Wylie |
།།། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ཀྲི་ཡ་བཛྲ་ཙཀྲ་མ་ཧཱ་ཏན་ཏྲ།། བོད་སྐད་དུ། འཕགས་པ་རྡོ་རྗེ་གཙུག་ལག་གི་འཁོར་ལོའི་རྒྱུད་ཆེན་པོ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གསང་བ་བསམ་གྱིས་མི་ཁྱབ་པའི་ངང་དང་ལྡན། གསང་བའི་བྷ་ག་ལས་བཞེངས་ནས། ། གསང་བའི་མཁའ་ལ་བཞུགས་པ་ལ།། གསང་བའི་རིགས་ཀྱི་འཁོར་རྣམས་ཀྱི་བསྐོར་ཏེ་བཞུགས་སོ།། དེ་ནས་གསང་བའི་བདག་པོ་རྡོ་རྗེ་འཆང་གསང་བའི་བྷ་ག་ལས་ལངས་ནས།། བཅོམ་ལྡན་འདས་ལ་གསང་བའི་གར་གྱིས་སྦྱོར་བའི་མཆོད་པ་བརྒྱ་ཕྲག་དུ་མ་བྱས་ཏེ། ། གདུལ་བྱ་བསམ་གྱིས་མི་ཁྱབ་པ་ལ་གཟིགས་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་བདེ་གཤེགས་བཅོམ་ལྡན་འདས། ། གསང་བའི་འཁོར་ལོ་རྒྱ་ཆེན་རྣམས།། མ་འོངས་པ་ཡི་དོན་དུ་ཞུ།། འཁྲུལ་འཁོར་དབྱེ་བ་ཇི་ལྟར་ལགས།། འཁྲུལ་འཁོར་ངོ་བོ་ཇི་ལྟར་ལགས།། འཁྲུལ་འཁོར་བཅའ་བ་ཇི་ལྟར་ལགས།། འཁྲུལ་འཁོར་བྲི་བ་ཇི་ལྟར་ལགས། ། འཁྲུལ་འཁོར་ལྡེགས་པ་ཇི་ལྟར་ལགས།། འཁྲུལ་འཁོར་ལྟོ་བྲལ་ཇི་ལྟར་ལགས།། རྟག་ཏུ་འཁོར་ལོ་ཇི་ལྟར་ལགས།། འཁྲུལ་འཁོར་བསྐོར་བ་ཇི་ལྟར་ལགས།། འཁྲུལ་འཁོར་སྡེབས་པ་ཇི་ལྟར་ལགས། ། དཀྲུག་པའི་འཁྲུལ་འཁོར་ཇི་ལྟར་ལགས།། ཟློག་པའི་འཁྲུལ་འཁོར་ཇི་ལྟར་ལགས།། གཏོར་བའི་འཁྲུལ་འཁོར་ཇི་ལྟར་ལགས།། ཐབས་ཀྱི་འཁྲུལ་འཁོར་ཇི་ལྟར་ལགས།། ཤེས་རབ་འཁྲུལ་འཁོར་ཇི་ལྟར་ལགས། ། མ་ནིང་འཁྲུལ་འཁོར་ཇི་ལྟར་ལགས།། དབུས་འཁོར་འཁྲུལ་འཁོར་ཇི་ལྟར་ལགས།། མཐའ་སྐོར་འཁྲུལ་འཁོར་ཇི་ལྟར་ལགས།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ། ། འཁྲུལ་འཁོར་ཞུ་བ་རབ་ཏུ་ལེགས།། འཁྲུལ་འཁོར་དོན་རྣམས་ངས་བཤད་ཀྱིས།། འགྲོ་ལ་ཕན་ཕྱིར་གུས་པས་ཉོན།། དང་པོ་འཁྲུལ་འཁོར་དབྱེ་བ་ཡང།། རྣམ་གྲངས་བཅུ་རུ་ཤེས་བྱ་སྟེ།། ཕྱི་ལ་གསུམ་ལ་ནང་ལ་གསུམ། ། གསང་བ་གསུམ་ལ་གསང་ཆེན་གཅིག། ཕྱི་ཡི་འཁྲུལ་འཁོར་བསྟན་པ་ནི།། ཡན་ཏྲ་མན་ཏྲ་ཏན་ཏྲ་གསུམ།། ནང་གི་འཁྲུལ་འཁོར་བསྟན་པ་ནི།། དབང་པོ་རྩ་དང་སེམས་ཉིད་གསུམ། ། གསང་བའི་འཁྲུལ་འཁོར་བསྟན་པ་ནི།། ཆོས་དང་ལོངས་སྤྱོད་སྤྲུལ་པ་གསུམ།། གསང་ཆེན་འཁྲུལ་འཁོར་བསྟན་པ་ནི།། ལྷ་གདོན་དབྱེ་བའི་འཁྲུལ་འཁོར་རོ།། འཁྲུལ་འཁོར་ངོ་བོ་བསྟན་པ་ནི། ། ངོ་བོ་བཅུ་རུ་ཤེས་བྱ་སྟེ།། ཞི་བས་འཇིགས་པ་བརྒྱད་ལ་སྐྱོབ།། རྒྱས་པས་ཡོན་ཏན་དྲུག་དང་སྦྱོར།། གསང་བས་དབང་པོ་དྲུག་ཆིང་བྱེད།། དབང་གིས་མོས་པ་རྣམ་བཞི་བསྒྱུར།། དགུག་པས་གནས་གསུམ་མངོན་དུ་འགྱུར། ། གནན་པས་ལས་གསུམ་གནོན་པར་བྱེད།། བསྐྲད་པས་བཞི་པའི་མཚམས་ལ་སྦྱོར།། ལྐུགས་པས་རྟེན་ཞིང་ལྐུགས་པར་བྱེད།། དབྱེ་བས་གསང་སྟེ་བརྒྱད་དང་དབྱེ།། སྨྱོ་བྲོས་རྟེན་བཞི་སྨྱོ་བར་བྱེད། ། འཁྲུལ་འཁོར་ལས་ཀྱི་ངོ་བོ་ཡིན།། འཁྲུལ་འཁོར་བཅའ་ལུགས་བཅུ་ཡིན་ཏེ།། ཕྱི་གསུམ་ནང་གསུམ་གསང་བ་གསུམ།། གསང་ཆེན་སྤུ་གྲི་འཁོར་ལོ་ཡིན།། འཁོར་ལོ་བྲི་བ་བསྟན་པ་ནི།། ཕྱི་གསུམ་ནང་གསུམ་གསང་བ་གསུམ། ། གསང་ཆེན་སྤུ་གྲིའི་འཁོར་ལོ་རྫས།། བྲི་བ་རྣམ་པ་བཅུ་ཡིན་ཏེ།། རང་རང་རྫས་ནི་བཅུས་བྲི་བ།། རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས།། ཞི་བ་ཟླ་བའི་དཀྱིལ་འཁོར་ཏེ།། རྒྱས་པ་གླང་གི་རྒྱབ་ཏུ་བྱ། ། དབང་ནི་བུད་མེད་སྙིང་ཁར་བརྩམས།། བསད་པ་གཤིན་རྗེའི་ལྟོ་བ་རུ།། དགུག་པ་དྲེ་དང་སེང་གེ་གཉིས།། མནན་པ་རྡོ་རྗེ་རྒྱ་གྲམ་མོ།། བསྐྲད་པ་རྔ་མོའི་རྒྱབ་ཏུ་བྱ།། བཀུག་བ་ལུག་གི་ཁོང་དུ་གཞུག། དབྱེ་བ་རྟ་དང་མ་ཧེ་གཉིས།། སྨྱོ་འབྲོས་ཤན་དམར་རྒྱབ་ཏུ་བྱ།། འཁྲུལ་འཁོར་ལྡེགས་པ་བཅུ་ཡིན་ཏེ།། ཕྱི་དང་ནང་དང་གསང་བ་དང།། རེ་རེ་ཡན་ལག་གསུམ་དང་ལྡན།། མན་ངག་མེད་དང་ཡན་ལག་ཉམས། ། གསང་ཆེན་སྤུ་གྲི་འཁོར་ལོ་ནི།། དབྱེ་མེད་ཡན་ལག་གསུམ་དང་ལྡན། ཁྱམ་དང་ལྟོ་བྲག་རྟག་འཁོར་ནི།། དེ་ལྟར་ཡན་ལག་བཅུ་བཅུ་ལྡན།། གསུམ་གསུམ་དབྱེ་བ་དེ་བཞིན་སྦྱར།། བསྐོར་བ་རྣམ་པ་བཅུ་ཡིན་ཏེ། ། ཕྱི་དང་ནང་དང་གསང་བ་གསུམ།། གསུམ་གསུམ་དག་ཏུ་སོ་སོར་དབྱེ།། སྤུ་གྲི་གསང་ཆེན་གཅིག་ཏུ་འདུས།། ཕྱི་བསྐོར་བཅུ་ནི་ནད་ཀྱིས་དབྱེ།། ནང་བསྐོར་བཅུ་ནི་ལུས་སུ་དབྱེ།། གསང་བསྐོར་བཅུ་ནི་ཕྱིར་བཟློག་གོ། གསང་ཆེན་སྤུ་གྲི་གཅིག་ཏུ་འདུས།། སྡེབས་པ་རྣམ་པ་བཅུ་ཡིན་ཏེ།། དེ་ལ་རྣམ་པ་གསུམ་དུ་འགྱུར།། རྩ་བ་རང་ཐད་སྡེབས་པ་དང།། དབྱངས་ཀྱིས་རུ་ཁུག་སྡེབས་པ་དང།། དྲག་སྔགས་སྨེ་ཟློག་སྡེབས་པ་གསུམ། ། དབྱངས་ལ་རྣམ་པ་བཅུ་རུ་འགྱུར།། དེ་ལ་ཕྱི་ནང་གསང་བ་གསུམ།། རྩ་བ་རྣམ་པ་བཅུ་ཡིན་ཏེ།། དེ་ལས་རྣམ་པར་གསུམ་དུ་འདུས།། དྲག་སྔགས་རྣམ་པ་བཅུ་ཡིན་ཏེ།། དེ་ལས་ཡང་ནི་གསུམ་དུ་འགྱུར། ། དེ་རྣམས་ལས་ནི་གང་འགྲུབ་དང།། དང་པོ་འཁོར་ལོ་ལྷ་གདོན་དབྱེ།། གཉིས་པ་བསྒྲུབ་ཐབས་མ་བུ་སྤྲད།། གསུམ་པས་གསང་སྔགས་ངོ་ཏི་སྤྲད།། བཞི་པས་གསང་སྔགས་འཁྲུག་པ་སྡེབས།། སྡེབས་པ་རྣམ་པ་བཅུ་རུ་འགྱུར། ། ཕྱི་ནང་བཅུ་དང་སྤུ་ཏྲི་བཅུ།། ལས་ཕྲད་བཅུ་ཕྲན་བཅུ་རུ་སྡེབས།། བཀྲུག་པ་གཅིག་ལ་ཡན་ལག་བཅུ།། དེ་ནས་བསྡུ་ན་རྣམ་པ་གསུམ།། ཟློག་པ་གཅིག་ལ་ཡན་ལག་བཅུ།། དེ་ལས་བསྡུ་ན་རྣམ་པ་བཞི། ། གཏོར་མ་གཅིག་ལ་རྣམ་པ་བཅུ།། དེ་ལས་བསྡུ་ན་རྣམ་པ་ལྔ།། ཤེས་རབ་གཅིག་ལ་ཡན་ལག་བཅུ།། དེ་ལས་བསྡུ་ན་རྣམ་པ་དྲུག། ཐབས་གཅིག་ལ་ནི་ཡན་ལག་བཅུ།། དེ་ལས་བསྡུ་ན་རྣམ་པ་བདུན། ། དབུས་བསྐོར་གཅིག་ལ་ཡན་ལག་བཅུ།། དེ་ལས་བསྡུ་ན་རྣམ་པ་བརྒྱད།། མཐའ་བསྐོར་གཅིག་ལ་ཡན་ལག་བཅུ།། དེ་ལས་བསྡུ་ན་རྣམ་པ་གསུམ།། མ་ནིང་གཅིག་ལ་ཡན་ལག་བཅུ།། དེ་ལས་བསྡུ་ན་རྣམ་གྲངས་གསུམ། ། རྡོ་རྗེ་གཙུག་ལག་གི་འཁྲུལ་འཁོར་གྱི་བཤད་རྒྱུད་ལས། འཁྲུལ་འཁོར་བརྒྱ་རྩ་བརྒྱད་བཤད་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་གསང་པའི་བདག་པོ་རྡོ་རྗེ་འཛིན་པས།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་བདེ་གཤེགས་བཅོམ་ལྡན་འདས།། མ་འོངས་རྣམས་ཀྱོ་དོན་ཕྱིར་དུ།། སྔགས་ཀྱི་དེ་ཉིད་བཤད་དུ་གསོལ།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་རྣམས་ཀྱི་དོན་ཕྱིར་དུ།། སྔགས་དོན་ཞུ་བ་རབ་ཏུ་ལེགས།། སྔགས་ཀྱི་དོན་རྣམས་ངས་བཤད་ཀྱིས།། འགྲོ་ལ་ཕན་ཕྱིར་གུས་པར་ཉོན།། དང་པོར་མིང་གིས་རིགས་པ་ཡང། ། བཀའ་ཙན་རྡོ་རྗེའི་ཡི་གེ་སྟེ།། ཨ་ཙན་པདྨའི་ཡི་གེ་ཡིན།། ཀ་ནི་ལས་ཀྱི་རང་བཞིན་ཏེ།། ཙ་ནི་འཁོར་ལོ་ཏ་ནི་མྱུར།། ཏ་ཡང་དེ་བཞིན་གཤེགས་པ་སྟེ།། རྡོ་རྗེ་ཡི་གེ་དབྱེ་བའོ།། ཨ་ནི་སེང་གེ་ཨི་ནི་སྟག། ཨུ་ནི་གླང་པོ་རི་ནི་དྲེད།། རི་ནི་ཕག་ལ་ཨེ་ནི་ཁྭ།། ཨོ་ནི་ཁྲ་སྟེ་ཨཾ་ནི་ཁྱི།། པདྨ་ཡི་གེ་དབྱེ་བའོ།། གསང་སྔགས་ཕ་དང་མ་གཉིས་ལས།། སྔགས་ཀྱི་དངོས་གྲུབ་སྣ་ཚོགས་འབྱུང།། བརྡ་ཡི་སྦྱོར་བས་བཤད་པར་བྱ། ། དེ་ཡི་རིགས་པ་འདི་ལྟར་རོ།། ཟླ་བ་མིག་དང་ཡོན་ཏན་དང།། རིག་བྱེད་མདའ་དང་དབང་པོ་དང།། རྒྱ་མཚོ་བཀྲ་ཤིས་གཟའ་དང་ཕྱོགས།། དྲེགས་པ་ཉི་མ་ཡན་ལག་ས།། ཚེས་ཞེས་བྱ་བར་རབ་ཏུ་གྲགས། ། བརྡ་ཡི་སྦྱོར་བས་རིགས་པ་དྲངས།། ཐམས་ཅད་དུ་ཡང་ཤེས་པར་བྱའོ།། གཞན་ཡང་བརྡ་ཡིག་འདི་རྣམས་སོ།། ལྷ་ཡི་མཚན་མས་བསྡུ་བ་དང།། གྲངས་ཀྱི་བརྡ་ཡིས་བསྡུ་བ་དང།། ཀ་ཤ་ར་ཡི་བརྡ་ཡིག་དང། ། ཀ་ས་ལ་ཡི་བརྡ་ཡིག་དང།། ཀ་པ་ར་ཡི་བརྡ་ཡིག་དང།། གཞན་ཡང་སྒྲ་ཡི་སྦྱོར་བས་དྲངས།། ལྷ་ཡི་སྒྲ་དང་གླིང་བཞིའི་སྒྲ།། འཁོར་ལོའི་སྒྲ་དང་གནས་བརྒྱད་སྒྲ།། དེ་བ་སད་ཀྱི་སྒྲ་ཡི་བཤད།། དེ་ཡིས་གསང་སྔགས་རྒྱུད་སྡེ་རྣམས། ། མི་འགྱུར་གཏན་ལ་ཕེབ་པར་འགྱུར།། ཐམས་ཅད་དུ་ནི་ཤེས་པར་བྱ།། དེ་རྣམས་གསང་སྔགས་གཙུག་ལག་ནི།། ཚད་ནི་རྣམས་པ་བརྒྱད་ཡིན་ཏེ།། སོ་ནི་རྣམ་པ་ལྔ་ཡིན་ནོ།། ཐེབས་ནི་རྣམ་པ་ལྔ་རུ་འགྱུར། ། སྭོ་ནི་བརྒྱ་དང་ལྔ་བཅུ་འོ།། གཟིར་བ་རྣམ་པ་གཉིས་ཡིན་ཏེ།། ཕྱེ་བས་བརྒྱ་དང་ལྔ་བཅུར་འགྱུར།། སྡོམ་ནི་རྣམ་པ་བཞི་ཡིན་ཏེ།། རྩིས་ནི་ཐམས་ཅད་ཀུན་ཏུ་རྒྱུག། མིང་དང་གནས་དང་སྦྱར་བ་དང། ། ལྷག་དང་ཆད་དང་ནོར་བ་དང།། རྒྱུ་དང་དབྱེ་བ་དག་དང་བརྒྱད།། མགོ་ཅན་མགོ་ནི་གཅད་པ་དང།། མགོ་མེད་མགོ་ནི་གདགས་པ་དང།། འདུག་པ་གོང་འོག་སྤོ་བ་དང།། མཐའ་རྟེན་རྣམས་ནི་དག་པ་དང། ། ལོང་པ་རྒྱབ་སྤྲེལ་གཏད་པའོ།། ཕྱི་དང་ནང་དང་གསང་བ་དང།། གསང་ཆེན་དང་ནི་གཏེར་དུ་གནས།། སྭ་ནི་ལས་ཀྱི་རིག་པ་སྟེ།། བརྒྱ་དང་ལྔ་བཅུ་སྐབས་དང་སྦྱར།། ལས་མཁན་དང་ནི་བསྒྲུབ་བྱ་དང། བརྒྱ་དང་ལྔ་བཅུ་སྐབས་དང་སྦྱར།། ཆོས་བུ་ཀུན་ལ་བསྐུས་པ་དང།། མང་པོ་གཅིག་ལ་བསྦམས་པ་དང།། མེ་ཆུ་འགལ་པ་སོགས་པ་དང།། འུར་པ་གཅིག་ཏུ་དྲིལ་བའོ།། ཡི་གེའི་གྲང་གི་ངོས་འཛིན་ནི། ། ན་ཡང་དག་ནི་རྩ་བར་གསུངས།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་དག་ནི་སྐབས་ཀྱིས་འཇུག། སྲོག་སྙིང་རིག་པའི་དེ་ཉིད་ལ།། སྙིང་པོ་ལྔ་ཡི་རིག་པ་དང།། གདགས་པ་མིང་གི་སྙིང་པོ་དང། ། དམ་ཚིག་རྗེ་དྲན་སྙིང་པོ་དང།། རང་དབང་མེད་པ་བོད་པ་དང།། དངས་མ་སྐྱེད་པའི་སྲོག་སྙིང་དང།། རྣམ་པར་ཤེས་པའི་སྲོག་སྙིང་ལ།། སྐབས་ཀྱིས་ཡང་དག་ཤེས་བྱ་སྟེ།། སྔགས་ཀྱི་ཚད་མས་གཏན་ལ་དབབ། ། དང་པོའི་རྒྱུད་དུ་ཚད་མ་གཅིག། གཉིས་པའི་རྒྱུད་དུ་ཚད་མ་གཉིས།། གསུམ་པའི་རྒྱུད་དུ་ཚད་མ་གསུམ།། བཞི་པའི་རྒྱུད་དུ་ཚད་མ་བཞི།། ལྔ་པའི་རྒྱུད་དུ་ཚད་མ་ལྔ།། དྲུག་པའི་རྒྱུད་དུ་ཚད་མ་དྲུག། བདུན་པའི་རྒྱུད་དུ་ཚད་མ་བདུན།། བརྒྱད་པའི་རྒྱུད་དུ་ཚད་མ་བརྒྱད།། དགུ་པའི་རྒྱུད་དུ་ཚད་མ་དགུ།། རང་བཞིན་གྲུབ་པར་བསྟན་པར་བྱ།། གཏགས་པའི་ཚིག་ཏུ་གཏན་ལ་དབབ།། གདགས་པ་རྣམ་པ་གསུམ་དུ་འགྱུར། ། གསང་སྔགས་རིག་སྔགས་གཟུངས་སྔགས་སོ།། ཕྱེ་བས་རྣམ་གྲངས་དགུ་རུ་འགྱུར།། འབྲིང་དུ་ཕྱེ་ན་བཅོ་བརྒྱད་འགྱུར།། དེ་ལས་ཕྱེ་བས་འབུམ་དུ་འགྱུར།། འཇིག་རྟེན་དྲེགས་པའི་དྲག་སྔགས་སོ།། བསྡུ་ན་རྣམ་གྲངས་གསུམ་དུ་འགྱུར། ། བཀའ་རྒྱུད་གསང་སྔགས་འབུམ་དུ་འགྱུར།། བསྡུ་ན་གཅིག་ནས་བརྒྱ་རུ་འགྱུར།། རྡོ་རྗེ་གཙུག་ལག་གི་འཁྲུལ་འཁོར་གྱི་བཤད་རྒྱུད་ཆེན་པོ་ལས། དྲག་སྔགས་ཀྱི་རྩིས་བརྒྱ་ལྔ་བཅུ་བཤད་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཡང་གསང་བའི་བདག་པོ་རྡོ་རྗེ་འཆང་བས། བཅོམ་ལྡན་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ། ། དྲག་སྔགས་རྡོ་རྗེ་གཙུག་ལག་གི། གཞི་ཡི་འཁོར་ལོ་བཤད་པར་ཞུ།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ།། འཁོར་ལོ་ཞུ་བ་རབ་ཏུ་ལེགས། ། འཁོར་ལོའི་དོན་རྣམས་ངས་བཤད་ཀྱིས།། འགྲོ་ལ་ཕན་ཕྱིར་གུས་པས་ཉོན།། གསང་སྔགས་མཐར་ཐུག་འཁོར་ལོ་འདི།། གཏན་ལ་ཕབ་ཕྱིར་དོན་བཤད་ན།། གནས་པ་རྩ་དང་གཡོ་བ་རླུང། ། བཀོད་པ་ཡི་གེའི་ཚོགས་ཡིན་ཏེ།། རྩ་བ་བྱང་སེམས་གཉུག་མ་སྟེ།། མི་འགྱུར་ཕྱིར་ན་གཡུང་དྲུང་ཡིན།། མི་ཤིགས་པས་ན་རྡོ་རྗེ་སྟེ།། མི་ནུབ་གསལ་བྱེད་རྒྱལ་མཚན་ཡིན།། ཐམས་ཅད་འབྱུང་བའི་ཡུམ་ཡིན་ཏེ། ། དབྱིབས་དང་ཁ་དོག་འདི་ལྟར་སྣང།། བྱང་སེམས་གཉུག་མའི་འོད་ཟེར་དང།། འགྱུར་མེད་རྟག་ཆེན་གཡུང་དྲུང་ལས།། འཕྲིན་ལས་རྣམ་བཞི་རྫོགས་འཆར་བས།། ཞི་བའི་སྐུར་གྲུབ་དཀར་ལ་ཟླུམ།། རྒྱས་པའི་སྐུར་གྲུབ་གྲུ་བཞི་སེར། ། དབང་གི་སྐུར་གྲུབ་ཟླ་ཁམ་དམར།། མངོན་སྤྱོད་སྐུར་གྲུབ་རྣམ་ཤེས་བརྒྱད།། འཁོར་ལོ་བརྒྱད་ཀྱི་གཞལ་ཡས་ཁང།། སྣ་ཚོགས་སྤྲུལ་པའི་ཚོགས་བརྒྱད་ནས།། འགྲོ་བའི་དོན་དུ་ཡང་དག་འཕྲོས། ། འཕྲིན་ལས་སྐུར་གྲུབ་གྲུ་གསུམ་གནག། རྣམ་ཤེས་བརྒྱད་ཀྱིས་ཡུམ་བརྒྱད་དོ།། གསང་སྔགས་ཡིད་བཞིན་ནོར་བུ་འདི།། ཨ་ལྔ་བྱང་སེམས་གཉུག་མ་ཡི།། འགྱུར་མེད་གཡུང་དྲུང་ཐིག་ལེ་ལ།། ཕྱོགས་བཞི་དབུས་དང་ལྔ་ན་གནས། ། འཕྲིན་ལས་རྣམ་བཞི་མཐའ་རུ་འབྱིན།། ཀ་ལྔ་རྣམ་ཤེས་ཤར་གླིང་གི། ཟླ་ཁམ་ཀམ་ཀང་ཀར་ལ་གནས།། བཀྲ་ཤིས་མཐའ་རུ་འབྱིན་པའོ།། ལྟ་ལྔ་རྣམ་ཤེས་ལྷོ་གླིང་གི། སོགས་ཀ་བཻ་ཌཱུརྻ་ན་གནས། ། དབང་པོ་དྲུག་ནི་བཅིང་པའོ།། པ་ལྔ་རྣམ་ཤེས་ནུབ་གླིང་གི། ཟླུམ་པོ་ར་ག་དམར་ལ་གནས།། རིགས་བྱེད་མཐའ་རུ་བྱིན་པ་ཡིན།། རྩ་ལྔ་རྣམ་ཤེས་བྱང་གི་གླིང།། གྲུ་བཞི་ཨིནྟྲ་ལྗང་ལ་གནས།། ཡོན་ཏན་ཐམས་ཅད་མཐའ་རུ་ཕྱིན། ། ཅ་ལྔ་རྣམ་ཤེས་ཤར་ལྷོ་གླིང།། རྡོ་རྗེ་རྒྱ་གྲམ་སེར་ལ་གནས།། མིག་གི་ལས་སུ་བསྟན་པ་ཡིན།། ཊ་ལྔ་རྣམ་ཤེས་ལྷོ་ནུབ་གླིང།། རིན་ཆེན་རྒྱ་གྲམ་སྨུག་ལ་གནས།། ཡོན་ཏན་གྱིས་ནི་ལས་སུ་གནས། ། ཞ་ལྔ་རྣམ་ཤེས་བྱང་ནུབ་གླིང།། པདྨ་རྒྱ་གྲམ་དཀར་ལ་གནས།། ཟླ་བའི་ལས་སུ་བསྟན་པ་ཡིན།། ར་ལྔ་རྣམ་ཤེས་བྱང་ཤར་གླིང།། འཁོར་ལོ་རྒྱ་གྲམ་ལྕགས་ལ་གནས།། རིགས་བྱེད་ཀྱི་ནི་ལས་སུ་བསྟན། ། རྣམ་ཤེས་བརྒྱད་ཀྱིས་ཡུལ་བརྒྱད