CLOSE WINDOW

Gpb050.037: བཅོམ་ལྡན་འདས་གསང་བ་ཡེ་ཤེས་ཀྱི་ཁྲི་བོ་དཔལ་ཆེ་མཆོག་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ། དཔལ་མ་ནིང་ནག་པོའི་ལས་རྒྱུད་ཅེས་བྱ་བ
Wylie

རྒྱ་གར་སྐད་དུ། བྷ་ག་བཱན་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀཱ་བཱ་ཙི:་ཤྲཱི་མ་ཧཱ་ཀཱ་ལ་གྷན་ཀརྨ་ཏནྟྲ་ཀཱ་ལ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་གསང་བ་ཡེ་ཤེས་ཀྱི་ཁྲོ་བོ་དཔལ་ཆེ་མཆོག་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ། དཔལ་མ་ནིང་ནག་པོའི་ལས་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ལ་སྙོམས་པར་བཞུགས་སོ། ། དེའི་ཚེ་ཡུམ་ཆེན་མོ་ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཕྱུག་མ། རོལ་པ་འགག་པ་མེད་པའི་ངང་ལས་བཞེངས་ཏེ། ཡབ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་ཀྱེ། ཡབ་ཅིག་ཀུན་བཟང་ཧེ་རུ་ཀ། དཔའ་བོ་དཔལ་ཆེན་ཆེ་བའི་མཆོག། ཕྱོགས་བཅུ་དུས་བཞི་བདེ་བར་གཤེགས།། འདུལ་བྱེད་ཁྲག་འཐུང་གར་གྱི་བདག། རོལ་པ་ཆེན་པོའི་ཏིང་ངེ་འཛིན་གྱིས། ། སྤྲུལ་པ་བྱེ་བ་དཔག་མེད་འགྱེད།། འོག་མིན་བྱེ་བའི་གནས་མཆོག་འདིར།། ང་ཡི་བྷ་ག་ཡངས་པ་འདིར།། བླ་མེད་མཆོག་གི་བདེ་བ་སྐྱེ།། དུས་གསུམ་སངས་རྒྱས་འཕྲིན་ལས་མཆོག། སྦྱོར་སྒྲོལ་སྤྲུལ་པའི་དུས་ལ་བབ། ། ས་མ་ཧོ། ས་མ་ཡ་སྟྭཾ། ཨེ་ཧོ་ར་ག་ཡ་མི། ཞེས་གླུ་བླངས་ཏེ་བསྐུལ་བས། ཆོས་ཉིད་ཀྱི་ས་མ་ཏི་ལས་བཞེངས་ཏེ་དགྱེས་པ་ཆེན་པོ་བསྐྱེད་ནས། སྐུ་གསུང་ཐུགས་ལས་སྤྲུལ་པ་བྱེ་བ་ཕྲག་མང་པོ་ཕོ་ཉ་དང་བཅས་པ་བཀྱེ་ནས། ཡུམ་དང་གཉིས་སུ་མེད་པར་རོལ་བ་མཛད་དོ།། དེའི་ཚེ་སྤྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེའི་ཚེ་སྐུ་གསུང་ཐུགས་ལས་འོད་ཟེར་མང་པོ་འཇིག་རྟེན་ཁམས་སྟེང་འོག་ཤར་ལྷོ་ནུབ་བྱང་ལ་སོགས་མཚམས་གངྒཱ་ཀླུང་གི་བྱེ་མ་ཐམས་ཅད་བཀང་སྟེ། འཇིག་རྟེན་ཐམས་ཅད་འགུལ་འགུལ། ལྡེག་ལྡེག་ཆེམ་ཆེམ། འུར་འུར། ཤིག་ཤིག་ཡོམ་ཡོམ། ཤར་ནུབ་ལྷོ་བྱང་མཐའ་དབུས་མཐོ་དམན་ཅན་དུ་གཡོས་པར་གྱུར་ཏོ། ། སླར་འོད་ཟེར་ཚུར་འདུས་པར་གྱུར་ཏེ་སྤྱི་གཙུག་ཏུ་ཐིམ་ནས། དེ་ནས་ཡབ་ཡུམ་སྦྱོར་མཚམས་ནས་འཆོལ་བའི་ཁྲོ་བོ་ཆེན་པོ་བརྒྱད་སྤྲུལ་ཏེ། སྐུ་གསུང་ཐུགས་ནས་ཁྲོ་བོ་འཆོལ་བ་གསུམ་སྤྲུལ་ཏོ། ། གཞན་ཡང་སྤྱི་གཙུག་ནས་སྐུའི་མགོན་པོ་སྤྲུལ། མགྲིན་པ་ནས་གསུང་གི་མགོན་པོ་སྤྲུལ། སྙིང་ཁ་ནས་ཐུགས་ཀྱི་མགོན་པོ་སྤྲུལ། ལྟེ་བ་ནས་ཡོན་ཏན་གྱི་མགོན་པོ་སྤྲུལ། གསང་བ་ནས་འཕྲིན་ལས་ཀྱི་མགོན་པོ་སྤྲུལ་ཏེ། ཀུན་ཀྱང་སྒྱུ་མ་རྣམ་པར་སྤྲུལ་པ་ཞེས་བྱ་བའི་ངང་ལས་སྤྱོད་དོ།། དེའི་ཚེ་བསྐལ་པ་དང་པོའི་རུ་ཏྲ་གདུག་པ་ཅན་རྣམས་སེམས་ཅན་ལ་འཚེ་བར་གྱུར་ཏོ།། དེ་ཡང་འདི་ལྟ་སྟེ། ཨ་ཀར་ཤ་རུ་ཏྲ་དང། མ་ཏྲཾ་ཀ་རུ་ཏྲ་དང། ཀླུ་ཁ་ཏྲང་ཀ་རུ་ཏྲ་གསུམ་མོ།། གཞན་ཡང་བདུད་རུ་ཏྲ་ནག་པོ། སྲིན་པོ་རུ་ཏྲ། གནོད་སྦྱིན་རུ་ཏྲ། གཟའ་རུ་ཏྲ། ཀ་ཏྲཾ་ཀ་རུ་ཏྲ། མ་སངས་རུ་ཏྲ། བཙན་རུ་ཏྲ། མོ་རྒྱུད་རུ་ཏྲའོ།། དེ་རྣམས་ཀུན་ལ་གནོད་ཅིང་འཚེ་བར་གྱུར་ཏོ། ། གཞན་ཡང་བདུད་ཀྱི་སྡེ་ཚོགས་བྱེ་བ་ཕྲག་མང་པོ་འཁོད་བར་གྱུར་ཏོ།། དེའི་ཚེ་ཡུམ་ཁྲོ་མོ་གནམ་ཞལ་མས་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ། ཀྱེ་ཀྱེ་ཆེ་མཆོག་ཧེ་རུ་ཀ། ཐུགས་རྗེ་ཆེན་པོ་འགྲོ་བའི་མགོན།། སེམས་ཅན་ཀུན་གྱི་མགོན་གཅིག་པོ།། འདུལ་དཀའ་མ་ལུས་གདུལ་བ་པོ།། དཔའ་བོ་བདུད་དགྲ་འདུལ་བ་པོ།། སངས་རྒྱས་བསྟན་པ་བསྲུང་བ་དང། ། དཀོན་མཆོག་དབུ་འཕངས་བསྟོད་པ་དང།། སེམས་ཅན་བདེ་ལ་འགོད་པའི་ཕྱིར།། རུ་ཏྲ་བདུད་ཀྱི་དཔུང་ཚོགས་སྡེ།། དཔའ་བོ་ཆེན་པོས་འདུལ་དུ་གསོལ།། ཅེས་ཞུས་སོ།། དཔའ་བོ་ཡབ་ཀྱིས་བཀའ་སྩལ་པ། ། ཉོན་ཅིག་གནམ་ཞལ་ཁྲོ་མོ་ཡུམ།། དེ་དོན་ཁྱོད་ཀྱིས་ཞུས་པ་ལེགས།། སྔོན་ཚེ་འདས་དུས་དང་པོ་ལ།། བདག་ཉིད་ཆེན་པོ་རྟག་པ་ཡིས།། དེ་བཞིན་གཤེགས་པའི་གསུང་རབ་ལ།། ཆོས་ཉིད་ཞི་བས་མི་འདུལ་བའི། ། དེ་ཚེ་བདུད་དང་སྲིན་པོ་རྣམས།། ཁྲོ་བོ་གར་གྱིས་འདུལ་བར་བྱ།། ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད།། ཁྲོ་བོའི་ཚུལ་ཅན་འཕྲོས་པས་ཀྱང།། འཇིག་རྟེན་ཀུན་ཀྱང་སྲེག་བྱེད་དེ།། སངས་རྒྱས་ཐུགས་རྗེ་འཕྲོས་པ་ཡིས། ། ཁམས་གསུམ་མ་ལུས་སྨོས་ཅི་དགོས།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། དམ་ཚིག་ལས་སྡང་རྣམས་བསྒྲལ་ཕྱིར།། དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ།། ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་ཤྲཱི་ཧེ་རུ་ཀ་ཕཊ། མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ། དེའི་ཚེ་དཔལ་ཆེན་སྤྲུལ་པ་རྣམས་དང། རུ་ཏྲའི་བདུད་རྣམས་སྟོབས་འགྲན་པར་གྱུར་ཏོ།། ཞལ་གཅིག་ཕྱག་གཉིས་པ་དང། ཞལ་གསུམ་ཕྱག་དྲུག་པ་དང། དབུ་དགུ་ཕྱག་བཅོ་བརྒྱད་པ་དང། དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་ཞེ་གཉིས་པ་ལ་སོགས་པའི་སྤྲུལ་པ་འགྲན་པར་གྱུར་ཏོ།། དེའི་ཚེ་དཔལ་ཆེན་པོས་སྙིང་རྗེས་བསྒྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེའི་ཚེ་བདུད་དང་རུ་ཏྲ་བྲེད་དེ་བྲོས་སོ། ། རྒྱུགས་ཕྱོགས་བཅུ་ཀུན་ཏུ་བྲོས་ཀྱང་མ་ཐར། མ་ལ་ཀའི་ཡུལ་རི་གནམ་ལྕགས་མ་ལ་ཡའི་རྩེར་འདུས་སོ།། དེར་སྡེ་དང་དཔུང་དང་བཅས་པ་རྣམས་ད་རུང་རྩོད་པར་འདོད་དོ།། དེའི་ཚེ་དཔལ་ཆེན་པོས་ཐབས་ཀྱིས་རུ་ཏྲའི་སྡེ་དཔོན་དུ་སྤྲུལ་ནས། རུ་ཏྲའི་ཆུང་མ་ཀྲོ་དྷི་ཤྭ་རི་མ་ལ་ཆགས། ཡིད་ཀྱིས་བདེ་བར་རོལ་ཏོ།། དེ་ནས་རུ་ཏྲའི་ཆུང་མ་ལ་བུ་ཆགས་ཏེ། ཁྲོ་བོ་ལྗང་ནག་ཞལ་གསུམ་པ་ཅིག་བྱུང་སྟེ། རུ་ཏྲའི་བུར་བརྫུས་ནས་ཕྱག་དྲུག་པ་བེང་ཐོགས་པ། གསང་བདག་དཔལ་ཆེན་དངོས་ཀྱི་རུ་ཏྲ་ཆེན་པོས་མ་ཏྲཾ་མགོ་ལ་བེང་བརྒྱབ་པས། མགོ་ཚལ་པ་ལྔར་སོང་བར་བསྒྲལ། ཁོག་པ་བྷྲུཾ་ལས་གཞལ་ཡས་ཁང་དུ་གྱུར། རུ་ཏྲའི་སེམས་ཉིད་གདན་དུ་བཏིང་ནས་དམ་ལ་བཏགས། རུ་ཏྲའི་འཁོར་དེ་ཕོ་ཉ་རང་གི་འཁོར་དུ་བཀོད། དེའི་ཚེ་དཔལ་ཆེན་པོའི་བྱིན་རླབས་ཀྱིས། བདུད་རིགས་རུ་ཏྲ་ཐམས་ཅད་བཏུལ། སྐུའི་མགོན་པོས་ཀ་ཏྲཾ་རུ་ཏྲ་བཏུལ། གསུང་གི་མགོན་པོས་ཁ་ཏྲཾ་རུ་ཏྲ་བཏུལ། ཐུགས་ཀྱི་མགོན་པོས་མ་ཏྲཾ་རུ་ཏྲ་བཏུལ། ཡོན་ཏན་གྱི་མགོན་པོས་ཕོ་རྒྱུད་རུ་ཏྲ་བཏུལ། འཕྲིན་ལས་ཀྱི་མགོན་པོས་མོ་རྒྱུད་རུ་ཏྲ་བཏུལ། དེ་ཚེ་དཔལ་ཆེན་ཧེ་རུ་ཀས། ། ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར།། འཆོལ་བའི་ཁྲོ་རྒྱལ་སྟོབས་པོ་ཆེ།། མཧཱ་ཀཱ་ལ་དྲག་པོས་ཏེ།། མ་ནིང་མཆེད་གསུམ་སྐུ་གསུང་ཐུགས།། དཔལ་ཆེན་བརྒྱད་ཀྱི་སྤྲུལ་པས།། ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི། ། བདུད་སྡེ་དཔུང་ཚོགས་འདུལ་བའི་ཕྱིར།། ཡོངས་རྫོགས་དཔལ་དགུའི་དགོངས་པ་སྐྱེད།། བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་པའི།། སྲོག་སྙིང་མཐར་ཐུག་འདི་བརྗོད་དོ།། ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི། ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཏ་བཉྫ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། གུ་ཧྱ་ཀྲོ་དྷ་ཤྭ་རི་སྟྭཾ། ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་སརྦ་དུ་ཥྟཾ་ཧཱུཾ་ཕཊ། ཨོཾ་བཛྲ་སརྦ་དུཥྟ་ན་ཨེ་ཛ་བྷྱོ་ཧཱུཾ་ཕཊ། ཅེས་བཟླས་པས་སྲིད་རྩ་བདག་ཏུ་འཛིན་པའི་རུ་ཏྲ་རྣམ་གསུམ་དང། སྡེ་བརྒྱད་ལ་སོགས་བདུད་དམག་བྱེ་བ་དུང་ཕྱུར་ཐམས་ཅད་བཏུལ་ལོ།། ཐུལ་ལོ།། ཚར་གཅད་དོ།། ཆོད་དོ།། ལ་ལ་བསྒྲལ་ཏེ་གདན་དུ་བཏིང།། ལ་ལ་བསྒྲལ་ཏེ་རྩིག་པར་བརྩིགས། ། ལ་ལ་བསྒྲལ་ཏེ་ཐོག་ཕུབ་བྱས།། ལ་ལ་བསྒྲལ་ཏེ་ཀ་བར་བཙུགས།། ལ་ལ་བསྒྲལ་ཏེ་ཀ་ཞུར་བཀོས།། ལ་ལ་བསྒྲལ་ཏེ་ཀ་གདན་བཏིང།། ལ་ལ་བསྒྲལ་ཏེ་དམ་ལ་བཏགས།། ཨེ་ཞེས་བརྗོད་པས། རུ་ཏྲའི་སེམས་ལས་ནམ་མཁའ་ཆོས་འབྱུང་སྲིད།། ཡཾ་ཞེས་བརྗོད་པས། མ་ཏྲཾ་སྦུགས་ལས་དམ་ཚིག་སྒྲོན་མ་སྲིད།། ར་ཞེས་བརྗོད་པས། མ་ཏྲཾ་ཁྲག་ལས་མ་མ་ཀི་རུ་སྲིད།། སུ་ར་ཅེས་བརྗོད་པས། ཤ་ལྤགས་ལས་སངས་རྒྱས་སྤྱན་མ་སྲིད།། ཀེ་ཞེས་བརྗོད་པས། ཀེང་རུས་རི་རབ་གྲུ་བཞི་སྲིད།། རཾ་ཞེས་བརྗོད་པས། ཡུམ་ཆེན་གོས་དཀར་སྲིད།། བྲུཾ་ཞེས་བརྗོད་པས། ཁོག་པ་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་ནང་གླིང་དགུར་ཡོད་པ། ཕྱི་རིན་པོ་ཆེའི་རྩིག་པ་འཇའ་ཚོན་རིས་སུ་ཡོད་པ། ཕྱི་དུར་ཁྲོད་ཐོད་པའི་མཁར་ཆེན་པོ་རྩེ་མོ་ལྟར་མི་མངོན་པ། ཐོད་པ་སྐམ་རློན་གྱི་ཕག་ཐབས་སུ་བརྩིགས་པ། དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་ཀྱིས་བཏབ་པ། གནམ་ལྕགས་ཀྱི་གཟེར་བཏབ་པ། ཕྱོགས་སྐྱོང་བཅུས་རྩིག་པར་བརྩིགས་པ། ཀླུ་རིགས་བཞི་ཕོ་མོས་ཀ་གདན་བྱས་པ། ལྷ་ཆེན་བརྒྱད་ཀྱི་ཀ་བ་བཙུགས་པ། གཟའ་ཆེན་བརྒྱད་ཀྱི་ཀ་གཞུ་བྱས་པ། རྒྱུ་སྐར་རྣམས་ཀྱི་དྲལ་ལྕམ་བྱས་པ། རུ་ཏྲའི་པགས་པས་ཐོག་ཕུབ་པ། མི་མགོའི་ཏོག་གིས་བརྒྱན་པ། ཐོད་ཚལ་གྱི་དྲི་བས་སྦྲས་པ། ཙིཏྟའི་ཕོ་ལྟོས་བརྒྱན་པ། ཤ་ཆེན་ཁྲག་ཆེན་གྱི་ཞལ་ཞལ་བྱས་པ། ཕྱི་མེ་རླུང་འཚུབ་མའི་ཀློང། ནང་དུར་ཁྲོད་ཐོད་མཁར་གྱི་དབུས་སུ། རུ་ཏྲ་ཀྲོ་དྷི་སྟི་ར་བཾ། ཞེས་སྲིད་རྩ་བདག་འཛིན་གྱི་རུ་ཏྲ་ཆེན་པོ་བསྣོལ་བ་དེའི་སྟེང་དུ། མ་སཱུརྱ་མཎྜལ་ཞེས་པ་ཉི་མའི་གདན། ཨ་ཙཎྡྲ་མཎྜལ་ཞེས་པ་ཟླ་བའི་གདན། པཾ་པདྨ་མཎྜལ་ཞེས་པ་པདྨའི་གདན། དེའི་སྟེང་དུ་དཔལ་ཆེན་ཡོངས་རྫོགས་ཆེ་མཆོག་ཧེ་རུ་ཀ་ཉིད། སྐུ་ཕྱག་རྒྱ་ཆེན་པོ་ཟིལ་གནོན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་ངང་ལས་རྩལ་ཆེན་འཕྲིན་ལས་མཛད་པའི་ཕྱིར། ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་འཁོར་བའི་བདུད་དམག་རུམ་བཟློག་པའི་ཕྱིར་མཚོན་མདུང་རིང་བསྣམས་པ། གཡོན་པ་རུ་ཏྲ་ཕྱུང་ནས་ཞལ་དུ་གསོལ་བ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་ཐད་ཀར་གཟིགས་པ། རབ་ཏུ་འཇིགས་པའི་ཁྲོ་བོ་སྨིན་མས་བསྡུས་ཤིང་སྤྱན་ཟློག་པ། ཤངས་གཉེར་བ། ཞལ་གདངས་པ། མཆེ་བ་གཙིགས་པ། ཤིན་ཏུ་གཏུམ་ཞིང་སྲོག་ལ་རྔམ་པ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་མངོན་པར་བྱང་ཆུབ་པ་ལྔ་གནོན་པའི་བརྡར་རིན་པོ་ཆེའི་སྲོག་ཞུ་ལྔ་ཡོད་པ། ཨ་ཀར་རུ་ཏྲའི་ཐོད་སྐམ་ལྔས་དབུ་ལ་བརྒྱན་པ། ཀླུ་ཁ་ཏྲཾ་ཁ་རུ་ཏྲ་བཏུལ་ནས་སྦྲུལ་ནག་པོའི་རལ་པས་བརྒྱན་པ། མ་ཏྲཾ་བསྒྲལ་པའི་ཙན་དན་གྱི་བེང་སྐེད་ལ་བཙུགས་པ། བེང་གི་ནང་ལྷ་དང་ལྷ་མིན་སྡེ་བརྒྱད་ཐམས་ཅད་འདུལ་བའི་དམག་ཚོགས་བྱེད་བ་འགྱེད་པ། བདུད་ཐམས་ཅད་བསྒྲལ་བའི་མགོ་སྙིང་འཕྲེང་བར་བརྒྱུས་ཏེ་སྐུ་ལ་བརྒྱན་པ། ཀླུ་ཐམས་ཅད་བསྒྲལ་ཏེ་སྦྲུལ་གྱི་ཆུན་པོར་བྱས་པ། དར་ནག་གི་བེར་གསོལ་བ། གསེར་ག་རིན་ཆེན་སྐེད་ལ་བཅིངས་པ། མི་ལྤགས་ཀྱི་གཡང་གཞི་སྟོད་དུ་བཅིངས་པ་ཅིག་ཏུ་སྤྲུལ་ཏེ། དེའི་ཞལ་ནས། ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ་མཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཅེས་བརྗོད་པས་རུ་ཏྲ་ཐུལ་ཏེ་སྲོག་གི་སྙིང་པོ། ཛྙཱ་ནཱ་མ་ཧཱ་ཀཱ་ལ། ཨེ་གྷྲི་ག་གྷ་ན་གྷུ་ཡ་རཾ་སིདྡྷི་དུ་བེང་ནི་རུ་པ་སརྦ་ཧོ། ཞེས་མདོངས་གསོལ་དུ་ཕུལ་ཏེ་དམ་ལ་བཏགས། བསྟན་པ་བསྲུང་བར་ཁས་བླངས། ས་མ་ཡ་ཨི་ཏན་ཏེ་ན་ར་ཀན་ཞེས་དམ་སྒྲགས། ཡེ་ཤེས་ཀྱི་མགོན་པོ་ལས་མགོན་མཐུའི་རྩལ་ཆེ་བས་སྲོག་བདུད་དུ་དབང་བསྐུར་རོ། ། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་དངོས་ཀྱི་སྤྲུལ་པ་མ་ནིང་ལས་རྒྱུད་ནག་པོ་ལས། གླིང་གཞིའི་ལེའུ་ལས་རུ་ཏྲ་སྡེ་གསུམ་བདུད་དམག་དང་བཅས་པ་བཏུལ་བའི་ལེའུ་སྟེ་དང་པོའོ། །།། དེའི་ཚེ་རི་གནམ་ལྕགས་མ་ལ་ཡའི་རྩེར། གནས་དུར་ཁྲོད་ཐོད་མཁར་འབར་བའི་དབུས་ན། དཔལ་ཆེན་དངོས་སྤྲུལ་མ་ཧཱ་ཀ་ལ་གསུང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ། སྨེ་བརྩེགས་མ་ནིང་འཆོལ་བའི་བུ་ནག་པོ་ཆེན་པོ་ལ། འཁོར་དུ་གསང་བའི་བདག་པོ་ལ་སོགས་པ་བྱང་སེམས་རིགས་འཛིན་གྱི་ཚོགས་དང། མ་ཧཱ་དེ་བ་ལ་སོགས་པ་ལྷའི་འཁོར་དང། ཕྱཝ་དང་དབང་ཕྱུག་ཆེན་པོ་དང། མུ་སྟེགས་རུ་ཏྲ་བཏུལ་བའི་ལྷག་མ་དང། གཞན་ཡང་བདུད་པོ་ཁྲམ་ཐོགས་ཀྱི་འཁོར་དང། ཤན་པ་གྲི་ཐོགས་ཀྱི་འཁོར་དང། ནག་པོ་ཟོར་ཐོགས་ཀྱི་འཁོར་དང། ནག་པོ་མཚོན་ཐོགས་ཀྱི་འཁོར་དང། སྒྲོལ་བྱེད་དར་ཐོགས་ཀྱི་འཁོར་དང། ཡི་དྭགས་འདྲེ་སྲིན་གྱི་འཁོར་ལ་སོགས་པ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་ནག་པོ་ཆེན་པོ་གཟི་བརྗིད་ཀྱིས་ཉི་མ་དང་ཟླ་བ་ཡང་ཐོད་མཁར་གྱི་ལོགས་ལ་ཏ་ལ་ལ། མེ་རླུང་ཚུབ་མ་ཡང་ཐོད་མཁར་གྱི་རྩེ་ལ་འུ་རུ་རུ། དུག་མཚོ་ཁོལ་མ་ཡང་ཐོད་མཁར་གྱི་རྨང་ན་ཆི་ལི་ལི། དེའི་ནང་ན་སྤྲུལ་ནག་མང་པོ་འཁྱུག་པ། དོམ་ནག་ཁྱི་ནག་མང་པོ་ངུར་བ། ལྕགས་སྤྱང་ཅེ་སྤྱང་མང་པོ་འདུར་བ། བྱ་ནག་མང་པོ་འཐིབ་པ། གཡག་རོག་མང་པོ་ངུར་བ། རྟ་ནག་མང་པོ་འཚེར་བ། མོན་པ་ཕོ་མོ་གར་བྱེད་པ། ལིང་པས་མདའ་འཐེན་པ། བྱ་རོག་ཤ་འཐོག་པ། འུག་པ་རྐན་འདེབས་པ། ཐུན་གྱི་སེར་བ་འབབ་པ། རླུང་ནག་ཚུབ་མ་འཁྱིལ་བ། མི་ལྤགས་གཡབ་མོ་གཡོབ་པ། འགོང་པོ་མང་པོ་ངུ་བ། འདྲེ་ངན་མང་པོ་སྐད་འདོན་པ། དེ་ལྟ་བུའི་དབུས་ན་སྲོག་བདུད་དུ་སྤྲུལ་ནས་བཞུགས་སོ།། དེའི་ཚེ་བྲང་གི་སྤྱན་གསུམ་གྱི་སྟེང་ལྷའི་སྲིད་པ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ་རྣམས་གཟིགས་པས། ལྷ་དང་ལྷ་ཡིན་རྣམས་འཐབ་པ་ལ། ཐུགས་རྗེའི་འོད་ཟེར་དབང་པོ་བརྒྱ་བྱིན་ལ་འཕོག་པས། བརྒྱ་བྱིན་མངོན་པར་ཤེས་ཏེ། དུར་ཁྲོད་ཆེན་པོ་ཐོད་མཁར་གྱི་དབུས་ན་ཡེ་ཤེས་ཀྱི་མགོན་པོ་སྤྲུལ་པ་སྲོག་བདུད་ཆེན་པོ་དེ་སྤྱན་དྲངས་ལ། དམག་དཔོན་བཅོལ་ན་རུང་སྙམ་ནས། ལྷ་ཀར་རྟི་ཀའི་བུ་མོ་ཨུ་མ་དེ་བ་བྱ་བ་སྤྱན་འདྲེན་དུ་གཏང་བས། ཐབས་ཀྱི་སྤྱན་འདྲོངས་སོ། ། དེ་ནས་ལྷ་རྣམས་ཀྱིས་ཆོས་བཟང་ལྷའི་མདུན་སར་ཕྱག་བྱས། རྣམ་རྒྱལ་ཁང་བཟངས་སུ་མཆོད་པ་ཆེན་པོ་བྱས་སོ།། ཤིང་ཡོངས་འདུ་ས་བརྟོལ་གྱི་རྩར་ལྷའི་བུ་མོ་བྱེ་བ་ཕྲག་མང་པོས་མཆོད་པ་བྱས་སོ། ། རྡོ་ཨ་མོ་ལི་ཀའི་སྟེང་དུ་ལྷའི་བུ་མོ་བྱེ་པ་ཕྲག་མང་པོས་མཆོད་པ་བྱས་སོ།། ལྷའི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་ཚལ་ཆེན་པོ་བཞིར་མཆོད་པ་བྱས་སོ།། མགོན་པོ་བདུན་ཅུ་རྩ་གཉིས་ཀྱིས་བྲན་བྱེད་པར་ཁས་བླངས་མཆོད་པ་ཆེན་པོ་ཡང་བྱས་སོ། ། དེར་ལྷ་རྣམས་ཀྱིས་དམག་དཔོན་དུ་མངའ་གསོལ་ལོ།། ཟས་ཀྱང་ལྷའི་བདུད་རྩི་གསོལ་ལོ།། ལྷ་མོ་ཨུ་མ་དེ་བ་དང་གཉིས་མ་ཆགས་ཡིད་ཀྱིས་རོལ་ཏེ། བུ་ཚ་མིང་སྲིང་གཉིས་སྐྱེས་ཏེ། བུ་ལེགས་ལྡན་ནག་པོ།། བུ་མོ་དཔལ་ལྡན་ལྷ་མོ་རེ་མ་ཏིར་མིང་བཏགས་སོ།། དེའི་ཚེ་མ་ནིང་སྲོག་བདུད་ནག་པོ་དམག་ཆས་སུ་ཞུགས་ཏེ། ཕྱག་གི་ཉཝ་ལྷུ་གཉིས་དང། ཞབས་ཀྱི་བྱིན་ལྷུ་གཉིས་དང་བཞི་དང། སྤྱན་བཞི་ལས་དམག་དཔོན་ཆེན་པོ་བཞིའོ།། པྲ་མ་རཱ་ཛ། ཡ་མ་རཱ་ཛ། ནཱ་ག་རཱ་ཛ། ཨག་སེ་རྒྱལ་བ་རྣམས་སྤྲུལ་ཏོ།། རྟ་ནག་པོ་རྟིང་དཀར་ལ་ཞོན་པ། ཉི་ཟླའི་ཟེར་དང་དཀར་ཆེན་གྱི་འོད་འཕྲོག་པ། སྟག་རལ་གཟིག་ཤུགས་གཡས་གཡོན་ལ་བཏགས་པ། བདུད་མདའ་དགྲ་སྙིང་གཟེར་ཞིང་གླིང་བཞི་ཡུད་ལ་བསྐོར་བ། སྤྱན་ནས་ཁྲག་འཛག་པ། ཞལ་ནས་མེ་འབར་བ། ཕྱག་གཡས་གྲི་གུག། གཡོན་ལྕགས་པར། ཁ་ཊྭཱཾ་མཆན་ཁུང་དུ་བཅུག་པ། སྣང་སྲིད་ཀྱི་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད་པ། རྟག་པའི་ཁུང་བུ་ནས་ཁྲོ་བོའི་སྤྱན་གཟིགས་པ། མ་ཚོགས་ཐམས་ཅད་དམག་ལ་འགྱེད་པ། ཉི་མ་བྱང་ཤར་མཚམས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ནི། ལྕགས་ཀྱི་བྱ་ཁྲ་བརྒྱད་དུ་སྤྲུལ་ནས་དགྲའི་ཤ་ཁྲག་ལ་རྔམ་པ། སྔོན་ལ་འགྲོ་ཞིང་དམ་ཚིག་ཉམས་པ་ཐམས་ཅད་ཀྱི་གཡེན་པ་མཛད་ཅིང་གཡས་ཀྱི་ཕྱོགས་ནས་ལྡིང་བ། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད་ནི། སྟག་གཟིག་དོམ་སྤྱང་ཁྱིར་སྤྲུལ་ནས་ཕྱིར་འབྲང་ཞིང་ཕྱིའི་དགྲ་བགེགས་འདུལ་བ། ལྷ་མ་སྲིན་གྱི་བུ་མོ་ནམ་མཁའི་གློག་མ་སྲིན་རྡུལ་དུ་རློག་པ། གདུག་པའི་ཀླུ་ཆེན་པོ་བརྒྱད་བཀའ་སྡོད་ཀྱི་ཕོ་ཉ་བྱེད་ཅིང་ཁ་རླངས་ནག་པོ་སྤྲིན་འཕུང་དུ་གཏིབས་ནས། གཡུ་སྤྲུལ་སྔོན་པོ་བརྒྱད་དུ་སྤྲུལ་ནས་གཡོན་ཕྱོགས་ནས་འཁྱུག་པ། དྲག་པོའི་ཕྱོགས་སྐྱོང་བཅུ་ནི་བཀའ་ཉན་གྱི་བློན་པོ་བྱས་ཏེ་ཁྱི་ནག་དོམ་ནག་རོལ་དུ་ཁྲིད་པ། ལྷ་ཆེན་པོ་བརྒྱན་ནི་ཐུགས་ཀྱི་ཕོ་ཉར་མངའ་གསོལ་ཏེ། ཁྱེའུ་ཆུང་གདུག་པའི་མཚོན་ཐོགས་པ་བརྒྱད་དུ་སྤྲུལ་ནས་དབུའི་འོད་ལས་འཕྲོ་ཞིང་དྲག་པོའི་ལས་མཛད་པ། རྒྱལ་ཆེན་བཞིའི་ནི་གོ་མཚོན་ཐོགས་ནས་ཅི་ཉན་གྱི་འཕྲིན་ལས་བྱེད་པ། བདུད་འདུལ་གྱི་དམག་ཚོགས་ཉི་ཁྲི་ཆིག་སྟོང་དང་ཆས་ནས་བར་སྣང་ཁམས་སུ་སྤྲུལ་ནས་འཐབ་སྟེ་ལྷ་མ་ཡིན་གྱི་གཡུལ་ཐམས་ཅད་བཟློག་སྟེ་ཕུང་བར་བྱས་སོ།། དེ་ནས་ལྷ་མ་ཡིན་འཕམ་སྟེ་རྒྱ་མཚོའི་གཏིང་དུ་བྲོས་ནས། ཀླུ་ཨུ0f84ལ་སྐྱབས་སུ་གསོལ་ལོ།། དེ་ནས་ལྷ་རྣམས་གཡུལ་ལས་རྒྱལ་བས། ལྷའི་དབང་པོ་བརྒྱ་བྱིན་ཤིན་ཏུ་མཉེས་ནས་བསྟོད་པ། ཆོས་སྐུ་སྐྱེ་མེད་ཀུན་ཏུ་བཟང།། ལོངས་སྐུ་ཆེ་མཆོག་ཧེ་རུ་ཀ། སྤྲུལ་སྐུ་མ་ནིང་ཁྲོ་བོའི་རྒྱལ།། གསང་བདག་ཆེན་པོ་སྟོབས་པོ་ཆེ།། འཆོལ་བའི་ཁྲོ་རྒྱལ་སྲོག་བདུད་ཆེ།། ལྷ་རྣམས་བསོད་ནམས་རྒྱས་མཛད་པའི།། ལྷ་ཆེན་དཔལ་འབར་ཁྱོད་ལ་ཕྱག་འཚལ་ལོ། ། དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ།། སྡེ་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ།། ཞེས་བསྟོད་ཅིང་གཏང་རག་གི་མཆོད་པ་ཆེན་པོ་བྱས་སོ།། དཔལ་ཆེ་མཆོག་ཧེ་རུ་ཀ་དངོས་ཀྱི་སྤྲུལ་པ་དཔལ་མགོན་མ་ནིང་ནག་པོའི་ལས་རྒྱུད་ལས། གླེང་སླང་ཞིང་ལྷ་ཡུལ་དུ་སྤྲུལ་ནས་ལྷ་མ་ཡིན་བཏུལ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་དཔལ་ཆེ་མཆོག་ཧེ་རུ་ཀའི་ཐུགས་ཀྱི་སྤྲུལ་པ་གསང་བདག་ལག་ན་རྡོ་རྗེས་རིགས་འཛིན་རྡོ་རྗེ་ཆོས་སུ་སྐུ་སྤྲུལ་ཏེ། གནས་འོག་མིན་ལྕང་ལོ་ཅན་གྱི་གནས་མཆོག་ཏུ། སྟོན་པ་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ལ་དུས་རུ་ཏྲ་དང་ལྷ་མིན་ཐུལ་བའི་ཚེ། ཡོ་བྱད་འཇིག་རྟེན་པའི་ཡོ་བྱད་དང། ལྷའི་ཡོ་བྱད་དང། ཀླུའི་ཡོ་བྱད་དང། མཁའ་འགྲོ་མའི་ཡོ་བྱད་དང། གནོད་སྦྱིན་གྱི་ཡོ་བྱད་དང། དུར་ཁྲོད་ཀྱི་ཤ་ཁྲག་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་མཛད་ནས་གསོལ་པ། ཀྱེ་ཀྱེ་ཀྱེ། བཅོམ་ལྡན་གསང་བདག་ཧེ་རུ་ཀ། དཔལ་ཆེན་ཡོངས་རྫོགས་འགྲོ་བའི་མགོན།། རུ་ཏྲ་ཚར་གཅད་བདུད་འདུལ་རྒྱལ།། གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ།། ཉིད་སྤྲུལ་མ་ནིང་འཁོར་བཅས་ཀྱི།། དང་པོ་ངོ་བོ་ངེས་ཚིག་དང། ། དབྱེ་བ་དགོས་ཆེད་ཕན་ཡོན་གང།། ལྟ་བ་སྒོམ་པ་སྤྱོད་པ་གང།། དབང་དང་འཕྲིན་ལས་བསྐྱེད་རྫོགས་འབྲས་བུ་གང།། ཞེས་གསོལ་པས། དཔའ་བོ་ཆེན་པོས་བཀའ་སྩལ་པ།། ཉོན་ཅིག་རིགས་འཛིན་གསང་བའི་བདག། ལག་ན་རྡོ་རྗེ་མཐའ་ཡས་པ།། དཔའ་བོ་གདུལ་དཀའ་འདུལ་བ་པོ།། དེ་དོན་ཁྱོད་ཀྱིས་ཞུས་པ་ལེགས།། ཕྱོགས་བཅུའི་བདེ་གཤེགས་ཡོངས་རྫོགས་པའི།། དཔལ་ཆེན་དངོས་སྤྲུལ་ནག་པོ་ཆེ། ། མ་ནིང་ལས་རྒྱུད་ནག་པོ་ལས།། ཕུན་ཚོགས་ལྔ་འམ་བདུན་བཞི་གཟུང།། ཐོག་མར་སྟོན་འཁོར་གནས་སུ་ཡོ་བྱད་འཛོམ།། ངོ་བོ་ཀུན་ཁྱབ་བྱང་ཆུབ་སེམས།། དེ་ཉིད་རྟོགས་པ་ཀུན་བཟང་ཧེ་རུ་ཀ། ཕྱོགས་བཅུའི་སངས་རྒྱས་དགོངས་པ་དེས།། མ་རྟོགས་མ་རིག་བདག་འཛིན་རུ་ཏྲའི་རྒྱུད།། ངེས་ཚིག་རུ་ཏྲ་རྣམ་པ་གཉིས།། རྟག་པ་རང་རྒྱུད་རུ་ཏྲ་དང།། ཆད་པ་སྟོང་ཙམ་རུ་ཏྲའོ།། རྟག་པའི་རུ་ཏྲ་ཕོ་མོར་ཤར། ། ལྟ་ལོག་སྟོང་ཉིད་ཆད་པའོ།། སྟོང་རྩལ་འགག་རྩལ་སྟོབས་པོ་ཆེ།། རུ་ཏྲ་མ་ནིང་འཆོལ་པའོ།། དབྱེ་བ་རྣམ་པ་གསུམ་ཡིན་ཏེ།། རྟག་པ་རྒྱུན་གྱི་རུ་ཏྲ་དང།། འཁྲུལ་པ་རང་རྒྱུད་རུ་ཏྲ་དང།། ཐུགས་རྗེ་སྤྲུལ་པའི་རུ་ཏྲའོ། །། གཞན་ཡང་རུ་ཏྲ་རྣམ་པ་བདུན།། ལྷ་ཆེན་ཀླུ་ཆེན་སྲིན་པོ་དང།། ལོག་སྲེད་ཅན་དང་མི་མ་ཡིན།། འབྱུང་པོ་ཡི་དགས་ལ་སོགས་ཡིན།། དགོས་བྱེད་རྟོགས་དང་མ་རྟོགས་ཁྱད།། དེ་བཞིན་རིགས་དང་རྟག་དང་ཆེད། ། སངས་རྒྱས་ཐུགས་རྗེས་བྱིན་རླབས་དང།། རུ་ཏྲ་རྗེས་གཟུང་ཕན་ཡོན་བསྟན་པའོ།། སངས་རྒྱས་བསྟན་པའི་བྱ་བ་བྱས།། རང་མཐར་ཐུག་རྫོགས་པར་སངས་རྒྱས་སོ།། མ་ནིང་ལས་རྒྱུད་ནག་པོ་ལས། སྣང་བའི་སྐབས་ཕྱེ་ནས་དངོས་པོ་ལྔ་རུ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་གསང་བའི་བདག་པོས་གསོལ་བ། ཀྱེ་ཀྱེ་ཀྱེ། སྟོན་པ་ཀུན་བཟང་ཧེ་རུ་ཀ། ཏིང་འཛིན་དུ་མས་དབང་སྒྱུར་བའི། ། རྒྱུད་དོན་ཉམས་ལེན་དོན་ཆེད་དུ།། གཞི་ལམ་འབྲས་བུ་གང་ལྟར་ལགས།། ཞེས་གསོལ་པས། ཆེ་མཆོག་ཧེ་རུ་ཀས་བཀའ་སྩལ་པ། ཉོན་ཅིག་ཁྲོ་རྒྱལ་གསང་བའི་བདག། མ་ནིང་ལས་རྒྱུད་ནག་པོ་ལས། ། ཉམས་སུ་ལེན་ཅིང་སྒྲུབ་འདོད་ན།། ཐོག་མར་དབང་དང་ལྡན་པ་གཅེས།། དབང་རྣམས་ཐོབ་པར་མ་བྱས་ཤིང།། བླ་མ་མཉེས་པར་མ་བྱས་ན།། ཉན་པ་ལ་སོགས་རྩོལ་པ་རྣམས།། འབྲས་བུ་མེད་ཅིང་རླག་[538]་པར་འགྱུར། ། དེས་ན་དབང་ཐོབ་རབ་རུ་གཅེས།། འདི་ལ་རྐྱེན་སྟེན་བཅུད་ལྡན་གཅེས།། རྐྱེན་ནི་མཚན་ཉིད་དྲུག་ལྡན་བླ་མ་གཅེས།། རྟེན་ནི་སྣོད་ལྡན་སློབ་མས་ཏེ།། སྙིང་རྗེ་བྱམས་ལྡན་ཤེས་རབ་ལྡན། ། གཏོང་ཕོད་གུས་ལྡན་བཀའ་མི་ཅོག། ཁོག་ཡང་གཞུང་བཟང་གསང་ཐུབ་ཅིང།། བློ་ཆེ་ཡིད་གཞུང་རྐྱེན་ཐུབ་པ།། ཤ་ཚ་སྙིང་ཉེ་དམ་ལྡན་གྱིས།། བླ་མ་མཚན་ལྡན་དམ་པ་བཙལ།། བུ་དང་ཆུང་མ་ནོར་གྱི་དབྱིག། རབ་ཏུ་གཅེས་དང་ཡིད་འཐད་འབུལ།། ངང་བསྲིངས་ཡུན་དུ་བླ་མ་བསྟེན།། ཐོག་མར་ཚོགས་བསགས་སྦྱང་ལ་འབད།། དུས་དང་ཚེས་གྲངས་བཟང་པོ་ལ།། བླ་མ་སློབ་བུ་ཡོ་བྱད་ཚོགས་ལ་སོགས།། ཀུན་ཀྱང་སྟ་གོན་སྔོན་དུ་འགྲོ། ། གསང་བ་ཡོངས་རྫོགས་དབང་སྙན་སྒྲུབ།། མཚམས་གཤེགས་གང་བསྒོ་བརྡ་ཕྱག་དང།། དམ་བཅའ་བྱིན་དབབ་བྱིན་རླབས་བདུན།། བསྐྱེད་རྫོགས་གཞུང་སྲང་ཚོགས་འཁོར་བྱ།། རྩ་བ་གསུམ་དང་ནག་པོ་ཆེ། ། ཐམས་ཅད་ཆོས་ཀྱིས་མཉེས་པར་བྱ།། ཕྱི་ནང་གསང་བའི་དབང་རིམ་རྣམས།། བུམ་པ་ལྷ་སྐུ་ཡིག་འབྲུ་དང།། ཕྱག་མཚན་དབུ་རྒྱན་རྟེན་དབང་བསྐུར།། དུག་གསུམ་དུག་ལྔ་སྦྱོར་སྒྲོལ་མཐུ། ། ཁྱད་པར་མ་ནིང་དྲེགས་པའི་སྲོག་དབང་བསྐུར།། བླ་མ་ཡོན་གྱིས་མཉེས་བྱས་ཞིང།། མགོན་པོ་སྐོངས་ཀྱི་མཉེས་པར་བྱ།། དེ་ལྟར་དབང་ཐོབ་ཡོན་ཏན་བསམ་མི་ཁྱབ།། ལོ་ག་འདིར་ན་ཆེ་བཙན་ལྡན།། ཞི་རྒྱས་དབང་དྲག་བསམ་པ་འགྲུབ། ། མཆོག་དང་ཐུན་མོང་དངོས་གྲུབ་ཐོབ།། བཀྲ་ཤིས་ནོར་འཕེལ་མཐུ་རྩལ་ཆེ།། ཀུན་གྱི་ཡིད་འོང་གཙུག་ཏུ་ཁུར།། དབང་སྲོག་དམ་ཚིག་གིས་གཟུང་བ།། བླ་མ་ཡི་དམ་ཆོས་སྐྱོང་མཁའ་འགྲོ་མའི། ། སྐུ་གསུང་ཐུགས་རྩ་བའི་ཡན་ལག་དམ་ཚིག་སྲུང།། བླ་མའི་དམ་ཚིག་སྐུ་མི་སྨད།། གསུང་མི་ཅག་ཅིང་ཐུགས་མི་དཀྲུག། ཡི་དམ་དམ་ཚིག་བསྐྱེད་རྫོགས་དང།། གསུང་གི་བཟླས་པ་མི་ཅག་ཅིང། ། དུས་མཆོད་མི་ཅག་རྟེན་མི་སྤང།། ཆོས་སྐྱོང་དམ་ཚིག་ལྟ་བ་ཡིས།། རྒྱས་གདབ་གསོལ་མཆོད་རེམ་པ་གཅེས།། སྒོམ་བཟླས་རེམ་ཅིང་ཕུད་མི་འབག། དམ་རྫས་མི་སྟེན་མི་སྤེལ་ཅིང།། རྟེན་མཆོད་མི་བཙིང་མཚམས་གཅོད་རེམ། ། ཉམས་པ་མི་སྟོན་བསྐང་མདོས་བྱ།། ཌཱ་ཀིའི་དམ་ཚིག་ཚོགས་འཁོར་བྱ།། རྩ་བ་གསུམ་པོ་སྤྱི་ཡི་དམ་ཚིག་ནི།། སྐྲ་སེན་མི་བྲེག་གདན་མི་སྤྲུག། རལ་པའི་རྩེ་མོ་མི་བཅད་ཅིང།། བླ་མ་མིན་པར་ཕྱག་མི་བཙལ། ། དེ་ལྟར་དམ་ཚིག་གཙང་འགྱུར་ན།། ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས།། ཕྱི་མ་རྒྱལ་བའི་སྲས་སུ་འགྱུར།། དམ་ཚིག་ཉམས་པའི་སྔ་ལྟས་ནི།། སྔོན་ལ་བུ་དང་ཆུང་མ་འཆི།། ཡིད་དུ་མི་འོང་སྣ་ཚོགས་འབྱུང། ། ཕྱི་མ་རྡོ་རྗེ་དམྱལ་གཏིང་ནས།། བསྐལ་པ་འབུམ་དུ་ཐར་དུ་མེད།། དེ་བས་དམ་ཚིག་མཆོག་ཏུ་གཅེས།། མ་ནིང་ནག་པོའི་ལྟ་བ་ནི།། རང་སེམས་སྟོང་གསལ་འགག་མེད་ལ།། བདག་འཛིན་ཡེ་མེད་ཆད་པའོ། ། ཀུན་ཁྱབ་ནམ་མཁའི་རང་བཞིན་ནོ།། སྒོམ་པ་ཀུན་ཁྱབ་ཧེ་རུ་ཀ། ཕྱག་རྒྱ་ཆེན་པོ་ཟིལ་གནོན་སྐུ།། རྟག་པ་ཆེན་པོ་མི་འགྱུར་བའི།། ཚེ་ཡི་གཡུང་དྲུང་ཅན་ཡིན་ནོ།། སྤྱོད་པ་ཐབས་ཤེས་ཟུང་འཇུག་སྟེ། ། དེ་ཡང་ཁྲོ་གཏུམ་སྦྱོར་སྒྲོལ་བརྩོན།། ཤ་ཁྲག་དམར་ལ་སྤྱོད་པའོ།། ཐབས་ནི་བསྐྱེད་པའི་རིམ་པ་སྟེ།། ཨཻ། སྐྱེ་མེད་སྟོང་པའི་ནམ་མཁའ་ནི།། མ་ནོར་མ་བཅོས་ཆོས་ཀྱི་སྐུ།། རང་བཞིན་ལྷུན་གྲུབ་ངང་གི་གསལ། ། ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏ་ཛྙཱ་ན་སྭ་བྷཱ་བ་ཨཱད་མ་ཀོཉ་ཧཾ། ཨོཾ། འགག་མེད་སྙིང་རྗེའི་སྤྲིན་ཚོགས་ནི།། སྟོང་གསལ་ཀུན་སྣང་ལོངས་སྤྱོད་རྫོགས།། སྙིང་རྗེས་སེམས་ཅན་ཀུན་ལ་ཁྱབ།། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཤུདྡྷེ་ཨོཾ། ཧཱུཾ། རྒྱུ་ལས་ཀུན་བསྐྱེད་ཡི་གེ་ཧཱུཾ།། ཐམས་ཅད་འབྱུང་བའི་ངང་དུ་ཤར།། གཉིས་མེད་སྤྲུལ་པའི་སྐུར་གསལ་སྒོམ།། ཧཱུཾ་ཨེ་ཡཾ་ར་སུཾ་ཀེང་བྲུཾ་བི་ཤ་བི་ཤུདྡྷེ་བནྡྷ་ཛྙཱ་ན་མ་ཙཀྲ་མཎྜལ་ཨེ་བྲུཾ:རུ་ཏྲ་ཀྲོ་ཏི་ཏི་ར་བ། མ་སཱུ་རྱ་མཎྜལ། ཨ་ཙནྡྲ་མཎྜལ། པཾ་པདྨ་མཎྜལ་ཧཱུཾ། ཧཱུཾ། དུར་ཁྲོད་ཐོད་མཁར་མེ་རླུང་ཚུབ་མའི་དཀྱིལ་འཁོར་ནས།། རབ་འཇིགས་ཀེང་རུས་ཕྱོགས་སྐྱོང་བརྩིགས་པའི་དབུས།། རིན་ཆེན་སྣ་ལྔས་འཇའ་འོད་ཟང་ཐལ་འོད་དུ་ཤར། ། གྲུ་ཆད་བར་ཁྱམས་སྒོ་བཞི་མུ་ཁྱུད་བཅས།། ལྟེ་དབུས་ཟླ་གམ་མཐིང་ནག་ཨེ་དབུས་སུ།། མ་ཏྲཾ་རུ་ཏྲ་ཆེན་པོ་བསྣོལ་བའི་ཁྲི་སྟེངས་ན།། ཧཱུཾ་ལས་མེ་འོད་རྡོ་རྗེ་ཚ་ཚ་སྐར་ལྟར་འཕྲོ།། འཕྲོས་པས་སྟོང་གསུམ་རབ་འབྱམས་ཕྱོགས་དུས་སངས་རྒྱས་མཆོད། ། བསྡུས་པས་སྒྲིབ་སྦྱངས་ཕྱག་མཚན་ཐུགས་རྡོ་རྗེ།། དེ་ལས་ཙན་དན་བེང་ཆེན་པོ།། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀཱ་ལ་གྷ་ན་ཨེ། ཨཻ། རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་སུ། ། མི་འགྱུར་མཐིང་ནག་གྲུ་གསུམ་ཨེ་དཀྱིལ་ནས།། མ་ཏྲཾ་རུ་ཏྲ་ཆེན་པོའི་ཁྲི་སྟེངས་ནས།། ཉི་ཟླ་པདྨ་རིན་ཆེན་བརྩེགས་པའི་གདན།། ཧེ་རུ་ཀ་དཔལ་འཇིགས་པའི་སྐུ།། མ་ནིང་ནག་པོ་ཁྲོ་རྒྱལ་ཆེ། ། གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ།། མ་ཧཱ་ཀཱ་ལ་དཔལ་འབར་སྐུ།། སྐུ་མདོག་མཐིང་ནག་འཇིགས་པ་ལ།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། གཡས་ན་རུ་མཚོན་གཡོན་ན་སྙིང་ཞགས་བསྣམས།། སྤྱན་གསུམ་གྱེན་འཐུར་ཐད་ཀར་གཟིགས། ། འཇིགས་བྱེད་ཁྲོ་གཉེར་གསུམ་ལྡན་གཏུམ་ཞིང་རྔམ།། སྦྲུལ་ཆེན་འབར་བའི་རལ་པས་ས་གཞི་ཁྱབ།། རིན་ཆེན་བར་ཁབ་ལྔ་ཡིས་དབུ་ལ་བརྒྱན།། ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་ཅན། ། རིགས་ལྔའི་སངས་རྒྱས་དབུ་ལ་རྒྱན།། སྐུ་ལ་དར་ནག་བེར་ཆེན་གསོལ།། གསེར་ག་རིན་ཆེན་སྐེད་ལ་བཅིངས།། མི་ལྤགས་གཡང་གཞིས་སྟོད་དུ་གཡོགས།། དེ་དང་གཉིས་མེད་འཁྲིལ་བའི་ཡུམ་ཆེན་ནི།། ལྷ་མོ་ཨུ་མ་དེ་བ་ཞེས། ། དངོས་སུ་ལྷ་མོ་དཔལ་འབར་མ།། སྐུ་མདོག་དཀར་ལ་འོད་ཟེར་འབར།། གཡས་ན་ཤེལ་གྲི་དཀར་པོ་བསྣམས།། གཡོན་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས།། གཙོ་བོ་ཡབ་ཀྱི་ཞལ་དུ་སྟོབས། ། དེ་གཉིས་ཐུགས་ལས་སྤྲུལ་པའི་སྲས།། འཆོལ་པའི་ཁྲོ་རྒྱལ་སྲོག་བདུད་ནག་པོའི་སྐུ།། སྲིད་གསུམ་གཟིགས་པའི་སྤྱན་གསུམ་བྲང་ལ་ཤར།། སྤྱན་བཞིས་ལྷུ་ཚིགས་བརྒྱན་པའོ།། ཞལ་ནས་ཁྲག་འཛག་སྤྱན་མིག་ཕུང་པོར་འབར། ། རྟ་ནག་རྟིང་དཀར་ཆིབས་སུ་ཆིབས།། སྟག་རལ་གཟིག་ཤུགས་གློ་ལ་བཏགས།། གཡས་ན་གྲི་གུག་གཡོན་པ་ལྕགས་པར་ཐོགས།། ལག་ན་ལྕགས་གཞུ་བདུད་མདའ་བསྣམས། ། སྐད་ཅིག་ཡུད་ལ་གླིང་བཞིར་རྒྱུག། ཟློག་པས་མི་ཟློག་སྔགས་ཟློག་མཁན་གཤེད་བྱེད།། ཏྲི་ཡཾ་རུ་ཏྲ་ཧཱུཾ་བྷྱོ། ཧཱུཾ། སྐུ་ལས་སྤྲུལ་པའི་མགོན་པོ་སྟག་ཞོན་ནི།། ཞལ་གཅིག་ཕྱག་གཉིས་མཐའ་བེར་གསོལ། ། མི་མགོ་འཕྲེང་བའི་དོ་ཤལ་ཅན།། ཕྱག་གཡས་བེང་ཆེན་གཡོན་པ་བདུད་ཞགས་པ།། ཆིབས་སུ་སྟག་ཆེན་རྔམ་པ་ཆིབས།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རུ་པ་ཏྲི་ཡཾ་ཧཱུཾ་ཛ། ཧཱུཾ། གསུང་ལས་སྤྲུལ་པའི་མགོན་པོ་བེང་ཆེན་ནི། ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ།། དར་ནག་སྔོ་ཁྲའི་འཇོལ་བེར་སྐུ་ལ་གསོལ།། གསེར་གའི་སྐྱེ་རགས་སྐེད་ལ་བཅིངས།། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ།། སྨིན་མཚམས་ཁྲོ་གཉེར་རབ་ཏུ་བརྗིད། ། སྤྱན་གསུམ་སྡང་མིག་ཞལ་བགྲད་པ།། མཆེ་གཙིགས་སྨ་ར་མུན་ལྟར་འཐིབས།། གཡས་པ་ཙན་དན་བེང་ཆེན་ཕྱག་གཡོན་ན།། ལྕགས་པར་བདུད་རྩིས་བཀང་བ་ཞལ་དུ་གསོལ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རག་ཤ་དུ་བེཾ་ནི་ཛ། ཐུགས་ཀྱི་མགོན་པོ་གྲི་གུག་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་གནག། གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས།། ཐོད་པའི་འཕྲེང་བས་དོ་ཤལ་བྱས།། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས།། ཡན་ལག་ཐུང་ཞིང་གྱེལ་ཆགས་པ། ། ལྷུ་གཟུགས་སྦྲུལ་གྱིས་རབ་ཏུ་བརྒྱན།། ཞལ་ནས་ཁྲག་དང་ཞག་ཏུ་འཛག། ཨོཾ་བཛྲ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེ་ཏ་ཧ་ན་ཧཱུཾ་ཧཱུཾ། ཧཱུཾ། ཡོན་ཏན་མགོན་པོ་སེང་ཞོན་ནི།། སྐུ་མདོག་མཐིང་ནག་འཇིགས་པ་ལ། ། ཕྱག་ན་རིན་ཆེན་ཐོད་ཁྲག་བསྣམས།། ཞབས་གཉིས་བརྐྱང་བསྐུམ་དོར་ཐབས་བགྲད།། མི་མགོ་རློན་པའི་དོ་ཤལ་ཅན།། མི་ལྤགས་གཡང་གཞི་སྐུ་ལ་གསོལ།། མེ་ཡི་ཚུབ་མས་བརྒྱན་པ་པོ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སིང་ངེ་རཾ་ཧཱུཾ། ཧཱུཾ། འཕྲིན་ལས་མགོན་པོ་ཏྲག་ཤད་ནི།། སྐུ་མདོག་མུན་པའི་གཡུང་དྲུང་འདྲ།། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན།། ཕྱག་གཡས་བེ་ཅོན་འབར་བ་བསྣམས།། གཡོན་པ་མི་སྙིང་ཞལ་དུ་གསོལ། ། བསྐལ་པ་མེ་དཔུང་ཀློང་ན་བཞུགས།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲག་ཤད་ཛ་ཧཱུཾ། གཞན་ཡང་སྤྲུལ་འཁོར་བྱེ་བ་ས་ཡ་འབུམ་དང་བཅས་པ་བསྐྱེད་པར་བྱ། དེ་ལྟར་དམ་ཚིག་བསྐྱེད་ནས་ནི།། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ། ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས།། ཚུར་གཤེགས་ཚུར་སྤྱོན་ལྷ་ཆེན་པོ།། མ་ཧཱ་ཀཱ་ལ་མཐུ་བོ་ཆེ།། གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ།། མ་ནིང་ནག་པོ་ཀུན་གྱི་རྗེ།། འོག་མིན་གནས་མཆོག་དམ་པ་ནས། ། གསང་ཆེན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཏུ།། དུར་ཁྲོད་རབ་འཇིགས་གཞལ་ཡས་སུ།། མཆོད་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ།། ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ།། སྲོག་བདུད་ཆེན་པོ་གཤེགས་སུ་གསོལ། ། ལེགས་ལྡན་ནག་པོ་གཤེགས་སུ་གསོལ།། བྷ་ག་ནག་པོ་གཤེགས་སུ་གསོལ།། ཚོགས་བདག་ཆེན་པོ་གཤེགས་སུ་གསོལ།། འཛམ་ལྷ་ནག་པོ་གཤེགས་སུ་གསོལ།། ནག་པོ་ཚེ་བདུད་གཤེགས་སུ་གསོལ། ། བྱ་རྒོད་ཐང་ནག་གཤེགས་སུ་གསོལ།། ནག་པོ་ཐོད་འཕྲེང་གཤེགས་སུ་གསོལ།། མཁའ་ལྡིང་ནག་པོ་གཤེགས་སུ་གསོལ།། རྟ་ཀི་ནག་པོ་གཤེགས་སུ་གསོལ།། བདག་གི་གྲོགས་པོ་གཤེགས་སུ་གསོལ། ། བགེགས་ཀྱི་གཉེན་པོ་གཤེགས་སུ་གསོལ།། འགྲོ་བ་ཀུན་བཟང་གཤེགས་སུ་གསོལ།། སྲིང་ཅིག་ཆེན་མོ་གཤེགས་སུ་གསོལ།། མཁའ་འགྲོ་གཙོ་མོ་གཤེགས་སུ་གསོལ།། རེ་ཏི་ཆེན་མོ་གཤེགས་སུ་གསོལ། ། ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་ལ་ཤྲཱི་གྷ་ན་གྷུ་ཡ་ཛ་ཛ། ཞེས་རྒྱལ་སྤོས་ལ་སོགས་སྦྱར་བས་བསྲེག་གོ། བཞུགས་སུ་གསོལ་བ་ནི། ཧཱུཾ། དུར་ཁྲོད་འཇིགས་པའི་གཞལ་ཡས་དམ་པ་འདིར།། རུ་ཏྲ་ཕོ་མོ་བསྒྱེལ་བའི་ཁྲི་སྟེངས་སུ། ། ཁྲོ་རྒྱལ་མ་ནིང་འཁོར་བཅས་གདན་ལ་བཞུགས་སུ་གསོལ།། ཨོཾ་ཤྲཱི་མཧཱ་ཀཱ་ལ་གྷ་ན་གུ་ཡ་ས་མ་ཡ་ཏིཥྛ་ལྷན། ཧཱུཾ། ཆོས་དབྱིངས་སྐྱེ་བ་མེད་པའི་ཕོ་བྲང་ནས།། སྐྱེ་བའི་ཆོ་འཕྲུལ་ཁྲོ་རྒྱལ་མ་ནིང་སྐུ། ། མཉམ་ཉིད་མཐུ་ལྔ་གཏུམ་ཆེན་མེ་རླུང་འབར།། རུ་ཏྲ་འཇོམས་མཛད་བདུད་དཔུང་ཐལ་བར་རློག། ཐར་བྱེད་གཞན་དུ་འཇིགས་པའི་གད་རྒྱངས་ཅན།། མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ།། ཡེ་ཤེས་མཁའ་འདྲ་སྔོན་པོའི་མདོག་ཏུ་འགྱུར། ། སྐུ་མདོག་སྔོ་ནག་དབྱར་གྱི་ཆར་སྤྲིན་འདྲ།། དུག་གསུམ་མུན་ཁམས་མ་ལུས་འཇོམས་མཛད་པའི།། མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ།། དུག་གསུམ་རྩད་གཅོད་སྐུ་གསུམ་ལྷུན་གྱིས་གྲུབ། ། དུས་གསུམ་སངས་རྒྱས་བསྟན་པ་བསྲུང།། ཕྱི་ནང་བར་གསུམ་དགྲ་བགེགས་ཐལ་བར་རློག། མ་ནིང་མཆེད་གསུམ་སྐུ་ལ་ཕྱག་འཚལ་ལོ།། ཚོགས་བདག་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ།། སྲོག་བདུད་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ། ། ནག་པོ་ཚེ་བདུད་སྐུ་ལ་ཕྱག་འཚལ་ལོ།། ནག་པོ་ཐོད་འཕྲེང་སྐུ་ལ་ཕྱག་འཚལ་ལོ།། བྷ་ག་ནག་པོའི་སྐུ་ལ་ཕྱག་འཚལ་ལོ།། ཆོས་སྐྱོང་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ།། ཏ་ཀི་ནག་པོའི་སྐུ་ལ་ཕྱག་འཚལ་ལོ། ། ཀླུ་བདུད་ནག་པོའི་སྐུ་ལ་ཕྱག་འཚལ་ལོ།། གཟའ་བདུད་ནག་པོའི་སྐུ་ལ་ཕྱག་འཚལ་ལོ།། ཤར་གྱི་ནག་པོའི་སྐུ་ལ་ཕྱག་འཚལ་ལོ།། དགྲ་གཤེད་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ། ། ཛམ་ལྷ་ནག་པོའི་སྐུ་ལ་ཕྱག་འཚལ་ལོ།། བགེགས་ཀྱི་གཉེན་པོའི་སྐུ་ལ་ཕྱག་འཚལ་ལོ།། བདག་གི་གྲོགས་པོའི་སྐུ་ལ་ཕྱག་འཚལ་ལོ།། དམ་ཅན་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ།། གཙུག་ལག་ཁང་སྐྱོང་ཁྱོད་ལ་ཕྱག་འཚལ་ལོ། ། སེར་ཆགས་དགྲ་ལྷ་ཁྱོད་ལ་ཕྱག་འཚལ་ལོ།། རྣལ་འབྱོར་དཔལ་མགོན་ཁྱོད་ལ་ཕྱག་འཚལ་ལོ།། དུག་གསུམ་སྨན་པ་ཁྱོད་ལ་ཕྱག་འཚལ་ལོ།། རིགས་འཛིན་སྲོག་ཤིང་ཁྱོད་ལ་ཕྱག་འཚལ་ལོ། ། བསྟན་པའི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ།། གསང་བའི་མཛོད་འཛིན་ཁྱོད་ལ་ཕྱག་འཚལ་ལོ།། མགོན་པོ་སྡེ་ལྔའི་སྐུ་ལ་ཕྱག་འཚལ་ལོ།། ལྷ་སྲིན་སྡེ་བརྒྱད་ཆེ་ལ་ཕྱག་འཚལ་ལོ།། སྲིང་ཅིག་ཆེན་མོའི་སྐུ་ལ་ཕྱག་འཚལ་ལོ། ། རེ་ཏི་ཆེན་མོའི་སྐུ་ལ་ཕྱག་འཚལ་ལོ།། བདུད་འདུལ་ཉི་ཁྲི་ཆིག་སྟོང་སྐུ་ལ་ཕྱག་འཚལ་ལོ།། ཧཱུཾ། ཁྱེད་ལ་མཆོད་པ་དབུལ་བ་ནི།། ཁྱེད་ཀྱི་མཐུན་པའི་དམ་རྫས་ནི།། རྣལ་འབྱོར་འབྱོར་པས་བསགས་པའི་ཐུགས་དམ་ཅན། ། ཐོད་ཅན་བན་དྷ་རློན་པའི་སྣོད་ནང་དུ།། རྒྱ་ཤུགས་ཛ་ཏི་ཨ་ཀ་རུ།། གླ་རྩི་ཤིང་ཀུན་ལ་སོགས་པ།། དྲི་ཞིམ་སྤོས་ལྔ་ཏུ་ལུ་ལུ།། ག་བུར་ལ་སོགས་སྨན་ལྔ་ཆི་ལི་ལི།། འབྲུ་བཅུད་ཛ་གད་གསེར་སྐྱེམས་བྲེངས་སེ་བྲེངས། ། རཀྟ་དམར་ཆེན་ཨརྒ་ཁྱི་ལི་ལི། བན་དྷ་རུས་པའི་ཚོགས་ནི་ཁྲོ་ལོ་ལོ།། ཤ་ཆེན་གསུར་དུད་ངད་པ་ཆི་ལི་ལི།། བདུད་རྩི་སྨན་གྱི་མཆོད་པ་བྲེངས་སེ་བྲེངས།། བྷ་ལིང་གཏོར་མའི་མཆོད་པ་རོལ་སེ་རོལ། ། མཧཱ་མཾ་ས་ལ་སོགས་ཤ་སྣ་སྟོང།། མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང།། མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང།། གོ་རོ་ཙ་ན་ལ་སོགས་ཀླད་ཆེན་སྟོང།། བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ། ། ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་སྣ་དང།། ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང།། ཁྲག་རུལ་ཉ་ཤ་ལ་སོགས་མཐུན་པའི་ཁ་ཟས་དང།། ལ་ཕུག་ལ་དུ་ཡིད་བཞིན་འབྲས་བུའི་ཟས།། མར་ཐུད་ཁྲོམ་དང་ཞོ་དང་འོ་མར་བཅས། ། རྩི་དང་རྩབས་རུ་གོ་སྙོད་སྒོག་པ་དང།། གཟུགས་དང་སྒྲ་དྲི་རེག་བྱ་ཆོས་ལ་སོགས།། འདོད་ཡོན་ལྔ་ལྡན་མཆོད་པ་དམ་པ་འདི།། ཆེ་མཆོག་ཧེ་རུ་ཀ་ཡི་ཐུགས་དམ་སྐོངས།། དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་སྐོངས། ། སྤྲུལ་འཁོར་ཉི་ཁྲི་ཆིག་སྟོང་ཐུགས་དམ་སྐོངས།། ཞེས་མཆོད་པའི་རིམ་པ་རྒྱས་པར་བྱ།། གཞན་ཡང་སྨན་རཀ་གཏོར་མ་དང།། ཕྱི་ནང་གསང་བའི་མཆོད་པ་དང།། ཕྱག་རྒྱའི་མཆོད་པས་བསྟོད་པ་བྱ། ། ཧཱུཾ། འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བའི།། ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས།། སྲིད་རྩ་བདག་འཛིན་རུ་ཏྲ་སྡེ་གསུམ་བཏུལ།། རྩལ་ཆེན་འཕྲིན་ལས་བདག་ལ་ཕྱག་འཚལ་ལོ། ། ཧཱུཾ། དཔལ་ཆེན་དངོས་སྤྲུལ་ནག་པོ་ཆེན་པོའི་སྐུ།། འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད།། ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ།། དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད།། ཧཱུཾ། དུར་ཁྲོད་ཐོད་མཁར་མེ་རླུང་ཚུབ་དཀྱིལ་ནས།། རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི།། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ།། སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་འཐུར་གཟིགས།། རབ་འཇིགས་ཁྲོ་གཉེར་གསུམ་ལྡན་གཏམ་ལ་རྔམ། ། རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན།། སྤྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ།། གཡས་པ་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས།། ཙན་དན་བེང་ཆེན་སྐེད་བཙུགས་དམག་ཚོགས་འགྱེད། ། ཐོད་པ་སྐམ་རློན་སྙིང་འཕྲེང་སྦྲུལ་ཆུན་སྤྲས།། དར་ནག་བེར་ཆེན་གསེར་ག་མི་ལྤགས་བཅིངས།། ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན།། སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར། ། དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན།། སྟག་རལ་གཟིག་ཤུགས་བཏགས་ནས་རྟ་ནག་ཞོན།། བདུད་མདའ་དགྲ་སྙིང་གཟེར་འདེབས་གླིང་བཞིར་རྒྱུག། སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འབར། ། ཁ་ཊྭཱཾ་གྲི་གུག་ལྕགས་རལ་ཐོགས་ནས་སུ།། སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད།། ཅི་བཅོལ་ལས་རྣམས་སྐད་ཅིག་ཡུད་ལ་སྒྲུབས།། རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ནི། ། མ་བསྐུལ་བར་ཡང་གནག་པའི་དགྲ་བགེགས་སྒྲོལ།། རྟ་གནས་སྤྱན་བཞི་དམག་ཚོགས་དམག་དཔུང་སྡུད།། གར་བསྐུལ་ས་རུ་མི་རོ་ཚེར་མར་འཚེར།། ཟློག་པས་མི་ཟློག་སྔགས་ཟློག་མཁན་གྱི་གཤེད།། སྡེ་བརྒྱད་བྲན་འཁོལ་སྟག་ཤམ་མིག་བརྒྱན་ཅན། ། གཙུག་ལག་ཁང་སྲུང་དཀོར་ཀུན་རྩད་ནས་ཆོད།། དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད།། གཞན་ཡང་འཛབ་བཟླས་དངོས་གྲུབ་བླང་ཞིང་འཕྲིན་ལས་བསྐུལ། ། གསོལ་ཀ་ཚོགས་མཆོད་རྒྱུན་ཏིང་འཛིན་རིམ་སྒོམ།། འཛབ་ནི་སྤྱི་འཛབ་དགོས་འཛབ་རང་རང་གཞུང།། སྤྱི་འཛབ་ཆེ་མཆོག་ཧེ་རུ་ཀའི།། སྙིང་པོ་མ་ནོར་འདི་ལྟར་བཟླས།། ཨོཾ་ཤྲི་མ་ཧཱ་ཀྲོ་དྷ་ཧེ་རུ་ཀ་ཧཱུཾ་ཕཊ། མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། དགོས་འཛབ་མ་ནིང་སྙིང་པོ་ནི།། ཆུ་བོའི་གཞུང་བཞིན་བཟླས་གྱུར་ན།། ལུས་དང་གྲིབ་མ་བཞིན་དུ་འཁོར།། ཡོན་ཏན་སྲིད་གསུམ་དབང་དུ་སྡུད།། ཁམས་གསུམ་ཟིལ་གྱིས་གནོན། ། བཀྲ་ཤིས་ནོར་འཕེལ་དཀོར་སྲུངས་མཆོག། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ཡ་རཾ་སིད་དྷི་ཧཱུཾ། བྱེ་བ་ཐེམ་ནས་ལས་ཀུན་འགྲུབ།། གང་བསམས་པ་ལ་ཐོགས་པ་མེད།། དངོས་གྲུབ་བན་དྷར་ཆང་དང་བདུད་རྩིར་སྦྱར། ། ཤ་དམར་ཟས་དང་དངོས་གྲུབ་རྫས་རྣམས་བསགས།། ཧཱུཾ། རང་བྱུང་གདོད་ནས་རྣམ་དག་རྫས།། འཆི་མེད་རང་འབྱུང་བདུད་རྩིའི་མཆོག། གསང་བ་ཡོངས་རྫོགས་དངོས་གྲུབ་ཞུ།། ཁམས་གསུམ་དབང་སྡུད་འགྲན་ཟླ་མེད། ། དཔལ་མགོན་མ་ནིང་ཆེན་པོའི་དངོས་གྲུབ་སྩོལ།། གཞན་གྱིས་མི་ཐུབ་མཐུ་ཆེ་རྩལ་དྲག་པའི།། མ་ནིང་སྲོག་བདུད་ཆེན་པོའི་དངོས་གྲུབ་སྩོལ།། གསང་སྔགས་རྒྱུད་འཛིན་གཞན་དོན་ལྷུན་གྲུབ་པའི། ། ཚེ་བདུད་ཆེན་པོའི་དངོས་གྲུབ་སྩོལ།། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ།། འཛད་མེད་ནོར་གྱི་དངོས་གྲུབ་སྩོལ།། འབྲུ་བཅུད་ཟས་ཀྱི་དངོས་གྲུབ་སྩོལ།། འབྲལ་མེད་གྲོགས་ཀྱི་དངོས་གྲུབ་སྩོལ།། རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩོལ། ། ཨོཾ་ཨཱཿཧཱུཾ། ཨོཾ་མ་ཧཱ་ཀཱ་ལ་གྷ་ན་གུ་ཡ་རཾ་ཀཱ་ཡ་སིདྡྷི་བཱཀྐ་སིདྡྷི་ཙིཏྟ་སིདྡྷི་སརྦ་སིདྡྷི་ཧཱུཾ་ཛ། འཕྲིན་ལས་གསུམ་སྟེ་བཅས་གཞི་དམིགས་པ་སྔགས།། ནད་གདོན་ཞི་བྱེད་བུམ་པ་མཚན་ལྡན་བཤམས། ། ཚད་མེད་བཞི་ལྡན་སྐྱབས་འགྲོ་སེམས་བསྐྱེད་བྱ།། བདེན་པའི་སྟོབས་བརྗོད་སྤྱན་རས་གཟིགས་སུ་གསོལ།། འོད་ཟེར་དཀར་པོ་འཕྲོས་ཏེ་གང་དམིགས་དེ་ལ་ཕོག། རྩ་སྔགས་ཤམ་དུ་ཤནྟིང་ཀུ་རུ་གདགས། ། ནད་གདོན་རྣམ་རྟོག་ཞི་བར་ངེས།། ཚེ་ནོར་རྒྱས་བྱེད་བང་མཛོད་ཚད་ལྡན་བཤམས།། ནང་དུ་མ་ནིང་ཚོགས་བདག་འཛམ་ལྷའི་སྐུ།། རིན་ཆེན་སྣ་ལྔ་ལས་བཞེངས་པ།། མངའ་གསོལ་རབ་གནས་བྱ། ། རང་ཉིད་ཚེ་དཔག་མེད་དུ་བསམ།། ཁང་པ་ལྕང་ལོ་ཅན་དུ་བསྒོམ།། འོད་ཟེར་སེར་པོས་སྟོང་གསུམ་བཀང།། ཚེ་དཔལ་ལོངས་སྤྱོད་འདུས་པར་བསམ།། རྩ་སྔགས་ཤམ་བུར་ནན་ཁ་ཏེ་མ་མ་ཁ་ཤི་མི་སྙིང་འགུལ། ། མི་འགྲམ་ཆོག་ཨ་ཡུ་པུ་ནི་སརྦ་རུ་པ་པུཥྟིཾ་ཀུ་རུ་ཡ་སྭཱ་ཧཱ། ཚེ་ནོར་ལོངས་སྤྱོད་རྒྱས་པར་འགྱུར།། ཁམས་གསུམ་དབང་བསྡུས་རྒྱལ་མཚན་ཕྱོགས་བཞིར་གཟུགས།། ཟངས་མའི་གའུ་རྟག་ཏུ་ལུས་ལ་སྲེལ། ། རྒྱལ་མཚན་གའུའི་ནང་དུ་དཔལ་འཁོར་གཞུག། མ་ནིང་སྐུ་མདོག་དམར་པོར་གསལ།། འོད་ཟེར་དམར་པོ་སྤྲོ་བསྡུ་ཡིས།། གང་དམིགས་ཙིཏྟའི་ཞལ་དྲངས་ལ།། རྩ་སྔགས་ཤམ་བུར་བ་ཤང་ཀུ་རུ་གདགས། ། དེས་ནི་ཁམས་གསུམ་སྲིད་གསུམ་དུས་གཅིག་སྡུད།། དྲག་པོ་འབྲུབ་ཁུང་ཚད་ལྡན་བཤམས།། ནང་དུ་ཟག་རྫས་ཉ་བོ་གཞུག། སྟེང་ནས་འཁོར་ལོས་བཀབ་ནས་ནི།། ལྟེ་བར་བུག་པ་ཐུན་ལམ་བྱ།། རོ་གཡམ་རྒྱ་གྲམ་བྲིས་པས་ཁ་བཅད། ། ཆུ་ཤིང་ཕུར་ལ་སྔགས་འདི་གདབ།། རྩ་སྔགས་ཤམ་བུར་མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ། མ་ནིང་སྟོབས་ལྡན་ཆེན་པོར་བསམ།། འོད་ཟེར་ནག་པོ་འཕྲོ་འདུ་ཡིས།། དགྲ་བགེགས་ཐལ་བར་རླག་པར་འགྱུར། ། གཏོར་མ་བདུད་ཤོས་ནག་པོ་ལ།། ཤ་དམར་སྒོག་བཙོང་ལ་ཕུག་དང།། སྨན་རག་ཆང་ཕུད་ཤ་ཆེན་གསུར།། ཨ་ཀ་རུ་དང་རྒྱ་སྤོས་ཏམ།། དཔལ་ཆེན་གསལ་བས་བྱིན་གྱིས་བརླབས།། སྲོག་སྙིང་ཁ་ཡི་རྟགས་ཏེ་དབུལ། ། རྔ་བརྡུང་དར་ནག་འཕྱར་ལ་འདི་སྐད་བསྐུལ།། ཧཱུཾ་བྷྱོ། ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ།། ལེགས་ལྡན་ནག་པོ་གཤེགས་སུ་གསོལ།། བྷ་ག་ནག་པོ་གཤེགས་སུ་གསོལ། ། ཚོགས་བདག་ཆེན་པོ་གཤེགས་སུ་གསོལ།། ཛམ་ལྷ་ནག་པོ་གཤེགས་སུ་གསོལ།། ནག་པོ་ཐོད་འཕྲེང་གཤེགས་སུ་གསོལ།། ཆོས་སྐྱོང་ནག་པོ་གཤེགས་སུ་གསོལ།། དགྲ་བོའི་གཤེད་མ་གཤེགས་སུ་གསོལ། ། བགེགས་ཀྱི་གཉེན་པོ་གཤེགས་སུ་གསོལ།། བདག་གི་གྲོགས་པོ་གཤེགས་སུ་གསོལ།། དམ་ཅན་ཆེན་མོ་གཤེགས་སུ་གསོལ།། ནག་པོ་གཟིམ་དངས་ཡ་ལ་ལ།། སྲིང་མོ་ཟོར་ཐོགས་ཐིབས་སེ་ཐིབས། ། བདུད་པོ་ཁྲམ་ཐོགས་ཡེ་རེ་རེ།། ཤན་པ་གྲི་ཐོགས་ཟངས་སེ་ཟངས།། ནག་པོ་ཟོར་ཐོགས་ཆེམས་སེ་ཆེམས།། དར་ནག་རུ་མཚོན་རོངས་སེ་རོངས།། གཡབ་དར་ནག་པོ་ལྷབས་སེ་ལྷབས། ། ཉི་མ་ཟླ་བ་ཏ་ལ་ལ།། མེ་སྟག་ཚུབ་མ་འུ་རུ་རུ།། དུག་མཚོ་ཁོལ་མ་ཆི་ལི་ལི།། སྦྲུལ་ནག་མང་པོ་ཁྱུག་སེ་ཁྱུགས།། དོམ་ནག་ཁྱི་ནག་ང་ར་ར།། ལྕགས་སྤྱང་ཅེ་སྤྱང་འདུ་རུ་རུ།། བྱ་ནག་མང་པོ་ཐིབས་སེ་ཐིབས། ། གཡག་རོག་མང་པོ་འདུ་རུ་རུ།། རྟ་ནག་མང་པོ་ཙེ་རེ་རེ།། མོན་པ་གར་བྱེད་ཁྱུགས་སེ་ཁྱུགས།། ལིང་བ་མདའ་འཕེན་སྦྲིངས་སེ་སྦྲིངས།། བྱ་རོག་ཤ་འཐོག་ལིངས་སེ་ལིངས།། འུག་པའི་རྐན་སྒྲ་ཆེམས་སེ་ཆེམས། ། ཐུན་གྱི་སེར་ར་ཤ་ར་ར།། གནམ་ལྕགས་ཐོག་འབེབས་ལོངས་སེ་ལོངས།། རླུང་ནག་ཚུབ་མར་ཁྱི་ལི་ལི།། མ་མོའི་སྤྱུགས་པ་ཀྱུ་རུ་རུ།། མི་ལྤགས་གཡབ་དོར་ལིངས་སེ་ལིངས།། འགོང་པོ་ངུས་སྐད་ལྷངས་སེ་ལྷངས། ། འདྲེ་ངན་སྐད་ངན་ཙེ་རེ་རེ།། རྒྱལ་སེན་སྨྱོ་སྒྲ་ཏེག་གེ་ཏེག། ཆོས་སྐྱོང་འཁོར་བཅས་ཐིབས་སེ་ཐིབས།། ཚུར་སྤྱོན་ཚུར་སྤྱོན་དམ་ལ་འདུ།། རྒྱན་གྱི་བཤོས་གཏོར་འདི་བཞེས་ལ།། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ། ཧཱུཾ་བྷྱོ། དོ་ནུབ་ནམ་གྱི་གུང་ཐུན་ལ།། བླ་རྐུན་ཇག་པ་ལས་ལ་ཁྱེ།། དམ་ཉམས་དགྲ་བོ་གཉིད་སོང་གི། དགྲ་བོ་བླ་འཁྱམས་ཁྲིད་ལས་ཤོག། བསད་རྟགས་དོན་སྙིང་ཁྱེར་ལས་ཤོག། དཀོར་རྐུན་སྙིང་རྩ་ཁྱེར་ལ་ཤོག། བྷྱོ། མ་ནིང་ནག་པོའི་དུས་ལ་བབ།། བྷ་ག་ནག་པོའི་དུས་ལ་བབ།། དགྲ་གཤེད་ཆེན་པོའི་དུས་ལ་བབ།། མགོན་པོ་ནག་པོའི་དུས་ལ་བབ།། ཡབ་རྗེ་ནག་པོའི་དུས་ལ་བབ།། འཛམ་ལྷ་ནག་པོའི་དུས་ལ་བབ། ། རྟ་ཀི་ནག་པོའི་དུས་ལ་བབ།། མོན་པ་ནག་པོའི་དུས་ལ་བབ།། ཤར་གིང་ནག་པོའི་དུས་ལ་བབ།། གཟའ་བདུད་ནག་པོའི་དུས་ལ་བབ།། ཚོགས་བདག་ནག་པོའི་དུས་ལ་བབ།། ནག་པོ་ཚེ་བདུད་དུས་ལ་བབ། ། སྲིང་ཅིག་ཆེན་མོའི་དུས་ལ་བབ།། འགྲོ་བ་ཀུན་བཟང་དུས་ལ་བབ།། མཁའ་འགྲོའི་གཙོ་མོའི་དུས་ལ་བབ།། ལས་ཀྱི་དབང་ཆེན་དུས་ལ་བབ།། རེ་མ་ཏི་ཡི་དུས་ལ་བབ།། མོན་མོ་ནག་མོའི་དུས་ལ་བབ། ། ཅི་བཅོལ་ལས་རྣམས་ཐམས་ཅད་སྒྲུབས།། ཟས་སུ་དགྲ་བོའི་ཤ་ལ་ཟོ།། སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང།། ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ།། ཨེ་ཡཾ་རཾ་སིད་དི་ཏྲི་ཡཾ་རུ་ཏྲ་ཧཱུཾ་བྷྱོ། ཞེས་པས་དྲག་ཏུ་བསྐུལ། གཏོར་ཟོར་འཕང། གསོལ་ཀ་བཤམ་དང་བྱིན་བརླབ་ཅིང།། སྤྱན་འདྲེན་མཆོད་དབུལ་བསྟོད་བསྐུལ་བྱ།། ཕུད་མཆོད་རྒྱས་དང་སྔགས་མཆོད་འབུལ།། བཤམ་པ་མ་འབགས་ཕྱེ་ཕུད་ལ།། རིན་ཆེན་བརྡར་ཅིང་མགོ་བོའི་བཤོས། ། ཟུར་གསུམ་ནག་པོ་ནང་ཅན་འབྲུ།། རྩེ་ལ་སྨྱུག་རྒོད་རྟེན་མདའ་དར་ནག་གཟུགས།། དེའི་མཐར་བཤོས་བུ་ཟུར་གསུམ་བརྒྱད།། མཐེབ་ཀྱུས་བསྐོར། སྨན་རག་ཚོགས་འཁོར་སྤོས་དུད་བཤམ། ། སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསག་ཅིང།། ཕྱི་ལྟར་སྔགས་དྲུག་ཕྱག་རྒྱ་དྲུག། ནང་ལྟརའབྲུ་གསུམ་སྦྱངས་སྤེལ་སྒྱུར།། གསང་བར་རང་ཉིད་ཆེ་མཆོག་སྒོམ།། ཐུགས་སྲོག་ཧཱུཾ་ལས་འབྲུ་ལྔར་འཕྲོས། ། ཨེ་ཡཾ་རཾ་ཀེཾ། ཨེ་ལས་ནམ་མཁའ་སྟོང་པའི་ངང།། ཡཾ་ལས་རླུང་གི་དཀྱིལ་འཁོར་སྒོམ།། རཾ་ལས་མེ་ཡི་དཀྱིལ་འཁོར་སྐྱེད།། ཀོ་ལས་བན་དྷའི་སྒྱེད་བུ་གསུམ།། དེ་སྟེང་བན་དྷ་སྟོང་གསུམ་ཙམ།། ཨ་ལས་ཤ་ལྔ་བདུད་རྩི་ལྔ་རུ་བསྐྱེད། ། དེ་དབུས་རྡོ་རྗེ་རྩེ་ལྔ་བསམ།། མེ་རླུང་འབར་བས་རླངས་འཕུངས་ཏེ།། ཕྱོགས་བཅུའི་སངས་རྒྱས་ཞིང་དུ་འཕྲོས།། རྒྱལ་བ་མཉེས་པའི་མཆོད་པ་འབུལ།། བྱང་སེམས་བདུད་རྩིའི་རྒྱུན་དྲངས་ནས། ། རྡོ་རྗེ་ལ་ཐིམ་རྡོ་རྗེ་ལན་གསུམ་དཀྲུགས་པས་བདུད་རྩིར་འཁྱིལ།། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང།། ཞི་ཁྲོ་ཡོངས་རྫོགས་ལྷ་ཚོགས་དང།། མ་ནིང་མགོ་དགུ་རྣམ་གསུམ་དང།། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སོགས། ། མ་ལུས་མཉེས་མཆོད་མགྲོན་བཞི་མཆོད།། རྒྱས་པར་ཡོངས་སུ་རྫོགས་པར་བྱ།། བློ་འབྲིང་བསྟོད་བསྐུལ་ཚིག་བཤད་མཆོད།། དབང་མཐས་བྱིན་རླབས་སྔགས་ཀྱིས་གསོལ།། སྨན་རཀ་གཏོར་མ་སྦྲེང་བྱ་ཞིང། ། ཧཱུཾ་བྷྱོ། ལྷ་ཆེན་དཔལ་འབར་འདིར་གཤེགས་གསོལ།། མ་ནིང་ནག་པོ་གཤེགས་སུ་གསོལ།། ལེགས་ལྡན་ནག་པོ་གཤེགས་སུ་གསོལ།། བྷ་ག་ནག་པོ་གཤེགས་སུ་གསོལ།། ཚོགས་བདག་ཆེན་པོ་གཤེགས་སུ་གསོལ། ། ཛམ་ལྷ་ནག་པོ་གཤེགས་སུ་གསོལ།། ནག་པོ་ཐོད་འཕྲེང་གཤེགས་སུ་གསོལ།། ཆོས་སྐྱོང་ཆེན་པོ་གཤེགས་སུ་གསོལ།། གཟའ་བདུད་ཆེན་པོ་གཤེགས་སུ་གསོལ།། སྲོག་བདུད་ནག་པོ་གཤེགས་སུ་གསོལ། ། ཏ་ཀི་ནག་པོ་གཤེགས་སུ་གསོལ།། ནག་པོ་ཚེ་བདུད་གཤེགས་སུ་གསོལ།། བྱ་རྒོད་ཐང་ནག་གཤེགས་སུ་གསོལ།། མཁའ་ལྡིང་ནག་པོ་གཤེགས་སུ་གསོལ།། ཀླུ་བདུད་ནག་པོ་གཤེགས་སུ་གསོལ། ། ཐར་པ་ནག་པོ་གཤེགས་སུ་གསོལ།། དགྲ་བོའི་གཤེད་མ་གཤེགས་སུ་གསོལ།། བགེགས་ཀྱི་གཉེན་པོ་གཤེགས་སུ་གསོལ།། བདག་གི་གྲོགས་པོ་གཤེགས་སུ་གསོལ།། དམ་ཅན་ཆེན་པོ་གཤེགས་སུ་གསོལ། ། སྤྲུལ་འཁོར་དཔའ་བོ་གཤེགས་སུ་གསོལ།། ཡབ་རྗེ་ནག་པོ་གཤེགས་སུ་གསོལ།། ཤར་གིང་ནག་པོ་གཤེགས་སུ་གསོལ།། དུང་གི་སྣ་ཅན་གཤེགས་སུ་གསོལ།། མོན་པ་ནག་པོ་གཤེགས་སུ་གསོལ། ། སྲིང་ཅིག་ཆེན་མོ་གཤེགས་སུ་གསོལ།། འགྲོ་བ་ཀུན་བཟང་གཤེགས་སུ་གསོལ།། མཁའ་འགྲོའི་གཙོ་མོ་གཤེགས་སུ་གསོལ།། ལས་ཀྱི་དབང་ཆེན་གཤེགས་སུ་གསོལ།། རེ་ཏི་ཆེན་མོ་གཤེགས་སུ་གསོལ། ། མོན་མོ་ནག་མོ་གཤེགས་སུ་གསོལ།། འདིར་གཤེགས་གདན་ལ་བཞུགས་སུ་གསོལ།། འདོད་ཡོན་ལྔ་ཡི་མཆོད་པ་འབུལ།། བྷ་ལིང་རྒྱན་གྱི་མཆོད་པ་འབུལ།། སྨན་རཀ་བདུད་རྩིའི་མཆོད་པ་འབུལ།། གོ་རོ་ཙ་ནའི་མཆོད་པ་འབུལ། ། བ་སུ་ཏ་ཡི་མཆོད་པ་འབུལ།། མ་ཧཱ་མཾ་སའི་མཆོད་པ་འབུལ།། མ་ཧཱ་ཙིཏྟའི་མཆོད་པ་འབུལ།། མ་ཧཱ་རཀྟའི་མཆོད་པ་འབུལ།། ཚོགས་ཀྱི་འཁོར་ལོའི་མཆོད་པ་འབུལ། ། ཛ་གད་ཆང་གི་མཆོད་པ་འབུལ།། ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ།། བདག་ཅག་རྣལ་འབྱོར་འཁོར་བཅས་ལ།། ནད་གདོན་རྣམ་རྟོག་ཞི་བ་དང།། ཚེ་དང་བསོད་ནམས་རྒྱས་པ་དང།། ཁམས་གསུམ་སྲིད་གསུམ་དབང་སྡུད་པ། ། དྲེགས་པས་དགྲ་བགེགས་ཚར་གཅོད་པ།། མི་མཐུན་ཕྱོགས་རྣམས་ཞི་བ་དང།། སངས་རྒྱས་བསྟན་པ་བསྲུང་བ་དང།། དཀོན་མཆོག་དབུ་འཕངས་བསྟོད་པ་དང།། རྣལ་འབྱོར་སྐུ་དགྲ་འདུལ་བ་དང། ། གཙུག་ལག་ཁང་བསྲུང་ཆོས་འཁོར་སྐྱོང།། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད།། ཅེས་བསྐུལ་ལོ།། གཞན་ཡང་སྔགས་གསོལ་ཁ་ནི།། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། མཧཱ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་སརྦ་པཱུ་ཙ་ལ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ན་རཾ་སིདྡྷི་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་རུ་པ་ཏྲི་ཡཾ་ཛ་མ་ཧཱ་པཉྩ། ཨོཾ་མ་ཧཱ་ཀཱ་ལ་རགྴ་དུ་བེཾ་ནི་མ་ཧཱ་པཉྩ། ཨོཾ་བཛྲ་ཤྲཱི་མཧཱ་ཀཱ་ལ་ཁ་ཀྵེ་ཏ་ཧ་ན་མ་ཧཱ་པཉྩ། ཨོཾ་མ་ཧཱ་ཀཱ་ལ་སིང་ང་རཾ་ཧཱུཾ་མ་ཧཱ་པཉྩ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྲག་ཤད་མ་ཧཱ་པཉྩ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་མ་ཧཱ་པན་ཏྲི་ཡཾ་རུ་ཏྲ་ཧཱུཾ་བྷྱོ་མ་ཧཱ་པཉྩ། མུན་ཤི་བྷྱོ་མ་ཧཱ་པཉྩ། མུན་ནག་ཤི་བྷྱོ་མ་ཧཱ་པཉྩ། རུ་ཏྲ་ནག་པོ་དགྲ་བོའི་སྙིང་ལ་སུ་ཏྲི་ཙིཏྟ་རྦད་མ་ཧཱ་པཉྩ། སུ་ཏྲི་མཱ་ར་ཡ་རྦད་མ་ཧཱ་པཉྩ་བྷ་ལིང་ཏ་མ་ཧཱ་རཀྟ་གྷན་ཁཱ་ཧི་ཁཱ་ཧི། ཧཱུཾ་བྷྱོ་ལྷ་ཆེན་དཔལ་འབར་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྲ་ཁ་རཾ་ཁཱ་ཧི། མ་ཧཱ་ཀཱ་ལའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། མ་ནིང་ནག་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་མ་ཧཱ་རཀྟ་གྷ་ན་ཁ་རཾ་ཁཱ་ཧི། སྲོག་བདུད་ཆེན་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རགྟ་གྷ་ན་ཁ་རཾ་ཁཱ་ཧི། གཟའ་བདུད་མ་ནིང་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཁ་རཾ་ཁཱ་ཧི། ཀླུ་བདུད་མ་ནིང་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་མ་ཧཱ་རགྟ་གྷ་ན་ཁ་རཾ་ཁཱ་ཧི། བ་ག་ནག་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རགྟ་གྷ་ན་ཁ་རཾ་ཁཱ་ཧི། ལེགས་ལྡན་ནག་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཁ་རཾ་ཁཱ་ཧི། ཡབ་རྗེ་ནག་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཁ་རཾ་ཁཱ་ཧི། ཆོས་སྐྱོང་ཆེན་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། ཚོགས་བདག་ཆེན་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། ཛམ་ལྷ་ནག་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། ཏ་ཀི་ནག་པོའི་ཞལ་དུ་མ་ཧཱ་པཉྩ་གྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། མོན་པ་ནག་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། ཤར་གིང་ནག་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། དམ་ཅན་ཆེན་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། ནག་པོ་ཐོད་འཕྲེང་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁཱ་རཾ་ཁཱ་ཧི། བྱ་རྒོད་ཐང་ནག་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། མཁའ་ལྡིང་ནག་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། ཚེ་བདུད་ནག་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། དགྲ་བོའི་གཤེད་མའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། བགེགས་ཀྱི་གཉེན་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། བདག་གི་གྲོགས་པོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྲ་ཁ་རཾ་ཁཱ་ཧི། སྲིང་ཅིག་ཆེན་མོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། འགྲོ་བ་ཀུན་བཟང་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། མཁའ་འགྲོའི་གཙོ་མོའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། ལས་ཀྱི་དབང་ཆེན་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་གྷ་ན་ཙཀྐྲ་ཁ་རཾ་ཁཱ་ཧི། རེ་མ་ཏིའི་ཞལ་དུ་མ་ཧཱ་པཉྩ་བྷ་ལིང་ཏ་རཀྟ་སརྦ་པཱུ་ཛ་ཁཱ་ཧི། ནག་པོ་གཟི་མདངས་ཡ་ལ་ལ།། སྲིང་མོ་མ་ཚོགས་ཐིབས་སེ་ཐིབས།། བདུད་ཕོ་ཁྲམ་ཐོགས་ཉེ་རེ་རེ། ། ཤན་པ་གྲི་ཐོགས་ཟིངས་སེ་ཟིངས།། ནག་པོ་ཟོར་ཐོགས་ཆེམས་སེ་ཆེམས།། དར་ནག་རུ་མཚོན་རོངས་སེ་རོངས།། གཡབ་དར་ནག་པོ་ལྷབས་སེ་ལྷབས།། ཉི་མ་ཟླ་བ་ཏ་ལ་ལ།། མེ་སྟག་ཚུབ་མ་འུ་རུ་རུ།། དུག་མཚོ་ཁོལ་མ་ཆི་ལི་ལི། ། སྦྲུལ་ནག་མང་པོ་ཁྱུགས་སེ་ཁྱུགས།། དོམ་ནག་ཁྱི་ནག་ང་ར་ར།། ལྕགས་སྤྱང་ཅེ་སྤྱང་འདུ་རུ་རུ།། བྱ་ནག་མང་པོ་ཐིབས་སེ་ཐིབས།། གཡག་རོག་མང་པོ་ངུ་རུ་རུ།། རྟ་ནག་མང་པོ་ཙེ་རེ་རེ། ། མོན་པ་གར་བྱེད་ཁྱུགས་སེ་ཁྱུགས།། ལིང་པ་མདའ་འཕེན་སྦྲངས་སེ་སྦྲངས།། བྱ་རོག་ཤ་འཐོག་ལིངས་སེ་ལིངས།། འུག་པ་རྐན་སྒྲ་ཆེམས་སེ་ཆེམས།། ཐུན་གྱི་སེར་བ་ཤ་ར་ར།། གནམ་ལྕགས་ཐོག་འབབ་ལོངས་སེ་ལོངས། ། རླུང་ནག་ཚུབ་མ་ཀྱི་ལི་ལི།། མ་མོའི་སྤྱུགས་པ་ཀྱུ་རུ་རུ།། མི་ལྤགས་གཡབ་འདོར་ལིངས་སེ་ལིངས།། འགོང་པོ་ངུ་སྐད་ལྷངས་སེ་ལྷངས།། འདྲེ་ངན་སྐད་ངན་ཙེ་རེ་རེ།། རྒྱལ་བསེན་སྨྱོ་སྒྲ་ཏེག་གེ་ཏེག། ཆོས་སྐྱོང་འཁོར་བཅས་ཐིབས་སེ་ཐིབས།། ཚུར་སྦྱོན་ཚུར་སྦྱོན་དམ་ལ་འདུ།། རྒྱན་གྱི་གཏོར་མ་འདི་བཞེས་ལ།། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད།། དོ་ནུབ་ནམ་གྱི་གུང་ཐུན་ལ།། བླ་རྐུན་ཇག་པ་ལས་ལ་ཁྱེ། ། དམ་ཉམས་དགྲ་བོ་གཉིད་སོང་གིས།། དགྲ་བོ་བླ་འཁྱམ་ཁྲིད་ལས་ཤོག། བསད་རྟགས་དོན་སྙིང་ཁྱེར་ལས་ཤོག། དཀོར་རྐུན་སྙིང་རྩ་ཆོད་ལས་ཤོག། བྷྱོ། མ་ནིང་ནག་པོའི་དུས་ལ་བབ།། བྷ་ག་ནག་པོའི་དུས་ལ་བབ། ། དགྲ་གཤེད་ནག་པོའི་དུས་ལ་བབ།། མགོན་པོ་ནག་པོའི་དུས་ལ་བབ།། ཡབ་རྗེ་ནག་པོའི་དུས་ལ་བབ།། ཛམ་ལྷ་ནག་པོའི་དུས་ལ་བབ།། ཏ་ཀི་ནག་པོའི་དུས་ལ་བབ།། མོན་པ་ནག་པོའི་དུས་ལ་བབ། ། ཤར་གིང་ནག་པོའི་དུས་ལ་བབ།། གཟའ་བདུད་ནག་པོའི་དུས་ལ་བབ།། ཚོགས་བདག་ནག་པོའི་དུས་ལ་བབ།། ནག་པོ་ཚེ་བདུད་དུས་ལ་བབ།། སྲིང་ཅིག་ཆེན་མོའི་དུས་ལ་བབ།། འགྲོ་བ་ཀུན་བཟང་དུས་ལ་བབ། ། མཁའ་འགྲོའི་གཙོ་མོའི་དུས་ལ་བབ།། ལས་ཀྱི་དབང་ཆེན་དུས་ལ་བབ།། རེ་མ་ཏི་ཡི་དུས་ལ་བབ།། མོན་མོ་ནག་མོའི་དུས་ལ་བབ།། ཅི་བཅོལ་ལས་རྣམས་ཐམས་ཅད་སྒྲུབས།། ཟས་སུ་དགྲ་བོའི་ཤ་ལ་ཟོ། ། སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང།། ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ།། ཨེ་ཡཾ་རཾ་སིདྡྷི་ཏྲི་ཡཾ་རུ་ཏྲ་ཧཱུཾ་བྷྱོ། ཞེས་གསོལ། དྲག་ཏུ་བསྐུལ།། ཐལ་མོ་གདབ།། འདོར་ན་འདི་ཉིད་གསོལ་བས་གྲུབ། ། མ་ནིང་ཡིན་ཕྱིར་ཟློག་ཏུ་མེད།། གཞན་ཡང་ཚོགས་ཀྱི་མཆོད་པ་ནི།། བཤམ་ཞིང་བསང་སྦྱང་བྱིན་བརླབ་ཅིང།། སྤྱན་དྲངས་ཕུད་འབུལ་བར་མ་བཤགས།། ཞལ་དུ་བཏབ་ཅིང་རོལ་བར་བྱ།། བཤམ་པ་གལ་ཟ་ཟླ་རྒྱས་ཟླ་ཕྲོམ་དང། ། ཛ་གད་ཛ་ཏི་ཛ་དེས་ཀུན་ཏུ་རྒྱུ།། མཾ་ས་རཀྟ་ཙིཏྟ་བ་སུ་ཏ།། གོ་རོ་ཙ་ན་ལ་སོགས་ཡོ་བྱད་བསགས་གསང་བ།། ཨོཾ་ཨཱ་ཙུས་མ་པེ་ཏ་ལི་ཀྲོ་ཏ་ནི་སརྦ་ཕྲཾ་སྦྱཾ་སཾ་ཤོ་དྷ་ཡ་ཧཱུཾ་ཕཊ། སྦྱང་བ་རཾ་ཡཾ་ཁཾ་སྦྱང་སྤེལ། ། བདུད་རྩིར་བསྒྱུར་བྱིན་རླབས།། ཨོཾ་ཨཱཿཧཱུཾ་ཧྲི། གྷ་ན་ཀ་སརྦ་ཙ་ཧོ་འདོད་ཡོན་ལྔ་ལྡན་བྱིན་བརླབས་ནས།། སྤྱན་འདྲེན་མ་ནིང་གཙོ་འཁོར་བཅས།། ཕུད་བཤགས་བཏབ་ཅིང་ལྷག་མ་རོལ།། རྒྱུན་དུ་དཔལ་ཆེན་ཀྲོང་བསྐྱེད་བྱ། ། སྤྲུལ་འཁོར་གཞལ་ཡས་རང་ལུས་བསྡུ།། རང་ལུས་སྣང་ལ་རང་བཞིན་མེད།། འགག་མེད་སྙིང་ཁའི་ཧཱུཾ་ལ་འདུས།། དེ་གཉིས་མཐའ་ནས་བསྡུས་པ་ལ།། སྟོང་གསལ་ཅིག་བཞག། འབྲས་བུ་ལྷ་བསྐྱེད་སྟོང་མཐའ་འགག། སྤྲུལ་པའི་སྐུ་རུ་མངོན་སངས་རྒྱས།། རྫོགས་རིམ་སྣང་ལ་རང་བཞིན་མེད།། ལོངས་སྤྱོད་རྫོགས་སྐུར་མངོན་སངས་རྒྱས།། བསྐྱེད་རྫོགས་གང་དུ་འཛིན་མེད་པས།། ཆོས་ཀྱི་སྐུ་རུ་མངོན་སངས་རྒྱས། ། ཞེས་གསུངས་སོ།། དཔལ་མགོན་མ་ཧཱ་ཀཱ་ལའི་ལས་རྒྱུད་ཆེན་པོ་ལས། བསྐྱེད་རྫོགས་ལས་བྱང་དུ་བསྡེབས་ནས་ལྡང་ཚད་བརྒྱད་དུ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། གསང་བའི་བདག་པོས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཧེ་རུ་ཀ། སྤྲུལ་པ་སྐུ་སྟེ་སྐུ་ཡི་མཆོག། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ།། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད།། ནམ་མཁའི་བདག་པོ་སྣ་ཚོགས་སྟོན།། ཉིད་སྤྲུལ་དཔལ་མགོན་མ་ཧཱ་ཀཱ་ལ་འདིའི། ། སྤྲུལ་པའི་དོན་བྱེད་གང་ཡིན་དང།། སྤྲུལ་པའི་བྱེ་བྲག་ཇི་ལྟར་བྱེད།། རིགས་དང་སྡེ་ཚན་དུ་རུ་འདུས།། གཉེན་པོའི་ལྷ་ནི་གང་གང་ལགས།། གནས་ཁང་སྒྲུབ་ཁང་ཅི་འདྲ་དགོས། ། བསྙེན་སྒྲུབ་ལས་སྦྱོར་ཇི་ལྟར་བགྱི།། སྤྱི་ཡི་དམ་རྫས་གང་ལ་བྱེད།། སྒོ་སྒོའི་དམ་རྫས་གང་ལྟར་ཡིན།། བསྟེན་ཅིང་སྒྲུབ་པའི་ཡོན་ཏན་གང།། ལས་ཀྱི་ཁ་ཚར་ཇི་ཙམ་ཡོད།། དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག། ཅེས་ཞུས་པས། ཆེ་མཆོག་ཧེ་རུ་ཀས་བཀའ་སྩལ་པ། ཉོན་ཅིག་རིགས་འཛིན་གསང་བའི་བདག། དེ་དོན་ཁྱོད་ཀྱིས་ཞུས་པ་ལེགས།། མ་ནོར་བདག་གིས་ལེགས་པར་བསྟན།། ལྷ་མགོན་མ་ཧཱ་ཀཱ་ལ་འདིའི། ། སྤྲུལ་པའི་དོན་བྱེད་འགྲོ་བ་འདུལ།། སྤྲུལ་པའི་བྱེ་བྲག་བཞི་ལྔ་བརྒྱད།། རིགས་ནི་ཉི་ཤུ་རྩ་ལྔར་འབྱེད།། སྡེ་ཚན་ཉི་ཁྲི་ཆིག་སྟོང་ཡོད།། ཤིས་པའི་ལྷ་ནི་ཆེ་མཆོག་བདག་ཉིད་དང།། གཤིན་རྗེ་རྟ་མགྲིན་གསང་བདག་ཁྱོད་ཡིན་ནོ། ། གནས་ཁང་དབེན་ཞིང་ཉམས་དགའ་བ།། གཙུག་ལག་ཁང་ངམ་མཚན་ལྡན་གཅེས།། གྲོགས་ནི་དད་ལྡན་ཤེས་རབ་ཅན།། སྙིང་རྗེ་ཅན་དང་སྡུག་སྲན་ཅན།། ཕྱག་རྒྱ་གསང་ཐུབ་མཚན་ལྡན་གཅེས། ། བསྙེན་པ་རབ་འབྲིང་རྟགས་ལ་སྦྱོར།། སྒྲུབ་པ་ཕྱི་ནང་གསང་བ་གསུམ།། ལས་སྦྱོར་སྲོག་སེར་ཆོ་འཕྲུལ་གཏད།། བྲན་དང་ཕོ་ཉར་སྡེ་བརྒྱད་བཀོལ།། ཡང་འཁོལ་བརྒྱད་པོ་རྣོ་མྱུར་མགྱོགས། ། སྒྲུབ་མཆོག་མཚོན་ཆ་རྣམ་པ་བཞི།། བེང་བཅས་བླ་རྡོ་ཀུན་དབང་བསྒྱུར།། སྤྱི་ཡི་དམ་རྫས་བསྙེན་བསྒྲུབ་ཅིང།། ལས་སྦྱོར་བསད་ལས་ཆོ་འཕྲུལ་རྫས།། སྒོ་སྒོའི་དམ་རྫས་རང་རིག་གཙོ།། བསྙེན་སྒྲུབ་ཡོན་ཏན་བརྗོད་ལས་འདས། ། ལས་ཀྱི་ཁ་ཚར་བསམ་མི་ཁྱབ།། ཅེས་གསུངས་སོ།། མ་ནིང་ལས་རྒྱུད་ནག་པོ་ལས། མདོར་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་ཆེ་མཆོག་ཧེ་རུ་ཀ། གོང་ཞུས་དོན་རྣམས་མདོར་བསྟན་ཀྱང།། དེ་དོན་ཞིབ་རྒྱས་མ་གསུངས་ན།། མ་རིགས་འཁྲུལ་བས་བློ་མི་ཁྲོལ།། བྱེ་བྲག་ཤིན་ཏུ་རྒྱས་པར་ཞུ།། ཞེས་ཞུས་པས། ཆེ་མཆོག་ཧེ་རུ་ཀས་བཀའ་སྩལ་པ། དེ་དོན་ཞུས་པ་ཤིན་ཏུ་ལེགས།། དག་པར་བྱེད་ཅིང་སྡིག་སེལ་བ།། ང་ལས་ཉན་པར་བརྩོན་པ་རྣམས།། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང།། ཤེས་རབ་རལ་གྲི་མདའ་གཞུ་ཐོགས།། མི་ཤེས་གཡུལ་ངོ་སེལ་བ་པོ། ། རྒྱས་པར་བཤད་ཀྱིས་གུས་པས་ཉོན།། ལྷ་མགོན་མ་ཧཱ་ཀཱ་ལ་འདི།། ང་ཡི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན།། ཅིའི་ཕྱིར་རུ་ཏྲ་བཏུལ་བའི་ཕྱིར།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། གཟའ་བདུད་མ་ནིང་ནག་པོ་དང། ། བདག་ཏུ་འཛིན་པའི་རུ་ཏྲ་དར།། དེ་ཚེ་གཞན་གྱིས་མི་ཐུལ་བས།། བདག་འཛིན་སྔོན་བཅོམ་མ་ནིང་འདིས།། དེ་ཚེ་བདག་འཛིན་རུ་ཏྲ་བཏུལ།། བྱེ་བྲག་ཕྱེ་ན་རྣམ་པ་བཞི།། མགོན་པོ་མ་ནིང་ནག་པོ་དང། ། གཟའ་བདུད་མ་ནིང་ནག་པོ་དང།། སྲོག་བདུད་མ་ནིང་ནག་པོ་དང།། ཀླུ་བདུད་མ་ནིང་ནག་པོ་དང་བཞི་ཡིན་ཏེ།། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མགོན་པོ་ལྔ་རུ་ཕྱེ།། དེ་ཡང་ལྷ་སྲིན་སྡེ་བརྒྱད་དོན་གྱི་ངོ་བོ་གཅིག་པ་ཡིན། ། རིགས་ནི་གཅིག་ཏུ་མ་ངེས་ཏེ།། སྟོན་པ་ས་གསུང་རྒྱུད་གཞུང་རེ།། རིགས་འཛིན་མང་པོ་དམ་ལ་བཏགས།། ཡེ་ཤེས་མགོན་པོ་ལས་མགོན་དང།། དམ་ཚིག་མགོན་པོ་སྤྲུལ་མགོན་དང།། རུ་ཏྲ་རང་རྒྱུད་གནས་བསྒྱུར་བའི། ། ཤ་ཟའི་མགོན་པོ་ལ་སོགས་པ།། དམ་ཚིག་ཨརྒྷ~ཾ་དམར་ལ་དམ་བཅས་པའི།། མགོན་པོ་ཉི་ཤུ་རྩ་ལྔ་ཡོད།། དཀྱིལ་འཁོར་མུ་རན་སྐྱོང་བ་ཡི།། དཔལ་མགོན་བདུན་ཅུ་རྩ་བཞི་དང། ། བདུད་འདུལ་ཉི་ཁྲི་ཆིག་སྟོང་ཡོད།། ལྷ་ནི་ལྟ་བ་གྱབས་ཀྱི་ལྷ།། གསལ་སྟོང་འཛིན་མེད་རུ་ཏྲའི་གཉེན་པོ་ཡིན།། སྒོམ་པ་སྟོབས་སུ་གྱུར་པའི་ལྷ།། བདག་ཉིད་ཆེན་པོ་ཧེ་རུ་ཀ། ང་ནི་དུས་གསུམ་སྔོན་ཡང་བྱུང། ། ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང།། ང་ནི་ད་ལྟ་ཀུན་གྱི་རྗེ།། ང་ནི་ཁྲོ་བོ་ཀུན་གྱི་རྒྱལ།། ང་ནི་ཁྲག་འཐུང་ཀུན་གྱི་རྗེ།། ང་ནི་མ་མོ་ཀུན་གྱི་ཡབ།། ང་ནི་རུ་ཏྲ་ཀུན་གྱི་གཤེད།། ང་ཡི་སྐུ་ཡི་བརྗིད་མཐོང་ན། ། དུས་གསུམ་སངས་རྒྱས་བ་སྤུ་གཟིང།། ང་ཡི་གསུང་གི་སྒྲ་སྒྲགས་ན།། ཁམས་གསུམ་སྲིད་གསུམ་བརྒྱལ་སྐྲག་དངངས།། ང་ཡི་སེམས་ཀྱི་དོན་རིག་ན།། སེམས་ཅན་སངས་རྒྱས་མཉམ་པོར་སྦྱོར།། མ་རིག་མུན་པའི་འཁོར་སྒོ་སངས། ། གཞན་ཡང་སྐུ་གསུང་ཐུགས་ཀྱི་ལྷ།། ཡོན་ཏན་འཕྲིན་ལས་རྦོད་གཏོང་དྲག་སྔགས་དང།། མཆོད་བསྟོད་ལ་སོགས་བཀའ་བརྒྱད་གཙོ་བོ་དགུ། གཉེན་པོ་ཡིན་ཞེས་ང་ཡིས་བཤད།། མདོར་ན་ལྷ་ཚོགས་མང་པོ་ཀུན། ། ཐམས་ཅད་སེམས་ཀྱི་སྤྲུལ་པ་ཡིན།། སེམས་ཉིད་གསང་བདག་ཁྱོད་དུ་འདུས།། ཁྱོད་ཀྱི་ཀུན་གྱི་གཉེན་པོར་ཆེ།། ཅི་ཕྱིར་རྒྱལ་བའི་ཐུགས་གསང་འདུས།། ཁྱོད་ནི་མཐུ་སྟོབས་བདག་པོ་རུ། ། སངས་རྒྱས་ཀུན་གྱི་དབང་བསྐུར་བས།། དེ་ཕྱིར་ཁྱོད་ཉིད་གཉེན་པོའི་ལྷ།། ཞེས་གསུངས་སོ།། མ་ནིང་ལས་རྒྱུད་ནག་པོ་ལས། ཆེ་མཆོག་གི་སྤྲུལ་དོན་ཆེད་དུ་འབྱུང་ཁུང་དང་བྱེ་བྲག་རིགས་དང་སྡེ་ཚན་གཉེན་པོའི་ལྷ་རྣམས་རྒྱས་པར་སྤྱད་པའི་ལེའུ་སྟེ་དྲུག་པའོ། །།། གསང་བའི་བདག་པོས་ཡང་ཞུས་པ།། ཀྱེ་ཀྱེ་ཆེ་མཆོག་ཧེ་རུ་ཀ། བསྙེན་ཅིང་སྒྲུབ་པའི་གནས་ནི་གང་དུ་བགྱི།། གནས་ཀྱི་མཚན་ཉིད་ཇི་ལྟ་བུ།། ཞེས་གསོལ་པས། དཔའ་བོ་ཆེན་པོས་བཀའ་སྩལ་པ།། ཉོན་ཅིག་མ་ཡེངས་གསང་བའི་བདག། གནས་ལ་རྣམ་པ་ལྔ་རུ་སྤྱད།། དམ་གནས་བསྙེན་གནས་སྒྲུབ་པའི་གནས།། རྟེན་གཟུགས་གནས་དང་ལས་ལ་སྦྱར་བའི་གནས། ། དབང་གནས་བཀྲ་ཤིས་གྲུབ་ཐོབ་གནས།། ཡང་ན་བླ་མའི་གདན་སར་བྱ།། བསྙེན་པའི་གནས་རྙེད་ཉམས་དགའ་བ།། ཤར་རི་དམའ་ལ་ནུབ་རི་མཐོ།། ལྷོ་གཞོལ་བྱང་སྐྱོབས་རྩེ་ལ་རྒོད་པོ་ལྡིང།། མདུན་ན་མེ་ཏོག་སྣ་དགུ་ཡོད། ། ཕུ་ན་གངས་དང་རི་རྩེ་མཐོ།། མདའ་ན་མཚོ་དང་གཙང་པོ་འབབ།། རྩི་ཤིང་ནགས་ཚལ་འབྲས་བུ་སྨིན།། བྱ་སྐད་རི་དྭགས་གཅན་གཟན་འཁྲོལ།། དེ་རུ་མ་ཡེངས་གུས་པས་བསྙེན།། སྒྲུབ་གནས་དུར་ཁྲོད་ཆེན་པོར་ཤིས། ། ཡང་ན་གཙུག་ལག་ཁང་ཆེན་པོར།། སྒྲུབ་ཅིང་རྟེན་གཟུགས་མཆོད་པ་བྱ།། རྟེན་གནས་རང་གི་ཁང་པར་བྱ།། ལས་སྦྱོར་རི་གསུམ་འདུས་པའི་རྩེ།། ལུང་གསུམ་མདོ་འམ་ཆུ་གསུམ་མདོ། ། གནམ་ས་གྲུ་གསུམ་ཡོད་པ་རུ།། ཕུང་ཤུལ་བཀྲ་མི་ཤིས་དང་ལྷ་འདྲེ་འཚོགས་པའི་ས།། སྲིན་པོ་རལ་པ་གཡེང་བ་འདྲ་བ་དང།། སོག་པོ་ཁྲོས་པ་འདྲ་བའི་ས་རུ་སྦྱར།། མ་ནིང་ལས་རྒྱུད་ནག་པོ་ལས། གནས་ཀྱི་མཚན་ཉིད་ལྔ་རུ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། གསང་བའི་བདག་པོས་ཡང་ཞུས་པ།། ཀྱེ་ཀྱེ་བཅོམ་ལྡན་ཆེ་མཆོག་དཔལ།། གྲོགས་དང་ཕྱག་རྒྱའི་མཚན་ཉིད་གང།། ཞེས་ཞུས་པས། དཔའ་བོ་ཆེན་པོས་བཀའ་སྩལ་པ།། གསང་བའི་བདག་པོ་ཡང་ཉོན་ཅིག། གྲོགས་ནི་འཁོར་བས་སུན་པ་ཡི།། དད་ལྡན་ཤེས་རབ་སྙིང་རྗེ་ཅན།། ཁོང་ཡངས་གསང་ཐུབ་རིགས་བཟང་བཙལ།། ཕྱག་རྒྱ་དུང་ཅན་གླང་སྣ་ལ། ། པད་ཅན་ལྕུག་ཕྲན་རི་མོ་ཅན།། ཡིད་འོང་གསང་ཐུབ་རྩ་བཟང་བ།། བོངས་མཚམས་ཤ་རྒྱས་སྨིན་དཀྱུས་རིང།། མདངས་མཚམས་ངང་རིང་སོས་དལ་བ།། མདོར་ན་རྣལ་འབྱོར་སྤྱོད་དང་མཐུན། ། ཕྱག་རྒྱའི་མཆོག་ནི་ཡིན་པར་ངེས།། མ་ནིང་ལས་རྒྱུད་ནག་པོ་ལས། གྲོགས་དང་ཕྱག་རྒྱའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། གསང་བའི་བདག་པོས་ཡང་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ། བསྙེན་པ་རབ་འབྲིང་ཇི་ལྟར་ལགས།། ཞེས་ཞུས་པས། དཔའ་བོ་ཆེན་པོས་བཀའ་སྩལ་པ།། ཉོན་ཅིག་ཁྲོ་རྒྱལ་གསང་བདག་ཆེ།། དབེན་པའི་གནས་སུ་རང་འདུག་སྟེ།། གཙང་ཞིང་ཡིད་འོང་རྒྱན་བཀྲམ་སྟེ། ། དཀོན་མཆོག་རྟེན་གསུམ་རས་བྲིས་མཆོད་པ་བཤམ།། དཔལ་གཏོར་རྟགས་གཏོར་འཛིན་གཏོར་བཤམ།། འཚོ་ཟས་རྐྱེན་ཟློག་བདུད་འདུལ་གོ་མཚོན་བསགས།། ཕྱི་ནང་གསང་བའི་མཚམས་གཅད་ལ། ། ཡོངས་རྫོགས་ལས་གཞུང་སྲང།། ཡང་ན་ཡི་དམ་གང་བྱེད་དམ།། གསང་བདག་ཆེན་པོའི་ལས་གཞུང་སྲང།། བསོད་ནམས་ཚོགས་ལ་དབང་བ་དང།། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང།། དེའི་རྗེས་བདག་ཉིད་ཆེ་མཆོག་གམ། ། གསང་བདག་ཁྱོད་ཀྱི་བསྙེན་པ་ལ།། རབ་ཏུ་ལོ་སྒྲུབ་རྟགས་ལ་སྦྱར།། འབྲིང་དུ་ཟླ་སྒྲུབ་དྲངས་ལ་སྦྱར།། ཐ་མ་ཞག་བསྙེན་དུས་སྒྲུབ་བོ།། ལས་གཞུང་གཞན་རྒྱས་མ་གྲུབ་ཀྱང། ། གསང་བདག་བསྙེན་སྒྲུབ་ཤིན་ཏུ་གཅེས།། གསང་བདག་བསྙེན་རྫོགས་མཆོག་ཏུ་གཅེས།། བདེ་གཤེགས་གཅིག་གྲུབ་རྒྱལ་བ་ཀུན་གྱི་ངང།། དེ་ལྟར་གཉེན་པོའི་བསྙེན་རྫོགས་ནས།། གོང་བསྟན་གནས་སུ་རང་འདུག་སྟེ། ། ཚད་མེད་བཞི་པོ་སྔོན་སོང་བས།། མ་ནིང་ནག་པོའི་བསྙེན་པ་བསྐྱལ།། རང་ཉིད་ཆེ་མཆོག་སྐུར་སྒོམ་ལ།། མདུན་དུ་མ་ནིང་སྐུ་གཟུགས་སྒོམ།། སྤོས་སྦྱར་བསྲེགས་ལ་གཏོར་མ་གཏང།། དེ་ནས་སྨྲ་བཅད་སྔགས་འདི་བཟླས། ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་གྷ་ན་གྷུ་ཧྱ་རཾ་སིདྡྷི་ཧཱུཾ། གྲངས་བསྙེན་བྱེ་བ་འཐེམ་པར་བསྐྱལ།། དུས་བསྙེན་ཞག་གྲངས་ཉི་ཤུ་གཅིག། བསྙེན་རྟགས་ལས་འཕྲོ་ཆེ་ཆུང་ཤེས།། ལས་འཕྲོ་རབ་ལ་གོང་གིས་གྲུབ། ། འབྲིང་ལ་ཉིས་འདབ་ཐ་མ་གསུམ་འདབ་གྲུབ།། ལས་འཕྲོ་གཅིག་ཀྱང་མེད་གྱུར་ཀྱང།། བྱེ་བ་བདུན་འབུམ་བསྙེན་བྱས་ན།། སྐུ་དངོས་སྟོན་ཅིང་གསུང་ཐོས་དང།། ཐུགས་སེམས་དབྱེར་མེད་གཅིག་ཏུ་འདྲེས། ། ཕན་གནོད་གང་ཡང་བསམས་པས་འགྲུབ།། རྟགས་ནི་མ་ནོར་འདི་ལྟར་སྟོན།། སློབ་དཔོན་ཞང་བློན་ཕ་གུ་སྤུན།། ཨ་ཙར་མོན་ནག་ཁོལ་པོ་སོགས།། གླུ་བྲོ་གར་དང་ལས་རོགས་ཡོང།། བྱ་དོམ་ཀྱི་གཡག་ནག་པོའི་ཚོགས། ། འཁོར་བཅས་བསྙེན་པོའི་རྟགས་ཡིན་ནོ།། ཞེས་གསུངས་སོ།། མགོན་པོ་མ་ནིང་གསང་བའི་ལས་རྒྱུད་ནག་པོ་ལས། བསྙེན་པའི་རིམ་པ་བསྟན་པའི་ལེའུ་སྟེ་དགུ་པའོ། །།། གསང་བདག་ཆེན་པོས་ཡང་ཞུས་པ།། ཀྱེ་ཀྱེ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ། ལྷ་མགོན་མ་ནིང་ནག་པོ་འདིའི།། སྒྲུབ་ཐབས་ཕྱི་ནང་གསང་བ་གསུམ།། མ་ནོར་བདག་ལ་བཀའ་སྩོལ་ཅིག། ཅེས་ཞུས་པས།། དཔལ་ཆེན་ཧེ་རུ་ཀས་བཀའ་སྩལ་པ། གསང་བདག་ཆེན་པོ་ཡང་ཉོན་ཅིག། མགོན་པོ་མ་ནིང་ནག་པོ་ཡི།། སྒྲུབ་ཐབས་ཕྱི་ནང་གསང་བ་གསུམ།། ལེགས་པར་བཤད་ཀྱི་ཡིད་ལ་ཟུང།། ཕྱི་སྒྲུབ་ཧོཾ་དང་རི་རབ་མཎྜལ་གསུམ། ། ཧོམ་ནི་རང་ལུས་སུམ་འགྱུར་ཚད།། སེ་སྐྱེར་བླ་བ་ཚེར་ནག་བཞི།། བམ་དུ་སྦམས་ལ་ཐོགས་གསུམ་ཆིང་མ་གསུམ།། ཡང་ན་ཆིང་མ་ལྔ་རུ་བྱ།། བྱེ་ཚང་དང་པོ་གསང་བ་སྦེད། ། བར་མ་ཐ་མ་མ་ཡི་ཚང།། ས་ལ་རྟགས་བླང་རིན་གཞལ་སྦྱང།། འོག་ཏུ་འབྲུབ་ཁུང་མདའ་གང་ཚད།། དེ་རུ་དགྲ་ཡི་མིང་རུས་གཟུགས།། གཞན་ཡང་ལིང་ག་མང་དུ་བྲིས།། ཕྱི་རུ་གདགས་ཤིང་གསེབ་ཏུ་རྫང། ། དེ་ནི་མགོན་པོ་དངོས་སུ་བསྐྱེད།། ཕྱི་གཤེགས་ཕྱི་སྐོངས་བཀའ་སྒྲགས་ཚ་ཚ་གདབ།། མགོན་པོ་མཆོད་པའི་རྫས་རྣམས་ལ།། མི་ཤ་རྟ་ནག་ཁྱི་ནག་ཤ།། སྤོས་རེང་མ་ནིང་གཙོ་ལ་དབུལ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་གྷུ་ཡ་རཾ་སིདྡྷི་དུ་པེ་དེ་ཨ་ཧཱུཾ། ར་དུག་ཀྱི་ལྕེ་མེ་ཏོག་སྤང་རྒྱན་གསུམ།། མགོན་པོ་མེ་ཏོག་མཆོད་པར་འབུལ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷུ་ཡ་རཾ་སིདྡྷི་པུཥྤེ་ཏེ་ཨཱ་ཧཱུཾ། ར་རོག་ཕག་ཚིལ་མེ་ཞུས་མར་མེ་སྦྱར།། ནག་པོ་ཆེན་པོ་ཉིད་ལ་དབུལ། ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷུ་ཡ་རཾ་སིདྡྷི་ཨ་ལོ་ཀེ་ཨ་ཧཱུཾ། གཡག་རོག་གླང་རོག་ལུག་ནག་ཁྲག། དྲི་ཆབ་མགོན་པོ་ཉིད་ལ་དབུལ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷུ་ཡ་རཾ་སིདྡྷི་ས་མ་ཡ་བཛྲ་གྷན་དྷེ་ཨ་ཧཱུཾ། ནས་ནག་བྲ་བོ་སྲན་ནག་གསུམ།། ལྷ་བཤོལ་མགོན་པོ་ཉིད་ལ་དབུལ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷུ་ཡ་རཾ་སིདྡྷི་ས་མ་ཡ་ནེ་བེ་ཏེ་ཨཱ་ཧཱུཾ། དམ་ཚོགས་མཆོད་པ་ཤིན་ཏུ་གཉན།། འདི་ནི་ཀུན་ལ་གསང་བར་བྱ།། སྤྱི་ཡི་རྣམ་ལྔ་དངོས་སུ་མཆོད། ། ཉམས་ཆག་སྐོང་ན་གོང་བཞིན་བྱ།། བག་ཕྱེ་ཀ་ར་སྦྲང་རྩི་བུ་རམ་ཐུད།། དེ་རྣམས་སྦྱར་ལ་འོ་མར་བཙོ།། དེ་ནས་རི་ལུ་སྲན་ཚད་མར་དུ་བཙོ།། སྟག་ཞོན་འཕྲིན་ལས་གཞུང་སྲངས་ལ།། མ་ནིང་སྔགས་སྒྲུབ་ཤམ་བུ་རུ། ། གང་འདོད་ལས་ཀྱི་ཁ་སྒྱུར་ཅིག། ཐབས་ལྡན་མེ་འབར་ཧོཾ་སྲེག་ཅིང།། གོང་གི་མཆོད་དབུལ་རི་ལུག་སྲེག། རྔ་རྡུང་དུང་བུས་ཆ་ལང་གདབ།། གྷན་དྷེ་བརྡུང་ཞིང་རྐང་དུང་འབུད། ། དར་འཕྱར་བྷྱོས་གདབ་གསེར་སྐྱེམས་གཏོར།། དེས་ནི་དམ་ཅན་སྤྲིན་བཞིན་འདུ།། མཐུ་རྩལ་ནམ་མཁའི་མཐའ་དང་མཉམ།། གཞན་ཡང་རི་རབ་ལ་རྟེན་ནས།། དམ་ཅན་རྟེན་པའི་ཕྱི་སྒྲུབ་ནི།། ས་བཟང་སྤྱིན་ལ་རིན་ཆེན་བརྡར། ། ཙན་དན་ཆུས་སྦྲུས་རི་རབ་ནི།། ལྕོག་ལྡན་བང་རིམ་བཞི་པ་བྱ།། མ་ནིང་དམར་ནག་འཇིགས་པ་ལ།། ཕྱི་ནི་དུར་ཁྲོད་ཐོད་མཁར་བྲི།། གསེབ་ན་མེ་རླུང་ཚུབ་མར་འཁྱིལ།། རྩེ་ལ་དར་འཕྱར་སྨྱུ་རྒོད་གཟུགས། ། བསེ་བྱང་སྟག་གཟིགས་རས་མ་གདགས།། ཤེས་དང་ཞིང་རས་བྲིས་སྐུ་བཏགས།། ཉ་སྟོང་བརྒྱད་གསུམ་གཏོར་མ་གཏང།། གསེར་སྐྱེམས་བཏང་ལ་གསོལ་ཁ་བྱ།། དེས་ནི་དམ་ཅན་གྲིབ་སོ་བཞིན་དུ་འདུ། ། དེ་ནས་ཡང་དག་བཤད་བྱ་བ།། མཎྜལ་ནག་པོ་མདའ་གང་ལ།། དབུས་ནི་ཟླ་གམ་གནམ་སྒོ་ཅན།། པདྨ་འདབ་བརྒྱད་ནག་པོར་བྱ།། མུ་ཁྱུད་ཐོད་པའི་ར་བས་བསྐོར།། སྒོ་བཞི་ཕྱོགས་མཐུན་སྒོ་རྒྱན་གཞན་དང་མཐུན། ། ཕྱི་རིམ་རྡོ་རྗེ་མེ་རིས་བསྐོར།། སེང་ལྡེང་ཕུར་པ་མགོན་པོར་སྐྱེད།། བྱིན་རླབས་དབང་བསྐུར་རབ་གནས་བྱ།། དུས་བཞི་དུས་དྲུག་ལས་གཞུང་སྲང།། ར་བ་བཞི་ལ་དུས་མཆོད་བྱ།། བསྙེན་སྔགས་སྒྲུབ་སྔགས་ལས་སྦྱོར་གསུམ། ། ཉིན་མཚན་སྤེལ་མར་དྲང་བར་བྱ།། དེ་བྱས་མ་ནིང་ནག་པོ་ཡང།། ནང་མ་བཞིན་དུ་བདག་ལ་འཁོར།། མཐུ་རྩལ་ནམ་མཁའི་ཐོག་ལྟར་འབྱུང།། དེ་ནས་ཡང་དག་བཤད་བྱ་བ། ། མ་ནིང་ནག་པོའི་ནང་སྒྲུབ་ནི།། བེང་དང་གཏོར་མ་དཀྱིལ་འཁོར་གསུམ།། ཙན་དན་ཤིང་ལ་བེང་བཅས་ཏེ།། ཞི་རྒྱས་དབང་དྲག་འཕྲིན་ལས་སྒོ།། རྩེ་ལ་རིན་ཆེན་འབར་བ་བྱ།། ལོགས་ལ་སྲོག་སྔགས་བསྙེན་སྒྲུབ་བྲི། ། ནང་དུ་དམ་རྫས་འཁོར་ལོ་གཞུག། རབ་གནས་དགུག་གཞུག་ལྷ་བསྐྱེད་བྱ།། གང་འདོད་བེང་གི་ཁ་ལོ་སྒྱུར།། བེང་ནི་ལྷ་ཡི་ནོར་བུ་ཡིན།། གཏོར་མ་ཆང་བཅུད་ཀྱིས་སྦྲུས་ལ།། རིན་ཆེན་འབར་བའི་གཟུགས་སུ་བྱ། ། རི་བདུན་མཚོ་བདུན་གླིང་བཞི་གླིང་ཕྲན་བརྒྱད།། ཉི་མ་ཤར་ནུབ་ཐ་མ་ལྕགས་རིས་བསྐོར།། གཏོར་རྒྱན་ཤ་ཁྲག་དཀར་དང་སྤོས་སྣ་ཚོགས།། འབྲས་ཆང་འོ་ཐུག་ལ་ཕུག་སྒོག་བཙོང་བྲན།། དངོས་གྲུབ་རྫས་དང་སྨན་རག་ཚོགས། ། ལས་མགོན་གཏོར་མ་ལ་སོགས་བཤམ།། བྱིན་རླབས་སྔགས་དྲུག་ཕྱག་རྒྱ་དྲུག། རཾ་ཡཾ་ཁཾ་སྦྱང་གསོལ་ཀའི་སྐབས་བཞིན་བྱ།།། རང་ཉིད་ཆེ་མཆོག་གསལ་བ་ཡི།། ཐུགས་ཀའི་ཧཱུཾ་ལས་མགོན་པོ་གྲངས་མེད་སྤྲོས། ། ཕྱི་ནང་གསང་བའི་མཚམས་གཅད་ཅིང།། འདི་ཡི་ལས་གཞུང་རྒྱས་པར་སྲང།། བེང་མའི་གཞུང་ཡང་སྐབས་སུ་སྲང།། ཚོགས་འཁོར་འབྱོར་པ་མངའ་ཐང་བསྐྱེད།། བོད་རྦད་བསད་གསུམ་དྲིལ་ལ་བཟླས། ། མ་ནིང་ལ་སོགས་མགོན་པོ་རྣམས།། ཤ་རུལ་སྦྲག་མ་བཞིན་དུ་འཁོར།། དེ་ལྟར་ཟླ་གཅིག་བར་དུ་བྱས་པ་ཡིས།། མ་ནིང་ནག་པོ་དངོས་སུ་འཁོལ།། སྟོང་གསུམ་ཁ་ལོ་སྒྱུར་བར་ནུས། ། དཀྱིལ་འཁོར་གོང་དང་འདྲ་བ་ལ།། པད་འདབ་རིན་ཆེན་ཟུར་བརྒྱད་སྒྱུར།། དེ་ནས་ཡང་དག་བཤད་བྱ་བ།། གསང་བ་མཎྜལ་གཏོར་མ་དང།། འབྲུབ་ཁུང་གྲི་སྙིང་ལ་སྟེན་ནས།། མ་ནིང་ནག་པོ་དངོས་སུ་སྒྲུབ། ། མཎྜལ་ནག་པོ་གྲུ་བཞི་བཤམ།། པདྨའི་དོད་ལ་འཁོར་ལོ་བྲི།། དེ་དབུས་ཁྲུ་གང་གྲུ་གསུམ་བྱ།། ལིང་ག་འབྲུབ་ལ་རྩང་གིས་བསྐོར།། སྟེང་དུ་ཁྲི་སྟེངས་རྟག་གཏོར་བཤམ།། རྒྱུན་གཏོར་དུས་བཞིར་ནམ་ཕྱེད་གཏང། ། བརྟེན་མདའ་རྒོད་སྒྲོ་གཞོབ་མ་ཕོབ་པ།། གྲི་སྙིང་རྟགས་ལ་རྟེན་དུ་གཟུང།། ཚེས་གཅིག་ནས་ནི་ཉེར་གཅིག་བར།། རང་ལན་ནག་པོ་མདུན་དུ་བསམ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་ཧྱ་རཾ་སིདྡྷི་ཧཱུཾ་ཕཊ། བསྙེན་རྟགས་བྱུང་ནས་རྦད་བསད་གདགས།། ཏྲི་ཡཾ་རུ་ཏྲ་ཧཱུཾ་བྷྱོ། མུན་ཤི་བྷྱོ། མུན་ནག་ཤི་བྷྱོ། རུ་ཏྲ་ནག་པོ་དགྲ་བོའི་སྙིང་ལ་པུ་ཏྲི་ཙིཏྟ་རྦད། བུ་ནརི་མཱ་ར་ཡ་རྦད། གསོལ་ཀ་བསྐུལ་བྱ་དྲག་ཏུ་རྦད། དཔལ་གཏོར་འོག་གི་ལིང་ག་དེ། ། གྲིས་གཏུབ་ཐུན་བྲབ་དགུག་འདབ་སྲེག། ཐལ་བ་མཆོད་རྟེན་ལམ་འོག་མནན།། མདོར་ན་འདི་ཉིད་གསོལ་ཀས་འགྲུབ།། གསང་སྒྲུབ་འདི་བཞིན་སུས་སྒྲུབ་པ།། མ་ནྀང་ལུས་དང་གྲིབ་མ་བཞིན་དུ་འཁོར། ། ཅེས་གསུངས་སོ།། དཔལ་མ་ནིང་གསང་བའི་ལས་རྒྱུད་ནག་པོ་ལས། ཕྱི་ནང་གསང་བ་གསུམ་དུ་སྒྲུབ་པའི་ལེའུ་སྟེ་བཅུ་པའོ།།།། གསང་བའི་བདག་པོས་ཡང་ཞུས་པ། ཀྱེ་ཀྱེ། ཆེ་མཆོག་དཔལ་ཆེན་ཧེ་རུ་ཀ། ལས་སྦྱོར་སྲོག་སེར་ཆོ་འཕྲུལ་གཏད།། ལག་ལེན་རིམ་པས་བསྟན་དུ་གསོལ།། ཅེས་ཞུས་པས། ཆེ་མཆོག་ཧེ་རུས་བཀའ་སྩལ་པ།། གསང་བདག་ཆེན་པོ་ཡང་ཉོན་ཅིག། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། ། སངས་རྒྱས་བསྟན་པའི་སྐུ་དགྲ་ལྡང།། དེ་ཚེ་ལོག་ལྟ་ཚར་བཅད་པའི།། གསད་པ་སྲོག་གི་ལས་སྦྱོར་ནི།། དཀྱིལ་འཁོར་མདའ་གང་གྲུ་བཞིའི་དབུས།། ཁྲུ་གང་གྲུ་གསུམ་འབྲུབ་ཁུང་ནང།། དགྲ་དུ་ཡོད་པའི་ལིང་ག་དག། ནལ་བུ་རྐྱལ་པའི་ནང་དུ་གྲུབ།། ལྟེ་བར་འབྲི་རུ་གཡས་པ་གཟུགས།། ལྤགས་ཕུར་བརྒྱད་ཀྱིས་ཐ་མ་བསྐོར།། སྐྱེ་ཚེ་ཤང་ཚེ་ཐུན་གྱིས་བྲབ།། འབྲི་རུའི་ནང་བླུག་སྔགས་ཀྱི་སྦལ།། ནལ་བུའི་ལྟེ་བར་མི་རྐང་གཟུད། ། ནང་ནས་སྔགས་ཐུན་བཅས་པས་བྲབ།། ཞག་གྲངས་བདུན་གསུམ་ཉེར་གཅིག་ཏུ།། སྤུ་གྲི་ངར་མའི་སྔགས་རྒོད་འདི།། མ་ཡེངས་སེལ་མེད་ཐོག་ལྟར་འཕགས།། མཱ་ར་ཡ་ཐུན་བྷྱོ། ཨབ་པྲ་སིབ་པྲེ། ཨེ་སྣ་ཕུ་ནི། ཨི་ས་ཏྲ་བོ་རོ།། ཁིན་ན་ཁིན་ན། ཨ་བོ་རོ།། སད་ཏ་སད་ཏ།། ཁྲིད་ཏ་ཁྲིད་ཏ། དྲག་སྔགས་བདུན་རེ་བཟླས་པས།། དགྲ་བོ་དངོས་ཉམས་ཁྲིད་ནས་གསོད།། གསོད་མཁན་ང་ཡི་གདན་འོག་གི། མུ་སྟེགས་རབ་འཇིགས་ཁོ་ན་སྟེ། ། སྲོག་གི་མཐར་ཐུག་དེ་ཁོ་ནའོ།། དེ་ནས་ཡང་དག་བཤད་བྱ་བ།། སེར་བ་འབེབས་ན་འདི་ལྟར་བྱ།། ཟངས་གཞོག་ནང་དུ་རྫས་བསགས་པ།། ར་ཁྲག་ཁྱི་ཁྲག་རྟ་ཁྲག་དང། ། མངལ་ཁྲག་དུག་སྣ་ཚོགས་ཚད་བསགས།། མཛོ་འམ་ཁྱི་འམ་ཕག་པ་འམ།། དེ་རྣམས་མེད་ན་གང་རྙེད་པའི།། འོ་མ་དགྲ་ཡུལ་སྔོ་སྣ་བསགས།། ཡུངས་ཀར་རྣམས་ལ་བཟླས་ཏེ་སྒྲུབ།། ཙན་དན་ཕུར་བ་སོར་བཞི་ལ། ། སྔགས་བྲིས་དགྲ་བོའི་འོངས་དཀྱིལ་གཟུགས།། ཡང་ན་ཆུ་ཤིང་ནག་པོ་ཡི།། ཕུར་པ་གཟའ་བདུད་མ་ནིང་སྒོམ།། སྔགས་བཟླས་ཆུ་མིག་ཞིང་དཀྱིལ་སྦ།། ཟངས་གཞོང་རྫས་ལ་ཐབ་བྱས་ལ།། དགྲ་བོ་ཡུལ་དུ་ཁྱབ་པར་གཏོར། ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷུ་ཡ་རཾ་སིདྡྷི་ཧཱུཾ། མི་ཤ་ཀུ་རུ། བྱ་ཤ་ཀུ་རུ། བྱི་ཤ་ཀུ་རུ། སད་ཀུ་རུ། ཀུ་རུ་རཾ། སད་ཀུ་རུ། ཀུ་མི་ནི་ར་སྐྱེ། པྲད་ཉ་ས་ལ་ནིར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཤི་ར་ཡག་ཤཾ་ཕོབ། ཧཱུཾ་ཧཱུཾ་ཕོབ། ཨརྱ་རག་ཤ་ཧྲིལ་ཧྲིལ། དུ་རུ་དུ་རུ་ཕོབ། ཧ་ན་ཧ་ན་དྲིལ་དྲིལ། དུ་ན་དུ་ན་རོལ། པ་ཙ་པ་ཙ་ཕོབ། བཛྲ་བཛྲ་ཧ་ལ་ཧ་ལ། ཕུ་ཧ་ཕུ་ཧ། ཧབ་ཧོབ་ཡ། རྩ་དམར་རྩ་དམར། སེར་བ་ཕོབ་ཡ། ཨད་གོད་ཏཾ། ཨ་བཛྲ་བཛྲ། སེར་བ་ཕོབ་ཡཱ། རྩ་དམར་རྩ་དམར། ཧཱུ་རུ་ཧཱུ་རུ་ཧྲིལ་ཧྲིལ། ཨ་བྱ་ཧ་བྱ། བ་ཧུ་བ་ཧུ། སྡང་བའི་དགྲ་བོ་འཁོར་བཅས་ཀྱི།། མཁར་ཁྱིམ་ཞིང་ལ་ཐོག་སེར་ཕོབ།། འཕྲན་ཚེགས་ཙམ་ལ་བྱས་གྱུར་ན།། མུ་གེའི་ཆད་པ་འབྱུང་བར་འགྱུར། ། དེ་ནས་ཡང་དག་བཤད་བྱ་བ།། ཆོ་འཕྲུལ་འབེབས་ན་འདི་ལྟར་བྱ།། གླ་བ་དང་ནི་བ་གླང་དང།། ཝ་དང་སྲིན་བྱ་ཕོ་རོག་སོགས།། ཀླད་སྙིང་སྤུ་རྐང་ཤ་ཁྲག་སོགས།། གཏོར་མར་བླུག་ལ་སྔགས་འདི་བཟླས། ། གཏོར་ཟོར་དགྲ་ཡི་ཁྱིམ་ལ་བརྡེག། འོད་དང་སེམས་ཅན་དེ་དག་ནི།། གཟུགས་ནི་སྣང་ལ་རང་བཞིན་མེད།། དགྲ་ཡི་དབང་པོ་འཁྲུལ་ནས་འོང།། ཨོཾ་ཧི་ལ་ཀ་ཤེའུ་རེའུ་ཧཱུཾ། ཨོཾ་ཏྲོ་ཏེ་ཨ་ཤེའུ་རེའུ་ཧཱུཾ། ཨོཾ་གོ་རེ་ཤེའུ་རེའུ་ཧཱུཾ། ཨོཾ་ཙིཏྟ་ཤེའུ་རེའུ་ཧཱུཾ། ཨོཾ་ཀས་ཏོ་རེ་ཤེའུ་རེའུ་ཧཱུཾ། ཨོཾ་ཀས་ཏོ་རེ་ཤེའུ་རེའུ་ཧཱུཾ། ཞེས་ཞག་བདུན་བཟླས་པས་འབྱུང་བར་འགྱུར་རོ།། དེ་ནས་ཡང་དག་བཤད་བྱ་བ།། ནག་པོ་ཀླུ་ལ་གཏད་པའི་ཐབས། ། ཀླུ་རིགས་རྣམ་པ་གྲངས་མང་ཡང།། ཀླུ་གཉན་ས་བདག་མཚོ་སྨན་བཞི།། གཏོད་པ་བཞིར་འདུས་སྐམ་གཏད་དེ་དང་མཚུངས།། གང་ལ་གཏོད་ཀྱང་འདི་ལྟར་བྱ།། བུམ་པ་ལིང་ག་རྫས་ཀུན་ལ།། རང་དྲི་ཁ་རླངས་མི་གཏང་ཞིང། ། བུམ་རྫས་དཀར་གསུམ་མངར་གསུམ་དང།། རིན་ཆེན་དར་སྣ་ཀླུ་སྨན་སོགས།། རྣལ་འབྱོར་རྫས་ལ་བསྙེན་པ་བྱ།། གཉེན་པའི་བདག་པོ་དེ་ལ་གཏད།། དྲག་གཏད་གང་བྱེད་རྫས་ལྔ་ལ། ། བུམ་སྐྱེད་རྫས་ལྔ་རེ་བར་བླུག། བུམ་པ་རེ་བས་དྲིལ་ལ་གཏད།། ཀླུ་རྟགས་མེད་ན་ཡི་གེ་བདུན།། ཞབས་ལ་ཛ་བཟླས་པས་རྟགས་འབྱུང།། དགྲའི་མིང་གཞུག། ཏིས་ཏ་རྦད་ནི་ལས་སྔགས་སོ།། བཟློག་པའི་རྟགས་མཚོན་མ་བྱུང་ན། ། ཛ་དང་ཆེ་གེ་མོ་གཞུག། སྔགས་རྣམས་བཟླས། དེས་ནི་རང་སྲངས་ནན་ཏན་སྐྱེད།། གསང་སྔགས་འབྲུ་དྲུག་པོ་འདི་བཟླས།། ནི་མ་ཏ་ས་ན་ག་ཏི་ཏ་རྦད། ཛ་ཆེ་གེ་མོ་རྔོགས་ནས་འདོམ་གང་ཁྲུ་གང་གྱེན་ལ་ཅན། ། རང་འབྱུང་ཕུར་པས་རྐོས་ལ་གཏད།། མང་པོར་འདྲས་ན་གཏད་ལ་ཐུག། གཏད་ནི་ཀུན་གྱི་ལས་མཐའ་ཡིན།། གཏད་ནི་འཕྱོར་མེད་ཐེབས་ག་སྡེང་ངོ།། ཁ་རུ་མི་བརྗོད་གསང་ལ་གཏད། ། དཔལ་ནག་པོ་ཆེན་པོ་འཕྲིན་ལས་ཀྱི་རྒྱུད་ལས། ལས་སྦྱོར་སྲོག་སེར་ཆོ་འཕྲུལ་གཏད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། གསང་བདག་ཆེན་པོས་ཡང་གསོལ་པ། ཀྱེ་ཀྱེ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ། བྲན་པོར་སྡེ་བརྒྱད་ཇི་ལྟར་བཀོལ།། ཡང་འཁོལ་བརྒྱད་པོ་ཇི་ལྟར་འགྱེད།། སྒྲུབ་མཆོག་མཚོན་ཆ་གང་ལ་བགྱི།། དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག། ཆེ་མཆོག་ཧེ་རུ་ཀས་བཀའ་སྩལ་པ།། གསང་བདག་ཆེན་པོ་ཡང་ཉོན་ཅིག། དམག་འགྱེད་བྲན་པོ་རྟེན་པ་ནི།། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཡིན།། སྨྱོ་འབོག་གཏོང་བ་རྒྱལ་པོའི་སྡེ།། མཛེ་ཤུ་གཏོང་བ་ཀླུ་ཡི་སྡེ།། ཐོག་སེར་གཏོང་བ་གཟའ་ཡི་སྡེ།། རིམས་ནད་གཏོང་བ་མ་མོའི་སྡེ། ། གཟེར་ཐབས་གཏོང་བ་བཙན་གྱི་སྡེ།། ཐིབས་ནད་གཏོང་བ་དམུ་ཡི་སྡེ།། ཁྲམ་ནད་འདེབས་པ་བདུད་ཀྱི་སྡེ།། ཕོ་ལོག་གཏོང་བ་སྲིན་པོའི་སྡེ།། དྲེད་སྡིགས་གཟེར་བ་གནད་ཀྱིས་བཅུན།། སྨྱོ་འབོག་རྒྱལ་པོ་འཁོལ་འདོད་ན། ། མགོན་ཁང་རྙིང་པར་སོག་ནས་ཀྱང།། མཎྜལ་ར་ཁྲག་ཆག་ཆག་གདབ།། ལེ་ཕྱི་གཙང་མ་གྲུ་བཞི་གདིང།། གྱི་ལིང་གསེར་མདོག་ཐོད་པ་ལ།། རྒྱལ་མཁར་གླིང་བཞི་བྲི་བར་བྱ།། དར་ཟབ་ཀྱིས་བརྒྱན་སྨྱུག་ཚིགས་དགུ། ། ནམ་མཁའ་དཀར་པོ་དགུ་འཕར་གཟུགས།། དཀར་པོ་གསུམ་གྱི་སྙིང་སྲོག་བཅས།། དར་དང་ཟབ་ཀྱིས་བརྒྱན་པ་གཟུགས།། སྟག་དང་བྱ་རྒོད་རྒྱལ་མཚན་བཙུགས།། དར་དཀར་ཚལ་གྱི་ཏྲི་གནས་པས། ། འོད་དཀར་སྤྲུལ་ནག་འཁྲིལ་བའི་ཏྲི།། སྲོག་བདག་བླ་སྲོག་དེར་གནས་པས།། བུས་པ་གཅེར་བུ་སྤུ་མེད་ཅིག། སྙིང་དཀར་བླ་སྲོག་དམིགས་པའི་རྟེན།། ཏིང་ངེ་འཛིན་གྱིས་མི་གཏང་ཞིང།། དམིགས་པ་གྱད་དུ་འགྱུར་བ་དང། ། སྲོག་གི་སྙིང་པོ་འདི་བཟླས་པས།། ཤ་རུལ་དོང་དུ་བཅུག་པ་ལ།། ཤ་སྦྲང་ནམ་མཁའ་འཁོར་བ་ལྟར།། ལས་ཀྱི་སྐལ་བའི་མི་མ་ཡིན།། ཅིར་ཡང་སྤྲུལ་ཅིང་ཉམས་བག་ལེན།། བརྟེན་པར་བྱས་ཏེ་ངེས་པར་བརྟག། ཅི་བྱུང་དངོས་གྲུབ་ཡིན་ཤེས་ན།། གཅེར་བུ་སྤུ་མེད་མཆན་དུ་འོང།། ཅི་བྱ་ཟེར་ནས་བཀའ་སྩལ་དོན།། དགོས་པའི་ཐ་ཚིགས་བཀའ་བསྒོས་ཏེ།། ཤ་ཁྲག་རོག་པོ་ལྟ་བུ་ལ།། སྙིང་ཁྲག་བྲན་པོ་ལྟ་བུར་བསྟན། ། མངལ་ཁྲག་ནུ་ཞོ་སྦྱར་ལ་གཏོར།། བུད་མེད་བླ་ཁབ་ཐོད་དུ་བཅིངས།། གོང་གི་རྟན་ལ་གཡབ་ཅིང་འདུལ།། ལྕགས་ཀྱུའི་ཕྱག་རྒྱས་སྔགས་འདི་བཟླས།། ཏྲི་བཛྲ་ཏྲི་བཛྲ་ཏྲི་བཛྲ་ཡཱ་ཏ་སྟ་སྟ། བཛྲ་ཨཾ་གུ་ཤ་ཛ། འབར་བ་ལས་ཀྱི་ཤན་པའི་སྲོག། རྒྱལ་པོའི་སྡེ་དཔོན་བྲན་དུ་འཁོལ།། རྣལ་འབྱོར་པ་ཡི་ལས་ཀུན་འགྲུབ།། ཨྠི+ྀ། མཛེ་ཤུའི་མངའ་བདག་ཀླུ་ཡི་སྡེ།། ཁོལ་པོ་དགྲ་ལ་དམག་འདྲེན་ནོ།། གྲོ་ག་ཤིང་ཤུན་མིང་རུས་བྲི། ། བར་དཀར་དམར་མར་གྱིས་བྲི།། ཚོན་སྐུད་བཅིངས་ལ་རྦད་ནང་གཞུག། རི་ལུ་གླང་རུ་ནང་དུ་གཞུག། གཟའ་དང་གཏུན་ཅིང་རྟགས་ལ་སྦྱར།། ནཱ་ག་གུ་ར་ལིང་སྙིང་ལ་འདུས་འདུས།། སྙིང་ཁྲག་བ་མོ་རུལ་སྙིང་ལ་འདུས། ། ནཱ་ག་ཀེན་རྩི་སྙིང་ལ་འདུས།། ནཱ་ག་དུ་ནཱ་ནརི་སྙིང་ལ་འདུས་འདུས། དགྲ་བོ་ནི་སོང་ནི་ཆོད། སྙིང་ལ་འདུས་འདུས།། ས་མ་ཡ་དཾ་དཾ་ཛ། དེ་བྱས་དགྲ་བོ་གྲི་རུ་འཆི།། ལྷག་མ་བདུན་བརྒྱུད་མཛེ་ནད་འབྱུང། ། ཐོག་སེར་བདག་པོ་གཟའ་ཡི་སྡེ།། གཟའ་རྒོད་བདུད་པོ་འཁོལ་འདོད་ན།། སྦྲུལ་སྔོན་དག་གི་ཤུན་པ་ལ།། ལྕགས་ཀྱི་སྡིག་པ་མགོ་དགུའི་གཟུགས།། ཚོན་རྩིས་ལེགས་བྲིས་དམིགས་རྟེན་བྱ། ། རྟགས་བྱུང་དངོས་གྲུབ་བླང་པར་བྱ།། ས་ཤ་མི་གེ་ག་ར་ཐང་ནུ་ཨ་ཧྲི། གྲུབ་ནས་ལས་རྣམས་བརྩམ་པར་བྱ། གཟའ་ཡི་འཕྲིན་ལས་སྣ་ཚོགས་ཀུན།། ཐོགས་པ་མེད་པར་འགྲུབ་པར་འགྱུར།། རིམས་ནད་གཏོང་བ་མ་མོའི་སྡེ། ། འཁོལ་འདོད་དྲི་ཡི་ཐོད་པ་རུ།། སྙིང་བཅུག་དེའི་ནང་ལིང་ག་བཅུག། དར་གྱིས་ཁ་བཅད་རྒོད་སྒྲོ་བཙུགས།། ཐོད་པ་བྱད་གཞུག་གྲུ་གསུམ་གཞུག། ར་ལུག་བྱ་ནག་ཐུན་རྫས་མཆོད།། ཐུ་བྲབ་བརྡ་ཀའི་དམོད་སྔགས་བཟླ། ། མ་མཱ་སྙིང་ཁ་མ་མ་རག་ཤ། ཏྲག་རག་ཤ་སྙིང་ཁ་ཁྲག། མ་ཧཱུ་བ་ཛ་ཛ། ཆེ་གེ་ལ་རྦད་ཡ། མ་ནིང་སྙིང་ཙིཏྟ་ལ་ཐིན། ཏྲཀ་མོ་རག་ཤ་ཐུན། མུགས་མྱོགས་རྦད་ཛ་ཛ། མ་ཐུན་སྙིང་ཁྲག་ཐུན་ཤ་ཏི་ཏ་མ་རག་མོ། ། ཡ་ཡ་བྷྱོ་བྷྱོ། མ་མོའི་སྲོག་སྡེའི་རྦད་གསད་དྲིལ།། རྟགས་འབྱུང་ལིང་ག་གདབ་སྲོག་མནན།། དགྲ་ལ་རིམས་ནད་རྒྱུ་གཟེར་འབྱུང།། དེ་ནས་ཡང་དག་བཤད་བྱ་བ།། དྲག་པོ་བཙན་རྣམས་འཁོལ་འདོད་ན། ། ནུབ་ལྟས་བྲག་དམར་ཟངས་འདྲའི་གནས།། མཎྜལ་ར་ཁྲག་ཆག་ཆག་གདབ།། གསེར་སྐྱེམས་དཔང་བཙུགས་བདེན་པ་བདར།། དཀྱིལ་འཁོར་ཞི་རྒྱས་དབང་དྲག་རྩིག། ར་ཤ་ར་ཁྲག་གཏོར་མར་གཏང། ། ཡི་དམ་ལྷ་སྒོམ་སྔགས་རྒོད་བཟླས།། ཨོཾ་ཨ་བི་ཤུ་ས་མ་ཡཱ་ཏྲིག་ཤཾ་རྦད་བྷྱོ། ལག་ལེན་སྡེབས་ལ་ཁོང་བཀྲུལ་ན།། བཙན་རྒོད་དངོས་སུ་ཁོལ་པོར་འཁོལ།། དེ་ནས་ཡང་དག་བཤད་བྱ་བ།། དམུ་ཡི་བྲན་པོ་ཁོལ་འདོད་ན། ། དབེན་པའི་གནས་སུ་མཎྜལ་བཤམ།། མོན་ནག་དིག་པའི་ཐོད་པ་རུ།། དགྲ་ཡི་ལིང་ག་བྲིས་ལ་གཞུག། སྔོ་དམར་བྱད་གཞུག་ཕུར་ལ་བརྟོད།། རང་ཉིད་ཡི་དམ་ལྷར་སྒོམ་ལ།། ག་ལས་དམུ་ཡི་རྒྱལ་པོ་སྐྱེད། ། ཨཾ་མུན་མུན་པ་ནི་ག་ཛ་ཞེས་བཟླས་སོ།། དམུ་རྗེ་བཙན་པོ་ཁོལ་དུ་འཁོལ།། དགྲ་ལ་དམུ་རྗེ་ཐིབས་ནད་འབྱུང།། དེ་ནས་ཡང་དག་བཤད་བྱ་བ།། ཁྲམ་འདེབས་བདུད་སྡེ་འཁོལ་འདོད་ན།། ནུབ་ཕྱོགས་བྲག་ནག་རྩར་སོང་ལ། ། མཎྜལ་ནག་པོ་ཟུར་གསུམ་བཤམ།། ནག་པོ་གསུམ་གྱི་སྙིང་སྣ་སོགས།། མཐུན་པའི་དམ་རྫས་གཏོར་མ་གཏང།། བདུད་ཀྱི་དྲག་སྔགས་བདུན་པ་བཟླས།། སྲོག་བདུད་ནག་པོ་ཐོད་འཕྲེང་ཅན། ། སྔུན་དུ་འོང་ནས་ཅི་བྱ་ཟེར།། དམ་བསྲེ་ལས་གཞོལ་བླ་རྡོ་བཅངས།། དེ་ནས་ཡང་དག་བཤད་བྱ་བ།། སྲིན་པོ་བྲན་དུ་འཁོལ་འདོད་ན།། སྐྱེས་པ་དར་མའི་སྙིང་སྲོག་རྩར།། བདུན་པོའི་བླ་བྱང་བྲིས་ལ་གཞུག། ཚོན་སྐུད་ཀྱིས་དཀྲིས་རྟ་ཐོད་རྩལ།། ཨག་རྩེ་བ་ནས་ཐུན་སྔགས་བརྡེག། ཡུངས་ཀར་ཡུངས་ནག་སྐྱེ་ཚེས་བྲབ།། རག་ཤ་སྲིན་པོ་ས་མུ་ཛ།། རག་ཤ་རུ་ཏྲ་ཧཱུཾ་བྷྱོ། རུ་གཉེན་ནག་པོ་ཆོ་ཆོ་ས།། ཆེ་གེ་བ་དུ་སེ་ཤིག་སོད། གཏོར་ཧ་བ་ལེ་ཧོབ་ལ་ཐུན་བྷྱོ། ཞེ་བཟླས་སྲིན་པོ་བྲན་དུ་ཁོལ།། དྲེད་སྡིགས་གཟིར་བ་ལས་ལ་བཅུན།། འདི་དག་ལོགས་ན་མེད།། དཔལ་ཆེན་རིག་རྩལ་ཅིར་ཡང་སྒྱུར།། ནག་པོ་སྤྲུལ་འགྱེད་འཁོལ་བ་གཅེས། ། མ་ནིང་ལས་རྒྱུད་ནག་པོ་ལས། བྲན་ཕོ་སྡེ་བརྒྱད་འཁོལ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། ཀྱེ་ཀྱེ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ། རྒྱུད་འདིའི་མཚན་གྱི་རྣམ་གྲངས་གང།། ཇི་ལྟར་བཟུང་ཞིང་བཅང་བར་བགྱི།། སུ་ལ་གསང་ཞིང་སུ་ལ་གཏད།། ཅེས་གསོལ་པས། ཆེ་མཆོག་ཧེ་རུ་ཀས་བཀའ་སྩལ་པ། གསང་བདག་ཆེན་པོ་ཁྱོད་ཉོན་ཅིག། ང་ཡི་རྒྱུད་ཆེན་ཀུན་འདུས་པའི། ། བདེ་གཤེགས་ཡོངས་ཀྱི་སྲོག་འདུས་པས།། གསང་བ་སྲོག་རྒྱུད་ཅེས་ཀྱང་གྲགས།། དྲེགས་པ་སྤྱི་ཡི་རྒྱུད་འདུས་པས།། དྲེགས་པ་སྤྱི་རྒྱུད་ཅེས་ཀྱང་བྱ།། ལྷ་འདྲེ་ཡོངས་ཀྱི་གཙོ་ཡིན་པས། ། གཙོ་མཆོག་ཆེན་པོའི་རྒྱུད་ཅེས་བྱ།། སེམས་ཅན་ཀུན་གྱི་མགོན་མཛད་པས།། མགོན་པོའི་རྒྱུད་ཆེན་ཞེས་ཀྱང་བྱ།། ཕོ་མོ་ཀླུ་གསུམ་འདིར་དྲིལ་བས།། དྲིལ་རྒྱུད་ཆེན་པོ་ཞེས་ཀྱང་བྱ།། དགྲ་བགེགས་ཐམས་ཅད་འདིར་སྒྲོལ་བས། ། དྲག་པོ་སྒྲོལ་རྒྱུད་ཅེས་ཀྱང་བྱ།། ཕོ་མོ་གང་དུ་མ་ངེས་ཤིང།། སངས་རྒྱས་འཕྲིན་ལས་བདག་མཛད་པས།། མ་ནིང་ལས་རྒྱུད་ནག་པོར་གྲགས།། ཞི་རྒྱས་དབང་དྲག་ཐུན་མོང་མཆོག། འདས་དང་མ་འདས་ཀུན་དབང་སྒྱུར། ། འདི་ནི་ནོར་བུ་རིན་པོ་ཆེ།། མ་རིག་མུན་སེལ་སྒྲོན་མའོ།། རྒྱུད་འདི་རིན་ཆེན་གསེར་གྱིས་བྲིས།། རྟག་ཏུ་མི་འབྲལ་ལུས་ལ་བཅང།། ཕྱི་ནང་གསང་བའི་རྟེན་རྫས་བཅང།། རྒྱུན་དུ་བསྙེན་སྒྲུབ་ནར་མར་བྱེད། ། དུས་ཀྱི་མཆོད་པ་མི་བཅག་ཅིང།། བླ་མ་ཡི་དམ་མཁའ་འགྲོ་དང།། ཆོས་སྐྱོང་མ་ནིང་གཙོ་འཁོར་ལ།། བརྩེ་གདུང་གུས་པ་རྒྱུན་མི་བཅད།། དཔལ་མགོན་མ་ནིང་ལས་རྒྱུད་འདི།། བླ་མ་མི་འཁུར་རང་ཆེར་འཛིན། ། དབུལ་བ་མི་ནུས་སྟོང་ཞུས་བྱེད།། དད་གུས་མེད་ཅིང་གཡོ་ཁྲམ་བྱེད།། རབ་འབྲིང་ཐ་མའི་ཞབས་ཏོག་མེད།། ཕ་མ་དཀོན་མཆོག་མི་འཁུར་ཞིང།། སངས་རྒྱས་བསྟན་པའི་སྤྱི་ཚོགས་མེད། ། གཙུག་ལག་ཁང་འཇོམས་སྡེ་འཁྲུགས་སྐྱོང།། ཁ་གསག་སྟོང་ཞུས་ཉམས་ལེན་མི་སྐྱོང་དང།། གནག་པ་སྙིང་རུས་མེད་ཅིང་བློ་མི་བརྟན།། དེ་ལྟ་བུ་ལ་བཀའ་འདི་གསང།། དད་མེད་གཡེམ་ལ་ཕྱར་ལ་བཀའ་འདི་གསང། ། དམ་ཚིག་སྡོམ་པ་ཉམས་ལ་བཀའ་འདི་གསང།། སྣོད་མེད་རང་དགར་མོད་ལ་བཀའ་འདི་གསང།། སྐལ་མེད་རང་དོན་ཅན་ལ་བཀའ་འདི་གསང།། དེ་ལྟ་བུ་ལ་འདི་ཤོར་ན།། རྒྱལ་ཁམས་མེས་སྲེགས་བསྐལ་པ་ཆུས་འཁྲུ་བས། ། དེ་བས་རབ་ཏུ་ནན་ཏན་གཅེས།། མགོ་ལ་མེ་འབར་ཁོང་དུ་སྦྲུལ་ཞུགས་ཀྱང།། ཆུ་སྲིན་གྲེ་བར་རིན་ཆེན་ཚུད་པ་བཞིན།། བསྐལ་པ་འཁྲུག་ཀྱང་ཁར་མི་དབྱུང།། གོང་བསྟན་སྣོད་མེད་རྣམས་ལ་འདི་སྤེལ་ན། ། མ་ནིང་ནག་པོ་ཉིད་ཀྱིས་སྲོག་རྩ་ཆད།། སྲོག་ཐིག་ནག་པོས་ཚེ་ཡི་འདུ་བྱེད་བསྐུལ།། ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་བཀའ་འདི་སྲུངས།། ནམ་ཞིག་ལས་ཅན་རྡོ་རྗེ་ཐོད་འཕྲེང་རྩལ། ། སྤྱན་རས་གཟིགས་སྤྲུལ་འདི་ལ་བཀའ་འདི་གཏོད།། དེས་ཀྱང་གཏེར་ནས་གཏེར་དུ་སྦོས།། ཌཱ་ཀི་ལས་ཀྱི་དབང་མོ་ཆེ།། མཁའ་འགྲོ་གཙོ་མོ་ཁྱོད་ཀྱིས་བཀའ་འདི་སྲུངས།། ཆེད་དུ་གཉེར་རོ་ཤོར་ར་རེ། ། ནམ་ཞིག་དུས་ཀྱི་ཐ་མ་ལ།། སེམས་ཅན་རྣམས་ནི་ཉོན་མོངས་རང་དགར་སྤྱོད།། ཆོས་པ་རྣམས་ནི་ཆོས་གཞུང་སྤངས་ནས་ཆོས་བརྒྱད་སྐྱོང།། སྒོམ་ཆེན་སྒོམ་སྒྲུབ་མི་བྱེད་བསོད་ནམས་སྐྱོང།། གསང་སྔགས་བསྐྱེད་རྫོགས་ཆོས་རྣམས་སྐྱངས་ལ། ། དགེ་བཤེས་ཐོས་བསམ་སྤངས་ནས་བཟང་རྫུས་བྱེད།། མཚན་ཉིད་སྡེ་གསུམ་ཆོས་ལ་ཡང།། དགེ་བཅུ་ཕ་རོལ་ཕྱིན་དྲུག་དང།། ལམ་ལྔ་ས་བཅུ་སྤྱོད་མཁན་མེད།། དཀོན་མཆོག་གསུམ་གྱི་དབུ་འཕང་དམའ། ། དུས་གསུམ་སངས་རྒྱས་བསྟན་པ་ཉམས།། གཙུག་ལག་ཁང་ལ་བདག་འཛིན་ཕྱུགས་ར་བྱེད།། དེའི་ཚེ་སེམས་ཅན་ཐམས་ཅད་ཀུན།། བདག་འཛིན་རུ་ཏྲ་ཁེངས་པའི་ཚེ།། དེ་དུས་སྐལ་ལྡན་བྱང་སེམས་ཅན། ། སྔོན་དུས་ས་ལམ་རབ་སྦྱངས་བ།། དེ་དུས་ཀུན་ལ་སྙིང་རྗེ་ཆེ།། རྒྱུ་འབྲས་ཆོས་ཀུན་མ་ལུས་མཁྱེན།། རིག་པའི་གནས་ཀུན་བློ་ཁ་བྱེ།། རིགས་རྩལ་ཕྱོགས་མེད་ཀུན་སྒྲོལ་བདག། བློ་བརྟན་བློ་ཟབ་བློ་ཆེ་བ། ། གསང་སྔགས་སྤྱི་གནད་ཀུན་ལ་གོམས།། བླ་མ་ལ་གུས་གཏོང་ཕོད་ཆེ།། དབང་རིགས་ཡོངས་རྫོགས་མཆེད་ལ་དུང།། གཙུག་ལག་ཁང་སྐྱོང་སྟན་ཚིས་ཆེ།། རང་དོན་མ་ཡིན་གཞན་དོན་བརྩོན། ། ལུས་སྲོག་བབ་ཀྱང་ཆོས་མི་འདོར།། བླ་མའི་བཀའ་ཙམ་མི་ཅོག་ཅིང།། ཡི་དམ་བསྙེན་སྒྲུབ་མི་ཅོག་པ།། ཆོས་སྐྱོང་དུས་མཆོད་མི་ཅོག་པ།། གཙང་རྨེ་ཆུང་ཞིང་དཔའ་བརྟུལ་ཆེ།། དེ་ལྟ་བུ་ཡི་སྐལ་ལྡན་ལ། ། བཀའ་འདི་སྟོན་ཅིག་ས་མ་ཡ།། དེས་ཀྱང་རང་དོན་མ་ཡིན་གཞན་དོན་དུ།། བདག་འཛིན་རུ་ཏྲ་ཐམས་ཅད་བསྒྲལ།། ཅེས་གསུངས་སོ།། དཔལ་མགོན་མ་ནིང་གསང་བ་འཕྲིན་ལས་ནག་པོའི་རྒྱུད་ཆེན་པོ་ལས། མཚན་གྱིས་རྣམ་གྲངས་བསྟན་པ་དང། སྣོད་མེད་ལ་གསང་ཞིང་སྣོད་ལྡན་ལ་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡུམ་ཁྲོ་མོ་གནམ་ཞལ་མ་དང། རིགས་འཛིན་ཆེན་པོ་རྡོ་རྗེ་ཆོས་དང། གསང་བའི་བདག་པོ་ལག་ན་རྡོ་རྗེ་མགྲིན་གཅིག་ཏུ་བསྟོད་པ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས།། ཆོས་སྐུ་སྐྱེ་མེད་ངང་ནས་ནི།། ལོངས་སྐུ་འགག་མེད་དཔལ་ཆེན་སྐུ།། སྐུ་སྤྲུལ་འགྲོ་འདུལ་སྟོབས་པོ་ཆེ།། རུ་ཏྲ་བདུད་སྡེ་དཔུང་བཅས་མ་ལུས་ཐུལ། ། རྩལ་ཆེན་ཐོགས་མེད་ཁྱོད་ལ་ཕྱག་འཚལ་ལོ།། དཔལ་ཆེན་སྐུ་གསུང་ཐུགས་ལས་སྤྲུལ་པའི་སྐུ།། མ་རུངས་འདུལ་དཀའ་བདུད་སྡེ་ཇི་སྙེད་བཏུལ།། ལྷ་ཡུལ་སུམ་ཅུ་རྩ་གསུམ་གནས་སུ་ལྷ་ཡི་དམག་དཔོན་མཛད། ། ཕྲག་དོག་ལྷ་མ་ཡིན་རྣམས་བརླག་པར་མཛད།། ལྷ་རྣམས་གཡུལ་རྒྱལ་བསྟན་པར་དར་རྒྱས་མཛད།། ལྷ་ཆེན་དཔལ་འབར་ཁྱོད་ལ་ཕྱག་འཚལ་ལོ།། ལྷ་དབང་བརྒྱ་བྱིན་དང་ལྷའི་བུ་མོ་བྱེ་བ་ཕྲག་མང་པོས་བསྟོད་པ། མ་ལ་ཡ་ཡི་རྩེ་མོ་རུ།། དུར་ཁྲོད་ཐོད་མཁར་མེ་རླུང་ཚུབ་དཀྱིལ་དུ།། རུ་ཏྲ་སྡེ་གསུམ་སྡེ་བརྒྱད་མ་ལུས་བཏུལ།། གསང་སྔགས་བསྐྱེད་རྫོགས་བསྟན་པ་དར་རྒྱས་མཛད། ། དཔལ་མགོན་མ་ནིང་སྐུ་ལ་ཕྱག་འཚལ་བསྟོད།། མི་ཐོད་པ་ཅན་གྱིས་བསྟོད་པ། བསིལ་བ་ཚལ་གྱི་དུར་ཁྲོད་དུ།། ལྟ་ལོག་སུམ་བརྒྱ་དྲུག་ཅུ་བཅོམ།། གྲུབ་མཐའ་ངན་པ་ཀུན་ཚར་བཅད།། མུ་སྟེགས་བསྟན་པ་གཏན་ནས་བརླག། ཞིང་སྐྱོང་མ་མོ་མཁའ་འགྲོས་བསྐོར།། ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད།། སྲིད་རྩ་བདག་འཛིན་འདུལ་ལ་ཕྱག་འཚལ་བསྟོད།། ཕ་རོལ་ཕྱིན་དྲུག་སྤྱོད་ལ་ཕྱག་འཚལ་བསྟོད།། སྤྱོད་པ་རླབས་ཆེན་འཕགས་ལ་ཕྱག་འཚལ་བསྟོད། ། སྲིད་རྩ་བདག་འཛིན་གཟི་མདངས་ཅན་ལ་ཕྱག་འཚལ་བསྟོད།། རྩལ་ཆེན་གཟི་མདངས་ཅན་ལ་ཕྱག་འཚལ་བསྟོད།། ནག་པོ་ཐོད་འཕྲེང་ཁྱོད་ལ་ཕྱག་འཚལ་བསྟོད། ། རིགས་འཛིན་སྲོག་ཤིང་ཁྱོད་ལ་ཕྱག་འཚལ་བསྟོད།། ས་ཆུ་མངའ་བདག་ཁྱོད་ལ་ཕྱག་འཚལ་བསྟོད།། བདུད་འདུལ་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད།། ཚོགས་ཀྱི་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། ། གཙུག་ལག་ཁང་སྐྱོང་ཁྱོད་ལ་ཕྱག་འཚལ་བསྟོད།། ཅེས་དོན་དང་མཐུན་པས་བསྟོད་དོ།། དེ་ནས་ཡུམ་ཁྲོ་མོ་གནམ་ཞལ་མ་དང། སྤྲུལ་པའི་མགོན་པོ་རྣམས་དང། མ་ནིང་མཆེད་བཞི་ལ་སོགས་པ་རྣམས་འོད་དུ་གྱུར་ནས། ཡབ་ཀྱི་ཐུགས་ཀར་ཐིམ། དཔའ་བོ་ཡབ་ཆེན་ཆེ་མཆོག་ཧེ་རུ་ཀ་སྣང་ལ་རང་བཞིན་མེད་པ། ནམ་མཁའི་འཇའ་ཚོན་ལྟར་དབྱིངས་སུ་ཐིམ་མོ།། སླར་ཡང་སྤྲུལ་པ་དུ་མ་འགྱེད་དོ།། དེ་ནས་རིགས་འཛིན་གསང་བའི་བདག་པོ་དང། ལྷ་མ་སྲིན་སྡེ་བརྒྱད་དང། ཡེ་ཤེས་ཀྱི་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་དང། འཁོར་མཁའ་འགྲོ་བྱེ་བ་འབུམ་ཕྲག་དུ་མ་དང། ཤ་ཟ་འབུམ་གྱི་ཚོགས་དང། མ་མོ་བྱེ་བའི་ཚོགས་དང། ཁྲོ་བོ་འབུམ་གྱི་ཚོགས་དང། ལངྐ་དུར་ཁྲོད་བདག་པོ་དང། བདུད་འདུལ་ཉི་ཁྲི་ཆིག་སྟོང་གི་ཚོགས་དང། ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། དཔལ་ཆེན་པོ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོས་དུས་གསུམ་སངས་རྒྱས་ཀྱི་འཕྲིན་ལས་མཛད་པའི་མ་ནིང་ལས་རྒྱུད་ནག་པོ་ཞེས་བྱ་བ་རྫོགས་སོ།།།། ཤ་མི་ལ་ཞུས། འབྲིང་གིས་བྲིས། ས་མ་ཡཱ། ཁ་ཐཾ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། མན་ཏྲ། གུ་ཡཱ། ཨྠི+ྀ།།།། རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་པ་ཏནྟྲ། བོད་སྐད་དུ། ནག་པོ་ཆེན་པོ་སྐྱེས་པའི་རྒྱུད། ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ།

CLOSE WINDOW