CLOSE WINDOW

Gpb051.019:
Wylie

།།། །། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གསང་བ་ཆེན་པོའི་གནས་ན། ལྔ་བརྒྱ་ཐ་མའི་དུས་ལ་ཆོས་དང་སེམས་ཅན་དམིགས་པ་མེད་པ་དང། ཐུགས་རྗེ་གསུམ་གྱིས་ཡོངས་མཛད་པའི། ཁ་ཏོང་མ་ཏྲོད་དང་ཨ་ཀར་ཤ།། བཏུལ་ནས་བཞུགས་པ་ཟུང་ལྔ་གཤེད།། རྒྱུད་དྲུག་ངང་ལས་གནས་པ་ལ། ། གསང་གསུམ་བདག་པོ་རྡོ་རྗེ་ཡིས།། ཟུང་ལྔ་གཤེད་ལ་གསོལ་བ་བཏབ།། འཕྲིན་ལས་བཞི་འབུམ་འགྲུབ་པའི་ལས།། གོང་དུ་གསུངས་པའི་རྒྱུད་རྣམས་ལས།། བཤད་པའི་ལུང་བསྟན་མི་འཚལ་ལམ། ། ཐུགས་རྗེ་གསུམ་གྱིས་ལུང་བསྟན་མཛོད།། ལོག་ལྟ་དྲུག་གི་ངང་ཚུལ་ཅན།། སེམས་ཅན་ཐུགས་རྗེས་བཟུང་དུ་གསོལ།། ཅེས་ཚིག་ཏུ་གསོལ་བ་བཏབ་པ་གསན་ནས།། དཀྱིལ་འཁོར་དྲུག་ནི་བསྐྱེད་མཛད་ནས། ། སྤྲུལ་པ་སྡེ་དཔོན་བཅུ་དགུ་སྤྲུལ།། གྱེན་ཐུར་རང་ཐད་སྣརེལ་བཞི་འགྲོ། བརྡ་ཡིས་རིག་པའི་ཚོགས་བདག་བཤད།། ལིང་ཁ་འཁོར་ལོ་སྔགས་དང་དགུ།། རེ་རེ་བཞི་བཞིར་བསྒྲུབ་ལུང་བསྟན།། སངས་ཏི་ན་རུ་བིབ་བག་གླང། ། དེ་བཞི་འདྲེན་པའི་དགོངས་ལུང་བསྟན།། རིག་པ་ཚོགས་ཀྱི་བཞི་གསུམ་དབྱེ།། མ་མཐོང་རྨོངས་དང་གབ་པ་ནི།། ལྡེ་མིག་གསུམ་གྱིས་སྒྲོལ་བར་བྱ།། སྒོ་བཞི་ལྡེ་གསུམ་མན་ངག་རྒྱ།། རྒྱ་བདུན་བཏབ་ཅེས་བསྟན་པ་ཡིན། ། རང་གི་ས་བོན་ལས་བྱུང་བས།། སྲོག་ནི་འཕྲོག་པའི་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས།། གླེང་བཞི་དགོངས་ལུང་བསྟན་པའི་ལེའུ་སྟེ་དང་པོའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཀྲ་ཤིས་གྲུབ་ཐོབ་ཉམས་དགའ་མཚན།། བྱིན་ཆེན་བདེར་གཤེགས་བྱོན་གནས་སུ།། འདས་པས་བསྒྲུབ་པ་དགོངས་ལུང་ཡིན།། འཇིག་རྟེན་རང་རྒྱུད་རྟེན་ལ་ཆགས། ། ཚ་ཚ་མཆོད་སྦྱིན་ཟབ་མོ་བསྒྲགས།། སྲོག་སྐྱབས་བྱས་ལ་བར་ཆད་བསལ།། གཉིས་པའི་བསྐང་བཟློག་བསྟན་པ་ནི།། དྲག་པོ་སྔགས་དང་མཆོག་བསྐང་དང།། ཟང་ཟིང་རྫས་དང་རིག་པའི་རྩལ། ། རྒྱུད་ལས་གསུངས་བཞིན་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་ལུང་བསྟན་པའི་རྒྱུད་ལས། གནས་དང་བར་ཆད་བསལ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཡོ་ག་རྣམས་ཀྱི་དགོངས་པ་ཡིས།། རྒྱུད་ཀྱི་ལྟ་བ་དབྱེ་བར་བྱ།། ཀྲི་ཡ་དག་པ་ཆོས་ཉིད་ལ།། ཡོ་ག་འོད་གསལ་བར་དག་ཤེས།། ཨུ་པ་ཡ་ཡང་དོན་དེ་བཞིན།། མ་ཧཱ་ཡོ་ག་གཉིས་མེད་འདོད།། ཨ་ནུ་ཡོ་ག་བདེ་ཆེན་འདོད། ། ཨ་ཏི་ཡོ་ག་རང་སྣང་འདོད།། དེ་དྲུག་རྒྱུད་དྲུག་དོན་དང་ལྡན།། རྒྱུད་ཀྱི་ལྟ་བ་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་ལུང་བསྟན་པའི་རྒྱུད་ལས། རྒྱུད་དྲུག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྲོག་གི་གནས་ལུགས་གཉིས་བསྟན་པ།། འདས་པ་གཉིས་མེད་ཡེ་ཤེས་ཡིན།། དེ་ལ་ཐ་སྙད་བཏགས་པ་ཙམ།། འདུ་འབྲལ་རླུང་གི་སྲོག་ནི་མེད། ། ཕྱི་འབྱུང་ནང་སྙིང་གསང་རྩ་ཡིན།། གསང་ཆེན་ཡི་གེ་ཡང་གསང་རླུང།། འདོད་ཆགས་ལ་སོགས་ལྔ་དང་ལྡན།། དེ་རྒྱུན་མ་ཆད་སྲོག་ཏུ་བཤད།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྲོག་གཉིས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཉན་ཐོས་ལ་སོགས་རང་བཞིན་བསྒྲལ།། དམྱལ་བ་ལ་སོགས་ཐུགས་རྗེས་བསྒྲལ།། སྐུ་དགྲ་ལ་སོགས་ཞིང་བཅུ་སྦྱར། ། རིམ་པ་གཞན་ཡང་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྒྲོལ་བའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཐེམས་གསུམ་སྔགས་གསུམ་རྫས་གསུམ་དང། ། ཁྱད་པར་ལས་བཞི་སྐུ་གསུང་ཐུགས།། རྟེན་ཏེ་གནས་དང་བཟླས་ཐབས་དྲུག། བསྙེན་སྒྲུབ་ཚང་ནས་འཕྲིན་ལས་བཞི།། ལས་བཞི་ཉོན་མོངས་སྤངས་པ་དང།། རྡོ་རྗེ་བཟླས་དང་ཟབ་མོ་བཟླས། ། ཉོན་མོངས་དོན་རྟོགས་ཆེན་པོ་དང།། གཤེད་དུ་བསླངས་བར་ཤེས་པར་བྱ།། བར་ཆོད་རྣམས་བཞི་ཤིན་ཏུ་རྟགས།། མིག་དང་རྣ་བ་སྣ་དང་ཡིད།། བཟློག་པའི་ཆོ་ག་རྣམ་བཞི་བྱ།། དྲག་པོ་བརྩེགས་པ་དགོངས་ལུང་བསྟན་པའི་རྒྱུད་ལས། ཧེ་རུ་ཀ་དྲག་སྔགས་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་ཏིང་ངེ་འཛིན།། བཟླས་ཐབས་རྣམ་དྲུག་དབྱེ་བར་བཅས། ། པདྨ་དབང་གི་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཧེ་རུ་ཀ་དབང་ཆེན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། སྔགས་དང་རྫས་དང་ཏིང་འཛིན་རྟེན།། བཟླས་ཐབས་རྣམ་དྲུག་དབྱེ་བར་བཅས།། རྡོ་རྗེ་ཕུར་པའི་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྡོ་རྗེ་ཕུར་པའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་ཏིང་འཛིན་རྟེན།། བཟླས་ཐབས་རྣམ་དྲུག་ཏིང་འཛིན་བཅས། ཁྲོ་བོ་ཆེན་པོའི་དགོངས་ལུང་ཡིན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁྲོ་བོ་བཅུའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་ཏིང་འཛིན་དང། ། བཟླས་ཐབས་རྣམས་དྲུག་དབྱེ་བར་བཅས།། དགྲ་ནག་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དགྲ་ནག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་ཏིང་འཛིན་རྟེན།། བཟླས་ཐབས་རྣམ་དྲུག་དབྱེ་བར་བཅས།། སྟོབས་ཆེན་ཕྱག་རྡོར་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྟོབས་ཆེན་ཕྱག་ན་རྡོ་རྗེ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་ཏིང་འཛིན་རྟེན།། བཟླས་ཐབས་རྣམ་དྲུག་དབྱེ་བར་བཅས། ། ཡེ་ཤེས་ཁྱུང་ཆེན་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཡེ་ཤེས་ཁྱུང་ཆེན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བསྲུང་མ་རྣམ་བཞི་ལས་བསྟན་པ།། བསྲུང་བ་གཉེན་པོ་རྣམ་པ་བཅུ།། གསད་པ་དུག་གི་རྫས་རྣམས་བཅུ།། དུག་འབྱིན་ཕྱི་ནང་མཐར་ཐུག་དང།། གཉེན་པོ་རྫས་དང་འབྲེལ་པའི་རྫས།། མཚམས་མེད་སྟོབས་ལྡན་དྲི་ལྡན་དང། ། དུག་ཅན་བྱ་རྟག་ཁྲ་བོ་དང།། ཆུར་རྒྱུ་ཆུར་གནས་གཉེན་པོ་དང།། ཆུ་ཡི་གཅན་གཟན་སི་ཀ་ཤ། ཨུ་མ་ཚང་ཉལ་བྲུན་དག་དང།། མཁའ་ལྟར་རླུང་ལྟ་འཕྱོ་བའི་སྙིང།། རྫས་བརྒྱད་ཤྲི་ལོག་ཡིན་ཏེ། ། མི་གཙང་ལ་སོགས་རྐྱེན་བརྒྱད་ཐུག། སྔགས་ནི་དྲུག་ལས་བཞིར་འགྱུར་ཏེ།། ཕྱག་འཚལ་ངེས་པ་མནན་པ་དང།། ངེས་མེད་སྙིང་པོ་བཞི་རུ་གསུངས།། ཏིང་འཛིན་གཉིས་ལས་རྒྱུད་དུ་གསུངས།། བསྐང་བ་རང་རང་རྒྱུད་དང་ལྡན། ། བུམ་པའི་སྦྱོར་བ་བཞིར་བཤད་བྱ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གསོ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བསྒྲུབ་པ་བཅུ་ནི་བསྙེན་བསྒྲུབ་ལས།། མཐར་རྒྱ་གཟེར་ནི་སྡེ་བརྒྱད་གདབ།། རྣལ་འབྱོར་ཐབས་ནི་ཡུལ་ལྷ་སྐྲོག། སྦྱོར་ཁ་ལས་ནི་ཕྲལ་དུ་དབབ།། བདག་དང་ལས་མཁན་དམིགས་པ་གསལ།། ཐེམས་ནི་བསྙེན་བསྒྲུབ་ལས་ལ་སྡེབ། ། འཁྲུལ་ནི་སྦ་སྦྱོར་གསུམ་དུ་སྡེག། ཨར་ནི་བསྙེན་སྔགས་ཨར་ལ་གཏད།། གཞུང་ནི་གཟིར་བའི་ལས་ལ་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཆེ་མཆོག་སེར་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དབབ་ཐབས་རྫས་དང་ཏིང་འཛིན་སྔགས།། སྔགས་བཞི་ལས་ནི་དགྲོལ་བར་བྱ།། པདྨ་གསང་བའི་དགོངས་ལུང་ཡིན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དབང་ཆེན་སེར་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དབབ་ཐབས་རྫས་དང་ཏིང་འཛིན་སྔགས། ། སྔགས་བཞི་ལས་བཞི་དགྲཽལ་བར་བ།། ཕུར་པ་སེར་བའི་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཕུར་པའི་སེར་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དབབ་ཐབས་རྫས་དང་ཏིང་འཛིན་སྔགས།། སྔགས་བཞི་ལས་ནི་གྲོལ་བར་བྱ། ཁྲོ་ཆུ་སེར་བའི་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁྲོ་བཅུ་སེར་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དབབ་ཐབས་རྫས་དང་ཏིང་འཛིན་སྔགས།། སྔགས་བཞི་ལས་ནི་དགྲོལ་བར་བྱ། ། དགྲ་ཡིས་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས་དགྲ་བོ་སེར་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དབབ་ཐབས་རྫས་དང་ཏིང་འཛིན་སྔགས།། སྔགས་བཞིའི་ལས་ནི་དགྲོལ་བར་བྱ།། སྟོབས་ཆེན་སེར་བའི་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དབབ་ཐབས་རྫས་དང་ཏིང་འཛིན་སྔགས།། སྔགས་བཞིའི་ལས་ནི་དགྲོལ་བར་བྱ།། ཁྱུང་ཆེན་སེར་བའི་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁྱུང་ཆེན་སེར་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བསྒྲུབ་པ་བཅུན་དང་མཐའ་རྒྱ་གཟེར།། སྦྱོར་ཀ་ལས་ཀྱི་ཐོག་ཆེན་དབབ།། བསྙེན་རྫས་རིན་ཆེན་བཞི་དང་རྡོ། ། བསྒྲུབ་པ་རྨེ་ཐོད་གཤེད་ལ་བྱ།། ལས་སྦྱོར་འུར་རྡོར་འཕང་བར་བྱ།། ལྷ་དང་སྔགས་བདག་དམིགས་པ་གསལ།། ཨར་དང་འཁྲུལ་དང་ཐེམས་དང་གཞུང།། ཆེ་མཆོག་ཐོག་གི་ལུང་བསྟན་ཡིན། ། དྲག་པོ་བརྩཻགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཆེ་མཆོག་ཐོག་འབེབས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བསྒྲུབ་ལུགས་རྫས་དང་ཏིང་འཛིན་སྔགས། ། སྔགས་བཞི་ལས་ནི་དགྲཽལ་བར་བྱ།། དབང་ཆེན་ཐོག་གི་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དབང་ཆེན་ཐོག་གི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བསྒྲུབ་ལུགས་རྫས་དང་ཏིང་འཛིན་སྔགས།། སྔགས་བཞིའི་ལས་ནི་དགྲོལ་བར་བྱ།། ཕུར་པ་ཐོག་གི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྡོ་རྗེ་ཕུར་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བསྒྲུབ་ལུགས་རྫས་དང་ཏིང་འཛིན་སྔགས།། སྔགས་བཞི་ལས་ནི་དགྲོལ་བར་བྱ། ཁྲོ་བཅུ་ཐོག་གི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁྲོ་བཅུ་ཐོག་གི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བསྒྲུབ་པ་རྫས་དང་ཏིང་འཛིན་སྔགས།། སྔགས་བཞི་སྦྱོར་བ་དགྲོལ་བར་བྱ།། གཤིན་རྗེ་ཐོག་གི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གཤིན་རྗེ་ཐོག་གི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བསྒྲུབ་ལུགས་རྫས་དང་ཏིང་འཛིན་སྔགས།། སྔགས་བཞིའི་སྦྱོར་བ་སྒྲོལ་བར་བྱ།། སྟོབས་ཆེན་ཐོག་གི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྟོབས་ཆེན་ཐོག་གི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བསྒྲུབ་ལུགས་རྫས་དང་ཏིང་འཛིན་སྔགས།། ལས་བཞི་སྦྱོར་བ་སྒྲོལ་བར་བྱ། ། ཁྱུང་ཆེན་ཐོག་གི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁྱུང་ཆེན་ཐོག་གི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། མངལ་སེར་རྟེན་བཅས་བསྲུང་བ་དང།། རྒྱལ་སེར་རྟེན་མེད་བསྲུང་བ་གཉིས།། སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས།། ཞེ་སྡང་གོ་བྲལ་ལ་སོགས་བྱ།། ཐོག་སེར་བླང་བཅང་རྟག་སྲི་གནན། ། སེར་འབེབས་ལྷ་འདྲེ་གནས་ལ་དབབ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཐོག་སེར་བཅད་པའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ནུས་པ་སེམས་ནི་དགོངས་པའི་དབང།། ཤེས་དོན་རྒྱུད་དོན་དགྲོལ་བ་ཡིས།། བྱ་བ་ལས་ནི་ཕྱི་ནང་གསང།། ལུས་ངག་ཡིད་ཀྱི་བྱིན་གྱིས་བརླབ།། གདམ་ངག་ཡི་གེ་དཀྱུས་དང་ནི།། ཞལ་ནས་ཉམས་ཀྱི་མན་ངག་བསྟན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དགྲོལ་བའི་དབང་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་ཏིང་འཛིན་རྟེན། ། བཟླས་ཐབས་རྣམ་དྲུག་ཡན་ལག་བཅས།། མ་མོའི་དྲག་སྔགས་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མ་མོ་སྤྱྀ་བསྒྲུབ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལས་མཁན་དམིགས་པ་སྭ་སྔགས་གསུམ།། སྲོག་བདག་སེར་བདག་ཐོག་བདག་དང།། ལྟས་ངན་བདག་མོ་བཞི་རུ་གསུངས།། དེ་རྣམས་ལས་ནི་གང་བྱེད་དང། ། བསད་པ་གཉིས་དང་གསོ་བ་གཉིས།། དབབ་པ་གཉིས་དང་གཅད་པ་གཉིས།། གནན་པ་གཉིས་ལ་གཟིར་བ་གཉིས།། ཆོ་འཕྲུལ་རྣམ་པ་གཉིས་སུ་བསྟན།། འདས་དང་སྡེབ་དང་དྲུག་ཏུ་བྱ། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྩེ་མོ་ངན་སྔགས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཐོག་གི་བུ་ཡུག་བདུད་བཙན་ལྷ།། བཅུ་བཞི་ལས་སྔགས་རྫོགས་པར་བསྟན། ། བུ་ཡུག་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཐོག་གི་བུ་ཡུག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། མོན་མོ་བལ་མོ་གནོད་སྦྱིན་མོ།། བཅུ་བཞི་ལས་སྔགས་རྫོགས་པར་ལྡན།། ཛ་ཏི་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཨེ་ཀ་ཛ་ཏི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མ་དང་སྲིང་མོ་བྲན་མོའི་ཚུལ།། བཅུ་བཞི་ལས་སྔགས་རྫོགས་པར་ལྡན།། དཀར་སྨུག་ནག་མོ་དགོངས་ལུང་ཡིན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྣམ་གསུམ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལྷ་མོ་བདུད་མོ་ཡེ་ཤེས་གསུམ།། བཅུ་བཞི་ལས་སྔགས་རྫོགས་པར་ལྡན། ། ལྷ་མོ་ཆེན་མོ་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལྷ་མོ་རེ་མ་ཏི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཡང་བག་ཡང་སྙིང་སྲོག་སྙིང་ཐིག། གསང་བའི་སྦྱོར་བ་གཉིས་སུ་བསྟན།། འཁོར་གྱི་མ་མོ་གསུམ་ཕྱེ་ལ།། བཅུ་བཞི་ལས་སྔགས་རྫོགས་པར་བྱ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནག་མོ་ཡབ་ཡུམ་བུ་མོ་གྲོགས་དང་བཅས་པའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གནས་དང་གྲོལ་ལམ་གསང་གཏེར་དང།། དྲག་པོ་ངན་སྔགས་བཞི་ལས་དབྱེ། ། རེ་རེ་བཞི་བཞི་བཅུ་དྲུག་འགྱུར།། རྣམ་ལྔ་དྲག་འབྲལ་དུ་སྡེབ།། ལྔ་དང་ཟུར་དང་འབྲུ་གསུམ་སྦྱར།། ལས་སྔགས་རྫོགས་པའི་སྦྱོར་བ་བྱ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྲིན་པོ་ཡབ་ཡུམ་མིང་སྲིང་གི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྒྱ་གར་ཁ་ཆེ་བལ་པོ་དང།། གནོད་སྦྱིན་མོ་བཞི་ལས་ལ་སྦྱར།། བཅུ་བཞི་ལས་སྔགས་རྫོགས་པར་ལྡན། ། བསེ་མོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མ་མོ་སྤྱི་ཡི་མན་ངག་བསྟན།། སྐྱོན་སྤང་ཡོན་ཏན་བཅོ་ལྔར་ལྡན།། དམ་ཚིག་ལ་སོགས་ཀུན་ལ་ཡང། ། སྦྱོར་འབྲལ་ཡན་ལག་གསུམ་གསུམ་བརྩི།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མ་མོ་སྤྱིའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། སངས་རྒྱས་བྲམ་ཟེ་འབུམ་སྟེགས་གསུམ།། སྔགས་བདུན་རྫས་བདུན་ཏིང་འཛིན་བདུན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། འཆི་བདག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལྷ་དང་བདུད་དང་མུ་སྟེགས་གསུམ།། ལྷ་མོ་བདུད་མོ་ཀླུ་མོ་གསུམ།། རབ་དང་འབྲིང་དང་ཐ་མ་གསུམ།། ལས་སྔགས་བདུན་དང་བཅུ་གཉིས་སྦྱར།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དབང་ཕྱུག་ཆེན་པོ་ཡབ་ཡུམ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བདུད་དང་རྒྱལ་པོ་གནོད་སྦྱིན་དང། ། དཔེ་ནག་ལྷ་ཆེན་ཚོགས་ཆེན་དྲུག། སྦྱོར་བ་བདུན་བདུན་གསུམ་གསུམ་སྦྱར།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལེགས་ལྡན་ནག་པོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དབུས་དང་ཤར་ལྷོ་ནུབ་བྱང་ལྔ།། ལས་བདུན་སྦྱོར་བ་གསུམ་དང་ལྡན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནག་པོ་མེའི་ཁ་རླངས་ཅན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དབུས་ཤར་ལྷོ་ནུབ་བྱང་རྟེན་པའི།། རྟེན་ཐབས་གསུམ་ལ་སྦྱོར་བ་གསུམ།། ལས་བདུན་རྫོགས་པའི་སྦྱོར་བ་ཙམ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྲོག་བདག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཕྱི་ནང་གསང་བ་ཐར་ཐུག་ལ།། བསྟེན་པ་གསུམ་ལ་སྦྱོར་བ་བདུན། ། ལས་བདུན་རྫོགས་པའི་སྦྱོར་བ་ཙམ། ཁྱེད་ཀྱི་གཙོ་བོ་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྲོག་བདག་མ་རུ་རྩེ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འགོང་པོ་སྤེ་དཀར་རྒྱལ་པོ་བདུད།། བཙན་དང་གནོད་སྦྱིན་ཀླུ་རུ་རྩེ།། བརྟེན་ཐབས་གསུམ་ལ་ལས་ཐབས་བདུན།། རྡོ་རྗེ་ལེགས་པའི་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གིང་ལྡོག་མེད་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དྲེགས་པ་ཕྱི་ནང་གསང་ཆེན་བཞི། ། བརྟེན་ཐབས་གསུམ་ལ་སྦྱོར་བ་བདུན།། སྡེ་བརྒྱད་དགོངས་པ་ལུང་གི་རྒྱ།། སྤྱིར་ན་འདིར་མ་སྨྲས་པ་དང།། དྲེགས་པ་ལྷ་སྲིན་ཐམས་ཅད་ལ།། རྒྱ་བདུན་རྩེས་ནི་དགྲོལ་བར་བྱ།། བརྟེན་ཐབས་བཞི་ནི་སྤྱིར་བརྩི་བྱ། ། ལས་བདུན་རྫོགས་པའི་སྦྱོར་བ་ཙམ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལྷ་སྲིན་སྡེ་བརྒྱད་དང་དྲེགས་པ་ཅན་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཕྱི་དང་ནང་དང་གསང་བ་གསུམ།། གསང་ཆེན་ཐབས་ཀྱི་སྦྱོར་བ་བདུན།། སྤྱི་འཁོར་རང་སྣོད་སྤོགས་པ་གསུམ།། རིག་པའི་རྒྱལ་པོ་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ། རིག་པའི་རྒྱལ་པོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མ་ལྡོག་ལ་སོགས་རྫས་དགུ་ལ།། ཕྱི་ནང་གསང་བར་དགོངས་ལུང་བསྟན། ། ཏིང་འཛིན་རིམ་པ་དེ་བཞིན་སྦྱར།། གསང་བའི་ལས་རྣམས་སྤྱི་བོར་བསྟན་པའོ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྫས་དང་ཏིང་འཛིན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དྲོད་ཚད་ལྷ་རྟགས་འདྲེ་རྟགས་གཉིས།། རྨི་ལམ་ལུས་དང་དངོས་སུ་སྣང།། རེ་རེ་གཡོ་ཐོབ་བསྟན་པ་གསུམ།། འགྲུབ་དང་མི་འགྲུབ་ལྡོག་དང་གསུམ། ། སྲིད་པ་འཁོར་བ་གཉིས་པོ་ལ།། མིག་དང་རྣ་བ་སྣ་དང་ཡིད། ཁ་དོག་དྲི་རོ་སྒྲ་དང་རེག། གོང་མ་རེ་ལ་སྦྱར་བར་བྱ།། བཟང་ངན་ཐུབ་དང་མི་ཐུབ་གཉིས།། ངན་རྟགས་བཟང་སྟོན་བཟང་རྟགས་ངན། ། འཕྲལ་རྟགས་འཆོལ་ལ་བདུན་དུ་འགྱུར།། མན་ངག་གསང་ཆེན་དཀྲུག་པའི་ལས།། འཇིག་རྟེན་དུག་ཅན་ཡོངས་ལ་སྦྱར།། བཅོ་བརྒྱད་ལས་ཀྱི་འབྲེལ་བ་ཡིན།། རེག་པའི་འབྲེལ་བ་བཅུ་གཉིས་བསྟན། ། ལྷ་ཡི་དྲོད་ཚད་རྟགས་བསྟན་པ།། བྱིན་རླབས་རྨི་ལམ་རྟགས་བསྟན་པ།། རེ་རེ་གཡོ་ཐོག་བརྟེན་པ་གསུམ།། རྨི་རྟགས་བརྒྱད་གཡོ་བརྒྱད་ཐོབ་པ།། བརྒྱད་ཐབས་བྱིན་བརླབས་བཞི་གཡོ་བ།། བཞི་ཐོབ་བཞི་བསྟན་འབྱུང་བར་འགྱུར། ། བྱིན་བརླབས་ཚོགས་ལམ་མཐར་ཕྱིན་ཡིན།། ལྷ་རྟགས་གཙོ་བོ་གཡོ་བ་ནི།། ངེས་འབྱེད་རྣམ་པ་བཞི་རུ་བསྟན།། གཙོ་བོ་ཐོབ་པ་མཐོང་སྒོམ་ལམ།། གཙོ་བོ་བསྟན་པ་ཆོས་སྐུ་གཉིས། ། གསང་སྔགས་བྱིན་བརླབས་ཆེན་པོ་ཐོབ།། སྔགས་ཀྱི་ཡན་ལག་བཞི་དང་ལྡན།། ལྟ་བ་མེ་དང་ཆོས་སྐུ་ཐོབ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དྲོད་ཚད་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བསྲུང་དང་ལྷན་ཅིག་བྱིན་རླབས་གསུམ།། ལྷ་ཡིན་བཅུ་ཡིན་བསྲུང་བ་ལྔ།། བྱིན་རླབས་རྣམ་པ་ལྔ་རུ་བསྟན།། བསྡུས་པའི་དགོངས་པ་ངས་ལུང་བསྟན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁ་སྦྱོར་རྣམ་གསུམ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ང་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དུས་བཞི་གསང་པའི་འཁོར་ལོ་བསྐོར། ། སྔགས་དང་རྫས་དང་རྟགས་དང་དུས།། དེ་ཁོ་ན་བཞི་འཁོར་ལོ་བསྐོར།། སྔགས་པ་འཁོར་ལོ་རྣམ་པ་གཉིས།། མན་ངག་འཁོར་ལོ་བཅས་བརྙན་འཁོར།། མན་ངག་འཁོརལོ་དགུ་ཡིན་ཏེ།། དངས་མ་གསུམ་དང་བསྐྱེད་པ་གསུམ། ། དངས་མ་སྤྱོད་པ་གསུམ་ཡིན་ནོ།། མཁས་པས་གོང་འོག་སྦྱོར་བ་སྡེབ།། ཕྱི་མོ་འཁོར་ལོ་གནས་འཁོར་ལོ།། དྲག་པོའི་འཁོར་ལོའི་མ་གསུམ་དང།། མི་འགྱུར་མི་འཁོར་འཁོར་ལོ་དང། ། འཁོར་ཞིང་འཁོར་བའི་འཁོར་ལོ་དང།། གཅོད་པའི་འཁོར་ལོ་རྣམ་གསུམ་དང།། གནས་པའི་འཁོར་ལོ་འགྱུར་འཁོར་ལོ།། སྤོ་བའི་འཁོར་ལོ་གསུམ་པའོ།། རེ་རེ་དག་ལ་གསུམ་གསུམ་སྦྱར།། འཁྲུགས་པ་སྡེབ་དགོངས་དགོངས་ལུང་ཡིན། ། མན་ངག་འཁོར་ལོ་ཡིན་ཞེས་གྲགས།། བཅོས་མས་བརྙན་མ་རྫས་དང་སྔགས།། རྫས་ནི་རྒྱས་འབྲིང་ཐ་མ་གསུམ།། སྔགས་གསང་དོན་ནི་དགུ་པ་ལས།། སྔགས་ཀྱི་མ་ནོར་དེ་ཁོ་ན། ། རྒྱལ་བ་རྣམས་ཀྱི་དགོངས་ལུང་ཡིན། ཁྲོ་བོ་རྒྱལ་བའི་གསང་སྔགས།། འཕྲིན་ལས་དགུ་བཅུ་སྭ་རྣམས་གདགས།། རྒྱལ་བ་རྣམས་ཀྱི་དགོངས་ལུང་ཡིན།། དུས་ནི་རྣམ་པ་དྲུག་ཏུ་གསུངས།། རྟགས་ནི་སྒྲ་དྲི་གཟུགས་རྟགས་འབྱུང། ། དྲོད་དང་དུ་བ་མི་འབྱུང་རྟགས།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁྲོ་བོ་འཁྲུལ་འཁོར་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ང་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། སྔགས་དང་རྫས་དང་དུས་དང་རྟགས།། གཙོ་འཁོར་དགོངས་པའི་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གཙོ་འཁོར་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ང་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་དུས་དང་རྟགས།། པདྨ་དགོངས་པའི་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། པདྨ་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ང་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་དུས་དང་རྟགས།། ཕུར་པ་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཕུར་པའི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་དུས་དང་རྟགས། ཁྲོ་བཅུ་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁྲོ་བོའི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྫས་དང་སྔགས་དང་དུས་དང་རྟགས། ། དགྲ་ནག་སྐུ་ཡི་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དགྲ་ནག་སྐུ་འཁོར་དགོངས་པ་ལུང་བསྟན་པའིལེའུ་སྟེ་ང་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