Wylie |
། ཨཱ་རྱ་ཀ་ར་ཀ་ཀྲ་ནཱ་མ་མཧཱ་དེ་བི་ཀཱ་ལ་ཏན་རཱ་ཏྲ་ཙ་ཛ།། བོད་སྐད་དུ།། འཕགས་པ་མཆེ་བ་འཁོར་ལོ་ཞེས་བྱ་བ།། ལྷ་མོ་ནག་མོ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ།། བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་ར་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང།། གསུང་དང།། ཐུགས་མི་ཕྱེད་པའི་རྒྱལ་པོ་ཡམ་གྱི་མཁའ་ཆོས་ཐམས་ཅད་ནུབ་པའི་དཀྱིལ་ན་ཐིག་ལེའི་ངང་ལ་བཞུགས་སོ། ། ཉིད་ལས་མི་གཞན་པའི་འཁོར་ཁྲག་འཐུང་ཡབ་ཡུམ་བཅུ་དང།། ཀེའུ་རི་ལ་སོགས་པ་རྡོ་རྗེ་ཡེ་ཤེས་ཀྱི་ལྷ་མོ་བཅུ་དྲུག་དང།། ཚད་མེད་པ་བཞིའི་ལྷ་མོ་ཉི་ཤུ་དང། ། གཞན་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང།། དེ་དག་ལ་སོགས་པ་འཇིག་རྟེན་མ་མོ་དང།། གནོད་སྤྱིན་དང།། སྲིན་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ།། གཉིས་སུ་མེད་པའི་དོན་མ་མཐོང་པས། ། སྙིང་རྗེ་དང་བྲལ་བ།། འཇིགས་པ་སྐྱེ་བ།། བ་སྤུ་ལྡང་བ།། ཤིན་ཏུ་ཁྲོ་བ།། གཏུམ་པའི་ཤུགས་དང་ལྡན་པ།། སེམས་ཅན་རྣམས་ལ་རྣམ་པར་འཚེ་བ།། ཁ་རླངས་དང་སྣ་རླངས་ཀྱིས་ནད་གཏོང་བ།། བརྡ་མི་ཕྲད་པ་དེ་དག་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་འཇིག་རྟེན་ན་དྲག་མོའི་རང་བཞིན་ཅན།། རེ་མ་ཏི་ཞེས་བྱ་བ་ཅིག་གནས་ཏེ།། དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཧི་ཧི་དཔའ་བོ་བཅོམ་ལྡན་འདས། ། སྲིད་པ་གསུམ་ན་དྲག་རྩལ་ནི།། ང་ཡི་ཆེ་པ་འཁོར་ལོ་ཆེ།། སངས་རྒྱས་བསྟན་ལ་མི་མོས་པ།། མཆེ་བ་གཙིགས་ལ་ཟ་བར་བྱེད།། ཟ་བྱེད་འདི་ལ་དབང་ཅིག་གསོལ།། འཇིག་རྟེན་མགོན་པོས་བཀའ་སྩལ་ཉན། ། ཧེ་རུས་བཀའ་སྩལ་ཆེ་བ་ཉན།། ཞེས་གསོལ་ཏོ།། གནོད་སྤྱིན་མོ་ཆེན་མོ་དེས་ཁ་ཅིག་ནས་མཆེ་བ་བཅུ་འཐོན་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། མཆེ་བ་འཁོར་ལོ་མ་ལ་འདི་སྐད་གསུངས་སོ། ། ཆེ་བའི་འཁོར་ལོ་ཅན་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཟོ་ཞོག། ཆོས་དང་དགེ་འདུན་གྱི་བསྟན་པ་ལ་གནོད་པ་ཟོ་ཞིག། བཀའ་དང་ལུང་ཟབ་མོ་ལ་གནས་པའི་རྣལ་འབྱོར་པའི་དགྲ་བགེགས་ཟོ་ཞིག། མཆེ་བའི་འཁོར་ལོ་ཅན་སངས་རྒྱས་དང།། ཆོས་དང།། དགེ་འདུན་གྱི་བསྟན་པ་སྲུངས་ཅིག། བཀའ་དང་ལུང་ཟབ་མོ་གནས་པའི་རྣལ་འབྱོར་པའི་མགོན་དང་སྐྱ་བས་གྱིས་ཤིག། ཅེས་གསུངས་པ་དང། ། མཆེ་བའིའཁོར་ལོ་དེ་འབར་རབ་ཏུ་འབར།། གཙིགས་རབ་ཏུ་གཅིགས།། བརྡུངས་རབ་ཏུ་བརྡུངས་ནས།། བསྟན་པ་ལ་གནོད་པའི་བར་དུ་གཅོད་པ་རྣམས་ཕལ་ཆེར་ཟོས་པར་གྱུར་ཏོ།། བསྟན་པ་བསྲུང་ཞིང་ལས་ཀུན་བྱེད་པས་བདག་ཉིད་དུ་གྱུར་ཏོ། ། ཁས་བླངས་ཤིང་དམ་བཅས་སོ།། ཕྱོགས་སུ་སུ་ཞིག་མཆེ་བའི་འཁོར་ལོ་ལ་མོས་ཤིང་སྒྲུབ་པ་དེའི་དགྲ་བགེགས་ཐམས་ཅད་སྐད་ཅིག་ལ་ཟའོ། ཞེས་དམ་བཅས་པར་གྱུར་ཏོ། ། དེའི་ཚེ་དེའི་དུས་སུ་ཡང་གནོད་སྤྱིན་མོ་བསེ་བ་ཏིང་གི་བདག་མོ་དང།། བསེ་དུ་ཏིང་གི་བདག་མོ་དང།། བསེ་བར་ཏའི་བདག་མོ་དང།། བསེ་ཚ་བར་ཏིང་གི་བདག་མོ་དང།། བཞི་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ཏེ། ། འདི་སྐད་ཅེས་གསོལ་ཏོ།། འཇིག་རྟེན་མགོན་པོ་དྲག་ཤུལ་ཅན།། དཔའ་བོ་ཆེན་པོའི་སྤྱན་སྔ་རུ།། ཚ་བའི་ཁ་རླངས་སྣ་རླངས་དང།། ཚ་བའི་རིམས་ནད་འདི་བསྟན་པས། ། འཇིག་རྟེན་མགོན་གྱིས་བྱིན་བརླབས་ནས།། བསྟན་ལ་མི་སྨོས་ནད་ཀྱིས་གསད།། བདག་གི་ནད་ཆེན་འདི་ཡིས་ནི།། ཕྱོགས་སུ་བཏང་བས་ཚ་བ་འདེབས།། དེ་ནས་བཅོམ་ལྡན་འདས་ཀྱིས།། ཚ་བ་ནད་ཀྱི་བདག་མོ་བཞི་ལ་འདི་སྐད་ཅེས་གསུངས་སོ། ། ཚ་བ་ནད་ཀྱི་བདག་མོ་བཞི།། སངས་རྒྱས་ཀྱི་ཆོས་དང་དགེ་འདུན་གྱི་བསྟན་པ་གནོད་པ་དེ་དག་ལ་ཚ་བའི་ནད་ཐོང་ཞིག། བཀའ་དང་ལུང་ཟབ་མོ་ལ་གནས་པའི་རྣལ་འབྱོར་པའི་དགྲ་འགེགས་ལ་ཚ་བའི་ནད་མཐོང་ཞིག། གསང་བའི་ནད་བདག་གོ་བཞི། སངས་རྒྱས། ཆོས་དང་དགེ་འདུན་གྱི་བསྟན་པ་བསྲུང་ཤིག། བཀའ་དང་ལུང་ཟབ་མོ་ལ་གནས་པའི་རྣལ་འབྱོར་པའི་མགོན་དང་སྐྱབས་གྱིས་ཤིག། ཅེས་གསུངས་པས།། ཁ་རླངས་དང་སྣ་རླངས་ལ་སོགས་པའི་དེ་དག་སྲིད་པ་གསུམ་དུ་འཁྱིལ་རབ་ཏུ་འཁྱིལ།། དུགས་རབ་ཏུ་དུག་པར་གྱུར་ཏོ།། དེ་མ་ཐག་ཏུ་བསྟན་པ་ལ་མི་མོས་པ་དེ་དག་ཐམས་ཅད་ཚ་བའི་ནད་ཀྱིས་བཏབ་པར་གྱུར་ཏོ། ། བསྟན་པ་བསྲུང་པར་ཁས་བླངས་ཤིང་དམ་བཅོས་སོ།། མཆེ་བ་འཁོར་ལོའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མཆེ་བ་འཁོར་ལོ་སྒྲུབ་པའི་ཐབས་བསྟན་དུ་གསོལ།། དེའི་སྔགས་བསྟན་དུ་གསོལ།། དེའི་འཁོར་ལོ་བསྟན་དུ་གསོལ།། དེའི་འཁོར་ལོའི་ལས་བསྟན་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཕྱག་ན་རྡོ་རྗེ་ཉོན་ཅིག། མཆེ་བ་འཁོར་ལོ་སྒྲུབ་པ་ནི།། དབང་དང་དམ་ཚིག་དང་ལྡན་པས།། བྲག་དམར་ཆོ་ལ་ཟངས་འདྲ་བ་འམ།། ཆུ་གླིང་རི་ཟླུམ་དུར་ཁྲོད་དུ། ། མེ་ལོང་འདྲ་བའི་མན་འདི་འདི་ལ་བསྙེན་པའི་དཀྱིལ་འཁོར་ལ་ལ།། མཁས་པ་པ་ནས་ཐིག་གདབ་སྟེ།། དུར་ཁྲོད་ལྕགས་རི་སྒོ་དང་ཁྱུད།། མུ་ཁྱུད་རྩིབས་བཞི་དྲག་པོ་དབང།། རིམ་པ་རིམ་པས་ཐིག་གདབ་བྱ། ། དབུས་སུ་ནག་པོ་དབང་གསུམ་དབང།། འཁོར་ལོ་རིམས་སྦྱིར་སྒོ་ཀུན་གནན།། དེ་ལ་སོགས་པ་མཁས་པས་བགྱི།། དབུས་སུ་རྡོ་རྗེ་ནག་པོ་སྟེ།། རྡོ་རྗེ་ཕྲ་མོ་འོད་ཟེར་ཅན།། ཟླ་གམ་གསུམ་པ་ཐོད་པ་གསུམ། ། རྩིབས་སྟེང་ཤར་དུ་འཁོར་ལོ་ཆེ།། འཁོར་ལོ་རབ་ཏུ་འབར་བ་ཅན།། ལྷོ་རུ་རིན་ཆེན་འོད།། ནུབ་ཏུ་པདྨ་འདབ་མ་བརྒྱད།། བརྒྱད་ཀུན་བརྒྱད་དེ་འོད་ཟེར་ཅན།། བྱང་དུ་རལ་གྲི་ལ་རལ་གྲིའི་འོད། ། རྩིབས་ཀུན་ཏུ་ནི་ཐོད་པ་འོད།། སྒོ་བཞི་འོད་ཀྱི་ཐིག་ལེ་བཞི།། རྟ་བབས་ལ་སོགས་ཀུན་ཏུ་སྤྲས།། འཕགས་པ་མཆེ་བ་འཁོར་ལོའི་རྒྱུད་ལས།། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གཉིས་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། གསང་པའི་གསང་བ་མཆེ་བ་ཡི།། དེ་ཡི་གསང་བའྀ་འཁོར་ལོ་ནི།། མཆེ་བ་བཅུ་ལ་དམོད་སྔགས་