CLOSE WINDOW

Gpb050.006: ཨ་པ་ར་ཙིཏྟའི་གསང་བ་པྱཧི་མའི་རྒྱུད་རིན་པོ་ཆེ་དངོས་གྲུབ་ཅེས་བྱ་བ
Wylie

རྒྱ་སྐར་སྐད་དུ། གུ་ཧྱ་ཨ་པ་ར་ཙིཏྟ་རད་ན་སིདྷི་ནཱ་མ་ཏན་ཏྲ། བོད་སྐད་དུ། ཨ་པ་ར་ཙིཏྟའི་གསང་བ་ཕྱི་མའི་རྒྱུད་རིན་པོ་ཆེ་དངོས་གྲུབ་ཅེས་བྱ་བ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་རི་རབ་ཀྱི་རྩེ་ལ་འདུས་པའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་ལ། གནོད་སྦྱིན་ཨ་པ་ར་ཙིཏྟ་ཞེས་བྱ་བས་རིག་པ་ཕུལ་ནས་དམ་ལ་བཏགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་ཧོ་འདུས་པའི་འཁོར་རྣམས་ཀུན།། གནོད་སྦྱིན་ནོར་བདག་ཨ་པ་ར།། འདི་ཉིད་སྒྲུབ་ན་དངོས་གྲུབ་ཐོབ།། ཅེས་བཀའ་སྩལ་པ་དང། ། འཁོར་གྱི་ནང་ནས་ནོར་བདག་བྱང་ཆུབ་སེམས་དཔས་གསོལ་པ། ཨེ་མ་ཧོ་བཅོམ་ལྡན་རྡོ་རྗེ་འཆང།། ཨ་པ་ར་ཡི་དོན་རྣམས་ཀྱི།། བསྒྲུབ་པར་བྱ་བ་ཇི་ལྟར་ལགས།། དེ་སྐད་གསོལ་པའི་ཚིག་གསན་ནས། ། གསང་བའི་བདག་པོས་བཀའ་སྩལ་པ། གནོད་སྦྱིན་ཆེན་པོ་ཨ་པ་ར།། དངོས་གྲུབ་བདག་པོ་བསྒྲུབ་པའི་ཕྱིར།། སྔོན་དུ་ཡིད་བཞིན་ནོར་བུའི་སྔགས།། ཡི་གེ་བཅུ་པའི་བསྙེན་པ་བྱ།། དེ་ནས་ར་བ་བཞི་ཡི་དུས། ། མ་ནོར་ངེས་པའི་ཚེས་གཅིག་ལ།། མཎྜལ་པ་ཡི་རྣམ་ལྔས་བྱུགས།། མཆོད་པ་ལྔ་དང་བ་ལིང་བཤམ།། བདག་ཉིད་ཕྱག་ན་རྡོ་རྗེ་ནི།། ཤིན་ཏུ་ཁྲོས་པའི་སྐུ་རུ་བསྐྱེད།། མདུན་དུ་ཧྲཱི:ནི་དཀར་པོ་ལས། ། གནོད་སྦྱིན་སྐྱེད་ལ་སྤྱན་དྲངས་བསྟིམ།། མཆོད་བསྟོད་བྱས་ལ་གསང་སྔགས་བཟླས།། ཉ་ཡི་བར་དུ་ཟླ་ཕྱེད་བྱ།། དེས་མ་གྲུབ་ན་སྟོང་དུ་བསྐྱར།། དེས་ཀྱང་གྲུབ་པར་མ་གྱུར་ན།། ཟླ་བ་ཕྱི་མའི་ཉ་ཡི་བར་དུ་བསྒྲུབ། ། དེས་ནི་འགྲུབ་འགྱུར་ཐེ་ཚོམ་མེད།། སྐབས་དང་པོའོ།།།། སྔགས་ཀྱི་རིམ་པ་འདི་ལྟ་སྟེ།། ཨོཾ་ཧྲི་ཛ་ལ་ཨ་པ་ར་ཙིཏྟ་ཛ་ཛཱ། འབོད་པའི་སྔགས་སོ།། ཨོཾ་ཧྲི་ཛ་ཨ་པ་ར་ཙིཏྟ་ས་མ་ཡ་བཛྲ་ཛ་ཛ། ཞེས་པ་ནི་ལན་གཉིས་བསྐྱར་བའི་སྔགས་སོ།། ཨོཾ་ཧྲི་ཛ་ཨ་པ་ར་ཙིཏྟ་ས་མ་ཡ་བཛྲ་ཛ་ཛ་ཛཱ་ཧྲི་ཛཱ། ཞེས་པ་ནི་ལན་གསུམ་བསྐྱར་བའི་སྔགས་སོ།། ཨོཾ་ཤྲཱི་ནཾ་ཧཱུཾ་ཛ་ཛ། སྲིང་མོའི་སྔགས་སོ།། ཨོཾ་ཧྲི་ཛ་ཨ་པ་ར་ཙིཏྟ་ཛ་ཛཱ་ས་མ་ཡ་ཛ་ལ་བ་ལ་སིདྡྷི་སིདྡྷི་ཧཱུཾ་ཛ་ཛཱ། ཞེས་པ་ནི་དངོས་གྲུབ་བླང་བའི་སྔགས་སོ།། ཨོཾ་ཧྲི་ཛ་ཨཱ་པ་ར་ཙིཏྟ་ཛ་ཛཱ་ཆེ་གེ་མོའི་ཙིཏྟ་ཧྲི་ཛ་ཛཱ་ཝ་ཤཾ་ཀུ་རུ་སརྦ་སིདྡྷཾ་ཕ་ལ་ཧཱུཾ་ཧཱུཾ་ཛ་ཛཱ། གཞན་གྱི་ཤེས་པ་དབང་དུ་བྱའི་སྔགས་སོ། ། ཨོཾ་ཧྲི་ཛ་ཨ་པ་ར་ཙིཏྟ་ཛ་ཛཱ་བ་ལིང་ཨི་དཾ་གྲི་ཧྣ་གྲི་ཧྣ་ཁཱ་ཧི་ཁཱ་ཧི། ཞེས་པ་ནི་གཏོར་མའི་སྔགས་སོ།། ཨོཾ་ཧྲི་ཛ་ཨ་པ་ར་ཙིཏྟ་ཛ་ཛ་སརྦ་དུཥྟན་མཱ་ར་ཡ་ཧྲིཾ་ཛ་ཛཱ་ཧཱུཾ་ཕཊ། ཅེས་པ་ནི་འགྲན་སེམས་འདུལ་བའི་སྔགས་སོ། ། སྐབས་གཉིས་པའོ།།།། དེ་ནས་རིམ་པར་བཀའ་སྩལ་པ།། གནོད་སྦྱིན་ཆེན་པོ་བསྒྲུབ་པའི་ཕྱིར།། རི་རབ་ལྕོག་གི་བྱང་ཕྱོགས་ན།། སྤྱན་དྲངས་མཆོད་ལ་བསྟོད་པ་བྱ།། ཨོཾ་དད་པ་དང་ནི་དམ་ཚིག་གིས། ། ཚུར་གཤེགས་ཚུར་གཤེགས་ཨ་པ་ར།། ཕྱག་ན་རྡོ་རྗེའི་དམ་ཚིག་བཞིན།། ཐུགས་དམ་བཞིན་དུ་གཤེགས་སུ་གསོལ།། ཨོཾ་ཨཱཿཧཱུཾ་ཧྲི་ཛ་ཨ་པ་ར་ཙིཏྟ་ས་མ་ཛཱ་ཛ་ཧཱུཾ་བཾ་ཧོ། ཨོཾ། གནོད་སྦྱིན་རྒྱལ་པོ་ཨ་པ་ར། ། ཡཀྵ་ཆེན་པོ་ནོར་གྱི་བདག། ཡིད་བཞིན་ནོར་ལྟར་རེ་བ་སྐོང།། བདག་གི་བསམ་པ་འགྲུབ་པའི་ཕྱིར།། དགེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཨོཾ་ཧྲི་ཛ་ཨ་པ་ར་ཙིཏྟ་ས་མ་ཡ་ཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ལྷན།། ཨོཾ། གནོད་སྦྱིན་ཉི་མའི་སྤྱན་ཅན་ནི།། ཕྱག་ན་རྡོ་རྗེའི་བཀའ་ཉན་པ།། དམ་ཚིག་ཅན་གྱི་གྲོགས་བྱེད་ཕྱིར།། དད་པས་འདུད་དེ་ཕྱག་འཚལ་ལོ།། ཨོཾ་ཧྲི་ཛ་ཨ་པ་ར་ཙིཏྟ་ན་མོ།། ཨརྒྷཾ་པྲ་ཏི་ཙྪ་ཧོ། ཨོཾ། ཡོན་ཆབ་མེ་ཏོག་མར་མེ་སྥོས། ། ཞལ་ཟས་དྲི་མཆོག་སྒྲ་སྙན་མཆོད་པ་དམ་པ་འདི།། གནོད་སྦྱིན་ཆེན་པོ་ཨ་པ་ར་ལ་འབུལ་བཞེས་ནས་བདག་ལ་དངོས་གྲུབ་གསོལ།། ཨོཾ་ཧྲི་ཛ་ཨ་པ་ར་ཙིཏྟ་བཛྲ་ཨ་དྷ་ར་པུཥྤེ། ཨཱ་ལོ་ཀེ། དྷུ་པེ། ནེ་ཝེ་དྷྱེ། གནྡྷེ། ཤཔྡ། པཱུ་ཙ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་ཡང། གནོད་སྦྱིན་གྱི་རྒྱལ་པོ་ཨ་པ་ར།། སྡེར་བཟང་དམ་པ་འདི་ཉིད་དང།། མཆོད་སྦྱིན་གཏོར་མ་འདི་བཞེས་ལ།། འདོད་ཡོན་ལྔ་ལ་ལོངས་སྤྱོད་དང།། ནོར་གྱི་དངོས་གྲུབ་བདག་ལ་སྩོལ། ། ཨོཾ་ཧྲིཾ་ཛ་ཨ་པ་ར་ཙིཏྟ་བ་ལིཾ་ཏ་ཁཱ་ཧི། དེ་ནས་བསྟོད་པ་དག་ཀྱང་བྱ།། དེ་ནས་དངོས་གྲུབ་བླང་བ་ནི།། འདོད་ཡོན་ལྔ་ལ་ལོངས་སྤྱོད་དང།། ཅི་བསམ་ལྷུན་གྱིས་གྲུབ་པ་ཡི།། ནོར་གྱི་དངོས་གྲུབ་བདག་ལ་སྩོལ། ། དངོས་གྲུབ་ཆེན་པོ་བདག་ལ་སྩོལ།། ང་ཡི་བཀའ་ལས་མ་འདའ་ཞིག། ང་ཡི་བཀའ་ལས་འདས་གྱུར་ན།། རྡོ་རྗེ་དམྱལ་བར་ལྟུང་བར་ངེས།། ཨོཾ་ཧྲིཾ་ཛ་ཨ་པ་ར་ཙིཏྟ་ཛ་ཛཱ་ས་མ་ཡ་སིདྡྷི་ཧཱུཾ། དེ་ལྟར་སྤྱན་དྲངས་མཆོད་བསྟོད་ན།། ལུས་དང་གྲིབ་མ་བཞིན་དུ་འབྱུང།། ཐམས་ཅད་འབྱུང་བའི་དངོས་གྲུབ་ཐོབ།། འཇིག་རྟེན་འདི་ལ་མངའ་དབང་སྒྱུར།། གྲུབ་ནས་ཉ་ལ་གཏོར་མ་བཏང། ། ལོངས་སྤྱོད་འདུས་ནས་སྡེར་བཟང་གཏད།། སྐབས་གསུམ་པའོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ།། འཁོར་ལོ་བསྒྲུབ་པར་འདོད་པས་ན།། རས་སམ་གྲོ་ག་ཤོག་བུ་ལ།། གུར་ཀུམ་རི་བོང་ཁྲག་དང་ནི། ། བ་བླ་སྦྱར་ལ་བྲི་བར་བྱ།། དབུས་སུ་ཆེན་པོ་བདག་ལ་སྩོལ།། ང་ཡི་བཀའ་ལས་མ་འདའ་ཞིག། ཨོཾ་ཧྲཱིཾ་ཛ་ཨ་པ་ར་ཙིཏྟ་ཛ་ཛ་སིདྡྷ་སིདྡྷི་ཧཱུཾ། དེ་ལྟར་སྤྱན་དྲངས་མཆོད་བསྟོད་ན། ལུས་དང་གྲིབ་མ་བཞིན་དུ་འགྱུར། ། ཐམས་ཅད་འབྱུང་བའི་དངོས་གྲུབ་ཐོབ།། འཇིག་རྟེན་འདི་ལ་མངའ་དབང་སྒྱུར།། གྲུབ་ནས་ཉ་ལ་གཏོར་མ་བཏང།། ལོངས་སྤྱོད་འདུས་ནས་སྡེར་བཟང་དབུལ།། ཞེས་གསུངས་སོ།། གནོད་སྦྱིན་གྱི་གསང་རྒྱུད་ཕྱི་མ་རིན་པོ་ཆེ་ལས། སྐབས་གསུམ་པའོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ།། འཁོར་ལོ་སྒྲུབ་པར་འདོད་པས་ན།། རས་སམ་གྲོ་ག་ཤོག་བུ་ལ།། གུར་ཀུམ་དག་ནི་གི་ཝང་གིས།། དབུས་སུ་ཟླུམ་པོ་ཧཱུཾ་བྲིས་ལ། ། མདུན་དུ་ཧྲི་དང་ལྡན་པའོ།། དེ་ཡི་མཐའ་མར་སྔགས་བཀོད་ལ།། ཕྱི་རིམ་དངོས་གྲུབ་འདུན་པའི་སྔགས།། བྲིས་ལ་བུམ་པའི་ནང་དུ་རྩལ།། གཅེས་མཛོད་ནང་དུ་གཞག་པར་བྱ།། དེ་ལ་དངོས་གྲུབ་ཐེ་ཚོམ་མེད། ། ཅེས་གསུངས་སོ།། གནོད་སྦྱིན་གྱི་རྒྱུད་ཕྱི་མ་རིན་པོ་ཆེ་ལས།། སྐབས་བཞི་པའོ།།།། དེ་ནས་ཡང་དག་བཀའ་སྩལ་པ།། གནོད་སྦྱིན་བསྒྲུབ་པའི་དམ་ཚིག་ཏུ།། བླ་མ་དང་ནི་ཡི་དམ་ལྷ།། ཕྱག་ན་རྡོ་རྗེ་སྒོམ་པ་དང། ། སྤྱི་བོར་བླ་མ་བསམ་པར་བྱ།། མངོན་དུ་གནོད་སྦྱིན་བསམ་པར་བྱ།། འགྲོ་ལ་སྙིང་རྗེ་བསྐྱེད་པར་བྱ།། ཐམས་ཅད་དྲང་བར་སེམས་བསྐྱེད་བྱ།། གནོད་སྦྱིན་བསྒྲུབ་པས་དངོས་གྲུབ་ཐོབ།། ཚེ་ཉིད་རིང་བར་འདོད་པས་ནི། ། ལྷ་འདྲེ་ཐམས་ཅད་ཟིལ་གནོན་དུ།། ཨ་པ་ར་ལ་དབང་བསྐུར་བྱ།། སྙིང་པོ་བཟླས་ལ་ལས་གཉེར་གཏད།། དངོས་གྲུབ་ཐོབ་ནས་འགྲོ་དོན་བྱེད།། ཅེས་གསུངས་སོ།། གནོད་སྦྱིན་གསང་རྒྱུད་ཕྱི་མ་རིན་པོ་ཆེ་ལས། སྐབས་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྒྱུད་འདི་ཉམས་སུ་ལེན་པ་ནི།། དད་ལྡན་དམ་ཚིག་ལྡན་པ་ཡི།། སྐྱེས་བུ་ཤེས་རབ་སྙིང་རྗེར་ལྡན།། འགྲོ་དོན་ནུས་པའི་དོན་དུ་ཡང། ། ཞེས་བཀའ་སྩལ་པ་དང། ཛམ་བྷ་ལ་ལ་སོགས་པ་རྣམས་ཡི་རངས་པར་གྱུར་ཏོ།། གནོད་སྦྱིན་ཨ་པ་ར་ཙིཏྟའི་རྒྱུད་ཕྱི་མ་རིན་པོ་ཆེ་ལས། སྐབས་དྲུག་པ་རྫོགས་སོ།།།། རྒྱུད་འདི་རྒྱལ་པོ་ཨིནྡྲ་བོ་དྷིས་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཀྱི་ལོགས་ནས་རྙེད། ལོ་བརྒྱ་ཕྲག་གཅིག་ནས་པདྨ་སམ་བྷ་ལ་གཏད། དེ་ནས་ལོ་བརྒྱ་ཕྲག་གཅིག་ལྷག་ནས་བ་སུ་དྷ་རས་རྡོ་རྗེ་ཡང་དབང་སྟེར་ལ་གཏད་དོ།། དེ་ནས་ལོ་བརྒྱ་ཕྲག་བདུན་དུ་ཉེ་བ་ནི། མཐའ་འཁོབ་ཏུ་སྐྱེས་པའི་རྣལ་འབྱོར་བ་ཅིག་གིས་རྙེད་ནས། དངོས་གྲུབ་ཆེན་པོར་འགྱུར་བར་ཤེས་པར་བྱའོ།། ཨྠི+ྀ། རྒྱ་རྒྱ་རྒྱ། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱང།། སྔོན་ནས་ཚོགས་གཉིས་བསགས་པ་ཡིས། ། གནོད་སྦྱིན་འདི་ཡི་རྒྱུད་དང་མཇལ།། བ་སུ་དྷ་ར་ཕ་ཡི་དྲིན།། སྦྱིན་པ་མ་ཐོངས་དབུལ་པོ་ཡི།། སྣོད་དུ་རིན་ཆེན་འབྱུང་མི་སྲིད།། ཚོགས་མ་གསགས་པའི་གང་ཟག་ལ།། རིན་ཆེན་རྒྱུད་འདི་ཕྲད་མི་སྲིད། ། བླ་མའི་ཞབས་ལ་མ་གུས་ཤིང།། དམ་ཚིག་མེད་ན་འགྲུབ་མི་འགྱུར།། དེ་ཕྱིར་གཏེར་དུ་སྦས་པ་ཡིན།། ལས་འཕྲོ་ཅན་དང་ཕྲད་པ་ཤོག།།།།

CLOSE WINDOW