། སྔགས་དང་རྫས་དང་དུས་དང་རྟགས།། དགྲ་ནག་གསུང་གི་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དགྲ་ནག་གསུང་གི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྫས་དང་སྔགས་དང་དུས་དང་རྟགས།། དགྲ་ནག་ཐུགས་ཀྱི་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དགྲ་ནག་ཐུགས་ཀྱི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་ང་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་དུས་དང་རྟགས།། དགྲ་ནག་ཡོན་ཏན་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དགྲ་ནག་ཡོན་ཏན་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྫས་དང་གསང་དང་དུས་དང་རྟགས།། དགྲ་ནག་འཕྲིན་ལས་དགོངས་ལུང་བསྟན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དགྲ་ནག་འཕྲིན་ལས་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་རེ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྫས་དང་སྔགས་དང་དུས་དང་རྟགས། ། སྟོབས་ཆེན་སྐུ་ཡི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྟོབས་ཆེན་སྐུའི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་རེ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་དུས་དང་རྟགས།། སྟོབས་ཆེན་གསུང་གི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྟོབས་ཆེན་གསུང་གི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་དུས་དང་རྟགས།། སྟོབས་ཆེན་དུས་ཀྱི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྟོབས་ཆེན་ཐུགས་ཀྱི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་རེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་དུས་དང་རྟགས།། སྟོབས་ཆེན་ཡོན་ཏན་དགོངས་ལུང་བསྟན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྟོབས་ཆེན་ཡོན་ཏན་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་རེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་དུས་དང་རྟགས། ། སྟོབས་ཆེན་འཕྲིན་ལས་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྟོབས་ཆེན་འཕྲིན་ལས་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་རེ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་དུས་དང་རྟགས། ཁྱུང་ཆེན་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁྱུང་ཆེན་འཕྲིན་ལས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་རེ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་ཀྱི་དེ་ཉིད་དགུ་དང་བཞི།། སྲོག་སྙིང་བཞི་ལ་སྦྱོར་བ་སྡེབ།། སྔགས་ཀྱི་དེ་ཉིད་རྣམ་གཉིས་སོ།། དུས་ནི་མ་དང་སྲིང་མོ་དང། ། བྲན་མོ་སྲིང་མོ་བཞི་དང་སྦྱར།། ཡང་ན་བསྒྲུབ་འགྱུར་གདབ་པའི་དུས།། རྫས་ནི་བརྟེན་དང་མཆོད་རྫས་དང།། ཐུགས་དམ་བསྐང་དང་དངོས་གྲུབ་བླང།། ཚ་བ་བསྐྱེད་སོགས་ལྔ་ཡང་བདུན།། རྟགས་ནི་རྣམ་གསུམ་ཡིན་པ་སྟེ། ། འཁོར་བ་ལུགས་དབྱུང་མིག་སོགས་བཞི།། དེ་ལ་འགྲུབ་དང་མི་འགྲུབ་དང།། ལོག་པའི་རྟགས་སུ་ཤེས་པར་བྱ།། ཐུན་དང་སྒྲུབ་སོགས་ཀུན་ལ་བརྟགས།། འཁོར་བ་རུ་ལོག་སྤྱི་ཚུགས་སོགས། ། འབྱུང་བ་དང་སྙིགས་གསང་དགུ་བརྟག། མིག་སོགས་བརྟག་པ་ཀུན་ལ་སྦྱར།། དུས་བཞི་ལས་ལ་སྦྱར་བ་ནི།། དམང་ཚིག་ཏིང་འཛིན་དྲག་སྔགས་སྦྱར།། སྤོགས་ནི་ལས་དང་དེ་ཉིད་བཞི།། དུས་བཞི་མི་འགྱུར་དུས་སུ་དྲང། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མ་མོ་སྤྱིའི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་རེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་དང་རྫས་དང་དུས་དང་རྟགས། ། བདག་དང་གཟས་པ་མཁན་སྦྱར།། སྤྱིར་ན་བཞི་གསུམ་བཅུ་གཉིས་སྦྱར།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གཙོ་མོ་དགོངས་པ་ལུང་བསྟན་པའི་འཁོར་ལོའི་ལེའུ་སྟེ་རེ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། ཐོག་གི་བུ་ཡུག་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བུ་ཡུག་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། ཛ་ཏི་མ་ཡི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཛ་ཏི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དོན་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། རྣམ་གསུམ་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྣམ་གསུམ་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དོན་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། ནག་མོ་དགོངས་པ་ལུང་བསྟན་ཡིན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནག་མོ་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དོན་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར། ཁ་རག་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁ་འདར་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དོན་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། བལ་མོ་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བལ་མོ་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དོན་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། མ་གསུམ་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མ་གསུམ་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དོན་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། གློག་འཕྲེང་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གློག་འཕྲེང་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དོན་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། སྦལ་མགོ་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུདལས། སྦལ་མགོ་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དོན་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར། ཁྱབ་འཇུག་དགོངས་པ་ལུང་བསྟན་ཡིན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁྱབ་འཇུག་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དོན་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། གདོང་མོ་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གདོང་མོ་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་ཐམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། བསེ་མོ་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བསེ་མོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གྱ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། ལས་བདག་སྐུ་འཁོར་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལས་ཀྱི་གཤིན་རྗེའི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གྱ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། འཆི་བདག་གསུང་འཁོར་བསྟན་པ་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། འཆི་བདག་ལས་ཀྱི་གཤིན་རྗེ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གྱ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར། ། དྲག་པོ་ཐུགས་སུ་དགོངས་ལུང་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལས་ཀྱི་གཤིན་རྗེ་ཐུགས་འཁོར་ལོ་བསྟན་པའི་ལེའུ་སྟེ་གྱ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། འཆི་བདག་ཡོན་ཏན་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལས་ཀྱི་གཤིན་རྗེ་ཡོན་ཏན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གྱ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། འཆི་བདག་འཕྲིན་ལས་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལས་ཀྱི་གཤིན་རྗེ་འཕྲིན་ལས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གྱ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། རྩ་བ་བྲིལ་བའི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལས་ཀྱི་གཤིན་རྗེ་རྩ་བ་དྲིལ་བའི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གྱ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། དབང་ཕྱུག་འཁོར་ལོ་ལུང་བསྟན་ཡིན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དབང་ཕྱུག་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གྱ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར། ། ལེགས་ལྡན་བདུན་དྲུག་འཁོར་ལོ་བསྐོར།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལེགས་ལྡན་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གྱ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། ཡ་བདུད་དགོངས་པ་ལུང་བསྟན་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཡ་བདུད་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་དགུ་བཅུ་ཐམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། སྲོག་བདག་རྒྱལ་པོ་འཁོར་ལོ་བསྐོར།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྲོག་བདག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གོ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། མ་རུ་རྩེ་ཡི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་ལུང་བསྟན་པའི་རྒྱུད་ལས། མ་རུ་རྩེའི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གོ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། གསང་བ་ལྡོག་མེད་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གསང་བ་ལྡོག་མེད་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གོ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར། ། སྡེ་བརྒྱད་སྤྱི་ཡི་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྡེ་བརྒྱད་སྤྱིའི་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གོ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། འཆི་བདག་རྒྱལ་པོ་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རིག་པའི་རྒྱལ་པོ་འཁོར་ལོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གོ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ཉིད་བཞི་དང་བཞི་གསུམ་སྦྱར།། དང་པོ་རྣ་ལམ་བར་དུ་དཀྲུག། ཐ་མ་བཟློག་པའི་འཁོར་ལོ་བསྐོར།། ཡན་ལག་བརྒྱ་དང་རྩ་བརྒྱད་དང།། ལྔ་བཅུ་རྩ་བཞི་ཉི་ཤུ་གཉིས། ། བཅོ་ལྔས་དཀྱིལ་འཁོར་འཁོར་ལོ་བསྐོར།། ཡན་ལག་རྒྱས་འབྲིང་བཞི་དང་མ་ལྡན་ན།། མཛེས་ནག་ལས་འཁོར་ཞེས་ནི་ཅི་ལ་བྱ།། ལུང་དྲུག་ཕྱོགས་བཞི་མཚམས་བརྒྱད་དུ།། ཆུ་མིག་དགུ་ནི་རབ་བརྟགས་ལ། ། གཏད་པའི་ཚད་ཀྱི་ནང་རིག་དབྱེ།། སྔོན་ནི་འཁོར་ལོ་བསྐོར་དུ་ལྡོག། མཐུ་ཕྲད་འཛུད་པའི་དུས་སུ་ལྡོག། རྗེས་འཇུག་བཅུ་ནས་རྗེ་ཚོལ་ལྡོག། བརྟག་པ་དགྲ་རྣམས་ཟད་ནས་ལྡོག། འཁྱམ་པ་བསྙེན་ལ་སོགས་པ་མན་ངག་མེད་ན་འཁྱམ་པར་བཤད། ། བྱིན་བརླབས་ལྷན་སྐྱེས་བསྲུང་འགྲུབ་པ།། ཞི་སྦྱར་ལས་ནི་ལྷ་མི་འབྲལ།། འཁོར་ལོ་དེ་བཞི་གཞིག་བར་བྱ།། རང་ལ་མི་ལྡོག་ལས་ལ་ཚུད།། ཟིན་ཏེ་མི་འཁོར་ལས་གསུམ་གཅེས། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མཛེ་ནག་ལས་འཁོར་སྤྱིའི་དགོངས་པ་བསྟན་པའི་ལེའུ་སྟེ་གོ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྟེན་ཅན་རྫས་ཀྱི་འཁོར་ལོ་དང། ། གནོད་བྱ་འཁོར་ལོ་ཐམས་ཅད་ནི།། གཅོད་པ་མཚོན་ཆ་འཁོར་ལོ་བྲི།། ཕོ་མོ་སྟེང་འོག་ཁ་ཤག་མལ།། གབ་ཡིག་གསུམ་གྱིས་རྒྱས་པར་གདབ།། འབྱུང་བ་ལྔ་ཡི་དགྲ་གཤེད་སྤྲད།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། འཁོར་ལོ་རྟེན་ཅན་བྲི་བའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གོ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བརྟེན་མཆོད་སྐང་དང་ཚ་བ་སྐྱེད།། དངོས་གྲུབ་རྫས་དང་གདུག་པ་གཞིལ། ། གསད་པའི་རྫས་དང་བསྲུང་བའི་རྫས།། གཉེན་པོ་རྫས་དང་སྟོབས་སྐྱེད་རྫས།། དུས་འཁྲུལ་བ་དང་མི་མཐུན་སོགས།། རྫས་ཀྱི་དུག་ཏུ་བཤད་པ་ཡིན།། སྔགས་ནི་བསྒྲུབ་སྨོན་གདབ་ཕྱེ་དགུ། ། གསང་སྔགས་རིག་སྔགས་གཟུངས་སྙིང་པོ།། དབྱེ་བ་བཅུ་དྲུག་འཁྲུལ་པ་དུག། སྔགས་རྣམས་དེ་ཚོ་གང་ལ་ཡང།། གཅིག་བསྒྲུབ་པ་ལ་རྩ་གཉིས་ཞུགས།། མི་མཐུན་གཅིག་ཏུ་སྦྲེལ་ནས་བཟླས། ། སྔགས་ཀྱི་དུས་ཀྱི་དུག་ཅེས་བཤད་པ་ཡིན།། ཏིང་འཛིན་དུག་ནི་གཉིས་སུ་བསྟན།། ཐམས་ཅད་སྤྲོས་བྲལ་མ་ཤེས་དང།། མཚན་བཅས་འཁྲུལ་དང་མེད་ན་དུག། སྡིག་ནི་སློབ་པ་གསུམ་གནས་ཤིང། ། གང་བྱེད་རང་དམ་རྒྱུད་བསྲུང་བ།། དེ་མེད་གྲོག་གི་དུག་ཏུ་འགྱུར།། རང་བཞིན་བགེགས་ཀྱི་སྡེ་དཔོན་རྣམས།། ཕྲག་དོག་དབང་གིས་བགེགས་རྣམས་བྱེད།། རྟེན་འབྲེལ་བགེགས་ནི་གནས་དང་བསྒྲུབས། ། བོར་ལེན་བྱས་ན་བགེགས་ཀྱི་དུག། ཉོན་མོངས་དུག་ལྔ་སྤང་བླང་རྒྱན།། ཏིང་འཛིན་སྔགས་ཀྱི་དུག་ཅེས་བཤད།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དུག་ལྔ་དབྱུང་ཞིང་རྒྱན་ལྔ་གདགས་པའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གོ་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྤྱི་དང་ཁྱད་པར་ལྷག་པ་ཡི།། དམ་ཚིག་གྲངས་བཅུས་བསྲུང་བར་བྱ།། བྱང་ཆུབ་སེམས་ལ་མཉམ་གནས་ན། ། དམ་ཚིག་རྟོགས་པ་ཉམས་པ་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྤྱི་དང་ཁྱད་པར་དམ་ཚིག་བསྲུང་དུ་མེད་པའི་དམ་ཚིག་ཆེན་པོ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གོ་དགུ་པའོ། །། དེ་ནས་ཡང་དག་བཤད་བྱ་བ།། མཚན་བཅས་བསྒྲལ་ཐབས་བཞི་འམ་དྲུག། ཆོས་ཉིད་རང་བཞིན་ཡེ་ནས་ལྷུན་གྱིས་གྲུབ། ཡེ་ཤེས་དཀྱིལ་འཁོར་སྣང་ལ་རང་བཞིན་མེད།། སྤྲུལ་པ་སྣ་ཚོགས་སྣང་ཞིང་གདུག་པ་འདུལ་ལ་མཁས། ། ཐ་སྙད་ཚིག་རྣམས་དོན་གྱི་ཡང་དག་སྟོང།། དེ་ལྟར་རྟོགས་ན་སངས་རྒྱས་ཉིད་ཡིན་ཏེ།། འདི་ལ་བསད་ཅིང་བཅད་པ་ཅི་ཡང་མེད།། བདེན་པའི་དོན་ཉིད་མ་རྟོགས་པས།། སྡུག་བསྔལ་ཕུང་པོ་ལྔ་རུ་སྨིན། ། ལུས་ངག་སེམས་ཀྱི་འདུ་བྱེད་ཀྱིས།། གཞན་པས་ལྷག་པའི་སྟོབས་སྙེམས་པས།། སེམས་ཅན་གཞན་ལ་གནོད་ཅིང་འཚེ།། དེ་བསྒྲལ་གནས་པར་རྣམ་གཉིས་སོ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གནས་སྤར་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཐམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཧཱུར་ཐུམས་ཛ། ཏྲིག་ནན། མཱ་ར་ཡ་རྦད། ཕྱིའོ།། ཨེ་ཧཱུར་ཐུམས་ཛ། ཡ་ཧཱུར་ཐུམས་ཛ། ཡ་མ་ཧཱུར་ཐུམས་ཛ། ནང་ངོ།། ཨོཾ་མཱ་ར་ཡ་ཛ། ཧཱུ~ཾ་མཱ་ར་ཡ་བྷྱོ། ཨེ་མཱ་ར་ཡ་རྦད། ཨེ་ཕཊ། སུཾ། པཾ། རཾ། ཧཾ། ཡཾ། གསང་བའོ།། ཨོཾ་མཱ་ར་ཡ་ཛ། ཨ་ཧཱུ~ཾ་མཱ་ར་ཡ་བྷྱོ། ཨེ་མཱ་ར་ཡ་རྦད། ཨེ་ཨག་ནེ། ཨཾ་ཀར་མ། པཾ་པ་ནི། རཾ་ཛ་ལ། སུཾ་ཏི་སྟ། མ་ཧཱ་མ་དྷ་ལ། གསང་ཆེན་ནོ།། ཧཱུར་ཐུམས་ཛ། དང་པོ་ལ། ཧཱུར་ཐུམས་ཛ། གཉིས་པ་ལ། ཧཱུར་ཐུམས་ཛ། གསུམ་པ་ལ།། ཏྲིག་ནན། དང་པོ་ལ། ཏྲིག་ནན། གཉིས་པ་ལ། ཏྲིག་ནན། གསུམ་པ་ལའོ། ། ཏྲིག་ནན་ཧཱུ~ཾ་ཕཊ། དང་པོ་ལ། ཏྲིག་ནན། ཧཱུ~ཾ་ཕཊ། གཉིས་པ་ལ། ཏྲིག་ནན་ཧཱུ~ཾ་ཕཊ། གསུམ་པ་ལའོ།། ཆོས་སྐུ་ནས་བཟུང་དྲན་ལྔ་པའོ།། ཡིག་འབྲུ་ནས་བཟུང་བསྐྱེད་པ་ལྔ།། བསྒྲུབ་པ་ནས་བཟུང་སྔགས་སྐྱེས་ལྔ། ། བསྲེག་པ་ནས་བཟུང་མཐའ་བརྟུལ་གསུམ།། རང་བཞིན་ཕྱག་ཆ་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རང་བཞིན་ཕྱག་ཆ་བསྐོར་བའི་ལེའུ་སྟེ་བརྒྱ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཧཱུར་ཐུམས་ཛ། ཏྲིག་ནན། མཱ་ར་ཡ་ཕཊ། ཕྱི་འོ།། ཨེ་ཧུར་ཐུམས་ཛ། ཡ་མ་ཧུར་ཐུམས་ཛ། ནང་ངོ།། ཨོཾ་མཱ་ར་ཡ་བྷྱོ། ཨེ་མཱ་ར་ཡ་རྦད། ཨ་ཕཊ། སུཾ། བཾ། རཾ། ཧཾ། གསང་བའོ།། ཨོཾ་མཱ་ར་ཡ་ཛ། ཧཱུ~ཾ་མཱ་ར་ཡ་བྷྱོ། ཨེ་མཱ་ར་ཡ་རྦད། ཨེ་ཨག་ནེ། ཡཾ་ཀར་མ། པཾ་པ་ནི། རཾ་ཛ་ལ། སུ་ཏི་སྟ། མཧཱ་དྷ་ལ།། གསང་ཆེན་ནོ།། ཧུར་ཐུམས་ཛ། དང་པོའོ།། ཧུར་ཐུམས་ཛ། གཉིས་པའོ། ། ཧུར་ཐུམས་ཛ། གསུམ་པའོ།། ཏྲིག་ནན། དང་པོའོ།། ཏྲིག་ནན།། གཉིས་པའོ།། ཏྲིག་ནན།། གསུམ་པའོ།། ཙིཏྟ་རྦད་ནན། དང་པོའོ།། ཙིཏྟ་རྦད་ནན། གཉིས་པའོ།། ཙིཏྟ་རྦད་ནན། གསུམ་པའོ།། ཆོས་སྐུ་ནས་བཟུང་དྲན་པ་དྲུག། ཡིག་འབྲུ་ནས་བཟུང་བསྐྱེད་པ་དྲུག། བསྒྲུབ་པ་ནས་བཟུང་སྐྱེད་དགུ་དྲུག། བསྲེག་པ་ནས་བཟུང་ལས་མཐའ་གསུམ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དྲག་པོ་ཕྱག་ཆ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཧུར་ཐུམས་ཛ། ཕྱིའོ། ཏྲིག་ནན། མཱ་ར་ཡ་རྦད། ཕྱིའོ།། ཨེ་ཧུར་ཐུམས་ཛ། ཡ་ཧུར་ཐུམས་ཛ། ཡ་མ་ཧུར་ཐུམས་ཛ། ནང་ངོ།། ཨ་མཱ་ར་ཡ་ཛ། ཧཱུ~ཾ་མ་ར་ཡ་བྷྱོ། ཨེ་མ་ར་ཡ་རྦད། ཨེ་ཕཊ། སུཾ། བཾ། རཾ། ཧཾ། ཡཾ། གསང་བའོ།། ཨོཾ་མཱ་ར་ཡ་ཛ། ཧཱུ~ཾ་མ་ར་ཡ་བྷྱོ། ཨེ་མཱ་ར་ཡ་རྦད། ཨེ་ཨག་ནེ། ཡཾ་ཀ་ར་མ། བཾ་བ་ནི། རཾ་ཛ་ལ། སུཾ་ཏི་སྟ། མཧཱ་མ་དྷ། གསང་ཆེན་ནོ།། ཧུར་ཐུམས་ཛ། དང་པོའོ།། ཧུར་ཐུམས་ཛ། གཉིས་པའོ།། ཧུར་ཐུམས་ཛ། གསུམ་པའོ།། ཏྲིག་ནན། དང་པོའོ།། ཏྲིག་ནན།། གཉིས་པ་ལ།། ཏྲིག་ནན།། གསུམ་པ་ལ། རྦད་ནན་ཕཊ་རྦུད། དང་པོའོ། རྦད་ནན་ཕཊ་རྦུད།། གཉིས་པའོ།། རྦད་ནན་ཕཊ་རྦུད། གསུམ་པའོ།། ཆོས་སྐུ་ནས་བཟུང་དྲན་པ་བདུན།། ཡིག་འབྲུ་ནས་བཟུང་བསྐྱེད་པ་བདུན།། སྒྲུབ་བྱེད་ནས་བཟུང་སྐྱེས་བུ་བདུན།། བསྲེག་པ་ནས་བཟུང་ལས་སྦྱར་བདུན། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བཙན་ཐབས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལུས་དང་རྒྱན་དང་མཐུ་དང་གསུམ། ། དྲེགས་པ་རྣམས་ལ་བརྩི་བར་བྱ།། སྐྱེད་པ་རྒྱུད་དང་སྨིན་པ་འབྲས།། གནས་པ་སྲོག་དང་འཕྲིན་ལས་སོ།། འདུལ་བྱེད་འཕྲིན་ལས་བཞི་རུ་འགྱུར།། སྔགས་དང་རྫས་དང་དུས་དང་རྟགས།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དེ་ཉིད་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དྲེགས་པའི་བླ་རྡོ་རྣམ་ལྔ་ཡང།། རྒྱ་གཅིག་གདབ་པ་ཕྱི་བླ་རྡོ། ། རྒྱ་གཉིས་གདབ་པ་ནང་བླ་རྡོ།། རྒྱ་གསུམ་གདབ་པ་གསང་བླ་རྡོ།། རྒྱ་བཞི་གདབ་པ་གསང་ཆེན་རྡོ།། རྒྱ་ལྔ་གདབ་པ་ཡང་གསང་གཏེར།། རྫས་ལྔ་དག་གིས་རབ་ཏུ་གདབ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བླ་རྡོ་བཅས་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། རྦད་ཧུར་རྦད། རྦད་ཐུམས་རྦད། རྦད་རིལ་རྦད། རྦད་ཐུམས་ཕཊ། རྦད་ནན་ཕཊ། རྦད་ཏྲག་ཕཊ། ལས་རིམ་ཉི་ཤུ་རྩ་གཅིག་གིས།། རང་བཞིན་དྲག་པོ་བརྩན་ཐབས་དང།། དྲག་སྔགས་ཐམས་ཅད་མཐའ་རུ་འབྱིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཐུན་མོང་འབྲུ་གསུམ་ལས་རིམ་ཉི་ཤུ་རྩ་གཅིག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྩ་བའི་ཡིག་འབྲུ་གཉིས་དང་བཅུ་གསུམ་པ་ལ་སྦྱོར་བ་སྡེབ།། ནན་ལ་དབབ་པའི་ཡིག་འབྲུ་བཞི། ། ལྷ་འདྲེ་འདུལ་བའི་ཡིག་འབྲུ་གསུམ།། བཀའ་བཟློག་ཆེན་པོའི་ཡིག་འབྲུ་བཞི། ཁ་འཆིང་བ་ལ་ཡིག་འབྲུ་གཉིས།། སྦྱོར་བ་འཇོམས་པའི་ཡིག་འབྲུ་གསུམ།། བྱས་པ་གཤིག་པ་ཡིག་འབྲུ་གསུམ། ། ཟུག་པ་དབྱུང་བའི་ཡིག་འབྲུ་གསུམ།། ལས་ལ་བསྐུལ་བའི་ཡིག་འབྲུ་གཅིག། སྤྱི་གསད་པ་ལ་ཡིག་འབྲུ་གཉིས།། བསད་པའི་ཡིག་འབྲུ་རྣམས་པ་བཞི།། སྲོག་གི་གཟེར་བུ་རྣམ་པ་བདུན།། གསོད་པའི་སྤུ་གྲི་ཡིག་འབྲུ་བརྒྱད། ། འཁོར་བ་རྩད་གཅོད་ཡིག་འབྲུ་དགུ།། གདུག་པ་གཞིལ་བའི་ཡིག་འབྲུ་གཉིས།། སྔགས་སྡེ་གསུམ་ནི་སྤྱི་ཡིན་ལ།། བཞི་ནང་ལྔ་གསང་གསང་ཆེན་དྲུག། སྦས་གཏེར་བདུན་དུ་ཤེས་པར་བྱ། ། སྟོབས་ནི་སྟོབས་ཀྱི་བྱེ་བྲག་བསྟན།། བཟློག་དག་རྣལ་མ་དཀྲུག་པ་ནི།། རྩ་བའི་ལས་ལ་བསྟན་པ་སྟེ།། གཤོར་དང་དཀྲུགས་བཞུགས་སྤོགས་པ་ནི།། རྒྱན་གྱི་སྔགས་སུ་ཤེས་པར་བྱ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ངན་སྔགས་ཐུན་གཟེར་གྱི་ལེའུ་སྟེ་བརྒྱ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འདོད་ཆགས་དྲངས་ན་ཕྱི་ཡིན་ཏེ།། ཞེ་སྡང་དྲངས་ན་ནང་དུ་འདོད།། གཏི་མུག་གསང་བར་ཤེས་པར་བྱ། ། ང་རྒྱལ་གསང་ཆེན་ལས་སུ་བསྟན།། ཕྲག་དོག་གཏེར་དུ་བསྟན་པ་ཡིན།། དུག་ལྔ་གཤོར་དང་དགུག་གཞུག་སྤོགས།། སྡིག་པ་ཁ་འཐམས་འབྲུ་གསུམ་དང།། སྲོག་མདའ་དམར་པོ་འབྲུ་གསུམ་དང། ། སྤུ་གྲི་སྭ་རྒལ་འབྲུ་གསུམ་སྡེབ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དུག་ལྔ་གཤེད་དུ་དབབ་ཅིང་བསླང་བའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། སྡེབས་ཀྱི་སྟོབས་ཀྱིས་ཕྱི་ནང་ལྔ།། འདོད་ཆགས་ལ་སོགས་རྣམ་གསུམ་ལ།། རྦུད་ཡ་རྦུད་མ། ཡི་གེ་བཞི་བསྐྱེད་བྱེད་མ་དང་ཕ་ཡིན་ཏེ།། དེ་ལས་ཕྱི་ནང་གསང་བ་ལྔ།། ཡིག་འབྲུ་དགུ་ནི་མཁས་པས་སྡེབ། ། སྡེབས་ཀྱི་བྱེ་བྲག་གསུམ་དང་བདུན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དུག་གསུམ་གཤེད་དུ་དབབ་ཅིང་བསླང་བའི་ལེའུ་སྟེ་བརྒྱ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། འབྱུང་བ་རྣམ་པ་གཉིས་ཡིན་ཏེ།། འཇིག་རྟེན་འདས་དང་འཇིག་རྟེན་པའོ།། དེ་དག་ལས་ནི་གང་བྱེད་པ།། ནམ་མཁའ་དྲངས་ན་ཕྱི་རུ་སྦྱར།། རླུང་གིས་གྲངས་ན་ནང་དུ་སྦྱར།། ཆུས་གྲངས་གསང་བ་གསང་ཆེན་མེ། ། ཡང་གསང་གཏེར་ནི་ས་རུ་གནས།། གསུམ་ནས་བདུན་དང་བར་དང་ཡིན།། ཕྱི་ལ་སོགས་པ་མཁས་པས་སྦྱར།། བཤར་དང་དཀྲུགས་གཞུག་སྤོགས་པ་དགུ།། ཡིག་འབྲུ་དགུ་ཡིས་སྦྱར་བར་བྱ། ། བཟློག་དང་རྣལ་དཀྲུགས་སྤྱིར་སྦྱར་བའོ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། འབྱུང་བ་གཉིས་