Wylie |
།།། གུ་རུ་བ་སུ་དྷ་ར་དང་ཡང་དབང་གཏེར་གྱིས་བསྒྱུར་བའོ།། རྒྱ་རྒྱ་རྒྱ།།།། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་གུ་ཧྱ་ཙིཏྟ་སོ་རི་ཕྲི་ཏ་སིདྡྷི་སྟིཥྛ་ན་མ་ཏན་ཏྲ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་སྙིང་གི་དངོས་གྲུབ་བསྟན་པར་གཟིགས་པའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོས། ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་བཀའ་སྩལ་པ། ཉོན་ཅིག་བདུད་རྩི་འཁྱིལ་པ། མ་ཧཱ་ཀཱ་ལ་འོད་འབར་འདི།། དྲག་པོ་འཇིགས་བྱེད་ཆེན་པོ་ཡི།། ལས་ཀྱི་རྟོག་པ་ཕྱི་མ་དག། དངོས་གྲུབ་བསྟན་པར་གཟིགས་པའི་རྒྱུད།། ང་ཡིས་བཤད་ཀྱིས་ཡང་དག་ཟུང། ། ཨོཾ་མཧཱ་ཀཱ་ལ་རག་ཤ་དུ་བེང་ནི་ཛ། ཨོཾ་ཤྲཱི་ལ་ཀཱ་ལ་རུ་པ་ཧཱུཾ་ཕཊ། ཅེས་པ་ནི་ཐུགས་དང་སྐུ་གཉིས་སྦྲེལ་བ་སྟེ་ཐུགས་ཉེ་བར་བྱེད་ཅིང། སྐུ་དངོས་སུ་བྱེད་པའི་སྙིང་པོའོ།། དེ་ནི་རྒྱུན་དུ་བསྙེན་པའི་སྔགས་སོ། ། ཨོཾ་མ་ཧཱ་ཀཱ་ལ་ཡང་ཧཱུཾ་ཕཊ། ཅེས་པ་ནི་ལས་ཁ་ཚར་གསུང་གི་སྔགས་ཏེ། ཐུན་མཚམས་སུ་དྲང་བའོ།། སྔགས་སྔ་མ་གཉིས་ལ་འདི་བཏག་ལ་གསད་པ་དེ། ཆེ་གེ་མོ་ཧཱ་ད་ཏིག་སྣ་ཏིག་སྣ་ཡག་ཤ་ཆེ་གེ་མོ་རྦད་རྦད་ཙིཏྟ་སོ་རི་རྦད་མ་ར་ཧ་ལ་དུན་མྱགས་རྦུད་རྦུད་རྨུགས་ཙིཏྟ་བྲེང་ཤག་ཁ་ལ་བཾ་རྦད་རྔུབས་རྔུབས་དུན་དུན་ཆེ་གེ་མོ་མཱ་ར་ཡ་རྦད། ཅེས་པ་ནི་ཤིན་ཏུ་གསད་པ་ཡང་དག་པའི་སྙིང་པོ་སྟེ། བདུད་རྩི་འཁྱིལ་པས་བརྣག་པར་བྱའོ། ། ཞེས་གསུངས་སོ།། རྟོག་པའི་སྐབས་དེ་དང་པོའོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ་ནི།། མ་ཧཱ་ཀཱ་ལ་མཐུ་རྩལ་ཅན་དེའི་བཀའ་ཉན་རེ་མ་ཏིའི་སྙིང་པོ་ནི། ཏྲག་རག་ཤེ་རེའུ་མ་ཏི་སྙིང་ཁ་རག་མ་བྷྱོ་བྷྱོ། ཞེས་པ་