་ན།། ཀླ་ཀློ་ཡན་ལག་ཡི་གེ་གནས།། བཀའ་ཡི་གསང་སྔགས་ཇི་སྙེད་པ།། ཐམས་ཅད་ཀུན་གྱི་འབྱུང་གནས་སོ།། ཀླ་ཀློ་ཡི་གེ་འབྱུང་འཇུག་རྣམས།། རིག་སྔགས་འཆང་གིས་ཤེས་པར་བྱ། ། གཞན་དུ་འབྱུང་བར་ག་ལ་འགྱུར།། སྔགས་ཀྱི་ཚད་མ་གཏན་ལ་དབབ།། དབྱངས་ཡིག་སྒྲ་ཡི་འཁྲུལ་འཁོར་ནི།། དང་པོ་གསུམ་ཡིན་དེ་ལ་བཞི།། དེ་ལས་བཅུ་ཡི་དེ་ལས་ལྔ།། དེ་ལས་འབུམ་ཕྲག་དུ་མར་སྦྱར། ། གསལ་བྱེད་འཁྲུལ་འཁོར་གོང་ལྟར་སྦྱར། ཁྱད་པར་མེད་དེ་གོང་ལྟར་སྦྱར།། དུར་ཁྲོད་དྲག་པོའི་འཁྲུལ་འཁོར་ནི།། བསྙེན་སྒྲུབ་གསུམ་ལ་བཅུ་དྲུག་འགྱུར།། གསང་ཆེན་འབྲུ་རེ་བསྒྲུབ་པ་ནི། ། བཞི་ལ་ཉི་ཤུ་རྩ་བརྒྱད་འགྱུར།། བཀའ་དང་སྒྲ་དང་དུར་ཁྲོད་ཀྱི།། འཁྲུལ་འཁོར་རྣམ་པ་གསུམ་དུ་འགྱུར།། སྔགས་ཀྱི་གཙུག་ལ་མ་ཤེས་ན།། འཕྲིན་ལས་བྱ་བའི་ལས་ལ་རྨོངས།། དྲེགས་པའི་སྲོག་ཕྲོག་མ་ཤེས་ན། ཁྱི་ཡིས་བྱ་རོག་སྙེགས་པ་འདྲ།། རྩ་བ་ལྷ་བསྙེན་མ་སྐྱོལ་བར། ཁ་ཚར་ལས་ལ་སྦྱོར་བྱེད་ན།། མི་རྒན་དབང་པོ་ཁས་ལེན་འདྲ།། དྲག་སྔགས་སོ་ཐེམས་མ་ཤེས་ན།། མཚོན་ཆའི་འཁོར་ལ་ངར་མེད་འདྲ། ། སྔགས་ཀྱི་འཁྲུལ་འཁོར་མ་ཤེས་ན།། རིག་སྔགས་ཀྱི་ནི་ལས་བརྩོན་པ།། བདག་ཕུང་གཞན་བརླག་ཡ་ཀ་དར།། རྡོ་རྗེ་གཙུག་ལག་གི་འཁྲུལ་གྱི་བཤད་རྒྱུད་ཆེན་པོ་ལས། སྒྲའི་འཁྲུལ་འཁོར་ཐམས་ཅད་བཤད་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་གསང་བའི་བདག་པོ་རྡོ་རྗེ་འཆང་བས།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས། ། གཤིན་རྗེ་གཤེད་ནག་གཙུག་ལག་གི། འཁྲུལ་འཁོར་བདག་ལ་བཤད་པར་ཞུ།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ།། འཁོར་ལོ་ཞུ་བ་རབ་ཏུ་ལེགས། ། འཁོར་ལོའི་དོན་རྣམས་ངས་བཤད་ཀྱིས།། འགྲོ་ལ་ཕན་ཕྱིར་གུས་པར་ཉོན།། འཇམ་དཔལ་རྒྱུད་སྡེ་འབུམ་ཕྲག་ལྔ།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་དང་ནི་རྣམ་ལྔ་ཡིན།། དཀར་པོ་སྐུ་ཡི་རྒྱུད་སྡེ་འབུམ། ། དམར་པོ་གསུང་གི་རྒྱུད་སྡེ་འབུམ།། ནག་པོ་ཐུགས་ཀྱི་རྒྱུད་སྡེ་འབུམ།། གཙུག་ལག་ཡོན་ཏན་རྒྱུད་སྡེ་འབུམ།། དགོངས་རྒྱུད་འཕྲིན་ལས་རྒྱུད་སྡེ་འབུམ།། རེ་རེ་བཞིན་ཡང་རྒྱུད་སྡེ་ལྔ།། འབུམ་ཕྲག་ཅེས་ནི་བཤད་པ་ཡིན། ། དེ་ལ་ལྡེ་མིག་གསུམ་ཡིན་ཏེ།། ཐེམས་དང་ཚད་མ་རྩིས་དང་གསུམ།། དང་པོ་ཐེམས་ཀྱི་མན་ངག་བཤད།། འཁོར་ལོ་རྣམ་པ་གསུམ་དུ་བཤད།། སྒྲ་དང་དུར་ཁྲོད་བཀའ་འཁོར་ཡིན།། དེ་ལ་སྐྱོན་ཡོན་རྣམ་བཞི་སྟེ། ། ལྡོགས་དང་ཁྱལ་དང་ལྟོ་བྲལ་དང།། འཁོར་ལོ་རྟག་ཏུ་འཁོར་ལོ་བཞི།། ལྡོགས་པ་དགུ་ལ་འཁམ་པ་དགུ།། ལྟོ་བྲག་དགུ་ལ་འཁོར་བ་དགུ།། དེ་ལས་བཟློག་པ་ཡོན་ཏན་ཡིན།། སྐུ་ལས་འབྱུང་བའི་ཡོན་ཏན་འཁོར་ལོ་ནི། ། འཇམ་དཔལ་གསང་བའི་ལྟོ་བ་རུ།། རིམ་པ་ལྔ་རུ་བསྐོར་བ་སྟེ།། དང་པོ་ཡེ་ཤེས་སེམས་དཔའི་གནས།། སྙིང་ཁ་ལྟེ་བ་གསང་བ་དང།། ཡན་ལག་བཞི་ལ་གནས་པ་སྟེ།། ལས་ཀྱི་འཁོར་ལོ་རྒྱ་མཚོར་གྲགས། ། དེ་འོག་རྫོགས་པའི་འཁོར་ལོ་ནི།། བསྡུ་བཀོད་འཁོར་ལོའི་བཞི་བཅུ་གཉིས།། དྲག་པོ་སྐུ་ཡི་འཁོར་ལོ་ནི།། བསྡུ་བཀོད་འཁོར་ལོ་དྲུག་ཅུ་དྲུག། བཞི་པའི་ས་ཀྱིས་འཁོར་ལོ་ནི།། བསྡུ་བཀོད་འཁོར་ལོ་བཞི་བཅུ་གཉིས། ། ཉི་ཤུ་ཕྱག་གི་འཁོར་ལོ་སྟེ།། བཅུ་གཉིས་ཞབས་ཀྱི་འཁོར་ལོ་བྲི།། འཁོར་ལོ་དེ་དག་རྣམས་ལ་ནི།། ལྷ་དང་འདྲེ་དང་ནད་དང་ནི།། འཕྲིན་ལས་འཁོར་ལོ་བཞི་རུ་རྟག། སྐུ་ལས་བྱུང་བའི་འཁོར་ལོ་ནི། ། དང་པོ་བཅུ་ཡི་དྲུག་དག་དང།། དེ་བཞིན་བདུན་གྱིས་རྣམ་པར་མཛེས།། གསང་བའི་འཁོར་ལོ་འདི་ལྟར་འབྱུང།། དང་པོ་ལྟེ་བའི་འཁོར་ལོ་ནི།། ཡེ་ཤེས་སེམས་དཔའ་བཞག་པ་སྟེ། ། སྙིང་ཁ་ཆོས་སྐུ་འཁོར་ལོ་དང།། ལྟེ་བ་རྫོགས་པའི་འཁོར་ལོ་དང།། གསང་བ་སྤྲུལ་པའི་འཁོར་ལོ་དང།། ཡན་ལག་གཅོད་པའི་འཁོར་ལོ་སྟེ།། གཅོད་པའི་འཁོར་ལོ་བཞི་རུ་འགྱུར།། འཛིན་བྱེད་འཁོར་ལོ་དང་པོ་སྟེ། ། ཕན་པའི་འཁོར་ལོ་གཉིས་པ་ཡིན།། གཅོད་པའི་འཁོར་ལོ་གསུམ་པ་སྟེ།། སྒྱུར་བའི་འཁོར་ལོ་བཞི་པ་ཡིན།། དེ་ཡིས་རྒྱ་མཚོ་ཡིན་པར་འདོད།། གཉིས་པའི་གསུམ་ལས་བྱུང་བ་ཡིས།། རྫོགས་པའི་འཁོར་ལོ་ཉི་ཤུ་གཅིག། གཤིན་རྗེ་མ་མོ་སྲིན་པོ་དང།། དམུ་བདུད་ས་བདག་ཀླུ་དང་ནི།། བཙན་དང་རྒྱལ་པོ་རིགས་འཛིན་དང།། དྲི་ཟ་བདུད་ཀྱི་འཁོར་ལོ་དང།། འཇིགས་པ་བརྒྱད་སེལ་འཁོར་ལོ་དང།། བདུད་འཇོམས་ཀོང་རྩེ་འཁོར་ལོ་གཉིས། ། ཕྱ་སངས་རྟེལ་བའི་འཁོར་ལོ་གཉིས།། ལྷ་མཆོག་ཡ་བ་ཏི་དང་གཉིས།། ཆོས་རྒྱལ་ཨ་བ་གླང་མགོ་གཉིས།། རྨིག་བུ་མིག་དམར་འཁོར་ལོ་གཉིས།། རྫོགས་པའི་འཁོར་ལོ་སྤྱི་རུ་ནི། ། ཕྱོགས་གཉིས་ཟླ་བ་ཡིན་པར་འདོད།། སྐུ་ཡི་འཁོར་ལོ་སུམ་ཅུ་གསུམ།། ཞེན་བཟློག་ཕན་གནོད་འཁོར་ལོ་དང།། དབབ་དང་གསད་པའི་འཁོར་ལོ་དང།། རྒྱ་ཡིས་གདབ་ཅིང་གཟིར་དང་སྟེ། ཁུག་དང་གཞན་གྱི་མཐུ་དབྲོག་དང། ཁུག་དང་མདའ་ལེན་དབན་འཛུགས་དང།། རྟ་ཤི་མི་དང་རུ་སྦལ་དང།། སྟག་དང་སེང་གེ་སྦྲུལ་དང་ནི།། རྒྱས་དང་དབང་དང་གསད་པ་དང།། དགུག་དང་དབྱེ་དང་བསྐྲད་པ་དང།། སྨྱོ་འབྲོས་ལྐུགས་དང་གནན་པ་དང། ། བཟློག་དང་བསྲུང་དང་བཤིག་པ་དང།། དྲལ་དང་བཅིང་དང་གཅད་པ་དང།། འབྱེད་ཞེན་བཟློག་དང་ཟུག་དབྱུང་དང།། སྐུ་ཡི་འཁོར་ལོ་སྤྱི་རུ་ནི།། ཕྱོགས་གསུམ་ཡོན་ཏན་ཞེས་སུ་འདོད། ། འཕྲིན་ལས་འཁོར་ལོ་བཅུ་དྲུག་ནི།། ཕྱི་རོལ་ལུས་ཀྱི་འཁོར་ལོ་སྟེ།། གླང་ཐབས་ཕོ་ལོག་ལྷོག་པ་དང།། ལྐུགས་དང་སྨྱོ་འབོག་འཁོར་ལོ་ནི།། ཕྱག་གཡས་འཕྲིན་ལས་འཁོར་ལོ་ཡིན།། མཛེ་ཤུ་མཁྲིས་ནད་རིམས་ནད་དང། ཁྲག་སྐྱུག་གཟེར་ནད་རྣམ་པ་ལྔ།། ཕྱག་གཡོན་འཕྲིན་ལས་འཁོར་ལོ་ཡིན།། འབྲུམ་ནད་གཞོགས་སྐེམ་ཆོག་འགྱེལ་གསུམ།། ཕྱག་གཡས་འཕྲིན་ལས་འཁོར་ལོ་ཡིན།། འཕྲེད་ནད་ལེག་རྒན་སྐྱ་བབས་གསུམ། ། ཞབས་གཡོན་འཕྲིན་ལས་འཁོར་ལོ་ཡིན།། སྤྲུལ་པའི་འཁོར་ལོ་རྒྱས་འབྲིང་གསུམ།། རྒྱས་པའི་འཁོར་ལོ་འབྲི་བ་ནི།། རིམ་པ་གསུམ་དུ་བསྐོར་བ་ལ།། སྒོ་མེད་ལྕགས་ཁང་བཅུ་དྲུག་བྱ།། འདི་ནི་གཤིན་རྗེའི་གྲོང་ཁྱེར་ཏེ། ། སྲིད་པ་གསུམ་གྱི་སྐྱེ་འཇུག་ཡིན།། དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ།། ཀུན་ཏུ་ལྕགས་རིས་བསྐོར་བ་སྟེ།། མུ་ཁྱུད་དེ་དག་རེ་རེ་ཡང། ཁང་པ་སུམ་ཅུ་གཉིས་དང་ལྡན།། འགྲོ་བའི་ཆོས་བཞིན་གཅོད་པ་ཡིས། ། འཁོར་ལོ་འདི་དག་བྲིས་ནས་ནི།། ཕྱི་རོལ་མུ་ཁྱུད་ཐ་མ་ལ།། ཡི་གེ་ཀ་སོགས་ངང་ཡིག་མཐའ།། ང་ཉ་གསལ་ནས་དགོད་པར་བྱ།། ཡི་གེ་ཀྵ་ལས་ད་ཡིག་མཐའ།། དེ་ཡི་རྗེས་སུ་བྲི་བར་བྱ། ། ཀླ་ཀློ་ཡི་གེ་གསལ་ལ་དགོད།། མུ་ཁྱུད་དབུ་མ་དག་ལ་ནི།། དབྱངས་ཡིག་བཅུ་དྲུག་གཉིས་འགྱུར་དགོད།། བསྡུ་དང་དགོད་ལས་བརྩོམ་པ་ནི།། ཕྱི་རོལ་མུ་ཁྱུད་ཐ་མ་ལ།། ཤར་གྱི་ཚངས་ཐིག་ནས་རྩམ་ནས། ། རིམ་མིན་བཟའ་ཅན་ཁང་པ་ནས།། ཡི་གེ་བཀྲ་ཤིས་ཚད་བླངས་ཏེ།། ནང་གི་ངོས་ཀྱི་མུ་ཁྱུད་ཀྱི།། ཚངས་ཐིག་དག་གི་ངོས་དག་ལ།། ཕྱོགས་བཞི་མིག་གི་ཚད་དུ་སྦྱིན།། རིམ་མིན་ཕྱོགས་ཅན་ཁང་པ་ནས། ། ཡི་གེ་མིག་གི་ཚད་བླངས་ཏེ།། ཤར་དུ་དེ་ཡི་གཡས་གཡོན་གཞག། རིམ་མིན་བཀྲ་ཤིས་ཁང་པ་ན།། དབྱངས་ཡིག་གཉིས་པ་ཅན་བླངས་ཏེ།། མིག་གི་ཚད་དུ་བླངས་ནས་ནི།། དེ་ཡི་ངོས་ལ་རེ་རེ་བཞག། ནུབ་ཀྱི་ཚངས་ཐིག་ནས་བགྲངས་པའི། ། བཀྲ་ཤིས་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་པ་ལྡན་པ།། མིག་གི་ཚད་དུ་བླངས་ནས་ནི།། ལྷོ་ཡི་ངོས་ལ་དེ་བཞིན་བཞག། ནུབ་ནས་རིམ་པ་མ་ཡིན་པའི།། ཟླ་བ་ཅན་གྱི་ཁྱིམ་ནས་ནི། ། དབྱངས་ཡིག་བཅུ་གསུམ་པ་ལྡན་པ།། མིག་གི་ཚད་དུ་བླངས་ནས་ན།། ལྷོ་རུ་དེ་རྗེས་སྦྱིན་པར་བྱ།། དེ་ཉིད་དབྱངས་ཡིག་གསལ་བ་ནི།། མིག་གི་ཚད་དུ་བླངས་ནས་ནི།། སྔོན་སྦྱིན་ནུབ་ཀྱི་ངོས་སུ་སྦྱིན། ། ནུབ་ནས་བཟའ་ཅན་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་པ་ཅན་པ།། མིག་གི་ཚད་དུ་བླངས་ནས་ནི།། ནུབ་ངོས་སུ་ནི་དེ་བཞིན་སྦྱིན།། བྱང་ནས་བཟའ་ཅན་ཁང་པ་ནས།། དབྱངས་ཅན་གཟའ་ཅན་ཁང་པ་ནས། ། དབྱངས་ཡིག་བཅུ་གཅིག་པ་ལྡན་པ།། མིག་གི་ཚད་དུ་བླངས་ནས་ནི།། བྱང་གི་ངེས་ལ་དེ་བཞིན་སྦྱིན།། རླུང་གི་ས་བོན་ཞེས་བྱ་བ།། མིག་གི་ཚད་བླངས་དེ་རྗེས་སྦྱིན།། མདའ་ཅན་ཁང་པ་ནང་གནས་པ། ། འོད་ཀྱི་གོང་བུར་བྱས་པ་དང།། དེ་ཉིད་རྣམས་ནི་བགྲང་པ་ཡི།། ས་ཅན་ཁང་པ་ནང་གནས་པས།། དབྱངས་ཡིག་གསུམ་པ་དང་ལྡན་དག། ཟླ་བའི་ཚད་དུ་བླངས་ནས་ནི།། བྱང་ཤར་མཚམས་སུ་རེ་རེ་སྦྱིན། ། རྒྱམཚོ་ཁང་པའི་ནང་གནས་པ།། དབྱངས་ཡིག་གཉིས་པ་ལྡན་པ་དང།། རིམ་མིན་ཡོན་ཏན་ཁང་པ་ན།། ཟླ་བའི་ཚད་དུ་བཟུང་ནས་ནི།། ཤར་ལྷོ་མཚམས་སུ་དེ་བཞིན་སྦྱིན།། རིམ་མིན་བཀྲ་ཤིས་ཁང་པ་ནས། ། དབྱངས་ཡིག་ལྔ་པ་ལྡན་པ་དང།། ཡན་ལག་ཅན་གྱི་ཁང་པ་ནས།། ཟླ་བའི་ཚད་དུ་བླངས་ནས་ནི།། ལྷོ་ནུབ་མཚམས་སུ་དེ་བཞིན་སྦྱིན།། རིམ་མིན་ཚེས་ཅན་ཁང་པ་ནས།། དབྱངས་ཡིག་གསུམ་པ་ལྡན་པ་དང། ། རིམ་མིན་བཀྲ་ཤིས་ཁང་པ་ནས།། ནུབ་བྱང་མཚམས་སུ་དེ་བཞིན་སྦྱིན།། རྡོ་རྗེ་གཙུག་ལག་གི་འཁྲུལ་འཁོར་གྱི་བཤད་རྒྱུད་ཆེན་པོ་ལས། རྩ་བའི་འཁོར་ལོ་བྲི་ཞིང་བསྡུ་བ་བཤད་པའི་ལེའུ་སྟེ་བཞི་པའོ། །།། རྫོགས་པའི་འཁོར་ལོ་བསྡུ་བ་ནི།། ཤར་གྱི་ཚངས་ཐིག་ནས་གྲངས་པའི།། རིམ་མིག་གཟའ་ཆེན་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླངས།། རིན་མིན་ཕྱོགས་ཅན་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླངས། ། རིམ་མིན་བཀྲ་ཤིང་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་བླངས་བཞག། རྒྱ་མཚོ་ཁང་པའི་ནང་གནས་པའི།། ཡི་གེ་ཟླ་བའི་ཚད་དུ་བླངས།། རིམ་མིན་ཡོན་ཏན་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་བླངས་བཞག། ནུབ་ནས་རིམ་པ་མ་ཡིན་པའི།། ཟླ་བ་ཅན་གྱི་ཁྱིམ་ནས་ནི།། ཡི་གེ་ཟླ་བའི་ཚད་བླངས་ཏེ།། དབྱངས་ཡིག་བཅུ་གསུམ་པ་ལྡན་བླངས།། ནུབ་ནས་རིམ་པ་མ་ཡིན་པའི།། བཀྲ་ཤིས་ཅན་གྱི་ཁང་པ་ནས། ། དབྱངས་ཡིག་བཅུ་གཅིག་པ་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། གཟའ་ཅན་ཁང་པའི་ནང་གནས་པ།། མིག་གི་ཚད་བླང་གོང་ལྟར་སྦྱར།། གཉིས་དང་གསུམ་བཞི་དེ་བཞིན་བླང།། གཤིན་རྗེ་ཉི་མ་བཞི་རུ་བཤད། ། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་ཕྱོགས་ཅན་ཁང་པ་ནས།། ཡི་གེ་མིག་གི་ཚད་བླང་བྱ།། རིམ་མིན་བཀྲ་ཤིས་ཁང་པ་ནས།། ཡི་གེ་མིག་གི་ཚད་བླང་བཞག། རྒྱ་མཚོ་ཁང་པའི་ནང་གནས་པའི། ། ཡི་གེ་ཟླ་བའི་ཚད་དུ་བླང།། རིམ་མིག་ཡོན་ཏན་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང།། ནུབ་ནས་རིམ་པ་མ་ཡིན་པའི།། ཟླ་བ་ཅན་གྱི་ཁྱིམ་ནས་ནི།། ཡི་གེ་ཟླ་བའི་ཚད་བླང་སྟེ།། དབྱངས་ཡིག་བཅུ་གསུམ་ལྡན་པའོ། ། ནུབ་ནས་རིམ་པ་མ་ཡིན་པའི།། བཀྲ་ཤིས་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་ལྡན་པའོ།། ཕྱོགས་ནས་ཁང་པ་ཟླ་ཚད་བླང།། ཕྱོགས་ཅན་ཁང་པ་ནང་གནས་པ།། མིག་གི་ཚད་བླང་གོང་ལྟར་སྦྱར། ། གཉིས་དང་གསུམ་བཞི་དེ་བཞིན་བླངས།། མ་མོ་ཉི་མ་བཞི་རུ་བཤད།། ནུབ་ཀྱི་ཚངས་ཐིག་ནས་གྲངས་པའི།། བཀྲ་ཤིས་ཅན་གྱི་ཁང་པ་ནས།། ཡི་གེ་མིག་གི་ཚད་བླང་བྱ།། རྒྱ་མཚོ་ཁང་པའི་ནང་གནས་པའི། ། ཡི་གེ་ཟླ་བའི་ཚད་བླང་བྱ།། ནུབ་ཀྱི་ཚངས་ཐིག་ནས་བགྲངས་པའི།། ཡོན་ཏན་ཅན་གྱི་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླངས།། ནུབ་ཀྱི་ཚངས་ཐིག་ནས་གྲངས་པའི།། རིམ་མིན་ཟླ་ཅན་ཁང་པ་ནས། ། དབྱངས་ཡིག་བཅུ་གསུམ་པ་ལྡན་པ།། ཟླ་བའི་ཚད་དུ་བླངས་ནས་ནི།། དེ་ཉིད་ནས་ནི་བགྲངས་པ་ཡི།། རིམ་མིན་བཀྲ་ཤིས་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང།། ནུབ་ཀྱི་ཚངས་ཐིག་ནས་བགྲངས་པའི། ། རིམ་མིན་རྒྱ་མཚོ་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་པ་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། དེ་འོག་དེ་ཉིད་དབྱངས་སྤངས་པ།། ཟླ་བའི་ཚད་དུ་བླངས་པར་བྱ།། བཀྲ་ཤིས་ཁང་པ་ནང་གནས་པ། ། མིག་གི་ཚད་བླང་གོང་ལྟར་སྦྱར།། གཉིས་དང་གསུམ་བཞི་དེ་བཞིན་བླང།། སྲིན་པོ་ཉི་མ་བཞི་རུ་བཤད།། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རྒྱ་མཚོ་ཅན་གྱི་ཁང་པ་ནས།། ཡི་གེ་མིག་གི་ཚད་བླང་བྱ། ། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་ཡོན་ཏན་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང།། ནུབ་ཀྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་ཟླ་ཅན་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་པ་ལྡན་པ། ། ཟླ་བའི་ཚད་དུ་བླངས་པར་བྱ།། ནུབ་ཀྱི་ཚངས་ཐིག་ནས་བགྲང་བའི།། རྒྱ་མཚོ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