Wylie |
རྒྱ་གར་སྐད་དུ། བོད་སྐད་དུ། ཀུ་མ་ར་ཛ་སྐུ་མངོན་དུ་དབྱུང་བ་ཆེ་མཆོག་འཇིགས་བྱེད་ངན་སྔགས་ཀྱི་རྒྱུད་ཅེས་བྱ་བ། འཇིག་རྟེན་ཐར་བྱེད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ། རི་མ་ལ་ཡའི་རྩེ་མོ་གནམ་ལྕགས་ཀྱི་ཐོག་འབབ་པ་ཐོད་པ་དམར་ནག་གི་གཞལ་ཡས་ཁང་ན།། སྒྲོལ་བའི་གིང་དང། འཛིན་གིང་ཆེན་པོ་ཡབ་ཅིག་སྐུ་མཆོག་དམར་པོ་དང། སྲིང་མོ་ཆེན་མོ་རྟག་ཏུ་སྲོག་གཅོད་པ་ལ་དགའ་བའི་ཨེ་ཀ་ཛ་ཏི་དང། བདུད་ཕོ་མོ་མིང་སྲིང་གི་ཚོགས་ལ་ལ་ནི་འཛིན་གིང་བྱེད། ལ་ལ་ནི་སྒྲོལ་བའི་གིང་བྱེད།། མ་མོའི་ཚོགས་ནི་རོ་ལ་དགའ་ཞིང་དུར་ཁྲོད་ཀྱི་ཤ་ཟ། སྲོག་གཅོད་པ་ལ་དགའ་བའི་མ་མོ་རྣམས་དགྲ་བོའི་སྲོག་ལ་དབང་བྱེད་པར་བསྒོས་སོ། ། དེའི་ཚེ་དེའི་དུས་ན་མ་མོ་ཨེ་ཀ་ཛ་ཏི་ལ་འཛིན་པའི་གིང་གཉིས། སྒྲོལ་བའི་གིང་བཅོ་ལྔས་བསྐོར་ཏེ།། སྒྲོལ་གིང་ཆེན་པོ་ཧུ་རི་ནི་དམ་ཚིག་གི་ཏིང་འཛིན་པར་བསྐོས་སོ། ། ཧཱུ~ཾ་ཏི་ཀ་ཞེས་བྱ་བ་ནི་གཞན་གྱི་གཡུལ་ཟློག་པར་བསྐོས་སོ།། པ་ར་ཏ་རི་ཞེས་པ་ནི་བདུད་གཅོད་པར་བསྐོས་སོ།། ཀུན་ཏུ་རྒྱུ་ཞེས་བྱ་བ་ནི་སྲོག་གཅོད་པར་བསྐོས་སོ།། ཧུ་ཧུ་ཙེ་ཞེས་བྱ་བ་ནི་རྐུ་བར་བསྐོས་སོ། ། པ་ཤ་ཀ་ཞེས་བྱ་བ་ནི་ལྷ་དང་འབྲེལ་བར་བསྐོས་སོ།། དུ་ན་པ་ལི་ན་ཞེས་བྱ་བ་ནི་ཕོ་ཉ་རུ་བསྐོས་སོ། ཁུ་ལེ་ལག་དགུ་ཞེས་པ་ནི་གསོད་པའི་ཁྲམ་ཐོགས་སུ་དབང་བསྐུར་རོ།། འགོང་པོ་སྤུན་བདུན་ནི་མགྱོགས་བྱེད་ལས་ཀྱི་གིང་བྱ་བར་བསྐོས་སོ། ། འཛིན་གིང་གི་ཁ་བློན་པ་ནི་མ་མོ་དང་ལུས་དང་གྲིབ་མ་བཞིན་གནས་ཏེ་སྐོས་རྗེ་དྲང་དཀར་ཞེས་བྱའོ།། མོ་ཁྲོས་ན་ཕོ་བཅོས་དགོས་ཏེ། ལུག་ནག་པོ་ལྕགས་རུ་འམ། ཡང་ན་དཀར་པོ་དུང་རུ་ལ་དར་སྣ་ཚོགས་ཀྱིས་བརྒྱན་ལ་མདོས་ཀྱིས་བསྐང་ངོ།། ཕོ་ནན་ལྟར་ཁྲོས་ན་མོ་བཅོས་དགོས་ཏེ།། བྱ་ལུག་སྨུག་ནག་དང། བམ་མཚན་དང་ལྡན་པས་བསྐང་ངོ།། དེས་མ་སྐོངས་ན་གསལ་བའི་དམ་རྫས་དང། ། གུ་རུའི་བྱང་ཆུབ་སེམས་ཀྱིས་བསྐང་ངོ།། དེ་ནས་ཐོད་པ་དམར་ནག་བདུད་ཕོ་མོ་རུ་བསྒྲུབ་པར་བྱའོ།། ངན་སྔགས་སྐུ་མ་རཱ་ཛ་སྐུ་མངོན་དུ་དབྱུང་བ་ཆེ་མཆོག་འཇིགས་བྱེད་ངན་སྔགས་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་སྐབས་དང་པོའོ།།།། དེ་ནས་སྦྱིན་སྲེག་གི་ལེའུ་འདི་གསུངས་སོ།། དང་པོ་རྟགས་རྣམས་མོའི་བྱུང་བ་དང།། ཕོ་ལ་དགྲ་རྟགས་ཐོན་པར་བྱ།། དེ་ཡང་དང་པོ་ཡུངས་ཀར་བསྣུན། ། དེ་ནས་ཕུར་བུ་གནས་བདུན་གདབ།། དེ་ནས་ལིང་ག་མེ་ལ་བསྲེག་པར་བྱའོ།། དེའི་དྲག་སྔགས་ཡིག་འབྲུ་བཅུ་བདུན་པ་འདི་གསུངས་སོ།། གིང་ཀ་ར་གིང་ཀ་ར། རག་ཤ་རག་ཤ། སྙིང་ལ་དྲལ། སྲོག་ལ་ཡཾ་ཡཾ། མ་མ་ར་མོ་རག་མོ་ཐུམ་ལིངས། སྲོ་ལ་ཡཾ་ཡཾ་ཛྭ་ལ་རཾ། ལིང་ག་ཆ་གཉིས་བྱ་སྟེ། ཕོ་ལྟོར་དང་མོ་ལྟོར་དུ་བསྲེག་པར་བྱའོ།། སྔགས་ནི་ཕོ་རྐྱང་ལ་བཟླས་པར་བྱའོ།། མ་མོ་ལ་འབུལ་བའི་དུས་སུ་མོའི་སྔགས་རྣལ་དྲང་ངོ། ། ཕོ་ནི་འདི་ཇི་བཞིན་ནོ།། དེ་ནས་གཏོར་མ་ནི་དགྲ་ངོས་འཕངས་ཉེ་བར་སྐྱེལ་ལོ།། འཛིན་གིང་ཆེན་པོ་ཡབ་ཅིག་སྐུ་མཆོག་དམར་པོ་དང།། འཁོར་གྱི་གིང་བརྒྱད་དང་བཅས་པ་ལ་འདིས་བསྟོད་དོ། ། ཧཱུ~ཾ། ཡབ་ཅིག་སྐུ་མཆོག་དམར་པོ་ནི།། བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས།། དབུ་ལ་གསེར་གྱི་རྒྱན་ཐོད་བཅིངས།། ཕྱག་ནི་ཐུགས་ཀྱི་དཀྱིལ་ནས་འབྱིན།། གཡུ་ཡི་མཆེ་བ་སྔོན་པོ་གཙིགས། ། ཕྱག་ན་གཡུ་གྲི་སྔོན་པོ་བསྣམས།། ཡས་ཀྱི་མཆེ་གཙིགས་བྲང་གི་ལྷེང་རྣར་ཟུག། མས་ཀྱི་མཆེ་གཙིགས་སྨིན་མའི་ཁུགས་སུ་ཟུག། སྐུ་ལ་ཞིང་ཆེན་གསར་རྙིང་གསོལ།། ཟས་སུ་པདྨའི་མཾ་ས་ཟ།། སྐོམ་དུ་པདྨའི་རག་ཏ་ཐུང། ། མཾ་ས་བཞི་བརྒྱའི་ཁྲི་ལ་བཞུགས།། མ་མོ་བརྒྱ་ཡི་དབུས་ན་འགྱིང།། མཁའ་འགྲོ་ཀུན་གྱི་གཙོ་མོ་མཛད།། འཕྲ་མེན་རྣམས་ཀྱི་རྫོང་དང་བཅས།། ལྷ་ཆེན་བརྒྱད་ཀྱི་མགོ་བཅད་ནས།། བན་དྷ་བརྒྱད་ནི་རག་ཏས་བརྒྱན། ། རུ་ཏྲ་བརྒྱད་ནི་འཁྲུལ་ཅིང་གསོལ།། དེ་ཡི་འཁོར་ན་ཅི་ཕན་ན།། མགྱོགས་བྱེད་ཆེན་པོ་སྲིན་པོ་ཤ་ཞུན་ཅན།། མང་ཀ་ལ་དང་ཤང་ཀ་ལ།། སྟག་ཆས་ཅན་དང་གཟིག་ཆས་ཅན།། སྔོ་ནག་གཟི་ཆེན་དགྲ་ལ་ཆོ། ། གྲགས་པ་ཆེན་པོ་དགྲ་ལ་ཆོ།། བདུད་འདུལ་ཆེན་པོ་དགྲ་ལ་ཆོ།། ཆོ་ཆོ་ཤར་ནས་ཆུ་ཀུན་ཆོ།། ལྷོ་ནས་ཕོད་ཀུན་ཆོ།། ནུབ་ནས་དྲིད་རྩོད་དམར་ཀུན་ཆོ།། བྱང་ནས་ནིར་ཀུན་ཆོ། མཚམས་སུ་ཨག་ནེ་ཆོ། པ་ནེ་ཆོ། རམ་ན་ཆོ། ཛ་ལ་རཾ་ཆོ། ཉ་ཏི་བ་ཏི་ཆོ། འཁར་ཏི་ཆོ། ཧ་ཏི་ཆོ། གཏུམ་པོ་ཡཾ་ཡཾ། སྒྲོལ་གིང་ཡཾ་ཡཾ། མ་རུ་རྩེ་ལས་ལ་ཡཾ་ཡཾ། དུ་ཡ་ཀྲི་ཏི་ས་མ་ཡ་ཡཾ་ཡཾ། གྲིང་ཀ་ར་གིང་ཀ་ར། རག་ཤ་རག་ཤ། ཡག་ཤ་གྲི་བ། ཡག་ཤ་གྲི་བ། ཧ་ཧ་རུ་ལུ་ཧ་ཧ་རུ་ལུ། ཀར་མ་རག་ཤ་ཧྲིང་ཀར་མ་རག་ཤ་ཧྲིང། ཞེས་བསྐུལ་ན་ལས་མྱུར་དུ་བྱེད་པར་འགྱུར་རོ།། སྐབས་གཉིས་པའོ།།།། དེ་ནས་ཐོད་པ་དམར་པོའི་བཅའ་ཐབས་འདི་གསུངས་སོ། ། གཙང་ཞིང་དར་བའི་ཐོད་པ་ལ།། གྲུ་གསུམ་བདུན་ནི་ཐོད་མཐའ་བསྐོར།། ཡ་རྐན་ཕོ་ལ་མར་རྐན་མོ།། གྲི་མོའི་སྙིང་ཆེན་གཤགས་ནས་ནི།། ཕོ་མོའི་འཁོར་ལོ་ལིང་ག་བྲི།། རྒྱུས་ཆེན་བཙེམས་ཏེ་ཐོད་པའི་ཁ། ། མ་མོ་ཉིད་དམིགས་ཞལ་དུ་བཏབ།། དབང་བསྐུར་ལིང་ག་ཁར་བཅུག་གུར་ཕུབ་ཨེ་དབུས་བཞག། འབྲུབ་ཁུང་བསྲེགས་པའི་ལིང་ག་ནི།། སྐོས་རྗེའི་ཡི་གེ་དགུ་པའི་སྐོར།། སྔོན་དམར་སྐུད་པས་གདབ་ཕུར་གཉིས་ལ་གཏོད། ། དེ་ནི་ཐོད་ནག་དྲུང་དུ་བཞག། དེ་ནི་དགྱིང་དགུའི་འགྱིང་ཕུར་ཡིན།། གྲུ་གསུམ་ལིང་ག་ཨེ་དབུས་གདན།། དབང་བསྐུར་གྲུ་གསུམ་ལོགས་ལ་བཞག། དེ་ལ་ཐོད་པ་བདུན་བདུན་བྲི། ། དུར་ཁྲོད་མཚན་ངན་ཐོད་པ་ལ།། ལིང་ཀུན་སོལ་ཆེན་དམེ་ཁྲག་སྦྱར།། དེ་ཡིས་ནག་པོར་བྱུག་པར་བྱ།། ཉི་ཤུ་རྩ་ལྔ་ཕས་ཤར་ནས།། གྲུ་གསུམ་ལིང་ག་ཐོད་པར་གཞུག། གིང་དགུ་རྦད་དེ་གཟེར་སྔགས་ཉུངས་ཀར་བསྣུན། ། རྩ་དགུའི་ནུབ་མོ་ཕུར་གདབ་བསྲེག། བཅོ་བརྒྱད་ཤར་ནས་ཞག་བདུན་བསྒྲུབ།། ཧཱུ~ཾ་བཛྲ་མཧཱ་ཡག་ཤ་མ་རུ་རྩེ་ཧཱུ~ཾ་ཡ། ཨོཾ་བཛྲ་ཨ་པ་ཏ་ལོ་ཀི་ཏེ་ཡ་ན་མང་ཤོ་ཧྲི་ཤྟི། སྙིང་ཁ་ལ་རག་ཤ། ག་དུ་ན་ག་དུ་ན། ཨེ་གེ་ནི་རྦད། ཏྲི་ཁ་རླངས་མ་རུ་ཏྲ། ཧཱུ~ཾ་ཏུ་ཐུཾ་རུ་ལུ་རུ་ལ་མ་ཧིང་བྷྱོ། དེ་ཡི་གྲུབ་རྟགས་ཤར་བ་ནི།། ཤོ་ན་མང་པོ་གསོ་བ་དང།། སྐྱེས་པ་ཆས་བཟང་པོ་འདུ་བའམ།། མཐའ་ཡི་མི་རུ་འོང་ཞིང་བསྒོ་བ་ཉན། ཁྲ་དང་སྤྱང་ཁུ་སྲོག་ཆགས་གསོད།། རང་གི་བྲན་ཁོལ་ལས་བྱེད་ན།། འདི་དག་བཟང་བར་བཤད་པ་ཡིན།། བཙུན་པ་མང་པོ་བྱུང་བ་ནི།། མི་འགྲུབ་འཁོར་ལ་གཟན་པ་ཡིན།། འབད་རྩོལ་ཕྱང་སྟེ་ཐུགས་དམ་བསྐུལ། ། དེ་ཡང་གསང་མདོས་ཙ་ར་དཀར་དམར་དང།། ཨུ་པ་དཀར་ནག་ཐུགས་དམ་བསྐང།། དགྲ་རྟགས་རྣམས་ནི་གཞན་དང་མཐུན།། མོ་ཡི་རྟོགས་ཀྱང་དེ་བཞིན་ནོ།། ཕོ་བསྒྲུབ་པའི་འཐེམས། ། ན་མོ་རྟགས་འབྱུང། གྲུབ་ནས་ཕོ་མོ་ཉིན་མཚན་བཟླས།། མནན་པ་ཐོད་པ་ནག་པོ་རུ།། རྒྱ་གྲམ་ལམ་དུ་སྲོག་སྔགས་གཉིས་དང་འབྲིལ་བར་མནན།། ཕོ་མོའི་བར་དུ་ལིང་ག་འབྲེལ་བར་མནན།། རྣལ་འབྱོར་དམ་ཚིག་མ་ཉམས་ན། ། ངེས་པར་མྱུར་དུ་འགྲུབ་པ་ཡིན།། གལ་ཏེ་མ་གྲུབ་དམ་ཅན་དེས།། དམ་ཚིག་གཉིས་པ་ཡིན་པར་ན།། རང་ཕུང་བརླག་པར་གདོན་མི་ཟ།། དེ་ཕྱིར་དམ་ཚིག་གཙོ་རུ་བླངས།། ཚེས་གཅིག་ཤར་ནས་བཅུ་བདུན་པར། ། བར་ཆོད་བསལ་ཏེ་མ་མོ་འགྲུབ།། གྲུབ་རྟགས་གཞན་གཞུང་ཀུན་དང་མཐུན།། སྐབས་གསུམ་པའོ།།།། དེ་ནས་གིང་དགུ་གནད་ལ་དབབ་པ་འདི་གསུངས་སོ། ། རབས་ཆད་ཐོད་པ་ཚན་ངན་ལ།། སྲོག