ནི་འབོད་པའོ།། ཆེ་གེ་མོ་མ་ར་ཡ་རྦད། ཧ་ལ་རག་མོ་རེ་མ་ཏི་ཆེ་གེ་མོ་མྱོས་རྦད་ས་མ་ཡ་ཧུར་ཤག་བྷྱོ། ཞེས་དྲང་ངོ།། མགོན་པོའི་ལས་འགོར་ན།། ཨོཾ་ནརི་ཛ་སྙིང་ལ་ཡཾ་ཐུམ་རིལ་རིལ་པྲ་དུས་ལ་ཡ། རྦད་བུ་ནི་ཤག་སྙིང་ལ་ཡ། ཞེས་སོ།། དེ་བཞིན་སྦྱར་བར་བྱའོ།། ཞེས་གསུངས་སོ།། རྟོག་པའི་སྐབས་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཨོཾ་ཛམ་བྷ་ལ་ཛ་ལེན་དྲ་ཡ་སུ་རུ་སུ་རུ་སརྦ་བིགྷྣན་ཨ་ཏ་ཧ་ཡ་སྭཱ་ཧཱ། ཞེས་པས་དཔལ་ལྡན་མགོན་པོའི་ཛ་ཡིག་ནག་པོ་ལས། ཛམ་བྷ་ལ་ནག་པོ་སྟེ་གཡས་ན་བཱི་ཛ་པུ་ར་བསྣམས་པ། གཡོན་ན་ཐོད་ཞབས། འོག་གཉིས་ན་གཏེར་བུམ་ཡོད་པར་བསྐྱེད་ལ་སྤྱན་དྲངས་བསྟིམ། ། མཆོད་དང་གཏོར་མ་དབུལ་བར་བྱ། སྔགས་ཁྲི་རུ་བཟླས་པ། གང་བསམ་འགྲུབ་པར་གདོན་མི་ཟ། ཞེས་གསུངས་སོ།། ལེའུ་རྟོག་པའི་སྐབས་གསུམ་པའོ།།།། དེ་ནས་གཞན་ཡང་བཤད་བྱ་བ། དམག་ཆེན་པོ་ཟིལ་གྱིས་གནན་པ་ནི། རྣལ་འབྱོར་པ་འམ་འཁོར་གང་ཡང་བསྲུང་བའི་གནས་སུ་མགོན་པོའི་རྟེན་སྐུ་དགྲམ་ལ་བཞག་ཞག་གསུམ་གོང་ནས་གཏོར་མ་བཟུང་ལ་བསྙེན་པ་བསྐྱལ།། དེས་ནས་དམག་བྱུང་དུས་གཏོར་མ་གཏང་ལ་འཕང། དཔལ་མགོན་པོ་རེ་མ་ཏིས་ཟིལ་གྱིས་གནན་པར་བསམས་ན་གང་ཟིལ་གྱིས་ནོན་པར་འགྱུར་རོ།། ལམ་མམ་འཇིགས་པར་འགྲོ་ན་བདག་ཉིད་ཕྱག་ན་རྡོ་རྗེར་བསྐྱེད། མགོན་པོ་གཡོན་དུ་བསྐྱེད། གཡས་སུ་མོན་པ་རྣམས་བསྐྱེད་ལ། ཤུལ་ནས་རེ་མ་ཏི་དང་གཅན་གཟན་འབྲེངས་པས་ཇག་པ་ཐམས་ཅད་ཟིལ་གྱིས་གནན་པར་བསམ་སྟེ་ལམ་མཁར་གཏོར་མ་གཏང་ངོ།། དེས་ཟིལ་གྱིས་ནོན་པར་འགྱུར་རོ། ། འགྲན་སེམས་ཅན་ཟིལ་གྱིས་གནན་པ་ནི། དཔལ་མགོན་པོ་འདི་ནན་ལྟར་གྲུབ་ན་རྣལ་འབྱོར་པ་དེ་ལ་བསམ་ངན་གཏོང་ཚད་ལ་སྐྱོན་འོང་སྟེ། འདི་ལ་རང་དམ་ལ་གནས་པ་ཅིག་གལ་ཆེ་བས། དམ་ཚིག་དང་ལྡན་པར་བྱས་ལ་ལས་གཉེར་གཏད་ཅིང་བསྙེན་མཆོད་བྱའོ།། དེ་ལྟར་བྱས་ན་རང་བཀྲ་ཤིས་འཁོར་འཕེལ་ནོར་འགྲུབ་པར་འགྱུར་རོ།། དེའི་གསང་སྔགས་ནི།། ཨོཾ་མཧཱ་ཀཱ་ལ་དམ་ཏྲི་ནི་བྷ་ར་ཧ་ན་ཧ་ན་གྲྀཧྣ་གྲིཧྣ་ཨུ་ཙ་ཏ་ཡ་སྟཾ་པ་ཡ། བྷེ་ཧ་ཕཊ་ཕཊ། དམག་དང་ཇག་པ་སརྦ་བཟློག་བྷྱོ། ཆེ་གེ་མོ་ཏྲིག་ནན་སྤུར་ཡ་ནན་ཧེ་ཧི་རྦད་བྷྱོ། ཞེས་བཟླས་པར་བྱའོ།། ཞེས་གསུངས་སོ།། རྟོག་པའི་སྐབས་བཞི་པའོ། །།། དེ་ནས་ཡང་བཀའ་སྩལ་པ་ནི། ཇག་པ་བཅིང་བར་འདོད་ན། ཁང་པའི་ཕྱོགས་བཞི་ནས་ས་ཚོམ་པ་རེ་བླངས་ལ། བག་ཕྱེ་དང་བསྲེས་པའི་གཟུགས་གུ་གུ་བརྡུལ་དུ་འདུག་པ་བཞིན་བྱས་ལ། སྙིང་ཁར་ཇག་པ་དང་རྐུན་མོ་སརྦ་ཨ་ན་ཡ་ནན་བྱ་བ་བྲིས་ལ། རང་གི་དྲི་མ་མ་སོང་བར་བྱས་ལ་ཚོན་སྐུད་ཀྱིས་སྔགས་གོང་མ་བཟླས་ལ་བཅིང། དེ་ནས་རང་གི་མལ་འོག་ཏུ་འབྲུབ་ཁུང་དུ་ཁ་སྦུབ་ཏུ་བཅུག་ལ་གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་མནན་ལ། ཇག་པ་དང་གནོད་སེམས་ཅན་བཀུག་ལ་བཞག་ཉལ་ཁར་སྐབས་སུ་དགུག་གཞུག་བྱ། དེའི་སྟེང་དུ་རང་འདུག་ནས་མགོན་པའི་བསྙེན་མཆོད་བྱ་ཞིང་ལས་གཉེར་གཏད་ན། རྐུན་མོ་དང་ཇག་པ་འཆིང་བར་འགྱུར་བར་ཐེ་ཚོམ་མེད། དེ་ནས་དཔལ་རྡོ་རྗེ་གཏུམ་པོས། ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་བཀའ་སྩལ་པ། ཉོན་ཅིག་བདུད་རྩི་འཁྱིལ་པ། མ་འོངས་པའི་དུས་སུ་བསྟན་པ་ཉམས་པའི་ཚེ། མཧཱ་ཀཱ་ལའི་རྒྱུད་འདི་བཟུང་ཞིང་སྦ་བར་བྱའོ། ། ཞེས་གསུངས་སོ།། རྟོག་པའི་སྐབས་ལྔ་པའོ།།།། དཔལ་ནག་པོ་ཆེན་པོ་མཧཱ་ཀཱ་ལའི་རྒྱུད་དངོས་གྲུབ་བསྟན་པར་གཟིགས་པ་སྙིང་གི་སྤུ་གྲི་ལྟ་བུ་ཞེས་བྱ་བ། རྒྱུད་སྔ་མ་ལས་སྔགས་མ་ཚང་བ་ཁ་བཀང་བའི་རྒྱུད་གནད་དུ་ཕྱུང་བའོ། ། རྫོགས་སོ།།།།
CLOSE WINDOW