གཤེད་དུ་དབབ་བླང་གི་ལེའུ་སྟེ་བརྒྱ་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། གདབ་པ་རྩ་བ་འབྲུ་དགུ་ལ་རྒྱན་གྱི་ཡི་གེ་བྷྱོ་སོགས་རྦད།། རྦ་རྣ་ལ་སོགས་ཕཊ་ལ་གདུག། དུག་སྣ་བདུན་ནི་རུ་ནས་འཕང།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གདབ་པའི་དྲག་སྔགས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཨོཾ་གྱིས་མགོ་དྲངས་ཧཱུ~ཾ་ཕཊ་མཐའ།། བར་དུ་སྟིང་གི་དགྲ་དམིགས་བཅུག། ཐབས་ཀྱི་བསྙེན་པར་ལུང་བསྟན་ཡིན། ། མིང་བཅུག་ཐབས་ཀྱི་བསྒྲུབ་པ་ཡིན།། སྡེབས་བཅས་ལས་ཀྱི་སྔགས་སུ་བཤད།། ཤེས་རབ་འཁོར་ལོ་རྩིབས་དེ་བཞིན།། མ་ནི་རྩིབས་བར་བསྐོར་བ་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མིང་ལས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཕོ་གནས་མགོ་ལ་མོ་གནས་འོག། ཕོ་རུས་གཉིས་སུ་སྦྱར་བ་དང། ། མོ་རུས་གཉིས་སུ་སྦྱར་བ་གཉིས།། ཕོ་མོ་སྦགས་ནས་སྦྱར་བ་གསུམ།། དྲག་པོ་བརྩེགས་པ་མཐུ་འགྲན་དུས།། རྨེ་འཁྲུག་སྦྱར་བ་དྲུག་ཏུ་འདོད།། རྒྱུད་དྲུག་དགོངས་པ་ལུང་བསྟན་ཡིན།། བཟློག་དང་རྣལ་མ་དཀྲུག་པར་སྦྱར། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གནས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་རྣམ་པ་གསུམ་དུ་སྦྱར། ། ཟབ་མོ་སྦྱར་དང་དྲག་པོ་སྦྱར།། མན་ངག་སྦྱར་བ་གསུམ་དུ་བསྟན།། ཟབ་མོ་ལྔ་སྦྱར་དྲག་པོ་གསུམ།། མན་ངག་གཅིག་ཏུ་སྦྱར་བར་བྱ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྦྱར་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྟེན་འབྲེལ་རྒྱུ་དང་སྔགས་རྒྱུ་གཉིས།། རང་གི་འཁོར་ལོ་རྒྱུ་གསུམ་དང།། གཞན་གྱི་གཉིས་ལ་དགུ་དབྱེ་དང།། རྒྱུ་ཡིག་སྦྱར་ལ་སྭ་རྣམས་གདགས། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྒྱུ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བཅོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཤེས་རབ་དབྱིངས་ནི་སུམ་ཅུ་གཉིས། ། ལྷག་པའི་བྱིན་པར་ལུང་བསྟན་ཡིན།། དྲག་པོ་ལ་སོགས་གསུམ་ལ་སྦྱར།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལྷག་པའི་བྱིན་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དབྱངས་དང་གསལ་བྱེད་སྦྱོར་སྡེབས་པས།། རང་གིས་གསང་སྔགས་བར་དུ་གཏང།། སྦྱོར་བ་རྣམ་གསུམ་ཉམས་པ་སྐོང།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཆད་པ་བསྐང་བའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དབྱངས་དང་གསལ་བྱེད་གནས་སྤོས་ལ།། ཐབས་དང་རང་སྔགས་སྦྱར་བ་བྱ། ། ཨོཾ་ཨཱཿཧཱུ~ཾ་ཕཊ། གསུམ་གསུམ་སྦྱར་ལ་ཐེམས་གསལ་བྱ།། ལས་གསུམ་ནོར་བ་བཟློག་པར་གྱུར། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནོར་བ་བཟློག་པའི་ཆོ་ག་བསྟན་པའི་ལེའུ་སྟེ་བརྒྱ་བཅོ་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དབྱེ་བ་འཕྲིན་ལས་བཞི་དང་སྦྱར།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དབྱེ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཨོཾ་ཧཱུ~ཾ་ཨ་ཨེ་ཕཊ། ཡཾ་བཾ་རཾ་སུཾ་ཧཾ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མགོ་ཅན་མགོ་གཅད་དང་མགོ་མེད་མགོ་གདགས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཉི་ཤུ་ཐམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འདས་པ་རྒྱུད་དང་འཇིག་རྟེན་གསུམ།། དེ་སྦྱོར་འདུག་ས་སྤོ་བར་བྱ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། འདུག་ས་གོང་འོག་སྤོ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དྲུག་དང་གསུམ་ལ་སྦྱོར་བ་ནི།། ཟབ་མོ་མན་ངག་དྲག་པོ་གསུམ།། སྦྱོར་བ་སྭ་ནི་གདགས་པར་བྱ། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མཐའ་རྟེན་གཞུག་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཐབས་དང་ཤེས་རབ་མ་ནིང་གསུམ།། རྒྱུད་དྲུག་དག་ཏུ་གཏང་བར་བྱ།། ཐེམས་དང་དུག་མཐའ་འཁོར་གནས་གསུམ།། ལོང་བ་རྒྱབ་སྦྲེལ་དགོངས་ལུང་བསྟན།། དྲག་པོ་བརྩེགས་པ་ལུང་བསྟན་པའི་རྒྱུད་ལས། ལོང་བ་རྒྱབ་སྦྲེལ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡིག་འབྲུ་གཅིག་ལ་བཞི་ཤེས་པ།། ཉིན་སྲིབས་དབྱེ་ཞེས་བཤད་པ་ཡིན།། བདག་བསྲུང་བ་དང་གཞན་གསད་པ། ། ཉིན་སྲིབས་དབྱེ་ཞེས་བཤད་པ་ཡིན།། རང་གི་སྔགས་རྒྱུད་སྭ་རྣམས་གདགས།། ཡི་དམ་གཅིག་ན་ཤིན་ཏུ་གཅེས།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཉིན་སྲིབས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཕྱི་ནང་གསང་ཆེན་གཏེར་བར་དུ།། རྒྱན་གདགས་སྭ་གདགས་གཅིག་ཏུ་བཟླས།། མང་པོ་གཅིག་ཏུ་སྦམ་པར་བཤད། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མང་པོ་གཅིག་ཏུ་སྦམ་པའི་ལེའུ་སྟེ་བརྒྱ་ཉེར་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མེ་ཆུ་འགལ་བ་དགུ་ལས་དབྱེ།། འདས་ལ་སོགས་པ་ཐེམས་བར་དུ། ། རྒྱུད་ཆེན་དྲུག་ལ་སྦྱར་བར་བྱ།། ལས་ལ་ལས་ཀྱི་འབྱུང་བཞི་སྤྲད།། ཐེམས་གཏང་བ་ནི་གོང་བཞིན་སྦྱར།། དྲག་པོའི་ངན་སྔགས་ལུང་བསྟན་དགུ།། དྲག་པོ་བརྩེགས་པ་ལུང་བསྟན་པའི་རྒྱུད་ལས། མེ་ཆུ་འགལ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རང་གི་རྒྱུད་སྡེ་བཅུ་ནས་བཏུ།། གཞན་ནི་འདྲ་འགྱུར་བཅུ་ལས་བཏུ།། སྤྱིར་ནི་འདྲ་མེན་ཉི་ཤུ་འདོད། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཚལ་བུ་ཀུན་ནས་བཏུ་བ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འུར་པའི་གཅིག་དྲིལ་ཐེམས་ལྔ་སྟེ། ། ལས་ཀྱི་ཐུན་མོང་སྟོབས་འགྲན་དུས།། ལུགས་བྱུང་དང་རྙོགས་རུ་ལོག་གསུམ།། སྦྱར་བ་འུར་པ་གཅིག་ཏུ་དྲིལ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། འུར་པ་དྲལ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བསྙེན་དང་ཉེ་བསྙེན་བསྒྲུབ་པ་དང།། བསྒྲུབ་ཆེན་ལས་དང་ཡོངས་སུ་རྫོགས།། སྣ་ཚོགས་དང་ནི་བདུན་ཡིན་ནོ།། དང་པོ་གཞི་ནི་ནང་ཡིན་ལ། ། བསྙེན་བསྒྲུབ་ལས་སྦྱར་གསང་བར་སྒྲགས།། བསྙེན་བསྒྲུབ་རྣམ་གཉིས་གསང་ཆེན་ལ།། སྦས་པ་གཏེར་ནི་གཅིག་ཏུ་གནས།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཐེམས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྩ་བ་ལྷ་སྡེབས་བཅོ་བརྒྱད་དེ།། འཁོར་ལོ་རང་སྡེབས་དྲུག་ལས་དབྱེ།། དྲག་པོ་ཐུན་སྡེབས་དགུ་རུ་འགྱུར། ། གཤེད་མ་རྐྱེན་སྡེབས་བདུན་དུ་འགྱུར།། གཉེན་པོ་སྦྱོར་སྡེབས་དྲུག་ལས་སྦྱར།། ཡི་གེ་ཕྱི་ལ་སོགས་པ་ལྔ།། འགྲེང་བུ་ཞབས་ཀྱུ་ཞི་དྲག་དུས།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ། ཀུན་ཏུ་རྒྱུག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་དང་སུམ་ཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལྟ་བ་དྲུག་དང་ལྷ་དྲུག་དང།། སྔགས་དྲུག་རྫས་དྲུག་ཏིང་འཛིན་དྲུག། ལས་མཁན་དྲུག་དང་རྟགས་དྲུག་ཡིན། ། རྒྱུད་ཆེན་དྲུག་དང་དཀྱིལ་འཁོར་དྲུག། བསྒྲུབ་བྱ་དྲུག་དང་གྲངས་ཚད་དྲུག། མན་ངག་དྲུག་དང་འབྲས་བུ་དྲུག། དམ་ཚིག་རྣམ་པ་དྲུག་ཡིན་ནོ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཐུན་མོང་དང་ཁྱད་པར་གྱི་དུཾ་དུཾ་ཁྲིགས་རྣམ་པ་བདུན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་སོ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྲོག་སྙིང་རྣམ་པ་གཉིས་ཡིན་ཏེ། ། རྫོགས་པ་དང་ནི་རིམ་པར་བཅས།། རྫོགས་པ་གཅིག་ལ་དོན་གྱི་རྩིས།། རིམ་པ་རྣམ་པ་ལྔ་ལུང་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྲོག་སྙིང་ལྔ་བསྟན་པའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་སོ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འཁོར་ལོ་གསུམ་ལས་ལྔ་རུ་འགྱུར།། རྒྱུ་དང་བཅའ་དང་སྒྲ་དང་ལས།། རང་གི་ངོ་བོ་དག་དང་ལྔ།། ལིང་ཁ་ཉི་མ་གཤིན་རྗེ་དང། ། གསང་སྔགས་ཏིང་འཛིན་གསུམ་དང་ལྔ།། དབྱེ་བ་དང་ལྡན་ཚིག་དོན་དགྲོལ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གཤིན་རྗེ་ཚིག་དོན་དགྲོལ་བའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་སོ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཚིག་དོན་བཞི་བཅུ་རྩ་བརྒྱད་ལྡན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁྲོ་བོ་ཚིག་དོན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་སོ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཚིག་དོན་བཞི་བཅུ་རྩ་བརྒྱད་ལྡན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། པདྨའི་ཚིག་དོན་དགྲོལ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་སོ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཚིག་དོན་བཞི་བཅུ་རྩ་བརྒྱད་ལྡན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས།། ཕུར་པའི་ཚིག་དོན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་སོ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཚིག་དོན་བཞི་བཅུ་རྩ་བརྒྱད་ལྡན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྟོབས་ཆེན་ཚིག་དོན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་སོ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཚིག་དོན་བཞི་བཅུ་རྩ་བརྒྱད་ལྡན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བྱ་ཁྱུང་ཚིག་དོན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་སོ་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཚིག་དོན་བཞི་བཅུ་རྩ་བརྒྱད་ལྡན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མ་མོ་ཚིག་དོན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་སོ་དགུ་པའོ། །།། དེ་ནས་ཡང་བཤད་བྱ་བ།། ཚིག་དོན་བཞི་བཅུ་རྩ་བརྒྱད་ལྡན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ལས་ཚིག་དོན་དགྲོལ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བཞི་བཅུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འདས་པ་ལྔ་ལ་འཇིག་རྟེན་ལྟ།། སྤྱི་གཤིག་པ་ཡིས་ལས་བསྟན་བྱ།། བཛྲ་འདས་པ་སྤྱི་ཡིན་ཏེ།། སརྦ་དུཥྟ་འཇིག་རྟེན་སྤྱི།། ཤིག་རྦད་ཕཊ། ཕཊ་ཤིག་རྦད། དྲག་པོ་ངན་སྔགས་སྡེབས་བཅས་བདུན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བྱས་ཤིག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཞེ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། སྦྱོར་ལས་དགྲོལ་བར་རབ་ཏུ་གཅེས།། ནན་རྦད་སད། སད་ནན་རྦད། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྦྱོར་གཞོམ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཞེ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། བྷྱོ་ཐུམ་རིལ་རྦད་ཕྱུང། བྷྱོ་རིལ་ཐུཾ་ཕྱུང་རྦད། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཞེན་བཟློག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཞེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། སྣ་ཏིག་ཕཊ། ཕཊ་སྣ་ཏིག། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས།། ཟུག་པ་དབྱུང་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཞེ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ནན་ཕཊ་ཛ། ཛ་ནན་རྦད། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བཅིངས་དགྲོལ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཞེ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། ཐུཾ་རིལ་རྦད་བྷྱོ། བྷྱོ་རིལ་ཐུཾ་རྦད། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བཀའ་བཟློག་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཞེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བར་རབ་ཏུ་གཅེས།། ཐཾ་རྦད་ཕཊ། ཐམས་རྦད། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཁ་འཆིང་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཞེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། ནན་རྦད་ནན། ནན་ནན་རྦད། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། འདུལ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ཞེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། ཐུཾ་རིལ་རྦད་ནན། ནན་རིལ་ཐུཾ་རྦད། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནན་ལ་དབབ་པའི་ལེའུ་སྟེ་བརྒྱ་ཞེ་དགུ་པའོ།།།། དེ་ནས་ཡང་བདག་བཤད་བྱ་བ།། འབྱུང་བ་ཐམས་ཅད་དཀྲུག་པ་དང།། དུག་དཀྲུག་རྫོགས་པའི་སྦྱོར་བཅུ་བརྩམ། ། ལོང་མེད་དབབ་པའི་དྲག་སྔགས་དཀྲུག། གློ་བུར་དབབ་པའི་སྦྱོར་བ་བརྩམ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གནས་ལྔ་དགོངས་པ་ལུང་བསྟན་བརྒྱ་ལྔ་བཅུ་ཐམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། གུ་ཤ་ཨ་ཛ། ཛ་ཤ་གུ་ཨ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དགུག་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ང་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། རཀྵ་སྭཱཧཱ། རཀྵ་སྭཱཧཱ། རཀྵ་སྭཱཧཱ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བསྲུང་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ང་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། བ་སྟན་ནན་ནན་པ་སྟཾ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གནན་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ང་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། ནན་ཏྲིག་ཕཊ། ནན་ཏྲིག། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གཟིར་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ང་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། བཾ་པཾ་སྟཾ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དབང་དུ་བྱ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ང་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། ཧཱུ~ཾ་སྒྱུར་ཡེ་མོ་ཚལ་སྒྱུར། ཧ་སྒྱུར། སྒྱུར་ཚལ་མོ་ཡེ། སྒྱུར་ཧཱུ~ཾ། སྒྱུར་ཧ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས།། གཟེར་སྒྱུར་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ང་དྲུག་པའོ།།།། དེ་ནས་ཡང་བདག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས། ། མཱ་ར་ཡ་ཕཊ། བཟློག་ཕཊ། བྷྱོ་བྷྱོ་ཕཊ། ཡ་ར་མ་བཟློག་རྦད། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དམོད་ཟོར་བཟློག་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ང་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། རོ་ག་སརྦ་ཕྱུང་རྦད། རྦད་ཕྱུང་ར་གོ་རྦད་སྭ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དུག་དབྱུང་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ང་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། བྱ་ཏི་སརྦ་སྭཱ་ཧཱ། ཧཱའ་སྭཱ་ཏི་བྱ་རྦས། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ། བྱད་དགྲོལ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་ང་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས། བྱེར་རྦད་ཕཊ། ཕཊ་བྱེར་རྦད། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བསྲུང་མ་མཐར་བསྐྱལ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་དྲུག་ཅུ་ཐམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། ནན་རྦད། ཛ་ཧཱུ~ཾ་བཾ་ཧོ། ཧོ་བཾ་ཧཱུ~ཾ་ཛ། ནན་རྦད། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྒྱས་འདེབས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་རེ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས། ། ཀུ་རུ་ཤན་ཏིང་སྭཱཧཱ། ཧཱ་སྭཱ་ཀུ་རུ་ཏིང་ཤན། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཞི་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་རེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། ཀུ་རུ་པུཥྟི་སྭཱ་ཧཱ། ཧཱའ་སྭཱ་ཀུ་རུ་ཊཾ་པུས། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྒྱས་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་རེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་ཤིན་ཏུ་གཅེས།། ཀུ་རུ་པ་ཤང་ཧཱ་སྭཱ། ཧཱ་སྭཱཀུ་རུ་པ་ཤང། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དབང་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་རེ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། མཱ་ར་ཡ་ཤང་ཧཱུ~ཾ་རྣི་ཕཊ། ཡ་ར་མ་ཤང་ཧཱུ~ཾ་རྣི་ཕཊ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ། བསད་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་རེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་རབ་ཏུ་གཅེས།། ནན་ནན་ནན། བཟློག་པ་གཉིས་ལ་དཀྲུག་གསུམ་སྦྱར།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། གནན་པ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་རེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་ཤིན་ཏུ་གཅེས།། རཾ་རཾ་རཾ། བཟློག་པ་གཉིས་ལ་དཀྲུག་གསུམ་སྦྱར། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བསྲེག་པའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་རེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱོར་བ་དགྲོལ་བ་ཤིན་ཏུ་གཅེས། ། བྷྱོ་བྷྱོ་བྷྱོ། བཟློག་པ་གཉིས་ལ་དཀྲུག་གསུམ་སྦྱར།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། འཕང་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་རེ་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྨོ་བ་འདས་དང་མ་འདས་གཉིས།། མི་ལྤགས་བཅུ་གཉིས་པགས་པ་གཅིག། ལས་ཀྱི་མཐར་མེད་རྫས་མེད་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྫས་མེད་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་རེ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཨོཾ་ཧཱུ~ཾ་སྭཱ་ཨཾ་ཧཾ། ལཾ་མུཾ་མཾ་ཏཾ་པྱཾ། ར་ཛ་མ་ཡ་ཤ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དུག་ལྔ་རྒྱན་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བདུན་བཅུ་ཐམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལོ་གྲངས་རྩིས་ཀྱི་གྲངས་དག་གིས།། དུས་ཀྱི་དེ་ཁོ་ན་ཉིད་བསྟན།། བསྟན་བསྲུངས་དྲག་སྔགས་ཐམས་ཅད་ཀྱི། ། ལས་ཀྱི་གཟེར་བུ་བྱུང་བ་ནི།། ཐེམས་ལྡོག་ནག་པོ་ཉ་འགྲེལ་བསྟན།། ལོ་ཟླ་ཞག་དང་དུས་ཚོད་ཀྱིས།། སྙིང་བཞི་བཟུང་ན་ལས་རྣམས་འགྲུབ།། སྙིང་བཞི་བཟུང་ལ་སྐྱ་ཟོར་འཕང། ། སྤྱི་དང་དགོངས་པ་སྙིང་གཉིས་ཀྱི་བསྟན།། ལོ་སྙིང་ཟླ་གཞུག་ཟླ་སྙིང་བཞག། ཞག་སྙིང་དུས་ཚོད་བཅུ་ནས་འགྲུབ།། གནམ་ལ་ཤིང་ཤར་དཔྱིད་ར་མེས།། སྟག་སྟེ་འབྲིང་པོ་ས་མ་ཡོས།། དཔྱིད་ཐ་ས་ཕོ་འབྲུག་ཏུ་བཟུང། ། དབྱར་ར་ས་མོ་འབྲུག་ཏུ་བཟུང།། འབྲིང་པོ་ལྕགས་རྟ་ཐ་ཆུང་ས།། སྟོན་ར་ཆུ་སྤྲེ་འབྲིང་པོ་བྱ།། སྟོན་ཟླ་ཐ་ཆུང་ཤིང་ཕོ་ཁྱི།། དགུན་ར་ཤིང་མོ་ཕག་ཏུ་རྩིགས།། དགུན་འབྲིང་མེ་བྱི་ཐ་ཆུང་གླང།། དེ་བཞིན་མ་ལུས་འདས་པ་ནི། ། ཕོ་དང་ཟླ་བར་འབྱོར་ཞེས་བྱ།། མེ་ཤར་དཔྱིད་ར་ས་ཕོ་སྟག། ལྕགས་ཤར་དཔྱིད་ར་ཆུ་བོ་སྟག། ཆུ་ཤར་དཔྱིད་ར་ཤིང་ཕོ་སྟག། དཔྱིད་འབྲིང་ཤིང་མོ་ཡོས་སྦྱར་ཏེ།། མེ་ཆུ་ལྕགས་ཤིང་ལྕགས་སྤྲེའུ། ། ཆུ་མོ་སྦྲུལ་དང་ཤིང་ལྕགས་ཕག། དེ་བདུན་གནམ་ལོ་ཤར་བ་ནི།། ལོ་ཡི་སྤྱིད་སྙིང་དག་ཏུ་བཟུང།། ཤིང་ལྕགས་བྱ་བ་ཆུ་ས་བྱ།། ལྕགས་མོ་ཡོས་བུ་ཆུ་ས་སྟག། ཤར་ན་བདུད་ཀྱི་ལོ་སྙིང་ཡིན།། ཤིང་ལྕགས་ཁྱི་ལ་ཆུ་ས་ལུག། ཆུ་ཕོ་འབྲུག་དང་ཤིང་ལྕགས་གླང།། ཤར་ན་ཀླུ་ཡི་ལོ་སྙིང་ཡིན།། ས་ཕོ་བྱི་བ་མེ་ལྕགས་རྟ།། ས་ཤིང་ཡོས་བུ་མེ་མོ་བྱ།། ཤར་ན་མ་མོའི་ལོ་སྙིང་ཡིན།། ལྕགས་ཕོ་རྟ་དང་ཆུ་ས་སྤྲེའུ།། ལྕགས་མོ་སྦྲུལ་དང་ས་མོ་ཕག། ཤར་ན་དགྲ་ལྷའི་ལོ་སྙིང་ཡིན།། ཤིང་མོ་ལུག་དང་མེ་ཆུ་གླང།། ས་ཤིང་འབྲུག་དང་མེ་ཆུ་ཁྱི།། ཤར་ན་དམུ་ཡི་ལོ་སྙིང་ཡིན།། ཤིང་ཕོ་རྟ་དང་མེ་ཆུ་ཡོས།། མེ་ཆུ་བྱི་བ་ཤིང་ལྕགས་བྱ།། ཤར་ན་བཙན་གྱི་ལོ་སྙིང་ཡིན། ། ས་ཕོ་ཁྱི་དང་མེ་ལྕགས་འབྲུག། ས་མོ་གླང་དང་ལྕགས་མེ་འབྲུག། ཤར་ན་གཤིན་རྗེའི་ལོ་སྙིང་ཡིན།། མེ་པོ་སྤྲེལ་དང་ས་ཤིང་སྟག། ས་ཤིང་སྦྲུལ་དང་མེ་ཆུ་ཕག། ཤར་ན་སྲིན་པོའི་ལོ་སྙིང་ཡིན། ། དེ་ནི་སོ་སོའི་ལོ་སྙིང་ཡིན།། དཔྱིད་ར་མེ་ནས་བཟུང་དུས་སུ།། དགུན་དཔྱིད་ར་བ་ལོ་ཡི་སྙིང།། ས་ཕོ་དཔྱིད་ར་ཤར་དུས་སུ།། སྟོན་ཟླ་ར་བ་ཟླ་བའི་སྙིང།། ལྕགས་ཕོ་དཔྱིད་ར་ཤར་དུས་སུ།། དབྱར་ར་ཟླ་བའི་སྙིང་དུ་གཟུང། ། ཆུ་ཕོ་དཔྱིད་ར་ཤར་དུས་སུ།། དགུན་དཔྱིད་ར་བ་ཟླ་བའི་སྙིང།། ཆུ་བོ་དཔྱིད་ར་ཤར་དུས་སུ།། དབྱར་ར་ཟླ་བའི་སྙིང་དུ་བཟུང།། ཤིང་ཕོ་དཔྱིད་ར་ཤར་དུས་སུ།། སྟོན་ཟླ་ར་བ་ཟླ་བའི་སྙིང། ། དེ་ནི་ཟླ་བའི་སྤྱིད་སྙིང་ངོ།། མེ་ཕོ་དཔྱིད་ར་ཤར་དུས་སུ།། དཔྱིད་འབྲིང་བཙན་ལ་ཐ་ཆུང་དམུ།། དབྱར་ར་སྲིན་པོ་མ་མོ་འབྲིང།། དབྱར་ར་གཤིན་རྗེ་སྟོན་ར་ནི།། དགྲ་བླ་དག་གི་ཟླ་སྙིང་ཡིན།། སྟོན་འབྲིང་བདུད་དེ་སྟོན་ཟླ་ཐ། ། ཀླུ་ཡི་བླ་སྙིང་དག་ཏུ་བཟུང།། དགུན་འབྲིང་བཙན་གྱི་ཟླ་སྙིང་ཡིན།། ས་ཕོ་དཔྱིད་ར་ཤར་དུས་སུ།། དཔྱིད་ར་འབྲིང་པོ་མ་མོ་འབྲིང།། ཐ་ཆུང་གཤིན་རྗེ་སྟོན་ར་ནི།། དགྲ་བླ་ཟླ་སྙིང་དབྱར་འབྲིང་ནི། ། བདུད་ཀྱི་ཟླ་སྙིང་དབྱར་ཐ་ཀླུ།། སྟོན་འབྲིང་བཙན་ལ་ཐ་ཆུང་དམུ།། སྲིན་པོ་དགུན་ར་མ་མོ་འབྲིང།། དགུན་ཐ་གཤིན་རྗེའི་ཟླ་སྙིང་ཡིན།། ལྕགས་ཕོ་དཔྱིད་ར་ཤར་དུས་སུ།། དགུན་ར་དགྲ་བླ་འབྲིང་པོ་བདུད། ། ཆུ་ཕོ་དཔྱིད་ར་ཤར་དུས་སུ།། དཔྱིད་འབྲིང་བཙན་ལ་ཐ་ཆུང་དམུ།། དབྱར་ར་འབྲིང་པོ་མ་མོ་འབྲིང།། དབྱར་ར་གཤིན་རྗེ་མ་མོ་ནི།། དགྲ་བླ་དག་གི་ཟླ་སྙིང་ཡིན།། སྟོན་འབྲིང་བདུད་དེ་སྟོན་ཐ་ནི། ། ཀླུ་ཡི་ཟླ་སྙིང་དག་ཏུ་བཟུང།། དགུན་འབྲིང་བཙན་གྱི་ཟླ་སྙིང་ཡིན།། ས་ཕོ་དཔྱིད་ར་ཤར་དུས་སུ།། དཔྱིད་ར་འབྲིང་པོ་མ་མོ་འབྲིང།། ཐ་ཆུང་གཤིན་རྗེ་དབྱར་ར་ནི།། དགྲ་བླ་དག་གི་ཟླ་སྙིང་ཡིན།། དཔྱིད་འབྲིང་སྲིན་པོ་མ་མོ་འབྲིང། ། ཐ་ཆུང་གཤིན་རྗེ་སྟོན་ར་ནི།། དགྲ་བླ་ཟླ་སྙིང་དབྱར་འབྲིང་ནི།། བདུད་ཀྱི་ཟླ་སྙིང་དབྱར་ཐ་ཀླུ།། སྟོན་འབྲིང་བཙན་ལ་ཐ་ཆུང་དམུ།། སྲིན་པོ་དགུན་ར་མ་མོ་འབྲིང།། ཐ་ཆུང་གཤིན་རྗེའི་ཟླ་སྙིང་ཡིན། ། ལྕགས་ཕོ་དཔྱིད་ར་ཤར་དུས་སུ།། དགུན་འབྲིང་དགྲ་ལྷ་འབྲིང་པོ་བདུན།། ཆུ་བོ་དཔྱིད་ར་ཤར་དུས་སུ།། དབྱར་འབྲིང་བཙན་ལ་ཐ་ཆུང་དམུ།། དབྱར་འབྲིང་བཙན་ལ་མ་མོ་འབྲིང།། དབྱར་ཐ་གཤིན་རྗེ་དགྲ་བླ་ཡིས། ། སྟོན་ར་ཟླ་སྙིང་ཡིན་པ་བཟུང།། དགྲ་བླ་དཔྱིད་ཐ་འབྲིང་པོ་བདུད།། དཔྱིད་ཐ་ཀླུ་ལ་དབྱར་འབྲིང་བཙན།། དགུན་འབྲིང་བཙན་ལ་དགུན་ཐ་དམུ།། ཤིང་པོ་དཔྱིད་ར་ཤར་དུས་སུ།། དཔྱིད་ར་འབྲིང་པོ་མ་མོ་འབྲིང། ། དཔྱིད་ར་གཤིན་རྗེའི་ཟླ་བ་ཡིན།། དབྱར་ར་དགྲ་བླ་འབྲིང་པོ་བདུད།། དབྱར་ཐ་ཀླུ་ལ་སྟོན་འབྲིང་བཙན།། སྟོན་ཀླུའི་ཟླ་སྙིང་ངོ།། དེ་དག་དགོངས་དགོས་ཟླ་སྙིང་ངོ།། མེ་དཔྱིད་ཟླ་བར་ནི། ། ཚེས་གཅིག་མེ་ཕོ་སྟག་ནས་བཟུང།། བདུན་དང་བཅུ་དྲུག་ཉི་ཤུ་ལྔ།། སྤྱི་ཡི་ཞག་གི་སྙིང་ཡང་ཡིན།། ལྔ་དང་བཅུ་བཞི་ཉི་ཤུ་གསུམ།། བདུད་ཀྱི་ཞག་གི་སྙིང་ཡང་ཡིན།། དྲུག་དང་བཅོ་ལྔ་ཉི་ཤུ་བཞི།། ཀླུ་ཡི་ཞག་གི་སྙིང་དུ་བཟུང། ། གཉིས་དང་བཅུ་གཅིག་ཉི་ཤུ་དང།། ཉི་ཤུ་དགུ་ནི་མ་མོའི་སྙིང།། བཞི་དང་བཅུ་གསུམ་ཉི་ཤུ་གཉིས།། དགྲ་བླ་ཞིང་གི་སྙིང་དུ་བཟུང།། དགུ་དང་བཅོ་བརྒྱད་ཉི་ཤུ་བདུན།། དམུ་ཡི་ཞག་གི་སྙིང་དུ་བཟུང། ། བརྒྱད་དང་བཅུ་དྲུག་ཉི་ཤུ་དྲུག། བཙན་གྱི་ཞག་གི་སྙིང་དུ་བཟུང།། གསུམ་དང་བཅུ་གཉིས་ཉི་ཤུ་གཅིག། བཅུ་གསུམ་དག་ནི་གཤིན་རྗེའི་སྙིང།། གཅིག་དང་བཅུ་དང་བཅུ་དགུ་དང།། ཉི་ཤུ་བརྒྱད་དང་སྲིན་པོའི་སྙིང། ། དེ་བཞིན་ཀུན་ལ་སྦྱོར་ཤེས་བྱ།། དཔྱིད་འབྲིང་མི་མོ་ཡོས་བུ་ལ།། ས་མོ་ཡོས་བུ་ཚེས་གཅིག་བཟུང།། དེ་བཞིན་མ་བུ་ཆོས་བཞིན་དུ།། ཀུན་ལ་འཁྲུལ་ཞིང་སྦྱོར་ཞེས་བྱ།། ས་པོ་དཔྱིད་ཟླ་ར་བ་ནི། ། ཚེས་གཅིག་ས་པོ་སྟག་ནས་བཟུང།། བཞི་དང་བཅུ་གསུམ་ཉི་ཤུ་གཉིས།། སྤྱི་ཡི་ཞག་གི་སྙིང་དུ་བཟུང།། ཚེས་བཞི་བཅུ་གཅིག་ཉི་ཤུ་དགུ་ནི་བདུད་ཀྱི་སྙིང།། གསུམ་བཅུ་བཅུ་གཅིག་ཉི་ཤུ་གཅིག། གནམ་སྟོང་དག་ནི་ཀླུ་ཡི་སྙིང། ། ཚེས་བརྒྱད་བཅུ་བདུན་ཉི་ཤུ་དྲུག། མ་མོ་ཞག་གི་སྙིང་དུ་བཟུང།། ཚེས་དྲུག་བཅོ་ལྔ་ཉི་ཤུ་བཞི།། དམུ་ཡི་ཞག་སྙིང་དག་ཏུ་བཟུང།། ལྔ་དང་བཅུ་བཞི་ཉི་ཤུ་གསུམ།། བཙན་གྱི་ཞག་གི་སྙིང་དུ་བཟུང། ། དགུ་དང་བཅོ་བརྒྱད་ཉི་ཤུ་བདུན།། གཤིན་རྗེ་ཞག་གི་སྙིང་དུ་བཟུང།། བདུན་དང་བཅུ་དྲུག་ཉི་ཤུ་ལྔ།། སྲིན་པོ་དག་གི་ཞག་སྙིང་ངོ།། ལྕགས་པོ་དཔྱིད་ཟླ་ར་བའི་ནི།། ཚེས་གཅིག་ཆུ་ཕོ་སྟག་ནས་བཟུང། ། ཚེས་གཅིག་བདུན་དང་བཅུ་དགུ་དང།། ཉི་ཤུ་ལྔ་ནི་སྤྱི་ཡི་སྙིང།། བརྒྱད་དང་བཅུ་བདུན་ཉི་ཤུ་གསུམ།། བདུད་ཀྱི་ཞག་གི་སྙིང་དུ་བཟུང།། དགུ་དང་བཅོ་བརྒྱད་ཉི་ཤུ་བཞི།། ཉི་ཤུ་བདུན་ནི་ཀླུ་ཡི་སྙིང།། ལྔ་དང་བཅུ་བཞི་ཉི་ཤུ་དགུ། ། མ་མོ་ཞག་གི་སྙིང་དུ་བཟུང།། བདུད་དང་བཅུ་དྲུག་དགྲ་བླའི་སྙིང།། བདུན་དང་བཅུ་གཉིས་ཉི་ཤུ་གཅིག། ཉི་ཤུ་བདུན་ནི་དམུ་ཡི་སྙིང།། གཉིས་དང་བཅུ་གཅིག་ཉི་ཤུ་དང།། ཉི་ཤུ་དྲུག་ནི་བཙན་གྱི་སྙིང། ། དྲུག་དང་བཅོ་ལྔ་སུམ་ཅུ་ནི།། གཤིན་རྗེ་དག་གི་སྙིང་དུ་བཟུང།། བཞི་དང་བཅུ་གསུམ་ཉི་ཤུ་གཉིས།། ཉི་ཤུ་བརྒྱད་ནི་སྲིན་པོའི་སྙིང།། ཆུ་ཕོ་དཔྱིད་ཟླ་ར་བའི་ནི།། ཚེས་གཅིག་ཤིང་ཕོ་སྟག་ནས་བཟུང། ། ཚེས་བདུན་བཅུ་གསུམ་ཉི་ཤུ་གཉིས།། སྤྱི་ཡི་ཞག་གི་སྙིང་དུ་བཟུང།། ལྔ་དང་བཅུ་གཅིག་ཉི་ཤུ་དང།། ཉི་ཤུ་དགུ་ནི་བདུད་ཀྱི་སྙིང།། དྲུག་དང་བཅུ་གཉིས་ཉི་ཤུ་གཅིག། སུམ་ཅུ་དག་ནི་ཀླུ་ཡི་སྙིང། ། གཉིས་དང་བཅུ་བདུན་ཉི་ཤུ་དྲུག། མ་མོ་རྣམས་ཀྱི་ཞག་སྙིང་ཡིན།། བཞི་དང་བཅུ་དགུ་ཉི་ཤུ་བརྒྱད།། དགྲ་བླ་དག་གི་སྙིང་དུ་བཟུང།། དགུ་དང་བཅོ་ལྔ་ཉི་ཤུ་བཞི།། དམུ་ཡི་ཞག་སྙིང་དག་ཏུ་བཟུང།། བརྒྱད་དང་བཅུ་བཞི་ཉི་ཤུ་གསུམ། ། བཙན་གྱི་ཞག་སྙིང་དག་ཏུ་བཟུང།། གསུམ་དང་བཅོ་བརྒྱད་ཉི་ཤུ་བདུན།། གཤིན་རྗེ་ཞག་སྙིང་དག་ཏུ་བཟུང།། ཚེས་གཅིག་བཅུ་དང་བཅུ་དྲུག་དང།། ཉི་ཤུ་ལྔ་ནི་སྲིན་པོའི་སྙིང།། ཤིང་ཕོ་དཔྱིད་ཟླ་ར་བའི་ནི། ། ཚེས་གཅིག་མེ་པོ་སྟག་ནས་བཟུང།། ཚེས་གཅིག་བཅུ་དང་བཅུ་དགུ་དང།། ཉི་ཤུ་དགུ་བརྒྱད་སྤྱི་སྙིང་ཡིན།། བརྒྱ་དང་བཅུ་བདུན་ཉི་ཤུ་དྲུག། བདུད་ཀྱི་ཞག་གི་ཡང་སྙིང་ཡིན།། དགུ་དག་བཅོ་བརྒྱད་ཉི་ཤུ་བདུན། ། ཀླུ་ཡི་ཞག་གི་སྙིང་དུ་བཟུང།། ལྔ་དང་བཅུ་བཞི་ཉི་ཤུ་གསུམ།། མ་མོའི་ཞག་སྙིང་དག་ཏུ་བཟུང།། བདུན་དང་བཅུ་དྲུག་ཉི་ཤུ་ལྔ།། དགྲ་བླ་དག་གི་སྙིང་དུ་བཟུང།། གསུམ་དང་བཅུ་གཉིས་ཉི་ཤུ་གཅིག། སུམ་ཅུ་དམུ་ཡི་ཞག་སྙིང་ངོ།། གཉིས་དང་བཅུ་གཅིག་ཉི་ཤུ་དང།། ཉི་ཤུ་དགུ་ནི་བཙན་གྱི་སྙིང།། དྲུག་དང་བཅོ་ལྔ་ཉི་ཤུ་བཞི།། གཤིན་རྗེ་ཡི་ནི་ཞག་སྙིང་ཡིན།། བཞི་དང་བཅུ་གསུམ་ཉི་ཤུ་གསུམ། ། སྲིན་པོ་རྣམས་ཀྱི་ཞག་སྙིང་ཡིན།། མེ་པོ་སྟག་ཡོས་དཔྱིད་ར་འབྲིང།། ས་མོ་ཡོས་བུ་ནམ་ལངས་གཟུང།། ས་ཕོ་འབྲུག་སྦྲུལ་དཔྱིད་ཐ་དང།། དབྱར་ར་ལྕགས་མོ་སྦྲུལ་དུ་བཟུང།། ནམ་ལངས་ཡོས་བུ་ཀུན་ཏུ་བཟང། ། དེ་བཞིན་ཟླ་བ་ཀུན་ལ་ཡང།། རང་རང་ངོ་དེ་བུ་ཡི་ཚེས།། དེ་བཞིན་ཀུན་ལ་སྦྱོར་ཞེས་བྱ།། ས་མོ་ཡོས་བུ་ནམ་ནངས་པའི།། ནུབ་རི་ཁྲོ་བོ་སྤྱི་ཡི་སྙིང།། ཉི་ཕྱེད་བདུད་ཀྱི་དུས་ཚོད་སྙིང། ། སྣུར་སྨད་ཀླུ་ཡི་སྙིང་དུ་བཟུང།། ནམ་ནངས་ནམ་ཕྱེད་མ་མོའི་སྙིང།། ཐོ་རང་དྲོས་ཆེན་དགྲ་བླའི་སྙིང།། ས་ནི་ཆལ་ཆིལ་དམུ་ཡི་སྙིང།། ཉིན་ནུབ་བཙན་གྱི་དུས་ཚོད་སྙིང།། ཉི་མ་དྲོས་པ་གཤིན་རྗེའི་སྙིང། ། ནམ་འཇིང་སྲིན་པོ་དུས་ཚོད་སྙིང།། ལྕགས་མོ་ཡོས་བུ་ནམ་ནངས་ནས།། ནམ་ནངས་ནི་ཕྱེད་བདུད་ཀྱི་སྙིང།། ཉི་མ་ཕྱེད་ཡོལ་ཉི་མ་དྲོས།། ཀླུ་ཡི་དུས་ཚོད་སྙིང་དུ་བཟུང།། ཉི་ནུབ་མ་མོའི་དུས་ཚོད་སྙིང། ། ནམ་འཇིང་དགྲ་བླའི་དུས་ཚོད་སྙིང།། སྣུར་སྨད་དམུ་ཡི་དུས་ཚོད་སྙིང།། ཉི་ཕྱེད་བཙན་གྱི་དུས་ཚོད་སྙིང།། མུ་སྲོས་གཤིན་རྗེའི་དུས་ཚོས་སྙིང།། ནུབ་རི་ཁྲ་བོ་སྲིན་པོའི་སྙིང།། དྲོས་ཆེན་སྤྱི་ཡིས་སྙིང་དུ་བཟུང། ། ཆུ་མོ་ཡོས་བུ་ནམ་ནངས་ན།། ཉིན་ནུབ་བདུད་ཀྱི་དུས་ཚོད་སྙིང།། མུན་སྲོས་ཀླུ་ཡི་དུས་ཚོད་སྙིང།། ཉི་ཕྱེད་མ་མོའི་དུས་ཚོད་སྙིང།། ནུབ་རི་ཁྲ་བོ་དགྲ་ལྷའི་སྙིང།། ནམ་ཆུང་ཉིན་དྲོས་དམུ་ཡི་སྙིང།། ནམ་ཕྱེད་ནམ་ལངས་བཙན་གྱི་སྙིང། ། ཉི་མ་སྣུར་སྨད་གཤིན་རྗེའི་སྙིང།། དྲོས་ཆེན་སྲིན་པོའི་དུས་ཚོད་སྙིང།། ནམ་འཇིང་སྤྱི་ཡི་དུས་ཚོད་སྙིང།། ཤིང་མོ་ཡོས་བུ་ནམ་ལངས་བའི།། ཉིན་ཕྱེད་ནམ་ཕྱེད་བདུད་ཀྱི་སྙིང། ། སྣུར་སྨད་ནམ་ཆུང་དམུ་ཡི་སྙིང།། ནམ་ལངས་མ་མོའི་དུས་ཚོད་སྙིང།། དྲོས་ཆེན་དགྲ་བླའི་དུས་ཚོད་སྙིང།། མུན་སྲོས་དམུ་ཡི་དུས་ཚོད་སྙིང།། ཉི་ནུབ་བཙན་གྱི་དུས་ཚོད་སྙིང།། ཉིན་དྲོས་གཤིན་རྗེའི་དུས་ཚོད་སྙིང། ། ནམ་འཇིང་སྲིན་པོའི་དུས་ཚོད་སྙིང།། ནུབ་རི་ཁྲ་བོ་སྤྱི་ཡི་སྙིང།། མེ་མོ་ཡོས་བུ་ནམ་ལངས་ནས།། ནུབ་པ་བདུད་ཀྱི་དུས་ཚོད་སྙིང།། མུན་སྲོས་ཀླུ་ཡི་དུས་ཚོད་སྙིང།། ཉི་ཕྱེད་མ་མོའི་དུས་ཚོད་སྙིང། ། ནུབ་རི་ཁྲ་བོ་དགྲ་བླའི་སྙིང།། ནམ་ཆུང་ཉི་དྲོས་དམུ་ཡི་སྙིང།། ནམ་ལངས་ནམ་ཕྱེད་དགྲ་བླའི་སྙིང།། ཉི་མ་སྣུར་སྨད་བཙན་གྱི་སྙིང།། དྲོས་ཚད་སྲིན་པོའི་དུས་ཚོད་སྙིང།། ནམ་འཇིང་སྤྱི་ཡི་དུས་ཚོད་སྙིང། ། དགྲ་བླ་དུས་སྨད་ལྷ་ཡིན་ཏེ།། དམུ་ཡི་དུས་སྨད་ཐེ་རང་ཡིན།། གཤིན་རྗེའི་དུས་སྨད་རུ་ཏྲ་སྟེ།། སྲིན་པོའི་དུས་སྨད་རྒྱལ་པོ་ཡིན།། ཀླུ་ཡི་དུས་སྨད་གནོད་སྦྱིན་ཏེ།། མ་མོའི་དུས་སྨད་དམ་སྲི་གསད།། བདུད་ཀྱི་དུས་སྨད་མུ་སྟེགས་འདུ། ། བཙན་གྱི་དུས་སྨད་འགོང་པོར་འགྱུར།། དེ་ལྟར་སྡེ་དཔོན་བཅུ་དགུ་ཡི།། སྤྱི་སྙིང་སྒོས་སྙིང་བཟུང་ནས་ནི།། སྲོག་སེར་ལས་ནི་གང་བྱེད་བརྩམས།། སྤྱི་དང་དགོས་དགོས་གང་བྱེད་པའི། ། སྐྱ་ཟོར་འཕང་ཞིང་བསྲེག། ཆུ་རོ་དུང་འགྲོན་འབྲུག་རུས་དང།། ཡུངས་ཀར་ཐལ་ཆེན་སྐྱ་ཟོར་འཕང།། དེ་ནི་སྤྱི་ཡི་རྫས་སུ་གཟུངས།། སྲོག་སེར་ལས་ནི་གང་བྱེད་དང།། ལས་གཞུང་སོ་སོ་དག་ནས་གསུང། ། རི་དང་གནས་རྣམས་གང་རུང་བར།། གཅེར་བུ་དག་ཏུ་ཕྱུང་ནས་ཀྱང།། འོ་དོད་འབོད་ཅིང་གོས་ཀྱང་བརྡབ།། རྫས་རྣམས་འཕང་ཞིང་གཏོར་བར་བྱ།། མོན་ནག་རབས་ཆད་གླང་ཆེན་གྱི། ། ཐོད་པ་སྐྱ་བོ་མ་ཉམས་ཀྱང།། ཡང་ན་རྟ་ནག་དྲུག་ཕྲོམ་གྱི།། ཐོད་པར་བླུགས་ལ་ཟོར་དུ་འཕང།། སྐྱ་ཟོར་དམར་ཟོར་གནག་ཟོར་གསུམ།། བྱས་ན་གྲུབ་འགྱུར་ཐེ་ཚོམ་མེད།། འདི་མེད་ལས་རྣམས་རྩོམ་འགྱུར་བ། ། ལོང་བ་མིག་མེད་འཐེང་པོ་འདྲ།། དྲག་སྔགས་ཀུན་གྱི་གཟེར་ཕྱུང་བ།། དུག་དང་སྤུ་གྲི་འཁོར་ལོ་འདྲ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཐེམས་ལྡོག་ནག་པོ་སྤུ་གྲི་སོས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་དོན་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཐུན་གཟེར་ངན་སྔགས་བཅུ་བཅུ་ལས།། ལས་རྣམས་ཀུན་ལ་སྦྱར་བ་ནི།། ཨེ་སརྦ་དུཥྟན་རྦད་ནན། སརྦ་བི་ན་རྦད་ནན། རབ་ཀྱི་དོན་དུ་རྣམ་པ་ལྔ། ། ཛ་ཕཊ་བྷྱོ། རྦད་ནན། འབྲིང་གི་དོན་དུ་རྣམ་པ་བདུན།། ཛ་རྦུད། ཐ་མའི་དོན་དུ་རྣམ་པ་དགུ།། རྒད་རྦད། ཕྲོམ། ཚལ། དྷིལ་ཤར། བྷྱོ་ལྔ། མ་ཧཱ་བདུན། རྡོ་སྟ་དགུ། ཙེ་ཙེ་ན་བི་ཀྲུངས་ར་དུམ་བུ་ཙེ་བྱ་ཡ། རྩལ་བྷིལ་བྷྱོ། རྩ་བའི་ཡིག་འབྲུ་བཅུ་དག་དང།། ཡན་ལག་ཡིག་འབྲུ་ལྔ་ཡིན་ནོ།། སྭ་ནི་བརྒྱ་དང་ལྔ་བཅུ་འོ།། གཤིན་རྗེ་ལ་སོགས་སྡེ་བརྒྱད་ཀྱི། ཁྲག་གཅད་དངོས་གྲུབ་དུས་སུ་ནི།། སྔོན་དུ་གཟི་བ་གསུམ་བྱས་ལ། ། དེ་ཚེ་ཁྲག་བཅས་དྲང་བར་བྱ།། རུ་ཏྲ་ཀ་ལ་ཤ། ར་ཏ་ཁ་རག་སྟཾ་པ་ནན། དེ་ལ་དངོས་གྲུབ་བླང་བར་བྱ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཐུན་གཟེར་ངན་སྔགས་ཀྱི་ལེའུ་སྟེ་བརྒྱ་དོན་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ནད་རྣམས་སྣ་ཚོགས་གཏང་བ་ནི།། རྣམ་པ་གཉིས་སུ་ཤེས་པར་བྱ།། དགོངས་པ་རང་གི་ནད་རྣམས་དང།། སྦྱོར་བའི་སྟོབས་ཀྱིས་ནད་སྐྱེད་པའོ། ། གཤིན་རྗེ་སྨྱོན་སོགས་བཅུ་བདུན་གཏོང།། མ་མོས་རླུང་མཁྲིས་ཁྲག་ནད་དང།། བད་ཀན་ལ་སོགས་བཞི་བརྒྱ་རྩ།། བཞི་བརྒྱ་རྩ་བཞི་གཏོང་བར་བྱེད།། མུ་སྟེགས་ཀྱིས་ནི་གཤིན་རྗེ་གཤིན།། བདུན་གྱིས་སྤོགས་སོགས་བཅོ་བརྒྱད་གཏོང། ། སྲིན་པོས་ཐོག་དྲི་ལྔ་སོགས་པས།། ཉི་ཤུ་རྩ་བཞི་གཏོང་བར་བྱེད།། ལྷ་ཡིས་གཟེར་སྨྱོ་ལ་སོགས་པ།། རྣམ་པ་བཅུ་བཞི་གཏོང་བར་བྱེད།། གནོད་སྦྱིན་གླང་ཐབས་ལ་སོགས་པ། ། རྣམ་པ་བཅུ་གསུམ་གཏོང་བར་བྱེད།། རུ་ཏྲས་གཟེར་སོགས་བཅུ་གཉིས་གཏོང།། རྒྱལ་པོས་སྨྱོ་འབོག་རྒྱལ་སོགས་བདུན།། བཙན་ལ་གཟེར་ནད་རུ་བཅུ་འབྱུང།། འབྱུང་བ་ལྔ་དང་འདུས་པ་ལ།། བཅུ་བཅུ་དག་ཏུ་ཤེས་བར་བྱ། ། དམུ་ལ་ཐིལ་དགུའི་ནད་དགུ་འབྱུང།། ཐེ་རང་དྲི་བརྒྱད་ལ་སོགས་པ།། ཡེ་འབྲོག་ཀུན་ཏུ་གཏོང་བར་བྱེད།། འགོང་པོ་སྨྱོ་འབོག་བཅུ་དྲུག་གཏོང།། ཀླུ་ལ་མཛེ་ནད་བཅོ་བརྒྱད་འབྱུང།། ས་བདག་ལ་ནི་ཞ་གྲུམ་འབྱུང། ། དམ་སྲི་ཤུ་ཕྱོལ་ལ་སོགས་བརྒྱད། དེ་ནད་རང་གི་ནད་དུ་ཤེས།། སྦྱོར་བའི་སྟོབས་ཀྱིས་སྐྱེད་པ་ནི།། ཡི་རོག་བྷྱོ། མ་རོག་ཕཊ། མ་རོག་ཕཊ། རྡེ་རོག་ཕཊ། ཀྵེ་རོ་ག་ཕཊ། ར་རོ་ག་ཕཊ། ཛ་རོ་ག་ཕཊ། རང་རོ་ག་ཕཊ། ཏོ་རོ་ག་ཕཊ། རུ་རོ་ག་ཕཊ། ན་རོ་ག་ཕཊ། ཡོ་རོ་ག་ཕཊ། ནི་རོ་ག་ཕཊ། ར་རོ་ག་ཕཊ། ར་རོ་ག་ཕཊ། ཡ་ཡ་རོ་ག་ཕཊ། ཙ་རོ་ག་ཕཊ། ནད་བཅུ་བདུན་གཏང་བའོ།། པྲ་མ་ར་ཧ་ཏིང་རྦད་ཐུན་བྷྱོ། རག་ཏ་ཁུ་རྦད་ཐུན་བྷྱོ། སྨེ་རག་ཤ་རྦད་ཐུན་བྷྱོ། ཙི་ཀུ་ལུ་རྦད་ཐུན་བྷྱོ། ཙཀྲ་མ་ར་ན་རྦད་ཐུན་བྷྱོ། ཤིང་ཏོ་མ་ར་ན་རྦད་ཐུན་བྷྱོ། ནད་དགྲ་སྤྱིར་བསྡུས་པའོ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། ནད་དབྱེ་ཞིང་གཏང་བའི་ལེའུ་སྟེ་བརྒྱ་དོན་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྫས་ཀྱི་སྦྱོར་བ་དུས་བསྟན་པ།། གཤིན་རྗེའི་རྫས་ནི་བླ་རི་ལ།། མ་མོ་སྦལ་ནག་སྤྲེའུ་རྫས། ། མུ་སྟེགས་ཤར་རི་རཾ་རྫས་སམ།། སྲི་ཀ་ཤ་ཡིས་བསྐྲད་པར་བྱེད།། བདུད་ནི་བྱ་རོག་མགོས་ཐུབ་པ།། ལྷ་ནི་མོན་གྱི་ཚལ་སྙིང་རུས།། སྲིན་པོ་སྲིན་མོ་སྡིག་པ་འུར།། གནོད་སྦྱིན་སྟོབས་ཆེན་སེང་གེ་ཚིལ།། རྒྱལ་པོ་མཁར་ནག་མུ་སུ་ར། ། བཙན་ནི་ཉིན་དང་མཚན་ལྡང་བ།། པུ་རུ་དག་དང་ལྡན་པ་ཡིན།། དམུ་ཡི་སྡིག་རྒྱལ་དེ་སྙིང་ལྡན།། ཐེ་བྲང་གཡང་གཞི་དེ་སྙིང་ལྡན།། འགོང་པོ་མཁར་ཁ་མུ་སུ་ར།། དམ་སྲི་ཆུ་བྱི་བླ་འབྲུམ་བཅུད། ། ཀླུ་ཟན་གླང་མཆེ་སྤོས་གླང་པོ།། གཟུགས་ཀྱི་རྒྱལ་དང་དྲོ་ལྡན་ས།། བ་ཐག་དཀར་དང་ས་རོ་ལྡན།། ཤི་རོ་ལྡན་དང་བཅས་པ་ཡིས།། གཉེན་པོ་རྫས་སུ་བཤད་པ་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྫས་ཀྱི་དེ་ཁོ་ན་ཉིད་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་དོན་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྒོ་བཞི་ལས་ཀྱི་མན་ངག་ནི།། འཁོར་ལོ་ལིང་ཁ་སྔགས་དང་སྐུ།། འཁོར་ལོ་ལ་ཡང་རྣམ་བཞི་སྟཻ། ། ཆོས་ཉིད་ཡེ་ཤེས་སྤྲུལ་པ་འཁོར་ལོ་དང།། གནས་པ་རྩ་དང་སྤུ་གྲི་འཁོར་ལོ་བཞི།། ལས་རྣམས་ཀུན་ཀྱི་རྩ་བར་གསུམ་པ་སྟེ།། སྤུ་གྲི་འཁོར་ལོ་རྣམ་པ་བཞི་རུ་འགྱུར།། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང། ། ལྷ་སྲིན་སྡེ་བརྒྱད་བཞི་ལ་སྣང།། ཕྱི་དང་ནང་དང་གསང་བ་དང།། གསང་ཆེན་ལིང་ག་དག་དང་བཞི།། ཕྱི་འབྱུང་ནང་སྙིང་རྩ་དང་ཡིག། རང་བཞིན་འགྲུབ་དང་བརྟག་པའི་ཚིག། བསྟན་པ་གསུང་རབ་མངོན་སྤྱོད་ལ། ། གཏན་ཚིགས་སྔགས་ནི་བཅུ་དྲུག་སྟེ།། མངོན་སྤྱོད་འཕྲིན་ལས་དགུ་རུ་གསུང།། ཕྱི་འབྱུང་རང་སར་གྲོལ་དགུ་ནི།། ནང་ནི་ཉོན་མོངས་སར་གྲོལ་སྐུ། གསང་བ་སེམས་ཉིད་རང་གྲོལ་སྐུ། ། གསང་ཆེན་གཉིས་མེད་རང་གྲོལ་སྐུ།། དེ་ལྟར་སྐྱེད་རྫོགས་གསང་བའི་རྒྱུད།། ཟབ་མ་གསང་བའི་རྒྱ་རུ་བསྟན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། བསྒྲུབ་པའི་སྒོ་བཞི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་དོན་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལྷ་ཉིད་སྔགས་ལ་སྔགས་ཉིད་ལྷ།། གཉིས་མེད་ཐུན་མོང་མ་ཡིན་པའི།། གསང་སྔགས་ལ་སོགས་གསང་བའི་རྒྱ།། བདག་དང་ལྷ་དང་བསྒྲུབ་བྱ་དང། ། སྔགས་ཀྱི་དངོས་པོ་ཀུན་གཅིག་དང།། སྣང་བ་སྣང་བ་ཞིར་སྣང་བས།། གཅིག་དང་བྱེ་བྲག་སོ་སོར་སྣང།། སྣང་བ་རྣམ་པ་བཞི་རྣམས་དང།། སྣང་བ་གཅིག་ཡིན་བསམ་མི་ཁྱབ། ། བདག་ཉིད་ཡེ་ཤེས་གང་བ་དང།། གཟས་པ་གཤེད་མས་གསང་བ་གཉིས།། སྣང་བ་གཅིག་དང་སོ་སོར་སྣང།། བདེན་པ་གཅིག་དང་བདེན་གཉིས་དང།། བདེན་པ་བསམ་གྱི་མི་ཁྱབ་དོན།། སྣང་བ་གཅིག་དང་སྣང་བ་བཞིས། ། སྣང་བ་བསམ་གྱིས་མི་ཁྱབ་དོན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྔགས་ཀྱི་འབྲེལ་བ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་དོན་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དུར་ཁྲོད་འཁོར་ལོ་དྲག་སྔགས་བརྒྱད།། ཀུན་གྱི་བསྙེན་པ་མཱ་ར་ཡ།། ཨོཾ་མཱ་ར་ཡ།། ཧཱུ~ཾ་མ་ར་ཡ་བྷྱོ་ཕཊ། ཨེ་མ་ར་ཡ། དང་པོ་བསྙེན་པའི་མ་ར་ཡ།། བདེ་བ་རྣམ་པ་གསུམ་རྙེད་བྱ།། གཉིས་པ་སྒྲུབ་པའི་མ་ར་ཡ། ། ལས་གསུམ་དག་ལ་གཟུད་པར་བྱ།། གསུམ་པ་ལས་ཀྱི་མཱ་ར་ཡ།། མཚོན་ཆ་གསུམ་ནི་དབབ་པར་བྱ།། སྔགས་དང་རྫས་དང་དུས་དང་རྟགས།། གཏན་ལ་ཕབ་ལ་ལས་ལ་འཇུག། དེ་ཉིད་བཞི་པོ་དེ་དག་གིས། ། ངེས་པར་བྱས་ནས་དྲག་སྔགས་བརྒྱད།། སྤྱད་པར་བྱ་བ་གཞན་དུ་མེད།། དྲག་པོ་ངན་སྔགས་སྤྱི་བསྒྲུབ་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དྲག་སྔགས་སྤྱི་བསྒྲུབ་ཀྱི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་དོན་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དགྲ་རྣམས་སྐྱེ་བརྒྱུད་གཅད་པ་ནི།། ཨོཾ་ཀྵི་རི་ཡ་མ་དན་ཏིང།། མཱ་ར་ཡ་མཱ་ར་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། སྤྲ་ཚིལ་ལིང་ག་བྱས་ནས་ནི། ། དུག་དང་སྐེ་ཚེ་ལན་ཚྭ་དང།། ད་དུ་ར་ཡི་ཁུ་བ་དང།། འཁོར་ལོ་བྲིས་ལ་ཁོང་པར་གཞུག། ཨ་ཏ་ཡ། ཨ་ཏ་ཡ། བྷ་ཏི་ཡ། ཛྷ་ཏ་ཡ་ཛྷ་ཏ་ཡ། བཾ་གུ་ཡ་བཾ་གུ་ཡ། ཞེས་ཕུར་པས་གདབ་བོ།། དགྲ་བོ་རབས་ཆད་ཅིང་ལྟས་འཕྲལ་ལ་འབྱུང་བར་འགྱུར་རོ། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དགྲ་རྣམས་གཅད་པའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་དོན་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། རྟེན་འབྲེལ་ངན་སྔགས་གསང་བ་ལ།། ཨོཾ་བཛྲ་ཀྲོ་དྷ་ཨ་ཀྲོ་ཧྲིང་ཧ་ཧ་ཧ་ཧཱུ~ཾ་ཛ། དི་ཀ་ནི་ཧ། རང་ཀི་ནི་ཧ། ལ་ཀ་ནི་ཧ། ཀ་ཀི་ནི་ཧ། ཤང་ཀི་ནི་ཧ། ཀུ་སུ་མ་ལེ་ནི་ཧ། བ་ཀེ་ཡེ་བ་རུ་ཀེ་ན་མ། སིང་ཀ་ཡེ་བ་རུ་ཀ་ན་མ། ཙ་བ་ཡ་བ་རུ་ཀེ་ན་མ། བོ་རེ་ཡེ་ཐ་རུ། ཨ་ད་རོ་ཐང་བ་རུ། བི་ཀ་རལ་བ་རུ་ཀ་ནཱ་མ། བན་དའི་ནང་དུ་ཧོཾ་ཁུང་བྲི།། ཕ་བཾ་ཁྲག་བྱུག་དུག་མིང་བྲི།། སྲིན་པོའི་སྔགས་དང་སྲིན་མོའི་སྔགས། ། ཕ་བང་ཁྲག་བྲི་རྐང་པར་ཡང།། མི་ཁྱི་སྤྱང་ཁུ་ཐལ་གསུམ་བརྡབ།། ཏྲི་ཤུ་སྙིང་ལ་བརྡེག་པར་བྱ།། མེ་ཚེ་ལྕགས་ཚེ་ཀྱི་ཚེར་བརྡེབ།། སྤྱང་ཀུ་ཁྱི་ཁྲག་མིང་རུས་བྲི།། རུས་པ་རྡོ་རྗེ་འཁོར་ལོ་ཏྲི། ། ཐེམས་གོ་ཁ་གཅད་ཚོས་ལ་གཅད།། ཞག་གཅིག་གཉིས་དང་གསུམ་བཞི་ལས།། ཇི་ལྟར་འགོར་ཡང་ཐོགས་མི་སྲིད།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྟེན་འབྲེལ་ངན་སྔགས་ཀྱིས་དགྲ་བསད་པ་དགོངས་པ་ལུང་བསྟན་པའི་ལེའུ་བསྟན་པ་སྟེ་བརྒྱ་དོན་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རྟགས་ཀྱི་དེ་ཉིད་བསྟན་པ་ནི།། འགྲུབ་དང་མི་འགྲུབ་ལྡོག་པར་བྱ།། འགྲུབ་པ་བཀའ་ནོད་སྲོག་འབུལ་དང། ། རང་རང་གཟུགས་ཀྱི་བསྐོར་ཕྱག་འཚལ།། མི་འགྲུབ་ཁྲོ་ཞིང་འཇིགས་ཚུལ་སྟོན།། བདག་ལ་རྩོད་ཅིང་དགྲ་མི་སྙན།། མིག་དང་རྣ་བ་སྒྲ་ཡིད་ལ།། མི་དགེ་བ་ཡི་ལྟས་རྣམས་འབྱུང།། ལྡོག་ན་རྩ་ལུག་ལོག་བྱེད་དང། ། བདུད་འབབ་པ་ཡི་མཚན་མ་འབྱུང།། མིག་དང་རྣ་བ་སྣ་ཡིད་ལ།། མི་དགེ་བར་ཆོད་མཚན་མ་སྟོན།། ཐུན་ཁྲག་ཕུར་སོགས་མི་དགེ་འབྱུང།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྟགས་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་བརྒྱད་ཅུ་ཐམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཞི་གསུམ་རྣམ་པ་བཅུ་གཉིས་ཀྱིས།། དང་པོ་རྒྱུད་ཀྱི་ཡན་ལག་བསྟན།། ལྔ་གསུམ་རྣམ་པ་བཅོ་ལྔ་ཡིས། ། གསུམ་པའི་རྒྱུད་ཀྱི་ཡན་ལག་བསྟན།། དྲུག་གསུམ་རྣམ་པ་བཅོ་བརྒྱད་ཀྱིས།། གཉིས་པའི་རྒྱུད་ཀྱི་ཡན་ལག་བསྟན།། བདུན་གསུམ་ཉི་ཤུ་རྩ་གཅིག་གིས།། བཞི་པའི་རྒྱུད་ཀྱི་ཡན་ལག་བསྟན།། དེ་ཡི་རྒྱུད་དོན་མ་ལུས་དགྲོལ། ། རང་རང་རྒྱུད་དྲུག་དག་ཏུ་ཡང།། ཡན་ལག་དྲུག་རྩ་བཞི་བརྩི།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྒྱུད་ཐམས་ཅད་ཀྱི་གཅོད་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་གྱ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དབུས་སུ་འཁོར་ལོ་རྩིབས་བརྒྱད་ལ།། གདན་གྱི་འཁོར་ལོ་བརྒྱད་དང་བཅས།། དང་པོ་འཁོར་ལོ་རྩ་བ་དགོད།། གང་བྱེད་འཁོར་ལོ་བྲི་བར་བྱ། ། གཉིས་པ་འཇིགས་བརྒྱད་བསྲུང་བའི་སྔགས།། མཚམས་བརྒྱད་དུ་འགྲོ་བརྒྱད་སྔགས་བྲི།། ཨོཾ་མ་ཧཱ་མ་ཡུ་རི། ཨོཾ་མ་ཧཱ་སིང་ཧ། ཨོཾ་མ་ཧཱ་བྱ་ཀྲི། ཨོཾ་མཧཱ་ཀྲི་ཏ།། ཨོཾ་མ་ཧཱ་གྷ་ཏ། ཨོཾ་མ་ཧཱ་ཤོ་ན། ཨོཾ་མ་ཧཱ་ཧུ་ལུ། ཨོཾ་མ་ཧཱ་ཁ་ཁཱ་སྭཱ་ཧཱ། རཀྵ་རཀྵ་སྭཱ་ཧཱ། རིམས་ནད་ལ་སོགས་འཇིག་པ་བརྒྱད།། རབ་ཏུ་ངེས་པར་མེད་པར་བྱེད།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། མི་འཇིགས་མཚོན་ཆ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་གྱ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དངོས་གྲུབ་བརྒྱད་ལས་དབྱེ་བར་བྱ།། ཚེ་དང་འདོད་སྤྱོད་འཁྲུལ་འཁོར་དང།། གཏེར་དང་རྫུ་འཕྲུལ་རྒྱུ་ཡི་ལས།། ངོ་མཚར་ལས་དང་ལས་ཆེན་པོ། ། དངོས་གྲུབ་རྒྱུད་བརྒྱད་བཤད་པ་ཡིན།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། དངོས་གྲུབ་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་གྱ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་ལ། ། གཙུག་ལག་འདུས་པའི་རྒྱུད་ཆེན་ལ།། རྒྱ་བདུན་ཐོབ་ལ་དོན་ཆོངས་ཤིག། ཅེས་གསུངས་ནས་དགོངས་པ་ཆོས་ཉིད་ལ་བཞུགས་པའོ།། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། རྒྱུད་གཉེར་གཏད་ཅིང་རྣམ་རྟོག་ཆོས་ཉིད་དུ་བླང་བའི་ལེའུ་སྟེ་བརྒྱ་གྱ་བཞི་པའོ།།།། དེ་ནས་འཁོར་འདུས་པ་བཞིས། བཅོམ་ལྡན་འདས་ཀྱིས་རྒྱུད་གཏད་ཅིང་ཆོས་ཉིད་ཀྱི་དགོངས་པ་ལ་ངོ་མཚར་ཞིང་ཡི་རང་ནས། རྒྱུད་དོན་ཉི་ཤུ་གཅིག་གི་དོན་གཏད་དེ།། བཀའ་རྒྱུད་བདུན་དང་དགྲ་རྒྱུད་བདུན།། དུར་ཁྲོད་རོལ་པ་ཁྱོད་ལ་གཏད།། ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། དྲག་པོ་བརྩེགས་པ་དགོངས་པ་ལུང་བསྟན་པའི་རྒྱུད་ལས། འབྱུང་པོ་འདུས་པའི་བཤད་རྒྱུད་ཆེན་པོ་ལས་རྗེས་སུ་ཡི་རངས་བའི་དགོངས་པ་ལུང་བསྟན་པའི་ལེའུ་སྟེ་བརྒྱ་གྱ་ལྔ་པའོ།།།། དྲག་པོ་བརྩེགས་པ་ལུང་བསྟན་པའི་འབྱུང་པོ་གདུག་པའི་བཤད་རྒྱུད་ཆེན་པོ་རྫོགས་སོ། ། རྒྱ། རྒྱ། རྒྱ། རྒྱ། རྒྱ།།།།

CLOSE WINDOW