་སྔགས་རིང་པོ་བྲི་བར་བྱ།། མཐོ་གང་གྲུ་བཞིའི་སྟེགས་བུ་བརྩིགས།། དེ་སྟེངས་གསང་ཕྱེ་ལས་བྱས་པའི།། འཛིན་གིང་མཐོང་གང་གཟུགས་བརྩིགས་ཏེ། སྲོགས་སྔགས་དེ་བཞིན་སྙིང་ཀར་གདགས། ། རས་སམ་ཤོག་བུའི་འཕེན་བདུན་གདགས།། འཛིན་གིང་འོག་ཏུ་གིང་བརྒྱད་རང་སྔགས་གཞུག། གིང་ཀ་ར་པ་ཏི་ཡ། ཏྲི་ཡཾ་རག་ཤ་ཡ་ཏྲི། གུར་ན་ཏྲི་ཛ། པཾ་ཏྲི། ཤོ་ན་ཏྲི། པ་ཏྲ་པ་ཏྲ་བྷྱོ། དེ་ནས་བྱང་ཤར་མཚམས་སུ་དོང་གྲུ་གསུམ་བྲུས་ལ་གཟུགས་བྱང་བཅུག་ལ། སྟེང་ནས་ཐོད་པས་དགབ་བོ།། མྀས་མི་རྙེད་པར་སྦས་ལ་གཞག་གོ། སྐབས་བཞི་པའོ།།།། དེ་ནས་གིང་ཕོ་དགུ་མོ་དང་བཅུ། སྤྱི་སྒྲུབ་དང་དགོས་སྒྲུབ་གཉིས་སུ་ཤེས་པར་བྱའོ།། དེ་ཡང་སྤྱི་སྒྲུབ་ནི་བསད་པ་ཞལ་གྱི་སྒྲུབ་ཐབས་སོ།། ཕོ་སྒྲུབ་ནི་འདི་ལྟར་ཤེས་པར་བྱའོ།། ཐོད་པ་འགལ་མ་འགལ་མ་བྲལ་བ་ལ་ཁ་སོ་ཁྲག་གིས་བྱུགས་ལ། ། ནང་དུ་དགྲའི་ལིང་ག་གཞུག། གཅན་གཟན་གྱི་ཁྲག་གིས་དམར་པོ་བྱུག། བྱི་ཁྲའི་སྙིང་དང་སྤྱང་ཀུའི་སྙིང་དང། སྲིན་བྱའི་སྙིང་དང། འུག་པའི་སྙིང་དང། མི་གྲི་རུ་ཤི་བའི་སྙིང་དང། དེ་རྣམས་ཀྱི་ནང་དུ་གཟེར་སྔགས་བྲིས་ཏེ། ཕྱོགས་བཞི་རུ་སྙིང་གི་ནང་དུ་བཅུག་ལ་གདགས་སོ།། སྤྱི་གཙུག་སྙིང་ཆེན་ལ་མོ་སྔགས་འབྲེལ་བར་གདགས་སོ།། དེ་ནས་གསད་པའི་ལས་བྱའོ།། ཐ་མར་དགྲ་རྟགས་བྱུང་ནས་མནན་པའི་ལས་བྱའོ། ། དེ་ནས་བདུད་ཆམ་ལ་དབབ་པའི་དྲག་སྔགས་འདི་གསུངས་སོ།། ཀུན་ཏུ་རྒྱལ་བ་ཞེས་བྱ་བ།། བདུད་གཅོད་པའི་གིང། འཆི་བ་ཐམད་ཅད་ཀྱི་བདུད་ཀྱི་བདུད། ཐམས་ཅད་ལ་གནོད་པར་སྦྱོར་བས། བདུད་ཐམས་ཅད་ཀྱི་སྲོག་ཀུན་ལས་རྒྱལ་བས་ཀུན་ཏུ་རྒྱལ་བ། ཐམས་ཅད་ཀྱི་སྲོག་དང་མདངས་འཕྲོག་པས་སྔོ་ནག། གཟི་ཆེན་ཞེས་བྱ་བ་དེ་ལས་ཐ་མར།། དེ་སྲོག་གཅོད་པར་བསྐུལ་ལོ།། དེ་ཡི་མཚང་ཚིག་དྲག་སྔགས་བདུན། ། རྒྱལ་པོའི་མཚོན་ཆ་འཁོར་བ་འདྲ།། སྐྱ་རེངས་ཟེར་ལ་གཏོར་མ་ནི། ཨ་མྲྀ་ཏ་དང་ཆང་དུ་སྦྱར།། དྲག་སྔགས་འདི་བཟླས་བདག་རྒྱལ་འགྱུར།། དགྲ་རྣམས་བརླག་པར་གནོད་མི་ཟ།། ཞེས་དྲག་སྔགས་བདུན་པ་འདི་སྨྲས་སོ། ། གིང་ཀ་ར་པཾ་ཏི་ན་ཛི། པ་ཏྲ་པ་ཏྲ་ཡཾ་ཏྲཾ་ཛ། ཡག་ཤ་ཡག་ཤ་སྲོག་ལ་ལྷ། མ་རེ་ཡཾ་ཏི་ནརི་ཛ་ཛ། ཀྲོ་ཏ་ནི་ནརི་ཏྲོ་ཏ་ནི། བདུད་ཡ་ཡ་ཁྲག་ཏི་ཡཾ་ཡ། གུར་ཏྲི་ལང་ཏྲི་ཡཾ་ཛ། ཞེས་རྒྱུན་དུ་དྲང་ངོ།། ཞེས་གསུངས་པ་དང། གིང་རྣམས་ཡི་རང་བར་གྱུར་ཏོ།། ཀུ་མ་ར་ཆེ་མཆོག་འཇིགས་བྱེད་ཀྱི་རྒྱུད་ལས་སྐབས་ལྔ་པའོ།།།། ཀུ་མ་ར་ངན་སྔགས་ཆེ་མཆོག་འཇིགས་བྱེད་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ། །།།། བདག་འདྲའི་གཡར་དམ་ངན་སྔགས་སྙིང་པོ་དམ་པ་འདི། གུ་རུ་དེ་བ་ཙན་ཏྲའི་ཐུགས་མཛོད་ལས་ཞག་བདུན་བར་དུ་གཏན་ལ་ཕབ།། ཡིག་ཆུང་བསྒྲུབ་ཡིག་དང་བཅས་དྲགས་ལུང།། དམ་པར་མཐོང་སྟེ་གཏན་ལ་དབབ། ། འཛམ་གླིང་དབུས་ན་ཤིན་ཏུ་དཀོན།། གཏད་པའི་གནས་མེད་གཏེར་དུ་སྦས།། སྐལ་མཆོག་ལས་རབ་ཅིག་དང་འཕྲད་པར་ཤོག། གུ་རུ་འཕྲུལ་གྱི་གཤོག་རྒོད་རྩལ་དང།། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །།། དམར་པོ་ལྕམ་དྲལ་གྱི་རྒྱུད་ཅེས་བྱའོ།། སྤྱིར་རྒྱུད་འདི་དམར་པོ་ལྕམ་དྲལ་དུ་སྒྲུབ་པའི་རྒྱུད་ཡིན་ཏེ།། ཐོད་པ་དམར་ནག་གསད་པ་ཞལ་གྱི་དཀྱིལ་འཁོར་གྱི་ཕོ་རྒྱུད་དུ་ཡང་འགྲོ་སྟེ། ཐོད་པ་དམར་ནག་གསད་པ་ཞལ་གྱི་དཀྱིལ་འཁོར་སྤ་དྲོ་སྐྱེར་ཆུར་སྦས་སོ།། འདིར་མ་སྨོས་སོ།། འདིར་དམར་པོ་ལྕམ་དྲལ་གྱི་བསྒྲུབ་ཐབས་ཆུང་ངུ་འདི་དང། ཕོ་མོ་ཁྲོས་ན་བསྐང་ལུགས་འདི་ནི་གསལ་པ་ཡིན་ཏེ། གནད་ཤིན་དུ་ཆེའོ།། གཟུས་སྟོན་རིན་ཆེན་རྒྱལ་པོའི་མཚོན་ཆའོ།།།། རྒྱ་གར་སྐད་དུ། བ་ལ་པ་ཏྲ་བྷ་ལས་ཛི་ཏནྟྲ་ནཱ་མ།
CLOSE WINDOW