བཅུ།། དམོད་སྔགས་བཅུ་པོ་འདི་དག་གོ།། སྟེང་གི་མཆེ་བ་ལྔ་ལ་ནི།། ཤིན་ཏུ་དྲག་པོའི་ངན་སྔགས་ལ། ། སྲིད་གསུམ་མ་ལུས་ཀུན་ལ་གནོད།། རུ་རུ་རག་མོ་དམ་ཏྲ་ཤང་ཆེག་མོ་མཱ་ར་ཡ།། ཨེ་ར་ཙ་ར་ཨེ་ར་ཙ་དམ་ཤ་ཆེ་གེ་མོ་མཱ་ར་ཡ།། ད་ནི་དུན་རིང་དུ་ལ་ཡ་བཛྲ་དཾ་ཏྲ་ཤང་ཆེ་གེ་མོ་མ་ར་ཡ། ། དུ་རུ་ཙ་ལ་ན་ཧ་ནི་བཛྲ་དམ་ཏྲ་ཤ་ཆེ་གེ་མོ་མཱ་ར་ཡ།། དུ་མ་ཧ་ར་བཛྲ་བྷྱོ་དམ་ཏྲ་ཤང་ཆེ་གེ་མོ་མཱ་ར་ཡ།། འོག་གི་མཆེ་བ་ལྔ་ལས་ནི།། འཁོར་ལོ་གསང་བའི་སྔགས་ལྔ་བྱུང།། དེ་ཡི་འཁོར་ལོ་དེ་ཡིས་གཅོད། ། གནས་གསུམ་འཁོར་ལོ་དེ་ཡིས་གཅོད།། ན་ག་ར་ག་ཟ་ཀྲ་ཆེ་གེ་མོ་མཱ་ར་ཡ།། ཀྱེ་མ་སྲོག་གི་མ་མ་ཙ་ཙཀྲ་ཆེ་གེ་མོ་མ་ར་ཡ།། མར་ཏིག་མར་ཏིག་ཙཀྲ་ཆེ་གེ་མོ་མཱ་ར་ཡ།། ཙེ་ཙེ་ན་མ་རག་ཏི་ག་ཙེ་ཙེ་ན་མ་རི་ཏིག་ཙཀྲ་ཆེ་གེ་མོ་མཱ་ར་ཡ། ། ཐང་མུ་ལེ་ཐང་མུ་ལེ།། རྩ་ཐང་རྩ་ཐང་ཆེ་གེ་མོའི་སྲོག་རྦད་རྦད།། མུམ་སྣི་མུམ་སྣི་ནན་ནན།། རག་མོ་ནི་རག་མོ་ནི་ཁ་ལོ་རྦད་རྦད།། དུག་སྣི་དུག་སྣི་ཁ་ལོ་རྦད་རྦད།། ཀི་ཁ་ལོ་ཀི་ཁ་ལོ་རྦད་རྦད། ། ཙ་ཏི་ཙ་ཏི་རྦད་རྦད།། ནི་ཤི་ནི་སྟི་སྙིང་ལ་མུག་མུག་ཐུཾ་ཐུཾ་སུ་རྟི་རྟ་རྦད། ཁ་ཐར་སོ་ཡོད་ཐུཾ་ཐུཾ་རྦད་རྦད་སེ་ཁ་ལོ་བུ་ཁ་ལོ་རྦད་རྦད། ཙཀྲ་ཆེ་གེ་ནེ་མ་ར་ཡ། དེ་ནས་འཁོར་ལོ་བཤད་བྱ་བ།། དུར་ཁྲོད་རོ་བོས་རས་བླངས་ལ། ། ལྕགས་སམ་དུག་གི་ཤིང་ལ་བརྒྱང།། བག་ཆུ་ས་དཀར་ལེགས་བྱུགས་ཏེ།། རོ་ཡི་སྐྲ་ཡིས་པིར་བྱས་ལ།། དེ་ལ་མ་མོའི་ཞལ་བྲི་བ།། རབ་ཏུ་དྲག་པོ་མེ་ཏོག་ཁུས།། དེ་ཡི་སྐྲ་བྲི་རལ་པ་ཅན།། ལྷོག་པའི་ཁྲག་ལུས་པའི་སྣ་ཁྲག་གིས། ། དེ་ཡི་ཁ་བྲིས་གདངས་ཚུལ་ཅན།། དོ་བ་དག་གི་ཁུ་བས་ཀྱང།། དེ་ཡི་སྣ་བྲི་གྱེན་དུ་བསྙེར།། མིག་ཀྱང་མིག་དག་ཁུ་བས་བྲི།། རབ་ཏུ་ཟུར་གསུམ་གཏིང་ཁུང་བཏང།། དྲུག་གིས་རྣ་བའི་གཟུགས་ལེགས་བྲི། ། དེ་ནས་མཆེ་བ་བྲི་བྱ་བ།། ཁ་གཅིག་ནས་ནི་མཆེ་བ་བཅུ།། སྟེང་ལྔ་འོག་ལྔ་བཅུ་དག་ཀྱང།། སྟེང་གི་མཆེ་བ་ཟླ་ཚེས་འདྲ།། འོག་གི་མཆེ་བ་འཁོར་ལོ་ཚུལ།། བཟོ་བོ་མཁས་པས་བྱེད་དུ་གཞུག། དེ་ལ་སྣག་ཚའི་སྔགས་དག་དགོད་བྱ་བ།། ད་རུ་ར་དང་སྐེ་ཚེ་དང།། དུག་གི་རྣམ་པས་འཁོར་ལོ་བྲི།། འདི་འདྲའི་འཁོར་ལོ་འཇིགས་པ་ཅན།། བརྒྱ་བྱིན་དག་གི་སྲོག་གཅོད་ན།། སེམས་ཅན་གཞན་སྲོག་ཅིས་མི་གཅོད། ། དེ་ཡི་སྔགས་དག་དགོད་བྱ་བ།། མཆེ་བ་ལྔ་ལ་མཆེ་སྔགས་ལྔ།། འཁོར་ལོ་ལྔ་ལ་འཁོར་སྔགས་ལྔ།། རབ་ཏུ་ལེགས་པར་བྲི་བར་བྱ།། དེ་ལྟར་ལེགས་པར་གཟིར་ནས་ནི།། ལྷོ་རུ་འབྲུབ་ཁུང་ཚེར་མས་དགང། ། དེ་རུ་འཁོར་ལོ་རིག་པ་ཅན།། ཤིན་ཏུ་འཇིགས་པའི་ཁ་སྟེང་དུ།། ཤིན་ཏུ་མཐུན་ལྡན་ཁྲག་གིས་དགང།། དུག་དང་མཚེ་དང་མིང་དང་གཟུགས།། དེ་རྣམས་བླུགས་ལ་མཆེ་བ་དང།། འཁོར་ལོ་གཉིས་ཀྱི་བར་དུ་གཞུག། ཆེ་བའི་སྔགས་དང་འཁོར་ལོའི་སྔགས།། བཞབ་ནས་བཟླས་པ་བྱས་འགྱུར་ན།། རྟ་གསུམ་བཅུ་ལས་ཐུན་གསུམ་འཕངས།། ཁ་རུ་གཅིག་བཅུག་དེ་འཆིར་འགྱུར།། མཆེ་བ་འཁོར་ལོའི་རྒྱུད་ལས། ། འཁོར་ལོ་རྩ་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྒོང་ཐུན་ཆེན་པོའི་འཁོར་ལོ་སྟེ།། ཤིན་ཏུ་མཁས་པ་བྲི་བར་བྱ།། ལྷོ་ལ་ཟུར་གཏད་གྲུ་གསུམ་ལ།། བྱང་ལ་ཟུར་གཏད་དེ་བཞིན་བྲི། ། དེ་ཡི་གྲུ་གསུམ་དྲུག་ཏུ་འགྱུར།། ལྷོ་ཡི་ཟུར་གསུམ་ནང་དག་ཏུ། ལོགས་ལ་ཟུར་གཏད་ཟུར་གསུམ་བྲི།། ཀུན་ལ་དེ་ལྟར་ཤེས་པར་བྱ།། གྲུ་གསུམ་རྩ་བ་བཞིར་འགྱུར་དེའི།། ཤིན་ཏུ་དབུས་སུ་གྲུ་གསུམ་སྟེ། ། དབུས་སུ་གྲུ་གསུམ་གཞན་དང་འདྲ།། དེ་ཡིས་རྩ་བརྒྱད་དག་པར་འགྱུར།། དེ་འདྲར་འཁོར་ལོ་གཉིས་བྱས་ལ།། འོག་གི་ཡི་གེ་དགོད་བྱ་བ།། ཨོཾ་རུ་རུ་རོ་རུ་ཙ་པ་ཨ་ཤུ་མེ་ཧཱུ~ཾ་བྷྱོ་ཛ་ཛ།། ཕུང་བྱེད་མའི་སྙིང་པོ་བཟླས་སོ། ། ཡི་གེ་བཅཱ་ལྔའོ།། ཏྲག་རག་ཤ་ཁ་བདུན་ཏྲ་བྷྱོ་རུ་ལུས་རུ་ལུ།། ཏྲ་རག་ཤ་སྙིང་ཁྲག་སྙིང་བྷྱོ་སྤྲ་ཏ་སྤྲ་ཏ་བྷྱོ། ཤ་ཤ་ཏྲག་ཤ་ཤ་ཏྲག། ཏྲག་མོ་ཏྲག་པ་སྙིང་ཏྲག། ཏྲག་མུ་ཏྲག་མ།། མཱ་རཱ་ཡ་ཐུམ་ཡ།། ཤིན་ཏུ་དབུས་སུ་བྲི་བྱས་ཏེ། ། གྲུ་གསུམ་དྲུག་ལ་དེ་ཤེས་བྱ།། ཉི་ཤུ་རྩ་གཅིག་དག་ལ་ཡང།། འདི་དག་རེ་རེ་བྲི་པར་བྱ།། མ་མ་ཏྲག་རག་ཤ་མུ།། ཁ་མུ་ཏྲ་མ་རག་ཤ་ཏྲ།། ཁུ་མུ་ཏྲ་ར་ཡ་ཐུམ་ཡ།། མུ་རུ་ལུ་རུ་མུ་རུ་བྷྱོ་ཧཱུ~ཾ་བྷྱོ། ། མཱ་ར་ཡ་ཐུན་ཡ།། ཏྲག་རག་ཤ་ཁ་མུན་ཏྲ་མ་རཱ་ཡ་ཐུམ་ལ།། དུན་མ་ཏི་རག་མོ་ཙ་ཙ་མཱ་ར་ཡ་ཐུམ་ཡ།། མ་མ་དུར་མཱ་ར་ཡ་ཐུམ་ཡ།། དུ་ལོ་ན་མཱ་ར་ཡ་ཐུམ་ཡ།། སྙིང་ཁ་ལ་རག་ཤ་མཱ་ར་ཡ་ཐུམ་ཡ།། རྦད་ཐུམ་མཱ་ར་ཡ་ཐུམ་ཡ། ། ཙིཏྟ་བཾ་མཱ་ར་ཡ་ཐུམ་ཡ།། གལ་ཐུམ་རི་ལི་རི་ལི་མཱ་ར་ཡ།། གལ་ཐུམ་ཡ་མཱ་ར་ཡ་ཐུམ་ཡ།། སྲོག་སྙིང་མཱ་ར་ཡ་ཐུམ་ཡ། ཧ་ཕཊ་རུ་ཐུམ་ཡ། ཧེབ་ཐུམ་རབ་ཡ་ཐུམ་ཡ། དུར་ཐུམ་པར་རམ་ཐུམ་དུམ་ལོ་ན་མཱ་ར་ཡ། མ་མ་རུ་ཐིབས་ཐིབས་མཱ་ར་ཡ། ཐབ་རབ་བུར་ཁ་ཤ་བཾ་མཱ་ར་ན་ཐུམ་ཡ།། ཡཾ་ཐུམ་རི་ལི་རི་ལི་མཱ་ར་ཡ་ཐུམ་ཡ།། ཐིག་ནིག་གཅིག་མེད་མཱ་ར་ཡ་ཐུམ་ཡ།། གཉིས་ཏྲག་བརྒྱད་གཅད་མཱ་ར་ཡ་ཐུམ་ཡ།། ནག་མཐོངས་ལྕགས་སྒྲོལ་ཁྲོལ་མཱ་ར་ཡ་ཐུམ་ཡ། ། མི་ར་སོད་མཱ་ར་ཡ་ཐུམ་ཡ་ཛ།། པན་ནེ་ཕཊ་མ་ར་ཡ་ཐུམ་ཡ།། གྲུ་གསུམ་རེ་ལ་འཁོར་ལོ་རེ།། འཁོར་ལོ་རེ་ལ་མཆེ་བ་རེ།། མཆེ་བ་རེ་ལ་ངན་སྔགས་ཁྲི།། གཡས་སུ་བྲི་བའི་གུ་གེའོ། ། མཆེ་བ་འཁོར་ལོ་གཉིས་བར་དུ།། གཟས་པའི་མིང་དང་རུས་ཀྱང་གཞུག། དེ་ནས་འབྲུབ་ཁང་དག་ཏུ་གཞུག། བཟླས་པ་ཟིན་ནས་རྟར་གཞུག་འཕང།། ཐེ་ཚོམ་མེད་ཅེས་དཔའ་པོས་གསུང།། མཆེ་བ་འཁོར་ལོའི་རྒྱུད་ལས། ། སྒོང་ཐུན་འཁོར་ལོའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཁམ་བུ་བརྒྱ་ཡི་འཁོར་ལོ་ནི།། ཡང་དག་ཉིད་དུ་བཤད་པར་བྱ།། ཤིན་ཏུ་གསལ་པའི་རོ་རས་ལ། ། ཤིང་ཤུན་པིར་གྱིས་ཟུར་བཞི་བྲི།། ལོགས་ལ་ཟུར་བཞི་ལེགས་བྲིས་པས།། དེ་ཡིས་ཟུར་ནི་བརྒྱད་དུ་འགྱུར།། བརྒྱད་པ་གཉིས་གཉིས་གཤགས་པར་བྱ།། དེ་ཡིས་བཅུ་དྲུག་དག་ཏུ་འགྱུར།། ཤིན་ཏུ་དབུས་ནི་ལིང་ག་ཡིས། ། ལྷག་མ་རྣམས་ལ་སྔགས་དགོད་པ།། ཏྲག་དྲཀྵ་ཁ་མུ་ཏྲ་མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ།། རག་མོ་ཏེ་ཀེ་ཙ་ཙ་ཁ་ལ་བྷྱོ།། རུ་ལུ་རུ་ལུ་ཧིང་བྷྱོ།། ཐུཾ་ལིས་སྙིང་རྩ་འདུ་འདུ།། སྲོག་སྲོག་སྲོག་སྲིག། ཤཾ་ཤཾ་ཁྱེར་བྷྱོ། ། འདུ་འདུ་མ་མ་ཨ་ཤ་ཛ་ལ་དྷྲི།། མ་ནི་སོགས་ཛ་ལེ་ཧཱུ~ཾ།། ཨོཾ་དུ་དྲ་པ་ཤཾ་ཧཱུ~ཾ།། མཧཱ་སྲོག་སྲོག་ཐུམ་སྙིང་ལམ་བྷྱོ།། ཨོཾ་བཛྲ་སྙིང་ཁ་རག་བྷྱོ།། དེ་ནས་དབུས་ཀྱི་འཁོར་ལོ་ནི།། ཐིག་གཞི་གདབ་པས་ས་སྟོང་དགུ། སྔགས་དགུ་དབུས་ནས་བསྐོར་བར་ཤེས།། དེ་ལ་གཡོག་གཉིས་དབུས་བྲི་བ།། རུ་རུ་རོ་རུ་ལུ་ཙག་ཤ།། ཏྲག་རག་ཤ་སྙིང་ཁྲག་སྙིང་བྷྱོ།། སྤུས་ཏ་སྤུས་ཏ་བྷྱོ།། ཤར་ལྷོ་ནུབ་བྱང་དག་ཏུ་བྲི།། དེ་ལྟར་བྲིས་ཏེ་གཉིས་པ་བཟློག། ཚོན་སྐུ་བསྔགས་ཏེ་འབྲུབ་ཁུང་གཞུག། དགུ་ལ་བསྒྲུབས་ལ་བརྒྱ་ཡི་གསད།། བཏབ་དང་འཕངས་ཏེ་རིམ་པར་ཤིས།། མཆེ་བ་འཁོར་ལོའི་རྒྱུད་ལས།། ཁམ་བུ་འཁོར་ལོའི་ལེའུ་སྟེ་ལྔ་པའོ།། དེ་ནས་ཡང་དག་བཤད་བྱ་བ། ། མ་མོ་ཤི་སའི་སྒྲུབ་པ་སྟེ།། འཁོར་ལོ་འདི་ལྟར་བྲི་བར་བྱ།། དུར་ཁྲོད་དག་གི་རོ་རས་ལ།། རི་བོང་ཁྲག་གི་རྣམ་པ་ཡིས།། ཤིན་ཏུ་དབུས་ནི་ཟླུམ་པོ་སྟེ།། བྱང་དང་ལྷ་དང་ནུབ་དག་ཏུ། ། གྲ་གསུམ་མཁའ་དབྱིངས་འདྲ་བ་ལ།། ལོགས་ལ་ཟུར་གཏད་ཟུར་གསུམ་སྟེ།། བཅུ་གཉིས་ཟུར་གསུམ་ལྡན་པ་ལ།། ཕྱི་རོལ་མུ་ཁྱད་དག་གིས་བསྐོར།། དེ་ནི་མུ་ཁྱུད་གསུམ་མཁའ་དབྱིངས་འདྲ་བ་ལ།། ལོགས་ལ་ཟུར་གཏད་ཟུར་གསུམ་སྟེ། ། བཅུ་གཉིས་ཟུར་གསུམ་ལྡན་པ་ལ།། ཕྱི་རོལ་མུ་ཁྱུད་དག་གིས་བསྐོར།། དེ་ནི་མུ་ཁྱུད་གསུམ་དུ་ཤེས།། དེ་ལ་ཡི་གེ་དགོད་བྱ་བ།། མཧཱ་ཤྲི་ཧེ་རུ་ཀ་མཧཱ་ཀྲོ་དྷ་ཤ་ཤ་རི་སྟཾ།། ཨོཾ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ། ཤིན་ཏུ་དབུས་ལ་དགོད་པར་བྱ།། བྱང་གི་གྲུ་གསུམ་བཞི་དག་ལ།། དབུས་ལ་རྩ་སྔགས་བྲི་བ་སྟེ།། གཞན་མ་གསུམ་གཡས་ནས་བརྩམ།། མ་མ་ཏྲིག་ནན་རེ་མ་ཏི།། ཙིཏྟ་པ་ལ་ཏྲག་རག་ཤ་ཁ་མུ་ཏྲ་བཾ། ། རག་ཤ་དུན་ཏུ་ཛ་ཧྲི།། རིག་པ་ཅན་གྱི་བར་བར་དུ།། གཟས་པའི་མིང་དང་རུས་ཀྱང་གཞུག། གཞན་ཡང་ལྷོ་ལ་དགོད་པ་ནི།། རྩ་བ་དབུས་ཏེ་གཞན་མ་ཡང།། རཀ་ཤ་ས་མ་ཏི་སྟ།། སྟིག་ནས་མ་ཡ་སྟོཾ།། རིམ་པ་བཞི་སྟེ་བར་བར་དུ། ། བདུད་རྩི་ཐིག་ལེ་གཞག་པར་བྱ།། གཞན་ཡང་ནུབ་ཀྱི་ཐུན་ཡི་གེ། འདི་དག་མིང་དང་བཅས་པ་བྲི།། ཛ་ཛ་རེ་མ་ཏི་ཛ།། དབུགས་རྒྱུད་རྩ་ལ་བྷྱོ།། རྩ་རྒྱུད་སྙིང་ལ་བྷྱོ།། རག་མོ་ཧར་ཧུར་དུན་བྷྱོ། ། རག་མོ་དུན་བྷྱོ་བྷྱོ།། ས་སྟོང་གསུམ་ལ་བྲི་བར་ནི།། མ་གསུམ་དག་ནི་ཧཱུ~ཾ་དང་སྦྲག། ཕྱི་རིམ་ཁྱུད་བསྐོར་དག་པོ་ལ།། མ་དང་ཛ་གཉིས་རི་པར་སྦྲག། མུ་ཁྱུད་གཉིས་ལ་ཧཱུ~ཾ་དང་ཕཊ།། ནག་པོ་དུར་ཁྲོད་སོལ་བས་བྲི། ། སྟེང་དང་འོག་གི་བར་དག་ཏུ།། མ་མོ་རང་བཞིན་མ་གསུམ་ནི།། རང་རང་སྔགས་ཀྱིས་བསྐོར་བ་ཡང།། དེ་ཉིད་བར་དུ་གཞུག་པར་བྱ།། བཟླས་པ་རྫོགས་དང་ཕུར་དང་རྩི།། ཐུན་དང་ལས་རྣམས་རྫོགས་པ་དང། ། གཏད་དང་ཐུན་འཕངས་མཐའ་རྒྱུད་ཡིན།། མཆེ་བ་འཁོར་ལོའི་རྒྱུད་ལས།། ཐེམས་ལས་ཟློགས་པའི་ལེའུ་སྟེ་དྲུག་པའོ།།།། དེ་དག་གི་ནི་དཀྱིལ་འཁོར་ཏེ།། ཟུར་བཞི་འོག་ཏུ་གཟུགས་བཞི་གནན། ། སྟེང་དུ་ཟླུམ་པོ་ཆ་ག་གང་སྟེ།། དམར་དང་ནག་པོ་འཕང་ལོ་ཡི།། སྟེང་དུ་ཟླུམ་པོ་ཨེ་དང་ལྡན།། མཐའ་མ་ཟླ་གམ་ནང་ལྟས་དྲུག། ཕྱི་མ་ཕྱིར་ལྟས་རྩ་གཅིག་བྲི།། སྒོང་བྱ་ནག་རྩ་གཅིག་ལ།། ཕྱི་རིམ་ཐུན་སྔགས་ནང་དུ་ཡང། ། མར་ཁུ་སྐེ་ཚེ་ནས་ནག་དང།། བྲ་བོ་ལ་སོགས་སྔགས་ལ་དགང།། སྒོ་ང་དྲུག་ལ་དེ་འདྲ་སྟེ།། རྫས་རྣམས་ཕུར་དྲུག་དེ་བཞིན་ནོ།། ཟླ་ཁམ་དུ་རའི་ཐོད་པ་གསུམ།། རིམས་བཞིན་གཏའ་དང་འཕངས་དང་གནན། ། རྩ་བ་དྲག་སྔགས་ཐུན་སྔགས་དྲིལ།། དྲག་སྔགས་ཐུན་སྔགས་མཐར་གཏུག་བྱ།། བཟླས་པ་རྫོགས་དང་ཕོག་པར་འཕངས།། གཞན་ཡང་ཁམ་པུའི་དཀྱིལ་འཁོར་ན།། གྲུ་གསུམ་བརྩིགས་ལ་ནང་དག་ཏུ། ། ལོགས་ལ་ཟུར་གཏད་བཅུ་དྲུག་འགྱུར།། དེ་ལ་ཁམ་བུ་བརྒྱད་དགོད་དེ།། གཟུགས་ཀྱིས་སྤྲས་ཏེ་འཁོར་ལོ་བསྐོར།། བཟླས་པ་རྫོགས་ནས་འཕང་བར་བྱ།། ཁམ་བུ་དགུ་ཡི་དཀྱིལ་འཁོར་ནི། ། དབུས་སུ་རྩ་བའི་ཕྱི་རིམ་དུ།། ཟླ་གམ་ཕྱི་ལྟས་དགུ་ཞེས་བྱ།། ཁྱམས་ཀྱི་བར་ནི་མེ་རི་ཅན།། ཁམ་བུ་དེ་ལ་དགུ་བགོ་དེ།། རྫས་རྣམས་ལེགས་པར་བཀོད་ནས་ནི།། བཟླས་པ་རྫོགས་ནས་ཁམ་བུ་དེ།། འཕངས་དང་ཁམ་བུ་བརྒྱབ་པ་ཡི། ། ས་བོན་དག་ཏུ་བཤད་པར་བྱ།། གཞན་ཡང་ཐེབས་ལས་བཟློག་པ་ཡིས།། དཀྱིལ་འཁོར་ཟུར་གསུམ་བརྩེ་གས་ཏེ།། ཕུར་གསུམ་ཟུར་སྟེགས་མདུད་དང་གསུམ།། ལྷོ་རུ་འབྲུབ་ཁུང་ཚེར་མ་ཅན། ། གཞན་ནི་ཅི་རིགས་མཁས་པས་ཕྱིར།། མཆེ་བ་འཁོར་ལོའི་རྒྱུད་ལས།། ལས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བདུན་པའོ།། དེ་ནས་ཡང་དག་བཤད་བྱ་བ།། རྩ་བའི་གསང་སྔགས་འདི་དག་གསུང།། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུ~ཾ་མ་བྷྱོ་ཛ། ། ལས་ཀྱི་གཞུང་སྡུད་ཀྱི་སྔགས།། ཛ་ཏེ་ཕཊ།། བཛྲ་ཛར་ཏེ་ཕཊ།། བཛྲ་ཨེ་ཧིང་ཨེ་ཧིང།། ཏྲག་རག་ཤ་མུན་ཏྲ་མཱ་ར་ཡ་ཐུམ་ཡ།། ཁ་མུ་ཏྲ་རག་མོ་ཛ་མཱ་ར་ཐུམ་ཡ།། ཁང་ལ་མ་ཧི་བྷྱོ་རཀ་ཤ་མཱ་ར་ཐུམ་ཡ། ། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མཱ་ར་ཡ་ཐུམ་ཡ།། ཨོཾ་མ་མ་ཏྲག་རཀ་ཤ་མ་ར་ཡ་ཐུམ་ཡ།། ཙ་ལ་ཁ་ལ་མ་ཏི་མཱ་ར་ཡ་ཐུམ་ཡ།། སྙིང་ཟ་ལ་ཟ་ལའི་ཙིཏྟ་ལ་མཱ་ར་ཡ་ཐུམ་ཡ།། རག་ཤ་མུ་ཏྲ་བྷྱོ། ། མཱ་ར་ཡ་ཐུམ་ཡ།། ཨོཾ་རུ་རུ་རོ་རུ་མཱ་ར་ཡ་ཐུམ་ཡ།། རུ་རུ་རག་ཤ་མཱ་ར་ཡ་ཐུམ་ཡ།། རུ་རཀ་ཤ་རག་ཤ་མཱ་ར་ཡ་ཐུཾ་ཡ།། རུ་ལུ་རུ་ལུ་རག་ཤ་མཱ་ར་ཡ་ཐུཾ་ཡ།། སྙིང་ཁ་རག་ནིར་ཤས་ར་ཡ་ཐུཾ་ཡ།། རུ་ལུ་རག་ཤ་ཏི་ནི་མཱ་ར་ཡ་ཐུཾ་ཡ། ། རག་མོ་ཅཙ་ཤ་ཤ་མཱ་ར་ཡ་ཐུམ་ཡ།། སྙིང་ཁྲག་རྩ་ལ་མཱ་ར་ཡ་ཐུམ་ཡ།། བྱས་ནས་རྩལ་ཏེ་བྲི་བར་བྱ།། ཤིན་ཏུ་དབུས་ལ་བྲི་བར་བྱ།། ཞེས་པ་ནི་མ་བདུད་དཔོན་གཡོག་སྔགས་ཏེ། ། སྙིང་སྣ་ཚོགས་པའི་ནང་དུ།། བྱ་ནག་མོའི་སྒོ་ངལ་མིང་རུས་བྲིས་ལ་དཀྱིལ་ཆེན་པོའི་ཆོ་ག་ཤེས་པས།། ཞག་བདུན་དུ་བསྒྲུབ་པ་བྱས་པ་བྱང་ཤར་མཚམས་སུ་གཏོང་མ་གཏང་ལ།། ཚུབ་མ་ནག་པོའི་ནང་ནས་མ་མོ་བྱོན་པར་བསམ་ན་འཚོར་མི་སྲིད་དོ། ། ཁྲག་སྣ་ཚོགས་ཀྱི་གཏོར་མའི་ནང་དུ་བལ་ཚོན་ལྔ་བཅུག་སྟེ།། མིང་བྱང་ཡང་བཅུག་ལ་གོང་མ་བཞིན་དུ་བསྒྲུབས་ལ་ལྷོ་དང་བྱང་ཤར་གྱི་མཚམས་ནས་ཚུབ་མ་དམར་པོའི་ནང་ནས་བྱོན་པར་བསམས་ན་འཚོར་མི་སྲིད་དོ། ། རྟ་རེའུ་ཁྱིའི་ཐོད་པ་དང།། སྙིང་ཁྲག་ལྟོ་རྫས་སྣ་ཚོགས་དང།། དམའ་ཟ་འོག་མ་བཅུ་གསུམ་ལ།། གོང་མ་བཞིན་དུ་བསྒྲུབས་ལ།། བྱང་ཤར་མཚམས་ནས་ཚུབ་མ་སེར་པོའི་ནང་ནས་བྱོན་པར་བསམས་ན་འཚོར་མི་སྲིད་དོ། ། རབས་ཆད་དམ་ཕ་མེས་ཀྱི་ཐོད་པ་ལ།། དུག་དང་མི་ཁྲ་གིས་གཟུགས་མིང་བྲིས་ལ་བྱད་དུ་བཅུག་སྟེ།། མ་མོའི་གཏོར་མ་དང་སྦྲགས་ཏེ་ཞག་བདུན་དུ་བསྙེན་པ་བཅུགས་ལ། ། མ་བདུན་དཔོན་གཡོག་ལ་ཡང་མཛེ་དང་རིམས་ཐོང་ཞིག་པར་བསྒོ་ལ།། ཁང་པའི་གཉེར་གཏོད་གསུམ་བཙལ་བར་བྱ་ཁྱུང་གི་སྦྱོར་བས་གནན་ན་འཚོར་མི་སྲིད་དོ།། ནཱ་ག་ལེ་ན་ག་ལེ། ། སུམ་པ་ལེ་སུམ་པ་ལེ།། ཙིན་ཡ་ཙིན་ཡ།། ལེན་ཡང་ལེན་ཡང།། ཁ་ཤཾ་བཾ་ཁ་ཤཾ་བཾ།། མ་དུང་བྷྱོ་མ་དུང་བྷྱོ། ཞེས་བྱ་སྟེ།། འཕང་བཅུ་གསུམ་མདའ་བཅུ་གསུམ་དར་སྣས་བརྒྱན་ལ།། མེ་ལོང་བཅུ་གསུམ་གཏོར་མ་བཅུ་གསུམ་དུ་ཞག་བཅུ་གསུམ་དུ་བསྒྲུབས་ལ། ། ནད་དང་རིམས་ཐོད་བྱས་ནས་ཕྱོགས་བཞིར་བསྐྱལ་ན། མ་མོ་ནག་མོས་སྟོང་མི་སྲིད་དོ།། མཆེ་བ་འཁོར་ལོའི་རྒྱུད་ལས།། ལས་སྣ་ཚོགས་རིམ་པར་ཕྱེ་བའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རེ་མ་ཏི་ཡི་སྒྲུབས་པ་ནི།། ཟུར་བཞིའི་འོག་ཏུ་གཟུགས་བཞི་ལ།། མིང་དང་བཅས་ཏེ་གནན་པ་བྱ།། དེ་ནས་གྲུ་གསུམ་མཐིང་ནག་ལ།། དཔལ་ལྡན་རལ་གཅིག་ཕྱག་རྒྱ་དགོད། ། མུ་ཁྱུད་དཀར་དང་ཟླ་གམ་དམར།། མ་མོ་གསུམ་གྱི་ཐོད་པ་ལ།། རང་དང་ཕྱག་རྒྱའི་སྐུ་གཟུགས་བྲི།། མི་དབང་ཁྲག་དང་བྱང་ཆུབ་སེམས།། དཀར་ནག་ཆེན་དང་ཐལ་ཆེན་སེན།། རྨ་བྱའི་སྒྲོ་སྟེ་རོ་ཡི་སོལ། ། ཤ་ཁྲག་སྣ་ཚོགས་ཤིང་ལོ་དག། རླུང་ཁྱེར་ས་ལ་མ་རེག་རྣམས། དེ་དག་མཐུན་རྫས་དཔོན་གཡོག་གིའོ།། ལྷོ་རྫས་ཏར་ཀ་ཏ་དྲེའི་སྙིང།། ཤ་ཁྲག་ཁྲག་སྣ་སྣ་ཚོགས་དང།། མཐུན་པའི་རྫས་ཏེ་བ་ལང་གྱིའི། ། ཁྲིས་པ་འཕྱིན་པ་ལྟེ་བའི་ཁྲག། སྨྱུག་མ་ཚིགས་དགུ་བལ་ཚོན་བརྒྱན།། དེ་དག་ཤ་ཁྲག་ཁྲི་སྨན་གྱིའོ།། གཞན་ཡང་དར་མདུང་དག་ཀྱང་གཟུགས།། མཐོང་བའི་མི་གསུམ་བདག་ཕུར་གསུམ། ། རྡོ་རྗེ་ཐོ་བ་གདབ་ཕུར་གཡོན།། རྣམ་པའི་དྲི་དང་ཞལ་ཟས་དང།། རྣམ་པ་སྣ་ཚོགས་བསག་པར་བྱ།། སྤྲིན་ཆེན་གུར་དང་དར་ཆེན་གྱི།། ཡོལ་བ་དག་ཀྱང་དམར་བར་དགྲམ།། གྲུ་ཆད་མཐིག་དར་ཕུར་པ་བཞི། ། དམག་དཔོན་བཞི་ཡི་རྟེན་དུ་གཟུགས།། སྒོ་དང་སྒོ་ཁྱུད་ལྕགས་རི་དང།། རིག་པས་དག་ཀྱང་སྦྱར་བར་བྱ།། གཞན་ཡང་དག་དཔལ་ལྡན་མ་མོ་ལ།། གཏོར་མ་རེ་རེ་འཛའ་གད་དང། ཨ་མྲྀ་ཏ་དང་རག་ཏ་དང། ། དེ་ལ་སོགས་ཏེ་མཆོད་པའི་རྫས།། ཐམས་ཅད་རྒྱན་གྱིས་གཞག་པར་བྱ།། དེ་བཞིན་ཉིད་དང་སྙིང་རྗེ་དང།། རྒྱུ་སྟེ་དབང་ཆེན་གཞལ་ཡས་ཁང།། བདག་ཉིད་དཔལ་ཆེན་རལ་གཅིག་དང།། དུར་ཁྲོད་མ་མོ་དཔོན་གཡོགས་གསུམ། ། ཚུལ་