་པ་ལྡན་པ།། ཟླ་བའི་ཚད་དུ་བླངས་པར་བྱ།། རིམ་མིན་ཕྱོགས་ཅན་ཁང་པ་ནས། ། ཡི་གེ་ཟླ་བའི་ཚད་དུ་བླང།། རིམ་མིན་དྲེགས་པའི་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང།། རིམ་མིན་བཀྲ་ཤིས་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང།། ཤར་གྱི་ཚངས་ཐིག་ནས་བགྲངས་པའི། ། རྒྱ་མཚོ་ཁང་པའི་ནང་གནས་པའི།། མིག་གི་ཚད་བླང་གོང་བཞིན་སྦྱར།། གཉིས་དང་གསུམ་བཞི་དེ་བཞིན་བླང།། དམུ་བདུད་ཉི་མ་བཞིན་དུ་བཤད།། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་ཡོན་ཏན་ཁང་པ་ནས། ། ཡི་གེ་མིག་གི་ཚད་བླང་བཞག། ནུབ་ཀྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་ནི་ཟླ་ཅན་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་པ་ལྡན་པ།། ཟླ་བའི་ཚད་དུ་བླང་པ་ཡིས།། ནུབ་ཀྱི་ཚངས་ཐིག་ནས་གྲངས་པའི། ། རྒྱ་མཚོ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་དང་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་གཟའ་ཅན་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླང། ། ནུབ་ཀྱི་ཚངས་ཐིག་ནས་བགྲངས་པའི།། རྒྱ་མཚོ་ཅན་གྱི་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླང།། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་བཀྲ་ཤིས་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང། ། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རྒྱ་མཚོ་ཅན་གྱི་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླངས།། ཤར་གྱི་ཚངས་ཐིག་ནས་བགྲངས་བའི།། རིམ་མིན་ཡོན་ཏན་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླང། ། གཉིས་དང་གསུམ་བཞི་དེ་བཞིན་བླང།། ས་བདག་ཉི་མ་བཞི་རུ་བཤད།། ནུབ་ཀྱི་ཚངས་ཐིག་ནས་བགྲང་པའི།། རིག་བྱེད་ཁང་པའི་ནང་གནས་པའི།། ཡི་གེ་མིག་གི་ཚད་དུ་བླང།། དེ་ཉིད་ནས་ནི་བགྲངས་པ་ཡི། ། རིམ་མིན་བཀྲ་ཤིས་ཁང་པ་ནས།། དབྱངས་ཡིག་སུམ་ཅུ་དང་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། དེ་ཉིད་ནས་ནི་བགྲངས་པ་ཡི།། ཟླ་བ་ཅན་གྱི་ཁྱིམ་ནས་ནི།། ཡི་གེ་ཟླ་བའི་ཚད་དུ་བླང།། དེ་ཉིད་ནས་ནི་བགྲངས་པ་ཡི། ། བཀྲ་ཤིས་ཅན་གྱི་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླངས།། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་ཕྱོགས་ཅན་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་དང་ལྡན་པ། ། ཟླ་བའི་ཚད་དུ་བླང་བར་བྱ།། ནུབ་ཀྱི་ཚངས་ཐིག་ནས་བགྲང་བའི།། རིམ་མིན་ཟླ་བའི་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་དང་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། དེ་ཉིད་ནས་ནི་བགྲང་བ་ཡི། ། ཕྱོགས་ཅན་ཁང་པའི་ནང་གནས་པའི།། དབྱངས་ཡིག་ལྔ་པ་དང་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། ནུབ་ཀྱི་ཚངས་ཐིག་ནས་བགྲང་བའི།། རིགས་བྱེད་ཅན་གྱི་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླང། ། གཉིས་དང་གསུམ་བཞི་དེ་བཞིན་བླང།། ཀླུ་ཡི་ཉི་མ་བཞིན་རུ་བཤད།། ཤར་གྱི་ཚངས་ཐིག་ནས་བགྲང་བའི།། མདའ་ཅན་ཁང་པ་ནང་གནས་པ།། མིག་གི་ཚད་དུ་བླང་བར་བྱ།། ནུབ་ནས་རིམ་པ་མ་ཡིན་པའི། ། མིག་ཅན་ཁང་པའི་ནང་གནས་པ།། དབྱངས་ཡིག་གསུམ་པ་དང་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། ཤར་གྱི་ཚངས་ཐིག་ནས་གྲངས་པའི།། རིམ་མིན་བཀྲ་ཤིས་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང། ། ནུབ་ནས་རིམ་པ་མ་ཡིན་པའི།། རྒྱ་མཚོ་ཅན་གྱི་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླང།། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་ཕྱོགས་ཅན་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླངས།། ཤར་ནས་རིམ་པ་མ་ཡིན་པའི། ། ཟླ་བ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་དང་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། དེ་ཉིད་ནས་ནི་བགྲངས་པ་ཡིས།། རིམ་མིན་གཟའ་ཅན་ཁང་པ་ནས།། ཡི་གེ་མིག་གི་ཚད་བླང་བྱ། ། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། མདའ་ཅན་ཁང་པ་ནང་གནས་པ།། མིག་གི་ཚད་དུ་བླང་བར་བྱ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། བཙན་དང་རྒྱལ་པོ་ཉི་མ་བཞི་རུ་བཤད། ། ནུབ་ནས་རིམ་པ་མ་ཡིན་པའི།། མིག་ཅན་ཁང་པའི་ནང་གནས་པའི།། དབྱངས་ཡིག་གསུམ་པ་དང་ལྡན་པ།། མིག་གི་ཚད་དུ་བླང་བར་བྱ།། ཤར་གྱི་ཚངས་ཐིག་ནས་བགྲང་པའི།། བཀྲ་ཤིས་ཅན་གྱི་ཁང་པ་ནས། ། ཡི་གེ་ཟླ་བའི་ཚད་དུ་བླང།། ནུབ་ནས་རིམ་པ་མ་ཡིན་པའི།། རིམ་མིན་རྒྱ་མཚོ་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླངས།། ནུབ་ནས་རིམ་པ་མ་ཡིན་པའི།། བཀྲ་ཤིས་ཅན་གྱི་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླང། ། ཤར་ནས་རིམ་པ་མ་ཡིན་པའི།། ཟླ་བ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་དང་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། ནུབ་ནས་རིམ་པ་མ་ཡིན་པའི།། བཀྲ་ཤིས་ཅན་གྱི་ཁང་པ་ནས། ། ཡི་གེ་ཟླ་བའི་ཚད་དུ་བླང།། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། མདའ་ཅན་ཁང་པའི་ནང་གནས་པའི།། ཡི་གེ་ཟླ་བའི་ཚད་དུ་བླང།། ནུབ་ནས་རིམ་པ་མ་ཡིན་པའི།། མིག་ཅན་ཁང་པའི་ནང་གནས་པའི། ། ཡི་གེ་མིག་གི་ཚད་དུ་བླང།། གཉིས་དང་གསུམ་བཞི་དེ་བཞིན་བླང།། རུ་དྲག་ཉི་མ་བཞི་རུ་བཤད།། ནུབ་ཀྱི་ཚངས་ཐིག་ནས་གྲངས་པའི།། རིམ་མིན་ཟླ་བའི་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླང།། ནུབ་ཀྱི་ཚངས་ཐིག་ནས་བགྲངས་པའི། ། རིམ་མིན་བཟའ་ཆེན་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་དང་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། ནུབ་ཀྱི་ཚངས་ཐིག་ནས་གྲང་བའི།། རིམ་མིན་མིག་ཅན་ཁང་པ་ནས། ། དབྱངས་ཡིག་གསུམ་པ་དང་ལྡན་པ།། ཟླ་བའི་ཚད་དུ་བླང་པར་བྱ།། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་བཀྲ་ཤིས་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླང།། ནུབ་ཀྱི་ཚངས་ཐིག་ནས་བགྲངས་པའི། ། རིམ་མིན་བཀྲ་ཤིས་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང།། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། རིམ་མིན་ཟླ་ཅན་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་དང་ལྡན་པའི། ། ཟླ་བའི་ཚད་དུ་བླང་པར་བྱ།། ནུབ་ནས་རིམ་པ་མ་ཡིན་པའི།། བཀྲ་ཤིས་ཅན་གྱི་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང།། ནུབ་ནས་རིམ་པ་མ་ཡིན་པའི།། ཟླ་བ་ཅན་གྱི་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླང། ། གཉིས་དང་གསུམ་བཞི་དེ་བཞིན་བླང།། དྲི་ཟ་ཉི་མ་བཞི་རུ་བཤད།། ཤར་ནས་རིམ་པ་མ་ཡིན་པའི།། ཟླ་བ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་དང་ལྡན་པ།། མིག་གི་ཚད་དུ་བླང་བར་བྱ།། ནུབ་ནས་རིམ་པ་མ་ཡིན་པའི། ། བཀྲ་ཤིས་ཅན་གྱི་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླངས།། ཤར་ནས་ཟླ་ཅན་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང།། ནུབ་ནས་རིམ་པ་མ་ཡིན་པའི།། མིག་ཅན་ཁང་པའི་ནང་གནས་པའི། ། དབྱངས་ཡིག་གསུམ་པ་དང་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། ནུབ་ནས་རིམ་པ་མ་ཡིན་པའི།། ཟླ་བ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་པ་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ། ། ཤར་གྱི་ཚངས་ཐིག་ནས་གྲངས་པའི།། རིམ་མིན་ཕྱོགས་ཅན་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་དང་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། ནུབ་ནས་རིམ་པ་མ་ཡིན་པའི།། བཀྲ་ཤིས་ཅན་གྱིས་ཁང་པ་ནས། ། ཡི་གེ་མིག་གི་ཚད་དུ་བླང།། ནུབ་ནས་རིམ་པ་མ་ཡིན་པའི།། ཟླ་བ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་དང་ལྡན་པ།། མིག་གི་ཚད་དུ་བླང་བར་བྱ།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། བདུད་ཀྱི་ཉི་མ་བཞི་རུ་བཤད།། ནུབ་ཀྱི་ཚངས་ཐིག་ནས་གྲངས་པའི།། རིམ་མིན་བཀྲ་ཤིས་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང།། ནུབ་ནས་རིམ་པ་མ་ཡིན་པའི།། རྒྱ་མཚོ་ཅན་གྱི་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང། ། ཤར་ནས་རིམ་པ་མ་ཡིན་པའི།། བཀྲ་ཤིས་ཅན་གྱི་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང།། ཤར་ནས་རིམ་པ་མ་ཡིན་པའི།། ཡོན་ཏན་ཅན་གྱི་ཁང་པ་ནས།། ཡི་གེ་ཟླ་བའི་ཚད་དུ་བླང། ། ནུབ་ནས་རིམ་པ་མ་ཡིན་པའི།། ཟླ་བ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་པ་ལྡན་པ།། ཟླ་བའི་ཚད་དུ་བླང་བར་བྱ།། ཤར་ནས་རིམ་པ་མ་ཡིན་པའི།། བཀྲ་ཤིས་ཅན་གྱི་ཁང་པ་ནས།། དབྱངས་ཡིག་ལྔ་པ་དང་ལྡན་པ། ། ཟླ་བའི་ཚེས་དུ་བླང་བར་བྱ།། ནུབ་ནས་རིམ་པ་མ་ཡིན་པའི།། མིག་ཅན་ཁང་པའི་ནང་གནས་པའི།། ཡི་གེ་ཟླ་བའི་ཚད་དུ་བླང།། ཤར་གྱི་ཚངས་ཐིག་ནས་བགྲང་པའི།། རིམ་མིན་བཟའ་ཅན་ཁང་པ་ནས། ། དབྱངས་ཡིག་བཅུ་གསུམ་དང་ལྡན་པ།། ཡི་གེ་ཟླ་བའི་ཚད་དུ་བླང།། ནུབ་ནས་རིམ་པ་མ་ཡིན་པའི།། མིག་ཅན་ཁང་པའི་ནང་གནས་པ།། དབྱངས་ཡིག་གསུམ་པ་དང་ལྡན་པའོ། ། ཤར་གྱི་ཚངས་ཐིག་ནས་བགྲང་བའི།། རིམ་མིན་བཀྲ་ཤིས་ཁང་པ་ནས།། ཡི་གེ་མིག་གི་ཚད་དུ་བླང།། ཤར་ནས་རིམ་པ་མ་ཡིན་པའི།། གཟའ་ཅན་ཁང་པའི་ནང་གནས་པ།། ཟླ་བའི་ཚད་དུ་བླང་བར་བྱ། ། ཤར་གྱི་ཚངས་ཐིག་ནས་བགྲངས་པའི།། མདའ་ཅན་ཁང་པའི་ནང་གནས་པ།། ཡི་གེ་ཟླ་བའི་ཚད་དུ་བླང།། ནུབ་ནས་རིམ་པ་མ་ཡིན་པའི།། མིག་ཅན་ཁང་པ་མ་ཡིན་པའི།། དབྱངས་ཡིག་གསུམ་པ་དང་ལྡན་པ། ། ཟླ་བའི་ཚད་དུ་བླང་བར་བྱ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། ཞི་བའི་ཉི་མ་ཞི་རུ་བཤད།། དེ་ནས་ལྷ་ཡི་འཁོར་ལོ་སོགས།། གྲགས་པ་གྲངས་ཀྱི་བརྡ་ཡིས་བཏུ།། ར་གསུམ་རྫས་ནི་ཨ་ཡིན་ཏེ།། སྔ་མ་ཨོ་ཨེ་ཡན་ལག་གོ། ཡ་མ་ར་གསུམ་ཨ་དང་ལྡན།། གཉིས་དང་གསུམ་བཞི་དེ་བཞིན་བླང།། བདུད་འཇོམས་ཉི་མ་བཞི་རུ་བཤད།། ཛ་གསུམ་ས་ནི་ཨ་ཡིན་ཏེ།། མ་ནི་ཨེ་ཡི་ཡན་ལག་གོ། ཡ་མ་ར་ཛ་གསུམ་གསུམ་ལྡན། ། གཉིས་དང་གསུམ་བཞི་དེ་བཞིན་བླང།། བྲག་འཇོམས་ཉི་མ་བཞི་རུ་བཤད།། ས་གསུམ་ཨ་སྟེ་དྷ་ནི་ཨེ།། མ་ནི་ཨེ་ཨི་ཡན་ལག་གོ། ཡ་མ་ར་ཛ་གསུམ་གསུམ་ལྡན།། གཉིས་དང་གསུམ་བཞི་དེ་བཞིན་སྦྱར། ། ཕྱ་སངས་ཉི་མ་བཞི་རུ་བཤད།། ཏོ་གསུམ་ཨོ་ཏེ་ཡ་མ་ར།། ཛ་ས་མ་སྟེ་དྷ་ཨོ་གསུམ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། རྟེལ་པ་ཉི་མ་བཞི་རུ་བཤད།། ར་གསུམ་མུ་སྟེ་ན་ནི་ཨ།། ཡ་ནི་ཨོ་རུ་ཤེས་པར་བྱ། ། དྷ་ཡ་ཨ་སྟེ་མ་ནི་ཨེ།། ཏ་ཨ་ར་གསུམ་ཨུ་དང་ལྡན།། གཉིས་དང་གསུམ་བཞི་དེ་བཞིན་བླང།། ལྷ་མཆོག་ཉི་མ་བཞི་རུ་བཤད།། ན་གསུམ་ཨ་ཏེ་ཡ་ནི་ཨོ།། དྷ་ཡ་ཨ་ཏེ་མ་དྷ་ར།། ཨེ་ཨོཾ་ཨུ་རུ་ཤེས་པར་བྱ།། མ་གསུམ་ཨ་དང་ལྡན་པའོ། ། གཉིས་དང་གསུམ་བཞི་དེ་བཞིན་བླང།། ཡབ་ཏིའི་ཉི་མ་བཞི་རུ་བཤད།། ན་གསུམ་ཨི་ཏེ་ར་ཡ་ཨ།། ཀ་ནི་ཨེ་ཏ་ཡ་མ་ཨ།། ཨ་ར་ན་གསུམ་ཨི་དང་ལྡན།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། ཆོས་རྒྱལ་ཉི་མ་བཞི་རུ་བཤད།། ཙ་གསུམ་ཡ་མ་ར་ནི་ཨ།། ཀ་ནི་ཨེ་སྟེ་ཡ་ནི་ཨ།། ཡ་ནི་ཨ་ཏེ་ཙ་གསུམ་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། དམིགས་པ་ཉི་མ་བཞི་རུ་བཤད། ཎ་གསུམ་ཨི་སྟེ་ར་ཡ་ཨ། ། ཀྵ་ནི་ཨེ་སྟེ་ཡ་དྷ་ཨ།། ཡ་ནི་ཨོ་ནི་ཎ་གསུམ་ཨི།། གཉིས་དང་གསུམ་བཞི་དེ་བཞིན་བླང།། མིག་དམར་ཉི་མ་བཞི་རུ་བཤད།། རྫོགས་པའི་འཁོར་ལོར་བཤད་པ་ཡིན།། རྡོ་རྗེ་གཙུགས་ལག་གི་བཤད་རྒྱུད་ཆེན་པོ་ལས། རྫོགས་པའི་འཁོར་ལོ་བཏུ་བ་བཤད་པའི་ལེའུ་སྟེ་ལྔ་པའོ།།།། སྐུ་ཡི་འཁོར་ལོ་བཏུ་བ་ནི།། ཡ་མ་ཡ་གཉིས་ཨ་ཡིན་ཏེ།། ར་ཅི་ཨ་གཉིས་ཛ་ནི་ཨ།། ཡ་གཉིས་ས་ཨ་ཡ་གཉིས་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། ཞེན་ཟློག་ཉི་མ་བཞི་རུ་བཤད།། མ་ཨ་མ་གཉིས་ཨེ་དང་ལྡན།། མ་ར་ཨ་སྟེ་དྷ་གཉིས་ཨོ་ཨ།། ར་ཛ་ས་གཉིས་ཛ་ནི་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། ཕན་ཕྱ་གནོད་བཏང་ཉི་བཞིར་བཤད། ། མཱ་ར་ཡ་གསུམ་ཨ་ཡིན་ཏེ།། ར་ཡ་མ་གསུམ་ཡན་ལག་སྤངས།། ཡ་མ་ཡ་ར་གསུམ་ཨ་དང་ལྡན།། སེར་བ་ལྟས་ངན་ལ་སོགས་པ།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། དབབ་པའི་ཉི་མ་བཞི་རུ་བཤད།། ར་ཡ་མ་གསུམ་ཨ་ཡིན་ཏེ།། ཡ་མ་ར་གསུམ་ཡན་ལག་སྤངས།། སེར་བ་ལྟས་ངན་ལ་སོགས་པ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། གཅད་པ་ཉི་མ་བཞི་རུ་བཤད། ། ཡ་མ་ཨ་ཏེ་མ་ནི་ཨེ།། ར་ཨ་དྷ་གཉིས་ཨོ་དང་ལྡན།། ར་ནི་ཡན་ལག་སྤངས་པའོ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། རྒྱས་གདབ་ཉི་མ་བཞི་རུ་བཤད།། ར་ནི་ཨ་ཏེ་ན་ནི་ཨོཾ།། ཡ་ཨི་ན་ཨ་ར་ནི་ཨུ། ། དྷ་ཨོཾ་མ་ཨེ་ཡ་ནི་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། གཟེར་བ་ཉི་མ་བཞི་རུ་བཤད།། ན་ཨི་ཛར་ཛ་ར་ནི་ཨ།། མ་གཉིས་ཡན་ལག་སྤངས་པའོ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། ལྷ་འགུག་ཉི་མ་བཞི་རུ་བཤད། ། ར་ཡ་མ་གསུམ་ཨ་ཡིན་ཏེ།། དྷ་ནི་ཨེ་ཡི་ཡན་ལག་གོ། ཡ་མ་ཨ་ཏེ་ཡ་ནི་ཨོ།། ཡ་ཏ་ཡ་གཉིས་ཨ་དང་ལྡན།། ཀྵ་ནི་ཨེ་ཡི་ཡན་ལག་ཡིན།། གཉིས་དང་གསུམ་ནི་དེ་བཞིན་བླང།། མཐུ་འཕྲོག་ཉི་མ་བཞི་རུ་བཤད། ། ཡ་མ་ར་གསུམ་ཨ་ཡིན་ཏེ།། ན་ནི་ཨི་ཡི་ཡན་ལག་གོ། ཡ་མ་ར་གསུམ་ཛ་ནི་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། གདོན་ཁུག་ཉི་མ་བཞི་རུ་བཤད།། མ་ཙ་གཉིས་ནི་ཨ་ཡིན་ཏེ།། མ་ཨེ་ས་ར་ཨ་དྷ་ཨོ། ། ཡ་ནི་ཨ་རུ་བཤད་པ་ཡིན།། གཉིས་དང་གསུམ་བཞི་དེ་བཞིན་བླང།། མདའ་ལེན་ཉི་མ་བཞི་རུ་བཤད།། མ་ར་ཨ་སྟེ་མ་ནི་ཨེ།། དྷ་ཨོཾ་ཛྲ་ས་ཡ་གསུམ་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། རྟ་ཤི་གཡག་འགྱེལ་ཉི་མ་བཞི་རུ་བཤད།། མ་ས་ཨ་ཏེ་མ་ནི་ཨེ།། ཙ་ར་ཨ་སྟེ་དྷ་ནི་ཨོཾ།། ཨ་ནི་ཡན་ལག་སྤངས་པའོ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། མི་ཤི་ཁྱི་ལུས་ཉི་བཞིར་བཤད།། ར་ཙ་ས་གསུམ་ཨ་ཡིན་ཏེ། ། དྷ་ཨོཾ་ར་ཨུ་ན་ནི་ཨ།། ཡ་ཨོ་ན་ཨི་ར་ཡ་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། རུ་སྦལ་གྱིང་སྒྲལ་ཉི་བཞིར་བཤད།། ཡ་མ་དྷ་ཨ་ཨ་ཡིན་ཏེ།། མ་ཀེ་གཉིས་ནི་ཨེ་དང་ལྡན།། དྷ་ཨོ་ཡ་ཨོ་ཡ་ནི་ཨོཾ། ། ར་ཨ་ན་ཨིར་བསྟན་པ་སྟེ།། ཛ་ར་ས་གསུམ་ཨ་དང་ལྡན།། ན་ནི་ཨ་སྟེ་ན་ནི་ཨ།། ཙ་ནི་ཨ་སྟེ་ར་ཨུར་བཤད།། གཉིས་དང་གསུམ་བཞི་དེ་བཞིན་བླང།། སྟག་མོ་ཁ་འཐབ་ཉི་བཞིར་བཤད།། ཡ་མ་དྷ་གསུམ་ཨ་ཡིན་ཏེ། ། ཡ་ན་ཨོཾ་ཨུ་ལྡན་པའོ།། ར་ཡ་རྩ་གསུམ་ཨ་ཡིན་ཏེ།། ན་ནི་ཨེ་སྟེ་ར་ཙ་ཨ།། ས་ནི་ཨ་སྟེ་ར་ནི་ཨུ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། སེང་གེ་ཁ་འཐབ་ཉི་བཞིར་བཤད།། ཛ་ར་མ་ཡ་ཨ་ཡིན་ཏི། ། མ་དྷ་ཨ་ཨོ་ས་ནི་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། སྦྲུལ་གྱི་ཆུན་འཁོར་ཉི་བཞིར་བཤད།། ཡ་མ་ར་ཛ་ས་ནི་ཡ།། དྷ་ནི་ཨོ་སྟེ་མ་ཀྵ་ཨེ།། ཡ་ཙ་ཨ་སྟེ་ན་ནི་ཨི།། ར་མ་ཡ་གསུམ་ཨ་ཡིན་ནོ། ། གཉིས་དང་གསུམ་བཞི་དེ་བཞིན་བླང།། རྒྱས་པའི་ཉི་མ་བཞི་རུ་བཤད།། མ་ར་ཛ་སི་ན་ཨ་ཡིན་ཏེ།། དྷ་མ་ཨོ་ཨེ་གཉིས་དང་ལྡན།། གཉིས་དང་གསུམ་བཞི་དེ་བཞིན་བླང།། དབང་གི་ཉི་མ་བཞི་རུ་བཤད། ། མ་ཛ་ར་ས་ཨ་ཡིན་ཏེ།། མ་དྷ་ཨེ་ཨོར་ལྡན་པའོ།། ཡ་ནི་ཨ་ཞེས་བྱ་བར་གྲགས།། གཉིས་དང་གསུམ་བཞི་དེ་བཞིན་བླང།། སྤུ་གྲི་ཉི་མ་བཞི་རུ་བཤད།། ར་མ་ཡ་གསུམ་ཨ་ཡིན་ཏེ།། ན་ཨི་ར་ཙ་ས་ནི་ཨ། ། ཏྟ་ར་ཨོ་ཨུར་བཤད་པ་ཡིན།། ན་ཡ་ཨ་ན་ཨོ་དང་ཨི།། ར་ཡ་ཙ་གསུམ་ཨ་ཡིན་ཏེ།། ན་ནི་ཨི་དང་ལྡན་པའོ།། གཉིས་དང་གསུམ་བཞི་དེ་བཞིན་ཉིད།། དགུག་པའི་ཉི་མ་བཞི་རུ་བཤད།། ར་མ་ཡ་ས་ཨ་ཡིན་ཏེ། ། དྷ་ར་ཨོཾ་ཨུར་བཤད་པ་ཡིན།། ས་ཛ་ར་གསུམ་ཨ་ཡིན་ནོ།། ཡ་མ་གཉིས་ནི་ཨ་རུ་བཤད།། ཡ་ན་ཨོ་ནི་ཨི་ཞེས་གྲགས།། ར་ཡ་ཙ་ནི་ཨ་ཡིན་ཏེ།། ན་ནི་ཨི་ཞེས་བྱ་བར་གྲགས།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། དབྱེ་བའི་ཉི་མ་བཞི་ཞེས་བཤད།། མ་ར་ཛ་ནི་ཨ་ཡིན་ཏེ།། ས་ནི་ཨ་ཏེ་དྷ་ནི་ཨོཾ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། བསྐྲད་པའི་ཉི་མ་བཞི་རུ་བཤད།། ར་མ་ཡ་གསུམ་ཨ་ཡིན་ཏེ།། མ་ཨེ་ས་ཛ་ར་མ་ཡ། ། ཡ་གཉིས་ཨ་ཏེ་ཀྵ་ནི་ཨེ།། ཡ་ནི་ཨ་ཞེས་བྱ་བར་བཤད།། ཙ་ན་ཨ་ཨིར་བཤད་པ་ཡིན།། ར་མ་ཡ་གསུམ་ཨ་དང་ལྡན།། གཉིས་དང་གསུམ་བཞི་དེ་བཞིན་བླང།། སྨྱོ་འབྲོས་ཉི་མ་བཞི་རུ་བཤད།། ར་མ་ཡ་གསུམ་ཨ་ཡིན་ཏེ། ། མ་དྷ་ཨེ་ཨོར་ལྡན་པའོ།། ས་ཛ་ཨ་སྟེ་ན་ནི་ཨི།། ཙ་ཡ་ཨ་སྟེ་ཀྵ་ནི་ཨེ།། ཡ་ནི་ཨ་ཞེས་བྱ་བར་གྲགས།། གཉིས་དང་གསུམ་བཞི་དེ་བཞིན་བླང།། ལྐུག་པའི་ཉི་མ་བཞི་ཞེས་བཤད།། ཡ་མ་རཱ་ཛ་ས་ནི་ཨ། ། དྷ་ནི་ཨོ་སྟེ་མ་ནི་ཨེ།། ཡ་ནི་ཨོ་ཞེས་བྱ་བར་གྲགས།། གཉིས་དང་གསུམ་བཞི་དེ་བཞིན་བླང།། མནན་པ་ཉི་མ་བཞི་རུ་བཤད།། མ་ཛ་ས་ནི་ཨ་ཡིན་ཏེ།། དྷ་མ་ཨོཾ་ཨེར་བསྟན་པ་ཡིན།། ཡ་ནི་ཨ་ཞེས་བྱ་བར་གྲགས། ། གཉིས་དང་གསུམ་བཞི་དེ་བཞིན་བླང།། བཟློག་པའི་ཉི་མ་བཞི་རུ་བཤད།། ར་ཡ་མ་ཡ་ཨ་ནི་སྟེ།། ཛ་ཡ་ས་ཡ་ཨ་དང་ལྡན།། དྷ་ཡ་གཉིས་ནི་ཨོ་དང་ལྡན།། མ་ཡ་ཨེ་དང་ཨ་རུ་བཤད།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། རིག་བསྲུང་ཉི་མ་བཞི་རུ་བཤད།། ཡ་ཡ་མ་དང་ཨ་ཡིན་ཏེ།། ཡ་མ་ཨ་དང་ཨེར་བསྟན་པའོ།། ཡ་ཡ་དྷ་ཡ་ཨ་དང་ལྡན།། ཡ་ཀྵ་ཨ་དང་ཨེར་ལྡན་པའོ།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། བཤིག་པའི་ཉི་མ་བཞི་རུ་བཤད།། མ་གཉིས་ཨ་སྟེ་ཡ་ནི་ཨ།། མ་གཉིས་ཨེ་ཏེ་ཡ་ནི་ཨེ།། དྷ་གཉིས་ཨ་སྟེ་ཡ་ཡང་ཨ།། ཀྵ་གཉིས་ཨ་སྟེ་ཡ་ནི་ང་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། འདྲལ་བྱེད་ཉི་མ་བཞི་རུ་བཤད། ། ཛ་ཡ་ར་ནི་ཨ་ཡིན་ཏེ།། ན་ཡ་ཨི་དང་ཨོར་ལྡན་པའོ།། ན་ཨ་ར་དང་དྷ་གཉིས་ནི།། ཨུ་ཨོ་ཞེས་ནི་གྲགས་པ་ཡིན།། ས་ཙ་ར་ནི་ཨི་ཡིན་ཏེ།། ན་ནི་ཨི་རུ་ལྡན་པའོ།། ཀྵ་ནི་ཨེ་སྟེ་དྷ་ནི་ཨ། ། མ་ནི་ཨེ་ཏེ་ཡ་མ་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། ཞི་བའི་ཉི་མ་བཞི་རུ་བཤད།། ར་གཉིས་ཛ་ས་ཨ་ཡིན་ཏེ།། དྷ་ར་གཉིས་ནི་ཨོ་དང་ཨུ།། ན་ཨ་ཡ་ན་ཨོ་དང་ཨི།། ར་ཡ་ཙ་ནི་ཨ་ཡིན་ཏེ།། ན་ནི་ཨི་ཞེས་བྱ་བར་གྲགས། ། གཉིས་དང་གསུམ་བཞི་དེ་བཞིན་བླང།། གཅད་པའི་ཉི་མ་བཞི་རུ་བཤད།། ས་ཨ་ཛ་གཉིས་ར་གཉིས་ཨ།། མ་གཉིས་ཨ་ནི་ཨ་ཡིན་ཏེ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། འབྱེད་པ་ཉི་མ་བཞི་རུ་བཤད། ། ར་གཉིས་མ་གཉིས་ཨ་གཉིས་ཨ།། དྷ་གཉིས་ཡ་གཉིས་ཨོ་དང་ལྡན།། གཉིས་དང་གསུམ་བཞི་དེ་བཞིན་བླང།། ཟུག་དབྱུང་ཉི་མ་བཞི་རུ་བཤད།། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། སྐུའི་འཁོར་ལོ་བཏུ་བ་བཤད་པའི་ལེའུ་སྟེ་དྲུག་པའོ།།།། སྤྲུལ་པའི་འཁོར་ལོ་བཏུ་བ་ནི།། ཀྵ་ནི་ཨེ་ཏེ་ཡ་ཙ་ཨ།། ན་ནི་ཨེ་ཏེ་ར་མ་ཨ།། ཡ་ནི་ཨ་ཏེ་ཀྵ་ནི་ཨེ།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། བླང་ཐབས་ཉི་མ་བཞི་རུ་བཤད།། དྷ་ནི་ཨ་ཏེ་ཡ་ནི་ཨོ།། ན་ནི་ཨི་སྟེ་ར་ཡ་ཨ།། ཀྵ་ནི་ཨེ་སྟེ་ཡ་དྷ་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། ཕོ་ལྷོག་ཉི་མ་བཞི་རུ་བཤད།། མ་དྷ་ཨེ་ཨོ་ར་ནི་ཨུ།། ན་ཡ་ཨ་ཨོ་དྷ་ཡ་ཨ། ། མ་ནི་ཨེ་དང་ལྡན་པའོ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། ལྷོག་པ་ཉི་མ་བཞི་རུ་བཤད།། མ་ཛ་ས་ཨ་ཡིན་ཏེ།། དྷ་མ་ཨོ་ཨེ་ཡ་མ་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། རྒྱུ་གཟེར་ཉི་མ་བཞི་རུ་བཤད། ། ཡ་མ་ར་ཛ་ཨ་ཡིན་ཏེ།། ས་ནི་ཨ་ཏེ་དྷ་ནི་ཨོ།། མ་མ་གཉིས་ནི་ཨེ་ཨ་ལྡན།། གཉིས་དང་གསུམ་བཞི་དེ་བཞི་བླང།། སྨྱོ་འབོག་གཞོགས་སྐམས་ཉི་བཞིར་བཤད།། དྷ་ནི་ཨ་སྟེ་ར་ནི་ཨུ།། ན་ནི་ཨ་སྟེ་ར་ནི་ཨོ། ། དྷ་ཡ་གཉིས་ནི་ཨ་ཡིན་ནོ།། མ་དྷ་གཉིས་ནི་ཨེ་ཨོར་ལྡན།། གཉིས་དང་གསུམ་བཞི་དེ་བཞིན་བླང།། མཛེ་ཤུ་ཉི་མ་བཞི་རུ་བཤད།། ར་ན་གཉིས་ནི་ཨུ་དང་ཨ།། དྷ་ཡ་གཉིས་ནི་ཨོ་དང་ཨ།། ཡ་ཨ་མ་དྷ་ཨེ་ཨོར་ལྡན། ། ར་ནི་ཨུ་དང་ལྡན་པའོ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། མཁྲིས་ནད་ཉི་མ་བཞི་རུ་བཤད།། ས་ཨ་དྷ་མ་ཨོ་དང་ཨེ།། ཡ་ཡ་མ་ར་ཨ་ཡིན་ཏེ།། རྫ་ས་གཉིས་ནི་ཨ་དང་ལྡན།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། རིམས་ནད་ཉི་མ་བཞི་རུ་བཤད།། ཛ་ས་གཉིས་ནི་ཨ་ཡིན་ཏེ།། དྷ་མ་ཨོ་ཨེར་ལྡན་པའོ།། ཡ་མ་ར་ཛ་ཨ་ཡིན་ནོ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། ཟེར་ནད་ཉི་མ་བཞི་རུ་བཤད། ། ཙ་ན་ཨ་སྟེ་ན་ནི་ཨི།། ར་མ་ཡ་གསུམ་ཨ་དང་ལྡན།། ཀྵ་ནི་ཨེ་ཡི་ཡན་ལག་གོ། ཡ་ཛ་གཉིས་ནི་ཨ་དང་ལྡན།། གཉིས་དང་གསུམ་བཞི་དེ་བཞིན་བླང།། འབྲུམ་ནད་ཉི་མ་བཞིན་རུ་བཤད།། ཡ་ཙ་ཨ་སྟེ་ན་ནི་ཨི། ། ར་མ་ཡ་གསུམ་ཨ་དང་ལྡན།། ཀྵ་ནི་ཨེ་སྟེ་ཡ་ནི་ཨ།། གཉིས་དང་གསུམ་བཞི་དེ་བཞིན་བླང།། གཞོགས་བསྐམས་ཉི་མ་བཞི་རུ་བཤད།། ར་ཡ་ཨ་སྟེ་ཀྵ་ནི་ཨེ།། དྷ་ཨ་ཨ་སྟེ་ཡ་ནི་ཨོ།། ན་ནི་ཨི་སྟེ་ར་ནི་ཨ། ། གཉིས་དང་གསུམ་བཞི་དེ་བཞིན་བླང།། ལྕོགས་འགྱེལ་ཉི་མ་བཞི་རུ་བཤད།། ན་ནི་ཨེ་ཏེ་ར་ཡ་ཨ།། ཀྵ་ནི་ཨེ་སྟེ་ཡ་དྷ་ཨ།། ཡ་ན་ཨེ་དང་ཨིར་ལྡན་པའོ།། གཉིས་དང་གསུམ་བཞི་དེ་བཞིན་བླང། ། འཕྲེད་ནད་ཉི་མ་བཞི་རུ་བཤད།། ཡ་ན་གཉིས་ནི་ཨོཾ་དང་ཨི།། ར་ཡ་ཨ་སྟེ་ཀྵ་ནི་ཨེ།། ཡ་དྷ་ཨ་སྟེ་ཡ་ནི་ཨོ།། གཉིས་དང་གསུམ་བཞི་དེ་བཞིན་བླང། ཁྲག་ནད་ལེ་བརྒན་ཉི་བཞིར་བཤད།། ན་ནི་ཨ་སྟེ་ཡ་ནི་ཨེ། ། དྷ་ཡ་ཨ་སྟེ་ཡ་ནི་ཨོ།། ད་ནི་ཨོཾ་ཏེ་ར་ནི་ཨུ།། ན་ནི་ཨ་ཞེས་བྱ་བར་གྲགས།། གཉིས་དང་གསུམ་བཞི་དེ་བཞིན་བླང།། སྐྱ་རྦབ་ཉི་མ་བཞི་རུ་བཤད།། རྡོ་རྗེ་གཙུག་ལག་འཁོར་ལོའི་བཤད་རྒྱུད་ཆེན་པོ་ལས། སྤྲུལ་པ་འཕྲིན་ལས་ཀྱི་འཁོར་ལོ་བཏུ་བ་བཤད་པའི་ལེའུ་སྟེ་བདུན་པའོ།།།། ཚད་མ་རྩིས་ཀྱི་དབྱེ་བ་ནི།། ཚད་མ་བཞི་བཅུ་རྩ་དགུ་དང།། འབུམ་དུ་དབྱེ་བར་ཤེས་བྱའོ།། བསྡུས་པ་བཞི་གསུམ་གཉིས་ཀྱང་རུང། ། དེ་ལས་ཕྱེ་ན་བཞི་འམ་བཅུ།། རྨེ་འཁྲུགས་ཕྱེ་བས་བརྒྱ་རྩ་བརྒྱད།། རྩིབས་དང་བཞི་བཅུ་རྩ་དགུར་སྡེབ།། ཡང་གསང་དགུ་པ་ལས་ཀྱི་སྡེབ།། ཡང་ན་རྒྱས་འབྲེང་ཕྱེ་ཡང་རུང།། ཡང་ན་རབ་ཀྱི་སྦྱོར་བས་སྡེབ། ། ཡང་ན་སྒྲ་ལ་ལྔ་འགྱུར་སྡེབ།། ཡང་ན་དུར་ཁྲོད་ལྔ་འགྱུར་སྡེབ།། ཡང་ན་ཐུན་ལ་དྲུག་འགྱུར་སྡེབ།། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། ཚད་མ་རྩིས་ཀྱི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་གསང་བའི་བདག་པོ་རྡོ་རྗེ་འཆང་བས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་བདེར་གཤེགས་བཅོམ་ལྡན་འདས།། ཁྲོ་བོ་རྡོ་རྗེ་གཙུག་ལག་གི། འཁྲུལ་འཁོར་བདག་ལ་བཤད་དུ་གསོལ། ། ཞེས་གསུངས་པ་དང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ།། འཁོར་ལོ་ཞུ་བ་རབ་ཏུ་ལེགས།། འཁོར་ལོའི་དོན་རྣམས་ངས་བཤད་ཀྱི།། འགྲོ་ལ་ཕན་ཕྱིར་གུས་པར་ཉོན། ། འཁོར་ལོའི་རྒྱུད་དོན་འབུམ་ཕྲག་ལྔ།། སྐུ་གསུང་ཐུགས་དང་ཡོན་ཏན་ལྔ།། འཕྲིན་ལས་དང་ནི་རྣམ་པ་ལྔ།། བསྐོར་ཐབས་རྣམ་པ་བཞིར་བཤད་དེ།། འདོད་ཆགས་བཤིག་པའི་འཁོར་ལོ་ནི། ། བརྒྱད་དང་བཅུ་དྲུག་སུམ་ཅུ་གཉིས།། དྲུག་ཅུ་བཞི་པར་ཤེས་པར་བྱ།། དེ་ལ་རྣམ་པ་གཉིས་ཡིན་ཏེ།། རྟེན་ཅན་དང་ནི་རྟེན་མེད་དོ།། རྟེན་མེད་བསམ་གཏན་བཞི་ལས་ནི།། ཡན་ལག་རྣམ་པ་ལྔ་རུ་བཤད།། རྟེན་ཅན་ལ་ཡང་བདུན་དུ་འགྱུར། ། ཉོན་མོངས་སྤངས་ཏེ་བདུད་བཞི་བཅོམ།། ཡན་ལག་ཉི་ཤུ་རྩ་བརྒྱད་པའི།། བསམ་གཏན་གྱི་ནི་ས་ལ་གནས།། ཡན་ལག་སུམ་ཅུ་ལྡན་པ་ཡི།། བསམ་གཏན་གྱི་ནི་ཚེ་འདི་ལ།། རྡོ་རྗེ་འཛིན་གྱི་ས་ལ་གནས། ། འདི་དོན་ཡན་ལག་བྲལ་བ་ཡི།། ངན་སོང་གནས་འགྲོ་མུ་སྟེགས་ལྟུང།། ཞེ་སྡང་གཅོད་པའི་འཁོར་ལོ་ནི།། ཉོན་མོངས་ཉིད་ནི་ཡེ་ཤེས་ལ།། མུན་པ་ཉིད་ནི་སྣང་བ་སྟེ།། ཡེ་ནས་རྫོགས་པའི་སངས་རྒྱས་ཏེ། ། ས་དང་ལམ་ལ་འགྲོད་དང་བྲལ།། སྡུག་བསྔལ་ཉིད་ན་ཡེ་ཤེས་སོ།། མཚམས་མེད་ལྔ་པོ་འབྲས་བུའི་ཚུལ།། དེས་ནི་སངས་རྒྱས་འབྲས་བུ་ཐོབ།། རྫོགས་སངས་རྒྱས་ནི་སྡུག་བསྔལ་ཉིད། ། འབྲས་བུ་ཆེན་པོ་ས་ལ་གནས།། ཕྱིར་ལྡོག་དྲག་པོའི་འཁོར་ལོ་ནི།། བཞི་དང་བཅུ་དང་བརྒྱ་རྩ་གཅིག། གསང་བ་གསུམ་ནས་འབུམ་དུ་འགྱུར།། དེ་ལ་འཁོར་ལོ་རྒྱས་འབྲིང་གསུམ།། ལས་དང་དེ་བཞིན་ཤེས་པར་བྱ། ། དེ་དག་ལས་རྣམས་གང་བྱེད་པ།། དང་པོར་གསང་བའི་བསྙེན་པར་བྱ།། གཉིས་པ་གསང་སྔགས་བསྒྲུབ་པ་བྱ།། གསུམ་པ་འཁོར་ལོ་དང་པོ་བསྐོར།། བཞི་པ་འཁོར་ལོ་གཉིས་པ་སྟེ།། ལྔ་པ་འཁོར་ལོ་གསུམ་པ་སྟེ། ། དྲུག་ནས་བདུན་དུ་བསྐོར་བྱས་ཏེ།། དེ་ལ་བཏབ་པའི་ལས་རྣམས་བྱ།། བྲོ་སྟབས་གསང་བ་རྫོགས་པར་བྱ།། མི་ཡི་གསང་བ་རབ་ཏུ་རྫོགས།། བྱང་ཆུབ་སེམས་ཀྱི་ཕུར་པས་གདབ།། མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ཏེ། ། གཞི་ནས་གསང་བ་འབུམ་དུ་འགྱུར།། ཐམས་ཅད་མ་ལུས་སྒྲོལ་བར་འགྱུར།། འབྲས་བུ་མཉམ་ཉིད་རྒྱལ་པོ་ཐོབ།། ཡུལ་དང་བྲལ་བའི་བསྒྲལ་བ་ཡིན།། རྡོ་རྗེ་གཙུག་ལག་གི་འཁྲུལ་འཁོར་གྱི་བཤད་རྒྱུད་ཆེན་པོ་ལས། ཁྲོ་བོ་གཙུག་གི་ཐེམས་བཤད་པའི་ལེའུ་སྟེ་དགུ་པའོ།།།། གཉིས་པ་ཚད་མར་བསྟན་པ་ནི།། སྤྱི་དང་བྱེ་བྲག་གསང་སྔགས་ཏེ།། ལས་སྔགས་ཡན་ལག་བཞི་ཡིས་མཛེས།། བཞི་བཅུ་བརྒྱ་དང་འབུམ་དུ་གྲགས། ། དཀྲུགས་པས་བསྒྲུབ་པའི་སྔགས་སུ་འགྱུར།། འབྲུ་རེ་སྡེབས་པ་ལས་སུ་འགྱུར།། དེ་ཡང་རྣམ་པ་གཉིས་ཡིན་ཏེ།། ཐབས་ཀྱི་ཡོན་ཏན་བསྟན་པས་བཞི།། ཤེས་རབ་ཡོན་ཏན་བཞི་རུ་འགྱུར། ། དང་པོས་འཇིག་པ་བརྒྱད་ལས་སྐྱོབ།། གཉིས་པས་ཡོན་ཏན་དྲུག་ཏུ་འགྱུར།། གསུམ་པས་དང་པོ་དྲུག་འཆིང་བྱེད།། བཞི་པས་མོས་པ་རྣམ་བཞིར་བསྒྱུར།། ཤེས་རབ་རྣམ་པ་བཞི་ཡིན་ཏེ།། དང་པོ་བཀྲ་ཤིས་ཡིན་པར་བཤད། ། གཉིས་པ་དབང་པོ་ཞེས་བྱར་བཤད།། གསུམ་པས་དབང་པོ་བྱ་བར་གྲགས།། བཞི་པས་ཡོན་ཏན་བྱ་བར་འདོད།། རྩ་བ་དེ་ལས་ཡན་ལག་ནི།། རྣམ་པ་བཞི་རུ་ཤེས་པར་བྱ།། དེ་ལ་གསང་བ་ལྔ་དང་ལྡན། ། གཅིག་པ་སྐུ་སྟེ་གཉིས་པ་གསུང།། གསུམ་པ་ཡོན་ཏན་ལྔ་པ་ལས།། གསང་བའི་ཡུམ་ནི་གསུམ་དུ་བཤད།། སྐུ་གསུང་ཐུགས་ཀྱི་གསང་བའོ།། དེ་ལ་གསང་སྔགས་རྒྱན་དང་ལྡན།། དུག་སྤངས་རབ་ཏུ་གསང་བར་གསུངས། ། བྱེ་བྲག་གསང་སྔགས་བསྟན་པ་ནི།། དགུ་འམ་ལྔ་པ་བསྙེན་པར་གསུངས།། བརྒྱད་དང་བཀྲ་ཤིས་བཞི་བསྒྲུབས་ཏེ།། བདུན་བཞི་ལས་ཀྱི་སྔགས་སུ་བཤད།། འཕྲིན་ལས་བཞི་ཞེས་བཤད་པ་ཡིན། ། དང་པོར་རིགས་ཀྱི་ལས་སྔ་སྟེ།། གཉིས་དང་གསུམ་ལ་ལས་བརྒྱད་དོ།། བཞི་པ་ལས་ཞེས་བཤད་པ་ཡིན།། ལྔ་པ་ཐོགས་མེད་ཐམས་ཅད་གྲུབ།། གཅིག་པ་སྐུ་སྟེ་གཉིས་པ་གསུང།། གསུམ་པ་ཐུགས་དང་ཡོན་ཏན་ཡིན། ། ལྔ་པ་ལས་སུ་ཤེས་པར་བྱ།། གཞན་ཡང་རིགས་སུ་དབྱེ་བ་དང།། རིགས་ནི་གཉིས་པར་ཤེས་པར་བྱ།། སྤྱི་དང་བྱེ་བྲག་གསང་སྔགས་ནི།། མཁས་པས་གསང་བའི་རྒྱུད་ལས་ཤེས། ། ལྷ་དང་ལས་ཀྱི་དབྱེ་བ་ཡིན།། རྒྱས་འབྲིང་ཐ་མ་བཞིར་བསྟན་ནོ།། གསང་ཆེན་ཡུམ་གྱི་དབྱེ་བ་ཡི།། གསང་བ་གསུམ་མམ་ལྔ་རུ་བཤད།། ཐོགས་མེད་ལས་ཀྱི་དབྱེ་བ་ཡིས།། རྣམ་པ་བཞི་རུ་ཤེས་པར་བྱ།། རྡོ་རྗེ་གཙུག་ལག་གི་ཁྲུལ་འཁོར་གྱི་བཤད་རྒྱུད་ཆེན་པོ་ལས། ཁྲོ་བོ་གཙུག་ལག་གི་ཚད་མ་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། གསུམ་པ་གསང་བ་བསྟན་པ་ནི།། ལས་ཀྱི་དབྱེ་བ་སྡེབ་པར་ཤེས།། དང་པོར་སྐུ་དང་ལས་སྔགས་ཏེ། ། གཉིས་པར་གསུང་རྩ་ལས་སྔགས་སོ།། གསུམ་པར་ཐུགས་རྩ་ལས་སྔགས་སོ།། བཞི་པར་ཡོན་ཏན་ལས་སྔགས་ཏེ།། ལྔ་པར་འཕྲིན་ལས་ལས་སྔགས་སོ།། སྤྱི་དང་བྱེ་བྲག་གང་བསྒྲུབ་དང། ། གསང་བའི་འཁོར་ལོ་འདི་ལྟར་བསྐོར།། དང་པོ་ལྷ་ལ་བསྐོར་བ་ནི།། རྣམ་པ་བདུན་དུ་ཤེས་པར་བྱ།། དང་པོ་བསྙེན་པའི་འཁོར་ལོ་བསྐོར།། གཉིས་པ་ཉེ་བསྙེན་འཁོར་ལོ་བསྐོར།། གསུམ་པ་བསྒྲུབ་པའི་འཁོར་ལོ་ཡིན། ། བཞི་པ་བསྒྲུབ་ཆེན་འཁོར་ལོ་ཡིན།། ལྔ་པ་འཕྲིན་ལས་འཁོར་ལོ་སྟེ།། དྲུག་པ་འཕྲིན་ལས་འཁོར་ལོ་ཡིན།། བདུན་པ་ཚར་གཅད་འཁོར་ལོ་ཡིན།། ཡང་ན་རྣམ་པ་བཞི་རུ་ཤེས།། བསྙེན་པ་ཉེ་བསྙེན་བསྟན་པ་དང། ། སྒྲུབ་པ་བསྒྲུབ་ཆེན་བསྟན་པའོ།། ཡང་ན་རྣམ་པར་གསུམ་དུ་བསྟན།། བསྙེན་བསྒྲུབ་ལས་ལ་སྦྱར་བའོ།། དེ་དག་ལས་ནི་གང་བསྒྲུབ་དང།། སྤྱི་དང་བྱེ་བྲག་གཉིས་སུ་བཤད།། སྤྱི་ལ་འཁོར་ལོ་བསྐོར་བ་ནི། ། ལྷ་ཡི་འཁོར་ལོ་རབ་རྫོགས་ནས།། དང་པོར་དགུག་པའི་འཁོར་ལོ་སྟེ།། གཉིས་པ་དབྱེ་བའི་འཁོར་ལོ་བསྐོར།། གསུམ་པ་དབང་གི་འཁོར་ལོ་བསྐོར།། བཞི་པ་བསད་པའི་འཁོར་ལོ་སྟེ།། མཚན་མ་བརྟགས་ལ་དབབ་པར་བྱ། ། དེ་ལྟར་ལས་ཐབས་རེ་རེ་ལ།། བྲོ་སྟབས་ལ་སོགས་གསུམ་དང་ལྡན།། ཞི་རྒྱས་ལ་སོགས་འཁོར་ལོ་ནི།། དང་པོ་སྐུ་ཡི་ཞི་བ་སྟེ།། གཉིས་པ་གསུང་གི་ཞི་བ་འོ།། གསུམ་པ་ཐུགས་ཀྱི་ཞི་བ་སྟེ། ། རྒྱས་པ་ལ་སོགས་ལས་ལ་སྦྱར།། རྨེ་འཁྲུག་འཁོར་ལོ་བསྐོར་བ་ལ།། དང་པོར་དཀྲུག་དང་གཉིས་པར་དབབ།། གསུམ་པ་དབྱེ་དང་བཞི་པ་བསྐྲད།། ལྔ་པ་གནན་པ་དྲུག་པ་དཀྲུགས།། བདུན་པ་བསད་པའི་འཁོར་ལོ་བསྐོར། ། སྟབས་པ་ལ་སོགས་ལས་གསུམ་བྱ།། དེ་ལས་ཞི་བའི་འཁོར་ལོ་ནི།། རྣམ་པ་བཞི་རུ་བསྐོར་བར་བྱ།། དེ་ལས་རྒྱས་པའི་འཁོར་ལོ་བསྐོར།། བྲོ་སྟབས་ལ་སོགས་རྫོགས་པར་བྱ།། ལས་མཐའ་ཐམས་ཅད་རབ་ཏུ་བསྡུ། ། རྡོ་རྗེ་གཙུག་ལག་འཁྲུལ་འཁོར་གྱི་བཤད་རྒྱུད་ཆེན་པོ་ལས། ཁྲོ་བོ་གཙུག་ལག་གི་རྩིབས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་གསང་བའི་བདག་པོ་རྡོ་རྗེ་འཆང་བས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་བདེ་གཤེགས་བཅོམ་ལྡན་འདས། རྡོ་རྗེ་པདྨ་གཙུག་ལག་གི་འཁྲུལ་འཁོར་བདག་ལ་བཤད་དུ་གསོལ།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ།། འཁོར་ལོ་ཞུ་བ་རབ་ཏུ་ལེགས།། འཁོར་ལོའི་དོན་རྣམས་ངས་བཤད་ཀྱིས།། འགྲོ་ལ་ཕན་ཕྱིར་གུས་པར་ཉོན།། པདྨའི་རྒྱུད་དོན་འབུམ་ཕྲག་ལྔ། ། དང་པོར་ཐེམས་ཀྱི་ཇི་ལྟར་དབྱེ།། དང་པོར་ཆོས་སྐུ་འཁོར་ལོ་ནི།། རིན་ཆེན་འོད་དང་འབར་བ་སྟེ།། སྣ་ཚོགས་སྣང་ལ་རང་བཞིན་མེད།། གཉིས་པ་ལོངས་སྐུ་འཁོར་ལོ་སྟེ།། མི་འགྱུར་རྡོ་རྗེ་སྣ་ཚོགས་གསལ། ། གསུམ་པ་སྤྲུལ་པའི་འཁོར་ལོ་ནི།། དག་བྱེད་པདྨ་སྣ་ཚོགས་འབར།། དབུས་ཀྱི་འཁོར་ལོ་མཚན་པ་ཡི།། གཉིས་པ་བཞི་པ་ལས་འཁོར་ཏེ།། རྒྱས་འབྲིང་ཐ་མ་གསུམ་དུ་བསྟན།། བཞི་བརྒྱད་རྣམ་པ་བཅུ་རྣམས་སོ། ། བཞི་ནི་ལས་ཆེན་འཁོར་ལོ་སྟེ།། བརྒྱད་ནི་གསང་ཆེན་ཤེས་རབ་ཡིན།། བཅུ་ནི་ལས་རབ་ཆེན་པོའོ།། རྨེ་འཁྲུག་འཁོར་ལོ་གསུམ་མམ་བཞི།། རང་དང་གཞན་དང་མུ་སྟེགས་དང།། ཉན་ཐོས་སྡེ་བཞིར་བཤད་པ་ཡིན། ། དེ་དག་ལས་ནི་གང་བྱེད་དང།། བསྲུང་པ་གཅིག་ལས་རྒྱས་འབྲིང་ཐ།། དང་པོར་ལས་སུ་བཤད་ཡིན་པ།། གནན་པ་གཅིག་ལས་རྒྱས་འབྲིང་ཐ།། གཉིས་པའི་ལས་སུ་བཤད་པ་ཡིན། ། བཟློག་པ་གཅིག་ལ་རྒྱས་འབྲིང་ཐ།། གསུམ་པའི་ལས་སུ་བསྟན་པ་ཡིན།། ཕྱེ་བས་རྣམ་པ་བཅུ་གཉིས་ཏེ།། བསྡུས་པ་རྣམ་པ་དགུ་རུ་འགྱུར།། ཤིན་ཏུ་བསྡུས་ན་གསུམ་དུ་འདུས།། གཞན་ཡང་བྱས་གཤིག་ཞེན་བཟློག་དང། ། ཟུག་པ་དབྱུང་དང་གནས་པ་སྤོངས།། བཅིངས་པ་བཀྲོལ་དང་སྡེ་བརྒྱད་དཀྲུག། འཁོར་ལོ་བཞི་བསྡུ་བྱད་ཁ་བཏུ།། སྤར་བུ་གཤིག་དང་དཔལ་གསད་དང།། རྡོ་རྗེ་རྒྱ་གྲམ་གཤིག་པ་དང།། ཐེ་རང་དཀར་གཅིག་ཀླུ་འཁོར་གཤིག། བཅིང་དང་གཟིར་དང་གསད་པ་དང།། ཕན་བྱ་གནོད་དང་གནོད་བྱ་ཕན།། རྨེ་འཁྲུག་བདུན་དང་ལྔ་པ་དང།། བརྒྱད་དང་བཅུ་པར་ཤེས་པར་བྱ།། རྡོ་རྗེ་གཙུག་ལག་འཁོར་ལོའི་བཤད་རྒྱུད་ཆེན་པོ་ལས། པདྨ་གཙུག་ལག་གི་ཐམས་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། གཉིས་པ་ཚད་མ་བསྟན་པ་ནི།། ཚད་མ་རྣམ་པ་ལྔ་ཡིན་ཏེ།། བཏུ་བ་རྣམ་པ་གཉིས་སུ་འདུས།། རྩ་བ་ཡི་ནི་ལས་སྔགས་སོ། ། རྩ་བ་ཉི་ཤུ་རྩ་ལྔ་སྟེ།། ལས་སྔགས་རྒྱས་འབྲིང་ཐ་མའོ།། སྐུ་ཡི་སྐུ་སྟེ་བཅུ་བདུན་ལ།། བསྙེན་པ་རྟགས་ཕྱུང་ཐོབ་པར་བྱ།། སྐུ་ཡི་གསུང་སྟེ་བཅུ་བདུན་ལ།། གསུང་གི་རྟགས་བྱང་ཐོབ་པར་བྱ།། སྐུ་ཡི་ཐུགས་ཏེ་བཅུ་བདུན་ལ། ། ཐུགས་ཀྱི་རྟགས་བྱུང་ཐོབ་པར་བྱ།། སྐུ་ཡི་ཡོན་ཏན་བཅུ་བདུན་ལ།། ཡོན་ཏན་རྟགས་བྱུང་ཐོབ་པར་བྱ།། སྐུ་ཡི་འཕྲིན་ལས་བཅུ་བདུན་ལ།། འཕྲིན་ལས་རྟགས་བྱུང་ཐོབ་པར་བྱ། ། དེ་རྫོགས་བསྙེན་པར་ཤེས་པར་བྱ།། གསུང་གི་སྐུ་སྟེ་བཅུ་དྲུག་དང།། གསུང་གི་གསུང་སྟེ་བཅུ་དྲུག་དང།། གསུང་གི་ཐུགས་ཏེ་བཅུ་དྲུག་དང།། གསུང་གི་ཡོན་ཏན་བཅུ་དྲུག་དང།། གསུང་གི་འཕྲིན་ལས་བཅུ་དྲུག་ནི། ། ཉེ་བསྙེན་ཞེས་ནི་བཤད་པ་ཡིན།། ཐུགས་ཀྱི་སྐུ་སྟེ་བཅོ་ལྔ་དང།། ཐུགས་ཀྱི་གསུངསྟེ་བཅོ་ལྔ་དང།། ཐུགས་ཀྱི་ཡོན་ཏན་བཅོ་ལྔ་དང།། ཐུགས་ཀྱི་འཕྲིན་ལས་བཅོ་ལྔ་དང།། བསྒྲུབ་པ་ཞེས་ནི་བཤད་པ་ཡིན། ། ཡོན་ཏན་སྐུ་སྟེ་བཅུ་བཞི་དང།། ཡོན་ཏན་ཐུགས་ཏེ་བཅུ་བཞི་དང།། ཡོན་ཏན་ཡོན་ཏན་བཅུ་བཞི་དང།། ཡོན་ཏན་འཕྲིན་ལས་བཅུ་བཞི་ནི།། བསྒྲུབ་ཆེན་ཞེས་སུ་བཤད་པ་ཡིན།། འཕྲིན་ལས་སྐུ་ནི་བཅུ་གསུམ་དང། ། འཕྲིན་ལས་གསུང་ནི་བཅུ་གསུམ་དང།། འཕྲིན་ལས་ཐུགས་ནི་བཅུ་གསུམ་དང།། འཕྲིན་ལས་ཡོན་ཏན་བཅུ་གསུམ་དང།། འཕྲིན་ལས་འཕྲིན་ལས་བཅུ་གསུམ་ནི།། འཕྲིན་ལས་ཞེས་ནི་བཤད་པ་ཡིན། ། དེ་རྣམས་གཡོན་དུ་བཟླས་པ་ནི།། ཡུམ་གྱི་སྔགས་སུ་བཤད་པ་ཡིན།། ལྔ་པ་སྤྱིར་ནི་དྲིལ་བྱས་པས།། ཡོངས་སུ་རྫོགས་པའི་འཕྲིན་ལས་ནི།། མནན་བསྲེག་འཕང་གསུམ་རྫོགས་པར་སྦྱར།། དབང་གི་རྟ་བྲོ་རྟག་ཏུ་བརྡུང། ། དམུན་ལོང་རྒྱབ་སྦྲེལ་དག་ཏུ་བསྐུལ།། བརྟུལ་ཞུགས་བརྒྱད་བརྒྱད་དྲག་སྔགས་བཟླས།། དུར་ཁྲོད་མ་བརྒྱད་འཁོར་ལོ་བསྐོར།། དབང་གི་ཀླུ་བརྒྱད་བླངས་ནས་ནི།། དྲེགས་པའི་ཀླུ་བརྒྱད་དབང་དུ་བསྡུ། ། དབང་གི་རྟ་བྲོ་གསུམ་བརྡུངས་ལ། ཁམས་གསུམ་ཐམས་ཅད་རྡུལ་དུ་རླག། སངས་རྒྱས་སེམས་ཅན་ཟས་སུ་ཟ།། རྡོ་རྗེ་གཙུག་ལག་གི་འཁྲུལ་འཁོར་གྱི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་པདྨ་གཙུག་ལག་གི་ཚད་མ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། གསུམ་པའི་གསང་བ་བསྟན་པ་ནི།། ལས་ཀྱི་དབྱེ་བ་ཤེས་བྱ་སྟེ།། སྐུ་ཡིས་རང་གི་སྡེ་པ་སྒྲོལ།། གསུང་གིས་གཞན་གྱི་སྡེ་པ་སྟེ།། ཐུགས་ཀྱིས་མུ་སྟེགས་ལོག་ལྟ་སྒྲོལ། ། ཡོན་ཏན་ཉན་ཐོས་སྡེ་བཞི་སྒྲོལ།། འཕྲིན་ལས་སྤྱི་ཡི་སྒྲོལ་སྔགས་སོ།། ལས་དང་ལྔ་རུ་ཤེས་བྱ་སྟེ།། ཞི་དང་རྒྱས་དང་དབང་དང་ནི།། དྲག་པོ་ལས་དང་སྣ་ཚོགས་ལྔ།། ཞི་བ་སྐུ་སྡེ་དབང་གི་གསུང།། དྲག་པོ་ཐུགས་ཏེ་ཡོན་ཏན་རྒྱས། ། འཕྲིན་ལས་སྣ་ཚོགས་སྦྱར་བར་བྱ།། གཞན་ཡང་ལས་སྣ་ཚོགས་རྒྱས་འབྲིང་བཞི།། བཞི་བཅུ་བརྒྱ་རྩ་འབུམ་དུ་གསུང།། སྐུ་དང་བཞི་བཅུ་བརྒྱ་རྩ་འབུམ།། ཐུགས་ཀྱི་བཞི་བཅུ་བརྒྱ་རྩ་འབུམ། ། ཡོན་ཏན་བཞི་བཅུ་བརྒྱ་རྩ་འབུམ།། འཕྲིན་ལས་བཞི་བཅུ་བརྒྱ་རྩ་འབུམ།། རྨེ་འཁྲུག་ལས་ཀྱི་དབྱེ་བ་རྣམས།། རིག་སྔགས་གནན་དང་བསྲུང་བ་དང།། བཟློག་དང་བཅིང་དང་བྲལ་བ་དང།། དགུག་དང་དབང་བསྡུ་གཟིར་བ་དང། ། ལས་ཀྱི་དབྱེ་བས་ཤེས་པར་བྱ།། ཟབ་ཅིང་རྒྱ་ཆེ་གསང་བའི་གཏེར།། དང་པོ་སྐུ་སྟེ་ཡོན་ཏན་དང།། གཉིས་པ་གསུང་སྟེ་འཕྲིན་ལས་ནི།། དང་པོ་ལས་ནི་ཤེས་པར་བྱ། ། དང་པོ་གསུང་སྟེ་གཉིས་པ་སྐུ།། གསུམ་པ་ཐུགས་ཏེ་བཞི་བ་གསུང།། གཉིས་པའི་དུས་སུ་ཤེས་པར་བྱ།། དང་པོ་ཐུགས་ཏེ་ཡོན་ཏན་དང།། གཉིས་པ་འཕྲིན་ལས་ཐ་མ་སྐུ།། གསུང་གྱི་དུས་སུ་ཤེས་པར་བྱ། ། དང་པོ་ཡོན་ཏན་གཉིས་པ་ཐུགས།། སྐུ་སྟེ་ཐ་མ་གསུང་དང་ལྡན།། བཞི་པའི་དུས་སུ་ཤེས་པར་བྱ།། དང་པོ་འཕྲིན་ལས་གཉིས་པ་ཐུགས།། ཡོན་ཏན་ཐ་མ་གསུང་དང་ལྡན།། ལྔ་པའི་དུས་སུ་ཤེས་པར་བྱ།། སྐུ་གཉིས་ཐ་མ་གསུང་དང་ལྡན། ། རྨེ་འཁྲུག་དུས་སུ་ཤེས་པར་བྱ།། གསུང་གི་ཐ་མ་སྐུ་དང་ལྡན།། རྨེ་འཁྲུག་དུས་སུ་ཤེས་པར་བྱ།། ཐུགས་གཉིས་ཐ་མ་སྐུ་དང་ལྡན།། རྨེ་འཁྲུག་དུས་སུ་ཤེས་པར་བྱ།། སྐུ་གཉིས་ཐ་མ་ཐུགས་དང་ལྡན། ། རྨེ་འཁྲུག་དུས་སུ་ཤེས་པར་བྱ།། གསུང་གཉིས་ཐ་མ་ཐུགས་དང་ལྡན།། རྨེ་འཁྲུག་དུས་སུ་ཤེས་པར་བྱ།། གཞན་ཡང་ཉི་ཤུ་རྩ་ལྔར་འཁྲུག། རྨེ་འཁྲུག་དུས་སུ་ཤེས་པར་བྱ།། རྡོ་རྗེ་གཙུག་ལག་གི་འཁྲུལ་འཁོར་གྱི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་པདྨ་གཙུག་ལག་གི་རྩིས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་གསང་བའི་བདག་པོ་རྡོ་རྗེ་འཆང་བས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་བདེ་གཤེགས་བཅོམ་ལྡན་འདས།། རྡོ་རྗེ་ཕུར་པ་གཙུག་ལག་གི། འཁྲུལ་འཁོར་བདག་ལ་བཤད་དུ་གསོལ།། ཞེས་གསོལ་པ་དང།། བཅོམ་ལྡན་ཀྱིས་བཀའ་སྩལ་པ།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ། ། འཁོར་ལོ་ཞུ་བ་རབ་ཏུ་ལེགས།། འཁྲུལ་འཁོར་དོན་རྣམས་ངས་བཤད་ཀྱི།། འགྲོ་ལ་ཕན་ཕྱིར་གུས་པས་ཉོན།། ཕུར་པའི་རྒྱུད་དོན་འབུམ་ཕྲག་ལྔ།། རིགས་ནི་རྣམ་པ་ལྔར་བཤད་དེ།། བདེ་གཤེགས་རིགས་དང་རྡོ་རྗེའི་རིགས། ། རིན་ཆེན་རིགས་དང་པདྨའི་རིགས།། ལས་ཀྱི་རིགས་དང་རྣམ་པ་ལྔ།། འཁྲུལ་འཁོར་རྣམ་པ་གསུམ་དུ་འདུས།། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ།། སྐུ་ལས་བྱུང་བའི་འཁོར་ལོར་འཕྲོས། ། མཚན་མ་རྣམས་པ་གསུམ་དུ་བཤད།། ཆོས་སྐུ་རིན་ཆེན་འོད་འབར་མཚན།། ལོངས་སྐུ་རྡོ་རྗེ་སྣ་ཚོགས་མཚན།། སྤྲུལ་སྐུ་པདྨ་འབར་བས་མཚན།། དེ་ལས་སྐུ་འཁོར་རྒྱས་འབྲིང་གསུམ།། བརྒྱད་དང་བཅུ་དང་རྫོགས་པའོ། ། ཡེ་ཤེས་ལྔ་ཡི་ཁ་དོག་གསལ།། ལས་ཀྱི་འཁོར་ལོར་བཤད་པ་ཡིན།། དེ་ལས་སྤྲོས་པ་འབུམ་དུ་འགྱུར།། བསྡུས་པ་རྣམ་པ་ལྔ་རུ་བཤད།། ལས་ཀྱི་དབྱེ་བས་བཅུ་དྲུག་འགྱུར།། བསྡུས་པའི་འཁོར་ལོར་བཤད་པའོ། ། གསང་ཆེན་ལས་བརྒྱ་རྣམ་པ་གསུམ།། ཕོ་བྲང་ལྷ་ནི་དཀྱིལ་འཁོར་གསུམ།། དེ་ཡང་ཕྱི་ནང་གསང་བ་གསུམ།། རྟག་པ་ཤེས་རབ་འཁོར་ལོ་བཞི།། ལྷ་ཡི་དཀྱིལ་འཁོར་རྒྱས་འབྲིང་བསྒོམ། ། འཁྲུལ་འཁོར་ལས་ཀྱི་འཁོར་ལོ་ནི།། རྟེན་འབྲེལ་རྫས་ཀྱི་རྣམ་པར་བཤད།། དེ་ལས་རྒྱས་འབྲིང་ཐ་མ་གསུམ།། དེ་ལས་ཡན་ལག་རྒྱས་འབྲིང་གསུམ།། བཞི་དང་ལྔ་པ་ཐ་མ་སྟེ།། བདུན་པ་འབྲིང་གི་ཐེམས་སུ་བཤད། ། བཅུ་པས་རྒྱས་འབྲིང་ཐེམས་སུ་བཤད།། སྐྱོན་ནི་བཞི་ལྔ་བདུན་དང་བཅུ།། དེ་བཟློག་ཐེམས་ཀྱི་ཡོན་ཏན་ནོ།། ཡང་ནི་འཁོར་ཐེམས་རྣམ་པ་གསུམ།། ཡན་ཏྲ་མན་ཏྲ་ཏན་ཏྲ་གསུམ། ། ཡན་ཏྲ་རྒྱས་འབྲིང་རྣམ་གསུམ་སྟེ།། མན་ཏྲ་རྒྱས་འབྲིང་གསུམ་མམ་བཞི།། ཏན་ཏྲ་རྒྱས་འབྲིང་སྔགས་སུ་ཤེས།། རྨེ་འཁྲུག་ཐེམས་ལ་གསུམ་དུ་བསྟན།། དེ་ལས་ལས་ཀ་རྒྱས་འབྲིང་གསུམ།། བྱས་པ་གཤིག་དང་རིག་སྔགས་བཅད། ། ཟུག་པ་དབྱུང་དང་བྱེད་ལས་གྲོལ།། ཞེན་པ་བཟློག་དང་མཐུ་བྱིན་འཕྲོག། དེ་ལས་སྤྲོས་ན་འབུམ་དུ་འགྱུར།། བསྡུ་ན་བརྒྱ་རྩ་གཅིག་ཏུ་འདུས།། རྡོ་རྗེ་གཙུག་ལག་གི་འཁྲུལ་འཁོར་གྱི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་ཕུར་པ་གཙུག་ལག་གི་ཐེམས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། གཉིས་པ་ཚད་མ་བསྟན་པ་ནི།། ཚད་མ་བརྒྱ་དང་ཉི་ཤུ་སྟེ།། ཡན་ལག་རྣམ་པ་དྲུག་བཅུ་ལྡན།། དང་པོར་ཚད་མ་ཉི་ཤུ་བཞི། ། ཡན་ལག་རྣམ་པ་བཅུ་གཉིས་ལྡན།། གཏི་མུག་སྒྲོལ་བའི་འཁྲུལ་འཁོར་ཏེ།། རིགས་རྣམས་བསྡུས་བའི་འཁོར་ལོར་བཤད།། བདེ་གཤེགས་ཁྲོས་པའི་འཁྲུལ་འཁོར་རོ།། གཉིས་པ་ཚད་མ་བསྟན་པ་ནི། ། ཚད་མ་ཉི་ཤུ་རྩ་བཞི་སྟེ།། ཡན་ལག་རྣམ་པ་བཅུ་གཉིས་ལྡན།། དང་པོར་ཚད་མ་ཉི་ཤུ་བཞི།། ཞེ་སྡང་སྒྲོལ་བའི་འཁྲུལ་འཁོར་ཏེ།། རྡོ་རྗེ་བསྡུས་པའི་འཁོར་ལོར་བཤད།། རྡོ་རྗེ་བསྡུས་པའི་འཁྲུལ་འཁོར་རོ། ། གསུམ་པའི་ཚད་མ་བསྟན་པ་ནི།། ཚད་མ་ཉི་ཤུ་རྩ་བཞི་སྟེ།། ཡན་ལག་རྣམ་པ་བཅུ་གཉིས་ལྡན།། ང་རྒྱལ་བསྒྲལ་བའི་འཁྲུལ་འཁོར་ཏེ།། རིན་ཆེན་བསྡུས་པའི་འཁོར་ལོར་བཤད།། རིན་ཆེན་ཁྲོས་པའི་འཁྲུལ་འཁོར་རོ། ། བཞི་བའི་ཚད་མ་བསྟན་པ་ནི།། ཚད་མ་ཉི་ཤུ་རྩ་བཞི་སྟེ།། ཡན་ལག་རྣམ་པ་བཅུ་གཉིས་ལྡན།། འདོད་ཆགས་སྒྲོལ་བའི་འཁྲུལ་འཁོར་རོ།། པདྨ་འདུས་པའི་འཁོར་ལོར་བཤད།། པདྨ་ཁྲོས་པའི་འཁྲུལ་འཁོར་རོ། ། ལྔ་པའི་ཚད་མ་བསྟན་པ་ནི།། ཚད་མ་ཉི་ཤུ་རྩ་བཞི་སྟེ།། ཡན་ལག་རྣམ་པ་བཅུ་གཉིས་ལྡན།། ཕྲག་དོག་སྒྲོལ་བའི་འཁྲུལ་འཁོར་ཏེ།། འཕྲིན་ལས་འདུས་པའི་འཁོར་ལོར་བཤད།། ལས་རབ་ཁྲོས་པའི་འཁྲུལ་འཁོར་རོ། ། ཡི་གེ་གྲངས་ཀྱི་ངེས་འཛིན་ནི།། ན་ཡ་རྣམ་པ་ལྔ་རུ་བརྩི།། དང་པོ་ལས་ནི་འཁོར་ལོ་སྒྲ།། ན་ཡ་རྣམ་པ་གཉིས་སུ་བགྲང།། དེ་ལས་རྣམ་པ་བཅོ་ལྔའོ།། གཉིས་པ་ལས་ནི་རྡོ་རྗེ་སྒྲ།། ན་ཡ་རྣམ་པ་གཉིས་སུ་བགྲང། ། དེ་ལ་རྣམ་པ་བཅོ་ལྔའོ།། གསུམ་པ་ལ་ནི་རིན་ཆེན་སྒྲ།། ན་ཡ་རྣམ་པ་གཉིས་སུ་བགྲང།། དེ་ལས་རྣམ་པ་བཅོ་ལྔའོ།། བཞི་པ་ལ་ནི་པདྨའི་སྒྲ།། ན་ཡ་རྣམ་པ་གཉིས་སུ་བགྲང།། དེ་ལ་རྣམ་པ་བཅོ་ལྔའོ། ། ལྔ་པ་ལ་ནི་འཕྲིན་ལས་སྒྲ།། ན་ཡ་རྣམ་པ་གཉིས་སུ་བགྲང།། དེ་ལས་རྣམ་པ་བཅོ་ལྔའོ།། དེ་ལྟར་གསང་སྔགས་ཉི་ཤུ་ལས།། བརྒྱ་ཡི་སྒྲ་དང་རབ་ལྡན་པས།། རིགས་ལྡན་གསང་བའི་རྒྱུད་ལས་བཏུ། ། ཚད་མ་བརྒྱད་དང་ཉི་ཤུ་ནི།། གསང་སྔགས་དངོས་གྲུབ་རྩ་བ་སྟེ།། ཡན་ལག་རྣམ་པ་དྲུག་ཅུ་ནི།། དངོས་གྲུབ་འབྱུང་བའི་རྐྱེན་དུ་གསུངས།། དེ་ལས་དངོས་གྲུབ་ཐམས་ཅད་འབྱུང།། ཡང་ན་གསང་སྔགས་སྐྱེས་བུར་བསྒྱུར། ། ལས་རྣམས་གང་འགྲུབ་འདོད་པས་སྦྱར།། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་ཕུར་པ་གཙུག་ལག་གི་ཚད་མ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། གསུམ་པ་རྩིས་ཀྱི་མན་ངག་བཤད། ། བསྙེན་པ་དང་ཉེ་བསྙེན་པ།། བསྒྲུབ་པ་དང་ནི་བསྒྲུབ་ཆེན་དང།། རྣམ་པ་ཉི་ཤུར་བཤད་པ་ཡིན།། རྩ་བའི་བསྙེན་པ་བཅོ་ལྔ་ལ།། གཟས་པ་གཏན་འཕོ་དྲག་པོ་དང།། ཡོངས་སུ་སྒྲོལ་བར་དབྱེ་བར་བྱ། ། འཁོར་གྱི་བསྙེན་པ་བཞི་ཡིན་ལ།། ཕྱེ་བས་རྣམ་གྲངས་ཉི་ཤུར་བརྗོད།། ཡོངས་སུ་རྫོགས་པས་བརྒྱ་རྩར་བཤད།། ཕན་བྱ་ལྷ་སྔགས་དབྱེ་བ་ཡིས།། རྣམ་པ་བཅུ་ཞེས་བཤད་པ་ཡིན།། གནོད་བྱེད་ལྷ་སྔགས་དབྱེ་བ་ཡིས། ། ཕྱོགས་ཀྱི་སྒྲ་ཞེས་བཤད་པ་ཡིན།། ཀུན་ཡང་སྦྱོར་བ་སྡེབས་པ་ནི།། གསང་བ་བཅུ་རུ་ཤེས་པར་བྱ།། རྣལ་འབྱོར་ནང་རྨེ་འཐབ་བྱེད་ཚེ།། ཤི་བའི་རྣམ་པ་གསུམ་ལས་བཅུ།། ཕྱི་བས་བརྒྱ་རྩ་འབུམ་དུ་འགྱུར། ། འཁོར་ལོ་རྣམ་པ་ལྔ་བཅུ་སྟེ།། ཕན་གནོད་ཕྱེ་བས་བརྒྱ་རུ་འགྱུར།། རྨེ་འཁྲུག་ཕྱེ་བས་ལྔ་བརྒྱར་འགྱུར།། དུག་མདའ་ལྔ་བཅུ་རྩ་གཅིག་གོ། དྲག་པོ་ཐུན་ལ་ལྔ་བཅུ་ཉིད།། ལས་ཀྱི་དབྱེ་བ་བཅུ་ཉིད་དེ།། ཞི་དང་རྒྱས་དང་དབང་དང་དྲག། བསྐྲད་དང་དབྱེ་དང་དགུག་དང་བསྲེག། གནན་དང་བཅིང་བར་གསུངས་པ་སྟེ།། ཕྱོགས་སྐྱོང་བཅུ་འདུལ་བགེགས་ཀྱི་གཤེད།། ཕྱི་བས་རྣམ་པ་བརྒྱད་བཤད་དེ།། བསྡུ་ན་རྣམ་པ་ལྔ་བཅུ་ཉིད། ། གིང་གི་རྣམ་པ་ལྔ་རུ་འགྱུར།། རྨེ་འཁྲུག་ཕྱེ་བས་ལྔ་བརྒྱར་འགྱུར།། ལས་རྣམས་ཐམས་ཅད་ཐོག་མེད་འགྲུབ།། གཉེན་པོ་མགོ་སྟེ་རྩ་བ་ལུས།། ཡན་ལག་གཉིས་དང་དེ་བཞིན་ནོ།། ལས་བྱེད་རྩ་བ་ཡན་ལག་གཉིས། ། ལུས་དང་ཡན་ལག་བར་དུ་སྤེལ།། སྤེལ་བ་དགྲ་བགེགས་གང་ཡང་རུང།། ལུས་ཀྱི་སྡུད་བྱེད་འཇུག་ལ་སྟེ།། གསང་བ་ལས་ཀྱི་འཁོར་ལོ་བཤད།། དུག་མཐའ་གིང་ཉིད་མཐའ་ཉིད་ལ།། ལས་བྱེད་རྩ་བ་དང་པོ་རུ། ། སྦྱོར་བ་གོང་འོག་གཉིས་སུ་འགྱུར།། གསང་སྔགས་འཁྲུལ་འཁོར་ལྔ་ཉིད་ལ།། སྦྱོར་བ་མཁས་པས་སྡེབ་པར་བཤད།། ལས་ཀྱི་རྩ་བ་གསང་བའི་རྒྱུད།། འཁོར་ལོ་རྒྱུད་ཆེན་གསང་བཤད་པ།། གསང་བའི་རྒྱུད་ལས་ཐུག་པར་བཤད། ། གསང་བ་རྩ་བ་ཚད་མ་སྟེ།། ཚད་མ་ཐེབས་ཀྱིས་སྒྲོལ་བར་བཤད།། ཐེབས་ཀྱིས་མཐའ་ནི་རྩིས་ལ་ཐུག། རྩིས་མཐའ་ཡི་གེ་ངོས་འཛིན་ཡིན།། ཡི་གེ་མཐའ་ནི་ཕ་དང་མ།། ཕ་མ་མཐའ་ནི་སྡེབས་པའོ། ། སྡེབས་པས་དངོས་གྲུབ་གང་འདོད་འབྱུང།། གསང་སྔགས་ཡིད་བཞིན་ནོར་བུ་ལ།། གསང་སྔགས་ལྔ་ལས་འདོད་པ་འབྱུང། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་ཕུར་པ་གཙུག་ལག་གི་རྩིས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །།། ཡང་གསང་བདག་པོ་རྡོ་རྗེ་འཆང་བས།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས། ། རྡོ་རྗེ་འཛིན་པ་གཙུག་ལག་གི། འཁྲུལ་འཁོར་བདག་ལ་བཤད་དུ་གསོལ།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ།། འཁོར་ལོ་ཞུ་བ་རབ་ཏུ་ལེགས། ། འཁོར་ལོའི་དོན་རྣམས་ངས་བཤད་ཀྱིས།། འགྲོ་ལ་ཕན་ཕྱིར་གུས་པས་ཉོན།། གསང་སྔགས་འབུམ་དང་བྱེ་བ་བདུན།། དམ་པ་བརྒྱད་དུ་འདུས་ཞེས་བྱ།། དེ་ལ་དང་པོར་གསང་ཐེབས་བཤད། ། འཁོར་ལོ་སྐུ་གསུམ་མཚན་མ་གསུམ།། ཆོས་སྐུ་རིན་ཆེན་འབར་བ་དང།། ལོངས་སྐུ་རྡོ་རྗེ་སྣ་ཚོགས་མཚོན།། སྤྲུལ་པ་དག་པའི་པདྨ་འབར།། སྐུ་འཁོར་དབུས་ཀྱི་དང་པོའོ།། དེ་ལས་འཁོར་ལོ་རྒྱས་འབྲིང་བཞི། ། སུམ་བཅུ་དྲུག་དང་ཉི་ཤུ་བརྒྱད།། བཅོ་བརྒྱད་ལས་བཞིར་བཤད་པ་ཡིན།། སྤྱིར་དོན་འཁོར་ལོ་ཉི་ཤུ་གཅིག། རབ་ཏུ་གསང་བའི་འཁོར་ལོ་སྟེ།། སྐྱོན་སྤངས་ཡོན་ཏན་ལྡན་པའོ།། འཁོར་ལོ་བསྒྲུབ་པ་གཉིས་ཡིན་ཏེ། ། ཐུན་མོང་ཐུན་མོང་མ་ཡིན་པའོ།། ཐུན་མོང་བསྒྲུབ་པ་དྲུག་ཏུ་བསྟན།། སྙིང་པོ་གསང་སྔགས་བསྒྲུབ་པ་དང།། རིག་སྔགས་དྲག་པོར་བསྒྲུབ་པ་དང།། གཟུངས་སྔགས་གསང་བར་བསྒྲུབ་པ་དང།། མདོར་ལྟར་བསྒྲུབ་པ་དྲུག་ཏུ་བཤད། ། བསྒྲུབ་ལུགས་རེ་རེ་དག་ལ་ཡང།། བསྙེན་བསྒྲུབ་ལས་ལ་སྦྱར་བ་སྟེ།། བསྙེན་པའི་བསྒྲུབ་ལུགས་དྲུག་ཉིད་ལ།། གསང་ཆེན་བསྒྲུབ་པ་དྲུག་ཏུ་འདོད།། མཐར་ཕྱིན་ལས་དང་དེ་བཞིན་ནོ། ། ཐུན་མོངས་བསྒྲུབ་ཅེས་བཤད་པ་ཡིན།། གསང་བ་ཐུན་མོངས་མ་ཡིན་པའི།། རྣམ་པ་བཞི་རུ་ཤེས་པར་བྱ།། སྙིང་པོ་ཕྱག་རྒྱ་ཆེན་པོ་དང།། གསང་སྔགས་བསྒྲུབ་དང་རིག་སྔགས་བསྒྲུབ།། གཟུངས་ལྟར་བསྒྲུབ་པ་བཞིར་བཤད་དོ། ། དེ་ལས་གསང་བ་བཅུ་གཉིས་ཏེ།། འཁོར་ལོ་ཉི་ཤུ་རྩ་གཅིག་ལྡན། ཏིང་འཛིན་ལས་ཀྱི་འཁོར་ལོ་བསྐོར།། མན་ཏྲ་འཁོར་ལོ་དྲག་ཏུ་དྲག། ཏན་ཏྲ་འཁོར་ལོ་ལེགས་པར་བཅོ།། རྨེ་འཁྲུག་ལས་ཀྱི་འཁོར་ལོ་ནི། ། གསང་བ་བཅུ་པར་ཤེས་པར་བྱ།། གསང་བ་རྫོགས་ལྡན་འཁོར་ལོ་ནི།། གསང་བ་ཉི་ཤུ་རྩ་གཅིག་གོ། ལས་རྣམས་བྱེད་པའི་འཁོར་ལོ་ནི།། གསང་བ་བརྒྱ་རྩ་གཅིག་ཏུ་འགྱུར།། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་འཛིན་པ་གཙུག་ལག་གི་ཐེམས་བཤད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། གཉིས་པ་ཚད་མ་གསང་བ་བཤད།། ཚད་མ་ཉི་ཤུ་རྩ་བཞི་སྟེ།། དང་པོར་གསང་བ་དྲུག་པ་ཡི།། དང་པོ་རྣམ་པ་གཉིས་ཡིན་ཏེ། ། ཕྱེ་བས་དྲུག་དང་བཞི་རུ་འགྱུར།། དེ་རེ་རྣམ་པ་གསུམ་དུ་བསྟན།། དོན་ཆེན་མན་ངག་བསྙེན་པ་དང།། ཤུགས་ཆེན་སྔོན་དུ་འགྲོ་བ་དང།། ལས་ཆེན་ནོར་བུ་ལུགས་དང་གསུམ། ། ཕྱེ་བས་འདིར་ཡང་ཉི་ཤུ་བཞི།། དམ་པ་རྣམ་པ་བརྒྱད་རྣམས་ཀྱི།། གསང་ལྡན་བཞི་བཅུ་རྩ་བརྒྱད་པ།། བསྙེན་པའི་ཚད་མར་ངས་ལུང་བསྟན།། བསྒྲུབ་པའི་ཚད་མ་ཉི་ཤུ་བཞི།། གཉིས་པའི་གསང་བ་དྲུག་པ་ཡི། ། ཚད་མ་རྣམ་པ་གཉིས་ཡིན་ཏེ།། གསང་ལྡན་བཞི་བཅུ་རྩ་བརྒྱད་པ།། བསྒྲུབ་པའི་ཚད་མར་ངས་ལུང་བསྟན།། ལས་ཀྱི་ཚད་མ་རྒྱས་འབྲིང་བཞི།། དང་པོ་ཚད་མ་བསྟན་པ་ནི།། རབ་ལ་སུམ་ཅུ་རྩ་དྲུག་ལ། ། འབྲིང་ལ་ཉི་ཤུ་རྩ་བརྒྱད་དོ།། ཐ་མ་བཅོ་བརྒྱད་བཞིར་བསྟན་པ།། ཀུན་ལ་རིམ་བཞིན་སྦྱར་བར་བྱ།། ལས་ཀྱི་ཚད་མར་ངས་ལུང་བསྟན།། རྨེ་འཁྲུག་ལྔ་ཡི་ལས་བྱས་ན།། གསང་བ་བཞི་ལས་རེ་རེ་སྟེ།། སྤྱི་ཡི་སྔགས་བསྟན་ལྔ་པ་ཡིན། ། དྲག་པོ་བརྒྱད་དང་གསུམ་རྣམས་དང།། དྲག་སྔགས་སྐྱབས་ཀྱི་ཤེས་བྱ་སྟེ།། གསང་བ་བཅུ་ནས་བརྒྱ་རྩའི་བར།། བཟློག་དང་དཀྲུག་དང་རྣམ་པ་དང།། གསང་བ་བདུན་ནམ་ལྔ་རུ་ཤེས། ། འདྲེན་པའི་ཡི་གེ་བདུན་ནམ་ལྔ།། ཡན་ལག་རྫོགས་པའི་ལས་སྔགས་བརྒྱ།། བརྒྱད་དང་ལྡན་པས་ངས་ལུང་བསྟན།། སྒྲ་ཡི་དྲག་སྔགས་ལྔ་ཡི་མཛེས།། བསྒྱུར་བའི་སྭ་ནི་བརྒྱ་དང་བཅུ།། ལྔ་ལྡན་གསང་བར་ངས་ལུངས་བསྟན། ། དམ་པ་བརྒྱད་ཀྱི་རྗེས་འབྲིང་ནས།། གཅིག་ལ་ལྔ་ལྔར་བར་ཏུ་དབྱེ།། གཙོ་དང་འཁོར་གྱི་དབྱེ་བས་སོ།། རིགས་ནི་ཕྱེ་བས་ལྔ་འམ་གསུམ།། སྤྱི་དང་བྱེ་བྲག་གཉིས་སུ་ཤེས།། སྤྱི་གསང་སྤྱི་ཡི་ལས་རྣམས་ནི། ། གསང་བ་གྲུབ་པའི་ཚོད་དང་སྦྱར།། སྒྲུབ་པ་དལ་དྲག་ཚོད་དང་སྦྱར།། བྱས་པ་བཤིག་དང་ལས་ལ་སྦྱར།། བཀྲུ་དང་བྱབ་དང་བྲབ་དང་གསུམ།། གནན་དང་བསྲེག་དང་འཕང་དང་གསུམ།། མཆོད་དང་ཞི་བྱ་ཡེངས་དང་གསུམ། ། གསང་དང་སྦ་དང་བཀྲག་དང་གསུམ།། བཅོ་ལྔ་རྩ་བའི་མཐའ་ཡིན་ལ།། བཅོ་བརྒྱད་གསང་མཐའ་གཉིས་པའོ།། ཉི་ཤུ་གཅིག་པ་གསུམ་པར་སྦ།། བཅུ་གཉིས་བཀྲག་པར་གསུངས་པ་ཡིན། ། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་འཛིན་པ་གཙུག་ལག་གི་ཚད་མ་བཤད་པའི་ལེའུ་སྟེ་བཅུ་དགུ་པའོ།།།། གསུམ་པར་རྩིས་ཀྱི་རྣམ་གྲངས་བཤད།། རྩིས་ནི་རྣམ་པ་རྒྱས་འབྲིང་བཞི། ། གསང་བའི་ལས་དང་ལྔ་རུ་བཤད།། བསྙེན་པ་གསང་བ་བདུན་དང་ལྡན།། བསྡུས་པའི་རྣམ་པ་གསུམ་དུ་འགྱུར།། བསྒྲུབ་ལུགས་དྲུག་གམ་བཞི་ཉིད་ལ།། རེ་རེ་དག་ལ་གསུམ་གསུམ་མམ།། ཡང་ན་རྫོགས་པ་བདུན་དང་ལྡན། ། ཉོན་མོངས་སྤངས་དང་སྤྱད་དང་མཉམ།། ཚད་མེད་རྫོགས་ལྡན་རབ་ཏུ་གསང།། བསྙེད་བསྒྲུབ་ལས་ལ་སྦྱར་བར་གསུངས།། འཕྲིན་ལས་དབྱེ་བས་བཞི་ལས་ནི།། ཉི་ཤུ་རྩ་བཞིར་ཤེས་པར་བྱ། ། བསྒྲུབ་པ་གསང་བ་བདུན་དང་ལྡན།། བསྡུས་པ་རྣམ་པ་གསུམ་དུ་འགྱུར།། བསྒྲུབ་ལུགས་བཞི་འམ་དྲུག་ཉིད་དམ།། རེ་རེ་དག་ལ་གསུམ་གསུམ་མམ།། ཡང་ན་རྫོགས་པ་བདུན་དང་ལྡན།། ཉོན་མོངས་སྤྱོད་དང་སྤངས་དང་མཉམ། ། ཚད་མེད་རྫོགས་ལྡན་རབ་ཏུ་གསང།། འཕྲིན་ལས་དབྱེ་བ་བཞི་ལས་ནི།། ཉི་ཤུ་རྩ་བཞིར་ཤེས་པར་བྱ།། ལས་ནི་རྣམ་པ་བཞི་ཉིད་ལས།། བཞི་དང་བཅོ་བརྒྱད་ཉི་ཤུ་བཞི། ། གསུམ་བཅུ་རྣམ་པ་དྲུག་དང་ལྡན།། བདུན་དང་དགུ་དང་ལྔ་པ་དང།། ཡང་ན་གསུམ་པར་ཤེས་པར་བྱ།། གཙོ་བོ་འཁོར་དང་ཡན་ལག་དང།། ཡུམ་དང་དེ་འཁོར་ཡན་ལག་བཅས་པ་སྟེ།། སྤྱི་དང་ལས་དང་ལས་ཀུན་བྱེད། ། གསང་སྔགས་དགུ་ཞེས་བཤད་པ་ཡིན།། གསང་བའི་སྒྲ་གཉིས་སྤངས་པ་བདུན།། གབ་པ་སྤངས་པ་བདུན་དུ་འགྱུར།། སྦས་པའི་གཉིས་སྤངས་ལྔ་པ་སྟེ།། ཡན་ལག་བྲལ་བས་གསུམ་མམ་བཞི། ། དང་པོ་འཇུག་ནི་ལས་མྱུར་ཏེ།། དང་པོ་བར་ནི་བཀྲ་ཤིས་འགྱུར།། དང་པོ་ཅི་ཞེས་བཤད་པ་ཡིན།། བར་མ་དང་པོར་མགོ་བར་ལས།། བར་མ་ཐ་མ་སྤྱི་ཞེས་བཤད།། ཐ་མ་དང་པོ་བར་མ་དང།། གསང་བའི་སྒྲ་དང་བཅས་པ་སྤོང། ། གང་ལ་སྤྱད་དང་འགྲུབ་འགྱུར་ཏེ།། སྤྱི་ཡི་ལས་ནི་རྣམ་པ་ལྔ།། རང་དང་གཞན་དང་མུ་སྟེགས་དང།། ཉན་ཐོས་སྤཽག་པར་བཤད་པ་ཡིན།། བྱས་ནས་བྱས་པ་གཞིག་འགྱུར་ཏེ།། བཅིང་དང་མནན་བཟློག་བསྲུང་བ་དང། ། འཁོར་ལོ་གསུམ་གྱི་ལས་ཀྱི་མཐའ།། འབྲེལ་བ་བརྒྱད་ལ་ལས་བརྒྱད་དེ།། གསང་གནས་བཅུ་ལ་ལས་བཅུ་ཡིན།། མཚན་ལ་གསུམ་དང་སྦྱར་བར་བྱ།། དང་པོར་ལྷ་དང་འདྲེ་གདོན་དབྱེ། ། གཉིས་པས་བགེགས་ལ་གསལ་བར་འགྱུར།། གསུམ་པས་ལྷ་ཡི་རྟགས་སུ་འགྱུར།། རིམ་པ་བྱེ་བྲག་རྒྱུད་དུ་བཤད།། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་གཙུག་ལག་གི་རྩིས་བཤད་པའི་ལེའུ་སྟེ་ཉི་ཤུ་པའོ། །།། དེ་ནས་ཡང་གསང་བའི་བདག་པོ་རྡོ་རྗེ་འཆང་བས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏེ།། ཨེ་མ་བདེ་གཤེགས་བཅོམ་ལྡན་འདས།། རྡོ་རྗེ་ཁྱུང་ཆེན་གཙུག་ལག་གི། འཁྲུལ་འཁོར་བདག་ལ་བཤད་དུ་གསོལ།། ཞེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་རྣམས་ཀྱི་དོན་ཕྱིར་དུ།། འཁོར་ལོ་ཞུ་བ་རབ་ཏུ་ལེགས། འཁོར་ལོའི་དོན་རྣམས་ངས་བཤད་ཀྱིས། ། འགྲོ་ལ་ཕན་ཕྱིར་གུས་པར་ཉོན། ཁྱུང་ཆེན་རྒྱུད་སྡེ་འབུམ་ཕྲག་ལྔ།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་རྒྱུད་དང་ལྔ་རུ་བསྟན།། དེ་ལ་དང་པོར་སྦས་ཐེམས་བཤད།། འཁོར་ལོ་སྐུ་གསུམ་མཚན་མ་གསུམ། ། ཆོས་སྐུ་ནོར་བུ་རིན་ཆེན་མཚན།། ལོངས་སྐུ་རྡོ་རྗེ་རྒྱ་གྲམ་མཚན།། སྤྲུལ་སྐུ་པདྨ་སྣ་ཚོགས་མཚན།། སྐུ་འཁོར་དབུས་འཁོར་ལྟེ་བར་རོ།། དེ་ལས་སྐུ་འཁོར་རྒྱས་འབྲིང་གསུམ།། བཅུ་དང་བརྒྱད་དང་བཞི་རྣམས་སོ། ། བཅུ་ནི་ལས་ཀ་བཅུར་བརྒྱན་ཏེ།། ཞི་དང་རྒྱས་དང་དབང་དང་དྲག། དགུག་དང་དབྱེ་དང་བསྐྲད་པ་དང།། གནན་དང་དཀྲུག་དང་སྨྱོ་འབྲོས་དང།། རྣམ་པ་བཅུ་ཞེས་བཤད་པ་ཡིན། ། འབྲིང་ལ་ལས་ཁ་རྣམ་པར་བརྒྱད།། དགུག་དང་བསྐྲད་དང་གདབ་པ་དང།། དབྱེ་དང་མནན་དང་བསད་པ་དང།། བྲུབ་དང་སྡེབ་པ་རྣམ་པ་བརྒྱད།། ཐ་མ་ཞི་རྒྱས་དབང་དྲག་བཞི།། ལས་ཀྱི་དབྱེ་བ་བསྟན་པའོ། ། རྨེ་འཁྲུག་རྣམ་པ་བཞི་བཅུ་སྟེ།། ཕྱི་བསྐོར་བཅུ་དང་ནང་བསྐོར་བཅུ།། གསང་བསྐོར་བཅུ་དང་མཐར་ཐུག་བཅུ།། རིགས་ཀྱི་དབྱེ་བས་བཅུ་ཕྲག་ནི།། ཉི་ཤུ་ཐམ་པ་ཤེས་པར་བྱ།། སྤོག་པའི་དབྱེ་བས་བརྒྱད་ཅུ་སྟེ། ། ལས་ཀྱི་དབྱེ་བས་ཉི་ཤུ་ནི།། ཕྲག་ནི་རྣམ་པ་ལྔར་བཤད་དེ།། སྤོག་པའི་དབྱེ་བ་ཉི་ཤུ་ནི།། ཕྲག་ནི་བཞི་བཅུར་ཤེས་པར་བྱ།། རྒྱས་པར་ཕྱེ་བས་འབུམ་དུ་འགྱིར།། དེ་ལ་ཐེབས་ཀྱི་སྐྱོན་ཡོན་ནི།། བཞི་འམ་དྲུག་ཅུ་བདུན་དུ་བཤད། ། སྐྱོན་སྤངས་ཡོན་ཏན་བཅུ་བདུན་ལྡན།། གཞན་ཡང་རིགས་ཀྱི་འཁོར་ལོ་བཞི།། གསང་མཛོད་རྣམ་པ་བརྒྱད་དང་ལྡན།། རིགས་ཀྱི་གཤེད་འཁོར་རྣམ་པ་ལྔ།། འཁོར་གྱི་གཤེད་ནི་རྣམ་པ་བཞི། ། ཕྱེ་བས་བརྒྱད་ལྔ་བཞི་བཞིར་བཤད།། རྡོ་རྗེ་གཙུག་ལག་འཁྲུལ་འཁོར་གྱི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་ཁྱུང་ཆེན་གཙུག་ལག་གི་ཐེམས་བཤད་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། གཉིས་པ་ཚད་མ་བསྟན་པ་ནི། ། ཚད་མ་རྣམ་པ་གཉིས་ཡིན་ཏེ།། ཐུན་མོང་དང་ནི་ཁྱད་པར་རོ།། ཐུན་མོང་རྣམ་པ་ལྔར་བཤད་དོ། ཁྱད་པར་ཀྱང་ནི་ལྔ་རུ་བཤད།། ཐུན་མོངས་སྤྱི་ཞེས་སྤྱད་པ་ཡིན། ཁྱད་པར་ཉི་ཤུ་རྩ་ལྔར་བཤད། ། ལྔས་ནི་བསྙེན་པ་བཤད་པ་སྟེ།། ལྔས་ནི་བསྒྲུབ་པ་ཤེས་པར་བྱ།། ལྔས་ནི་ལས་ལ་སྦྱར་བ་སྟེ།། ལྔས་ནི་སྤོག་པར་བསྟན་པ་ཡིན།། ལྔས་ནི་རྣམ་འབྱོར་རྨེ་སྔགས་སོ།། འཁོར་ནི་དྲག་སྔགས་ཉི་ཤུ་བ།། དེ་ལ་ལྔས་ནི་བསྙེན་པ་སྟེ། ། ལྔས་ནི་བསྒྲུབ་པའི་སྔགས་སུ་ཤེས།། ལྔས་ནི་སྤོག་པའི་སྔགས་སུ་བཤད།། རྩ་སྔགས་ཐུན་མོང་ཁྱད་པར་ལས།། ལས་སྔགས་ཐུན་མོང་ཁྱད་པར་ཏེ།། ཐུན་མོང་ལས་སྔགས་རྒྱས་འབྲིང་ཐ། ཁྱད་པར་དེ་བཞིན་ཤེས་པར་བྱ།། གསང་བ་བདུན་དང་ལས་ཕྲན་ནི།། རྣམ་པ་བཅུ་བཞིར་ཤེས་པར་བྱ།། བཅུ་ཕྲག་བརྒྱད་བཅུ་དབྱེ་ལ་སོགས།། འཁོར་ལོ་དབྱེ་བས་ཤེས་པར་བྱ།། ཐུན་མོང་ཚད་མ་རྣམ་པ་བཅུ།། ཕྱི་ལ་གཉིས་ཏེ་ནང་ལ་གཉིས། ། གསང་བ་གཉིས་ལ་གསང་ཆེན་གཉིས།། སྦས་པ་གཏེར་ལ་གཉིས་སུ་བསྟན།། སྦས་པ་གཏེར་ལ་ཐུན་མོང་ནི།། རྣམ་པར་ལྔ་རུ་ཤེས་པར་བྱ།། ཐུན་མོང་མ་ཡིན་ཚད་མ་ནི།། རྣམ་པ་བཅོ་ལྔར་ཤེས་པ་སྟེ། ། ཕྱི་གསུམ་ནང་གསུམ་གསང་བ་གསུམ།། གསང་ཆེན་གསུམ་ལ་སྦས་པ་གསུམ།། ཚད་མ་རྣམ་པ་བརྒྱད་ཡིན་ཏེ།། གཉིས་པ་ནང་གི་ཚད་མ་བརྒྱད།། གསུམ་པ་གསང་བའི་ཚད་མ་བརྒྱད།། བཞི་པ་གསང་ཆེན་ཚད་མ་བརྒྱད། ། སྦས་པ་གཏེར་ལ་ཚད་མ་བརྒྱད།། སྤྱིར་ན་ཚད་མ་ལྔ་ཉིད་ལ།། རིགས་ཀྱིས་ཕྱེ་བས་ཉི་ཤུ་ནི།། རྩ་ལྔ་པར་ནི་བཤད་པ་ཡིན།། བདེ་བཤེགས་རིགས་ཆེན་ལྔ་ཉིད་ལ།། རྡོ་རྗེ་ཞེ་སྡང་རིགས་ཏེ་ལྔ། ། ང་རྒྱལ་རིན་ཆེན་རིགས་ཏེ་ལྔ།། འདོད་ཆགས་པདྨའི་རིགས་ཏེ་ལྔ།། ཕྲག་དོག་ལས་ཀྱི་རིགས་ཏེ་ལྔ།། དེ་ལ་རིགས་ཀྱི་བསྒྲུབ་པ་ནི།། ཉི་ཤུ་རྩ་ལྔ་ཤེས་པར་བྱ།། དེ་ལ་བརྒྱད་ཕྲག་ལྔ་རུ་སྦྱར། ། འཁོར་གྱི་གསུམ་ལས་ལྔ་རུ་སྦྱར།། སྤྱིར་ན་རྣམ་པ་བཅོ་ལྔར་བཤད།། དེ་ལ་བསྒྲུབ་པ་བཅོ་ལྔ་སྟེ།། ཚད་མ་བརྒྱད་ཕྲག་གསུམ་དུ་སྦྱར།། གསང་བའི་ལས་ལྔ་རིགས་ཀྱི་དབྱེ།། བདུན་པའི་སྦྱོར་བ་རབ་ཏུ་སྔགས། ། བདུན་ཚོ་གསུམ་དུ་ཤེས་པར་བྱ།། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་ཁྱུང་ཆེན་གཙུག་ལག་གི་ཚད་མ་བརྒྱད་པའི་ལེའུ་སྟེ་ཉེར་གཉིས་པའོ།།།། གསུམ་པ་རྩིས་ཀྱི་གྲངས་བསྟན་པ། ། རྩིས་ནི་རྣམ་པ་ལྔ་ཡིན་ཏེ།། གཙོ་བོ་རིགས་ཀྱི་དབྱེ་བས་སོ།། བསྙེན་པའི་རིམ་པ་བཅོ་ལྔ་འམ།། ཡང་ན་ཉི་ཤུ་རྩ་ལྔ་འམ།། ཉི་ཤུར་བསྒྲུབས་ཀྱང་འགལ་བ་མེད།། བསྒྲུབ་པའི་རྩིས་ནི་ལྔ་ཡིན་ཏེ།། འཁོར་གྱིས་དབྱེ་བ་བཅུ་རུ་འགྱུར། ། ཡང་ན་གོང་ལྟར་བཅོ་ལྔ་འམ།། ཡང་ན་ཉི་ཤུ་རྩ་ལྔ་འམ།། ཉི་ཤུ་བསྒྲུབས་ཀྱང་འགལ་བ་མེད།། དང་པོར་རྩ་སྔགས་ལྔ་སྡེབ་སྡེབ།། གསང་བ་གཅིག་པ་དང་པོ་སྡེབ།། གསང་བ་གཉིས་པ་གཉིས་པར་སྡེབ། ། གསང་བ་གསུམ་ལ་གསུམ་པ་སྟེ།། གསང་བ་བཞི་ལ་བཞི་པར་སྡེབ།། གསང་བ་ལྔ་པ་ལྔ་པར་སྡེབ།། དེ་ལ་ལས་སྔགས་སྦྱོར་བར་ལྡན།། དེ་འོག་སྦས་པ་ལྔ་པ་སྟེ།། སྦས་པ་གཅིག་ལ་དང་པོ་སྟེ། ། སྦས་པ་གཉིས་པ་གཉིས་པར་སྡེབ།། སྦས་པ་གསུམ་པ་གསུམ་པར་སྡེབ།། སྦས་པ་བཞི་པ་བཞི་པར་སྟེ།། སྦས་པ་ལྔ་པ་ལྔ་པར་རོ།། དེ་ལས་གསང་སྔགས་སྦྱོར་བར་ལྡན།། དེ་འོག་གབ་པ་ལྔ་པ་སྟེ།། གབ་པ་གཅིག་པ་དང་པོ་སྟེ། ། གབ་པ་གཉིས་པ་གཉིས་པར་སྡེབ།། གབ་པ་གསུམ་པ་གསུམ་པར་སྡེབ།། གབ་པ་བཞི་པ་བཞི་པར་རོ།། གབ་པ་ལྔ་པ་ལྔ་པར་ཏེ།། དེ་ལས་ལྔགས་ཀྱི་སྦྱོར་བར་ལྡན།། དེ་འོག་ལས་སྔགས་ལྔ་པ་སྟེ། ། ལས་སྔགས་བཞི་པ་དང་པོ་སྟེ།། ལས་སྔགས་གཉིས་པ་གཉིས་པར་སྡེབ།། ལས་སྔགས་གསུམ་པ་གསུམ་པར་སྡེབ།། ལས་སྔགས་བཞི་པ་བཞི་པར་སྡེབ།། ལས་སྔགས་ལྔ་པ་ལྔ་པར་སྡེབ།། དེ་ལས་ལས་སྔགས་སྦྱོར་བར་ལྡན། ། དེ་འོག་དཀྲུག་པའི་སྔགས་ལྔ་སྟེ།། དཀྲུག་པ་གཅིག་པ་དང་པོར་སྟེ།། དཀྲུག་པ་གཉིས་པར་གཉིས་པར་སྡེབ།། དཀྲུག་པ་གསུམ་པ་གསུམ་པར་སྡེབ།། དཀྲུག་པ་བཞི་པ་བཞི་པར་ལྡན། ། དཀྲུག་སྔགས་ལྔ་པ་ལྔ་པར་སྡེབ།། དེ་ལ་ལས་སྔགས་སྦྱོར་བར་ལྡན།། ཉི་ཤུ་པར་ནི་རབ་སྡེབ་པར།། དང་པོར་རིག་འབྱེད་གསང་བ་བཞི།། གཉིས་པ་རིགས་བསྡུས་གསང་བ་བཞི།། གསུམ་པར་རིགས་འགལ་གསང་བ་བཞི། ། བཞི་པ་རིགས་སྡེབ་གསང་བ་བཞི།། རིམས་ཆགས་ལ་ནི་ལས་སྔགས་ལྡན།། དེ་འོག་སྐུ་གསུང་ཐུགས་སྔགས་ཏེ།། རིགས་ཀྱི་དབྱེ་བ་བཅོ་ལྔ་སྟེ།། རིམས་ཆགས་སུ་ནི་སྡེབ་པར་གསུངས། ། ལས་སྔགས་སྦྱོར་བ་ཐམས་ཅད་སྦྱར།། འཁོར་གྱི་སྦྱོར་བ་དྲག་འགལ་མེད།། དྲག་དལ་སྦྱོར་བས་གཙོ་འཁོར་དབྱེ།། ཡང་ན་དྲག་དྲལ་གཉིས་ཀའོ།། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། རྡོ་རྗེ་ཁྱུང་ཆེན་གཙུག་ལག་གི་རྩིས་བཤད་པའི་ལེའུ་སྟེ་ཉེར་གསུམ་པའོ། །།། དེ་ནས་ཡང་གསུང་བའི་བདག་པོ་ལག་ན་རྡོ་རྗེ་འཆང་བས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་མཆོད་པ་སྣ་ཚོགས་པས་མཆོད་ནས། ། ཨེ་མ་ལེགས་སོ་འཁོར་ལོ་ཆེ།། གསང་བའི་དྲུག་འཁོར་ལོ་ལེགས།། རོལ་པའི་འཁོར་ལོ་ཁྱོད་ལ་བསྟོད།། ཨེ་མ་བདེ་གཤེགས་བཅོམ་ལྡན་འདས།། འཇིག་རྟེན་དྲེགས་པའི་སྡེ་དཔོན་གང།། དྲེགས་པའི་སྲོག་འཁོར་ཇི་ལྟར་ལགས། ། གསང་ཆེན་འཁོར་ལོ་བཤད་དུ་གསོལ།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་འོངས་རྣམས་ཀྱི་དོན་ཕྱིར་དུ།། འཁོར་ལོ་ཞུ་བ་རབ་ཏུ་ལེགས། ། འཁོར་ལོའི་དོན་རྣམས་ངས་བཤད་ཀྱིས།། འགྲོ་ལ་ཕན་ཕྱིར་གུས་པར་ཉོན།། གདོན་ཆེན་བཅོ་བརྒྱད་འཁོར་ལོ་ནི།། སྡེ་དཔོན་བཅོ་བརྒྱད་འཁོར་ལོ་སྟེ།། གཤིན་རྗེ་མ་མོ་འཁོར་དང་བཅས།། སྡེ་བརྒྱད་ལྷ་སྲིན་འཁོར་དང་བཅས། ། དྲེགས་པའི་སྤྱི་ཡི་སྡེ་དཔོན་ཡིན།། འཆི་བདག་གཤིན་རྗེ་ནག་པོ་ནི།། གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་ཡིན།། སྐྱེ་འགྲོ་སྲོག་གི་བདག་མོ་ནི།། འཆི་བདག་ནག་མོའི་བཙུན་མོ་ཡིན།། འབྱུང་བ་ལྔ་ཡི་བདག་མོ་ནི། ། སྣང་སྲིད་མ་མོའི་སྡེ་དཔོན་ཡིན།། མུ་སྟེགས་ཀ་ལ་ཡཀྵ་ནི།། ལོག་འདྲེན་ཡོངས་ཀྱི་སྡེ་དཔོན་ཡིན།། སྔགས་པ་ལྔ་པ་གོལ་བ་ནི།། རུ་ཏྲའི་སྡེ་དཔོན་ཆེན་པོ་ཡིན།། ནག་པོ་མེ་ཡི་ཁ་རླངས་ཅན། ། བདུད་རྣམས་ཡོངས་ཀྱི་སྡེ་དཔོན་ཡིན།། བདུད་མོ་ནག་མོ་ཁྲག་འཛག་མ།། བདུད་མོ་ཡོངས་ཀྱི་སྡེ་དཔོན་ཡིན།། མ་ཧཱ་ཀཱ་ལ་ལྷ་ཆེན་པོ།། འཇིག་རྟེན་ལྷ་ཡི་སྡེ་དཔོན་ཡིན།། ཡཀྵ་ནག་པོ་གློག་འཕྲེང་དང། ། སྦལ་མགོན་ནག་མོ་ཁྲག་མིག་མ། ཁྱབ་འཇུག་ཆེན་པོ་མིང་སྲིང་རྣམས།། སྲིན་པོ་མོ་ཡིན་སྡེ་དཔོན་ཡིན།། གནོད་སྦྱིན་གང་བ་བཟང་པོ་ནི།། གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཡིན།། ཤ་ཟ་སྦྱིན་མོ་རལ་གཅིག་མ། ། གནོད་སྦྱིན་མོ་ཡི་སྡེ་དཔོན་ཡིན།། སྲིད་པའི་རྒྱལ་པོ་ལི་བྱིན་ཧར།། རྒྱལ་པོ་གདོན་གྱི་སྡེ་དཔོན་ཡིན།། ཡམ་ཤུད་དམར་པོ་ཞེས་བྱ་བ།། བཙན་རྣམས་ཡོངས་ཀྱི་སྡེ་དཔོན་ཡིན།། རྗེ་དམུ་བཙན་པ་ཞེས་བྱ་བ། ། དམུ་ཡི་སྡེ་དཔོན་ཆེན་པོ་ཡིན།། རྡོ་རྗེ་ལེགས་པ་ཞེས་བྱ་བ།། ཐེ་བྲང་ཡོངས་ཀྱི་སྡེ་དཔོན་ཡིན། ཁུ་ལེ་ལགས་དགུ་ཞེས་བྱ་བ།། འགོང་པོ་ཡོངས་ཀྱི་སྡེ་དཔོན་ཡིན།། དངོས་གྲུབ་བར་ཆོད་བྱེད་པ་ཡིན།། དམ་སྲི་ཕོ་མོ་བསྒྲལ་བར་བྱ། ། ཀླུ་རྒྱལ་གཞོན་ནུ་གཏུམ་མོ་དང།། དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད།། ཀླུ་ཡི་སྡེ་དཔོན་ཆེན་པོ་ཡིན།། སྡེ་དཔོན་ཆེན་པོ་བཅོ་བརྒྱད་ཀྱི།། བླ་རྡོ་བཅང་ཞིང་དེ་ཉིད་དྲན། ། རྣལ་འབྱོར་རབ་འབྲིང་ཐ་མ་ཡིས།། གནད་མ་དགུ་ཡི་འཁོར་ལོ་བསྐོར།། སྡེ་དཔོན་རྒྱལ་དང་དམངས་བཞིན་ནོ།། སྦྱོར་བ་བཞིན་གང་ཡང་གྲུབ།། སྡེ་དཔོན་བཅོ་བརྒྱད་ལས་སུ་དྲན།། གསང་སྒྲོལ་ཡིན་ཏེ་གདོན་མི་ཟ། ། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། སྡེ་དཔོན་བཅོ་བརྒྱད་བཤད་པའི་ལེའུ་སྡེ་ཉེར་བཞི་པའོ།།།། དྲེགས་པའི་སྲོག་འཁོར་བསྟན་པ་ནི།། སྲོག་དང་སྲོག་འཁོར་དེ་ཁོ་ན།། བསྐུར་བ་ཕོ་ཉ་རང་སྔགས་རྨོད། ། ཐམས་ཅད་བསྒྲལ་ཕྱིར་ཤེས་པར་བྱ།། འཁོར་ལོ་རྩིབས་བརྒྱད་འབར་བ་ལ།། ཞེ་སྡང་རྟགས་མཚན་ཁ་དོག་ལྔ།། དྲག་སྔགས་ལྔ་དང་བཅས་པའོ།། སྙིང་ཁྲག་དྲག་སྔགས་བསྟན་པ་ནི།། བཛྲ་སརྦ་དུཥྟན། ། ཨེ་ཡ་མ་ཡ། མ་མ་རུ་ལུ། མ་ཏིར་ཏི་ཀ་ཏ། རུ་དྲ་ནི། རུ་དྲ་དུ། དུན་ཏིང་དུ། དེ་བ་ཨ། རག་ཤ་ར། རག་མོ་རུ། ཡག་ཤ་ཀྵ། ཡག་མོ་ཀྵ། ར་ཙ་ཙ། ཙ་ར་ཙ། མུན་མུན་པ། བཛྲ་ས་ཏུ་ཙ། ཧཾ་ཤཾ་ཏྲི་ཏྲི། རུ་ཏྲི་སྲི། ནཱ་ག་ཕུ། ཏྲིག་ནན། ཧུར་ཐུམས་ཛ། མཱ་ར་ཡ་རྦད། བྷྱོ་རཾ་ནན། ཞེས་ནི་དྲེགས་སྔགས་བརྗོད་ཙམ་གྱིས།། དྲེགས་པ་བཅོ་བརྒྱད་རང་འོད་ལས།། བུ་ག་དགུ་ནས་ཁྲག་ཏུ་སྐྱུག། དྲན་པ་ཙམ་གྱིས་སྒྲོལ་བར་བྱེད།། ལུས་ཉམས་གྱུར་ནས་ནུས་པ་བྲལ། ། རང་གཤེད་རང་ལ་འབེབས་པར་བྱེད།། རྡོ་རྗེ་གཙུག་ལག་གི་རྒྱུད་ཆེན་པོ་ལས། དྲེགས་པ་བཅོ་བརྒྱད་ཀྱི་སྲོག་འཁོར་བཤད་པའི་ལེའུ་སྡེ་ཉེར་ལྔ་པའོ།།།། གསང་ཆེན་འཁོར་ལོ་བསྟན་པ་ནི། ། གསང་ཆེན་འཁོར་ལོ་ལྔ་ཡིན་ཏེ།། གསང་ཆེན་རིགས་ཆེན་འཁོར་ལོ་ནི།། བདེ་གཤེགས་དང་མ་འདུས་པ་ཡིན།། གཉིས་པར་གསང་ཆེན་ཆུ་འཁོར་རོ།། འདོད་ཆགས་སྒྲོལ་བའི་འཁོར་ལོ་ཡིན། ། གསུམ་པར་གསང་ཆེན་མེ་འཁོར་ལོ།། ཞེ་སྡང་སྒྲོལ་བའི་འཁོར་ལོ་ཡིན།། བཞི་པར་གསང་ཆེན་རླུང་འཁོར་ལོ།། གཏི་མུག་སྒྲོལ་བའི་འཁོར་ལོ་ཡིན།། ལྔ་པར་གསང་ཆེན་སྤྱི་འཁོར་ལོ།། ཆགས་སྡང་འབྱེད་པའི་འཁོར་ལོ་ཡིན། ། དེ་ལས་ཤེས་རབ་འཁོར་ལོ་ལྔ།། ཆགས་པའི་སེམས་ཀྱིས་དྲང་བར་བྱ།། གསང་ཆེན་འཁོར་ལོ་གཉིས་སུ་གསུངས།། ཐམས་ཅད་འབྱེད་པའི་འཁོར་ལོ་བཅུ།། ཐབས་དང་ཤེས་རབ་འཁོར་ལོའོ། ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། སྤངས་པས་མུ་སྟེགས་ལམ་དུ་འགྲོ།། མ་སྤངས་དངོས་གྲུབ་ཆེན་པོ་ཐོབ།། རང་བཞིན་མེད་པར་དེ་ཤེས་ན།། བསད་པ་ཉིད་ཀྱི་བྱང་ཆུབ་འཐོབ།། འདི་ལ་སྤང་བྱ་ཅི་ཡང་མེད། ། བླང་བར་བྱ་བ་ཅི་ཡང་མེད།། ཐམས་ཅད་བྱང་ཆུབ་ཆེན་པོ་སྟེ།། གསང་ཆེན་འཁོར་ལོ་བསྙེན་པ་ཡིན།། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། གསང་ཆེན་བསྙེན་པའི་འཁོར་ལོ་བཤད་པའི་ལེའུ་སྟེ་ཉེར་དྲུག་པའོ། །།། གསང་ཆེན་གཉིས་པའི་འཁོར་ལོ་ནི། གསང་ཆེན་འཁོར་ལོ་རྣམ་པ་དྲུག། ཆགས་སྡང་ལྔ་ཡི་འཁོར་ལོ་དང།། འཕེན་བྱེད་འཁོར་ལོར་བཤད་པ་ཡིན།། གཉིས་པ་ཤེས་རབ་འཁོར་ལོ་ནི། ། གསང་བ་བདུན་དུ་བཤད་པ་ཡིན།། དབང་ངོ་གསང་བ་གཅིག་པ་ལ།། རྟགས་པ་ཕབ་ནས་གསང་བ་བསྟན།། གཞན་གྱི་མཐུ་རྣམས་འཇོམས་པར་འགྱུར།། གཉིས་པ་གཉིས་ལྡན་འཁོར་ལོ་ལ། ། རྟགས་ལ་ཕབ་ནས་གསང་བ་བསྟན།། དྲོད་དང་འབྲེལ་བར་བྱེད་པའི་སྔགས།། གསུམ་པ་གསང་བ་དངས་མ་སྟེ།། རྟགས་ལ་ཕབ་ནས་གསང་བ་བསྟན།། ས་ཐོབ་རྟགས་རྣམས་འཇིགས་པ་ཡིན།། བཞི་པ་གསང་བ་སྒྲོལ་སྔགས་ཏེ། ། ཡི་གེ་སྲོག་ནི་ཡི་གེས་འཛིན།། ལྔ་པ་གསང་བ་འབྱིན་པའི་ལྔགས།། ཡི་གེ་སྲོག་ནི་ཡི་གེས་འཛིན།། དྲུག་པ་འབྱིན་པ་འཛིན་པའི་སྔགས།། ཡི་གེ་སྲོག་ནི་ཡི་གེས་འཛིན།། བདུན་པ་འདུས་པ་དཀྲུག་པ་སྟེ། ། ཡི་གེ་སྲོག་ནི་ཡི་གེས་འཛིན།། འཁོར་ལོ་ཁོང་ནས་འཁོར་ལོ་འབྱུང།། དངས་མའི་འཁོར་ལོ་ཆེར་གསང་བའོ།། ཡི་གེ་ཁོང་ནས་ཡི་གེ་བྱུང།། དངས་མའི་ཡི་གེ་ཆེར་གསང་བའོ།། འབྱུང་བའི་ཁོང་ནས་འབྱུང་བ་འབྱུང། ། དངས་མའི་འབྱུང་བ་ཆེར་གསང་བའོ།། གསང་ཆེན་འཁོར་ལོ་སྒྲུབ་པ་ཡིན།། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས། གསང་ཆེན་བསྒྲུབ་པ་བཤད་པའི་ལེའུ་སྟེ་ཉེར་བདུན་པའོ། །།། གསང་ཆེན་ལས་ཀྱི་འཁོར་ལོ་ནི།། དངས་མ་འདུས་པ་བཅོ་བརྒྱད་ལ།། གསང་ཆེན་ལས་ཀྱི་འཁོར་ལོ་གསུམ།། དངས་མའི་འཁོར་ལོ་ཆེན་པོ་ཡིན།། འཁོར་ལོ་སྲོག་ནི་འཁོར་ལོས་འཛིན།། ཡི་གེ་སྲོག་ནི་ཡི་གེ་སྟེ། ། འདུས་པའི་སྲོག་ནི་ཏིང་འཛིན་ཡིན།། ཏིང་འཛིན་སྲོག་ནི་ཏིང་འཛིན་ཏེ།། བཞི་བཅུ་རྩ་བཞི་འཁོར་ལོ་ཡིན།། སྲོག་འཁོར་ལས་ཆེན་བཅོ་བརྒྱད་དེ།། དྲེགས་པ་བཅུ་ལ་ཡིག་འབྲུ་ལྔ།། གཤིན་རྗེ་ལ་ནི་ཡིག་འབྲུ་གཉིས། ། མ་མོ་ལ་ནི་ཡིག་འབྲུ་བཞི།། མུ་སྟེགས་གསུམ་ལ་རུ་ཏྲ་གཉིས།། བདུད་ཕོ་གཉིས་ལ་བདུད་མོ་གཉིས།། འཇིག་རྟེན་ལྷ་ལ་གཉིས་སུ་བསྟན།། སྲིན་པོ་གཉིས་ལ་སྲིན་མོ་གཉིས།། གནོད་སྦྱིན་ཕོ་མོ་གཉིས་གཉིས་ཏེ། ། རྒྱལ་པོ་གཉིས་ལ་བཙན་ལ་གཉིས།། དམུ་ལ་གཉིས་ལ་ཐེ་རང་གསུམ།། འགོང་པོ་གསུམ་ལ་དམ་སྲི་གསུམ།། ཀླུ་གཉན་ས་བདག་གསུམ་དུ་འདུས།། དངས་མ་བཅོ་བརྒྱད་འབྲུ་རེ་སྟེ། ། གཟིར་བྱེད་ཡི་གེ་འབྲུ་གཉིས་ཏེ།། ཕྲོག་བྱེད་ཡི་གེ་འབྲུ་གསུམ་ཡིན།། གཅོད་བྱེད་མཚོན་ཆ་འབྲུ་བཞི་སྟེ།། མཐར་སྡུད་ལས་ཀྱི་ཡི་གེ་གསུམ།། སྐྱིན་ཐང་སེར་བའི་ཡི་གེ་བརྒྱད།། སྒྲོལ་བྱེད་ཐོག་ལྔ་འབྲུ་ལྔ་སྟེ། ། སྒྲོལ་བྱེད་དྲེགས་པ་བཅོ་བརྒྱད་ཀྱིས།། ལུས་ངག་ཡིད་གསུམ་དྲག་པ་སྟེ། ཁ་རླངས་སྤྲིན་དུ་ཆགས་པར་བྱེད།། གཟི་མདངས་གློག་གི་འོད་དུ་འབྱུང།། རྐན་སྒྲ་དྲག་པོ་འབྲུག་ཏུ་སྒྲོགས།། སྤྲུལ་པ་ཐོག་སེར་སྐྱིན་ཐང་འབེབས། རྡོ་རྗེ་གཙུག་ལག་གི་བཤད་རྒྱུད་ཆེན་པོ་ལས།། གསང་ཆེན་ལས་ཀྱི་འཁོར་ལོ་བཤད་པའི་ལེའུ་སྟེ་ཉེར་བརྒྱད་པའོ།།།། གསང་ཆེན་འཁོར་ལོ་བསྟན་པ་ནི།། རང་བཞིན་དྲག་སྔགས་བསྟན་པ་སྟེ། ། ཕྱི་དང་ནང་དང་གསང་བ་དང།། གསང་ཆེན་དང་ནི་གཏེར་དང་གནས།། ལྔ་གསུམ་ལས་ཀྱི་མཐའ་གསུམ་དང།། འབྲུ་གསུམ་ལས་རྣམས་བསྒྲུབ་པ་སྟེ།། ཏྲིག་ནན་རྦད། ཏྲིག་ནན་ཕཊ། ཏྲིག་ནན་ནན། ། ཐུན་གཟེར་སྐབས་དང་སྦྱར་བར་བྱ།། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་བཤད་རྒྱུད་ཆེན་པོ་ལས། གསང་ཆེན་རང་བཞིན་གྱི་ལེའུ་སྟེ་ཉེར་དགུ་པའོ།།།། གསང་ཆེན་འཁོར་ལོ་བསྟན་པ་ནི། ། དྲག་པོ་སྔགས་ཏེ་གསང་བའི་གནས།། ཕྱི་དང་ནང་དང་གསང་བ་དང།། གསང་ཆེན་དང་ནི་གཏེར་དུ་སྦས།། དྲུག་གསུམ་ལས་ཀྱིས་མཐའ་གསུམ་དང།། རྦད་ཐུན་རྦད། རྦད་རིལ་རྦད། རྦད་ཧུར་རྦད། རྦད་ཐུམ་རྦད། སྐབས་ཀྱི་ཡན་ལག་ཤེས་བར་བྱ་རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་བཤད་རྒྱུད་ཆེན་པོ་ལས། གསང་ཆེན་དྲག་པོའི་ལེའུ་སྟེ་སུམ་ཅུ་པའོ།།།། གསང་ཆེན་འཁོར་ལོ་བསྟན་པ་ནི། ། བཙན་ཐབས་སྔགས་ཏེ་གསང་བའི་ལས།། ཕྱི་དང་ནང་དང་གསང་བ་དང།། གསང་ཆེན་དང་ནི་གཏེར་དུ་གནས།། བདུན་གནམ་ལས་ཀྱི་མཐའ་གསུམ་དང།། རྦད་ནན་རྦད་ཕཊ། རྦད་ནན་རྦད། རྦད་ནན་ཏྲིག། ཏྲིག་རྦད་ནན། འདི་ནི་སྔགས་ཀྱི་ཡང་སྙིང་སྟེ།། མེད་དུ་མི་རུང་ཀུན་ལ་གཅེས།། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས།། གསང་ཆེན་བཙན་ཐབས་ཀྱི་ལེའུ་སྟེ་སོ་གཅིག་པའོ།།།། གསང་ཆེན་འཁོར་ལོ་བསྟན་པ་ནི། ། གསང་སྔགས་ཡིག་འབྲུ་བཅུ་གསུམ་པ།། ཐུན་གཟེར་རྩ་བའི་ལས་སུ་བསྟན།། ཨེ་བཛྲ་སརྦ་དུཥྟན་རྦད་ནན། སྭ་རྦ་བི་ཤ་ཏྲི། ཨེ་བཛྲ་སརྦ་བི་ཤ་ཏྲི་རྦད་ནན།། རུ་ཏྲ་རྦད་ཛ། ཕྱི་དང་ནང་དང་གསང་བ་དང། ། གསང་ཆེན་དང་ནི་གཏེར་དུ་གནས། ཁ་བཅིངས་ལ་སོགས་ལས་རྣམས་ལ།། རྩིས་ནི་དྲུག་གིས་བརྩིས་པར་བྱ།། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི།། བཤད་རྒྱུད་ཆེན་པོ་ལས།། གསང་ཆེན་ཐུན་གཟེར་གྱི་ལེའུ་སྟེ་སོ་གཉིས་པའོ། །།། གསང་ཆེན་འཁོར་ལོ་བསྟན་པ་ནི།། དུག་ལྔ་གཤེད་དུ་དབབ་པ་ཡི།། ཕྱི་དང་ནང་དང་གསང་བ་དང།། གསང་ཆེན་དང་ནི་གཏེར་དུ་གནས།། རྩ་བའི་ཡིག་འབྲུ་བཅུ་གསུམ་ནི། ། ར་ག་དེ་ཝེ། ཤ་མོ་ཧ། མ་ན། ཨི་རི་ཤ་བྷྱོ། རྒྱན་ལྔ་བཏགས་པས་གཤེད་ཏུ་དབབ།། རྒྱན་ལྔ་བཏགས་པས་གཤེད་དུ་བླང།། དེ་ལ་སྦྱོར་བའི་རྩིས་དྲུག་བྱ། ཁམས་ལྔས་དུག་ལྔ་སྐྱེད་པར་བྱེད།། དུག་ལྔས་ཁམས་ལྔ་སྡེབ་པར་བྱ། ། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་བཤད་རྒྱུད་ཆེན་པོ་ལས། དུག་ལྔ་གཤེད་དུ་དབབ་བསླང་གི་ལེའུ་སྟེ་སོ་གསུམ་པའོ།།།། གསང་ཆེན་འཁོར་ལོ་བསྟན་པ་ནི།། དུག་གསུམ་གཤེད་དུ་དབབ་ཅིང་བླང། ། ཕྱི་དང་ནང་དང་གསང་བ་དང།། གསང་ཆེན་དང་ནི་སྦས་པའི་གཏེར།། རྩ་བའི་ཡིག་འབྲུ་བརྒྱད་ཀྱིས་བསྐུལ། ར་ག་དེ་ཝེ། ཤ་མོ་ཧ་བྷྱོ། རྒྱན་གསུམ་བཏགས་པས་གཤེད་དུ་དབབ། ། དེ་ལ་རྩ་བའི་རྩིས་དྲུག་ཏུ། ཁམས་གསུམ་དག་དང་དུག་གསུམ་བསྡེབ།། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་བཤད་རྒྱུད་ཆེན་པོ་ལས། དུག་གསུམ་བཤེད་དུ་དབབ་བླང་གི་ལེའུ་སྟེ་སོ་བཞི་པའོ། །།། གསང་ཆེན་གདབ་པའི་དྲག་སྔགས་བསྟན།། རྩ་བའི་ཡིག་འབྲུ་དགུ་ཡིས་བསྐུལ།། ཨེ་ནི་དུ་མ་རཱ་མཱ་ར་ཡ་ཕཊ། དེ་ལ་སྦྱར་བ་རྒྱལ་པོ་སྡེབ།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། སྦྱོར་བའི་མན་ངག་གསུམ་གྱིས་གདབ། ། གདབ་པའི་གདབ་པ་ཆེན་གསང་བ།། སྦྱོར་བ་རྣམ་པ་ལྔ་དང་ལྡན།། སེམས་ཅན་རིགས་དྲུག་འགྲོ་བ་ལ།། སྦྱོར་བ་བཏགས་ལ་གདབ་པ་སྟེ།། མཁའ་ལ་རྒྱུ་བའི་སེམས་ཅན་དང།། རི་དྭགས་རྣམས་དང་སེམས་ཅན་ལ། ། གདབ་པའི་སྔགས་ཀྱིས་ཚད་དང་ལྟ།། འཇིག་རྟེན་ཁམས་ཀྱི་རྐུན་མོ་རྣམས།། བཅིངས་ཏེ་རངས་པར་བྱ་བ་ནི།། ཨ་ཏི་རྦད་ཅེས་སྦྱོར་བ་སྡེབ།། ཉི་ཟླ་གསད་པའི་སྦྱོར་བ་ནི།། སཱུརྻ་རྦད་ཐུམ་རིལ། ཙན་དྲ་རྦད་རིལ། དེ་ལྟར་སྦྱོར་བ་བརྩམས་ཙམ་གྱིས།། མངོན་སུམ་ཚད་པའི་རྟགས་རྣམས་འབྱིན།། ཉི་ཤུ་རྩ་གཅིག་གྲངས་ཚང་བས།། རྫས་གཏོར་འཕྲོས་པས་འཕྲལ་དུ་འཆི།། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་རྒྱུད་ཆེན་པོ་ལས། གདབ་པའི་དྲག་སྔགས་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།།།། གསང་ཆེན་ལུང་བསྟན་ནམ་མཁའ་བརྒྱད།། ཨེ་ཕཊ། ཨེ་ཛ། ཨེ་བྷྱོ། ཨེ་རྦད། ཨེ་ནན། ཨེ་རོལ། ཨེ་ཐུཾ་ཨེ་ཏྲིག། དེ་ལས་ཆེ་བས་སུམ་ཅུ་གཉིས། ། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་བཤད་རྒྱུད་ཆེན་པོ་ལས། ལུང་བསྟན་ནམ་མཁའ་བརྒྱད་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།།།། གསང་ཆེན་ལུང་བསྟན་རླང་ཆེན་བརྒྱད། ། ཡཾ་ཕཊ། ཡཾ་ཛ། ཡཾ་བྷྱོ། ཡཾ་རྦད། ཡཾ་ནན། ཡཾ་རིལ། ཡཾ་ཐུལ་ཡཾ་ཏྲིག། དེ་ལས་ཕྱེ་བས་སུམ་ཅུ་གཉིས།། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་བཤད་རྒྱུད་ཆེན་པོ་ལས། གསང་ཆེན་ལུང་བསྟན་རླུང་ཆེན་བརྒྱད་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་སོ་བདུན་པའོ། །།། གསང་ཆེན་ལུང་བསྟན་ཆུ་ཆེན་བརྒྱད།། བཾ་ཕཊ། བཾ་ཛ། བཾ་བྷྱོ། བཾ་རྦད། བཾ་ནན། བཾ་རིལ། བཾ་ཐུཾ། བཾ་ཏྲིག། དེ་ལས་ཕྱེ་བས་སུམ་ཅུ་གཉིས།། རྡོ་རྗེ་གཙུག་ལག་འཁོར་གསུམ་པའི་བཤད་རྒྱུད་ཆེན་པོ་ལས། གསང་ཆེན་ལུང་བསྟན་ཆུ་བརྒྱད་ཀྱི་ལེའུ་སྟེ་སོ་བརྒྱད་པའོ།།།། གསང་ཆེན་མེ་བརྒྱད་འཁོར་ལོ་མེ་ཆེན་བརྒྱད།། རཾ་ཕཊ། རཾ་ཛ། རཾ་བྷྱོ། རཾ་རྦད། རཾ་ནན། རཾ་རིལ། རཾ་ཐུཾ། གསང་ཆེན་ལུང་བསྟན་ས་ཆེན་བརྒྱད།། སུཾ་ཕཊ། སུཾ་ཛ། སུཾ་བྷྱོ། སུཾ་རྦད། སུཾ་ནན། སུཾ་རིལ། སུཾ་ཐུཾ། སུཾ་ཏྲིག། དེ་ལས་ཕྱེ་བས་སུམ། བཤད་རྒྱུད་ཆེན་པོ་ལས། གསང་ཆེན་ལུང་བསྟན་ས་བརྒྱད་ཀྱི་ལེའུ་སྟེ་བཞི་བཅུ་པའོ། །།། གསང་ཆེན་དུས་ཀྱི་འཁོར་ལོ་བསྟན།། འབྱུང་བ་ལྔ་ཡིས་ཕྱེ་བ་ཡི།། ལོ་ནི་བཅུ་གཉིས་བསྟན་པ་ལ།། འབྱུང་བ་ལྔས་ཕྱེ་དྲུག་ཅུར་འགྱུར།། རླུང་རྟ་དབང་ཐང་སྲོག་ལུས་དང། ། སྐྱེས་སྨེ་སྐར་མ་སྦྱར་བ་ནི།། ལོ་ཟླ་ཉི་མ་དུས་ཚོད་སྙིང།། གཟུང་ལ་དགྲ་བགེགས་འདུལ་བར་བྱ།། རེ་རེ་རྟེན་འབྲེལ་ལྔ་ཚང་བས།། འདུས་པའི་དྲག་སྔགས་ལྔས་བརྡེག་བྱ།། རླུང་རྟ་འགོ་ནས་གཟིར་བྱེད་གཉིས། ། ཏྲིག་ནན། དབང་ཐང་སྐྱེས་ནས་འཕྲོག་བྱེད་གསུམ། ཧུར་ཐུམས་ཛ། སྲོག་གི་སྙིང་ཁར་གནས་པ་སྟེ།། རང་བཞིན་དྲག་པོ་བཙན་ཐབས་གསུམ།། ཏྲིག་ནན་ཧཱུ~ཾ་ཕཊ། རྦད་ནན་ཕཊ། ཙིཏྟ་རྦད་ནན། ལུས་ནི་ལྟེ་བ་ན་གནས་ཏེ། ། འཁོར་བ་བརྩད་གཅོད་ཡིག་འབྲུ་དགུ།། ཙིཏྟ་རྦད་ཐུམ་རིལ། མ་ར་ཡ་རྦད། ཀེ་སྨེ་འཛོམ་པ་གསང་གནས་ཏེ།། ཨོཾ་མཱ་ར་ཡ་ཛ་ཧཱུ~ཾ་མཱ་ར་ཡ་བྷྱོ། ཨེ་མཱ་ར་ཡ། དེ་ལ་གསང་བའི་ལས་ལྔ་སྡེབ། དེ་ཡི་སྣ་ཚོགས་འཁོར་ལོ་འགྲུབ། ། ལས་རྣམས་ཀུན་ལ་སྦྱར་བར་བྱ།། གསང་བའི་རྩིས་སུ་ངས་ལུང་བསྟན།། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་བཤད་རྒྱུད་ཆེན་པོ་ལས། ལུང་བསྟན་གྱི་འཁོར་ལོ་སྣ་ཚོགས་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ། །།། གསང་ཆེན་མཱ་ར་ཡ་ཡི་གཟེར།། འཇིག་རྟེན་འབྱུང་བའི་གཟེར་དུ་བསྟན།། དང་པོ་འབྱུང་བ་རླུང་གི་གཟེར།། དབུས་སུ་ཡ་ལ་གཡས་སུ་མ།། ཕཊ་ནས་བཟུང་ནས་ར་ལ་གཏུག། བར་དུ་རྦད་བཅུ་རླུང་གི་གཟེར།། གཉིས་པ་མེ་ཡི་གཟེར་གདབ་སྟེ།། ཡ་སར་ར་ལ་ར་སར་ཡ།། མ་ནས་བཟུང་ནས་ཕཊ་ལ་གཏུག། རྦད་གཉིས་བར་དུ་བཅུག་པའོ།། གསུམ་པ་འབྱུང་བ་ཆུ་ཡི་གཟེར།། ར་སར་ཕཊ་ལ་ཕཊ་སར་ར། ། ཕཊ་ནས་བཟུང་ནས་ཡ་ལ་གཏུག། ཡ་ནས་གཟུང་ནས་ར་ལ་གཏུག། རྦད་གཉིས་བར་དུ་མ་བཅུག་པ།། གསད་པ་དྲག་པོ་བཙན་ཐབས་ཡིན།། བཞི་པ་འབྱུང་བ་ས་ཡི་གཟེར།། ཕཊ་སར་ནན་ལ་ནན་སར་ཕཊ། ། ཕཊ་ནས་བཟུང་ན་ཡ་ལ་གཏུག། ཡ་ནས་བཟུང་ན་ར་ལ་གཏུག། མཚོན་ཆའི་ཡི་གེ་ནན་བཅུག་སྟེ།། རྦད་གཉིས་བར་བཅུག་བཞག་བྱ་བ།། གཟེར་བ་དྲག་པོ་བཙན་ཐབས་ཡིན།། དང་པོ་རང་བཞིན་དཀྲུགས་པ་ལ། ། ནད་ནི་རླུང་ནད་ལྟ་བུ་འོང།། གཉིས་པའི་རང་བཞིན་དཀྲུགས་པ་ལ།། ནད་ནི་ཚ་བ་མྱོས་པ་འོང།། གསུམ་པའི་རང་བཞིན་དཀྲུགས་པ་ལ།། ནད་ནི་གཟེར་ནད་དྲུག་ཅུ་འོང།། བཞི་པའི་རང་བཞིན་དཀྲུགས་པ་ལ། ། ནད་ནི་བྱིང་འགྱུར་སྐད་མི་ཐོན།། རང་བཞིན་དཀྲུགས་དང་དྲག་པོར་དཀྲུགས།། བཙན་ཐབས་དཀྲུགས་པར་ཤེས་པར་བྱ།། སྟོབས་ཉམས་དཀྲུགས་པ་རང་བཞིན་ཏེ།། དགྲ་གཤེད་དཀྲུགས་པ་དྲག་པོར་འགྱུར། ། བཟློག་པའི་དཀྲུགས་པ་བཙན་ཐབས་ཡིན།། རྡོ་རྗེ་གཙུག་ལ་འཁོར་ལོ་གསུམ་པའི་བཤད་རྒྱུད་ཆེན་པོ་ལས། མ་ར་ཡ་གསང་བའི་གཟེར་གྱི་ལེའུ་སྟེ་ཞེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། འཁོར་འདུས་པ་ལ་མཚན་ཉིད་ལྔ་དང་ལྡན་པར་གཟིགས་ཏེ། མཚན་ཉིད་གསུམ་དང་ལྡན་པའི་ཨུཏྤ་ལ་ལྟ་བུ་དང། མཚན་ཉིད་གསུམ་དང་ལྡན་པའི་པདྨ་དཀར་པོ་ལྟ་བུ་དང། མཚན་ཉིད་བཞི་དང་ལྡན་པའི་པདྨ་དམར་པོ་ལྟ་བུ་དང། མཚན་ཉིད་ལྔ་དང་ལྡན་པའི་ཙན་དན་ལྟ་བུ་དང། མཚན་ཉིད་བདུན་དང་ལྡན་པའི་རིན་པོ་ཆེ་ལྟ་བུ་ལ། རང་གི་མཚན་དང་སྦྱར་བའི་དོན་གསང་བའི་རྒྱུད་དོན་རྣམས་ཟུང་ཞིག། གསང་བའི་རྒྱ་བདུན་གྱི་དོན་ཁྲོལ་ཅིག། ནོར་བུ་རིན་པོ་ཆེ་ལྟར་ཆོངས་ཤིག། ཅེས་བཀའ་སྩལ་པས། འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་འཁོར་རྣམས་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་བཤད་རྒྱུད་ཆེན་པོ་ལས། རྒྱུད་ཡོངས་སུ་གཏད་པ་དང་རྗེས་སུ་ཡི་རང་བའི་ལེའུ་སྟེ་ཞེ་གསུམ་པའོ།།།། རྡོ་རྗེ་གཙུག་ལག་འཁོར་ལོ་གསུམ་པའི་བཤད་རྒྱུད་ཆེན་པོ་རྫོགས་སོ། །།།
CLOSE WINDOW