Wylie |
།།། རྒྱ་གར་སྐད་དུ། བཛྲ་ཀྲི་ཡི་ཨུ་ཀྲ་ན་བི་ཤན་ཏིང་ཀ་ར་ཨ་མྲི་ཏ་ཀ་ར་ད་ཡ་ཙཀྲ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བ་འཁོར་ལོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་ཚུལ་ཅན་ཕྱག་ན་རྡོ་རྗེ་བདེ་བའི་མཆོད་པ་ཐོགས་ཏེ། ཨོཾ་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨོཾ། བདེ་བར་གཤེགས་པ་བཅོམ་ལྡན་འདས།། བཀྲ་ཤིས་བརྒྱད་ཀྱིས་མཆོད་པར་བཞེས།། མ་འོངས་དུས་ཀྱི་སྙིགས་མ་རུ།། སེམས་ཅན་བསོད་ནམས་ཆུང་དུས་སུ། ། རིན་ཆེན་བུམ་བཟང་དཔག་བསམ་ཤིང།། འདོད་པ་ཇི་ལྟར་བསྐང་བར་བགྱི།། ཞེས་གསོལ་པས། ཨོཾ་དཔལ་ཀུན་ཏུ་བཟང་པོས་ཞི་བའི་ཚུལ་དགུ་སེམས་ཅན་མཐའ་ཡས་བསྐྱབ་པའི་ཕྱིར། ཚེ་བསྲིང་པ་དང་གསོ་བ་དྲག་པོའི་དབྱིངས་རྣམ་པར་དག་པ་རྡོ་རྗེ་ལྟར་བསྲུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེའི་རྣམ་རྟོག་བཀའ་སྩལ་པ། ཨེ་མ་གསང་བ་སྙིང་རྗེ་མཆོག། བདུད་རྩི་རྣམ་དག་ཆེར་གསང་བའི། ། རིན་ཆེན་བུམ་བཟང་དཔག་བསམ་ཤིང།། རྣམ་ཤེས་འཁོར་ཡུལ་བཅས་པ་ཡི།། གསང་བའི་འཁོར་ལོ་ལས་བྱང་བ།། ཡི་གེ་བཏུ་བ་བསྟན་པ་ནི།། འཁོར་ལོ་རང་འདྲེན་བཏུ་སྒྲ་ཡིས།། དགྲ་ཡི་བདུད་རྩི་གཏན་ལ་འབེབས། ། འཁོར་ལོ་དབུས་ཀྱི་མི་འགྱུར་ལས།། འཁོར་ལོ་རང་འདྲེན་ཨ་བླངས་ཏེ།། ཡུལ་འཁོར་ཁྲ་གླང་སྟེང་ནས་བརྒྱན།། ཡུལ་འཁོར་ཆུ་སྲིན་ཐིག་ལེའི་སྟེང།། འོག་ཏུ་ཁྱི་ཐ་སྦྲུལ་གྱིས་མཛེས།། ཡེ་ཤེས་ལྔ་རྫོགས་གསང་སྔགས་ཏེ། ། གསང་སྔགས་ཀུན་གྱི་མགོ་ལ་བཞག། འཁོར་ལོ་ནུབ་བྱང་རང་འདྲེན་ཡ།། ནུབ་ཀྱི་འཁོར་ལོ་རང་དྲེན་མ།། དེ་དང་ལྷོ་ཕྱོགས་འཁོར་ལོ་ཡི།། རང་འདྲེན་ན་རུ་སྦྱར་བར་བྱ།། ལྷོ་ཕྱོགས་འཁོར་ལོ་རང་འདྲེན་དང། ། བྱང་ཤར་འཁོར་ལོ་རང་འོག་བརྒྱན།། སྟེང་དུ་རྟགས་དང་རི་རབ་བརྒྱན།། རེ་ལ་ལྷོ་ཕྱོགས་འཁོར་ལོ་ཡིས།། རང་འདྲེན་ད་ཡིས་བརྒྱན་པར་བྱ།། ནུབ་བྱང་འཁོར་ལོ་རང་འདྲེན་ཧ།། ཡུལ་འཁོར་གྱི་སྦྲུལ་ཐིག་ལེ་ཡིས། ། སྟེང་དུ་བརྒྱན་པར་བྱ་བ་ཡིན།། དེ་ལ་གླང་སྦལ་མཐའ་ཡིས་བརྒྱན།། ནུབ་ཀྱི་ཕྱོགས་ཀྱི་འཁོར་ལོ་ཡིས།། རང་འདྲེན་ཕ་ནི་བླང་བར་བྱ།། ལྷོ་ནུབ་འཁོར་ལོ་རང་འདྲེན་ཌ།། དེ་ལ་སྦྱར་བར་བྱ་བ་ཡིན། ། དགྲ་ཡི་བདུད་རྩི་འབྱུང་བའི་རྒྱུ།། ལྷ་ཡི་གཞལ་ཡས་བཏུ་སྒྲ་ཡིས། ཁྲོ་བོ་བདུད་རྩི་གཏན་ལ་འབེབས།། འགྱུར་མེད་གཡུང་དྲུང་གཞན་ཡས་ནས།། ལྷ་སྲོག་ཡི་གེ་ཨ་བླངས་ལ།། ཡུལ་བརྒྱད་དག་གི་མཁར་ནང་ནས། ། ལྷ་སྲོག་ཡི་གེ་ཨོས་སྟེང་བརྒྱན།། ཡུལ་གྱི་མཁར་ནས་བྱུང་བ་ཡི།། ལྷ་སྲོག་ཐིག་ལེས་དེ་སྟེང་བརྒྱན།། ཡུལ་མཁར་ནང་ནས་བྱུང་བ་ཡིས།། ལྷ་སྲོག་ཨ་ཡིས་འོག་ཏུ་བརྒྱན།