Wylie |
རྒྱ་གར་སྐད་དུ། མུ་ཕྱ་མ་ཏྲག་ཙཀྲ་ཏནྟྲ། བོད་སྐད་དུ། ཡེ་ཉིད་ཕྱི་མོ་མཐར་ཐུག་གི་རྒྱུད། གསང་སྔགས་མཐར་ཐུག་འཁོར་ལོ་སྟེ།། གཏན་ལ་དབབ་པའི་དོན་བཤད་ན།། གནས་པ་རྩ། གཡོ་བ་རླུང། བཀོད་པ་ཡི་གེ། རྩ་བ་བྱང་ཆུབ་སེམས། གཉུག་མ་ནི་མི་འགྱུར་བའི་གཡུང་དྲུང། མི་ཤིག་པའི་རྡོ་རྗེ། མི་ནུབ་པའི་རྒྱལ་མཚན། ཐམས་ཅད་འབྱུང་བའི་ཡུལ་དེའོ།། དབྱིབས་དང་ཁ་དོག་འདི་ལྟར་སྣང།། བྱང་སེམས་གཉུག་མའི་འོད་ཟེར་དང། འགྱུར་མེད་རྟག་ཆེན་གཡུང་དྲུང་ལས།། འཕྲིན་ལས་རྣམ་བཞི་རྫོགས་འཆར་བས། ཞི་བའི་སྐུ་གྲུབ་དཀར་ལ་ཟླུམ།། རྒྱས་པའི་སྐུ་གྲུབ་གྲུ་བཞི་སེར།། དབང་གི་སྐུ་གྲུབ་ཟླ་ཁམ་དམར། ། མངོན་སྤྱོད་སྐུ་གྲུབ་རྣམ་ཤེས་བརྒྱད། འཁོར་ལོ་བརྒྱད་ཀྱི་གཞལ་ཡས་དང། སྣ་ཚོགས་སྤྲུལ་པའི་ཚོགས་བརྒྱད་ནས།། འགྲོ་བའི་དོན་དུ་ཡང་དག་འཕྲོས།། འཕྲིན་ལས་སྐུར་གྲུབ་གྲུ་གསུམ་གནག། རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་དོ། ། ཡེ་ཕྱི་འཁོར་ལོ་ཞེས་པ་ནི།། འགྱུར་བ་མེད་པས་ཡེ་ཉིད་ལ།། ཐམས་ཅད་འབྱུང་བས་ཕྱི་མའོ།། འཁོར་བའི་གདར་བཅད་སེམས་ལ་ལྟོས།། མན་ངག་གཏན་ཕེབས་འཁོར་ལོའོ།། ཡེ་ཕྱི་ཐུགས་ཀྱི་འཁོར་ལོ་ལས། ། དམ་ཆོས་གསང་སྔགས་རྩ་སྲོག་ཏུ།། ཡིག་སྨད་དྲུག་ཅུ་རྩ་གཉིས་གནས།། ཡི་གེ་ཕྱི་ཡི་མཚན་ཉིད་ནི།། ཐུགས་རྗེ་འོད་འཕྲོས་འདི་ལྟར་སྣང།། ཐ་མ་བཞི་བཅུ་རྩ་གཉིས་ནི།། རིན་ཆེན་ནོར་བུ་བརྒྱུད་པ་འདྲ། ། ཡན་ལག་བཅུ་དྲུག་མཚན་ཉིད་ནི།། གུ་གུ་ཐུགས་རྗེ་ལྕགས་ཀྱུ་འདྲ།། ཞབས་སྐྱེད་སྒོམ་ཆེན་སྐྱིལ་ཀྲུང་འདྲ།། འགྲེང་བུ་རྩལ་ཆེན་དབྱུག་ཐོ་འདྲ།། ན་རོ་ཐང་དཀར་ལྡིང་བ་འདྲ།། ཡ་ཏ་གྱད་པའི་སྐྲས་བཙུགས་འདྲ། ། ཕྲ་གཉིས་སྐར་ཆེན་ཤར་བ་འདྲ།། གཅོད་བཞི་སྦྲུལ་ནག་འཁྱུད་པ་འདྲ།། ཨ་ནི་ཡབ་ཡུམ་གཉིས་མེད་དོན་སྡུད་པའོ།། གསང་དོན་ངེས་པའི་ཨ་ལྔ་ནི།། འགྱུར་མེད་གཡུང་དྲུང་ཆོས་སྐུ་ལ། ། སྐྱེ་བའི་ཆོ་འཕྲུལ་རྟགས་བསྟན་པའོ།། ཨ་ཏི་རྩེ་མོ་བྱུང་རྒྱལ་དེ།། མ་བཅོས་གཉུག་མའི་དོན་བསྟན་ཕྱིར།། ཨ་གཅིག་དབྱིངས་ཤད་ལྟ་བུ་འདྲ།། བྱང་སེམས་ཐིག་ལེ་གཉུག་མའི་ངང།། འགྱུར་མེད་གཡུང་དྲུང་ཤར་ན་གནས། ། ཡབ་ཡུམ་ཐབས་དང་ཤེས་རབ་ལས།། དབྱིངས་དང་ཡེ་ཤེས་དོན་བསྟན་ཕྱིར།། ཨི་གཅིག་བརྩོས་པའི་ར་དང་འདྲ།། བྱང་སེམས་ཐིག་ལེ་གཉུག་མ་ཡི།། འགྱུར་མེད་གཡུང་དྲུང་ལྷོ་ན་གནས།། སྣང་སྲིནད་གཏན་ལ་དབབ་པ་དང། ། སེམས་ཅན་ཐུགས་རྗེས་བཟུང་བའི་ཕྱིར།། ཨ་གཅིག་བ་དན་ཕྱར་བ་འདྲ།། བྱང་སེམས་ཐིག་ལེ་གཉུག་མ་ཡི།། འགྱུར་མེད་གཡུང་དྲུང་ནུབ་ན་གནས།། གཟུགས་ཕུང་ལྷ་རུ་བསྒྲུབ་པ་དང། ། ང་བདག་མི་གཟུང་མཉམ་བཞག་ཕྱིར།། ཨ་གཅིག་སེང་གེ་ཁ་དབྱལ་འདྲ།། བྱང་སེམས་ཐིག་ལེ་གཉུག་མ་ཡི།། འགྱུར་མེད་གཡུང་དྲུང་བྱང་ན་གནས།། ཞི་བས་མི་འདུལ་དུས་བྱུང་ན།། དྲག་པོའི་འཕྲིན་ལས་མཐར་དབྱུང་ཕྱིར། ། ཨ་གཅིག་ལྷ་ཚངས་མིག་དང་འདྲ།། བྱང་སེམས་ཐིག་ལེ་གཉུག་མ་ཡི།། འགྱུར་མེད་གཡུང་དྲུང་དབུས་ན་གནས།། ཐམས་ཅད་ཇི་ལྟར་གནས་ཤེས་ན།། ཨ་ལྔ་བྱང་སེམས་གཉུག་མ་ཡི། ། རྟག་ཆེན་གཡུང་དྲུང་སྐུ་ལ་གནས།། ཀ་ལྔ་རྣམ་ཤེས་ཤར་གླིང་གི། ཟླ་ཁམ་ཀང་ཀ་རི་ལ་གནས།། ཏ་ལྔ་རྣམ་ཤེས་ལྷོ་གླིང་གི། སོགས་ཀ་བཻཌཱུརྻ་ལ་གནས།། པ་ལྔ་རྣམ་ཤེས་ནུབ་གླིང་གི། ཟུམ་པོར་ག་ར་དམར་ལ་གནས། ། རྩ་ལྔ་རྣམ་ཤེས་བྱང་གླིང་གི། གྲུ་བཞི་ཨིནྟྲ་ལྗང་ལ་གནས།། ཙ་ལྔ་རྣམ་ཤེས་ཤར་ལྷོའི་གླིང།། རྡོ་རྗེ་རྒྱ་གྲམ་གསེར་ལ་གནས།། ཊ་ལྔ་རྣམ་ཤེས་ལྷོ་ནུབ་གླིང།། རིན་ཆེན་རྒྱ་གྲམ་སྨུག་ལ་གནས། ། ཞ་ལྔ་རྣམ་ཤེས་བྱང་ཆུབ་གླིང།། པདྨ་རྒྱ་གྲམ་དཀར་ལ་གནས།། ར་ལྔ་རྣམ་ཤེས་བྱང་ཤར་གླིང།། འཁོར་ལོ་རྒྱ་གྲམ་ལྕགས་ལ་གནས།། ཡང་དག་ངེས་པའི་དོན་དུ་ན།། གསང་བའི་ཡི་གེ་ཨ་ལྔ་ནི། ། སེམས་ཉིད་ཡི་གེ་གསང་གཏེར་གྱི།། འགྱུར་མེད་གཡུང་དྲུང་སྐུ་ལ་གནས།། ཀ་སྨད་བཞི་བཅུ་ཐམ་པ་ནི།། རྣམ་ཤེས་ཚོགས་བརྒྱད་གཞལ་ཡས་ཁང།། གསེར་གྱི་འཁོར་ལོ་རྩིབས་བརྒྱད་དཀྱིལ།། སྣ་ཚོགས་སྤྲུལ་པའི་མཁའ་ན་གནས། ། རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་ན།། ཡན་ལག་ཡི་གེ་བཅུ་དྲུག་གནས།། དེ་ཡི་འཕྲིན་ལས་མཐར་ཕྱིན་ཡི་གེའོ།། རྒྱུ་རྐྱེན་དོན་སྦྱོར་མཐར་སྡུད་པའི།། ཡན་ལག་ཡི་གེ་བཅུ་དྲུག་པའོ། ། རིམས་སམ་ཇི་ལྟར་གནས་ཤེ་ན།། ཤར་ནས་རིམ་མེད་འཁོར་བར་གནས།། ཡེ་ཉིད་ཕྱི་མོའི་འཁོར་ལོ་ཡི།། འོད་ཟེར་འཕྲོ་འདུ་དེ་ལྟར་གནས།། དེ་དོན་གཏན་ལ་དབབ་པའི་ཕྱིར།། བླ་མ་བརྒྱུད་པའི་མན་ངག་དང། ། རྟོག་པ་རྣམ་བཞི་གཏན་ལ་དབབ།། བླ་མ་བརྒྱུད་པའི་མན་ངག་ནི།། གསང་སྡེ་བཅོ་བརྒྱད་འཕྱོང་ལ་ཐུག། རྟོག་པ་རྣམ་བཞི་ཞེས་པ་ནི།། རང་བཞིན་རྣམ་པར་རྟོག་པ་དང།། ཞར་ལས་བྱུང་བའི་རྟོག་པ་དང། ། ཆེད་དུ་བྱས་པའི་རྟོག་པ་དང།། ང་བདག་འཛིན་པའི་རྟོག་པའོ།། རྣམ་རྟོག་བཞི་ཡི་སྤྱད་བརྟགས་ལ།། ཀ་ལ་སོགས་ཏེ་བཞི་བཅུ་གཉིས།། གནས་བརྒྱད་དག་ནས་དྲང་བར་བྱ།། སྙིང་ཁ་མགྲིན་པ་རྐན་དང་ལྕེ། ། སོ་དང་མཆུ་སྣ་སྤྱི་བོ་གཙུག། ཞི་རྒྱས་དབང་དང་མངོན་སྤྱོད་འཕྲིན་ལས་ལྔ།། སྒྲ་ཡི་བྱེད་བྲག་ཤེས་བར་བྱའོ།། མཐར་ཐུག་སྒྲ་ཡི་བྱེ་བྲག་ནི།། ཤེས་པ་རྣམ་བཞིས་གཏན་ལ་དབབ།། མ་རིག་འཁྲུལ་པས་ཤེས་པ་དང། ། རྟོག་སྤྱོད་ལཾ་གྱིས་ཤེས་པ་དང།། རིགས་ལྡན་མཁས་པའི་ཤེས་པ་དང།། མ་བཅོས་གཉུག་མའི་ཤེས་པའོ།། ཤེས་པ་རྣམ་བཞི་མདུད་བཀྲོལ་ལ།། དེ་བ་བསད་ཀྱི་སྒྲ་བཅུ་ཡི།། འགྱུར་མེད་གཡུང་དྲུང་ཐིག་ལེ་དང། ། གསང་བ་ཐུགས་ཀྱི་གནས་བཅུ་ནས།། ཡིག་སྨད་དྲུག་བཅུ་རྩ་གཉིས་གྲངས།། སྒྲ་བཅུའི་དོན་དུ་གང་ཞེ་ན།། ཨ་མུ་ཏ་དང་གྷ་ལིང་ཏ། ཛ་དུ་ཏ་དང་དྷ་རི་ཏ། ཀ་ཏ་ཏི་དང་བྷི་རུ་ཏ། ཛ་འུ་ཏ་དང་འུ་རྒཾ་ཏ། ཤ་ལི་ཏ་དང་འདུ་འཕྲོ་ཏའོ། ཨ་ལྔ་བྱང་སེམས་གཉུག་མའོ།། འགྱུར་མེད་གཡུང་དྲུང་ཐིག་ལེ་ནས།། ཨ་མུ་ཏ་ཡི་སྒྲ་གྲངས་ལ།། གསང་དོན་མཐར་ཐུག་ཐམས་ཅད་སྤྲོ།། ཀ་ལྔ་ཤར་གྱི་འཁོར་ལོ་དང།། ཀང་ཁ་ཟླ་ཁམ་མཁར་ནང་ནས། ། གྷ་ལི་ཏ་ཡི་སྒྲ་གྲངས་ལ།། སྙིང་སྲོག་རྩ་ནས་ཐམས་ཅད་སྤྲོ།། ཅ་ལྔ་ལྷོ་ཤར་འཁོར་ལོ་དང།། གསེར་གྱི་རྡོ་རྗེའི་མཁར་ནང་ནས།། ཛ་དུ་ཏ་ཡི་སྒྲ་གྲངས་ལ།། མགྲིན་པའི་གསང་ནས་ཐམས་ཅད་སྤྲོ། ། ཏ་ལྔ་ལྷོ་ཡི་འཁོར་ལོ་དང།། བཻཌཱུར་སོགས་ཁའི་མཁར་ནང་ནས།། ད་རི་ཏ་ཡི་སྒྲ་གྲངས་ལ།། རྐན་གྱི་བར་ནས་ཐམས་ཅད་སྤྲོ།། ཊ་ལྔ་ལྷོ་ནུབ་འཁོར་ལོ་དང།། རིན་ཆེན་སྨུག་པོའི་མཁར་ནང་ནས། ། ད་ར་ཏ་ཡི་སྒྲ་གྲངས་ལ།། ལྕེ་ཡི་དཀྱིལ་ནས་ཐམས་ཅད་སྤྲོ།། པ་ལྔ་ནུབ་ཀྱི་འཁོར་ལོ་དང།། ར་ཀ་ཟླུམ་པོའི་མཁར་ནང་ནས།། བི་དུ་ཏ་ཡི་སྒྲ་གྲངས་ལ།། མཆུ་ཡི་རྩེ་ནས་ཐམས་ཅད་སྤྲོ།། རྩ་ལྔ་བྱང་གི་འཁོར་ལོ་དང། ། ཨིནྟྲ་གྲུ་བཞིའི་མཁར་ནང་ནས།། ཛ་བུ་ཏ་ཡི་སྒྲ་གྲངས་ལ།། སོ་ཡི་གསེབ་ནས་ཐམས་ཅད་སྤྲོ།། ཞ་ལྔ་བྱང་ཆུབ་འཁོར་ལོ་དང། པདྨ་དཀར་པོའི་མཁར་ནང་ནས།། འུ་རྒཾ་ཏ་ཡི་སྒྲ་གྲགས་ལ།། སྣ་ཡི་སྦུབས་ནས་ཐམས་ཅད་སྤྲོ། ། ར་ལྔ་བྱང་ཤར་འཁོར་ལོ་དང།། ལྕགས་ཀ་འཁོར་ལོ་མཁར་ནང་ནས།། ཤ་ལི་ཏ་ཡི་སྒྲ་གྲངས་ལ།། སྤྱི་བོའི་གཙུག་ནས་ཐམས་ཅད་སྤྲོ།། གུ་གུ་ལ་སོགས་ཡན་ལག་རྣམས།། འདུ་འཕྲོ་ཏ་ཡི་སྒྲ་གྲངས་ལ། ། རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་ན།། རིམ་མིན་འཁོར་བར་གནས་པ་ནི།། སྐབས་སྦྱར་དགོས་འབྲེལ་དོན་དམ་དུ།། མན་ངག་ཅན་གྱིས་གཏན་ལ་དབབ།། ཡང་ན་མན་ངག་མཆོག་ལ་ཐུག། གསང་བ་མཐར་ཐུག་མན་ངག་ཏུ། ། གསང་སྔགས་སྒྲ་ལ་མང་ན་ཡང།། སྒྲ་ཡི་རྩ་བ་བཞིར་འདུས་ཏེ།། གྱེན་མཐུར་དུ་རྒྱུག་པའི་སྒྲ་དང། རྨེལ་བཞི་རུ་འགྲོ་བའི་སྒྲ་དང། འབྲོས་འདེད་ཀྱི་སྒྲ་དང། རང་ཐད་དུ་གནས་པའི་སྒྲའོ། ། གྱེན་ཐུར་དུ་རྒྱུག་པའི་སྒྲ་ལ་ལྔ། གྱེན་དུ་རྒྱུག་པའི་སྒྲ་གསུམ། ཐུར་དུ་རྒྱུག་པའི་སྒྲ་གཉིས་སོ།། གྱེན་དུ་རྒྱུག་པའི་སྒྲ་གསུམ་ནི།། ལྕགས་ཀྱུ་རྒོད་ལྡིང་དབྱུག་ཐོའོ།། ཐུར་དུ་རྒྱུག་པའི་སྒྲ་གཉིས་ནི།། སྐྱིལ་ཀྲུང་གྱང་སྐྲས་བཙུག་པའོ། ། རྨེལ་བཞིར་འགྲོ་བའི་སྒྲ་བདུན་ལ།། རྒ་སྒྲ་ལག་སྒྲ་བླ་ཀྴ་སྒྱུ་མ་དིའོ།། འབྲོས་འདེད་ཀྱི་སྒྲ་ལ་བཅུ་བཞི་སྟེ། འབྲོས་པའི་སྒྲ་ལ་དགུ། འདེད་པའི་སྒྲ་ལ་ལྔའོ།། འབྲོས་པའི་སྒྲ་དགུ་ནི། ཀག། ཀང། ཀད། ཀན། ཀབ། ཀཾ། ཀར། ཀལ། ཀས། འདེད་པའི་སྒྲ་ལྔ་ནི། གདའ། དཀའ། བཀའ། མཁའ། འགའ། རང་ཐད་དུ་གནས་པའི་སྒྲ་ནི། ཡན་ལག་ཀྱིས་ཀྱང་མ་འབྲེལ་བའོ།། གདབ་སར་ཤར་གནད་ས། དོན་དམ་དགོས་འབྲེལ་སྒྲ་རྣམས་ནི།། རང་བཞིན་འོད་ཟེར་ཤུགས་ཀྱིས་འབྱུང་ངོ།། གསང་བ་མཐར་ཐུག་མན་ངག་ཏུ།། གསང་སྔགས་སྒྲ་ཡི་གནས་བརྒྱད་ནས།། སྡེ་བརྒྱད་རང་སྐད་སྒྲ་ཡི་གྲངས་པ་ལ། ། ལྷ་ཡི་རང་སྐད་སྒྲ་ཡིས་གྲངས་པ་དང།། ཀླུ་ཡི་རང་སྐད་སྒྲ་ཡིས་གྲངས་པ་དང།། གཤིན་རྗེའི་རང་སྐད་སྒྲ་ཡིས་གྲངས་པ་དང།། བདུད་ཀྱི་རང་སྐད་སྒྲ་ཡིས་གྲངས་པ་དང།། སྲིན་པོའི་རང་སྐད་སྒྲ་ཡིས་གྲངས་པ་དང། ། ལྷ་མོའི་རང་སྐད་སྒྲ་ཡིས་གྲངས་པ་དང།། གནོད་སྦྱིན་རང་སྐད་སྒྲ་ཡིས་གྲངས་པ་དང།། མུ་སྟེགས་རང་སྐད་དགྲ་ཡིས་གྲངས་པ་དང་བརྒྱད་དོ།། དེ་ལ་གསང་སྔགས་སྒྲ་ཡིས་གསང་དོན་དུ། ། སྒྲ་དེ་དག་ལ་བཞི་བཞིར་གྲངས།། རང་སྐད་རེ་ལ་སྒྲ་བཞི་ཡིས་བོད་པའོ།། སད་ཀར་ཙ་ལས་གྲངས་པ་ནི།། ལྷ་ཡི་རྒྱལ་པོ་བོད་པའི་སྒྲའོ།། དེ་བ་གེ་ཏྲ་ཡས་གྲངས་པ།། ལྷ་བདུད་དྲེགས་ཆེན་བོད་པའི་སྒྲའོ། ། སོད་དེ་ངར་མ་ཡས་གྲངས་པ།། ལྷ་བྲན་ཕོ་མོ་བོད་པའི་སྒྲའོ། ཁ་ལ་མ་འདུས་ཡས་གྲངས་པ།། ཡུལ་ལྷ་ཡུལ་སྨན་བོད་པའི་སྒྲ།། ནཱ་ག་རཱ་ཛ་ཡས་གྲངས་པ།། ཀླུ་ཡི་རྒྱལ་པོ་བོད་པའི་སྒྲའོ།། ནཱ་ག་དེ་བ་ཡས་གྲངས་པ། ། ཀླུ་ཡི་སྒྲ་རྣམས་བོད་པའི་སྒྲའོ།། ནཱ་ག་མ་གེ་ཡས་གྲངས་པ།། ཀླུ་བདུད་ཕོ་མོ་བོད་པའི་སྒྲའོ།། ནཱ་ག་ཡ་མ་ཡས་གྲངས་པ།། ཧལ་ཏི་མགོ་དགུ་བོད་པའི་སྒྲའོ།། ཡ་མ་ར་ཛ་ཡས་གྲངས་པ།། གཤིན་རྗེ་ཡབ་ཡུམ་བོད་པའི་སྒྲའོ། ། ཡ་མ་ཏྲི་ཡས་དྲངས་པ་ནི།། གཤིན་རྗེ་གསང་བྱེད་བོད་པའི་སྒྲའོ།། ཡ་མ་གེ་རག་ཡས་གྲངས་པ་ནི།། གཤིན་རྗེ་ཕོ་བདུད་མོ་བདུད་བོད་པའི་སྒྲའོ།། ཡ་མ་ཏྲི་ཏ་ཡས་གྲངས་བ་ནི།། གཤིན་རྗེ་ཕུང་བྱེད་བོད་པའི་སྒྲའོ། ། གེ་ཡ་ནག་ཤི་ཡས་གྲངས་པ།། ནག་མོ་བཀྲག་མེད་བོད་པའི་སྒྲའོ།། གེ་སྲིབ་ནི་སུ་པ་ཡས་གྲངས་པ་ནི།། གསང་བ་མི་རྐུ་བོད་པའི་སྒྲའོ།། གེ་ཏིབ་ཏར་ཤ་ཡས་གྲངས་པ།། ཤན་པ་ཕུང་བྱེད་བོད་པའི་སྒྲའོ། ། གེ་བ་ཕུ་ག་ཏི་ཡས་གྲངས་པ་དང།། ལྐུག་པ་འཛུ་མུལ་བོད་པའི་སྒྲའོ།། དཀྲུགས་ཤིག་པུས་ཏར་ཡས་གྲངས་པ།། འདའ་ཀ་འགྲི་བ་བོད་པའི་སྒྲའོ།། ཏྲག་ཤ་ཏྲཾ་ཏ་ཡས་གྲངས་ལ།། ལང་ཀ་མགྲིན་བཅུ་བོད་པའི་སྒྲའོ། ། རག་ཤ་བུ་ཡིས་ཡས་གྲངས་པ།། ཆག་གར་ལག་རིངས་བོད་པའི་སྒྲའོ། ཁྲག་ཤ་དུ་མ་ཏ་ཡས་དྲངས་པ།། སྲིན་པོ་ཁྲག་མིག་བོད་པའི་སྒྲའོ།། མ་མ་རུ་ལུས་ཡས་གྲངས་པ།། དབྱིངས་ཀྱི་ལྷ་མོ་བོད་པའི་སྒྲའོ། ། མེ་མོ་རོ་རུ་ཡས་གྲངས་པ།། མཁའ་ཡི་ལྷ་མོ་བོད་པའི་སྒྲའོ།། རག་མོ་ཡག་མོ་ཡས་གྲངས་པ།། མི་ཟད་ལྷ་མོ་བོད་པའི་སྒྲའོ།། རུ་ལུ་ཡག་ཤ་ཡས་གྲངས་པ།། ལས་ཀྱི་མ་མོ་བོད་པའི་སྒྲའོ།། ཧྲི་ཙ་ཨག་ཤུ་ལས་གྲངས་པ། ། གནོད་སྦྱིན་རྒྱལ་མོ་བོད་པའི་སྒྲའོ།། ཏྲཾ་ལཾ་སཾ་ཐུན་ཡས་གྲངས་པ།། གནོད་སྦྱིན་རྒྱལ་པོ་བོད་པའི་སྒྲའོ།། ཏྲི་ཙར་ཧཾ་ཤཾ་ཡས་གྲངས་པ།། གནོད་སྦྱིན་ཤན་པ་བོད་པའི་སྒྲའོ།། ཏྲི་ག་ར་རག་ཡས་གྲངས་པ། ། གནོད་སྦྱིན་སེར་འབེབས་བོད་པའི་སྒྲའོ།། ཨི་ཏྲ་ར་གྲ་ཡས་གྲངས་པ།། དབང་ཕྱུག་ཆེན་པོ་བོད་སྒྲའོ།། འགའ་ཡི་འཛུའུ་ཡས་གྲངས་པ།། ཨུ་མ་དེ་བ་བོད་པའི་སྒྲའོ།། འདི་སྟང་ཏ་གི་ཡས་གྲངས་པ། ། མུ་སྟེགས་ནག་པོ་བོད་པའི་སྒྲའོ།། འབྲི་ཐ་རྔམ་འདར་ཡས་གྲངས་པ།། མུ་སྟེགས་ཕུང་བྱེད་བོད་པའི་སྒྲའོ།། གསང་སྔགས་མཐར་ཐུག་མན་ངག་ཏུ།། བོད་སྒྲ་སུམ་ཅུ་རྩ་གཉིས་ཀྱིས།། ཆོས་སྐྱོང་སྲུང་མ་དམ་ཅན་རྣམས། ། གཏན་ལ་ཕབ་ནས་ལས་ལ་འབོད།། བཀའ་ལ་བཏགས་ནས་ལས་ལ་འགྱེད།། འཁོར་བསྲུང་རྐྱེན་ཟློག་རིགས་བརྒྱུད་འཕེལ།། ཅི་འདོད་རེ་བ་ཡིད་བཞིན་སྐོང།། འདོད་པ་ཕུན་སུམ་དངོས་གྲུབ་སྟེར། ། རྣལ་འབྱོར་སྐུ་བསྟན་འཁོར་ཚོགས་སྤེལ།། དགྲ་རྣམས་རྩ་རྒྱུད་དྲུང་ནས་འབྱིན།། བགེགས་རྣམས་ཐལ་བ་བརྡུལ་དུ་རློག། ཐོག་སེར་ནད་ཀྱི་སྐྱིན་ཐང་འབེབས།། ལྟས་ངན་ཆོ་འཕྲུལ་སྣ་ཚོགས་གཏོང། ། སྨྱོ་འབོག་ཇག་ཆིངས་རིངས་པར་བྱེད།། ཙི་ཙི་ཛྭ་ལའི་དུག་མདའ་འཕེན།། ཀུན་གཞི་བྱང་ཆུབ་ཐུགས་ཀྱི་དཀྱིལ།། ཡེ་ཉིད་ཕྱི་མོའི་འཁོར་ལོ་ལས།། དོན་ལྡན་དགོས་འབྲེལ་མཐར་ཐུག་ཏུ།། གསང་སྔགས་རྩ་བའི་སྒྲ་བརྒྱད་ཤར། ། སྒྲ་བརྒྱད་དོན་གྱི་སྙིང་པོ་ལས།། ཕྱི་ནང་གསང་བའི་མཐར་ཐུག་བྱུང།། གདམ་ངག་ངེས་ཚིགས་གང་དང་གང་ཞེ་ན།། སུམ་ཅུ་རྩ་གཉིས་མ་ནོར་བར།། པདྨ་འབྱུང་གནས་སྤྲུལ་སྐུ་ཡིས། ། ཐུགས་ཀྱི་མན་ངག་ཀློང་བརྟོལ་ནས།། སོ་སོར་ཕྱེ་ནས་གཏན་ལ་ཕབ་པའོ།། མདོ་རྩ་དྲིལ་བས་ལྔ་རུ་འདུས།། གཏན་ཚིགས་གང་དང་གང་ཞེ་ན།། འབྱུང་བ་ལྔ་དང་ཡུལ་ལྔ་དང།། ཕུང་པོ་ལྔ་དང་ཡབ་ལྔ་དང། ། ཡི་གེ་ལྔ་དང་དབང་པོ་ལྔ།། ལྷ་ལྔ་སྐུ་ལ་ཡེ་ཤེས་ལྔ།། ཐིག་ལེ་ལྔ་དང་འཁོར་ལོ་དང།། ཏིང་འཛིན་ཉམས་ལྔ་མཐར་ཐུག་པའི།། ལྔ་མཚན་བཅུ་གཉིས་གསང་བའི་དོན།། དེ་དག་སེམས་ཉིད་འཕྲོ་འདུའོ།། རད་ན་ཙཀྲ་རྒྱ་སྣོལ་སྒྲས། ། ཞི་ཁྲོ་ཡབ་ཡུམ་གཏན་ལ་དབབ།། མ་རག་སྟི་སྟ་ཙཀྲའི་སྒྲས།། མ་ཕུར་ཡབ་ཡུམ་གཏན་ལ་དབབ།། ཡ་མ་ཨ་ཏྲིང་ཙཀྲའི་སྒྲས།། གཤིན་རྗེ་ཡབ་ཡུམ་གཏན་ལ་དབབ།། ཏྲི་དུ་མ་དུ་ཙཀྲའི་སྒྲས། ། གནོད་སྦྱིན་མིང་སྲིང་གཏན་ལ་དབབ།། ནཱ་ག་ཡ་ཀྲི་ཙ་ཀྲའི་སྒྲས།། ཀླུ་བདུད་ཕོ་མོ་གཏན་ལ་དབབ།། འཁོར་ལོ་ལྔ་ཡི་སྒྲ་དང་ངེས་ཚིག་གི། མཐར་ཐུག་མདོ་རྩ་བསད་དོན་དུ།། གསང་སྔགས་ཞི་ཁྲོ་རབ་འབྱམས་ལ། ། རྒྱས་པ་འདུས་པ་མདོ་དང་མཐར་ཐུག་བཞི།། ཕྱི་སློབ་ནང་སློབ་སེམས་ཉིད་དོན་བསྡུས་ལ།། དེ་གསང་བ་རིན་པོ་ཆེའི་འཁོར་ལོའོ།། བཛྲ་ཏི་བ་ཏ་ཙཀྲའི་སྒྲས།། ཡ་མན་ཏ་ཀ་ཕུར་པའི་ལྷ།། གསང་བའི་འཁྲུལ་འཁོར་གཏན་ལ་འབེབས། ། དེ་ལུས་གནས་རྩ་རླུང་འཁོར་ལོ།། མ་ཏི་རུ་རག་ཙཀྲའི་སྒྲས།། ལྷ་མོ་ཡག་ཤ་དམ་ཅན་མའི།། གསང་བ་འཁྲུལ་འཁོར་གཏན་ལ་འབེབས།། དེ་བཏགས་པ་ཤེས་རབ་ཡིག་འབྲུའི་འཁོར་ལོའོ། ། ཟླ་མིག་ཡོན་ཏན་ཙཀྲའི་སྒྲས།། ཡ་མན་གཤིན་རྗེ་གཤེད་པོ་ཡིས།། གསང་བའི་འཁྲུལ་འཁོར་གཏན་ལ་འབེབས།། དེ་ཉིད་མ་བཞི་པའི་འཁོར་ལོའོ།། ས་འདུ་ཨ་ཀྲི་ཙཀྲའི་སྒྲས།། གླིང་ཆེན་གསང་བ་སྡོག་མེད་ཀྱི། ། གསང་བ་སྲོག་གི་འཁོར་ལོ་དང།། མཚོན་ཆའི་འཁོར་ལོ་གཏན་ལ་འབེབས།། ནཱ་ག་མུན་ཏིང་ཙཀྲའི་སྒྲས།། ཧལ་ཏི་ཟ་བྱེད་མགོ་དགུ་ཡིས།། དྲག་པོའི་ལས་རྣམས་མཐར་དབྱུང་ཕྱིར། ། ལས་བཞིའི་འཁོར་ལོ་གཏན་ལ་འབེབས།། ལས་བཞི་འཁོར་ལོ་ཞེས་པ་ནི།། སྡིག་པ་ལས་ཀྱི་འཁོར་ལོ་དང།། རླུང་ནག་ལས་ཀྱི་འཁོར་ལོ་དང།། མཛེ་ནད་ལས་ཀྱི་འཁོར་ལོ་དང།། ས་བདག་སྲོག་གི་འཁོར་ལོ་དང་བཞིའོ། ། ཕྱི་ལྟར་ནང་ལྟར་འདིར་མ་གསུངས།། འདིར་ནི་གསང་བ་ལྟར་དང་མཐར་ཐུག་གཏན་ལ་ཕབ་པའོ།། མཐར་ཐུག་མདོ་རྩ་དྲིལ་བ་ཡིས།། ཡན་ལག་ཡང་སྙིང་བཞི་ལས་མེད།། ཡང་སྙིང་བཞི་པོ་གང་ཞེ་ན། ། བདེ་གཤེགས་སྐུ་ལས་ཁྲོ་བོའི་སྐུར་བྱུང་བ།། འཕགས་པ་འཇམ་དཔལ་ཡ་མན་ཏ་ཀ་ཡི།། རིན་པོ་ཆེ་ཐུགས་ཀྱི་འཁོར་ལོ་ནི།། འགྱུར་དང་མི་འགྱུར་བླང་བཞག་གིས།། སྒྲ་ཡིས་གཏན་ལ་འབེབས་པའོ། ། དབྱིངས་ཀྱི་ཡུམ་ལས་ཁྲོ་མོའི་སྐུར་ཕྱུང་བ།། མ་ཅིག་ལྷ་མོ་ཡཀྴ་དཾ་ཅན་མའི།། རྔཾ་བརྗིད་གནག་པའི་འཁོར་ལོ་ནི། ཁྱུ་འཁོར་ལྕགས་ཀྱི་འཕྲོ་འདུ་ཡིས།། སྒྲ་ཡིས་གཏན་ལ་འབེབས་པའོ།། ཆོས་སྐྱོང་སྲུང་མ་མཐུ་ཆེན་བཞིས། ། གཅིག་ཏུ་དྲིལ་ནས་མཐར་ཐུག་པའི།། འཁྲུལ་འཁོར་རྒྱལ་མཚན་སྙིང་གི་མེ་ལོང་ནི།། འབྱུང་བ་རིམ་བརྩེགས་ཏན་ཏྲའི་སྒྲ་ཡིས་གཏན་ལ་འབེབས།། ཀུན་གྱི་གཞི་གྱུར་འབྱུང་གནས་ཡུལ། ། ཐམས་ཅད་རྩ་སྲོག་བསྐྱེད་པའི་གཞི།། དབྱིབས་དང་ཁ་དོག་གཟུགས་སུ་འདོད།། ཇི་ལྟར་སྣ་ཚོགས་གང་ཡང་ཡིན།། ཡེ་ཕྱི་གཉུག་མའི་འཁོར་ལོའི།། ཀུན་གཞི་བྱང་སེམས་ཐུགས་དཀྱིལ་གྱི།། ཡེ་ཉིད་ཕྱི་མོའི་འཁོར་ལོ་ལས། ། མན་ངག་ཐམས་ཅད་ཕྲོས་ན་ཡང།། མདོ་རྩི་སྒྲ་དོན་བརྒྱད་ཀྱི་འཆད།། སྒྲ་བརྒྱད་གང་དང་གང་ཞེ་ན།། ལྷ་ཡི་སྒྲ་ཡིས་འཆད་པ་དང།། གླིང་བཞི་སྒྲ་ཡིས་འཆད་པ་དང།། འཁོར་ལོ་སྒྲ་ཡིས་འཆད་པ་དང། ། གནས་བརྒྱད་སྒྲ་ཡིས་འཆད་པ་དང།། ཡི་གེ་རང་འདྲེན་སྒྲ་ཡིས་འཆད་པ་དང།། རིན་ཆེན་སྣ་ཚོགས་སྒྲ་ཡིས་འཆད་པ་དང།། འགྱུར་མེད་ཐིག་ལེའི་སྒྲ་ཡིས་འཆད།། དེ་བསད་ཀྱིས་སྒྲ་བཅུས་འཆད་པ་དང། ། དེ་ལྟར་མདོ་རྩ་སྒྲ་བརྒྱད་དོ།། མདོ་རྩ་སྒྲ་བརྒྱད་གང་ཞེ་ན།། ཞི་ཁྲོ་ཡབ་ཡུམ་འཁོར་བཅས་པའི།། ཞི་རྒྱས་དབང་དང་མངོན་སྤྱོད་དང།། ལྷ་སྒོམ་མན་ངག་མཐར་ཐུག་ལ།། རྒྱུད་འབྲེལ་ལྷ་ཡི་སྒྲ་ཡིས་འཆད། ། མ་ཕུར་ཡབ་ཡུམ་འཁོར་བཅས་པའི།། བསད་གསོ་དབབ་བཅད་ཇག་ཆིངས་ཀྱི།། མདོ་རྩ་ཡང་སྙིང་མཐར་ཐུག་རྣམས།། གླིང་བཞི་སྤྱི་སྐད་སྒྲ་ཡིས་གྲངས།། གཤིན་རྗེ་ཡབ་ཡུམ་འཁོར་བཅས་པའི།། བསད་གསོ་དབབ་བཅད་ཇག་ཆིངས་ཀྱི། ། མདོ་རྩ་ཡང་སྙིང་མཐར་ཐུག་རྣམས།། འཁོར་ལོ་རང་འབྱུང་སྒྲ་ཡིས་འཆད།། གནོད་སྦྱིན་མིང་སྲིང་འཁོར་བཅས་པའི།། བསད་གསོ་དབབ་བཅད་ཇག་ཆིངས་ཀྱི།། མདོ་རྩ་ཡང་སྙིང་མཐར་ཐུག་རྣམས། ། གནས་བརྒྱད་དང་ལེན་སྒྲ་ཡིས་འཆད།། རིགས་གསུམ་མགོན་པོའི་དཔའ་བོ་གྲུབ་པ་ཡིས།། མན་ངག་མདོ་རྩ་མཐར་ཐུག་རྣམས།། ཡི་གེ་རང་འདྲེན་སྒྲ་ཡིས་འཆད།། དཔེ་དྲི་མ་སད་ཡབ་ཡུམ་འཁོར་བཅས་པའི། ། མན་ངག་མདོ་རྩ་མཐར་ཐུག་ནས།། རིན་ཆེན་སྣ་ཚོགས་སྒྲ་ཡིས་འཆད།། བདུད་རྩི་སྨན་དང་ཚེ་བསྒྲུབ་པའི།། མན་ངག་མདོ་རྩ་མཐར་ཐུག་རྣམས།། འགྱུར་མེད་ཐིག་ལེ་སྒྲ་ཡིས་འཆད། ། ལྷ་ཀླུ་མུ་སྟེགས་ངན་སྔགས་ཀྱི།། མདོ་རྩ་ཡང་སྙིང་མཐར་ཐུག་རྣམས།། སྡེ་བརྒྱད་རང་སྐད་ལྷུག་པ་དང།། དེ་བ་སད་ཀྱི་སྒྲ་བཅུས་འཆད།། རྔམ་པ་གཟའ་ཆེན་དྲགས་སྔགས་རྣམས།། རང་རང་སྐད་དང་གསང་སྒྲས་འཆད། ། གསང་སྔགས་མདོ་རྩ་མཐར་ཐུག་བཙན་ཐབས་རྣམས།། ངེས་པའི་བཤད་ལུང་བཞི་ལ་འདུས།། རི་རབ་རྩེ་སྤྲོད་དུ་བཤད་པ་དང།། གླིང་བཞི་ཟུར་སྤྲོད་དུ་བཤད་པ་དང།། ཆུ་བོ་འོད་སྤྲོད་དུ་བཤད་པ་དང། ། རྒྱ་མཚོ་གླིང་སྤྲོད་དུ་བཤད་པ་དང།། འདི་བཞི་མན་ངག་ཡང་སྙིང་ངོ།། སྔགས་ཀྱི་མདོ་གཅོད་ཆེན་པོ་བཞི་ཞེས་ཀྱང་བྱའོ།། མུན་པ་སེལ་བའི་སྒྲོན་མ་བཞི་ཞེས་ཀྱང་བྱའོ།། དེ་བཞིན་ལྟ་བའི་མེ་ལོང་བཞི་ཞེས་ཀྱང་བྱའོ། ། ངན་སྔགས་གཅོད་པའི་སྤུ་གྲི་བཞི་ཞེས་ཀྱང་བྱའོ།། ད་ནི་གསང་བ་མཐར་ཐུག་གི་ཡང་སྙིང་རྣམས་འཆད་དེ།། དང་ལ་ཕུར་པའི་ཡང་སྙིང་ཀཱི་ལ་ཡ་འབྲུ་དགུ་དང།། མ་མོའི་ཡང་སྙིང་རུ་ལུ་འབྲུ་དགུ་ལ། ། གླིང་བཞི་སྐད་སྒྲ་ཡིས་འཆད་ལ།། གླིང་བརྒྱད་དབུས་ཀྱི་གླིང་དཀྱིལ་ནས།། གྲུ་གསུམ་ཆོ་འཕྲུལ་ཨ་བླངས་ལ།། ཡན་ལག་ཡི་གེ་རྒོད་ལྡིང་རྒྱན།། ཤར་ཕྱོགས་གླིང་གི་བྱང་དཀྱིལ་ནས།། ལྷ་སྲོག་ཡི་ཀེ་ང་བླངས་ལ། ། ནུབ་ཕྱོགས་གླིང་གི་བྱང་གླིང་ནས།། ལྷ་སྲོག་ཡི་གེ་མ་བླངས་ལ།། སྟེང་ནས་གསང་བའི་ཐིག་ལེ་མཛེས།། བྱང་ནུབ་གླིང་གི་ལྷོ་གླིང་ནས།། ལྷ་སྲོག་ཡི་གེ་འ་བླངས་ལ།། གྲུ་གསུམ་ཆོ་འཕྲུལ་ཨ་ལས་འབྲེལ། ། གསང་བ་འདུས་པའི་སྙིང་པོ་དེ།། བཀྲ་ཤིས་དབང་ལྡན་ཕྱིར་ན་གླིང་དུ་བཞག། ནུབ་ཕྱོགས་གླིང་གི་ལྷོ་གླིང་ནས།། ལྷ་སྲོག་ཡི་གེ་བ་བླངས་ལ།། བྱང་ཕྱོགས་གླིང་གི་གླིང་དཀྱིལ་ནས།། ལྷ་སྲོག་ཡི་གེ་ཛ་དང་ལྡན། ། བྱང་ཤར་གླིང་གི་གླིང་དཀྱིལ་ནས།། ལྷ་སྲོག་ཡི་གེ་ར་ཡིས་སྦྲེལ།། དེ་འོག་དྲག་པོ་ཕྲ་ཡིས་བཅད།། ཤར་ཕྱོགས་གླིང་གི་གླིང་དཀྱིལ་ནས།། ལྷ་སྲོག་ཡི་གེ་ཀ་བླངས་ལ།། ཡན་ལག་ཡི་གེ་ལྕགས་ཀྱུས་བརྒྱན། ། བྱང་ཤར་གླིང་གི་ཤར་གླིང་ནས།། ལྷ་སྲོག་ཡི་གེ་ལ་གླངས་ལ།། ཡན་ལག་ཡི་གེ་ལྕགས་ཀྱུས་བརྒྱན།། དེ་འོག་དྲག་པོ་ཕྲ་ཡིག་བཅད།། ཤར་ཕྱོགས་གླིང་གི་གླིང་དཀྱིལ་ནས།། ལྷ་སྲོག་ཡི་གེ་ཀ་བླངས་ལ། ། ཡན་ལག་ཡི་གེ་ལྕགས་ཀྱུས་བརྒྱན།། བྱང་ཤར་གླིང་གི་ཤར་གླིང་ནས།། ལྷ་སྲོག་ཡི་གེ་ལ་བླངས་ལ།། བྱང་ནུབ་གླིང་གི་བྱང་དཀྱིལ་ནས།། ལྷ་སྲོག་ཡི་གེ་ཡ་བླངས་ལ།། རང་རང་ཕྲ་ཡིས་བཅད་ལ་བཞག། གླིང་བརྒྱད་དབུས་ཀྱི་བྱང་གླིང་ནས།། ལྷ་སྲོག་ཡི་གེ་ཧ་བླངས་ལ།། བྱང་ནུབ་གླིང་གི་ལྷོ་གླིང་ནས།། ལྷ་སྲོག་ཡི་གེ་འ་ཡིས་འབྲེལ།། ཡན་ལག་ཡི་གེ་སྐྱིལ་ཀྲུང་བརྒྱན།། སྟེང་ནས་གསང་བའི་ཐིག་ལེས་མཛེས། ། ལྷོ་ཕྱོགས་གླིང་གི་བྱང་གླིང་ནས།། ལྷ་སྲོག་ཡི་གེ་ད་བླངས་ལ།། ཡན་ལག་ཡི་གེ་སྐྱིལ་ཀྲུང་བརྒྱན།། ལྷོ་ཕྱོགས་གླིང་གི་བྱང་གླིང་ནས།། ལྷ་སྲོག་ཡི་གེ་ན་དང་ལྡན།། བྱང་ཕྱོགས་གླིང་གི་ལྷོ་གླིང་ནས། ། ལྷ་སྲོག་ཡི་གེ་ཛ་བླངས་ལ།། གསང་སྲོག་དྲང་ཕྱིར་དུན་འཛར་བཞག་གོ། ཀི་ལ་ལའི་ཡང་སྙིང་འབྲུ་དགུ་གཏན་ལ་དབབ་པའོ།། ད་ནི་ལྷ་མོའི་ཡང་སྙིང་རུ་ལུ་