེ་ལྟར་སྣང་བ་བཞི་ཡིན་ཏེ། ། མཚན་མའི་ཞེན་པ་རྟོག་པ་དེ།། མི་རྟག་ཕྱིར་ན་སྲོག་ཏུ་བཤད།། བཛྲ་སརྦ་དུཥྟན། ཡ་མ། མ་མ་རུ་ལུ། ཏིར་ཏི་ཀ་རུ་ཏྲཾ། དུང་ཏིང། དེ་བ། རགྴ། རག་མོ་རུ་ཏྲ། ཡག་ཀྵ། ཡག་མོ།། རཱ་ཛ། ཡཾ་ཏྲི། མུན་མུན། བཛྲ་ས་དྷུ། ཧཱཾ་ཀྵཾ་ཏྲི། རུ་ཏྲི། ས་ཀྲ་ཨེ་ནཱ་ག། ཕུ་མེ་ཡ་ཨེ་མ་ཐ། དུ། དུ་ཨ་ར། ར། རྣི། ཀྵ་ཀྵ། ཙ། ཙ། པ་ཏྲི། ཏྲུཾ། ས། ཕུ། ས། ནཱ། ག། དངས་མ་སྲོག་གི་སྙིང་པོར་སྣང།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། སྲོག་གི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དངོས་པོ་བསྒྲལ་བར་བྱ་བའི་ཞིང་བསྟན་པར་བྱ་སྟེ། བདེན་པའི་དོན་ཉིད་མ་རྟོགས་པས།། སྡུག་བསྔལ་ཕུང་པོ་ལྔ་རུ་སྨིན། ། ལུས་ངག་སེམས་ཀྱི་འདུ་བྱེད་ཀྱི།། གཞན་པས་ལྷག་པའི་བསྡེབས་བསྙེམས་པས།། དྲེགས་པའི་ལུས་ངག་སེམས་སུ་སྣང།། གདུག་པའི་སེམས་ཀྱིས་གསོད་ཅིང་རྔམ།། སེམས་ཅན་ཡོངས་ལ་གནོད་ཅིང་འཚེ། ། དཀོན་མཆོག་དབུ་འཕངས་སྨོད་བྱེད་དང།། བསྟན་པ་གཉན་པོ་གཤིག་པ་དང།། སློབ་དཔོན་སྐུ་ལ་བསྡོ་བ་དང།། རྣལ་འབྱོར་བསམ་གཏན་འཁྲུག་བྱེད་དང།། ཆོས་བྱེད་རྣམས་ལ་འཚེ་བ་དང།། སེམས་གནོད་བྱེད་འཚེ་བ་ལ། ། དེ་ལ་ལས་འདི་བྱ་བར་གསུངས།། གདུལ་ཅིང་བསྒྲལ་བའི་དམིགས་སུ་བསྟན།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། གདུལ་བྱ་བསྒྲལ་བའི་དམིགས་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་འཇིག་རྟེན་ལས་འདས་པའི་དྲག་པོ་ངན་སྔགས་བསྟན་པར་བྱ་སྟེ། ། ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་དུ།། ཡི་དམ་མངོན་དུ་རྫོགས་པར་བྱ།། སྲིད་གསུམ་འགྲན་ཟླ་མེད་པའི་དཔལ།། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་ཁྲོ་བོའི་དྲག་སྔགས་བསྟན་པ་ནི། ། ཐེམས་ནི་འདི་ལྟར་ཤེས་པར་བྱ།། ཐེམས་ནི་རྣམ་པ་གསུམ་དུ་བསྟན།། ལས་མཁན་བསྐུལ་བར་བསྡེབ་པ་དང།། དམིགས་པ་གང་ཡིན་བསྡེབ་པ་དང།། མཐའ་བསྒྱུར་ལས་སྔགས་བསྡེབ་པའོ། ། འདི་བཞིན་ཀུན་ལ་ཤེས་པར་བྱའོ།། ཡིག་འབྲུ་བཅུ་གཅིག་ཁྲོ་བོ་བསྐུལ།། ཨོཾ་བཛྲ་ཀྲོ་དྷི་མཧཱ་ཤྲི་ཧེ་རུ་ཀ་ཧཱུ~ཾ་ཕཊ། དགྲ་བོ་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་བསད་པ་ཡི་དྲག་སྔགས་ཡིན། ཁྲོ་བོ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་སྲོག་གི་གཤེད་མ་བྱེད། ། མཱ་ར་ཡ་ཕཊ། གཅིག་གསོད་པ་ཡི་དྲག་སྔགས་སོ།། གཙོ་བོའི་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱི་གདབ། ཁྲོ་ཚོགས་ཡིག་འབྲུ་བརྒྱད་ཀྱི་བསྐུལ། ། ཨོཾ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། ཁྲོ་ཚོགས་བསྐུལ་བ་སྔ་མ་བཞིན། ། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། མཱ་ར་ཡ་ཕཊ། གཙོ་འཁོར་བཅས་པའི་ལས་སུ་བསྟན།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཆེ་མཆོག་ཧེ་རུ་ཀའི་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་བདག་བཤད་བྱ་བ།། པདྨ་དབང་གི་དཀྱིལ་འཁོར་དུ།། ཡི་དམ་མངོན་དུ་རྫོགས་པར་བྱ། ། དབང་ཆེན་དྲག་སྔགས་བསྟན་པ་ནི། ཁྲོ་བོ་ཡིག་འབྲུ་བཅུ་གསུམ་བསྐུལ།། ཨོཾ་པདྨན་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཕཊ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོའི་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་སོ། ཁྲོ་བོ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྲོག་སྙིང་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་རང་གཤེད་རང་གིས་བྱེད། ། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱཽར་བ་རྣམ་པ་གསུམ་གྱིས་གདབ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། པདྨ་དབང་ཆེན་གྱི་དྲག་སྔགས་ཀྱི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ཕུར་བའི་དཀྱིལ་འཁོར་དུ།། ཡི་དམ་མངོན་དུ་རྫོགས་པར་བྱ།། རྡོ་རྗེ་ཕུར་བུ་དྲག་སྔགས་གསལ། ཁྲོ་བོའི་ཡིག་འབྲུ་བརྒྱད་ཀྱིས་བསྐུལ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཕཊ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་སོ། ཁྲོ་བོ་བསྐུལ་བ་སྔ་མ་བཞིན། ། དགྲ་བོའི་མིང་རུས་སྲོག་སྙིང་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། རྫས་དང་སྔགས་དང་ཏིང་འཛོན་གྱི། ། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། རྡོ་རྗེ་ཕུར་པའི་དྲག་སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ཁྲོ་བོའི་གཙོ་བོ་དཀྱིལ་འཁོར་དུ། ། ཡི་དམ་མངོན་དུ་རྫོགས་པར་བྱ།། ཡིག་འབྲུ་བརྒྱད་ཀྱིས་ཧཱུ~ཾ་ཆེན་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀ་ར་ཕཊ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད། ། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན། ཁྲོ་བོ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྲོག་སྙིང་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མ་ར་ཡ་ཕཊ། གཅིག་གསོད་པ་ཡི་དྲག་སྔགས་ཡིན།། ཡིག་འབྲུ་བརྒྱད་ཀྱིས་རྣམ་བརྒྱད་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཕཊ།། དགྲ་སྲོག་གསོད་བྱེད་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་དབྱུག་སྔོན་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ནི་ལ་དན་ཏྲ་ཕཊ། ། དགྲ་བོ་གསོད་བྱེད་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་གཤིན་རྗེ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་ཕཊ།། དགྲ་སྲོག་གསོད་བྱེད་སྔ་མ་བཞིན།། ཡིག་འབྲུ་བཅུ་ཡིས་མི་གཡོ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཨརྱ་ཙ་ལ་ཕཊ། དགྲ་སྲོག་གསོད་བྱེད་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་རྟ་མགྲིན་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲི་བ་ཕཊ། དགྲ་སྲོག་གསོད་བྱེད་སྔ་མ་བཞིན།། ཡིག་འབྲུ་བཅུ་ཡིས་ཊིཀྐ་ར་ཛ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཕཊ། དགྲ་སྲོག་གསོད་བྱེད་སྔ་མ་བཞིན།། ཡིག་འབྲུ་བཅུ་གཅིག་བདུད་རྩི་འཁྱིལ་པ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུ་ཌ་ལི་ཕཊ། དགྲ་སྲོག་གསོད་བྱེད་སྔ་མ་བཞིན།། ཡིག་འབྲུ་བཅུ་གཅིག་ཁམ་གསུམ་རྣམ་པར་རྒྱལ་བ་བསྐུལ། ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཕཊ། དགྲ་སྲོག་གསོད་བྱེད་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་སྟོབས་ཆེན་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཕཊ། ལས་སྔགས་སྦྱོར་བས་སྔ་མ་བཞིན། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཁྲོ་བོ་བཅུའི་དྲག་སྔགས་ཀྱི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་དུ།། ཡི་དམ་མངོན་དུ་རྫོགས་པ་དང།། གཤིན་རྗེ་གཤེད་པོའི་དྲག་སྔགས་བསྟན་པ་ནི། ཁྲོ་བོ་ཡིག་འབྲུ་བཅུ་ཡིས་བསྐུལ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཕཊ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསོད་པ་ཡི་དྲག་སྔགས་ཡིན། ཁྲོ་བོ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དྲག་པོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་སོ།། སྐུ་ཡི་ལས་སུ་ཤེས་པར་བྱ། ཁྲོ་བོ་ངན་སྔགས་དྲུག་གིས་བསྐུལ། ། ཨོཾ་ཀཱ་ལ་རུ་པ་ཕཊ། དགྲ་བོ་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན། ཁྲོ་བོ་བསྐུལ་བ་སྔ་མ་བཞིན། ། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ།། གཅིག་གསད་བ་ཡི་དྲག་སྔགས་ཡིན།། གསུང་གི་ལས་སུ་ཤེས་པར་བྱ། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ཁྲོ་བོ་སྔགས་འབྲུ་བདུན་གྱིས་བསྐུལ།། ཨོཾ་དྷི་ཏྲི་པི་ཀྲིན་ཧཱུ~ཾ་ཕཊ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། ཁྲོ་བོ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། ཐུགས་ཀྱི་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ཁྲོ་བོ་སྔགས་ཀྱི་ཡིག་འབྲུ་ནི།། བརྒྱད་ཅུ་རྩ་བཞི་སྔགས་ཀྱིས་བསྐུལ། ། ཨོཾ་ས་མ་ཡ་མཉྫུ་ཤྲི་མུ་ཏྲ་ཡ་ནན་ཏ་ཀ་པ་ཙ་ཏེ་རོ་ནི་ཧཱུ~ཾ་ཛ།། ཨོཾ་ས་མ་ཡ་མཉྫུ་ཤྲི་ཡ་མན་ཏ་ཀ་ཡ་མ་ར་ཛ། མ་ཧེ་ཀ་ཛ་ཏི་ཛ་ཛ། ཏྲཀ་རག་ཤ་མུ་ཊ་སྙིང་ཁ་རག་མ་བྷྱོ་བྷྱོ་བྷྱོ། རག་མོ་ཏེ་ཀུཾ་ཛ་ཛ་ཁ་ལ་མ་མ་བྷྱོ་བྷྱོ། ཡ་ཡ་ལོན་ཙིན་དྷ་མ་ལ་བྷྱོ་བྷྱོ། ཛ་ཛ་སྙིང་ཁ་རག་མོ་སྲོག་ལ་བྷྱོ་བྷྱོ། དགྲ་བོ་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ་གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན། ཁྲོ་བོ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན། ། ཡོན་ཏན་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ཁྲོ་བོ་སྔགས་འབྲུ་སུམ་ཅུ་བཞིས།། བསྐུལ་བའི་ལས་སུ་ཤེས་པར་བྱ།། ཨོཾ་ཡ་མཱ་རཱ་ཛ་ས་ཏོ་མེ་ཡ་རུ་ན་ཏ་ཡ། ཡ་ཏ་ཡོ་ན་རི་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་མ་ཡ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། ཁྲོ་བོ་བསྐུལ་བ་སྔ་མ་བཞིན། ། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། འཕྲིན་ལས་ལས་སུ་ཤེས་པར་བྱ། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་བཅུ་ཐམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ།། ཡི་དམ་མངོན་དུ་རྫོགས་པར་བྱ།། ཕྱག་ན་རྡོ་རྗེའི་དྲག་སྔགས་ནི། ཁྲོ་བོའི་སྔགས་འབྲུ་ལྔ་ཡིས་བསྐུལ།། ཨོཾ་བཛྲ་ཙཎྜ་ཕཊ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན། ཁྲོ་བོ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུང་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསོད་པ་ཡི་དྲག་སྔགས་ཡིན།། སྐུ་ཡི་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ཁྲོ་བོ་སྔགས་འབྲུ་བཅུ་ཡིས་བསྐུལ།། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་མ་ཕཊ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད། ། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན། ཁྲོ་བོའི་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། གསུང་གི་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ཁྲོ་བོ་སྔགས་འབྲུ་བཅུ་གཅིག་བསྐུལ།། ཨོཾ་ནི་ལཾ་བར་དྷ་ར་བཛྲ་པཱ་ནི་ཕཊ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན། ཁྲོ་བོ་བསྐུལ་བ་སྔ་མ་བཞིན། ། དགྲ་བོའི་མིང་རུས་སྲོག་སྙིང་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་རང་སྲོག་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན། ཁྲོ་བོ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུང་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསོད་པ་ཡི་དྲག་སྔགས་ཡིན།། ཡོན་ཏན་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས། ། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ཁྲོ་བོ་སྔགས་འབྲུ་དྲུག་གིས་བསྐུལ།། ཨོཾ་མ་ཧཱ་ཀྲོ་དྷ་ཕཊ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་སྲོག་གི་གཤེད་མ་བྱེད། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན། ཁྲོ་བོ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། འཕྲིན་ལས་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཕྱག་ན་རྡོ་རྗེ་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་ཁྱུང་གི་དཀྱིལ་འཁོར་དུ།། ཡི་དམ་མངོན་དུ་རྫོགས་པར་བྱ།། བྱ་ཁྱུང་རྒྱལ་པོའི་དྲག་སྔགས་ནི།། མཁའ་ལྡིང་སྔགས་འབྲུ་དྲུག་གིས་བསྐུལ། ། ཨོཾ་བཛྲ་ག་རུ་ཌ་ཕཊ། ཀླུ་ཡི་སྲོག་སྙིང་འབྲུ་གཉིས་གཞུག། ནཱ་ག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། ཀླུ་གདུག་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། རྫས་དང་སྔགས་དང་ཏིང་འཛིན་གྱིས། ། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། བྱ་ཁྱུང་གི་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འཇིག་རྟེན་འདས་པའི་ལས་དག་གི། སེམས་ཅན་གསོ་བའི་ལས་དག་གིས།། དངོས་གྲུབ་ཐོབ་པའི་སྔགས་པ་ཡིས།། དང་པོ་སྙིང་རྗེ་བསྐྱེད་པར་བྱ།། དེ་ནས་ཉོན་མོངས་སེམས་ཅན་དེ།། བུམ་ཁྲུས་དག་ནས་དབྱུང་བར་བྱ།། དཀོན་མཆོག་ལྷ་དང་སློབ་དཔོན་ལ། ། ལྷ་ཕྱག་ལན་གསུམ་འཚལ་དུ་གཞུག། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ།། བླ་མ་རྡོ་རྗེ་སློབ་དཔོན་ལ།། བདག་ཉིད་གུས་པས་ཕྱག་འཚལ་ལོ། ། བདག་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ།། ཞེས་གསོལ་བ་བཏབ་ལ།། མེ་ཏོག་དབུལ་ཞིང་དཀོར་དག་དབུལ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས།། སྙིང་རྗེས་སེམས་ཅན་དེ་ཉིད་ལ།། སྡོམ་པ་ཕོག་ལ་གསོལ་བ་བྱ། ། འདུས་བྱས་དགེ་བའི་སྲོག་སྦྱིན་བྱ།། ཕྱི་ནང་གཏོར་མ་ཚོགས་མཆོད་བྱ།། ཡི་དམ་མངོན་དུ་རྫོགས་པར་བྱ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀུན།། སེམས་ཅན་དོན་ལ་བསྐུལ་བ་ནི།། སྔགས་ཀྱི་ཡོན་ཏན་བཅུ་གཅིག་གོ། ཨོཾ་ཨ་ཧཱུ~ཾ་ན་མོ་སརྦ་ཏ་ཐཱ་ག་ཏ།། ཆེ་གེ་མོ་ཞེས་བརྗོད་ནས་ཀྱང།། གསོ་བའི་གསང་སྔགས་དྲུག་གིས་ནི།། སངས་རྒྱས་ཀུན་གྱིས་བྱིན་བརླབས་ཀྱིས།། སེམས་ཅན་དེ་དག་གསོ་བར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་ནི།། གསོ་བའི་ལས་སུ་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། སེམས་ཅན་གསོ་བའི་ལས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སེར་བ་ཆེན་པོ་དབབ་པ་ནི།། ཡང་མི་མངོན་དུ་རྫོགས་པར་བྱ།། སྔགས་འབྲུ་བཅུ་གཅིག་གསང་སྔགས་ཀྱིས།། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ། ཐུགས་དམ་དྲག་ཏུ་བསྐུལ་བ་ནི། ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲི་ཧེ་རུ་ཀ་ཕཊ། འཇིག་རྟེན་དྲེགས་པ་ཐམས་ཅད་ཀུན།། ཡིག་འབྲུ་བདུན་གྱི་གཟིར་བར་བྱ།། སརྦ་རུ་ཏྲ་རྦད་ནན་ཛ། དགྲ་བོ་སྲོག་སྙིང་འབྲུ་བཞི་གཞུག། སརྦ་ཤ་ཏྲུཾ། གཟིར་ཞིང་དགུག་གསད་འབྲུ་གསུམ་གྱིས། ། དགྲ་སྡེ་མ་ལུས་གནད་ལ་འབེབས།། རྦད་ནན། ཛ། བགེགས་ཀྱི་རྒྱལ་པོ་འཁོར་དང་བཅས།། ཡིག་འབྲུ་བདུན་གྱིས་གནད་ལ་དབབ།། སརྦ་བི་ན་རྦད་ནན་ཛ། སེར་བའི་དྲག་སྔགས་འབྲུ་བདུན་གྱིས། ། དགྲ་སྡེ་ལོག་རྟོག་འཇོམས་པར་བྱེད།། ཕྲོཾ་ཕྲོཾ་དྷིལ་དྷྲིལ་ཤར་ཤར་ཕོབ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ལས་སྒྲུབ་སྦྱོར་བ་དགྲོལ་བར་བྱ། ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཆེ་མཆོག་འབར་བའི་དྲག་པོ་ངན་སྔགས་ཀྱི་སེར་བ་དབབ་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། པདྨ་དབང་ཆེན་དྲག་སྔགས་ཀྱིས།། སེར་བ་ཆེན་པོ་དབབ་པ་ནི། ། ཡི་དམ་མངོན་དུ་རྫོགས་པ་དང།། དབང་ཆེན་ཁྲོ་བོ་ཐུགས་དམ་དག། ཡིག་འབྲུ་བཅུ་གསུམ་སྔགས་ཀྱིས་བསྐུལ།། ཨོཾ་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཕཊ། འཇིག་རྟེན་དྲེགས་པ་དགྲ་དང་བགེགས། ། གནད་ལ་དབབ་དང་ལོག་རྟོག་འཇོམས།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ལས་གྲུབ་སྦྱོར་བ་གྲོལ་བ་རྣམས།། སྔ་མ་ཇི་བཞིན་ཤེས་པར་བྱ།། དྲག་པོས་ངན་སྔགས་ཀྱི་རྒྱུད་ལས། ། པདྨ་དབང་ཆེན་གྱི་སེར་བ་དབབ་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ཕུར་པའི་དྲག་སྔགས་ཀྱིས།། སེར་བ་ཆེན་པོ་དབབ་པ་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ། ། གསང་སྔགས་ཡི་གེ་འབྲུ་བརྒྱད་ཀྱིས།། རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐུལ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཕཊ།། འཇིག་རྟེན་དྲེགས་པ་དགྲ་དང་བགེགས།། གནད་ལ་དབབ་དང་ལོག་རྟོག་འཇོམས།། རྫས་དང་སྔགས་དང་ཏིང་འཛིན་གྱིས། ། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ལས་གྲུབ་སྦྱོར་བ་གྲོལ་བ་རྣམས།། སྔ་མ་ཇི་བཞིན་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། རྡོ་རྗེ་ཕུར་པའི་དྲག་པོ་ངན་སྔགས་ཀྱི་སེར་བ་དབབ་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ། ཁྲོ་བོ་བཅུ་ཡི་དྲག་སྔགས་ཀྱིས།། སེར་བ་ཆེན་པོ་དབབ་པ་ནི།། གཙོ་བོ་གང་བསྒོམ་ཡི་དམ་རྫོགས།། ཡིག་འབྲུ་བརྒྱད་ཀྱིས་ཧཱུ~ཾ་ཆེན་བསྐུལ། ། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀ་ར་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་བརྒྱད་ཀྱིས་རྣམ་རྒྱལ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཕཊ།། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་དབྱུག་སྔོན་བསྐུལ། ། ཨོཾ་བཛྲ་ཀྲོ་དྷ་ནི་ལ་དན་ཏྲ་ཕཊ།། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་གཤིན་རྗེ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་བཅུ་ཡིས་མི་གཡོ་བསྐུལ། ། ཨོཾ་བཛྲ་ཀྲོ་དྷ་ཨརྱ་ཨ་ཙ་ལ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་རྟ་མགྲིན་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲི་བ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་བཅུ་ཡིས་ཌ་ཀྐི་ར་ཛ་བསྐུལ། ། ཨོཾ་བཛྲ་ཀྲོ་དྷ་ཨ་བེ་ར་ཛ་ཏ་ཕཊ། ལས་སྔགས་སྦྱོར་པ་སྔ་མ་བཞིན། ཡིག་འབྲུ་བཅུ་གཅིག་བདུད་རྩི་འཁྱིལ་བ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜ་ལི་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན། ། ཡིག་འབྲུ་བཅུ་གཅིག་ཁམས་གསུམ་རྣམ་རྒྱལ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལ་ཀྱ་བི་ཛ་ཡ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་སྟོབས་ཆེན་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཁྲོ་བོ་བཅུའི་དྲག་སྔགས་ཀྱི་སེར་བ་དབབ་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འཇམ་དཔལ་གཤིན་རྗེའི་དྲག་སྔགས་ཀྱིས། ། སེར་བ་ཆེན་པོ་དབབ་པ་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ།། འཇམ་དཔལ་གཤིན་རྗེའི་ཐུགས་དམ་ནི།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་རྩ་བའི་སྔགས་ཀྱིས་བསྐུལ།། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མན་ཏ་ཕཊ། པ་ཙ་ཏེ་རོ་ནི་ཧཱུ~ཾ་ཛ། ཨོཾ་ཤྲི་མཉྫུ་ཡ་མན་ཏ་ཀ་ཡ་ར་ཛ། མ་མ་ཨེ་ཀ་ཛ་ཏྀ་ཛ་ཛ། ཏྲག་ཏྲག་ཤ་མུ་ཏྲ་སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏེ་ཀུཾ་ཛ་ཛ། ཁ་ལ་མ་ཏི་བྷྱོ་བྷྱོ། ཡ་ཡ་ལོན་ཙིན་དུ་མ་བྷྱོ་མ་བྷྱོ། ཛ་ཛ་སྙིང་ཁ་རག་མོ་སྲོག་ལ་བྷྱོ་བྷྱོ། ཨོཾ་ཡ་མ་ར་ཛ་ས་ཏོ་མེ་ཡ། ཡ་མེ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། འཇིག་རྟེན་དྲེགས་པའི་དགྲ་དང་བགེགས།། གནད་ལ་དབབ་དང་ལོག་རྟོག་འཇོམས། ། རྫས་དང་སྔགས་དང་ཏིང་འཛིན་སྦྱོར་བ་དང།། ལས་སྒྲུབ་སྦྱོར་བ་གྲོལ་བ་རྣམས།། སྔ་མ་ཇི་བཞིན་ཤེས་པར་བྱ།། འཇམ་དཔལ་གཤིན་རྗེ་དྲག་པོ་ངན་སྔགས་ཀྱིས་སེར་བ་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཕྱག་ན་རྡོ་རྗེའི་དྲག་སྔགས་ཀྱིས།། སེར་བ་ཆེན་པོ་དབབ་པ་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ།། ཕྱག་ན་རྡོ་རྗེའི་ཐུགས་དམ་ནི།། སྐུ་གསུང་ཐུགས་དང་ཡོན་ཏན་དང། ། འཕྲིན་ལས་རྩ་བའི་སྔགས་ཀྱིས་བསྐུལ།། ཨོཾ་བཛྲ་ཙཎྜ་ཕཊ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཤ་ན་ཕཊ། ཨོཾ་ནི་ལཾ་བ་ར་དྷ་ཛ་བཛྲ་པཱ་ཎི་ཕཊ། ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་ཙཎྜ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཕཊ། འཇིག་རྟེན་དྲེགས་པའི་དགྲ་དང་བགེགས། ། གནད་ལ་དབབ་དང་ལོག་རྟོག་འཇོམས།། རྫས་སྔགས་ཏིང་འཛིན་སྦྱོར་བ་དང།། ལས་སྒྲུབ་སྦྱོར་བས་སྒྲོལ་བ་རྣམས།། སྔ་མ་ཇི་བཞིན་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཕྱག་ན་རྡོ་རྗེ་དྲག་སྔགས་ཀྱིས་སེར་བ་དབབ་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བྱ་ཁྱུང་རྒྱལ་པོའི་དྲག་སྔགས་ཀྱིས།། སེར་བ་ཆེན་པོ་དབབ་པ་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ། ། ནམ་མཁའ་ལྡིང་གི་རྒྱལ་པོ་ཡི།། ཐུགས་དམ་ཡི་གེ་ལྔ་ཡིས་བསྐུལ།། ཨོཾ་ག་རུ་ཌ་ཕཊ། གདུག་པ་ཀླུ་སྲོག་འབྲུ་གཉིས་ལ།། ནཱ་ག་གཟེར་བའི་ཡི་གེ་འབྲུ་གསུམ་གྱིས།། ཀླུ་གདུག་མ་ལུས་གནད་ལ་འབེབས། ། རྦད་ནན་ཛ་དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། སརྦ་ཤ་ཏྲུཾ། གཟིར་ཞིང་འགུགས་གསད་འབྲུ་གསུམ་གྱིས།། དགྲ་སྡེ་མ་ལུས་གནད་ལ་འབེབས།། རྦད་ནན་ཛ། བགེགས་ཀྱི་རྒྱལ་པོ་འཁོར་དང་བཅས། ། ཡིག་འབྲུ་བདུན་གྱིས་གནད་ལ་འབེབས།། སརྦ་བིག་ནན་རྦད་ནན་ཛ། སེར་བའི་དྲག་སྔགས་འབྲུ་བདུན་གྱིས།། དགྲ་སྡེ་ལོག་རྟོག་འཇོམས་པར་བྱེད།། ཕོ་མོ་ཕྲོཾ་ཧྲིལ་ཤར་ཤར། རྫས་དང་སྔགས་དང་ཏིང་འཛིན་གྱིས། ། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ལས་གྲུབ་སྦྱོར་བ་གྲོལ་བར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། བྱ་ཁྱུང་གི་དྲག་པོ་ངན་སྔགས་ཀྱིས་སེར་བ་དབབ་པའི་ལེའུ་སྟེ་ཉི་ཤུ་པའོ། །།། དེ་ནས་ཡང་དག་བཤད་བྱ་ལ།། ཐོག་གི་ལས་རྣམས་བསྟན་པར་བྱ།། ཆེ་མཆོག་འབར་བའི་དྲག་སྔགས་ཀྱིས།། ཧེ་རུ་ཀ་ཡི་ཐུགས་དམ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཕཊ། འཇིག་རྟེན་དྲེགས་པ་ཐམས་ཅད་ཀུན། ། ཡིག་འབྲུ་བདུན་གྱིས་གཟིར་བྱ་བ།། སརྦ་རུ་ཏྲ་རྦད་ནན་ཛ། དགྲ་བོའི་སྲོག་སྙིང་འབྲུ་བཞི་གཞུག། སརྦ་ཤ་ཏྲུཾ། གཟིར་ཅིང་དགུག་གསད་འབྲུ་གསུམ་གྱིས།། དགྲ་སྡེ་མ་ལུས་གནད་ལ་འབེབས། ། རྦད་ནན་ཛ། བགེགས་ཀྱི་རྒྱལ་པོ་འཁོར་དང་བཅས།། ཡིག་འབྲུ་བདུན་གྱིས་གནད་ལ་འབེབས།། སརྦ་བིག་ནན་ཛ། ཐོག་གི་དྲག་སྔགས་འབྲུ་བདུན་གྱིས།། ཐོག་གི་བསྐལ་པ་འབེབས་པར་བྱེད།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། ཚ་བའི་སྦྱོར་བ་གསུམ་གྱིས་གདབ།། ལས་གྲུབ་སྦྱོར་བ་སྒྲོལ་བར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཆེ་མཆོག་འབར་བའི་དྲག་སྔགས་ཀྱིས་ཐོག་དབབ་པའི་ལེའུ་སྟེ་ཉེར་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། པདྨ་དབང་ཆེན་དྲག་སྔགས་ཀྱིས།། ཐོག་རྣམས་དབབ་བའི་ལས་བསྟན་པ།། ཡི་དམ་མངོན་དུ་རྫོགས་པར་བྱ།། དབང་ཆེན་ཁྲོ་བའི་ཐུགས་དམ་དག། ཡིག་འབྲུ་བཅུ་གསུམ་སྔགས་ཀྱིས་བསྐུལ།། ཨོཾ་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧཱ་ཡ་གྷྲི་བ་ཕཊ། འཇིག་རྟེན་དྲེགས་པ་དགྲ་དང་བགེགས།། གནད་ལ་ཕབ་པས་ཐོག་རྣམས་འབེབས།། རྫས་དང་སྔགས་དང་ཏིང་འཛིན་སྦྱོར་བ་དང། ། ལས་སྒྲུབ་སྦྱོར་བ་སྒྲོལ་བ་རྣམས།། སྔ་མ་ཇི་བཞིན་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། པདྨ་དབང་ཆེན་གྱི་དྲག་པོ་ངན་སྔགས་ཀྱི་ཐོག་དབབ་པའི་ལེའུ་སྟེ་ཉེར་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ཕུར་པའི་དྲག་སྔགས་ཀྱིས།། ཐོག་རྣམས་དབབ་པར་བསྟན་པར་བྱ།། ཡི་དམ་མངོན་དུ་རྫོགས་པ་དང།། རྡོ་རྗེ་གཞོན་ནུའི་ཐུགས་དམ་ནི།། ཡིག་འབྲུ་བརྒྱད་ཀྱིས་བསྐུལ་བར་བྱ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཕཊ།། འཇིག་རྟེན་དྲེགས་པའི་དགྲ་དང་བགེགས།། གནད་ལ་དབབ་དང་ཐོག་རྣམས་འབེབས།། རྫས་དང་སྔགས་དང་ཏིང་འཛིན་སྦྱོར་བ་དང།། ལས་གྲུབ་སྦྱོར་བ་སྒྲོལ་བ་རྣམས། ། སྔ་མ་ཇི་བཞིན་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། རྡོ་རྗེ་ཕུར་བུ་དྲག་སྔགས་ཀྱིས་ཐོག་དབབ་པའི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ཁྲོ་བོ་བཅུ་ཡི་དྲག་སྔགས་ཀྱིས། ། ཐོག་རྣམས་དབབ་པར་བསྟན་པ་ནི།། གཙོ་བོ་གང་སྒོམ་ཡི་དམ་རྫོགས།། ཡིག་འབྲུ་བརྒྱད་ཀྱིས་ཐུགས་དམ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀ་ར་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་བརྒྱད་ཀྱིས་རྣམ་རྒྱལ་བསྐུལ། ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་དབྱུག་སྔོན་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ནི་ལ་དན་ཏྲ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་གཤིན་རྗེ་བསྐུལ། ། ཨོཾ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་བཅུ་ཡིས་མི་གཡོ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཨརྱ་ཨ་ཙ་ལ་ཕཊ།། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་རྟ་མགྲིན་བསྐུལ། ། ཨོཾ་བཛྲ་ཀྲོ་དྷ་ཧཱ་ཡ་གྷྲི་བ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་བཅུ་ཡིས་ཊཀྐཱི་རཱ་ཛ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན། ། ཡིག་འབྲུ་བཅུ་གཅིག་བདུད་རྩི་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་བཅུ་གཅིག་ཁམས་གསུམ་རྣམ་རྒྱལ་བསྐུལ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཕཊ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། ཡིག་འབྲུ་དགུ་ཡིས་སྟོབས་ཆེན་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཕཊ། ལས་གྲུབ་སྦྱོར་བ་སྒྲོལ་བ་རྣམས།། སྔ་མ་ཇི་བཞིན་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཁྲོ་བོ་བཅུའི་དྲག་པོ་ངན་སྔགས་ཀྱིས་ཐོག་དབབ་པའི་ལེའུ་སྟེ་ཉེར་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འཇམ་དཔལ་གཤིན་རྗེའི་དྲག་སྔགས་ཀྱིས།། ཐོག་རྣམས་དབབ་པའི་ལས་བསྟན་པ།། ཡི་དམ་མངོན་དུ་རྫོགས་པ་དང། ། འཇམ་དཔལ་གཤིན་རྗེའི་ཐུགས་དམ་ནི།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་རྩ་བའི་སྔགས་ཀྱིས་བསྐུལ།། ཨོཾ་བཛྲ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཕཊ། ཨོཾ་ཀ་ལ་རུ་པ་ཕཊ། ཨོཾ་ཧྲི་ཥྟི་བི་ཀྲི་ཏཱ་ཕཊ། ཨོཾ་ས་མ་ཡ་མན་ཛུ་ཤྲཱི་མུ་ཏྲ་ཡ་མན་ཏ་ཀ་པན་ཙ་ཏེ་རོ་ནི་ཧཱུ~ཾ་ཛ། ཨོཾ་ཤྲཱི་མན་ཛུ་ཡ་མན་ཏ་ཀ་ཡེ་མ་ཡ་ར། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ་སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏེ་ཀུམ་ཛ་ཛ་ཁ་ལ་མ་ཏི་བྷྱོ་བྷྱོ། ཡ་ཡ་ལོན་ཙིཏྟ་མ་མ་བྷྱོ་བྷྱོ། ཛ་ཛ་སྙིང་ཁ་རག་མོ་སྲོག་ལ་བྷྱོ་བྷྱོ། ཨོཾ་ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡ་ཙ་ན་རཱ་ཡཱ་མ་ཡ་ཕཊ། འཇིག་རྟེན་གྲགས་པའི་དགྲ་དང་བགེགས། ། གནད་ལ་དབབ་དང་ཐོག་རྣམས་འབེབས།། རྫས་དང་སྔགས་དང་ཏིང་འཛིན་སྦྱོར་བ་དང།། ལས་གྲུབ་སྦྱོར་བ་དགྲོལ་བ་རྣམས།། སྔ་མ་ཇི་བཞིན་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། འཇམ་དཔལ་གཤིན་རྗེ་དྲག་སྔགས་ཀྱིས་ཐོག་དབབ་པའི་ལེའུ་སྟེ་ཉེར་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཕྱག་ན་རྡོ་རྗེའི་དྲག་སྔགས་ཀྱིས།། ཐོག་རྣམ་དབབ་པ་བསྟན་པར་བྱ།། ཡི་དམ་མངོན་དུ་རྫོགས་པར་བྱ། ། ཕྱག་ན་རྡོ་རྗེའི་ཐུགས་དམ་ནི།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་རྩ་བའི་སྔགས་ཀྱིས་བསྐུལ།། ཨོཾ་བཛྲ་ཙཎྜ་ཕཊ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཤ་ན་ཧཱུ~ཾ་ཕཊ། ཨོཾ་བཛྲ་ནི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཕཊ། ཨོཾ་བཛྲ་པཱ་ནི་ཙཎྜ་མ་ཧཱ་ཙཎྜ་ཕཊ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཕཊ། འཇིག་རྟེན་གྲགས་པའི་དགྲ་དང་བགེགས།། གནད་ལ་དབབ་དང་ཐོག་རྣམས་དབབ།། རྫས་དང་སྔགས་དང་ཏིང་འཛིན་སྦྱོར་བ་དང། ། ལས་གྲུབ་སྦྱོར་བ་སྒྲོལ་བ་རྣམས།། སྔ་མ་དེ་བཞིན་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། ཕྱག་ན་རྡོ་རྗེ་དྲག་སྔགས་ཀྱིས་ཐོག་དབབ་པའི་ལེའུ་སྟེ་ཉེར་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བྱ་ཁྱུང་རྒྱལ་པོའི་དྲག་སྔགས་ཀྱིས།། ཐོག་རྣམས་དབབ་པར་བསྟན་པ་ནི།། ཡི་དམ་མངོན་དུ་རྫོགས་པ་དང།། ནམ་མཁའ་ལྡིང་གི་རྒྱལ་པོ་ཡི།། ཐུགས་དམ་ཡིག་འབྲུ་ལྔ་ཡིས་བསྐུལ།། ཨོཾ་ག་རུ་ཌ་ཕཊ། གདུག་པའི་ཀླུ་སྲོག་འབྲུ་གཉིས་ལ། ། ནཱ་ག། གཟིར་བའི་ཡིག་འབྲུ་གསུམ་གྱིས་ནི།། ཀླུ་གདུག་གནད་ལ་འབེབས་པར་བྱེད།། རྦད་ཏྲིག་ནན། དགྲ་བོ་སྲོག་སྙིང་འབྲུ་བཞི་གཞུག། སརྦ་ཤ་ཏྲུཾ། གཟིར་ཞིང་འགུགས་པ་འབྲུ་གསུམ་གྱིས། ། དགྲ་སྡེ་མ་ལུས་གནད་ལ་འབེབས།། རྦད་ནན་ཛ། བགེགས་ཀྱི་རྒྱལ་པོ་འཁོར་དང་བཅས།། ཡིག་འབྲུ་བདུན་གྱིས་གནད་ལ་འབེབས།། སརྦ་བིན་རྦད་ནན་ཛ། ཐོག་གི་དྲག་སྔགས་འབྲུ་བདུན་གྱིས། ། ཐོག་གི་བསྐལ་པ་འབེབས་པར་བྱེད།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་ནི།། ཚ་བའི་ལས་རྣམས་འཁྲུག་པར་བྱེད།། ལས་སྒྲུབ་སྦྱོར་བ་སྒྲོལ་བར་བྱ། ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། ནམ་མཁའ་ལྡིང་གི་རྒྱལ་པོ་དྲག་སྔགས་ཀྱིས་ཐོག་དབབ་པའི་ལེའུ་སྟེ་ཉེར་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཐོག་སེར་གཅད་པའི་དྲག་སྔགས་ནི། ། ཡི་དམ་མངོན་དུ་རྫོགས་པར་བྱ།། ཨོཾ་བཛྲ་ཀྲོ་དྷ་ཕཊ། ལས་སྔགས་ཡིག་འབྲུ་བརྒྱད་བསྐུལ་བས།། ཐོག་དང་སེར་བ་གཅོད་པར་བྱེད།། སརྦ་རུ་ཏྲ་ཐུཾ་རིལ་རྦད།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཐོག་སེར་གཅད་པའི་ལེའུ་སྟེ་ཉེར་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཁམས་གསུམ་ལོག་རྟོག་བསྒྲལ་བའི་ཕྱིར།། སྐལ་ལྡན་སྔགས་པ་གང་ཞིག་ལ། ། སྒྲོལ་བའི་དབང་བསྐུར་བསྟན་པར་བྱ།། སྐལ་ལྡན་སྐྱེས་བུ་དམ་ཅན་དེས།། ལུང་དང་ལྡན་པའི་སློབ་དཔོན་དམ་པ་ལ།། བཀའ་ཡི་གནང་བ་ནོད་པར་བྱ།། གནང་བ་ཐོབ་པར་གྱུར་ནས་ནི།། དུར་ཁྲོད་ལ་སོགས་དབེན་གནས་སུ། ། རྫས་དང་ལག་ཆ་འཚོགས་པར་བྱ།། མཆོད་དང་རྟེན་དང་ལས་ཀྱི་རྫས།། བཀའ་ཡི་གཞུང་བཞིན་བཤམ་པར་བྱ།། དེ་ནས་འབྲུབ་ཁུང་བཅས་ནས་ནི།། དགྲ་བགེགས་ལིང་ཁ་མིང་རུས་སྲོག། བྲིས་ལ་འབྲུབ་ཁུང་ནང་དུ་གཞུག། ཐུན་རྫས་ཕུར་པ་ལ་སོགས་པ།། འབྲུབ་ཁུང་རྩ་རུ་གཞག་པར་བྱ།། དེ་ནས་སྣོད་ལྡན་སློབ་བུ་དེ།། མེ་ཏོག་ལག་ཏུ་ཐོགས་ནས་ནི།། ལྷ་ཕྱག་ལན་གསུམ་བཙལ་བར་བྱ། ། སློབ་དཔོན་དག་ལ་འདི་སྐད་ཞུ།། སློབ་དཔོན་ཆེན་པོ་དགོངས་སུ་གསོལ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། མཐུ་སྟོབས་མངའ་བདག་དགོངས་སུ་གསོལ།། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། དྲག་སྔགས་བདག་པོར་དབང་བསྐུར་བ།། བདག་ལ་དབང་བསྐུར་གནང་བར་ཞུ།། ཞེས་ཞུས་པ་དང།། སློབ་དཔོན་གྱིས་འདི་སྐད་དོ།། སྐལ་ལྡན་དམ་ལ་གནས་པ་ཁྱོད།། དྲག་སྔགས་མཚོན་ཆ་འདྲ་བ་ཡིས། ། དགྲ་བགེགས་མ་ལུས་སྒྲོལ་བྱེད་པའི།། དྲག་སྔགས་དབང་བསྐུར་ཁྱོད་འདོད་དམ།། ཞེས་པ་དང། སློབ་བུ་འདོད་ལགས་ཞེས་ནི་བརྗོད་པར་བྱ།། མེ་ཏོག་སློབ་དཔོན་ལ་ཕུལ་ལ།། ཡོན་མཆོག་རིམ་པས་ཁས་བླང་བར་བྱའོ། ། དེ་ནས་སློབ་དཔོན་གྱིས་འདི་སྐད་དོ།། སྐལ་ལྡན་དམ་ལ་གནས་པ་ཁྱོད།། དྲག་སྔགས་མཚོན་ཆ་རྣོན་པོ་ཡིས།། ཁམས་གསུམ་དགྲ་བགེགས་སྒྲོལ་བ་ཡི།། དབང་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག། དེ་སྐད་ཅེས་ནི་བརྗོད་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། དགྲ་བགེགས་སྒྲོལ་བའི་དབང་བསྐུར་བྱ།། རྫས་རྣམས་སྲོག་གི་གཞུང་དང་མཐུན། ཁྲོ་བོ་ལ་སོགས་སྔགས་བདག་རྣམས། ། བསྐུལ་བ་སྲོག་གི་གཞུང་དང་མཐུན།། གསང་སྔགས་སྲོག་གི་གཞུང་བཞིན་རྣམས།། ཡང་ན་འདི་ཡིས་བསྒྲལ་བར་གསུངས།། སརྦ་ཤ་ཏྲུཾ་རྦད་ཐུམས་རྦད་ཐུམས་རྦད།། དར་ཡ་དར་ཡ་མཱ་ར་ཡ་མཱ་ར་ཡ་ཕཊ། དེ་ནས་མཚོན་ཆ་དག་གིས་གཏུབ། ཁྲོ་བོའི་ཞལ་དུ་བསྟན་པར་བྱ།། བདེན་པའི་བྱིན་རླབས་བརྗོད་ནས་ནི།། དེ་རིང་ཕན་ཆད་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་ཁྱོད་ཀྱིས་དགྲ་བགེགས་ཐམས་ཅད་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག། ཅེས་བརྗོད་པར་བྱའོ།། དེ་ནས་ཡོན་གྱི་མཆོད་དབུལ་ལོ།། དེ་ནས་གཏོར་མ་གཏང་བར་བྱའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཁམས་གསུམ་སྒྲོལ་བའི་མཐུ་དབང་བསྐུར་བའི་ལེའུ་སྟེ་ཉེར་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། མ་མོ་དྲག་སྔགས་བསྟན་པ་ནི།། ཆེ་མཆོག་ཁྲོ་རྒྱལ་མ་མོ་དག། དཔལ་ཆེན་ཁྲག་འཐུང་མ་མོའི་རྗེ། ། འཇིགས་བྱེད་ཆེན་པོ་མ་མོའི་གཤེད།། ཡི་དམ་མངོན་དུ་རྫོགས་པར་བྱ།། ཡིག་འབྲུ་སུམ་ཅུ་སོ་བརྒྱད་པ།། ཡབ་ཡུམ་འཁོར་བཅས་མ་མོའི་ཚོགས།། ཐུགས་དམ་དྲག་ཏུ་བསྐུལ་བར་བྱ།། ཨོཾ་ཤྲི་ཧེ་རུ་ཀ་ཀྲ་དྷི་ཤྭ་རི་སྟམ། ཧཱུ~ཾ་ཧ་ཧེ་ཕཊ། མ་མ་ཡོ་གི་ནི་རུ་ལུ་བྷྱོ། མ་མ་ཡོ་གི་རུ་ལུ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞི།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། གསད་དང་གསོད་དང་དབབ་དང་བཅས།། གནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས། ། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ།། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། སརྦ་མ་ཀ་ཀི་རྦད་ཐུཾ་རིལ་རྦད། སེར་བ་གཅད་པའོ།། སྟཾ་པ་ཡ་ནན། གནན་པའོ།། མ་མ་རག་མོ་ཏྲིག་ནན། གཟིར་བའོ།། ཧེ་ཙ་དུན་ཕོབ། ལྟས་ངན་ཆོ་འཕྲུལ་བཏང་བའོ། ཁུ་ཙ་ཧེ་ཕཊ། ལྟས་ངན་འཕང་པའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། མ་མོ་སྤྱིའི་དྲག་སྔགས་ཀྱི་ལེའུ་སྟེ་སུམ་ཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་ལས་ལ་གྲུབ་པ་ཡི།། གཙོ་མོ་ལྔ་ཡི་དྲག་སྔགས་ནི། ཁྲོ་བོའི་གཙོ་མོ་མ་མོ་བཤད།། ཡི་དམ་མངོན་དུ་རྫོགས་པར་བྱ། ། ཡིག་འབྲུ་བརྒྱད་དང་བཅུ་གསུམ་གྱིས།། གཙོ་མོ་ལྔ་ཡི་སྲོག་གནས་བསྐུལ།། མ་སྙིང་ཁ་རག། སྙིང་ཁ་རག། མ་མ་ཏྲག་རག་ཤ། མ་མ་ཏྲག་རག་ཤ། རག་མ་སྙིང་ཁ་རག་མ། དུན་དུན། ཏྲག་རག་ཤ་མ་སྙིང་ཧེ་ཀེ་མ་བྷྱོ་བྷྱོ། རུ་ལུ་རུ་ལུ་བྷྱོ་བྷྱོ། སྙིང་ཁ་རག་མ། མ་མ་ས་མ་ཡ་དཾ་དཾ་ཛ་ཛ་རུ་སྙིང་ཁ་རག་ཤ་ནི་རྦད། ཐུཾ་རི་ལི་ལི་བྷྱོ། ནི་ཤ་ཀུ་རུ་རག་ཤ་ཁ་རག་ནི་རྦད། ཐུཾ་རི་ལི་ལི་བྷྱོ། སྙིང་ཁ་རག་ཤ་ནི་སྟི་ཏ་རྦད། ཐུཾ་རི་ལི་ལི་བྷྱོ། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་ར་མ་བྷྱོ། ནི་རྦད། ཐུཾ་རི་ལི་ལི་བྷྱོ། དགྲ་བོ་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་རྣམས་བསད་པའི་དྲག་སྔགས་ཡིན།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། ར་མ་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་གཅད།། གནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས། ། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའི་ཕྲོཾ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། མ་མ་ཀི་ཀཾ་ཐུཾ་རི་ལི་ལི་རྦད། ཐོག་སེར་གཅད་པའོ།། སྟམ་པ་ཡ་ནན།། གནན་པའོ།། མ་མ་རག་མོ་ཏྲིག་ནན། གཟིར་བའོ།། ཧེ་ཙན་དུན་ཕོས། ལྟས་ངན་གཏང་བའོ། ཁུ་ཙེ་ཧེ་ཕཊ། ལྟས་ངན་འཕང་བའོ། ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། གཙོ་མོ་ལྔའི་དྲག་སྔགས་ཀྱི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གནམ་ལྕགས་ཐོག་གི་བུ་ཡུག་མའི།། དྲག་པོ་ངན་སྔགས་བསྟན་པའོ།། ཡི་དམ་མངོན་དུ་རྫོགས་པར་བྱ། ། གསང་སྔགས་ཡིག་འབྲུ་དགུ་པའོ།། ཐོག་གི་བདག་མོ་ཐུགས་དམ་བསྐུལ།། ག་པ་ཏི་ག་ན་པུ་ཏི་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད། ། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་བཅད། ། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཏུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་ཐོག་དབབ་པའོ།། མ་མ་ཀི་ཀང་རྦད་ཐུམ་རིལ་ཕཊ།། ཐོག་སེར་གཅད་པའོ།། སྟམ་པ་ནན། གནན་པའོ།། ཏྲག་མོ་ཏྲིག་ནན། གཟིར་བའོ།། ཧེ་ཙ་དུན་ཕོབ། ལྟས་ངན་ཆོ་འཕྲུལ་གཏང་བའོ། ཁུ་ཙེ་ཧེ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། གནམ་ལྕགས་ཐོག་གི་བུ་ཡུག་མའི་དྲག་སྔགས་ཀྱི་ལེའུ་སྟེ་སོ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་ལས་ལས་གྲུབ་པ་ཡི། ཨེ་ཀ་ཛ་ཏིའི་དྲག་སྔགས་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ།། ཡིག་འབྲུ་བཅུ་གསུམ་རྩ་གཅིག་གིས།། ཨེ་ཀ་ཛ་ཏི་སྒྲོལ་བྱེད་བསྐུལ།། མ་མ་ཏྲག་རག་ཤ་མུ་ཏྲ་ཁ་མུ་ཏྲ། རུ་ལུ་རུ་ལུ་བྷྱོ། རག་མོ་ཧེ་ཀུཾ་ཛ་ཛ་ཁ་ལ་མ་ཏི་བྷྱོ། རུ་ལུ་རུ་ལ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་རྣམས་གསད་པའི་དྲག་སྔགས་ཡིན། ། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། དགྲ་བོའི་སྲོག་སྙིང་མིང་རུས་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་བསྐུལ་བ་སྔ་བ་བཞིན།། གསད་དང་གསོ་དང་དབབ་དང་གཅན།། གནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས། ། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤད་ཤད་ཕོབ། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤད་ཤད་ཕོབ། སེར་བ་གཅད་པའོ།། སྟམ་པ་ཡ་ནན། ། གནན་པའོ།། རག་མོ་ཏྲིག་ནན། གཟིར་བའོ།། ཧེ་རྩ་དུན་ཕོབ། ལྟ་ངན་ཆོ་འཕྲུལ་གཏང་བའོ། ཁུ་ཙ་ཧ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། མ་མོ་ཨེ་ཀ་ཛ་ཏིའི་དྲག་སྔགས་ཀྱི་ལེའུ་སྟེ་སོ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། མ་མོ་དཀར་སྨུག་ནག་མོ་ཡི།། དྲག་པོ་ངན་སྔགས་བཤད་པར་བྱ།། ཡི་དམ་མངོན་དུ་རྫོགས་པ་དང།། ཡིག་འབྲུ་བཅུ་གཅིག་གསང་སྔགས་ཀྱིས། ། དཀར་མོའི་གཙོ་མོ་ཐུགས་དམ་བསྐུལ།། མ་མ་ཏྲག་རག་ཤ་ཙིཏྟ་ཨ་རུ་ནན་བྷྱོ། ཡིག་འབྲུ་བདུན་གྱི་གསང་སྔགས་ཀྱིས།། སྨུག་མོའི་གཙོ་མོ་ཐུགས་དམ་བསྐུལ།། ཏྲག་རག་ཤ་ཏྲིག་ཏྲིག་བྷྱོ་བྷྱོ། ཡིག་འབྲུ་བཅུ་གཅིག་གསང་སྔགས་ཀྱིས། ། ནག་མོའི་གཙོ་མོ་ཐུགས་དམ་བསྐུལ།། མ་མ་ཏྲག་རག་ཤ་མུ་ཏྲ་བི་ཤ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད། ། མཱ་ར་ཡ་ཕཊ། སྡེ་རྣམས་གསད་པའི་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད། མཱ་ར་ཡ་ཕཊ། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིངརུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་སྲོག་གི་གཤེད་མ་བྱེད།། གཅིག་གསད་པ་ཡི་དྲག་སྔགས་ཡིན།། རྫས་དང་སྔགས་དང་ཏིང་འཛིན་གྱིས། ། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་གཅད།། གནན་གཟིར་ལྟས་ངན་ཆོ་འཕྲུལ་གྱི།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ། ། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། མ་མོ་ཀི་ཀང་རྦད་ཐུམ་རིལ་རྦད།། ཐོག་སེར་གཅད་པའོ།། སྟཾ་པ་ཡ་ནན། གནན་པའོ།། ཏྲག་རག་ཤ་ཏྲིག་ནན། གཟིར་བའོ།། ཧེ་ཙ་དུན་ཕོབ། ལྟས་ངན་གཏང་བའོ། ཁུ་ཙ་ཧེ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། མ་མོ་དཀར་མོ་ནག་མོ་སྨུག་མོ་གསུམ་གྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་སོ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལྷ་མོ་ནག་མོ་རེ་མ་ཏིའི།། དྲག་པོ་ངན་སྔགས་བསྟན་པ་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ།། ཡིག་འབྲུ་བཅུ་གཅིག་གསང་སྔགས་ཀྱིས། ། སྲོག་གི་བདག་མོ་ཐུགས་དམ་བསྐུལ།། ར་རུ་རོ་རུ་ཙ་བ་ལ་ཨ་ཤུག་མེ་བྷྱོ།། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དྲག་པོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། གསད་དང་གསོ་དང་དབབ་པ་དང།། གནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས། ། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ།། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། མ་མ་ཀི་ཀང་རྦད་ཐུམ་རིལ་རྦད། ། ཐོག་སེར་གཅོད་པའོ།། སྟཾ་པ་ཡ་ནན། གནན་པའོ།། མ་མ་རག་ཤ་ཏྲིག་ནན།། གཟིར་བའོ།། ཧེ་ཙ་དུན་ཕོབ། ལྟས་ངན་གཏང་བའོ། ཁུ་ཙ་ཧེ་ཕབ།། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ལྷ་མོ་ནག་མོ་རེ་མ་ཏིའི་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་སོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ཁ་རག་ནག་མོ་བཀྲག་མེད་དང།། སྲིན་པོ་ཁ་འདར་མགོ་དགུ་དང།། བལ་མོ་སྤུན་གསུམ་དག་དང་ནི། ། ནག་མོ་ཕུང་གསུམ་དམ་ཅན་རྣམས།། དྲག་པོ་ངན་སྔགས་བསྟན་པ་ལ།། ཡི་དམ་མངོན་དུ་རྫོགས་པར་བྱ།། གསང་སྔགས་ཡི་གེ་འབྲུ་བཅུ་ཡིས། ཁ་རག་ནག་མོའི་ཐུགས་དམ་བསྐུལ། ཁ་ཐུན་རག་ཤ་མ་ཏྲང་རུ་ཏྲ་དུན་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་བསད་པ་ཡི་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན། ། དགྲ་བོའི་མིང་རུས་སྙིང་པོ་བཞིན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། རྫས་དང་སྔགས་དང་ཏིང་འཛིན་ཀྱིས། ། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་གཅད།། གནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཤར་ཤར་ཕོབ།། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། རུ་རུ་ཀི་ཀང་རྦད་ཐུཾ་རིལ་རྦད། ཐོག་སེར་གཅད་པའོ།། སྟཾ་པ་ཡ་ནན། གནན་པའོ། ། རུ་ཏྲ་ཏྲིག་ནན།། གཟིར་བའོ།། ཧེ་ཙ་དུན་ཕོབ། ལྟས་ངན་བཏང་བའོ། ཁུ་ཙ་ཧེ་ཕཊ། ལྟས་ངན་འཕང་བའོ།། སྲིན་མོ་ཡིག་འབྲུ་དྲུག་གིས་བསྐུལ།། རག་མོ་རག་ཤ་དུན་བྷྱོ། ལས་སྔགས་སྦྱོར་བ་སྔ་མ་བཞིན། ། བལ་མོ་ཡིག་འབྲུ་སུམ་ཅུ་བསྐུལ།། སྨྱག་རྒྱགས་དུག་དུན་རྒྱུད་ནི་ཛ།། སྨྱག་རྒྱགས་སརྦ་དུན་བྷྱོ། ཨ་ཐ་ཡ་བྲུཾ་རྦད་ཏྲཾ་བྲཾ་ཟེར་ནག་མོ་བྷྱོ། རུ་ལུ་ཙ་པ་ལ་བྷྱོ། ལས་སྔགས་སྦྱོར་བ་སྔ་མ་བཞིན། ཕུང་གསུམ་ཡིག་འབྲུ་ཉི་ཤུ་བཞི། བསྐུལ་མ་དག་ཏུ་ཤེས་པར་བྱ།། དུ་ནི་དུང་ཏིང་དུ་ལ་ཡ་ཛ། དུ་རུ་ཛ་ལ་ནི་ཧ་ན་ར་ཛ་དུ་མ་ཧཱ་ཏེ་ཛ་བྷྱོ་ཛ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ། ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ནག་མོ་ཕུང་གསུམ་མའི་གྲོགས་དང་བཅས་པའི་ངན་སྔགས་ཀྱི་ལེའུ་སྟེ་སོ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གཟའ་གདོང་ཡབ་ཡུམ་མིང་སྲིང་གི། དྲག་པོ་ངན་སྔགས་བསྟན་པར་བྱ། ། ཡི་དམ་མངོན་དུ་རྫོགས་པར་བྱ།། གསང་སྔགས་ཡིག་འབྲུ་བཞི་པ་ཡིས།། སྲིན་པོ་རག་ཤ་ནག་པོ་བསྐུལ།། སྟཾ་བཛྲ་རག་ཤ་ཀེ་ཏ་ཀེ་ཏ་ཏྲག་རག་ཤ་ཐང་ཐང་ཛ་ཛ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་རྣམས་གསད་པའི་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིག་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། སྔགས་དང་རྫས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་གཅད།། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། རག་ཤ་ཀི་ཀང་རྦད་ཐུམ་རིལ་ཕཊ། ཐོག་སེར་གཅད་པའོ།། སྟཾ་པ་ཡ་ནན། གནན་པའོ།། རག་ཤ་ཏྲིག་ནན། གཟིར་བའོ།། ཧེ་ཙ་དུན་ཕོབ། ལྟས་ངན་གཏང་བའོ། ཁུ་ཙེ་ཧེ་ཕཊ། ལྟས་ངན་འཕང་བའོ།། ཀླུ་མོ་ཡིག་འབྲུ་བཅུ་བཞི་བསྐུལ།། མ་མ་རག་མོ་ནཱ་ག་ཤ་ཤུ་ནཱ་ག་རུཾ་པ་ལེ་བྷྱོ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། གཟའ་མཆོག་ཡིག་འབྲུ་བཅུ་དྲུག་བསྐུལ། ། པ་ཤཾ་མི་ཀི་རུ་རུ་མ་ཤིག་གེ་ཛ་པ་ཏི་ར་ཧུ་ལ་ཛ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། སྲིང་མོ་ཡིག་འབྲུ་བདུན་ཅུས།། བསྐུལ་བ་དག་ཏུ་ཤེས་པར་བྱ།། རག་མོ་རག་མོ་སྙིང་རྩ་ཤམ་ལ་བྷྱོ། རག་མོ་རག་མོ་རུ་རུ་རོ་རུ་ཙབ་ལ་སྙིང་ཁ་རག་མ་བྷྱོ། རག་མོ་རག་མོ་རྩ་བ་མོ་ཁྲག་ལ་མུ་ཤ་མ་བྷྱོ། རག་མོ་རག་མོ་ཏྲག་མོ་ཤིག་ཤིག་སྙིང་ཁ་རག་མ་བྷྱོ། རག་མོ་སྙིང་ཙ་རུ་རུ་ཙབ་སྙིང་ཁ་རག་གུ་སི་དིན་མ་ཤག་མུ་ཤ་མ་བྷྱོ། ལས་སྔགས་སྦྱོར་བ་སྔ་མ་བཞིན།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། གཟའ་གདོང་ཡབ་ཡུམ་མིང་སྲིང་གི་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་སོ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བསེ་མོ་བཞི་ཡི་དྲག་སྔགས་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ།། ཡིག་འབྲུ་བཅོ་བརྒྱད་དྲག་སྔགས་ཀྱིས།། བསེ་མོ་བཞི་ཡི་ཐུགས་དམ་བསྐུལ། སུ་ཀྲི་བ་ཡ། པ་ར་ཙིཏྟ། ཡོ་གི་ཤྭ་རི། ཡ་མ་ཙིཏྟ་བྷྱོ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་རྣམས་གསད་པའི་དྲག་སྔགས་ཡིན། ། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་གཅད།། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས། ། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ།། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ།། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ།། ཐོག་དབབ་པའོ།། མ་མ་ཀི་ཀང་རྦད་ཐུམ་རིལ་རྦད། ཐོག་སེར་གཅད་པའོ།། སྟཾ་པ་ཡ་ནན།། གནན་པའོ།། མ་མ་ཏྲིག་ནན། གཟིར་བའོ།། ཧེ་ཙན་དུན་ཕོབ། ལྟས་ངན་གཏང་བའོ། ཁུ་ཙ་ཧེ་ཕཊ།། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། བསེ་མོ་བཞིའི་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་སོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི་གཤིན་རྗེའི་དྲག་སྔགས་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ།། ཡིག་འབྲུ་དགུ་ཡིས་འཆི་བདག་བསྐུལ། ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན། ། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན། ། སྐུ་ཡི་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཡིག་འབྲུ་ལྔ་ཡིས་འཆི་བདག་བསྐུལ།། ཀ་ལ་རུ་པ་བྷྱོ། དགྲ་བོ་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་སོ།། གསུམ་གྱི་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ། ཡིག་འབྲུ་དྲུག་གིས་འཆི་བདག་བསྐུལ།། ཧྲིལ་ཏྲི་བི་ཀྲི་ཏ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། ཨུ0f84་སྡེ་རྣམས་གསད་པའི་དྲག་སྔགས་ཡིན། ། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། ཐུགས་ཀྱི་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཡིག་འབྲུ་ལྔ་བཅུ་རྩ་དྲུག་གིས།། འཆི་བདག་ཡབ་ཡུམ་སྲོག་བསྐུལ་བྱ། ། ཡ་མན་ཏ་ཀ་ཡ་མ་ར་ཡ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ་མུ་ཏྲ། སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏེ་ཀུཾ་ཛ་ཛ། ཁ་ལ་མ་མ་བྷྱོ་བྷྱོ། ཡ་ཡ་ལོ་ན་ཙིན་དན་མ་མ་བྷྱོ་བྷྱོ། སྙིང་ཁ་རག་མ་སྲོག་ལ་བྷྱོ་བྷྱོ། ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ།། སྡེ་རྣམས་གསད་པ་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན། ། དགྲ་བོ་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། ཡོན་ཏན་ལས་སུ་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས། ། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཡིག་འབྲུ་སུམ་ཅུ་རྩ་གསུམ་གྱིས།། འཆི་བདག་གཤིན་རྗེའི་སྲོག་བསྐུལ་བྱ།། ཡ་མ་ར་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ།། སྡེ་གསད་པ་ཡི་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན། ། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། འཕྲིན་ལས་སྔགས་སུ་བསྟན་པ་ནི། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཡིག་འབྲུ་སུམ་ཅུ་རྩ་ལྔ་ཡིས།། འཆི་བདག་གཤིན་རྗེའི་ཐུགས་དམ་བསྐུལ།། མ་ཧཱ་པ་ལ། རུ་པ་པི་སྨི། ཨོཾ་ཀྲོ་ཏཾ་མ་ཧེ་ཤ་པ་ཧ་ནཾ་ནཱ་རག། སིང་ཧ། སརྦ་བུ་ཏ། ཨ་ཏི་པ་ལ་ཡ། ཡ་མ་ར་ཛ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ།། སྡེ་རྣམས་གསད་པའི་དྲག་སྔགས་ཡིན། ། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ།། གཅིག་གསད་པ་ཡི་དྲག་སྔགས་ཡིན། ། འཕྲིན་ལས་དྲག་སྔགས་ལས་སུ་བཤད།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་བཅད། ། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ།། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། མ་མ་ཀི་ཀང་རྦད་ཐུམ་རིལ་ཕཊ། ཐོག་སེར་བཅད་པའོ།། སྟཾ་པ་ཡ་ནན། གནན་པའོ།། ཡ་མ་ཏྲིག་ནན། གཟིར་བའོ།། ཧེ་ཙ་དུན་ཕོབ།། ལྟས་ངན་གཏང་བའོ། ཁུ་ཙ་ཧེ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ལས་ཀྱི་གཤིན་རྗེ་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་སོ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དབང་ཕྱུག་ཆེན་པོའི་དྲག་སྔགས་ནི།། ཡི་དམ་མངོན་དུ་རྫོགས་པ་དང། ། གསང་སྔགས་ཡི་གེ་འབྲུ་དྲུག་གིས།། དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐུལ།། མ་ཧཱ་དེ་དུན་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་རྣམས་གསད་པའི་དྲག་སྔགས་ཡིན།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོའི་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན། ། གསད་དང་གསོ་དང་དབབ་དང་བཅད།། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ། ། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། མ་ཧཱ་དེ་བ་ཀི་ཀང་རྦད་ཐུམ་རིལ་ཕཊ། ཐོག་སེར་གཅད་པའོ།། སྟམ་པ་ཡ་ནན། གནན་པའོ།། མཱ་དེ་བི་ཏྲ་གནན། གཟིར་བ་འོ། ཙ་ཧེ་ཙ་དུན་ཕོབ། ལྟས་ངན་གཏང་བའོ། ཁུ་ཙ་ཧེ་ཕཊ། ལྟས་ངན་འཕང་བའོ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། དབང་ཕྱུག་ཆེན་པོ་དྲག་སྔགས་ཀྱི་ལེའུ་སྟེ་བཞི་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལེགས་ལྡན་ནག་པོ་ཆེན་པོ་ཡི། ། དྲག་པོ་ངན་སྔགས་བསྟན་པ་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ།། གསང་སྔགས་ཡི་གེ་འབྲུ་ལྔ་ཡིས།། ནག་པོ་ཆེན་པོའི་ཐུགས་དམ་བསྐུལ།། མ་ཧཱ་ཀཱ་ལ་བྷྱོ།། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་སྲོག་གི་གཤེད་མ་བྱེད། མཱ་ར་ཡ་ཕཊ། སྡེ་རྣམས་གསད་པའི་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ། ཐུགས་དམ་གྲོག་བསྐུལ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་བཅད།། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱཧཱ། གསོ་བའོ། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ། མ་ཧཱ་ཀཱ་ལ་ཀི་ཀང་རྦད་ཐུམ་རིལ་རྦད་ཕཊ། སེར་བ་གཅད་པའོ། སྟཾ་པ་ཡ་ནན། གནན་པའོ། མ་ཧཱ་གྲིས་སྣ་ཏྲིག་ནན། ། གཟིར་བའོ།། ཧེ་ཙ་དུན་ཕོབ། ལྟས་ངན་གཏང་བའོ། ཁུ་ཙ་ཡེ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ལེགས་ལྡན་ནག་པོའི་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་ཞེ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཡ་བདུད་ཀུན་གྱི་གཙོ་བོ་ཡིན།། ནག་པོ་མེ་ཡི་ཁ་རླངས་ཅན།། དེ་ཡི་དྲག་སྔགས་བསྟན་པ་ནི།། ཡི་དམ་མངོན་དུ་རྫོགས་པ་ཡིས།། གསང་སྔགས་ཡི་གེ་འབྲུ་བརྒྱད་ཀྱིས། ། ཡ་བདུད་ནག་པོའི་ཐུགས་དམ་བསྐུལ།། མ་ར་ན་རུ་ཏྲ་ཀ་ལ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོའི་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ།། སྡེ་རྣམས་གསད་པའི་དྲག་སྔགས་ཡིན། ། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། གསད་དང་གསོ་དང་དབབ་པ་བཅད།། མནན་གཟིར་ལྟས་ངན་ཆོ་འཕྲུལ་གྱི། ། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། རུ་ཏྲ་ཀ་ལ་ཀི་ཀང་རྦད་ཐུམ་རིལ་ཕཊ། ། ཐོག་སེར་གཅད་པའོ།། སྟཾ་པ་ཡ་ནན་གནན་པའོ།། རུ་ཏྲ་ཀ་ལ་ཏྲིག་ནན། གཟིར་བའོ།། ཧེ་ཙ་དུན་ཕོབ།། ལྟས་ངན་གཏང་བའོ། ཁུ་ཙེ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཡ་བདུད་ནག་མོ་མེའི་ཁ་རླངས་ཅན་གྱི་དྲག་སྔགས་ཀྱི་ལེའུ་སྟེ་ཞེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྲོག་བདག་དཀར་པོའི་སྙིང་འབྱིན་གྱིས།། དགྲ་བོ་ངན་སྔགས་བསྟན་པ་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ། ། གསང་སྔགས་ཡི་གེ་འབྲུ་བདུན་གྱིས།། སྲོག་བདག་དཀར་པོ་ཐུགས་དམ་བསྐུལ།། བི་ཤ་མ་ཧཱ་རཱ་ཛ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་རྣམས་གསད་པའི་དྲག་སྔགས་ཡིན།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་བསྐུལ་བ་སྔ་མ་བཞིན། ། གསད་དང་གསོ་དང་དབབ་དང་བཅད།། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ། ། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། རཱ་ཛ་ཀི་ཀང་རྦད་ཐུམ་རིལ་རྦད།། ཐོག་སེར་གཅད་པའོ།། སྟཾ་པ་ཡ་ནན་གནན་པའོ།། ར་ཛ་ཏྲིག་ནན།། གཟིར་བའོ།། ཧེ་ཙ་དུན་ཕོབ།། ལྟས་ངན་གཏང་བའོ། ཁུ་ཙ་ཧེ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། སྲོག་བདག་རྒྱལ་པོའི་ངན་སྔགས་ཀྱི་ལེའུ་སྟེ་ཞེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གནོད་སྦྱིན་སྲོག་བདག་མ་རུ་རྩེ། ། དྲག་པོ་ངན་སྔགས་བསྟན་པ་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ།། གསང་སྔགས་ཡི་གེ་འབྲུ་བཞི་ཡིས།། སྲོག་བདག་དམར་པོའི་ཐུགས་དམ་བསྐུལ།། ཀུ་བེ་ར་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་རྣམས་གསད་པའི་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་བཅད།། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། ཡཀྵ་ཀི་ཀང་རྦད་ཐུཾ་རིལ་ཕཊ། ཐོག་སེར་གཅད་པའོ།། སྟཾ་པ་ཡ་ནན། གནན་པའོ།། ཡཀྵི་ཏྲིག་ནན། གཟིར་བའོ། ། ཧེ་ཙ་དུན་ཕོབ། ལྟས་ངན་གཏང་བའོ། ཁུ་ཙ་ཧེ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། སྲོག་བདག་མ་རུ་རྩེའི་དྲག་སྔགས་ཀྱི་ལེའུ་སྟེ་ཞེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། གིང་ཆེན་རྡོ་རྗེ་ལེགས་པ་ཡི།། དྲག་པོ་ངན་སྔགས་བསྟན་པ་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ།། སྔགས་འབྲུ་བཞི་བཅུ་རྩ་བཞི་ཡིས།། སྐྱེས་བུ་གིང་ཆེན་ཐུགས་དམ་བསྐུལ།། རྒྱུད་བྲེང་ཐུཾ་རིལ་ཕཊ། སྟཾ་པ་ཀ། སོ་སོ་བ་སྟེ།། བཛྲ་ཙ་ལོ་ཀི། བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཏྲི་ཤ་ར་ཀ་རི་ལ། ཕྲི་ཕྲི་མི་ལི།། བཛྲ་ས་དྷུ་ས་མ་ཡ། ཧཱུ~ཾ་རཾ་བཾ་ཛ་ཛ་དུན་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་བཅད།། གནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས། ། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། རུ་ཏྲི་ཀི་ཀང་ཐུམ་རིལ་ཕཊ། ཐོག་སེར་གཅད་པའོ།། སྟཾ་པ་ཡ་ནན། གནན་པའོ།། བཛྲ་ས་དྷུ་ཏྲིག་ནན།། ཧེ་ཙ་དུ་ན་ཕོབ་ལྟས་ངན་གཏང་བའོ།། བུ་ཙ་ཏེ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། གིང་ཆེན་རྡོ་རྗེ་ལེགས་པའི་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་ཞེ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི།། དྲག་པོ་ངན་སྔགས་བསྟན་པ་ནི།། ཡི་དམ་མངོན་དུ་རྫོགས་པ་དང།། གསང་སྔགས་ཡི་གེ་འབྲུ་དྲུག་གིས། ། ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐུལ།། ཨེ་སརྦ་རུ་ཏྲ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གསད་པ་ཡི་དྲག་སྔགས་ཡིན།། ཐུགས་དམ་བསྐུལ་བ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མ་ར་ཡ་ཕཊ། གཅིག་གསད་པ་ཡི་དྲག་སྔགས་ཡིན། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན།། གསད་དང་གསོ་དང་དབབ་དང་བཅད།། གནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས། ། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ།། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། རུ་ཏྲ་ཀི་ཀང་རྦད་ཐུཾ་རིལ་རྦད། ཐོག་སེར་གཅད་པའོ།། སྟཾ་པ་ཡ་ནན། གནན་པའོ།། སརྦ་རུ་ཏྲ་ཏྲིག་ནན། གཟིར་བའོ།། ཧེ་ཙ་དུན་ཕོབ། ལྟས་ངན་གཏང་བའོ། ཁུ་ཙ་ཧེ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དྲག་པོ་ངན་སྔགས་ཀྱི་ལེའུ་སྟེ་ཞེ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འཆི་བདག་ནག་པོ་མགོ་དགུ་པའི།། དྲག་པོ་ངན་སྔགས་བསྟན་པ་ནི།། ཡི་དམ་མངོན་དུ་རྫོགས་པར་བྱ། ། གསང་སྔགས་ཡི་གེ་འབྲུ་བཅུ་ཡིས།། འཆི་བདག་ནག་པོའི་ཐུགས་དམ་བསྐུལ།། ཀ་ལ་ཏི་པ་ཙ། ནཱ་ག་རག་ཤ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། ཤ་ཏྲུཾ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད། ། མཱ་ར་ཡ་ཕཊ། སྡེ་རྣམས་གསད་པའི་དྲག་སྔགས་ཡིན།། འཆི་བདག་སྲོག་བསྐུལ་སྔ་མ་བཞིན།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་ཕཊ། སྡེ་གཅིག་གསད་པའི་དྲག་སྔགས་ཡིན།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཐུགས་དམ་སྲོག་བསྐུལ་སྔ་མ་བཞིན། ། གསད་དང་གསོ་དང་དབབ་དང་བཅད།། མནན་དང་གཟིར་དང་ཆོ་འཕྲུལ་རྣམས།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ།། ཤན་ཏིང་ཀུ་རུ་སྭཱ་ཧཱ། གསོ་བའོ།། ཕྲོཾ་ཕྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། སེར་བ་དབབ་པའོ། ། རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་དབབ་པའོ།། སྟཾ་པ་ཡ་ནན། གནན་པའོ།། ནཱ་ག་ཏྲིག་ནན། གཟིར་བའོ།། ཧེ་ཙ་དུན་ཕོབ། ལྟས་ངན་གཏང་བའོ། ཁུ་ཙ་ཧེ་ཕཊ། ལྟས་ངན་འཕང་བའོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། འཆི་བདག་ནག་པོ་མགོ་དགུ་པོ་ངན་སྔགས་ཀྱི་ལེའུ་སྟེ་ཞེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ། རྫས་ནི་རྣམ་པ་གསུམ་དུ་གསུངས།། རྟེན་རྫས་མཆོད་རྫས་ལས་ཀྱི་རྫས།། རྟེན་པའི་རྫས་སུ་བསྟན་པ་ནི།། མི་ཡི་སྙིང་དང་གཅན་གཟན་སྙིང།། བྱ་ཡི་སྙིང་སྣ་མང་པོ་དང།། རྟ་དང་ཁྱི་དང་འབྲི་རྒོད་སྙིང། ། ལུག་དཀར་ལུག་སྨུག་ལུག་ནག་སྙིང།། གླང་གི་སྙིང་དང་མཛོ་ཡི་སྙིང།། ཕག་པའི་སྙིང་དང་དེའི་སྙིང།། སྐྱེས་པ་དར་མ་ཕོ་མཚན་དང།། བོང་རེང་དག་གི་ཕོ་མཚན་དང། ཁྲག་སྣ་རྣམ་པ་སྣ་ཚོགས་དང། ། སྨན་ཆེན་བདུད་རྩི་ཨ་མྲྀ་ཏ།། མ་མོ་སྤྱི་ཡི་རྫས་སུ་བསྟན།། ཤེལ་སྒོང་དཀར་མོའི་སྙིང་དག་དང།། བྱ་རྒོད་དག་གི་སྙིང་དག་ནི།། ཐོག་གི་བུ་ཡུག་རྫས་སུ་བསྟན།། དམ་རྫས་བདུད་རྩི་ཆེན་པོ་དང།། ཤེལ་ནག་སྤྱི་དཀར་སྙིང་དང་ནི། ། མཁའ་ལྡིང་ནག་མོའི་སྙིང་དག་ནི།། ཨེ་ཀ་ཛ་ཏིའི་རྫས་སུ་བསྟན།། ཤེལ་དཀར་ཤེལ་སྨུག་ཤེལ་ནག་སྙིང།། དཀར་མོ་སྨུག་མོ་ནག་མོའི་རྫས།། ལུག་ནག་སྙིང་དང་བྱ་ནག་སྙིང།། ནལ་བུའི་སྙིང་དང་ནལ་བུའི་ཁྲག། བདུད་རྩི་དང་ནི་བྱང་ཆུབ་སེམས།། རེ་མ་ཏི་ཡི་རྫས་སུ་བསྟན།། སྟག་གི་སྙིང་དང་དྲེད་མོའི་སྙིང།། གླང་གི་སྙིང་དང་ཁྱི་ཡི་སྙིང།། ར་རོག་དང་ནི་མི་ཡི་སྙིང།། སྦྲུལ་གྱི་སྙིང་དང་ཝ་མོ་དང། ། མི་དང་རྟ་ཡི་ཁྲག་སྣ་རྣམས།། གཟའ་གདོང་མིང་སྲིང་ཡབ་ཡུམ་གྱི།། བརྟེན་པའི་རྫས་སུ་ཤེས་པར་བྱ།། རྟ་ནག་ཁྱི་ནག་གཡག་རོག་སྙིང།། ནག་པོ་བཀྲག་མེད་རྫས་སུ་བསྟན།། ཤེལ་ནག་སྙིང་དང་ར་རོག་སྙིང། ། བུད་མེད་ནག་མོའི་སྙིང་དང་ནི།། སྲིན་མོ་ཁ་འདར་མགོ་དགུ་མའི་རྫས།། བདུད་རྩི་སྨན་དང་རིན་པོ་ཆེ།། བལ་མོ་སྤུན་གསུམ་རྫས་སུ་བསྟན།། མངལ་ཁྲག་འཁར་དཀར་རོ་རས་རྣམས།། མ་མོ་ཕུང་གསུམ་རྫས་སུ་བསྟན། ། ཤེལ་སྒོང་དམར་མོའི་སྙིང་ཁྲག་དང།། བུད་མེད་དམར་མོའི་སྙིང་དག་དང།། ན་ཆུང་ཁྲག་དང་སྦྲང་རྩི་དང།། འོ་མ་དང་ནི་མར་ཏུ་སྦྱར།། བསེ་ཡི་ལྷ་མོའི་རྫས་སུ་བསྟན།། མོན་སྙིང་ཁྱི་དང་རྟ་ནག་སྙིང། ། འཆི་བདག་གཤིན་རྗེའི་རྫས་སུ་བསྟན།། ལུག་དཀར་སྙིང་དང་གཡག་དཀར་སྙིང།། མ་ཧཱ་དེ་བའི་རྫས་སུ་བསྟན།། རྟ་ནག་སྙིང་དང་མི་ནག་སྙིང།། ནག་པོ་ཆེན་པོའི་རྫས་སུ་བསྟན།། ལུག་ནག་སྙིང་དང་བྱ་ནག་སྙིང། ། བདུད་ཀྱི་རྫས་སུ་ཤེས་པར་བྱ།། སྤྲེའུའི་སྙིང་དང་བྱི་ལས་སྙིང།། རྟ་དཀར་ལུག་བྱ་དཀར་སྙིང།། སྲོག་བདག་རྒྱལ་པོ་རྟེན་པའི་རྫས།། ར་དམར་སྙིང་དང་རྟ་དམར་སྙིང། ཁྱི་དམར་སྙིང་དང་གླང་དམར་སྙིང། ། སྲོག་བདག་དམར་པོ་རྫས་སུ་བསྟན། ར་ཕོ་རྒྱ་པོའི་སྙིང་དག་དང།། གུ་གུལ་དཀར་པོ་དག་དང་ནི།། བུ་རམ་མར་དང་སྦྱང་རྩི་རྣམས།། རྡོ་རྗེ་ལེགས་པའི་རྫས་སུ་བསྟན།། ཙ་ར་རོག་པོའི་སྙིང་དག་དང། ཁྲག་སྣ་རྣམ་པ་སྣ་ཚོགས་པ།། ལྷ་སྲིན་སྤྱི་ཡི་རྫས་སུ་བསྟན།། དེ་དག་བསྟེན་པའི་རྫས་སུ་ཤེས་པར་བྱ།། མི་ནག་སྙིང་དང་སྦྲུལ་ནག་སྙིང།། འཆི་བདག་ནག་པོའི་རྫས་སུ་བསྟན།། ཤ་ཁྲག་གཏོར་མ་ཆང་ཕུད་བདུད་རྩི་རྣམས། ། རྟག་ཏུ་ཀུན་ལ་མཆོད་པར་བྱ།། མཆོད་པའི་རྫས་སུ་བསྟན་པ་ནི།། མཐུན་པའི་རྫས་ཀྱིས་བསྐང་བར་བྱ།། བཙན་དུ་འཁར་དཀར་ཧ་ལ་གནག། རྨ་བྱ་གླང་ཆེན་མཆིན་པ་དང།། ར་དུག་ཆེན་པོའི་དང་རུ་དང། ། ས་དུག་ཆེན་པོའི་དུག་རྣམས་ཀྱིས།། ཚ་བ་སྐྱེད་པའི་རྫས་སུ་བསྟན།། ལུས་ལ་བཅངས་ན་བསྲུང་བར་འགྱུར།། དངོས་གྲུབ་རྫས་ནི་གང་བརྟེན་རྫས།། ཏིལ་དཀར་ཏིལ་ནག་རྫས་དག་དང། ། གུར་ཀུམ་རྫས་དང་ཙན་དན་དམར།། ལས་བཞིའི་དངོས་གྲུབ་རྫས་སུ་ཤེས།། གདུག་པ་གཞིལ་བའི་རྫས་དག་ནི།། བཀྲ་ཤིས་རྫས་གྱིས་གཞིལ་བར་བྱ།། བསྲུང་བའི་རྫས་ནི་རིན་པོ་ཆེ།། སྨན་དང་འབྲུ་དང་སྙིང་པོ་སྤོས། ། དུག་སྤྲེལ་བརྒྱ་རྩ་བརྒྱད་ཀྱི་རྫས།། ལུས་ལ་བཅང་ཞིང་དུད་པས་བདུག། ཤི་རཾ་རཾ་དང་བཅས་པས་བསྲུང།། དེ་ལྟར་བསྲུང་བའི་རྫས་ཀྱིས་ནི།། འཁྲུལ་པའི་ནུས་པ་སེལ་ནུས་ན།། དུག་ཆེན་བཅོ་བརྒྱད་སྨོས་ཅི་དགོས། ། སྟོབས་བསྐྱེད་རྫས་ནི་བཅོ་བརྒྱད་དོ།། སྟོབས་བསྐྱེད་བྱ་ཕྱིར་བྱིན་ཆེན་སྒོམ།། སྟོབས་བསྐྱེད་བཅོ་བརྒྱད་བསྟན་པ་ནི།། དྲེགས་པའི་བླ་རྡོ་བཅོ་བརྒྱད་དོ།། དྲེགས་པ་སྤྱི་ལ་ལྕགས་སྡིག་པ། ། གཤིན་རྗེའི་སྡིག་པ་དངོས་པོ་ཉིད།། མ་མོ་སུམ་ལུགས་མཛོ་མོའི་སྙིང།། མུ་སྟེགས་སྡིག་པ་རུ་ཏྲ་ནི།། ཐལ་ཆེན་དབང་ཆེན་དག་ཏུ་བསྟན།། བདུད་པོ་བདུད་མོ་ཟངས་ལྕགས་ཁབ།། གནོད་སྦྱིན་ཕོ་མོ་ནོར་བུ་ཉིད། ། ལྷའི་ལ་གཡག་ལུག་དཀར་པོ་ཉིད།། སྲིན་པོ་སྲིན་མོ་སྡིག་པའོ།། རྒྱལ་པོ་ཤེལ་རྡོ་བཙན་མཆོད་དམར།། དམུ་ལ་མཆོད་སྨུག་ཐེ་བྲང་ནི།། ཕ་བང་ལོང་བུ་དག་ལ་བསྟན།། འགོང་པོ་སེར་སྣའི་བདག་པོར་གྲགས། ། དམ་སྲིད་སྲོག་གྱི་སྙིང་པོ་འཕྲེང་བའི་མདོ་འཛིན་དང།། རུས་པ་དག་ལ་རྟེན་པས་འགྲུབ།། ཀླུ་གཉན་ས་བདག་རིན་ཆེན་ལྔ།། དེ་ལྟར་བླ་རྡོ་ཐམས་ཅད་ཀུན།། རིགས་ཀྱི་མཚམས་མེད་སྙིང་ཁར་སྦ། ། གཉེན་པོ་རྫས་སུ་བསྟན་པ་ནི།། སྡེ་དཔོན་བཅོ་བརྒྱད་དག་ཏུ་ནི།། དྲག་པོ་རྫས་བརྒྱད་དག་མི་མཐུན།། སྤྱང་ཀུ་ལུག་དང་གླང་རི་བ། ཁྱི་ལུད་གུ་གུལ་ནག་པོ་དང།། ཕག་ཚིལ་རིལ་མ་མི་ཚིལ་དང།། རྟ་བོན་དང་ནི་གཤིན་རྗེ་དང། ། དམ་ཉམས་པའི་ཤ་ཁྲག་ཏུ་མི་མཐུན།། མ་མོ་དང་ཡུགས་ས་མོའི་ཞབས་མར་མི་མཐུན།། རྒྱལ་པོ་ལྕམ་དྲལ་དང་སྒོག་པར་མི་མཐུན།། གདུག་པ་གསུམ་དང་གུ་གུལ་དང་ཕག་རིལ་དུ་མི་མཐུན། ། ལྷ་དང་ཚིལ་ཆེན་དུ་མི་མཐུན། ཕུག་བདག་དང་ཁྱི་ལུད་མི་མཐུན།། བདུད་དང་རྒྱ་ཚིལ་མི་མཐུན།། གནོད་སྦྱིན་དང་ལྷམ་འབོག་ཏུ་མི་མཐུན།། བཙན་དང་ར་དུག་པར་མི་མཐུན།། དགེ་བསྙེན་དང་གུ་གུལ་ནག་པོ་ཉུངས་ནག་ཏུ་མི་མཐུན། རིགས་འཛིན་དང་རྫས་བརྒྱད་པོ་རུ་མི་མཐུན།། འགོང་པོ་དང་གུ་གུལ་ནག་པོ་སྒོག་པར་མི་མཐུན།། ཡང་ལས་ཀྱི་རྫས་སུ་བསྟན་པ་ནི།། འབྲུ་ལྷོ་ནུབ་ཁ་བསྟན་བྱ།། ནང་དུ་ཚེར་མ་གདིང་བར་བྱ། ། དུར་ཁྲོད་རས་སམ་མི་ལྤགས་ལ།། འཁོར་ལོ་བྲི་དང་ལིང་ག་བཅའ།། ཉུངས་ཀར་ཉུངས་ནག་རྡོ་ཕྱེད་དང།། ལྕགས་ཕྱེ་ཟངས་ཕྱེ་འཁར་ཕྱེ་དང།། གུ་གུལ་ནག་པོ་སྦྱར་བ་དང།། བཙན་དུག་ཆུ་ཡིས་ངར་བླུད་ལ། ། བྲབ་ཅིང་བརྡེག་པའི་རྫས་སུ་གསུངས།། གནམ་ལྕགས་གྲི་ལྕགས་ཕུར་པ་དང།། གདུག་རྩང་ཕུར་པས་གདབ་ཅིང་བསྔགས།། ཚེར་མ་ཅན་གྱི་ཤིང་དག་ལ། ཁྲུ་གང་ཧོམ་ལ་ལིང་ག་བསྲེག། རབས་ཆད་ཐོད་པ་དག་དང་ནི། ། ཕག་ཐོད་ཁྱི་ཐོད་སྤྱང་ཐོད་རྣམས།། གནན་པའི་རྫས་སུ་ཤེས་པར་བྱ།། དྲེད་མོ་ཐོད་པའི་ནང་དུ་ནི།། རྨེ་ཁྲག་དུག་སྣ་བླུག་བྱས་ལ།། ཐུན་རྣམས་བྲབ་ལ་ཟོར་དུ་འཕང།། གསོ་བའི་རྫས་སུ་བསྟན་པ་ཡིན། ། དམ་རྫས་གཏོར་མ་རགྟ་དང།། ཆང་ཕུད་བདུད་རྩི་ཆེན་པོ་དང།། མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང།། ཤི་སོས་སྦྱིན་ཞིང་བསྲུང་རྫས་གདགས།། དབབ་པའི་རྫས་ནི་སྲོག་དང་མཐུན།། ཡུལ་གྱི་མིང་དང་ལོ་ཏོག་ལ། ། བྲབ་དང་མནན་དང་དབབ་དང་འཕང།། ཐོག་གི་རྫས་ནི་སྲོག་དང་མཐུན།། བྲབ་དང་གདབ་དང་གནན་དང་བསྲེག། མཐུན་རྫས་སྐམ་ཟོར་འཕང་བར་བྱ།། ཚ་བའི་ལས་སུ་མཐའ་རུ་ཕྱིན། ། གཅད་པ་ཐལ་ཆེན་ཉུངས་ཀར་དག་དང་ས།། ལྕགས་ཕུར་སྐྱེས་ཕུར་དག་གིས་གདབ།། གནན་དང་གཟིར་བའི་རྫས་རྣམས་ནི།། སྲོག་དང་འཐུན་པར་ཤེས་པར་བྱ།། ལྟས་ངན་ཆོ་འཕྲུལ་གཏོང་བྱེད་ན།། རི་དགས་བྱ་དང་སྤྲེའུའི་གཟུགས། ། ཤིན་ཤུན་དག་ལ་བྲིས་ནས་ནི།། དབེན་པའི་གནས་སུ་མངག་པར་བྱ།། དེ་ནས་དགྲ་ཡི་དགྲམ་འོག་ཏུ།། བཅུག་ནས་ལས་ལ་བསྐུལ་བར་བྱ།། གལ་ཏེ་རང་ལ་འཁོར་གྱུར་ན། ། སྔགས་བཟླས་ཕུར་པར་གདབ་པར་བྱ།། སྐྱེར་ཕུར་རྩེ་མོ་གནམ་ལ་བསྟན།། གནམ་གྱི་སྟེང་དུ་གཟུགས་པར་བྱ།། འཕྲིན་ལས་གང་བྱས་གྲུབ་ནས་ནི།། སྦྱོར་བ་སྒྲོལ་བ་བྱ་བར་གསུངས།། འཇིན་རྟེན་འདས་དང་འཇིག་རྟེན་པའི། ། ཐུགས་དམ་བསྐང་ཞིང་མཆོད་པ་དབུལ།། གནན་པ་གདོན་ཞིང་འཁོར་ལོ་དང།། ལིང་ག་མིང་བྱང་དཀྲུག་དང་ཕྱི།། སྔགས་ཀྱི་སྦྱོར་བའི་རྣམ་པ་ནི།། ལས་མཁན་གང་ཡིན་སྲོག་སྙིང་དང། ། འཕྲིན་ལས་གང་བྱེད་ལས་ཀྱིས་སོ།། གཅིག་ཏུ་སྦྱར་ནས་ལས་ལ་སྦྱར།། གང་འདོད་ལས་ལ་སྦྱར་བ་ནི།། སྔགས་ཀྱི་སྦྱོར་བ་དག་ཏུ་གསུངས།། ཡིད་བཞིན་ནོར་བུ་རིན་ཆེན་ལྟར།། མཁས་པས་སྦྱར་བར་ཤེས་པར་བྱ། ། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། བདག་ཉིད་སྐུ་ནི་རྫོགས་པར་བསྒོམ།། ཏིང་འཛིན་སྔགས་དང་ཕྱག་རྒྱར་ལྡན།། གཏོར་མ་བྱིན་བརླབས་བདུད་རྩིར་བསྒོམ།། སྔགས་བདག་དམིགས་པའི་རིམ་པ་ནི། ། འགྲོ་བ་མི་ཡི་ཆ་བྱད་ལ།། ཕོ་དང་མོ་ཡི་གཟུགས་ཅན་རྣམས།། གཅེར་བུ་ལག་ན་མཚོན་ཆ་ཐོགས།། ཐོགས་པ་མེད་པར་བསྒོམ་པར་བྱ།། ཞལ་ནས་གཏོར་མའི་སྔགས་བཟླས་པས།། འོད་ཟེར་དྲེགས་པ་ཅན་ལ་ཕོག། རང་རང་སྲོག་གི་སྔགས་མཇུག་ཏུ།། བསྟབས་པས་ཇི་ལྟར་མོས་པ་ཚིམ།། དྲེགས་པ་ཅན་གྱི་ཙིཏྟ་ལ།། དཀྱིལ་དུ་རྣམ་ཤེས་འབྲུ་རེ་བསམ།། མི་བཟད་སྔགས་ཀྱི་ཐ་མ་བསྐོར།། གསོད་བྱེད་མཚོན་ཆ་སྐབས་ཀྱིས་འཇུག། དེ་ལྟར་དམིགས་ལ་གསལ་བར་བསྒོམ།། བདག་གིས་མི་བཟད་དྲག་པོའི་སྔགས་བཟླས་པས།། འོད་ཀྱིས་གཟིར་དང་ལྕགས་ཀྱུས་འཕྲོག་ཅིང་འཛིན།། མཚོན་ཆས་ལོག་རྟོག་གཅོད་ཅིང་འཇོམས་པར་བྱེད། ། དེ་ཡིས་ལས་འགྲུབ་རྣལ་འབྱོར་རབ་ཀྱི་སྤྱོད་ཡུལ་ཡིན།། ལིང་ཁ་ཐུན་གྱིས་མཚོན་བྱེད་ཡུ་ཏིང་འཛིན།། གོང་བཞིན་སྒོམ།། དེ་ཡིས་ལས་གྲུབ་རྣལ་འབྱོར་འབྲིང་གི་སྤྱོད་ཡུལ་ཡིན།། ལིང་ཁ་རྫས་ལ་དམིགས་པ་དངོས་སུ་བཅའ། ། ཐུན་ཟོར་བསྲེག་དང་གནན་པའི་ལས་རྣམས་བྱ།། དེ་ཡིས་ལས་གྲུབ་རྣལ་འབྱོར་ཐ་མའི་སྤྱོད་ཡུལ་ཡིན།། ལས་འདིས་དྲེགས་པས་རང་སྲོག་རང་གིས་གཅོད་པར་བྱེད།། མན་ངག་འདི་དང་ལྡན་པའི་སྔགས་པ་ལ། ། སྡིག་ཅན་གང་ཞིག་དགྲ་རུ་ལངས་གྱུར་ན།། རབ་འབྲིང་ཐ་མ་གསུམ་གྱི་ཏིང་འཛིན་གྱིས།། གདུག་བྱེད་དྲེགས་པས་གཟིར་ཅིང་དགྲ་བོ་བསྒྲལ་བའི་ལས་བྱས་ན།། ཉོན་མོངས་ལོག་ལྟ་རྩད་ནས་གཅོད་པར་བྱེད། ། ཏིང་ངེ་འཛིན་གྱི་སྦྱོར་བ་ནི།། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། བདག་ཉིད་སྐུ་གསུམ་རྫོགས་པར་བྱའོ།། ལས་མཁན་རྫོགས་པར་བསྒོམ་པ་ནི།། ཕོ་དང་མོ་ཡི་གཟུགས་ཅན་ལ།། ལས་དང་མཐུན་པའི་ལག་ཆ་ཐོགས། ། ཐོགས་པ་མེད་པར་བསྒོམ་པར་བྱ།། ལས་མཁན་གང་ཡིན་ཙིཏྟ་ལ།། དཀྱིལ་དུ་རྣམ་ཤེས་འབྲུ་རེ་བསྒོམ།། མི་བཟད་སྔགས་ཀྱི་ཐ་མ་བསྒོམ།། ལས་སྔགས་འོད་བྱུང་ཐུགས་དམ་བསྐུལ། ། མཚོན་ཆ་འཁོར་ལོས་གཅོད་པར་བསྒོམ།། གཤེད་མ་སྲོག་ལ་དབབ་པའི་ཕྱིར།། གསོད་པའི་ལས་རྣམས་བྱེད་པར་བསྒོམ།། བདག་གི་ཐུན་རྫས་སྔགས་ཙམ་ན།། སྔགས་ཀྱི་སྒྲ་ལ་འོང་བྱུང་ནས། ། ཐུན་རྫས་དག་ལ་ཐིམ་གྱུར་ནས།། གསོད་པའི་ཕྱག་ཆ་མཚོན་ཆས་བསྐོར།། དམིགས་པའི་རྟེན་ལ་བརྒྱབ་པ་ཡིས།། ཕྱི་ནས་མཚོན་ཆ་ཆར་ལྟར་དབབ།། ནང་ནས་སྙིང་ལ་འཁོར་ལོ་བསྐོར།། དམིགས་པ་གང་ཡིན་དགྲ་བོ་དེ། ། ལུས་ངག་ཡིད་གསུམ་སོགས་སྲོག། རྡུལ་ཕྲན་བཞིན་དུ་བརླག་པར་བསྒོམ།། ཟོར་དུ་འཕང་བའི་ཏིང་འཛིན་གྱིས།། སྲིན་པོ་གདུག་པའི་ཐོད་པ་རུ།། དུག་དང་ནད་ཀྱི་ཐུན་དུ་བསྒོམ།། ཐུན་ལ་འོད་ཟེར་བསྐུལ་བྱས་ནས། ། དམིགས་པའི་དགྲ་ལ་འཕང་བ་ལས།། སྐར་མདའ་ལམ་དུ་ཞུགས་པ་ལྟར།། ཐོགས་པ་མེད་པར་བརྒྱབ་པ་ཡིས།། རྡུལ་ཕྲན་བཞིན་དུ་བརླག་པར་བསྒོམ།། བདག་གིས་ཐུན་རྫས་སྔགས་ཙམ་ན། ། སྔགས་ཀྱི་སྒྲ་ལས་འོད་བྱུང་ནས།། ཐོད་པའི་ནང་དུ་བཅུག་ནས་ནི།། ཐོད་པ་ལྕགས་ཀྱི་ཁང་པར་བསམ།། རེ་བ་ཁྲི་མུན་ཆེན་པོར་བསམ།། སྔོན་དམར་ཐག་པ་སྦྲུལ་དུ་བསམ།། སྟིང་ནས་རྡོ་རྗེ་རྒྱ་གྲམ་དང།། རི་རབ་ཆེན་པོས་གནན་པར་བསམ། ། སྟེང་དུ་ཕོ་བྲང་བཏབ་བར་བསྒོམ།། གསོ་བ་དུས་ཀྱི་ཏིང་འཛིན་ནི།། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། བསྲུང་བྱའི་སེམས་ཅན་དེ་ཉིད་ལ།། སྙིང་རྗེའི་བསམ་པ་བསྐྱེད་པར་བྱ། ཁྲུས་ཀྱི་བདག་ཆགས་དག་པར་བྱ།། ལྷ་ཡི་ཁང་པར་བཅུག་པར་བསམ།། ལུས་ལ་ལྷ་ཡི་གོ་ཆ་ཡིས།། བསྲུང་བ་དག་ཏུ་བསམ་པར་བྱ།། སྐྱེད་དང་ལུས་པོ་ཐམས་ཅད་ལ།། ལྷ་ཡི་ནོར་བུ་ལྟ་བུས་བརྒྱད་ཅིང་ཡང་ཡང་བསྲུང། ། ཤི་སོས་དཀར་པོ་བླུད་བ་ཡིས།། གཟི་མདངས་ལྡན་ཅིང་གསོ་བར་སྒོམ།། དེས་ནི་བསོད་ནམས་མཆོག་ཏུ་འགྱུར།། གང་ཞིག་བསྟན་པ་གཤིག་པ་ལ།། ལས་འདི་བྱ་བར་མ་གསུངས་སོ།།།། སེར་བ་དབབ་པའི་ཏིང་འཛིན་ནི། ། བདག་ཉིད་སྐུ་གསུམ་རྫོགས་པར་བསྒོམ།། ཐུན་གྱི་སྦྱོར་བ་བསྟན་པ་ཡིས།། ཐུན་རྫས་སྦྱོར་བ་མང་པོ་བསྒོམ།། གཟུགས་བརྙན་ལྷ་སྲིན་གདུག་པར་བསྒོམ།། གཟི་མདངས་གློག་ཏུ་འབྱུང་བར་བསྒོམ། ། མིང་རུས་སྲོག་སྙིང་དགྲ་རུ་བསྒོམ།། བླ་བྱང་ཡུལ་དང་ལོ་ཐོག་བསྒོམ།། ལས་བྱེད་ལྷ་སྲིན་གདུག་པ་ཡི། ཁ་རླངས་སྤྲིན་དུ་འབྱུང་བར་བསྒོམ།། གཟི་མདངས་གློག་ཏུ་འབྱུང་བར་བསྒོམ།། ང་རོ་འབྲུག་སྒྲ་སྒྲོགས་པར་བསྒོམ། ། ཆོ་འཕྲུལ་སེར་བ་དབབ་པར་བསྒོམ།། དམིགས་པའི་ལོ་ཐོག་འཇོམས་པར་བསྒོམ།།།། ཐོག་གི་ཏིང་འཛིན་བསྟན་པ་ནི།། བདག་ཉིད་སྐུ་གསུམ་རྫོགས་པར་བསྒོམ།། ཐུན་གྱི་སྦྱོར་བ་བསྐུལ་ཙམ་ན། ། ཐུན་རྫས་མཚོན་ཆ་མང་པོར་བསྒོམ།། གཟུགས་བརྙན་ལྷ་སྲིན་གདུག་པར་བསྒོམ།། མིང་རུས་སྲོག་སྙིང་དགྲ་རུ་བསྒོམ།། ལས་བྱེད་ལྷ་སྲིན་གདུག་པའོ། ཁ་རླངས་སྤྲིན་དུ་འབྱུང་བར་བསྒོམ། གཟི་མདངས་གློག་ཏུ་འབྱུང་བར་བསྒོམ། ། ང་རོ་འབྲུག་གི་སྒྲ་རུ་བསྒོམ། རྫུ་འཕྲུལ་ཐོག་གི་བསྐལ་པ་འབབ་པར་བསྒོམ།། དམིགས་པ་གང་ཡིན་དགྲ་བོ་ལ།། མིང་རུས་སྲོག་སྙིང་དགྲ་རུ་བསྒོམ།། ཐོག་གི་བསྐལ་པ་འབེབས་པར་བྱེད། །།། ཐོག་སེར་སྤྱད་པའི་ཏིང་འཛིན་གྱིས།། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། བདག་ཉིད་སྐུ་གསུམ་རྫོགས་པར་བསྒོམ།། རྫས་རྣམས་མཚོན་ཆ་འབར་བར་བསྒོམ། ཁྲོ་བོས་མཚོན་ཆ་འབར་བ་ནི། ། རྩེ་མོ་ཕྱོགས་བཞི་མཚམས་དག་དང།། ནམ་མཁའ་དག་ལ་བསྟན་ཅིང་བསྐོར།། སྔགས་ཀྱི་འོད་ཟེར་འཕྲོས་པ་ཡིས།། ཐོག་སེར་བདག་པོ་བདག་མོ་རྣམས།། རྫུ་འཕྲུལ་མཐུ་དང་བཅས་པ་རྣམས། ། རྡུལ་ཕྲན་ཙམ་ཡང་མེད་པར་བསྒོམ།། བདག་ཉིད་ཁྲོ་བོ་ཆེན་པོ་ཡི། ཁ་ནས་མེ་དཔུང་འབར་བར་བསྒོམ།། བུས་པ་ཐམས་ཅད་རླག་པར་བྱེད།། ཐུན་རྫས་འཕང་ཞིང་ཕུར་པས་གདབ།། གཅད་པའི་ལས་ལ་ཐེ་ཚོམ་མེད། ། གཟིར་བའི་ཏིང་འཛིན་བསྟན་པ་ནི།། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། བདག་ཉིད་སྐུ་གསུམ་རྫོགས་པར་བསྒོམ།། དྲེགས་པའི་ལྷ་འདྲེ་མ་རུངས་པ།། རང་དབང་མེད་པར་གཟིར་བ་ནི།། དྲེགས་པའི་ལྷ་འདྲེ་དེ་ཉིད་ལ། ། ཕོ་དང་མོ་ཡི་གཟུགས་སུ་བཞག། ལྷ་འདྲེ་དྲེགས་པའི་ཙིཏྟ་ལ།། དཀྱིལ་དུ་རྣམ་ཤེས་འབྲུ་རེ་བསམ།། གཟིར་བའི་སྔགས་ཀྱི་ཐ་མ་བསྐོར།། ཡིག་མགོ་ནང་དུ་བསྟན་པར་བྱ།། སྔགས་ཀྱི་སྒྲ་ཡིས་སྲོག་བསྐུལ་བས། ། སྙིང་གི་སྔགས་ལས་འོད་ཟེར་བྱུང།། འོད་ལས་བསྲེག་པའི་མེ་བྱུང་སྟེ།། ལྷ་དྲེ་རང་རྒྱུད་རང་གིས་བསྲེགས།། ལྷ་འདྲེ་རང་རྒྱུད་རང་གིས་འཇོམས།། ཕྱི་ནས་ཁྲོ་བོའི་མཚོན་ཆ་དག། ཐུན་གྱིས་བྲབ་ཅིང་ཕུར་པ་གདབ། ། དེ་ནས་ལྷ་འདྲེ་དྲེགས་པ་དེ།། སྡུག་བསྔལ་ཉམས་སུ་མྱོང་གྱུར་ནས།། བདག་ཉིད་ཁྲཽ་བོ་ཆེན་པོ་ལ།། བཀའ་སྩལ་ནོད་ཅིང་བསྒོ་བ་ཉིད།། གང་འོད་ལས་རྣམས་བྱེད་པར་བསྒོམ། ། ལྟས་ངན་ཆོ་འཕྲུལ་གཏང་བ་ནི།། ཏིང་འཛིན་འདི་ལྟར་ཤེས་པར་བྱ།། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། བདག་ཉིད་སྐུ་གསུམ་རྫོགས་པར་བསྒོམ།། འཇིག་རྟེན་ལྷ་འདྲེ་དྲེགས་པ་ཅན།། བདག་ཉིད་བཀའ་སྩལ་ནོད་པར་བསྒོམ། ། དྲེགས་པ་ལྷ་འདྲེའི་ཙིཏྟ་ལ།། དཀྱིལ་དུ་རྣམ་ཤེས་བྲུ་རེ་བསྒོམ།། མི་བཟད་སྔགས་ཀྱི་མཐའ་མ་བསྐོར།། བསྐུལ་བྱེད་རྐྱེན་གྱི་སྲོག་བསྐུལ་བས།། ལྷ་འདྲེ་དྲེགས་པའི་ཆོ་འཕྲུལ་རྣམས།། ཝ་སྤྱང་ལ་སོགས་རི་དྭགས་དང། ། བྱ་དང་སྤྲེལ་ལ་སོགས་པ་ཡི།། ལྟས་ངན་པ་ཡི་ལུས་བླངས་ནས།། དམིགས་པའི་དགྲ་ལ་གཏོད་པར་བསྒོམ།། དགྲ་གསད་པ་ཡི་དུས་ཚོད་བསྟན་པ་ནི།། སྟག་གི་ལོ་ལ་ཐོ་རངས་བརྡེག། ནམ་ལངས་ཡོས་ལ་བརྡེག་པར་བྱ། ། ཉི་མ་ཤར་བ་འབྲུག་ལ་བརྡེག། སྦྲུལ་གྱི་ཉི་མ་དྲོས་ལ་བརྡེག། རྟ་ལ་ཉི་མ་ཕྱེད་ལ་བརྡེག། ལུག་ལ་ཉི་ཕྱེད་ཡོལ་ལ་བརྡེག། ཉི་མ་སྣུར་སྨད་སྤྲེའུ་ལ་བརྡེག། དགོངས་ཁ་བྱ་ལ་བརྡེག་པར་བྱ། ། སྲོད་ལ་ཁྱི་ལ་རྡེག་པར་བྱ།། ནམ་སྟོང་ཕག་ལ་བརྡེག་པར་བྱ།། ནམ་ཕྱེད་བྱི་བ་ལ་ཡང་བརྡེག། ནམ་ཆུང་གླང་ལ་བརྡེག་པར་བྱ།། སྟག་དང་སྤྲེལ་གཉིས་དུས་ཚོད་གཅིག། བྱ་དང་ཡོས་བུས་དུས་ཚོད་གཅིག་ཁྱི་དང་འབྲུག་གཉིས་དུས་ཚོད་གཅིག། ཕག་དང་སྦྲུལ་གཉིས་དུས་ཚོད་གཅིག། རྟ་དང་ལུག་གཉིས་དུས་ཚོད་གཅིག། ཡང་ན་དྲེགས་པ་རྒྱུད་དུས་སམ།། ཉ་དང་སྟོང་ལ་བརྡེག་པར་བྱ།། ཐུན་མོང་མ་ཡིན་དུས་ཚོད་ནི། ། གནོད་པ་དགྲ་བགེགས་གང་ཡིན་ལ།། རང་དབང་མེད་པར་འཕྲོག་སྙིང་འདོད།། ཤེས་པ་གསལ་ཞིང་ཏིང་འཛིན་གསལ། དྲག་པོ་ལས་ལ་སྦྱར་བྱས་ན།། ལས་རྣམས་གྲུབ་པར་ཐེ་ཚོམ་མེད།། དྲག་པོའི་དུས་ཚོད་བསྟན་པའོ། ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། རྫས་དང། སྔགས་དང། ཏིང་འཛིན་གྱི་སྦྱོར་བ་ཞིབ་མོར་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་ཀྱི་དྲོད་ཚད་བསྟན་པ་ནི། ། རྣམ་པ་གསུམ་དུ་ཤེས་པར་བྱ།། གྲངས་དང་དུས་དང་མཚན་མའོ།། ཡང་ན་ཉིན་ཁྲི་མཚན་ཁྲི་འམ།། ཡང་ན་ཞག་རེ་ཁྲྀ་ཚོ་རེ།། སྤྱིར་སྡོམ་ཁྲོ་མོ་བཅུ་གཅིག་གོ། དུས་ནི་ཞག་གྲངས་ཉི་ཤུ་གཅིག། ཅི་ནུས་དག་ཏུ་བཟླས་པར་བྱ། ། མཚན་མ་བླ་རྟགས་འབྱུང་བ་ནི།། མོན་པ་དང་ནི་རྒྱ་གར་དང།། མཛེ་ཅན་དང་ནི་སེང་གེ་དང།། སྟག་དང་ཞིབ་ཅན་མང་པོའི་ཚོགས།། གཤིན་རྗེའི་རྟགས་སུ་ཤེས་པར་བྱ།། བུད་མེད་མང་པོ་འཚོགས་པ་དང། ། འདབ་ཆགས་མང་པོ་ཚོགས་པ་དང།། འབྲི་རྒོད་མང་པོ་འཚོགས་པ་དང།། རྒྱ་གར་མོ་དང་མོན་མོ་དང།། བལ་མོའི་ཚོགས་སུ་འོང་བ་དང།། དུད་འགྲོ་ཞོན་པ་མང་པོ་དང།། རྒྱ་མཚོ་ཆེན་པོ་མཐོང་བ་དང། ། རླུང་ནག་ཚུབ་ནག་ཆེན་པོ་དང།། མ་སྲིང་ཆུང་མ་མཚན་མོ་དང།། བྲན་མོའི་ཚོགས་སུ་འོང་བ་དང།། མ་མོ་མཁའ་འགྲོའི་རྟགས་སུ་བཤད།། བོན་པོའི་ཚོགས་སུ་འོང་བ་དང།། གཡག་དང་བྱ་རོག་མོན་པ་དང། ཁྱི་ནག་དག་ཏུ་འོང་བ་ནི།། བདུད་དང་མུ་སྟེགས་རྟགས་སུ་བཤད།། བུད་མེད་ནག་མོའི་ཆ་བྱད་དང།། མཛོ་དང་བྱ་ནག་ཞོན་པ་དང།། སྦྲ་དང་གུར་ནག་འདུག་པ་རྣམས།། བདུད་པོའི་རྟགས་སུ་ཤེས་པར་བྱ། ། སྐྱེས་པ་མི་ཡི་ཆ་ལུགས་ལ།། གངས་དཀར་རྩེ་མོའི་མདོག་འདྲ་བ།། དར་མདུང་དཀར་པོ་ཐོགས་པ་ནི།། ལྷ་ཡི་རྟགས་སུ་ཤེས་པར་བྱ།། གཅན་གཟན་ཤ་ཟ་མང་པོ་དང།། ཤན་པ་གྲི་ཐོགས་མང་པོ་དང། ། དྲེད་དང་མི་ཡི་ཆ་བྱད་ལ།། རྐང་ལག་གདུག་པ་སྦྲུལ་དུ་སྣང།། སྲིན་པོའི་རྟགས་སུ་ཤེས་པར་བྱ།། བུད་མེད་ལུས་ལ་གཅན་གཟན་མགོ། བུད་མེད་ལུས་ཅན་འཇིགས་བྱེད་པ།། སྲིན་མོའི་རྟགས་སུ་ཤེས་པར་བྱ། ། སྔགས་པ་ལྟ་བ་གོལ་བ་དེ།། སྲིན་པོའི་ལུགས་སུ་སྣང་བའོ།། ལུས་པོ་མི་ཡི་ཆ་བྱད་ལ།། གཅན་གཟན་པགས་པ་གོས་སུ་གྱོན།། མེ་ཡི་འོད་ཟེར་ལུས་ལ་འཕྲོ།། གནོད་སྦྱིན་ཕོ་མོའི་རྟགས་སུ་བཤད།། བཙུན་པ་དང་ནི་བཙད་པོ་དང། ། འབག་དང་སེང་གེ་རོལ་མོ་དང།། ལྷ་ཁང་ནང་དུ་ལྟ་བ་དང།། སྐུ་གཟུགས་མང་པོ་མཐོང་བ་ནི།། རྒྱལ་པོའི་རྟགས་སུ་ཤེས་པར་བྱ།། སྐྱེས་པ་མི་ཡི་ཆ་ལུགས་ཅན།། རྟ་ཞོན་མང་པོ་བྱུང་བ་ནི། ། བཙན་གྱི་རྟགས་སུ་ཤེས་པར་བྱ།། འདབ་ཆགས་ཕུག་རོན་མང་པོ་དང།། མུན་ནག་ཆེན་པོ་འཐིབས་པ་དང།། དམུ་ཡི་རྟགས་སུ་ཤེས་པར་བྱ།། སྤྱང་ཁུ་སྔོན་པོ་འདུར་བ་དང།། བན་དེ་ཆེན་པོའི་ཆ་བྱད་དང། ། སྐྱེས་པ་བཟང་པོའི་དཔུང་ཚོགས་དང།། བྱ་རྒོད་གཟན་ལ་འཇུངས་པ་རྣམས།། རྡོ་རྗེ་ལེགས་པའི་རྟགས་སུ་བཤད།། སྤྲང་པོ་མང་པོའི་ཆ་བྱད་དང།། བྱིས་པའི་གཟུགས་ཅན་སྣང་བ་ནི།། འགོང་པོའི་རྟགས་སུ་ཤེས་པར་བྱ། ། སྤྲང་མོའི་གཟུགས་སུ་སྟོན་པ་འམ།། བན་དེ་མོ་འམ་བཙུན་མར་སྟོན། ཁྱི་དང་སྤྱང་ཁུས་འདེབས་པ་ནི།། དམ་སྲི་མོ་ཡི་རྟགས་སུ་བཤད།། བ་ལང་མང་པོ་འཁྲུ་བ་དང།། སྡོམ་དང་སྡིག་པ་ཆུ་སྲིན་དང། ། ཉ་དང་སྦལ་པ་ལྕོང་མོ་དང།། སེམས་ཅན་རྐང་མངས་མང་པོ་དང།། རྩངས་པའི་གཟུགས་དང་སྦྲུལ་དུ་སྣང།། མི་དང་དུད་འགྲོའི་ལུས་སུ་སྣང།། ས་བདག་ཀླུ་ཡི་རྟགས་སུ་བསྟན།། རྟགས་ཀྱི་རིམ་པ་དེ་རྣམས་ཀྱིས། ། རྣམ་འབྱོར་པ་ལ་རྩོལ་བྱེད་ན།། རང་གཤེད་རང་ལ་བསྐོར་བར་བྱ།། སྲོག་ཆགས་གསོད་ཅིང་རྨི་བ་དང།། དགྲ་བོ་ཡུལ་ནས་དབྱུང་བ་དང།། སྐྱེ་ཤིང་གཅོད་དང་མཁར་སྤེ་བཤིག། དགྲ་བོ་དངོས་སུ་གསོད་པ་ནི། ། དྲག་པོ་ལས་ལ་སྦྱར་བའི་རྟགས།། ལས་རྣམས་གྲུབ་པར་ཐེ་ཚོམ་མེད།། ཆོ་འཕྲུལ་མྱུར་བར་ལས་བྱེད་ན།། ངེས་པར་དབང་དུ་འདུས་པ་ཡིན།། ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ།། སྨད་པའི་ངན་སྔགས་འདི་སྨྲས་པ། ། ཟླ་བ་དྲུག་གམ་ལོ་གཅིག་ན།། གཟུགས་ཅན་ཐམས་ཅད་སྒྲོལ་བར་ཐེ་ཚོམ་མེད།། དེ་ལས་གྲུབ་པས་ཟློག་པའི་རྟགས།། མོན་པ་ནག་པོ་ཁ་བཅིངས་དང།། རྒྱ་གར་མཛེ་ཅན་གསད་པ་དང།། སྟག་གི་རི་མོ་ཕྱིས་པ་དང། ། ཞིབ་ཆེན་གཡུལ་དུ་གསད་པ་དང།། གཤིན་རྗེ་ལྡོག་པའི་རྟགས་སུ་བཤད།། མོ་རིགས་མང་པོ་གདན་དུ་འདིངས་པ་དང།། འདབ་ཆགས་བྱ་ལ་འུར་རྡོས་གཏགས།། འབྲི་རྒོད་ཐུར་ལ་བདས་པ་དང། ། མོན་མོ་བལ་མོ་རྒྱལ་མོ་གསུམ།། འབངས་མོ་བྲན་མོའི་ཚུལ་དུ་འཁོལ་བ་དང།། རྒྱ་མཚོ་ཆེན་པོ་བསྲུབས་པ་དང།། ཚུབ་མ་བྱུང་ནས་གཏོར་བ་དང།། མ་མོ་ཟློག་པའི་རྟགས་སུ་བཤད།། བོན་པོ་ལྕགས་སུ་བཅུག་པ་དང། ། གཡག་ནག་མདའ་ཡི་བརྒྱན་པ་དང།། བྱ་རོག་ས་ལ་ལྷུང་བ་ནི།། བདུད་དང་མུ་སྟེགས་ཟློག་པའི་རྟགས།། སྔོན་དམར་ཚོན་གྱི་གྲུ་གུ་ཡིས།། བདུད་མེད་སེམས་ཅན་ཞོན་པ་རྣམས།། ཡན་ལག་བཅིངས་ནས་བསྡམས་པ་དང། ། བྲག་ནག་གཏིབས་ནས་དྲིལ་བ་དང།། བུད་མེད་ནག་མོ་གཏགས་པ་ནི།། བདུད་མོ་ཟློག་པའི་རྟགས་སུ་བསྟན།། གང་དཀར་མུན་པས་གཏིབས་པ་དང།། དར་དཀར་གཡག་ནག་བརྒྱབ་པ་ནི། ། ལྷ་ཟློག་པ་ཡི་རྟགས་སུ་བསྟན།། གཅན་གཟན་གདུག་པ་ཁ་བཅིངས་དང།། མི་རྒོད་གདུག་པའི་མཚོན་ཆ་དང།། ཤན་པ་གྲི་ཐོགས་དོང་དུ་སྒྱུར།། སྲིན་པོ་ཟློག་པའི་རྟགས་སུ་བསྟན། ། མགོ་བརྙན་སྲིན་མོ་གསད་ཅིང་བརྡུངས།། སྐྲ་བྲེགས་ལྕེ་གཅད་ལག་རྡུམ་བྱས།། སྲིན་མོ་ཟློག་པའི་རྟགས་སུ་བསྟན།། སེང་གེ་དཀར་པོ་ལྟོང་ལ་རྒྱུས།། རང་གི་སྟག་གཟིག་མ་མགལ་ཕོབ།། རུ་ཏྲ་ཟློག་པའི་རྟགས་སུ་བསྟན། ། མེ་འབར་གསད་ན་གནོད་སྦྱིན་ཟློག། འབག་ལ་གན་བརྒྱབ་པ་དང།། སེང་གེ་ལྟོ་ལ་རྒྱུས་པ་དང།། ལྷ་ཁང་གཤིག་དང་སྐུ་གཟུགས་བཅག། རྒྱལ་པོ་ཟློག་པའི་རྟགས་སུ་བསྟན།། རྟ་དམར་གསད་དང་མཚོན་རྩེ་དཀྲུག། བཙན་རྣམས་ཟློག་པའི་རྟགས་སུ་བསྟན།། བྱ་བྱི་དོང་དུ་བཅུག་པ་དང།། མུན་པ་ནག་པོ་དམག་ཡལ་བ།། དམུ་ཟློག་པ་ཡི་རྟགས་སུ་བསྟན།། སྤྱང་ཁུ་ཁ་བཅིངས་སྤྲང་པོ་བརྡུངས།། རྡོར་ལེགས་ཟློག་པའི་རྟགས་སུ་བསྟན། ། བྱིས་པ་བརྡུངས་དང་བསད་པ་ནི།། འགོང་པོ་ཟློག་པའི་རྟགས་སུ་བསྟན།། བན་དེ་མོ་དང་བཙུན་མ་བརྡུངས།། བྲ་བྲི་སྲེ་མོ་ཁ་བཅིངས་ནི།། དམ་སྲི་ཟློག་པའི་རྟགས་སུ་བསྟན།། ཀླུ་སྐམ་ཐོགས་ནས་འགྲོ་བ་དང། ། ཉ་སྦྲུལ་བཙོས་ནས་ཟ་བ་དང།། བ་གླང་ཐུར་ལ་འདས་པ་ནི།། ས་བདག་ཀླུ་གཉན་ཐུབ་པའི་རྟགས།། མེ་འབར་བསད་དང་གཡོག་པ་དང།། མཚོན་གྱིས་རང་གིས་བཀྱིགས་པ་དང། ། བྱ་ལ་འུར་རྡོས་བརྡབ་པ་དང།། བྱིས་པ་མི་ནག་གཏགས་པ་དང།། བུད་མེད་དབང་དུ་བསྡུས་པ་དང།། དམག་ལ་ཚོན་གྱིས་བཏབ་པ་དང།། བཙན་ལ་ལྡོང་ཞགས་བཏགས་པ་དང།། ཤིན་ལ་མཚོན་གྱིས་གཏུབས་པ་དང། ། བྲག་ནག་སྟ་རིས་གཤགས་པ་དང།། རི་བོང་དོང་དུ་བཅུག་པ་དང།། ཆུ་ལ་ས་ཡིས་བསྒྱུར་བ་དང།། ཕྱག་ཆ་རང་ལ་བསྐོར་བ་ནི།། ཟློག་པའི་རྟགས་སུ་བཤད་པ་ཡིན།། རང་གི་ཕྱོགས་ཀྱི་མི་དག་ནི། ། ཤི་བ་རྨི་ན་ངན་པ་དེ།། མདོ་གདོན་སྲོག་སྦྱིན་ཚ་ཚ་གདབ།། ཐུགས་དམ་བསྐང་ཞིང་བཤགས་པར་བྱ།། རང་གི་ཡིད་དམ་གཞུང་བཞིན་བྱ།། དེ་ནས་ལས་ཀྱི་བཟླས་པ་བྱ།། ལོ་ཕྱེད་ལོ་གཅིག་ཚུན་ཆད་ཀྱིས། ། དགྲ་ལ་རྟགས་ནི་འབྱུང་བར་གསུངས།། གལ་ཏེ་རྟགས་རྣམས་མ་བྱུང་ན།། འཕྲིན་ལས་སྔ་མ་ཇི་བཞིན་སྤོགས།། དེས་ཀྱང་རྟགས་རྣམས་མ་བྱུང་ན།། སྔགས་བདག་གནན་ལ་དབབ་པར་བྱ།། བཟློག་ཅིང་གསད་པར་བྱ་བ་དང། ། གཟིར་ཅིང་གནན་པར་བྱ་བར་གསུངས།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། དྲག་སྔགས་ཀྱི་དྲོད་ཚད་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། དྲག་སྔགས་དམོད་པ་གང་བྱེད་ཀྱང།། དམ་ཉམས་དམ་མེད་གྲ་བོ་དེ།། རྒྱབ་དང་དབྲལ་བའི་ལས་བྱ་བ།། གང་ཡིན་ངོ་ཡིས་གཟུང་བྱས་ལས།། དེ་ཡིས་གཟུགས་དང་མིང་རུས་སྲོག། རོ་རས་དག་ལ་བྲི་བར་བྱ།། འབྲུབ་ཁུང་ནང་དུ་གཞུག་པར་བྱ།། ཡིག་འབྲུ་ལྔ་ཡིས་ཁྲོ་བོ་བསྐུལ།། ཨོཾ་བཛྲ་ཀྲོ་དྷ་ཕཊ། དགྲ་བོ་གང་ཡིན་མིང་རུས་གཞུག། དབྱེ་བའི་ལས་སྔགས་འབྲུ་དྲུག་གིས། ། ཐུན་རྣམས་བྲབ་ཅིང་གུ་གུལ་དང།། ཁྱི་ལུད་དག་གི་དུ་བས་བདུག། གསོད་པའི་ཕྱག་མཚན་ཕུར་པས་གདབ།། ཆེ་གེ་མོའི་ལྷ་བེ་ཏ་ཤ་ཡ་ཕཊ། ཁྱི་ཡི་ཐོད་པར་བཅུག་ནས་ནི།། ཡུགས་ས་མོ་ཡི་ཞབས་མས་དྲིལ། ། མཆོད་རྟེན་འོག་གམ་ཐེམ་པའི་འོག། དེ་དག་ཏུ་ནི་གནན་པར་བྱ།། དེས་ནི་ལྷ་རྣམས་དག་དང་འབྲལ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། དགྲ་བོ་ལྷ་དང་དབྲལ་བའི་ལེའུ་སྟེ་ལྔ་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དྲག་པོ་ངན་སྔགས་འཁོར་ལོ་ནི།། འདི་ལྟར་ཡང་དག་བསྟན་པར་བྱ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སྔགས་ཀྱི་ཐེམས་ཡིག་ཐམས་ཅད་ནི།། སྔ་མ་ཇི་བཞིན་ཤེས་པར་བྱ།། རྫས་དང་སྔགས་དང་ཏིང་འཛིན་གྱིས། ། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། འཁོར་ལོ་བསྐོར་བའི་ལས་རྣམ་བྱ།། དེ་དག་རྟེན་ཅན་རྟེན་མེད་གཉིས།། རྟེན་ཅན་རྫས་ལ་རྟེན་ཏེ་བསྐོར།། རྟེན་མེད་སྔགས་དང་ཏིང་འཛིན་གྱིས། ། འཁོར་ལོ་དགྲ་ཡི་རྒྱུད་ལ་བསྐོར།། ཕྱི་ནས་གནས་ཀྱི་འཁོར་ལོས་གཅོད།། ནང་ནས་རང་སྲོག་འཁོར་ལོས་གཅོད།། མཚོན་ཆ་གཟུགས་བརྙན་འདི་ལྟར་བྲི།། ལྕགས་ཀྱི་ཁང་པ་སྒོ་མེད་བྲི།། དབུས་སུ་དགྲ་བོའི་མིང་རུས་སྲོག། མཁས་པས་ཡིག་མགོ་ནང་དུ་བསྟན།། གདུག་པ་སྦྲུལ་གྱི་དབྱིབས་སུ་བྲི།། ལྕགས་ཁང་ནང་ནས་མདོ་ཕྱོགས་སུ།། དྲག་པོ་ངན་སྔགས་བྲི་བར་བྱ།། ག་འུ་ཁ་སྦྱར་ནང་དུ་གཞུག། མཁས་པས་འཕྲིན་ལས་གང་བྱེད་བསྐོར། ། དྲག་པོ་ངན་སྔགས་འཁོར་ལོ་བསྐོར།། ལས་གཞུག་གནན་པ་བྱ་བར་བསྲུངས།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། ཆེ་མཆོག་འབར་བའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ང་གཅིག་པའོ། །།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། གཙོ་བོ་འཁོར་དང་བཅས་པའི་དྲག་པོ་ངན་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ང་གཉིས་པའོ།།།། པདྨ་དབང་ཆེན་འཁོར་ལོ་བསྐོར་བའི་ལེའུ་སྟེ་ང་གསུམ་པའོ། །།། རྡོ་རྗེ་ཕུར་པ་འཁོར་ལོ་བསྐོར་བའི་ལེའུ་སྟེ་ང་བཞི་པའོ།།།། ཕྱོགས་བཅུ་ཁྲོ་བོའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ང་ལྔ་པའོ།།།། འཇམ་དཔལ་གཤིན་རྗེའི་སྐུ་ཡི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ང་དྲུག་པའོ། །།། འཇམ་དཔལ་གཤིན་རྗེ་གསུང་གི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ང་བདུན་པའོ།།།། འཇམ་དཔལ་གཤིན་རྗེའི་ཐུགས་ཀྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ང་བརྒྱད་པའོ།།།། འཇམ་དཔལ་གཤིན་རྗེ་ཡོན་ཏན་གྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ང་དགུ་པའོ། །།། འཇམ་དཔལ་གཤིན་རྗེ་འཕྲིན་ལས་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དྲུག་ཅུ་པའོ།།།། ཕྱག་ན་རྡོ་རྗེ་སྐུའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་གཅིག་པའོ། །།། ཕྱག་ན་རྡོ་རྗེ་གསུང་གི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་གཉིས་པའོ།།།། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་གསུམ་པའོ། །།། ཕྱག་ན་རྡོ་རྗེ་ཡོན་ཏན་གྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་བཞི་པའོ།།།། ཕྱག་ན་རྡོ་རྗེ་འཕྲིན་ལས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་ལྔ་པའོ། །།། བྱ་ཁྱུང་གི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་དྲུག་པའོ།།།། སྲིད་པའི་མ་མོའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་བདུན་པའོ།།།། གཙོ་མོ་ལྔའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་བརྒྱད་པའོ། །།། གནམ་ལྕགས་ཐོག་གི་བུ་ཡུག་མའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་རེ་དགུ་པའོ།།།། མ་མོ་ཨེ་ཀ་ཛ་ཏིའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བདུན་ཅུ་པའོ། །།། མ་མོ་དཀར་མོ་སྨུག་མོ་ནག་མོ་གསུམ་གྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་གཅིག་པའོ།།།། མ་མོ་ནག་མོ་རེ་མ་ཏིའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་གཉིས་པའོ། །།། བདུད་ནག་པོ་བཀྲག་མེད་ཀྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་གསུམ་པའོ།།།། སྲིན་མོ་ཁ་འདར་མགོ་དགུ་མའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་བཞི་པའོ། །།། བལ་མོ་སྤུན་གསུམ་གྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་ལྔ་པའོ།།།། ནག་མོ་ཕུང་གསུམ་མའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་དྲུག་པའོ།།།། སྲིན་པོ་རག་ཤ་གློག་འཕྲེང་ཅན་གྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་བདུན་པའོ། །།། སྲིན་མོ་སྦལ་མགོ་ཁྲག་མིག་མའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་བརྒྱད་པའོ།།།། གཟའ་མཆོག་ཆེན་པོའི་ར་ཧུ་ལའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་དགུ་པའོ། །།། གདོང་མོ་བཞིའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བརྒྱད་ཅུ་པའོ།།།། བསེ་མོ་བཞིའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་གཅིག་པའོ། །།། ལས་ཀྱི་གཤིན་རྗེ་སྐུའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་གཉིས་པའོ།།།། ལས་ཀྱི་གཤིན་རྗེའི་གསུང་གི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་གསུམ་པའོ། །།། ལས་ཀྱི་གཤིན་རྗེའི་ཐུགས་ཀྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་བཞི་པའོ།།།། ལས་ཀྱི་གཤིན་རྗེ་ཡོན་ཏན་གྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་ལྔ་པའོ།།།། ལས་ཀྱི་གཤིན་རྗེ་འཕྲིན་ལས་ཀྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་དྲུག་པའོ། །།། ལས་ཀྱི་གཤིན་རྗེ་ལས་ཐམས་ཅད་གཅིག་ཏུ་དྲིལ་བའི་དྲག་སྔགས་ཀྱི་འཁོར་བའི་ལེའུ་སྟེ་གྱ་བདུན་པའོ།།།། དབང་ཕྱུག་ཆེན་པོ་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་བརྒྱད་པའོ། །།། མགོན་པོ་ལེགས་ལྡན་ནག་པོའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གྱ་དགུ་པའོ།།།། ཡ་བདུད་ནག་པོའི་ཁ་རླངས་ཅན་གྱི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དགུ་བཅུ་པའོ། །།། སྲོག་བདག་སྲིད་པའི་རྒྱལ་པོའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གོ་གཅིག་པའོ།།།། སྲོག་བདག་དམར་པོའི་དྲག་སྔགས་ཀྱི་འཁོར་ལོབསྐོར་བའི་ལེའུ་སྟེ་གོ་གཉིས་པའོ། །།། རྡོ་རྗེ་ལེགས་པའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གོ་གསུམ་པའོ།།།། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གོ་བཞི་པའོ། །།། འཆི་བདག་ནག་པོ་མགོ་དགུ་པའི་དྲག་སྔགས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་གོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྟེན་ཅན་རྣམས་ཀྱི་འཁོར་ལོ་ནི།། མཚོན་ཆ་ཙམ་དུ་ཤེས་པར་བྱ། ། རྟེན་འབྲེལ་འཛོམ་པའི་ནུས་མཐུ་ཡིས།། ལས་རྣམས་གྲུབ་པར་མ་གྱུར་ཀྱང།། དེ་དག་དངོས་སུ་བསྐོར་མི་བྱ།། གཞན་ལ་བསྟན་པར་མི་བྱའི་ཕྱིར།། དེ་དག་བསྐོར་བར་མི་བྱའོ།། དེ་དག་ཅི་ཡི་ཕྱིར་ཞེ་ན།། ཤིན་ཏུ་གསང་བའི་འཁོར་ལོ་འདི། ། གལ་ཏེ་གཞན་གྱིས་མཐོང་གྱུར་ན།། དམ་ཚིག་ཉམས་ཏེ་རང་སྲོག་གཅོད།། ངན་སྔགས་བདག་པོ་བདག་མོ་རྣམས།། གཞན་གྱི་ལག་ཆར་སོང་ནས་ནི།། སྔགས་པ་ཉིད་ཀྱི་གཤེད་མར་འགྱུར། ། དྲག་པོ་ངན་སྔགས་འཁོར་ལོ་འདི།། བསྐོར་བའི་གནས་ནི་མི་རྙེད་པས།། འདི་དག་ཤིན་ཏུ་གསང་བར་བྱ།། དྲག་སྔགས་སྲོག་གི་འཁོར་ལོ་འདི།། སྔགས་པས་ཤིན་ཏུ་མ་གསང་ན།། དམ་ཚིག་ཉམས་ཏེ་རང་སྲོག་གཅོད། ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། རྟེན་ཅན་གྱི་རྫས་རྣམས་ཀྱི་འཁོར་ལོ་བསྐོར་བའི་ཉེས་དམིགས་བསྟན་པའི་ལེའུ་སྟེ་གོ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གལ་ཏེ་སྔགས་པ་དམ་ཅན་དེས། ། མེ་བྱར་མི་འདོད་དུས་བྱུང་ན།། རྟེན་ཅན་རྫས་ཀྱི་འཁོར་ལོ་དང།། ཤིན་ཏུ་དབེན་པའི་གནས་དག་ཏུ།། ཞག་བདུན་བཅུ་བཞི་ཉི་ཤུ་གཅིག། དེ་ནས་ལས་གཞུག་གནན་པར་བྱ།། གདུག་པ་ཀླུ་ཡི་འཁོར་ལོ་དག། ངེས་པར་གཉན་པའི་ཆུ་མིག་ཏུ།། ཕྱོགས་དང་མཚམས་དང་རི་དགས་དང།། ཀླུ་ཡི་ལུས་ངག་ཡིད་གསུམ་གྱིས།། གནས་ལུགས་མ་ནོར་ཤེས་པར་བྱ།། དེ་ནས་ཐོད་པ་གནན་པར་བྱ།། སྟེང་དུ་གཉན་པའི་ཕོ་བྲང་གདབ། ། ཀླུ་ཡི་འཁོར་ལོ་མ་ཡིན་པར།། ལྷ་སྲིན་གཞན་གྱི་འཁོར་ལོ་དགེ། གཏད་ཅིང་གནན་པའི་ལས་རྣམས་ནི།། དུར་ཁྲོད་ལྷ་ཁང་མཆོད་རྟེན་འོག། བྲག་རི་ཆུ་དང་རྒྱུན་སྲང་དག། ལམ་སྲང་དག་དང་གཏད་དང་མནན། ། ལས་གྲུབ་སྦྱོར་བ་སྒྲོལ་བར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། རྟེན་ཅན་རྫས་ཀྱི་འཁོར་ལོ་བསྐོར་ཞིང་གཏད་ཁྲམ་གནན་པའི་ལེའུ་སྟེ་གོ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དྲག་པོ་ངན་སྔགས་སྤྱོད་པ་ཡི། ། སྔགས་པ་དམ་ཅན་གང་ཞིག་གིས།། ལས་རྣམས་གྲུབ་པར་བྱ་བའི་ཕྱིར།། དུག་དབྱུང་རྒྱན་རྣམས་གདགས་པར་བྱ།། དུག་ནི་རྣམ་པ་ལྔ་ཡིན་ཏེ།། རྫས་ཀྱི་དུག་དང་སྔགས་ཀྱི་དུག། ཏིང་ངེ་འཛིན་གྱི་དུག་དང་ནི།། གྲོགས་ཀྱི་དུག་དང་བགེགས་ཀྱི་དུག། མཁས་པས་དབྱུང་བར་ཤེས་པར་བྱ།། རྒྱན་ནི་རྣམ་པ་ལྔ་ཡིན་ཏེ།། རྫས་ཀྱི་རྒྱན་དང་སྔགས་ཀྱི་རྒྱན།། ཏིང་ངེ་འཛིན་གྱི་རྒྱན་དང་ནི། ། གྲོགས་ཀྱི་རྒྱན་དང་བགེགས་ཀྱི་རྒྱན།། མཁས་པས་གདགས་པར་ཤེས་པར་བྱ།། དུག་ལྔ་ལས་ཀྱི་དུག་ཏུ་བསྟན།། རྒྱན་ལྔ་ལས་ཀྱི་རྒྱན་དུ་བསྟན།། དུག་རྣམས་ཕྱུང་བས་ལས་རྣམས་བྱེད།། རྒྱན་རྣམས་བཏགས་པས་ལས་རྣམས་བྱེད། ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། དྲག་པོ་ངན་སྔགས་སྤྱོད་དུས་སུ་ལས་ཀྱི་དུག་དབྱུང་བ་དང་ལས་ཀྱི་རྒྱན་གདགས་པའི་ལེའུ་སྟེ་གོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དྲག་པོ་ངན་སྔགས་དམ་ཚིག་བསྟན། ། དྲག་པོ་ངན་སྔགས་བསྒྲུབ་པའི་སྔགས།། བསྲུང་བའི་དམ་ཚིག་རྣམ་པ་བདུན།། འདི་ལྟར་ཡང་དག་ཤེས་པར་བྱ།། སློབ་དཔོན་མཉེས་པར་བྱ་བ་དང།། སྔགས་པ་ཐེ་ཚོམ་མི་ཟ་བའོ། ། སྔགས་བདག་དམ་རྫས་གཉེས་པར་བྱ།། དྲག་སྔགས་སྟོང་ཐུན་རེ་རེ་ལ།། མི་ཚིག་དག་གི་བར་མི་བཅད།། སྦྱོར་བ་གཞན་ལ་གསང་བར་བྱ།། སྣོད་ངན་མན་ངག་སྦྱིན་མི་བྱ།། རང་གི་སྔགས་ཀྱིས་བཟློག་པའོ། ། བསྲུང་བའི་མཆོག་ཏུ་རྒྱལ་བས་གསུངས།། དེ་ཡི་ཡོན་ཏན་བསྟན་པ་ནི།། ཚེ་རིང་ནད་མེད་མཐུ་རྩལ་ལྡན།། མ་བསྲུངས་ཉེས་དམིགས་བསྟན་པ་ནི།། ཚེ་ཐུང་ནད་མང་མཐུ་རྩལ་མེད།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། དྲག་སྔགས་ཀྱི་དམ་ཚིག་བསྟན་པའི་ལེའུ་སྟེ་གོ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡང་དག་དོན་རྟོགས་སྔགས་པ་ཡིས།། བྱིན་རླབས་ཕུན་སུམ་ཚོགས་གྱུར་ན།། སྡིག་ཅན་ལས་ངན་བསྒྲལ་བ་ཡིས། ། གནས་ནི་འདི་ལྟར་སྤང་བར་བྱ།། བདག་ལ་ལས་མཁན་དགྲ་བོ་གསུམ།། བྱ་བཙལ་མེད་པའི་ངང་དུ་གསལ།། བདག་གིས་བསྐུལ་བར་མི་དམིགས་དང།། ལས་མཁན་གསད་པར་མི་དམིགས་དང། ། དགྲ་བོ་གསོད་པར་མི་དམིགས་པ།། བྱ་བཙལ་མེད་པའི་གནས་སུ་བསྟན།། བྱ་བཙལ་མེད་པར་རྟོགས་གྱུར་ན།། ཆོས་ཉིད་འགག་པ་མེད་པའི་གནས།། ཡེ་ཤེས་རང་གནས་ཆེན་པོ་ཡིན།། གང་ཞིག་དེ་ལྟར་རྟོགས་པ་ཡིས། ཁམས་གསུམ་ཐམས་ཅད་བསྒྲལ་གྱུར་ཀྱང།། བག་ཆགས་སྡིག་པ་རྡུལ་ཙམ་མེད།། ལས་ངན་བར་ཆད་སྡུག་ཡུན་ཐུང།། བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས།། ཡེ་ཤེས་རང་གནས་ལྷུན་གྱིས་གྲུབ། ། དེ་ནི་གནས་ཀྱི་མཆོག་ཏུ་གསུངས།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། དགྲ་བོ་གནས་སྤར་བའི་ལེའུ་སྟེ་བརྒྱ་ཐམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། སེམས་ཅན་བསོད་ནམས་འགྲིབ་པའི་དུས། ། སྔགས་པ་ནང་རྒྱས་བྱེད་པའི་དུས།། ལྷ་སྲིན་སྟོབས་འགྲན་བྱེད་པའི་དུས།། སྔགས་པ་མཐུ་འགྲན་བྱེད་པའི་དུས།། གཅིག་ལ་གཅིག་སྨོད་འཕྱ་འགྲན་བྱེད།། ལྷ་སྲིན་སྦོད་གཏོང་བྱེད་པའི་དུས། ། ཚེ་ལོ་དྲུག་ཅུ་རེ་གཅིག་ཤར།། རིམས་ནད་སྣ་ཚོགས་འབྱུང་བའི་དུས།། དེ་ཚེ་ཕྱག་ཆ་བསྐོར་བར་བྱ།། བདག་ཉིད་སྐུ་གསུམ་དོན་ལྡན་པས།། དྲེགས་པའི་དེ་ཉིད་ཤེས་གྱུར་ན།། དྲེགས་པ་རང་ཤེས་རང་གིས་བྱེད། ། ཡི་གེ་བདུན་གྱིས་གཟིར་བྱས་ལ།། དྲེགས་པའི་རྣམ་ཤེས་ཡིག་འབྲུ་གཅིག། འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས།། སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན།། གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། རང་སྲོག་རང་གིས་གཅོད་པར་བྱེད།། དྲེགས་པ་སྤྱི་ཡི་དྲག་སྔགས་སོ།། སྲིད་པའི་དབང་བྱེད་གཤིན་རྗེ་ཡིན།། གཤིན་རྗེ་དེ་ཉིད་ཤེས་གྱུར་ན།། གཤིན་རྗེ་རང་ཤེས་རང་གིས་བྱེད།། ཡི་གེ་བཞི་ཡིས་གཟིར་བྱས་ལ། ། གཤིན་རྗེའི་རྣམ་ཤེས་ཡིག་འབྲུ་གཅིག། འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས།། སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན།། གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། སྲིད་པ་དབང་བྱེད་མ་མོ་ཡིན། ། མ་མོའི་དེ་ཉིད་ཤེས་གྱུར་ན།། མ་མོ་རང་གཤེད་རང་གིས་གཟིར་བྱས་ལ།། མ་མོ་རྣམ་ཤེས་ཡིག་འབྲུ་གཅིག། འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས།། སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན། ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མུ་སྟེགས་སྡིག་པའི་སྡིག་ཅན་ནི།། མུ་སྟེགས་རང་གཤེད་རང་གིས་བྱེད།། ཡི་གེ་ལྔ་ཡིས་གཟིར་བྱས་ལ།། སྡིག་པའི་རྣམ་ཤེས་ཡིག་འབྲུ་གཅིག། འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས།། སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན།། གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། བདུད་ཀྱི་དེ་ཉིད་ཤེས་གྱུར་ན།། བདུད་ཀྱི་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། བདུད་ཀྱི་རྣམ་ཤེས་ཡིག་འབྲུ་གཅིག། འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས།། སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན།། གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། རང་སྲོག་རང་གིས་གཅོད་པར་བྱེད།། བདུད་མོ་དེ་ཉིད་ཤེས་གྱུར་ན།། བདུད་མོ་རང་གཤེད་རང་གིས་བྱེད།། ཡི་གེ་བཞི་ཡིས་གཟིར་བྱས་ལ།། བདུད་མོའི་རྣམ་ཤེས་ཡིག་འབྲུ་གཅིག། འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས། ། སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན།། གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། ལྷ་ཡི་དེ་ཉིད་ཤེས་གྱུར་ན།། ལྷ་ཡི་རང་གཤེད་རང་གིས་བྱེད།། ཡི་གེ་བཞི་ཡིས་གཟིར་བྱས་ལ། ། ལྷ་ཡི་རྣམ་ཤེས་ཡིག་འབྲུ་གཅིག། འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས།། སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། སྲིན་པོའི་དེ་ཉིད་ཤེས་གྱུར་ན། ། སྲིན་པོ་རང་གཤེད་རང་གིས་བྱེད།། ཡི་གེ་བཞི་ཡིས་གཟིར་བྱས་ལ།། སྲིན་པོའི་རྣམ་ཤེས་ཡིག་འབྲུ་གཅིག། འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས།། སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན། ། གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། སྲིན་མོ་དག་ཀྱང་དེ་དང་འདྲ།། སྔགས་པ་ལྟ་བ་གོལ་བ་དང།། རུ་ཏྲ་ཆེན་པོར་ལུས་གཟུང་ནས།། རུ་ཏྲའི་དེ་ཉིད་ཤེས་གྱུར་ན། ། རུ་ཏྲའི་རང་གཤེད་རང་གིས་བྱེད།། ཡི་གེ་བཞི་ཡིས་གཟིར་བྱས་ལ།། རུ་ཏྲའི་རྣམ་ཤེས་ཡིག་འབྲུ་གཅིག། འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས།། སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན།། གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་ཕཊ། ལྷ་ཡི་དེ་ཉིད་ཤེས་གྱུར་ན།། ལྷ་ཡི་སྲོག་སྙིང་འབྲུ་གཉིས་ལ།། སྙིང་གཟེར་ཡིག་འབྲུ་བཞིས་བསྐུལ་བས།། ལྷ་རྣམས་ཐམས་ཅད་གཟིར་བར་བྱེད། ། དེ་བ་ཙིཏྟ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གསོད་པར་བྱེད།། མཱ་ར་ཡ་ཕཊ། སྲིན་པོའི་དེ་ཉིད་ཤེས་གྱུར་ན།། སྲིན་པོའི་སྲོག་སྙིང་འབྲུ་གཉིས་གཞུག། སྙིང་གཟེར་ཡིག་འབྲུ་བཞི་བསྐུལ་བས། ། སྲིན་པོ་ཐམས་ཅད་གཟིར་བར་བྱེད།། རག་ཤ་ཙིཏྟ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་ཕཊ། སྲིན་མོའི་དེ་ཉིད་ཤེས་གྱུར་ན། ། སྲིན་མོའི་སྲོག་སྙིང་འབྲུ་གཉིས་ལ།། སྙིང་གཟེར་ཡིག་འབྲུ་བཞིས་བསྐུལ་བས།། སྲིན་མོ་ཐམས་ཅད་གཟིར་བར་བྱེད།། རག་མོ་ཙིཏྟ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད། ། མཱ་ར་ཡ་རྦད། རུ་དྲའི་དེ་ཉིད་ཤེས་གྱུར་ན།། རུ་དྲའི་སྲོག་སྙིང་འབྲུ་གཉིས་ལ།། སྙིང་གཟེར་ཡིག་འབྲུ་བཞིས་བསྐུལ་བས།། རུ་དྲ་ཐམས་ཅད་གཟིར་བར་བྱེད།། རུ་དྲ་ཙིཏྟ་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། གནོད་སྦྱིན་དེ་ཉིད་ཤེས་གྱུར་ན།། གནོད་སྦྱིན་སྲོག་སྙིང་འབྲུ་གཉིས་ལ།། སྙིང་གཟེར་ཡིག་འབྲུ་བཞིས་བསྐུལ་བས།། གནོད་སྦྱིན་ཐམས་ཅད་གཟིར་བར་བྱེད། ། ཡག་ཤ་ཙིཏྟ་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། གནོད་སྦྱིན་མོ་ཡི་དེ་ཉིད་ཤེས་གྱུར་ནས།། གནོད་སྦྱིན་མོ་ཡི་སྲོག་སྙིང་འབྲུ་གཉིས་ལ། ། སྙིང་གཟེར་ཡིག་འབྲུ་བཞིས་བསྐུལ་བས།། གནོད་སྦྱིན་མོ་ཐམས་ཅད་གཟིར་བར་བྱེད།། ཡག་མོ་ཙིཏྟ་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད། ། མཱ་ར་ཡ་ཕཊ། རྒྱལ་པོའི་དེ་ཉིད་ཤེས་གྱུར་ན།། རྒྱལ་པོའི་སྲོག་སྙིང་འབྲུ་གཉིས་ལ།། སྙིང་གཟིར་ཡིག་འབྲུ་བཞིས་བསྐུལ་བས།། རྒྱལ་པོ་ཐམས་ཅད་གཟིར་བར་བྱ།། ར་ཛ་ཙིཏྟ་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད།། བཙན་གྱི་དེ་ཉིད་ཤེས་གྱུར་ན།། བཙན་གྱི་སྲོག་སྙིང་འབྲུ་གཉིས་གཞུག། སྙིང་གཟེར་ཡིག་འབྲུ་བཞིས་བསྐུལ་བས།། བཙན་རྣམས་ཐམས་ཅད་གཟིར་བར་བྱེད། ། ཡཾ་ཏྲི་ཙིཏྟ་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། དམུ་ཡི་དེ་ཉིད་ཤེས་གྱུར་ན།། དམུ་ཡི་སྲོག་སྙིང་འབྲུ་གཉིས་ལ། ། སྙིང་གཟེར་ཡིག་འབྲུ་བཞིས་བསྐུལ་བས།། དམུ་རྣམས་ཐམས་ཅད་གཟིར་བར་བྱེད།། མུན་མུན་ཙིཏྟ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། ཐེ་བྲང་དེ་ཉིད་ཤེས་གྱུར་ན། ། ཐེ་བྲང་རང་གཤེད་རང་གིས་བྱེད།། ཐེ་བྲང་སྲོག་སྙིང་འབྲུ་གསུམ་ལ།། སྙིང་གཟེར་ཡིག་འབྲུ་བཞིས་བསྐུལ་བས།། ཐེ་བྲང་ཐམས་ཅད་གཟིར་བར་བྱེད།། བཛྲ་སདྷུ་ཙིཏྟ་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད།། འགོང་པོའི་དེ་ཉིད་ཤེས་གྱུར་ན།། འགོང་པོའི་སྲོག་སྙིང་འབྲུ་གསུམ་ལ།། སྙིང་གཟེར་ཡིག་འབྲུ་བཞི་བསྐུལ་བས།། འགོང་པོ་ཐམས་ཅད་གཟིར་བར་བྱེད། ། ཧཾ་ཤཾ་ཏྲི་ཙིཏྟ་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་ཕཊ། དམ་སྲིའི་དེ་ཉིད་ཤེས་གྱུར་ན།། དམ་སྲིའི་སྲོག་སྙིང་འབྲུ་གཉིས་ལ། ། སྙིང་གཟེར་ཡིག་འབྲུ་བཞིས་བསྐུལ་བས།། དམ་སྲི་ཐམས་ཅད་གཟིར་བར་བྱེད།། རུ་དྲའི་ཙིཏྟ་རྦད་ནན། ཀླུ་ཡི་དེ་ཉིད་ཤེས་གྱུར་ན།། ཀླུ་ཡི་སྲོག་སྙིང་འབྲུ་གཉིས་ལ།། སྙིང་གཟེར་ཡིག་འབྲུ་བཞིས་བསྐུལ་བས། ། ཀླུ་རྣམས་ཐམས་ཅད་གཟིར་བར་བྱེད།། ནཱ་ག་ཙིཏྟ་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད་ནན། སརྦ་དུཥྟན། ཨེ་ཙིཏྟ་རྦད་ནན། མཱ་ར་ཡ་རྦད། ཆེ་གེ་མོ་ནརི་ཙིཏྟ་རྦད་ནན། མཱ་ར་ཡ་རྦད། འདི་བཞིན་ཀུན་ལ་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། དྲག་པོ་ཕྱག་ཆ་བསྐོར་བའི་ལེའུ་སྟེ་བརྒྱ་དང་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