། འཁོར་ལོ་ལྕགས་ཁང་མཁར་ནང་ནས། ། ལྷ་སྲོག་ཡི་གེ་ཤ་བླངས་ལ།། འཁོར་ལོ་ལྕགས་ཁ་མཁར་ནང་གནས།། ལྷ་སྲོག་ཡི་གེ་ར་བླངས་ལ།། ལྷ་སྲོག་ཤ་ལས་འོག་ཏུ་སྦྲེལ།། ཡུལ་བརྒྱད་མཁར་ན་གནས་པ་ཡིས།། ལྷ་སྲོག་ཨི་ཡིས་སྟེང་ནས་བརྒྱན། ། པདྨ་དཀར་པོ་མཁར་གནས་པའི།། ལྷ་སྲོག་ཡི་གེ་ཧ་བླངས་ལ།། ཡུལ་བརྒྱད་མཁར་ན་གནས་པ་ཡིས།། ལྷ་སྲོག་ཡི་གེ་ཨེ་སྟེང་བརྒྱད།། འཁོར་ལོ་ལྕགས་ཀ་མཁར་གནས་པའི།། ལྷ་སྲོག་ར་ལ་ཡུལ་མཁར་ནས། ། ལྷ་སྲོག་ཨུ་ཡིས་འོག་ནས་བརྒྱན།། ཀང་ཀ་དཀར་པོ་མཁར་གནས་པའི།། ལྷ་སྲོག་ཡི་གེ་ཀ་བླང་བྱ།། པདྨ་དཀར་པོ་མཁར་ནང་ནས།། ལྷ་སྲོག་ཡི་གེ་ཧ་བླངས་ལ།། ཡུལ་བརྒྱད་མཁར་ན་གནས་པ་ཡི། ། ལྷ་སྲོག་ཡི་གེ་ཨཾ་བླངས་ལ།། སྟེང་ནས་ཡི་གེ་མཛེས་པར་བྱ།། ཡུལ་བརྒྱད་མཁར་ནང་གནས་པ་ཡི།། ལྷ་སྲོག་ཨུ་ཡིས་འོག་ཏུ་བརྒྱན།། ར་ག་ཟླུམ་པོ་མཁར་ནང་ནས།། ལྷ་སྲོག་ཡི་གེ་ཕ་བླངས་ལ། ། རིན་ཆེན་སྨུག་པོའི་མཁར་ནང་ནས།། ལྷ་སྲོག་ཡི་གེ་ཏ་དང་ལྡན། ཁྲོ་རྒྱལ་བདུད་རྩི་འབྱུང་བའི་རྒྱུ།། འགྱུར་མེད་ཐིག་ལེ་བཏུ་སྒྲ་ཡིས།། པདྨ་བདུད་རྩི་གཏན་ལ་འབེབས།། འགྱུར་མེད་ཐིག་ལེ་དབུས་ཕྱོགས་ནས། ། ཐིག་ལེ་ཡི་གེ་ཨ་བླངས་ལ།། འགྱུར་མེད་ཡུལ་ནས་ཐིག་ལེར་ཨོ།། བླངས་ལ་བསྟན་དུ་བརྒྱན་པར་བྱ།། འགྱུར་མེད་ཡུལ་ནས་ཐིག་ལེ་ཨ།། བླངས་ལ་དེ་སྟེང་ཐིག་ལེས་བརྒྱན།། འགྱུར་མེད་ཡུལ་ནས་ཨ་བླངས་ལ། ། འོག་ཏུ་ཐིག་ལེས་བརྒྱན་པར་བྱ།། འགྱུར་མེད་རྣམ་ཤེས་ནུབ་ཕྱོགས་ན།། འགྱུར་མེད་ཐིག་ལེ་པ་བླངས་ལ།། འགྱུར་མེད་རྣམ་ཤེས་ལྷོ་ཕྱོགས་ནས།། འབྱུང་མེད་ཐིག་ལེ་ད་དང་ལྡན།། འགྱུར་མེད་རྣམ་ཤེས་ནུབ་ཕྱོགས་ནས། ། འགྱུར་མེད་ཐིག་ལེ་མ་བླངས་ལ།། འགྱུར་མེད་རྣམ་ཤེས་ལྷོ་ཕྱོགས་ནས།། འགྱུར་མེད་ཐིག་ལེ་ཏ་དང་ལྡན།། འགྱུར་མེད་རྣམ་ཤེས་ཤར་ཕྱོགས་ནས།། འགྱུར་མེད་ཐིག་ལེ་ཀ་བླངས་ལ། ། འགྱུར་མེད་རྣམས་ཤེས་ཡུལ་ནང་ནས།། འགྱུར་མེད་ཐིག་ལེ་ཨི་སྟེངས་བརྒྱན།། འགྱུར་མེད་རྣམ་ཤེས་བྱང་ཤར་ནས།། འགྱུར་མེད་ཐིག་ལེ་རས་འོག་བརྒྱན།། འགྱུར་མེད་རྣམ་ཤེས་ལྷོ་ཕྱོགས་ན།། འགྱུར་མེད་ཐིག་ལེ་ད་དང་ལྡན། ། འགྱུར་མེད་རྣམ་ཤེས་ནུབ་བྱང་ནས།། འགྱུར་མེད་ཐིག་ལེ་ཧ་བླངས་ལ།། འགྱུར་མེད་རྣམ་ཤེས་ཡུལ་ནང་ནས།། འགྱུར་མེད་ཐིག་ལེ་ཨོཾ་སྟེངས་བརྒྱན།། འགྱུར་མེད་རྣམ་ཤེས་ཡུལ་ནང་ནས། ། འགྱུར་མེད་ཐིག་ལེ་ཨུས་འོག་བརྒྱན།། འགྱུར་མེད་རྣམ་ཤེས་ནུབ་ཕྱོགས་ནས།། འགྱུར་མེད་ཐིག་ལེ་ཕ་བླངས་ལ།། འགྱུར་མེད་རྣམ་ཤེས་ལྷོ་ནུབ་ནས།། འགྱུར་མེད་ཐིག་ལེ་ཏ་དང་ལྡན།། པདྨ་བདུད་རྩི་འབྱུང་བའི་རྒྱུ། ། གླིང་བཞི་མ་ཡི་བཏུ་སྒྲ་ཡིས།། ཕུར་པའི་འདུད་རྩི་གཏན་ལ་འབེབས།། གླིང་བརྒྱད་དབུས་ཀྱི་གླིང་དཀྱིལ་ནས།། དགྲ་ཡི་ཡི་གེ་ཨ་བླངས་ལ།། ཡུལ་གྱི་དབུས་ནས་ཨོ་བླངས་ལ།། སྟེང་དུ་ལེགས་པར་བརྒྱན་པར་བྱ། ། ཡུལ་གྱི་དབུས་ན་ཨཾ་བླངས་ལ།། དེ་སྟེངས་མཛེས་པར་བརྒྱན་པར་བྱ།། ཡུལ་གྱི་གླིང་ནས་ཨ་བླངས་ལ།། འོག་ཏུ་མཛེས་པར་བརྒྱན་པར་བྱ།། བྱང་གི་གླིང་གི་ནུབ་གླིང་ནས།། སྒྲ་ཡི་ཡི་གེ་ཛ་བླངས་ལ། ། ནུབ་ཀྱི་གླིང་གི་ནུབ་གླིང་ནས།། སྒྲ་ཡི་ཡི་གེ་བ་བླངས་ལ།། ཛ་ཡི་གོང་དུ་གཞག་པར་བྱ།། བྱང་ཤར་གླིང་གི་ལྷོ་གླིང་ནས།། སྒྲ་ཡི་ཡི་གེ་ར་བླངས་ལ།། ཛ་ཡི་འོག་ཏུ་བརྒྱན་པར་བྱ།། ཤར་གྱི་གླིང་གི་དབུས་གླིང་ནས། ། སྒྲ་ཡི་ཡི་གེ་ཀ་བླངས་ལ།། ཡུལ་གྱི་གླིང་ནས་ཨི་སྟེངས་བརྒྱན།། བྱང་ཤར་གླིང་གི་ལྷོ་གླིང་ནས།། སྒྲ་ཡི་ཡི་གེ་ལ་བླངས་ལ།། ཡུལ་གྱི་གླིང་ནས་ཨི་སྟེངས་རྒྱན།། ཤར་གྱི་གླིང་གི་དབུས་གླིང་ནས། ། སྒྲ་ཡི་ཡི་གེ་ཀ་བླངས་ལ།། ཡུལ་གྱི་གླིང་ནས་ཨི་སྟེངས་བརྒྱན།། བྱང་ཤར་གླིང་གི་དབུས་གླིང་ནས།། སྒྲ་ཡི་ཡི་གེ་ཡ་བླངས་བྱ།། ཕུར་པའི་བདུད་རྩི་འབྱུང་བའི་རྒྱུ།། ཡི་གེ་ར་འདྲེན་བཏུ་སྒྲ་ཡིས།། གསང་བདག་བདུད་རྩི་གཏན་ལ་འབེབས། ། མི་འགྱུར་གཡུང་དྲུང་དབུས་ནང་ནས།། དྲག་འདྲེན་ཡི་གེ་ཨ་བླངས་ལ།། ཡུལ་ནས་ཐུང་འདྲེན་ཨོ་སྟེངས་བརྒྱན།། ཡུལ་ནས་ཨོཾ་གྱིས་དེ་སྟེངས་བརྒྱན།། འོག་ཏུ་རིང་འདྲེན་ཨ་དང་ལྡན། ། བྱང་ཕྱོགས་འཁོར་ལོ་ཐུང་འདྲེན་ལ།། ནུབ་ཕྱོགས་འཁོར་ལོ་ཐུག་འདྲེན་གོང།། ཛ་འོག་བྱང་ཤར་དལ་འདྲེན་བརྒྱན།། ནུབ་ཀྱི་འཁོར་ལོ་རང་འདྲེན་བླང།། ལྷོ་ཕྱོགས་འཁོར་ལོ་དྲག་འདྲེན་བླང།། ཡུལ་ནས་ཨི་ཡིས་དེ་སྟེངས་བརྒྱན། ། ནུབ་བྱང་འཁོར་ལོ་རིང་འདྲེན་བླང།། ཡུལ་ནས་ཨཾ་གིས་ཐིག་ལེས་མཛེས།། ཡུལ་ནས་ཨུ་ཡིས་འོག་ཏུ་བརྒྱན།། དེ་འདྲ་གཉིས་སུ་དྲང་བར་བྱ།། ནུབ་ཕྱོགས་འཁོར་ལོའི་དལ་འདྲེན་ལ། ། ལྷོ་ནུབ་འཁོར་ལོ་རང་འདྲེན་ལྡན།། གསང་བདག་བདུད་རྩི་འབྱུང་བའི་རྒྱུ།། འོད་ཟེར་བརྒྱད་ཀྱི་བཏུ་སྒྲ་ཡིས། ཁྱུང་ཆེན་བདུད་རྩི་གཏན་ལ་འབེབས།། མི་འགྱུར་གཡུང་དྲུང་དབུས་གནས་ན།། དབུས་ཀྱི་ཡི་གེ་ཨ་བླངས་ལ། ། ཡུལ་ནས་ཡི་གེ་ཨོ་སྟེང་བརྒྱན།། དེ་སྟེང་ཡུལ་ནས་ཨོ་སྟེང་མཛེས།། འོག་ཏུ་ཡུལ་ནས་ཨ་དང་ལྡན།། ཟླ་ཁམ་ཀང་ག་འོད་འབར་གནས།། ཟླ་ཁམ་འོད་འབར་གྷ་བླང་བྱ།། འཁོར་ལོ་ལྕགས་ཀ་འོད་འབར་ནས། ། ཡི་གེ་འོད་འབར་ར་བླངས་ལ།། ཡུལ་ནས་ཨུ་བླངས་འོག་ཏུ་བརྒྱན།། འཁོར་ལོ་ལྕགས་ཀ་འོད་འབར་ནས།། འོད་འབར་ཡི་གེ་ར་བླང་བྱ།། པདྨ་དཀར་པོ་འོད་འབར་ནས།། འོད་འབར་ཡི་གེ་ཧ་བླང་བྱ། ། དེ་སྟེངས་ཨཾ་གྱི་ཐིག་ལེས་བརྒྱན།། འོག་ཏུ་ཡུལ་ནས་ཨུས་བརྒྱན་བྱ།། དེ་འདྲ་གཉིས་སུ་ཤེས་པར་བྱ།། ཟླུམ་པོ་ར་ག་འོད་འབར་གནས།། འོད་འབར་ཡི་གེ་ཕ་བླངས་ལ།། རིན་ཆེན་སྨུག་པོ་འོད་འབར་ནས། ། འོད་འབར་ཡི་གེ་ཏ་དང་ལྡན། ཁྱུང་ཆེན་བདུད་རྩི་འབྱུང་བའི་རྒྱུད།། རྩ་བ་རྣམ་པ་དྲུག་རྣམས་ལ།། བྱིན་རླབས་གཡོ་ཐོབ་བསྟན་གསུམ་འགྱུར།། དེ་དག་ཐམས་ཅད་བདུད་རྩིར་འགྱུར།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བ་འཁོར་ལོའི་རྒྱུད་ལས། རྩ་བའི་བསྙེན་བསྒྲུབ་བདུད་རྩི་འབྱུང་བའི་ལེའུ་སྟེ་དང་པོའོ།།།། ཞི་བའི་བདུད་རྩི་འབྱུང་བ་ནི།། སརྦ་བྱཱ་ཏི། ནད་ཐམས་ཅད་དོ། ། སརྦ་པིགྷ་ནཱན། བགེགས་ཐམས་ཅད་དོ།། སརྦ་གྲ་ཧེ། རྦོད་གཏོང་ཐམས་ཅད་དོ།། སརྦ་དུས་སཱབ། རྨི་ལམ་ངན་པ་ཐམས་ཅད་དོ།། སརྦ་དུར་ནི་མི་ཏི། ལྟས་ངན་པ་ཐམས་ཅད་དོ།། སརྦ་ཨ་ཀཱ་ལ་མྲི་ཏུ། དུས་མ་ཡིན་པར་འཆི་བ་ཐམས་ཅད་དོ། ། སརྦ་ཛྭ་རམ། རིམས་ནད་ཐམས་ཅད་དོ།། སརྦ་ཨ་བ་ན་ཡ། གཟའ་དང་རྒྱུ་སྐར་ངན་པ་ཐམས་ཅད་དོ།། སརྦ་གྲཾ་ཨ་པ་ན་ཡ། ལྷོག་པ་དང་སྐྲངས་ནད་ཐམས་ཅད་དོ།། སརྦ་བི་ན། ངན་སྔགས་ཐམས་ཅད་དོ།། སརྦ་ཙིཏྟ་ན་བི། བསམ་པ་ངན་པ་ཐམས་ཅད་དོ།། སརྦ་ཡ་རོ་ག། སྨྱོ་འབོགས་ཐམས་ཅད་དོ།། སརྦ་མ་རོ་ག། ལྐུག་པ་ཐམས་ཅད་དོ།། སརྦ་མེ་རོ་ག། ལྷོག་པ་ཐམས་ཅད་དོ།། སརྦ་ད་རོ་ག། ཕོ་ལོག་ཐམས་ཅད་དོ།། སརྦ་ཀྵེ་རོ་ག། རླང་ཐབས་ཐམས་ཅད་དོ།། སརྦ་ར་རོ་ག། གཟེར་ནད་ཐམས་ཅད་དོ།། སརྦ་ཛ་རོ་ག་ཁྲག་སྐྱུག་ཐམས་ཅད་དོ།། སརྦ་ཙ་རོ་ག། རིམས་ནད་ཐམས་ཅད་དོ།། སརྦ་ཏོ་རོ་ག། མཛེ་ཤུ་ཐམས་ཅད་དོ།། སརྦ་དུ་རོ་ག། མཁྲིས་ནད་ཐམས་ཅད་དོ།། སརྦ་ན་རོ་ག། སྐྱ་རྦབས་ཐམས་ཅད་དོ།། སརྦ་ཨ་རོ་ག་ཁྲག་ནད་ཐམས་ཅད་དོ།། སརྦ་ན་རོ་ག། འཕྲེང་ནད་ཐམས་ཅད་དོ།། སརྦ་ན་རོ་ག། གཅིག་འགྱེལ་ཐམས་ཅད་དོ།། སརྦ་ཡ་ཡ་རོ་ག། གཞོགས་སྐམས་ཐམས་ཅད་དོ།། སརྦ་ཙ་རོ་ག། འབྲུམ་ནད་ཐམས་ཅད་དོ།། སརྦ་ནི་རི་རོ་ག། ཆུ་འགགས་བཅད་དོ།། སརྦ་དུཥྟན་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ། བགེགས་སྦྱིན་ཞི་བར་བྱའོ།། སརྦ་ཡཾ་རོ་ག། རླུང་ནད་ཞི་བར་བྱའོ།། སརྦ་བྱཱ་ཏི་རོ་ག། འདུས་པའི་ནད་ཐམས་ཅད་དོ།། ཡ་སྭཱ་ཧཱ། གཤིན་རྗེ་བཞི་པའོ།། ཡ་ཤཱན་ཏཾ་ཀུ་རུ་ཡེ་སྭཱ་ཧཱ། གཤིན་རྗེ་ཞི་བའོ།། ཨོཾ་མ་ཧཱ་མ་ཡུ་རི། ཨོཾ་མ་ཧཱ་སིང་ཧ། ཨོཾ་མ་ཧཱ་བྱཱ་གྲི། ཨོཾ་མ་ཧཱ་ཀྲི་ཏ། ཨོཾ་མ་ཧཱ་གྷ་ཏ། ཨོཾ་མ་ཧཱ་ཤྭ་ན། ཨོཾ་མ་ཧཱ་ཧུ་ལུ། ཨོཾ་མ་ཧཱ་ཁཱ་ཁཱ། རཀྵ་རཀྵ་སྭཱ་ཧཱ།། དུད་འགྲོ་བརྒྱད་ཀྱི་བསྲུང་བའོ།། བཛྲ་ལི་ཙ་ཀིང་ཀང་རྦད་ཐུཾ་རིལ་བྷྱོ། ཐོག་སེར་བཅད་པའོ། ། བྷ་རི་ཤ་ཡ་རྦད་ཐུཾ་རིལ་བྷྱོ། ཆར་པ་བཅད་པའོ།། ཨ་རི་མ་རི་ཤག་མོ་དུ་ཧ་ས་བྲ་མ་ལ་ལྗང་ནན་བྷྱོ། ཐོག་སེར་རང་ལུས་བསྲུང་བའོ།། སུ་ར་རཀྵ་སྭཱ་ཧཱ། ཆང་བསྲུང་བའོ།། བྷྱོ་ཧ་ཁ་