འབྲུ་དགུ་པ་གཏན་ལ་དབབ་པ་ནི།། གསང་བ་འདུས་པའི་སྙིང་པོའོ། ། བྱིན་རླབས་ཕུན་སུམ་ཚོགས་ཕྱིར་སྤྱི་གཙུག་འཁྱིལ།། ནུབ་གླིང་ལྷོ་ནས་མ་བླངས་ལ།། མི་འགྱུར་ཡུམ་གྱི་སྙིང་པོ་གཞག། བྱང་ཤར་གླིང་དཀྱིལ་ར་བླངས་ལ།། ཡན་ལག་ཡི་གེ་གཉིས་པས་བརྒྱན། ། བྱང་ཤར་གླིང་གི་ཤར་ནས་ལ་བླངས་ལ།། ཡན་ལག་ཡི་གེ་གཉིས་པས་བརྒྱན།། དེ་ཉིད་ལན་གཉིས་གྲང་བར་བྱའོ།། དབུས་ཀྱི་བྱང་ནས་ཧ་བླངས་ལ།། བྱང་ནུབ་གླིང་གི་ལྷོ་གླིང་ནས་འ་ཡིས་འབྲེལ།། ཡན་ལག་ཡི་གེ་གཉིས་པས་བརྒྱན། ། ཤར་གླིང་བྱང་ནས་བླངས་ལ།། ནུབ་གླིང་བྱང་ནས་ང་བླངས་ལ།། ནུབ་གླིང་བྱང་ནས་མ་ཡིས་འབྲེལ།། འགྱུར་མེད་གཡུང་དྲུང་ཐིག་ལེས་མཛེས།། ནུབ་གླིང་བྱང་ནས་བ་བླངས་ལ། ། དབུས་ཀྱི་བྱང་ནས་ཧ་ཡིས་འབྲེལ།། ཡན་ལག་ཡི་གེ་ཀ་བཞིས་བརྒྱན།། ལྷོ་གླིང་ལྷོ་ནས་ད་བླངས་ལ།། ཡན་ལག་ཡི་གེ་གཉིས་པས་འབྲེལ།། ལྷོ་གླིང་བྱང་ནས་ན་དང་ལྡན།། བྱང་གླིང་ལྷོ་ནས་ཛ་བླངས་ལ། ། དམ་ཅན་བོད་ཕྱིར་དུན་ཛར་བཞག་གོ། མ་ཅིག་ལྷ་མོའི་ཡང་སྙིང་འབྲུ་དགུ་པ།། གླིང་དགུ་རང་སྐད་སྒྲ་ཡིས་གཏན་ལ་དབབ་པའོ།། ད་འཇམ་དཔལ་ཡ་མན་ཏ་ཀ་ཡི།། མདོ་རྩ་མཐར་ཐུག་ལྷ་ཡི་འཛབ།། སྔགས་འབྲུ་སུམ་བཅུ་རྩ་གཉིས་པ། ། འཁོར་ལོ་རང་བྱུང་སྒྲ་ཡིས་འཆད་པ་ལ།། ཡེ་ཉིད་ཕྱི་མོའི་འཁོར་ལོ་ཡིས།། བྱང་ནུབ་འཁོར་ལོ་ཐུང་འདྲེན་དང།། ནུབ་ཕྱོགས་འཁོར་ལོའི་ཐུང་འདྲེན་དང།། བྱང་ནུབ་འཁོར་ལོའི་ཐུང་འདྲེན་ལ། ། རིན་ཆེན་ཕྲ་བཅད་དྲག་ཏུ་བཞག། བྱང་ཤར་འཁོར་ལོའི་ཐུང་འདྲེན་དང།། ནུབ་ཕྱོགས་འཁོར་ལོའི་ཐུང་འདྲེན་དང།། བྱང་ནུབ་འཁོར་ལོའི་ཐུང་འདྲེན་ལ།། རིན་ཆེན་ཕྲ་བཅད་དྲག་ཏུ་བཞག། དེ་འོག་དབུས་ཕྱོགས་འཁོར་ལོའི་རང་འདྲེན་བཞག། ཤར་ཕྱོགས་འཁོར་ལོའི་རང་འདྲེན་ལ།། བྱང་ཤར་འཁོར་ལོའི་རང་འདྲེན་འབྲེལ།། དེ་ལ་ཐང་དཀར་ལྡིང་བས་བརྒྱན།། བྱང་ཤར་འཁོར་ལོའི་དལ་འདྲེན་ལ།། བྱང་ཤར་འཁོར་ལོའི་རང་འདྲེན་འབྲེལ། ། དེ་ལ་ཐུགས་རྗེ་ལྕགས་ཀྱུས་བརྒྱན།། ནུབ་ཕྱོགས་འཁོར་ལོའི་འབྱུང་འདྲེན་དང།། ལྷོ་ཕྱོགས་འཁོར་ལོའི་ཐུང་འདྲེན་ལྡན།། བྱང་ནུབ་འཁོར་ལོའི་དལ་འདྲེན་དང།། བྱང་ཕྱོགས་འཁོར་ལོའི་དལ་འདྲེན་ལྡན། ། དེ་ལ་སྐྱིལ་མོ་ཀྲུང་གིས་བརྒྱན།། ནུབ་བྱང་འཁོར་ལོའི་རང་འདྲེན་དང།། བྱང་ཕྱོགས་འཁོར་ལོའི་དལ་འདྲེན་ལ།། རིན་ཆེན་ཕྲ་ཡིས་བཅད་ལ་བཞག། ལྷོ་ཕྱོགས་འཁོར་ལོའི་དལ་འདྲེན་ལ། ། དེ་ལ་རྩ་ཆེན་དབྱུག་ཐོས་བརྒྱན།། བྱང་ཤར་འཁོར་ལོའི་རང་འདྲེན་ལ།། དེ་ལ་ཐང་དཀར་ལྡིང་བས་བརྒྱན།། བྱང་ནུབ་འཁོར་ལོའི་ཐུང་འདྲེན་ལ།། ནུབ་ཕྱོགས་འཁོར་ལོའི་ཐུང་འདྲེན་མཛེས། ། དེ་ཉིད་ལན་གཉིས་དྲང་པར་བྱའོ།། ལྷོ་ཕྱོགས་འཁོར་ལོའི་དྲག་འདྲེན་ལ།། དེ་ལ་སྐྱིལ་མོ་ཀྲུང་གིས་བརྒྱན།། ནུབ་ཕྱོགས་འཁོར་ལོའི་ཐུང་འདྲེན་མཛེས།། དེ་ཉིད་ལན་གཉིས་དྲང་བར་བྱའོ།། བྱང་ནུབ་འཁོར་ལོའི་ཐུང་འདྲེན་དང། ། ནུབ་ཕྱོགས་འཁོར་ལོའི་ཐུང་འདྲེན་དང།། ནུབ་བྱང་འཁོར་ལོའི་ཐུང་འདྲེན་ལ།། རིན་ཆེན་ཕྲ་ཡིས་བཅད་ལ་བཞག། བྱང་ནུབ་འཁོར་ལོའི་དལ་འདྲེན་ལ།། དེ་ལ་ཐུགས་རྗེ་ལྕགས་ཀྱུས་བརྒྱན། ། བྱང་ཕྱོགས་འཁོར་ལོའི་རང་འདྲེན་ལ།། དེ་ལ་ཐུགས་རྗེ་ལྕགས་ཀྱུས་བརྒྱན།། ལྷོ་ནུབ་འཁོར་ལོའི་རང་འདྲེན་དང།། བྱང་ཤར་འཁོར་ལོའི་དྲག་འདྲེན་ལ།། རིན་ཆེན་ཕྲ་ཡིས་བཅད་ལ་བཞག། ནུབ་ཕྱོགས་འཁོར་ལོའི་དལ་འདྲེན་ལ། ། བྱང་ཤར་འཁོར་ལོའི་དལ་འདྲེན་འབྲེལ།། དེ་ལ་རྩལ་ཆེན་དབྱུག་ཐོས་བརྒྱན།། བྱང་ཤར་འཁོར་ལོའི་ཐུང་འདྲེན་ལྡན།། བྱང་ཤར་འཁོར་ལོའི་དལ་འདྲེན་དང།། ཤར་ཕྱོགས་འཁོར་ལོའི་རིང་འདྲེན་ལྡན། ། བྱང་ཤར་འཁོར་ལོའི་རང་འདྲེན་ལ།། དེ་ལ་སྐྱིལ་མོ་ཀྲུང་གིས་བརྒྱན།། ལྷོ་ནུབ་འཁོར་ལོའི་རང་འདྲེན་ལ།། དེ་ལ་ཐུགས་རྗེ་ལྕགས་ཀྱུས་བརྒྱན།། ལྷོ་ཕྱོགས་འཁོར་ལོའི་དྲག་འདྲེན་ལ།། དེ་ལ་སྐྱིལ་མོ་ཀྲུང་གིས་བརྒྱན། ། ལྷོ་ཕྱོགས་འཁོར་ལོའི་ཐུང་འདྲེན་ལྡན།། ནུབ་ཕྱོགས་འཁོར་ལོའི་དལ་འདྲེན་ལ།། ཐམས་ཅད་མཐར་དབྱུང་དངོས་གྲུབ་ཐོབ་བྱའི་ཕྱིར།། གྱད་སྐས་རྒོད་ལིང་གཉིས་ཀྱིས་བརྒྱན་ནོ།། དེ་ལྟར་ལྷ་འཛབ་སུམ་ཅུ་རྩ་གཉིས་པ། ། མི་འགྱུར་གཏན་ལ་ཕབ་པའོ།། འདིས་གང་ལ་ཡང་ཐེ་ཚོམ་མེད་ན་ཡང།། དགྲ་བོ་བསད་དང་སྨྱོ་དང་ཇག་ཆིངས་དང།། རེངས་དང་མིག་གིས་མི་མཐོང་བར་བྱ་བ་དང། ། ཐོག་སེར་དབབ་དང་བསྲུང་བ་དང།། དགྲ་བགེགས་གདུལ་ཞིང་གཟེར་བ་དང།། འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པར་བསྔགས་སོ།། བཅོམ་ལྡན་འདས་འཇམ་དཔལ་དཔའ་བོ་གྲུབ་པ་ཡི། ། མདོ་རྩ་མན་ངག་མཐར་ཐུག་པའི།། གནག་པ་ཐུགས་ཀྱི་ཡང་སྙིང།། འཁོར་ལོའི་རིང་འདྲེན་སྒྲ་ཡིས་འཆད་པ་ལ།། རིགས་ལྔའི་སངས་རྒྱས་དབུ་ལ་རྫོགས།། འཁོར་ལོ་དབུས་ཀྱི་ཐུང་འདྲེན་ལ།། དབྱུག་ཐོས་བརྒྱན་ལ་ཟུངས་ཤིག་བཞག། ལྷོ་ནུབ་འཁོར་ལོའི་རང་འདྲེན་ལ།། དེ་ལ་ལྕགས་ཀྱུས་རྒྱན་པ་དང།། བྱང་ཤར་འཁོར་ལོའི་དལ་འདྲེན་ལ།། དེ་ཉིད་ལན་གཉིས་དྲངས་ལ་བཞག། ནུབ་ཕྱོགས་འཁོར་ལོའི་དལ་འདྲེན་ལ། ། ལྷོ་ཕྱོགས་འཁོར་ལོའི་ཐུང་འདྲེན་ལྡན།། ལྷོ་ནུབ་འཁོར་ལོའི་རང་འདྲེན་བཞག། དེ་ཉིད་ལན་གཉིས་དྲངས་ལ་བཞག། ལྷོ་ཡི་འཁོར་ལོའི་རང་འདྲེན་དང།། བྱང་ཤར་འཁོར་ལོའི་རང་འདྲེན་དང། ། བྱང་ནུབ་འཁོར་ལོའི་ཐུང་འདྲེན་ལ།། རིན་ཆེན་ཕྲ་བཅད་དྲག་ཏུ་བཞག། དེ་ཉིད་ལན་གཉིས་དྲངས་ལ་བཞག། ལྷོ་ཡི་འཁོར་ལོ་ཐུང་འདྲེན་ལ།། དེ་ལ་ལྕགས་ཀྱུས་བཞག་ལ་བཞག། བྱང་ཤར་འཁོར་ལོའི་དྲངས་འདྲེན་ལ། ། དེ་ལ་སྐྱིལ་མོ་ཀྲུང་གིས་བརྒྱན།། ལྷོ་ཡི་འཁོར་ལོའི་ཐུང་འདྲེན་ལྡན།། ལྷོ་ནུབ་འཁོར་ལོའི་རང་འདྲེན་གཞག། དེ་ཉིད་ལན་གཉིས་གྲངས་ལ་གཞག། དེ་འོག་འཁོར་ལོའི་ཐུང་འདྲེན་བཞག། བྱང་ཤར་འཁོར་ལོའི་ཐུང་འདྲེན་ལ།། ནུབ་ཀྱི་འཁོར་ལོའི་དལ་འདྲེན་འབྲེལ།། འཁོར་ལོའི་དབུས་ཀྱི་རང་འདྲེན་ལ།། དེ་ལ་ལྕགས་ཀྱུས་བརྒྱན་པ་དང།། བྱང་ཤར་འཁོར་ལོའི་རང་འདྲེན་ལྡན།། ལྷོ་ཡི་འཁོར་ལོའི་ཐུང་འདྲེན་དང། ། ལྷོ་ནུབ་འཁོར་ལོའི་ཐུང་འདྲེན་ལྡན།། ནུབ་ཀྱི་འཁོར་ལོའི་ཐུང་འདྲེན་དང།། ལྷོ་ཡི་འཁོར་ལོའི་ཐུང་འདྲེན་ལ།། དེ་ལ་ལྕགས་ཀྱུས་བརྒྱན་ལ་བཞག། དབུས་ཀྱི་ཐུང་འདྲེན་འཁོར་ལོ་ལ། ། བྱང་ནུབ་འཁོར་ལོའི་དལ་འདྲེན་འབྲེལ།། དེ་ལ་སྐྱིལ་མོ་ཀྲུང་གིས་བརྒྱན།། དེ་ལ་གསང་བའི་ཐིག་ལེས་མཛེས།། དེ་དག་ལན་གཉིས་གྲངས་ལ་བཞག། ནུབ་ཕྱོགས་འཁོར་ལོའི་དྲག་འདྲེན་དང།། ལྷོ་ནུབ་འཁོར་ལོའི་རང་འདྲེན་ལྡན། ། དེ་ཉིད་ལན་གཉིས་གྲངས་ལ་བཞག། བྱང་ཤར་འཁོར་ལོའི་ཐུང་འདྲེན་ལ།། བྱང་གི་འཁོར་ལོའི་ཐུང་འདྲེན་འབྲེལ།། དབུས་ཀྱི་འཁོར་ལོའི་ཐུང་འདྲེན་བཞག་གོ། དེ་ལྟར་གནག་པ་ཐུགས་ཀྱི་ཡང་སྙིང། ། སྔགས་འབྲུ་སུམ་ཅུ་རྩ་བཞི་པས།། ལས་ཐབས་སུམ་ཅུ་རྩ་བཞི་ཐར་འདོན་ན།། མི་འགྱུར་དོན་དང་ལྡན་པར་གཏན་ལ་ཕབ་པའོ།། དེ་ཉིད་ཕྱི་མོའི་འཁོར་ལོའི་རྒྱུད་རྫོགས་སོ།།།།
CLOSE WINDOW