CLOSE WINDOW

Gpb051.003: ཁྲོ་བོ་གཙུག་ལག་འཁོར་ལོའི་རྒྱུད
Wylie

ཀྲོ་དྷ་ཙ་ཀྲ་ཀྲི་ཡི་ཏན་ཏྲ། བོད་སྐད་དུ། ཁྲོ་བོ་གཙུག་ལག་འཁོར་ལོའི་རྒྱུད་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དེ་ནས་གསང་བའི་བདག་པོ་ལག་རྡོ་རྗེ་དཔལ་ཀུན་ཏུ་བཟང་པོ་དུར་ཁྲོད་ཀྱི་ཚོགས་ཀྱིས་རབ་ཏུ་མཆོད་དེ། ངོ་བོ་ཉིད་ཀྱིས་རབ་ཏུ་མཆོད་དེ།། ངོ་བོ་ཉིད་ཀྱིས་རབ་ཏུ་བསྟོད་དོ།། འབར་བའི་གར་དགུས་ལུས་ཀྱི་སྒོ་ནས་རབ་ཏུ་ཡང་བསྐུལ་བ་མཛད་དོ། ། བཅོམ་ལྡན་འདས་ཡུམ་གྱི་མཁའ་ལས་འབར་བའི་གར་དགུས་བཞེངས་ནས། གསང་བ་ཚོགས་ཀྱི་འཁོར་རྣམས་ཀྱིས།། བསམ་པ་ཇི་ལྟར་མཁྱེན་གྱུར་ནས།། དྲག་པོ་ཐེ་ཚོམ་བཀའ་སྩལ་པ། ཁྲོ་བོའི་རྒྱུད་དོན་འབུམ་ཕྲག་རྣམས། ། མདོར་བསྡུས་རྣམ་པ་གཅིག་ལས་མེད།། ལས་ཀྱི་འཁོར་ལོ་བསྐོར་བ་དང།། སྔགས་ཀྱི་སྐྱོན་མཐོང་སྤངས་པའི་ཕྱིར།། དང་པོས་ཐེམས་ཀྱི་རིམ་པ་བཤད། ཁྲོ་བོ་རྒྱས་འབྲིང་གསུམ་དུ་བསྟན། ། དེ་ལས་གསང་བའི་སྐུ་འཁོར་གསུམ།། རྒྱས་འབྲིང་ཐ་མ་གསུམ་བསྟན་ནོ།། བཅུ་དང་བརྒྱད་དང་བཞི་རྣམས་སོ།། རིམ་པ་གཉིས་དང་ལྡན་པ་ལ།། དང་པོ་སྐུ་གསུམ་མཚན་མ་གསུམ།། གཉིས་པ་རིན་ཆེན་ཟུར་བརྒྱད་ལ། ། འབར་བའི་རིན་ཆེན་ཟུར་བརྒྱད་མཛེས།། རྒྱས་འབྲིང་ཐ་མའི་གསང་སྔགས་དགོད། ཁ་དོག་ལས་དང་རྗེས་མཐུན་པའོ།། འཁོར་ལོ་ལྡོག་དང་འཁྱམ་པ་དང།། ལྟོ་བྲལ་རྟག་ཏུ་འཁོར་བ་དང།། སྐྱོན་སྤངས་ཡོན་ཏན་བཞི་དང་ལྡན། ། དེ་ལས་རྣམ་པ་གསུམ་དུ་འགྱུར།། འདོད་ཆགས་གཤིག་པའི་འཁོར་ལོ་དང།། ཞེ་སྡང་གཅད་པའི་འཁོར་ལོ་དང།། ཕྱིར་ལྡོག་དྲག་པོའི་འཁོར་ལོའོ།། དེ་ཡང་ཡན་ལག་གསུམ་གསུམ་ལྡན། ། དེ་ལས་བཞི་དང་བཅུ་པ་དང།། བརྒྱ་རྩ་གཅིག་དང་ལས་ཕྲན་འབུམ།། འཁོར་ལོ་ཐེམས་ཞེས་བཤད་པ་ཡིན། ཁྲོ་བོ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། ཐེམས་བསྟན་པའི་ལེའུ་སྟེ་དང་པོའོ། །།། གཉིས་པ་ཚད་མའི་ལས་རྣམས་ནི།། སྤྱི་ཟབ་དང་ནི་དགོས་ཟབ་པོ།། སྤྱི་སྔགས་གསང་བ་འབྲུ་བརྒྱད་ལ།། མཆོད་དང་ཐུན་མོངས་ལས་ཀ་ནི།། བཞི་བཅུ་རྩ་བཞི་ཤེས་པར་བྱ།། དགོས་ཟབ་འཁོར་ལོ་བསྟན་པ་ནི། ། རྩ་བ་དགུ་ལ་འཁོར་ལོ་དགུ།། ཡན་ལག་གསུམ་དང་ལྡན་པའོ།། དབང་པོ་བརྒྱད་ལ་འཁོར་ལོ་བརྒྱད།། ཡན་ལག་གསུམ་དང་ལྡན་པའོ།། ཡུལ་བརྒྱད་འཁོར་ལོ་བརྒྱད་ཡིན་ཏེ།། ཡན་ལག་བདུན་དང་ལྡན་པའོ། ། ཉི་ཤུ་རྩ་བརྒྱད་འཁོར་ལོ་ནི།། ཉི་ཤུ་བརྒྱད་ལས་རྣམས་འགྲུབ།། ཡན་ལག་གསུམ་དང་ལྡན་པའོ།། དེ་ལ་ལས་ཀྱི་དབྱེ་བ་སྦྱར།། བཟློག་དང་དཀྲུག་དང་རྣལ་མ་གསུམ།། རྨེ་ཟློག་ལྔ་དང་གསང་བ་བདུན། ། གཅད་པ་བརྒྱད་དང་བྲབ་སྔགས་དགུ།། གཤིག་སྔགས་བརྒྱདདང་བཅུན་སྔགས་བཞི།། གསང་སྔགས་ཉི་ཤུ་རྩ་བརྒྱད་དང།། གསང་འབྱེད་བཞི་ལ་འཁོར་ལོ་བཞི།། ཡན་ལག་གསུམ་དང་ལྡན་པའོ། ཁྲོ་བོ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། ཚད་མ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། གསུམ་པ་རྩིས་ཀྱི་ལས་རྣམས་ནི།། བསྙེན་པ་དངོས་པོ་གསུམ་དུ་བྱ།། ཡན་ལག་རྟགས་པས་བདུན་དུ་བྱ། ། བསྙེན་བསྒྲུབ་བརྒྱས་འབྲིང་གསུམ་དུ་བྱ།། རྩོད་པའི་འཁོར་ལོ་ཉི་ཤུར་གསུངས།། ལྔས་ནི་དང་གི་རྣལ་འབྱོར་སྒྲོལ།། ཡིག་འབྲུ་བརྒྱད་པ་ལས་སྔགས་སོ།། ལྔས་ནི་ཕྱི་རོལ་རྣལ་འབྱོར་སྒྲོལ།། ཡིག་བརྒྱད་པ་ལས་སྔགས་སོ། ། ལྔས་ནི་ཉན་ཐོས་དེ་བཞིན་སྒྲོལ།། ཡིག་འབྲུ་བརྒྱད་པ་ལས་སྔགས་སོ།། ལྔས་ནི་ལོག་འདྲེན་མུ་སྟེགས་སྒྲོལ།། ཡིག་འབྲུ་བརྒྱད་པ་ལས་སྔགས་སོ།། ལས་ཀྱི་འཁོར་ལོ་བསྟན་པ་ནི།། སྤྱི་དང་བྱེ་བྲག་འཁོར་ལོར་བསྟན། ། སྤྱི་ནི་རྩ་བ་གཅིག་པས་འབུམ།། སྒོ་ནི་ལྷ་རེ་འཁོར་ལོ་འབུམ།། ལས་ཚོགས་རྒྱས་འབྲིང་བཞི་རུ་བསྟན།། བསྐོར་ཐབས་གསུམ་ལས་རྣམས་པ་དགུ།། ཕྱི་བསྐོར་གཅིག་ལ་ལས་ཕྲན་བཅུ། ། ནང་བསྐོར་གཅིག་ལ་ལས་ཕྲན་བཅུ།། གསང་བསྐོར་གཅིག་ལ་ལས་ཕྲན་བཅུ།། གསང་ཆེན་ལས་བཞིར་འཁོར་ལོ་རྫོགས། ཁྲོ་བོ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། རྩིས་བསྟན་པའི་ལེའུ་སྟེ་བཞི་པའོ། །།།། གསང་མཆོག་ཐབས་ཀྱི་རྒྱུད་རྒྱལ་འདི།། གསང་ཆེན་འཁོར་ལོ་རྒྱུད་མཆོག་སྟེ།། མང་དུ་གྲགས་ན་དམྱལ་བར་ལྟུང།། འཁོར་ལོ་དམ་པ་རབ་གསང་བ།། ཡོངས་སུ་གྲགས་པར་ངས་མ་བཤད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ཡི་རང་སྟེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པ་བསྟོད་དོ། ཁྲོ་བོ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་པའོ།། ཁྲོ་བོ་གཙུག་ལག་འཁོར་ལོའི་རྒྱུད་ཕྱི་མ་རྫོགས་སོ།།།། རྒྱ་གར་སྐད་དུ། པདྨ་ཙཀྲ་ཀྲི་ཡི་ཏན་ཏྲ། བོད་སྐད་དུ།

CLOSE WINDOW