རཀྵ་སྭཱ་ཧཱ། གནག་ནད་བསྲུང་བའོ།། ཆེ་ལ་དྷྲི་རཀྵ་སྭཱ་ཧཱ། ར་ནད་བསྲུང་བའོ།། དྷཱི་མ་གྷོ་ར་རཀྵ་སྭཱ་ཧཱ། རྟ་ནད་བསྲུང་པའོ།། དྷྲི་ཧ་རཀྵ་སྭཱ་ཧཱ།། བྱ་ནད་བསྲུང་བའོ། ཀུ་ཀུ་ར་རཀྵ་སྭཱ་ཧཱ། ཁྱི་ནད་བསྲུང་བའོ། ། བདག་བསྲུང་གཉིས་ལ་གཞན་བསྲུང་གཉིས།། བདག་བསྲུང་བ་དང་འཁོར་བསྲུང་དང།། གང་ཟག་བསྲུང་དང་གྲོང་ཁྱེར་བསྲུང།། སྔགས་ཀྱིས་བསྲུང་དང་རྫས་ཀྱིས་བསྲུང།། ཏིང་འཛིན་བསྲུང་དང་མཚོན་ཆས་བསྲུང། ། བསྲུང་ཆ་རྣམ་པ་བཞི་དག་ལ།། སྔགས་ཀྱི་བསྲུང་བ་དྲུག་ལ་སོགས།། རྫས་ཀྱང་རྣམ་པ་དྲུག་ཏུ་གསུང།། ཏིང་འཛིན་བསྲུང་བ་སྒོ་བཅུ་གཅིག། ལྷ་འམ་གོ་ཆ་ཡིག་འབྲུ་སྒོམ།། གཉེན་པོ་སྟོབས་ཀྱང་བསྒོམ་པར་བྱ། ། མཚོན་ཆ་འཁོར་ལོས་བསྲུང་བ་ནི།། རྣམ་པ་ལྔ་རུ་ཤེས་བྱ་སྟེ།། རྒྱས་པའི་འཁོར་ལོ་རིམ་བདུན་ལ།། དབུས་སུ་པདྨ་བརྒྱད་པ་སྟེ།། འདབ་མ་མུ་ཁྱུད་ཕྱི་ནང་བཅས།། དེ་ཕྱི་ཆོས་ཀྱི་འཁོར་ལོ་བརྒྱད། ། དེ་ཕྱི་ཨཱ་ལི་ཀཱ་ལི་དང།། རྡོ་རྗེ་མེ་རི་དང་བཅས་པའོ།། སྡུད་པ་པདྨ་འཁོར་ལོ་དང།། རྡོ་རྗེ་རྒྱ་གྲམ་རིན་ཆེན་སྨུག། རིམ་པ་ལྔ་དང་བཅས་པ་སྟེ།། རྩ་བའི་ལྷ་དང་སྲུང་བའི་ལྷ།། ཐུན་མོང་བཅུ་བཞི་ལྷ་དང་བཅས། ། ཨཱ་ལི་ཀཱ་ལི་གྲངས་རྣམས་དང།། བྲིས་སམ་བསམས་ཀྱང་འགལ་མི་འགྱུར།། ཐུན་མོངས་འཁོར་ལོ་བསྲུང་བ་ཡིན།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པའི་བདུད་རྩི་འབྱུང་བའི་རྒྱུད་ལས། ཞི་བསྲུང་གི་བདུད་རྩི་འབྱུང་བའི་ལེའུ་སྟེ་གཉིས་པའོ།།།། རྒྱས་པའི་བདུད་རྩི་འབྱུང་བ་ནི།། སརྦ་པུཎྱཻ་པ་ཏ་ནི། བསོད་ནམས་ཐམས་ཅད་དོ།། སརྦ་ཨཱ་ཡུ་བརྟ་ནི། ཚེ་ཐམས་ཅད་དོ།། སརྦ་རད་ན་བྷ་རུ་བརྟ་ན། ལོངས་སྤྱོད་ཐམས་ཅད་ཅད་དོ།། སརྦ་དྷརྨ་བརྟ་ནི། ཆོས་ཐམས་ཅད་དོ།། སརྦ་ཛྙ་ན་བརྟ་ནི། ཡེ་ཤེས་ཐམས་ཅད་དོ།། སརྦ་མ་མི་བརྟ་ནི། རིམས་ཐམས་ཅད་དོ།། སརྦ་པུ་ནེ་པུ་ཏྲ་བརྟ་ནི། བུ་ཁྱེར་མཐོང་བར་བྱའོ། ། སརྦ་རད་ན་སིདྷི། རིན་པོ་ཆེ་ཐམས་ཅད་དོ།། སརྦ་ཨ་མྲྀ་ཏ་སི་དྷི། སྨན་ཐམས་ཅད་དོ།། སརྦ་ག་ར་པ་སིདྷི། སྙིང་པོ་ཐམས་ཅད་དོ།། སརྦ་པྲི་ཡང་ཀུ་རུ་སིདྷི། འབྲུ་ཐམས་ཅད་དོ།། སརྦ་བི་རྒྱ་བ་སིདྷི། གནག་ཐམས་ཅད་དོ།། སརྦ་དྷྲི་ལ་ཆེ་ལ་སིདྷི། ར་ལུག་ཐམས་ཅད་དོ།། སརྦ་དྷྲི་མགོ་ཡ། སིདྷི་དྷ་ཐམས་ཅད་དོ།། སརྦ་དུ་རྩི་སི་དྷི་པུཥྟིཾ་ཀུ་རུ་སྭཱ་ཧཱ།། ཨོཾ་དུད་འགྲོ་ཐམས་ཅད་དོ།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བའི་འཁོར་ལོའི་རྒྱུད་ལས། རྒྱས་པའི་བདུད་རྩི་འབྱུང་བའི་ལེའུ་སྟེ་གསུམ་པའོ།།།། དབང་གི་བདུད་རྩི་འབྱུང་བ་ནི།། དེ་བ་བ་ཤང་ཀུ་རུ་སྭཱ་ཧཱ་ཧོ། ལྷ་དབང་དུ་བསྡུས་པའོ།། མ་མ་དེ་བ་བ་ཤང་ཀུ་རུ་སྭཱ་ཧཱ་ཧོ། ལྷ་མོ་དབང་དུ་བསྡུ་བའོ།། ནཱ་ག་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། ཀླུ་དབང་དུ་བསྡུ་བའོ།། མ་མ་ནཱ་ག་པ་ཤང་སྭཱ་ཧཱ་ཧོ། ཀླུ་མོ་དབང་དུ་བསྡུ་བའོ།། རཱ་ཛ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། རྒྱལ་པོ་དབང་དུ་བསྡུ་བའོ། ། རཱ་ཛ་མི་ལི་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། རྒྱལ་པོའི་བཙུན་མོ་དབང་དུ་བསྡུ་བའོ།། དན་རྡ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། བློན་པོ་དབང་དུ་བསྡུ་བའོ།། སརྦ་དུཥྟན་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། དྲེགས་པ་སྤྱི་དབང་དུ་བསྡུ་བའོ། ། ཡ་མ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། གཤིན་རྗེ་དབང་དུ་བསྡུ་བའོ།། ཏིང་ཏི་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། མུ་སྟེགས་དབང་དུ་བསྡུ་བའོ།། རུ་ཏྲ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། བདུད་དབང་དུ་བསྡུ་བའོ།། དུན་ཏིང་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། བདུད་མོ་དབང་དུ་བསྡུ་བའོ།། རཱཀྵ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། སྲིན་པོ་དབང་དུ་བསྡུ་བའོ།། རག་མོ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། སྲིན་མོ་དབང་དུ་བསྡུ་བའོ།། རུ་དྲ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། རིགས་འཛིན་དབང་དུ་བསྡུ་བའོ། ། ཡཀྵ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། གནོད་སྦྱིན་དབང་དུ་བསྡུ་བའོ།། ཡཀྵ་མོ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། གནོད་སྦྱིན་མོ་དབང་དུ་བསྡུ་བའོ།། རཱའ་ཛ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། རྒྱལ་པོ་དབང་དུ་བསྡུ་བའོ།། ཡཾ་ཏྲི་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། བཙན་དབང་དུ་བསྡུ་བའོ།། མུན་མུན་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། བདུད་དབང་དུ་བསྡུ་བའོ།། བཛྲ་པ་རུ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། ཐེ་བྲང་དབང་དུ་བསྡུ་བའོ།། ཧཾ་ཤཾ་ཏྲི་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། འགོང་པོ་དབང་དུ་བསྡུ་བའོ། ། རུ་དྲ་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། དམ་སྲིན་དབང་དུ་བསྡུ་བའོ།། ནཱ་ག་པ་ཤང་ཀུ་རུ་སྭཱ་ཧཱ་ཧོ། ཀླུ་གཉན་ས་བདག་དབང་དུ་བསྡུ་བའོ།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བའི་འཁོར་ལོའི་རྒྱུད་ལས། བདུད་ཀྱི་བདུད་རྩི་འབྱུང་བའི་ལེའུ་སྟེ་བཞི་པའོ།།།། དྲག་པོ་བདུད་རྩི་འབྱུང་བ་ནི།། སརྦ་བྱཱ་ཏི་མཱ་ར་ཡ་ཕཊ། སརྦ་བགྷི་ནཱན་མཱ་ར་ཡ་ཕཊ། སརྦ་གྲ་ཧེ་མཱ་ར་ཡ་ཕཊ། སརྦ་དུསྶཱབ་མཱ་ར་ཡ་ཕཊ། སརྦ་དུར་ནི་མི་ཏི་མཱ་ར་ཡ་ཕཊ། སརྦ་ཨ་ཀཱ་ལ་མྲྀ་ཏུ་མཱ་ར་ཡ་ཕཊ། སརྦ་ཛྭ་རཾ་མཱ་ར་ཡ་ཕཊ། སརྦ་ཨ་བ་ན་མཱ་ར་ཡ་ཕཊ། སརྦ་པུཎྱཻ་མཱ་ར་ཡ་ཕཊ། སརྦ་ས་གྲ་མཱ་ར་ཡ་ཕཊ། སྡེ་དཔོན་བཅོ་བརྒྱད་གསད་པ་དང། ། དུག་ཆེན་རྣམས་ནི་གསད་པར་བྱ།། རཱ་ག་མཱ་ར་ཡ་ཕཊ། དེ་བ་མཱ་ར་ཡ་ཕཊ། ཤ་མོ་མཱ་ར་ཡ་ཕཊ། ནཱ་མ་མཱ་ར་ཡ་ཕཊ། ཨི་རི་ཤ་མཱ་ར་ཡ་ཕཊ། བསྲུང་ལ་བར་དུ་གཅོད་པ་ནི།། མི་མཐུན་ཕྱོགས་རྣམས་གསད་པར་བྱ། ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་བའི་བདུད་རྩི་འབྱུང་བའི་འཁོར་ལོའི་རྒྱུད་ལས། དྲག་པོ་བདུད་རྩི་འབྱུང་བའི་ལེའུ་སྟེ་ལྔ་པའོ།།།། སྡེབས་ཡིག་བདུད་རྩི་འབྱུང་བ་ནི།། རྩ་བའི་ལྷ་སྡེབས་སུམ་ཅུ་སྟེ། ། རྒྱུད་དྲུག་དག་གི་རྗེས་འབྲངས་ནས།། སྔགས་སྡེ་སུམ་ཅུ་ཐམ་པ་ནི།། ལྔ་ལྔ་རིམ་པ་ཀུན་ལ་ཡང།། སྡེབ་པ་རྣམ་པ་གསུམ་ཡིན་ཏེ།། བསྙེན་སྒྲུབ་ཡན་ལག་སྡེབ་པ་དང།། དམིགས་པ་གང་ཡིན་སྡེབ་པ་དང། ། མཐའ་འགྱུར་ལས་སྔགས་སྡེབ་པའོ།། བསྙེན་བསྒྲུབ་ཡན་ལག་སྔ་རུ་དབྱེ།། དྲག་སྔགས་རྩ་བ་ལས་སྡེབས་ན།། རྩ་བ་གཅིག་ལ་ཐེམས་བཙལ་ཏེ།། རྩ་སྔགས་ལས་སྔགས་བར་དུ་མིང།། ས་རྣམས་སྡེབ་པ་གཉིས་སུ་ཤེས། ། དྲག་པོ་སྭ་གཏང་ཧཱུ~ཾ་ཕཊ་འཇུག། ཞི་སོགས་སྭ་གཏང་སྭཱ་ཧཱ་འཇུག། བསྙེན་བསྒྲུབ་གཞན་ནི་ལས་སྔགས་གོང།། དམིགས་པའི་མིང་དུས་སྲེག་ཐེམས་གཏང།། ས་རྣམས་འཇུག་པ་ཞི་དྲག་གཉིས། ། འཁོར་ལོ་རང་སྡེབས་གཉིས་སུ་བསྟན།། འདས་དང་མ་འདས་པ་དག་གོ། དེ་རེ་ལ་ཡང་ལྔ་ལྔའོ།། འདས་པ་ཡན་ལག་བཅུ་དྲུག་ནི།། སྔོན་སོང་ལས་ནི་བཅུ་སྡེབ་ས།། འཇིག་རྟེན་བཅུ་དྲུག་སོང་བ་ཡི། ། འཁོར་ལོ་ལས་ནི་བདུན་དུ་སྡེབ།། བསད་པ་ལ་སོགས་བདུན་དུ་འགྱུར།། གཤེད་མ་རྐྱེན་སྡེབས་བདུན་དུ་འགྱུར།། རེ་རེ་ལ་ཡང་ཕྱི་སོགས་ལྔ།། རང་བཞིན་དྲག་པོ་བཙན་ཐབས་གསུམ།། དུག་ལྔ་དུག་གསུམ་ཐུན་ཟེར་དང། ། འབྱུང་བའི་ངན་སྔགས་སྡེབ་པ་དང།། རང་རང་རྩ་བ་སྔགས་སོང་བའི།། སྦྱོར་བ་ལས་ལ་ལྔ་ལྔ་སྡེབ།། རང་བཞིན་དྲག་པོ་བཙན་ཐབས་ཀྱི།། དཀྲུག་པ་དགུ་རུ་བསྐུར་བ་དང།། ཏྲིག་ནན་མགོར་གཏང་བར་མཐའ་གསུམ། ། ཧུར་ཐུམས་མགོར་གཏང་བར་མཐའ་གསུམ།། གཟིར་བ་མགོར་གཏང་བར་མཐའ་གསུམ།། དགུན་ནི་དཀྲུག་པ་དགུ་སྐོར་ཏེ།། ཤིན་ཏུ་གསང་བར་བསྟེན་པའོ།། སྤྱིར་གཟིར་འགོ་འཕྲོག་སྤྱིར་གསད་གསུམ། ། ལས་ནི་བདུན་པོ་ཀུན་ལ་གཅེས།། གཉེན་པོ་སྦྱོར་སྡེབས་བསྟན་པ་ནི།། ཕྱིས་སོགས་སྒྲུབ་པ་ལྔ་ཉིད་ལྔ།། སྲིད་པའི་ལྟོ་མཐའ་སྦྱོར་བ་སྟེ།། ཕོ་མོ་གཉིས་སུ་འཐབ་པ་དང།། མོ་དང་མོ་རུ་འཐབ་པ་དང། ། ཕོ་དང་ཕོ་རུ་འཐབ་པའོ།། དུག་གི་གཉེན་པོ་ལྕགས་སུ་གཏང།། ལྕགས་ཀྱི་གཉེན་པོ་བསེ་ཡིན་ནོ།། བསེ་ཡི་གཉེན་པོ་དུང་དུ་འགྱུར།། ཕོ་མོ་ཀུན་ལ་སྦྱར་བར་བྱ།། མོ་ཡི་གཉེན་པོ་ཕོ་གཏང་བ། ། དུང་ལ་ལྕགས་ཀྱི་ཚུལ་ལྟ་བུ།། ཕོ་ཡི་གཉེན་པོ་མོ་གཏང་བ།། དུང་ལ་དུང་གི་ཚུལ་གྱིས་སོ།། དྲག་པོ་ཐུན་སྡེབས་བསྟན་པ་ནི།། འཇིག་རྟེན་ལྷ་སྲིན་ཐམས་ཅད་ལ།། ཕྱི་དང་ནང་དང་གསང་བ་དང།། གསང་ཆེན་དང་ནི་སྦས་པ་གཏེར། ། དེ་ལ་རྩ་སྔགས་ལས་སྔགས་དང།། ཞི་དྲག་གཉིས་ལ་བདུན་སོགས་སྦྱོར།། རང་གིས་དྲེགས་པར་རང་བཅུན་ན།། ཕུར་ཐོད་ལྕགས་ཀྱི་རྫས་བཤམས་ལ།། ཤིང་རྩ་གནམ་དུ་བསྟན་པ་དང། ། སྦྱོར་བའི་རང་སོ་དཀྲུག་ལ་དྲངས།། བར་སྔགས་མཐའ་རུ་དབྱུང་བ་ཡིན།། ལུགས་བྱུང་ཕྱི་ཡིན་ནང་སྡེ་བཟློག། གསང་བ་འབྲུ་བཟློག་གང་བྱེད་གདགས།། དེ་ལས་གང་བྱེད་གདོན་མི་ཟ།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བའི་འཁོར་ལོའི་རྒྱུད་ལས། སྡེབས་ཡིག་བདུད་རྩི་འབྱུང་བའི་ལེའུ་སྟེ་དྲུག་པའོ།།།། ལས་བྱེད་བདུད་རྩི་འབྱུང་བ་ནི།། བརྒྱ་རྩ་རྩ་གཅིག་ལྔ་རུ་བཤད།། ཞི་བ་བརྒྱ་རྩ་རྩ་གཅིག་དང། ། རྒྱས་པ་བརྒྱ་རྩ་རྩ་གཅིག་དང།། དབང་གི་བརྒྱ་རྩ་རྩ་གཅིག་དང།། གསད་པ་བརྒྱ?་རྩ་རྩ་གཅིག་ཡིན།། ཐུན་མོང་བརྒྱ་རྩ་རྩ་གཅིག་ནི།། ཕྱི་བཅུ་ནང་བཅུ་གསང་བ་བཅུ།། གསང་ཆེན་བཅུ་ལ་སྦས་གཏེར་བཅུ། ། ངོ་མཚར་ལས་ནི་ལྔ་བཅུ་གཅིག། ཕྱི་བཅུ་ནང་བཅུ་གསང་བ་བཅུ།། གསང་ཆེན་བཅུ་ལ་སྦས་གཏེར་བཅུ། ཁ་ཚར་ལས་སུ་བསྟན་པ་ཡིན།། རྩ་བ་ཕོ་ལས་བཅུ་དང་ནི།། མོ་ལས་བཅུ་དང་བསྲེ་བ་བཅུ། ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པའི་བདུད་རྩི་འབྱུང་བའི་འཁོར་ལོའི་རྒྱུད་ལས། བྱེད་བའི་ལེའུ་སྟེ་བདུན་པའོ།།།། བདུད་རྩི་འབྱུང་བའི་རྒྱུད་ཆེན་འདི།། སྣོད་མེད་རྣམས་ལ་མི་སྤེལ་ཏེ། ། རང་གི་སྣང་བ་ལོག་པ་ཡིས།། བྱེ་བྲག་ཁྱད་པར་ཅན་དུ་སྣང།། བདུད་རྩི་ཡིན་མིན་དུག་ཡིན་མིན།། གཉིས་མེད་ཡིན་མིན་ཁྱད་པར་སྣང།། དེ་ནས་གབ་སྦས་གསང་བ་གསུང།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བའི་འཁོར་ལོའི་རྒྱུད་ལས། བདུད་རྩི་ལྟར་སྣང་བའི་བྱེ་བྲག་གི་རྒྱུད་བཟུང་བའི་ལེའུ་སྟེ་བརྒྱད་པའོ།།།། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་ཞི་བར་བྱེད་པ་བདུད་རྩི་འབྱུང་བ་འཁོར་ལོའི་མན་ངག་གི་རྒྱུད་རྫོགས་སོ། །།། །། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གསང་བ་ཆེན་པོའི་གནས་ན།
CLOSE WINDOW