བཙན་ཐབས་ཕྱག་ཆ་བསྐོར་བར་བྱ།། བདག་ཉིདསྐུ་གསུམ་དབྱེར་མེད་དོན་ལ་བསྒོམ་པར་བྱ།། དྲེགས་པ་ཐམས་ཅད་དེ་ཉིད་ཤེས་གྱུར་ན།། དྲེགས་པ་ཐམས་ཅད་རང་གཤེད་རང་གིས་བྱེད།། ཡི་གེ་དྲུག་གིས་གཟིར་བྱས་ལས། ། སརྦ་དུཥྟན་རྦད་ནན། གསོད་བྱེད་ཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། གཤིན་རྗེའི་དེ་ཉིད་ཤེས་གྱུར་ན།། གཤིན་རྗེ་རང་ཤེད་རང་གིས་བྱེད།། ཡི་གེ་བཞི་ཡིས་གཟིར་བྱས་ལ། ། ཡ་མ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། མ་མོའི་དེ་ཉིད་ཤེས་གྱུར་ན།། མ་མོ་རང་གཤེད་རང་གིས་བྱེད།། ཡི་གེ་དྲུག་གིས་གཟིར་བྱས་ལ། ། མ་མ་རུ་ལུ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། མུ་སྟེགས་དེ་ཉིད་ཤེས་གྱུར་ན།། མུ་སྟེགས་རང་གཤེད་རང་གིས་བྱེད། ། ཡི་གེ་ལྔ་ཡིས་གཟིར་བྱས་ལ།། ཏིར་ཏི་རྐ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། བདུད་ཀྱི་དེ་ཉིད་ཤེས་གྱུར་ན།། བདུད་ཀྱི་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། རུ་ཏྲཾ་ཏྲིག་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། བདུད་མོའི་དེ་ཉིད་ཤེས་གྱུར་ན།། བདུད་མོ་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། དུན་ཏིང་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། ལྷ་ཡི་དེ་ཉིད་ཤེས་གྱུར་ན།། ལྷ་ཡི་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། དེ་བ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། སྲིན་པོའི་དེ་ཉིད་ཤེས་གྱུར་ན།། སྲིན་པོ་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། རག་ཤ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། སྲིན་མོའི་དེ་ཉིད་ཤེས་གྱུར་ན།། སྲིན་མོ་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། རག་མོ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། རུ་ཏྲའི་དེ་ཉིད་ཤེས་གྱུར་ན།། རུ་ཏྲ་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། རུ་ཏྲ་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། གནོད་སྦྱིན་དེ་ཉིད་ཤེས་གྱུར་ན།། གནོད་སྦྱིན་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། ཡག་ཤ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། རྒྱལ་པོའི་དེ་ཉིད་ཤེས་གྱུར་ན།། རྒྱལ་པོ་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡི་གཟིར་བྱས་ལ།། རཱ་ཛ་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། བཙན་གྱི་དེ་ཉིད་ཤེས་གྱུར་ན།། བཙན་གྱི་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། ཡཾ་ཏྲི་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད།། ཐེ་བྲང་དེ་ཉིད་ཤེས་གྱུར་ན།། ཐེ་བྲང་རང་གཤེད་རང་གིས་བྱེད། ། ཡི་གེ་ལྔ་ཡིས་གཟིར་བྱས་ལ།། བཛྲ་ས་དྷཱུ་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། འགོང་པོའི་དེ་ཉིད་ཤེས་གྱུར་ན།། འགོང་པོ་རང་གཤེད་རང་གིས་བྱེད། ། ཡི་གེ་ལྔ་ཡི་གཟིར་བྱས་ལ།། ཧཾ་ཤང་ཏྲི་རྦད་ནན།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད།། དམ་སྲིའི་དེ་ཉིད་ཤེས་གྱུར་ན།། དམ་སྲི་རང་ཤེས་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། རུ་ཏྲི་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད། ཀླུ་ཡི་དེ་ཉིད་ཤེས་གྱུར་ན།། ཀླུ་ཡི་རང་གཤེད་རང་གིས་བྱེད། ། ཡི་གེ་བཞི་ཡིས་གཟིར་བྱས་ལ།། ནཱ་ག་རྦད་ནན། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། མཱ་ར་ཡ་རྦད།། དེ་བཞིན་ཀུན་ལ་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། བཙན་ཐབས་ཕྱག་ཆ་རང་ལ་བསྐོར་བའི་ལེའུ་སྟེ་བརྒྱ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དགྲ་བགེགས་རྩད་ནས་བཅད་པའི་ཕྱིར།། ངན་སྔགས་ཐུན་གཟེར་བསྟན་པར་བྱ། ། རྩ་བའི་ཡིག་འབྲུ་བཅུ་གཉིས་དང།། བཅུ་གསུམ་པ་ལ་སྦྱོར་བ་བསྡེབ།། ལྷ་སྲིན་སྤྱི་ཡི་སྲོག་སྙིང་ལ།། གསང་སྔགས་ཡི་གེ་འབྲུ་བཞིར་བསྟན།། འབྲུ་བཞི་སྔགས་ཀྱི་མཐུན་གྱུར་ན།། གཟིར་བ་བཙན་ཐབས་ཡིག་འབྲུ་གཉིས། ། གནད་ལ་དབབ་པའི་ཡིག་འབྲུ་བཞི།། ལྷ་འདྲེ་འདུལ་བའི་ཡིག་འབྲུ་གསུམ།། བཀའ་ཟློག་ཆེན་པོའི་ཡིག་འབྲུ་བཞི།། ཡི་དྭགས་ཁ་འཆིངས་ཡིག་འབྲུ་གཉིས།། སྦྱོར་བ་གཞོམ་པའི་ཡིག་འབྲུ་གསུམ། ། བྱས་པར་གཤིག་པའི་ཡིག་འབྲུ་གསུམ།། ཟུག་པར་དབྱུང་བའི་ཡིག་འབྲུ་གསུམ།། འབྲུ་གསུམ་ལས་རྣམས་ཐམས་ཅད་བྱེད།། ཡིག་འབྲུ་གཅིག་གིས་ལས་ལ་བསྐུལ།། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། གསོད་བྱེད་མཚོན་ཆ་ཡིག་འབྲུ་བཞི།། སྲོག་གི་གཟེར་བུ་ཡིག་འབྲུ་བདུན།། གསོད་པ་སྤུ་གྲི་ཡིག་འབྲུ་བརྒྱད།། དབུགས་དབྱུང་ཡི་གེ་འབྲུ་གཅིག་གོ། ལོག་གནོན་ཡི་གེ་འབྲུ་གཉིས་སོ།། གཤིན་རྗེ་མ་མོ་ལ་སོགས་པའི། ། ལྷ་འདྲེ་སོ་སོའི་སྲོག་སྙིང་ལ།། མཐའ་བསྒྱུར་ལས་སྔགས་སྔ་མ་བཞིན།། མཁས་པས་བསྡེབ་པར་བྱ།། བསད་དང་གསོ་དང་དབབ་དང་བཅད།། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། མཁས་པས་སྲོག་ལ་བསྡུ་བར་བྱ། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ལས་གྲུབ་སྦྱོར་བ་སྒྲོལ་བར་བྱ།། སྙིགས་མ་ལྔའི་ལས་ཤེས་པར་བྱ།། དངས་མ་རྣམས་ཤེས་འབྲུ་རེ་ལ།། མཐའ་བསྒྱུར་ལས་སྔགས་གོང་བཞིན་བསྡེབ། ། དངས་མ་རྣམ་ཤེས་ལས་སུ་བསྟན།། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ལས་གྲུབ་སྦྱོར་བ་སྒྲོལ་བར་བྱ།། སྤོགས་ཐབས་ལས་ཀྱི་རིམ་པ་ལ། ། ཞག་གྲངས་བདུན་གྱི་བར་དག་གི། དྲག་པོ་ཐོག་སེར་མ་བྱུང་ན།། ལས་གྲུབ་སྦྱོར་བ་རྣམས།། སྔ་མ་ཇི་བཞིན་ཤེས་པར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། ངན་སྔགས་ཀྱི་ཐུན་གཟེར་གྱི་ལེའུ་སྟེ་བརྒྱ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དཀོན་མཆོག་བསྟན་པ་བསྲུང་བ་དང།། རྣལ་འབྱོར་བར་ཆད་བསྒྲལ་བའི་ཕྱིར།། དུག་ལྔ་གཤེད་དུ་དབབ་པར་བྱ།། ཡི་དམ་མངོན་དུ་རྫོགས་པར་བྱ། ། ཡིག་འབྲུ་བཅུ་གསུམ་དྲག་སྔགས་ཀྱིས།། དྲག་ལྔ་གཤེད་ལ་དབབ་པར་བྱ།། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། སྡེ་རྣམས་གསད་པའི་དྲག་སྔགས་ཡིན། ། ཡིག་འབྲུ་བཅུ་གསུམ་དྲག་སྔགས་ཀྱིས།། དུག་ལྔ་གཤེད་ལ་དབབ་པར་བྱ།། དགྲ་བོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད། ། གཅིག་གསད་པ་ཡི་དྲག་སྔགས་ཡིན།། བསད་དང་གསོ་དང་དབབ་དང་བཅད།། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། འཇིག་རྟེན་དུག་ཅན་ཐམས་ཅད་ཀྱིས།། ཐོགས་པར་མེད་པར་ལས་རྣམས་བྱེད། ། རྫས་དང་སྔགས་དང་ཏིང་འཛིན་གྱིས།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཞག་གྲངསབདུན་གྱི་བར་དག་ཏུ།། འཁོར་ལོའི་སྦྱོར་བ་གསུམ་དང་ནི།། ཐུན་གྱི་སྦྱོར་བ་གསུམ་གྱིས་བྱ།། ལས་གྲུབ་སྦྱོར་བ་བསྒྲོལ་བར་བྱ། ། གལ་ཏེ་རྟགས་རྣམས་མ་བྱུང་ན།། དབུགས་དབྱུང་ལས་ལ་གཏང་བར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། དུག་ལྔ་གཤེད་དུ་དབབ་པའི་ལེའུ་སྟེ་བརྒྱ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དཀོན་མཆོག་བསྟན་པ་བསྲུང་བ་དང།། རྣལ་འབྱོར་བར་ཆད་བསྒྲལ་བའི་ཕྱིར།། དུག་གསུམ་གཤེད་ལ་དབབ་པར་བྱ།། ཡི་དམ་མངོན་དུ་རྫོགས་པར་བྱ།། ཡི་གེ་འབྲུ་གསུམ་པ་ཡི་དྲག་སྔགས་ཀྱིས།། དུག་གསུམ་གཤེད་ལ་དབབ་པར་བྱ། ། དྲག་པོའི་སྲོག་སྙིང་འབྲུ་གཉིས་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་རྦད། སྡེ་རྣམས་གསད་པའི་དྲག་སྔགས་ཡིན།། ཡིག་འབྲུ་བརྒྱད་ཀྱི་དྲག་སྔགས་ཀྱིས། ། དུག་གསུམ་གཤེད་ལ་དབབ་པར་བྱ།། དྲག་པོའི་མིང་རུས་སྙིང་པོ་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། མཱ་ར་ཡ་རྦད། གཅིག་གསད་པ་ཡི་དྲག་སྔགས་ཡིན། ། བསད་དང་གསོ་དང་དབབ་དང་བཅད།། མནན་གཟིར་ལྟས་ངན་ཆོ་འཕྲུལ་རྣམས།། འཇིག་རྟེན་དུག་ཅན་ཐམས་ཅད་ཀྱིས།། ཐོགས་པ་མེད་པར་ལས་རྣམས་བྱེད།། རྫས་དང་སྔགས་དང་ཏིང་འཛིན་གྱི། ། སྦྱོར་བ་རྣམ་པ་གསུམ་གྱིས་གདབ།། ཞག་གྲངས་བདུན་གྱི་བར་དག་ཏུ།། འཁོར་ལོའི་སྦྱོར་བ་གསུམ་དང་ནི།། ཐུན་གྱི་སྦྱོར་བ་གསུམ་གྱིས་བྱ།། ལས་གྲུབ་སྦྱོར་བ་སྒྲོལ་བར་བྱ།། གལ་ཏེ་ལས་རྣམས་མ་གྲུབ་ན། ། དབུགས་དབྱུང་ལས་ལ་གཏང་བར་བྱ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། དུག་གསུམ་གཤེད་དུ་དབབ་པའི་ལེའུ་སྟེ་བརྒྱ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དགྲ་བགེགས་རྦད་ནས་གཅད་པའི་ཕྱིར། ། འབྱུང་བ་གཤེད་ལ་དབབ་པར་བྱེད།། ཡི་དམ་མངོན་དུ་རྫོགས་པར་བྱ།། དགྲ་བོ་གང་ཡིན་དེ་ཉིད་ཀྱི། ཁམས་ནི་རྣམ་པ་གཉིས་སུ་བསྟན།། སྤྱི་དང་སྒོས་སུ་བརྟག་པར་བྱ།། སྤྱི་ནི་ཕ་ཚན་རུས་ཆེན་ལ། ། སྒོས་ནི་གང་ཟག་གཅིག་ཡིན་ནོ།། མཁས་པས་གཙུག་ལ་རྩིས་ལ་བརྟག། དགྲ་བགེགས་ཁམས་ནི་གང་ཡིན་ལ།། ཤེས་ནས་མཁས་པས་ལས་ལ་སྦྱར།། ཨོཾ་ཨེ་ཡཾ་རཾ་སུཾ་བཾ་ཛ།། ཡིག་འབྲུ་བདུན་གྱིས་ནམ་མཁའ་བསྐལ། ། ཨེ་ཨག་ནེ་མཎྜལ་བྷྱོ། ནམ་མཁའི་ཁམས་ནི་ལྕགས་ཡིན་པས།། དེ་དག་ཤིང་ལ་གདབ་པར་བྱ།། དགྲ་བོའི་སྲོག་སྙིང་འབྲུ་གདབ་བྱ།། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། ། དགྲ་བོ་སྲོག་གི་གཤེད་མ་བྱེད།། ཡིག་འབྲུ་བདུན་གྱིས་རླུང་བསྐུལ་བས།། ཡཾ་ཀར་མ་མཎྜལ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད། ། རླུང་ནི་ཤིང་གི་ཁམས་ཡིན་པས།། དེ་དག་ས་ལ་གདབ་པར་བྱ།། ཡིག་འབྲུ་བདུན་གྱིས་མེ་བསྐུལ་ལ།། རཾ་ཛ་ལ་མཎྜ་ལ་བྷྱོ།། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད། ། མེ་ཁམས་ལྕགས་ལ་གདབ་བར་བྱ།། ཡིག་འབྲུ་བདུན་གྱིས་ཆུ་བསྐུལ་ལ།། བཾ་པ་ནི་མཎྜལ་བྷྱོ། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། དགྲ་བོ་སྲོག་གི་གཤེད་མ་བྱེད།། ཆུ་ཁམས་མེ་ལ་གདབ་པར་བྱ། ། ཡིག་འབྲུ་བདུན་གྱིས་ས་བསྐུལ་ལ།། སུཾ་སྟིཥྛ་མཎྜལ་བྷྱོ། དགྲ་བོའི་སྲོག་སྙིང་འབྲུ་གཉིས་གཞུག། གསོད་བྱེད་མཚོན་ཆ་འབྲུ་བཞི་ཡིས།། རང་སྲོག་རང་གིས་གཅོད་པར་བྱེད།། ས་ཁམས་ཆུ་ལ་གདབ་པར་བྱ། ། དམིགས་པའི་དགྲ་བོ་དེ་ཡི་ཁམས།། གལ་ཏེ་ངོ་ཡིས་མ་ཟིན་ན། ཁམས་ཆེན་ལྔ་ཡི་དྲག་སྔགས་རྣམས།། དགྲ་བོ་གཅིག་ལ་གཤེད་དུ་དབབ།། དེས་ནི་གསོད་པར་ཐེ་ཚོམ་མེད། ཁམས་ཆེན་ལྔ་ཡི་དྲག་སྔགས་རྣམས། ། མཁས་པས་གཅིག་ཏུ་དྲིལ་བྱས་ནས།། བསྟབ་པས་དགྲ་བགེགས་བརླག་པར་འགྱུར།། ཤ་ཏྲུཾ་ཆེ་གེ་མོ་མཱ་ར་ཡ་རྦད།། དེས་ནི་གསོད་པར་ཐེ་ཚོམ་མེད།། གཏད་ཅིང་གནན་པའི་ལས་རྣམས་ནི།། ལྕགས་ནི་མེ་ལ་གཏད་ཅིང་གནན། ། མེ་ནི་ཆུ་ལ་གཏད་ཅིང་གནན།། ཆུ་ནི་ས་ལ་གཏད་ཅིང་གནན།། ས་ནི་ཤིང་ལ་གཏད་ཅིང་གནན།། ཤིང་ནི་ལྕགས་ལ་གཏད་ཅིང་གནན།། དེ་དག་སོ་སོའི་ལས་སུ་བསྟན།། དགྲ་གཅིག་ཀུན་ལ་གཏད་ཅིང་གནན། ཁམས་ཆེན་ལྔ་ཡི་མཐུ་འཛོམ་ན།། རྟེན་འབྲེལ་འཛོམ་པའི་ནུས་མཐུ་ཡིས།། དགྲ་བགེགས་བརླག་པར་ཐེ་ཚོམ་མེད།། རྫས་དང་སྔགས་དང་ཏིང་འཛིན་གྱི།། སྦྱོར་བ་རྣམ་པ་གསུམ་གྱིས་གདབ། ། ལྕགས་ཕུར་འཁར་རྐོངས་ལྕགས་ཀྱི་ཐུན།། རྡོ་སྔོན་ཤིང་ཕུར་སྔོན་པོ་དག། ཤིང་གི་ཐུན་དུ་ཤེས་པར་བྱ།། མེ་རྡོ་ཟངས་དང་སེང་ལྡེང་ཕུར་པ་རྣམས།། མེ་ཡི་ཐུན་དུ་ཤེས་པར་བྱ།། རྡོ་ནག་ཁྲག་དང་འཛོ་མོའི་ཕུར་པ་རྣམས། ། ཆུ་ཡི་ཐུན་དུ་ཤེས་པར་བྱ།། རྡོ་སེར་འཁར་བ་སྐྱེར་ཕུར་རྣམས།། ས་ཡི་ཐུན་དུ་ཤེས་པར་བྱ།། ཤ་ཏྲུཾ་མཱ་ར་ཡ་ཕཊ། ཆེ་གེ་མོ་མཱ་ར་ཡ་ཕཊ། སྡེ་གསད་པ་དང་གཅིག་གསད་པ།། སྡེབས་ཡིག་གོང་བཞིན་ཤེས་པར་བྱ། ། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། འབྱུང་བ་གཤེད་དུ་དབབ་པའི་ལེའུ་སྟེ་བརྒྱ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དུས་ཀྱི་སྙིགས་མ་ཟད་ཀ་རུ།། སེམས་ཅན་བསོད་ནམས་ཟད་ཀ་རུ། ། ཚེ་ལོ་བཅུ་པ་ཤར་ཙམ་ན།། ཞི་ཁྲོའི་དངོས་གྲུབ་ཡལ་ཙམ་ན།། དབང་ཆེན་དངོས་གྲུབ་ཡལ་ཙམ་ན།། ཕུར་བུའི་དངོས་གྲུབ་ཡལ་ཙམ་ན།། འཇམ་དཔལ་དངོས་གྲུབ་ཡལ་ཙམ་ན།། སྟོབས་ཆེན་དངོས་གྲུབ་ཡལ་ཙམ་ན། ཁྱུང་ཆེན་དངོས་གྲུབ་ཡལ་ཙམ་ན། ཁྲོ་བཅུའི་དངོས་གྲུབ་ཡལ་ཙམ་ན།། གཤིན་རྗེའི་དངོས་གྲུབ་ཡལ་ཙམ་ན།། སྡེ་བརྒྱད་དངོས་གྲུབ་ཡལ་ཙམ་ན།། སྒྲོལ་གིང་དངོས་གྲུབ་ཡལ་ཙམ་ན། ། དྲག་སྔགས་དངོས་གྲུབ་ཡལ་ཙམ་ན།། དེ་ཚེ་གདབ་པའི་དྲག་སྔགས་བརྡེག། རྩ་བའི་ཡིག་འབྲུ་བཞི་ཡིས་བསྐུལ།། ཨེ་ནི་དུ་མཱ་ར་ཡ་རྦད།། དེ་ལ་སྦྱོར་བའི་རྒྱལ་པོ་སྡེབ།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། སྦྱོར་བའི་ངན་སྔགས་གསུམ་གྱིས་གདབ། ། བདག་པའི་གདབ་པ་ཆེན་པོའི་དཔལ།། གསང་བའི་སྦྱོར་བ་ཆེན་པོ་རྣམ་པ་ལྔ་དང་ལྡན།། སེམས་ཅན་རིགས་དྲུག་འགྲོ་བ་ལ།། སྦྱོར་བ་གཏན་ལ་དབབ་པ་ལ།། མཁའ་ལ་རྒྱུ་བའི་སེམས་ཅན་དང། ། གདབ་དང་སྔགས་ཀྱི་ད་ལྟ་དང།། འཇིག་རྟེན་ཁམས་ཀྱི་རྐུན་མོ་རྣམས།། བཅིངས་ཏེ་རེངས་པར་བྱ་བ་ནི།། ཨ་ཏི་རྦད་ཅེས་བྱ་བས་བརྡེག། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས།། གདབ་པའི་ངན་སྔགས་དང་དུས་བསྟན་པའི་ལེའུ་སྟེ་བརྒྱ་བརྒྱད་པའོ། །།། དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོས། འཇིག་རྟེན་ལས་འདས་པ་དང། འཇིག་རྟེན་པ་རྣམས་ལ་དྲག་པོ་ངན་སྔགས་ཀྱི་རྒྱུད་གཏད་དོ། ། དེ་ནས་འཁོར་འདུས་པ་ཆེན་པོ་འཇིག་རྟེན་ལས་འདས་པ་རྣམས་དང། འཇིག་རྟེན་ན་མཐུ་ཆེ་བའི་མ་མོ་དང། མཁའ་འགྲོ་མའི་ཚོགས་རྣམས་དང། འཆི་བདག་ལ་སོགས་པའི་གཤིན་རྗེའི་ཚོགས་རྣམས་དང། ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི་དྲེགས་པ་ཅན་རྣམས་དང། སྒྲོལ་གིང་ཆེན་པོ་རྣམས་དང། འཁོར་འདུས་པ་ཆེན་པོ་རྣམས་ཀྱིས་དྲག་སྔགས་སྲོག་གི་སྙིང་པོའི་རྗེས་སུ་འབྲེངས་ལ། དཀོན་མཆོག་གི་བསྟན་པ་སྲུངས་ཤིག། གལ་ཏེ་ཁྱེད་རྣམས་ཀྱིས་བཀའ་བཞིན་དུ་མ་བྱས་ན། ཁྱེད་རྣམས་ལ་ཡང་སྲོག་གི་སྙིང་པོ་ལ་གཤེད་ལ་ཕབ་པས། རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་རོ།། དེའི་ཕྱིར་རང་སྲོག་རྗེས་སུ་དྲན་པར་གྱིས་ལ། ། དཀོན་མཆོག་གི་བསྟན་པ་གཉན་པོ་སྲུངས་ཤིག། དེ་སྐད་ཅེས་གསུངས་ནས།། དྲག་པོ་ངན་སྔགས་ཀྱི་རྒྱུད་ཡོངས་སུ། གཏད་ཅིང་འཕྲིན་ལས་ཀྱི་གཉེར་གཏད་དོ།། དྲག་པོ་ངན་སྔགས་ཀྱི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་ཅིང་འཕྲིན་ལས་ཀྱི་གཏད་པའི་ལེའུ་སྟེ་བརྒྱ་དང་དགུ་པའོ། །།། དྲག་པོ་ངན་སྔགས་ཀྱི་རྒྱུད་ཅེས་བྱ་བ་རྩ་བའི་རྒྱུད་ཆེན་པོ་རྫོགས་སོ།།།།
CLOSE WINDOW