བཞིན་དུ་ནི་ལེགས་པར་སྒོམ།། གཉིས་མེད་ཀྲི་ཡ་སྤངས་ནས་ཀྱང།། མཆོད་པ་རྫོགས་ནས་སྨོན་ལམ་གདབ།། བཟླས་པ་ཐུགས་དམ་རྒྱུད་བསྐུལ་ཏེ།། ཚོགས་དང་བཤགས་པ་ཚུལ་བཞིན་བྱ། ། དེ་ནས་ས་གྲུབ་བླང་བྱ་སྟེ།། བུ་གཞུག་དབང་བསྐུར་ཚུལ་བཞིན་བྱ།། ལས་རྣམས་ཚུལ་བཞིན་ལེགས་པར་བྱ།། མཆེ་བ་འཁོར་ལོའི་རྒྱུད་ལས།། མཎྜལ་རྫས་ཀྱི་ལེའུ་སྟེ་དགུ་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ། བཅོམ་ལྡན་འདས་བསེའི་བུ་མོ་བཞིའི་སྒྲུབ་ཐབས་དང་གསང་སྔགས་སའི་འཁོར་ལོ་དང།། དཀྱིལ་འཁོར་དང་རིམ་པར་ཆེ་བའི་ལས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཞེས་བོས་ནས།། བསེའི་བུ་མོ་བཞི་ནི་ཤིན་ཏི་མི་བསྒྲུབ་ཏེ།། སྒྲུབ་པ་ཤིན་ཏུ་དཀའ་ན།། བསམ་གཏན་ཆེན་པོ་དང་ལྡན་པས་བསྒྲུབ་པར་འདོད་ན། ། པདྨ་གེ་སར་འདབ་མ་བརྒྱད།། མཐིག་ནག་གྲུ་གསུམ་ཕུར་བུ་སྟེ།། རྡོ་རྗེ་གཞོན་ནུ་མངའ་གསོལ་དགོད།། པདྨ་དམར་མོ་ཕྱོགས་བཞི་རུ།། ཡ་ཕྱིན་དེ་ཕྱིན་བསེ་ཕྱིན་དང། ། ཕ་ཕྱིན་མདངས་ཚལ་པུ་ལ།། བཞིའི་དམ་རྫས་གསང་སྔགས་བྲི།། མཚམས་བཞིར་བློན་པོ་བཞི་བཀོད་དེ།། ས་བདག་རལ་གཅིག་བློན་མོ་དགུ།། ལྕགས་སྤྱང་མགོ་དགུ་བྲང་མིག་མ།། བཞི་པོ་བན་ད་གསང་བའི་སྔགས་བྲི། ། གྲུ་ཆད་སྒོ་ཁྱུད་དང་ལྡན་པ།། སྒོ་ལ་ཕོ་ཉ་མ་བཞི་སྟེ།། གྲུ་ཆད་ལ་ནི་མིང་པོ་བཞི།། ཚུལ་བཞིན་དགོད་བྱས་དེ་དག་ཏུ།། གཏོར་མ་སྨན་དང་རག་ཏ་དང།། རྒྱན་ལ་སོགས་པ་ཀུན་ཀྱང་བཤམས། ། མཚམས་དང་ཏིང་འཛིན་ཡེ་ཤེས་དང།། གཉིས་མེད་ཕྱག་དང་མཆོད་པ་རྫོགས།། དེ་ནས་བཟླས་པ་ཚུལ་བཞིན་བྱ།། འཕགས་པ་མཆེ་བ་འཁོར་ལོའི་རྒྱུད་ལས།། བསྒྲུབ་པ་ཚུལ་བཞིན་བྱ་བའི་ལེའུ་སྟེ་བཅུ་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། དེ་ཡི་གསང་པའི་སྔགས་རྣམས་དང།། ལས་ཀྱི་གསང་བ་གང་ཡིན་པ།། ཚུལ་བཞིན་ང་ཡིས་བཤད་པར་བྱ།། ཀུན་མན་ནི་རི་ཛ་ཛ་ཧཱུ~ཾ།། ཙ་མུན་དུ་རི་ཛ་ཛ། ། གཞུ་གཞུ་ད་རི་ཛ་ཛ་ཧཱུ~ཾ།། ཀཾ་ཀ་དར་རི་ཛ་ཛ་ཧཱུ~ཾ།། བསེའི་བུ་མོ་བཞིའི་རྒྱལ་མོ་བཞིའི་སྔགས་རྫོགས་སོ།། ཨོཾ་སུ་ཀྲི་བ་ཡ།། བ་ར་ཙིཏྟ།། སྦོ་ཀྱི་ཤ་རི།། ཡ་མ་ཙིཏྟ་ཧཱུ~ཾ་ཕཊ།། བློན་མོ་བཞིའི་སྔགས་སོ།། ཨོཾ་ཀྱི་ཁྲི་རོ་ལ་ཤ་ག་ཁྲག་འཐུང། ། ཀཾ་ཀཾ་ཀེཾ་ཀེཾ་ཀཾ་ཀཾ་ཡ།། ཙིཏྟ་མ་ལ་རོ་ལ་ཁྲག་འཐུང་ཀཾ་ཀཾ་ཀེཾ་ཀེཾ་ཀཾ་ཀཾ་ཡཾ།། སྙིང་ལ་ཟ་བའི་ཙིཏྟ་ལ་མ་ཤ་རོལ་ཁྲག་འཐུང།། ཀཾ་ཀཾ་ཀེཾ་ཀེཾ་ཀཾ་ཀཾ་ཡཾ།། ཡ་ཏ་པ་ར་ལ་ཧོ་ཤལ་ཀྱི་སྤྱང་ཏི་ཧ་ཧཱ་ཕཊ། ། ཤག་ཤག་རྒྱོབ་རྒྱོབ།། ཡཾ་ཡཾ་རྩ་ཙར་རྦད་རྦད།། གསང་བའི་སྔགས་བཞིའོ།། ཨོཾ་ཙི་བི་རི་ཙཀྲ་པ་ན་ས་མ་ཡ་ཚལ་བ།། ཨ་ནརི་ཏྲི་མཱ་ར་ཡ་ཨ་གུ་ཤ་ཛ་ཛ།། ན་ག་མཱ་ར་ཚལ་བ།། ཨ་ནརི་ཏྲི་མཱ་ར་ཡ་ཨ་གུ་ཤ་ཛ་ཛ། ། ཤུ་ཤུ་རཀ་ཤ་ཨ་ཡ་ཚལ་པ།། ཨ་ནརི་ཏྲི་མཱ་ར་ཡ་ཨ་གུ་ཤ་ཤ་ཛ་ཛ།། ཨ་བེ་ཤ་ཚ་ལ་བ།། ཨ་ནརི་ཏྲི་མཱ་ར་ཡ་ཨ་གུ་ཤ་ཛ་ཛ།། དགུ་པའི་སྔགས་བཞིའོ།། ཨ་སུ་ཏྲི་པ་ཡ་ཐུན་ཡ།། པ་ར་ཙིཏྟ་ཐུན་ཡ།། ཡོད་ཤི་དྲ་ཐུན་ཡ། ། ཡ་མ་ཙ་ཏ་ཐུན་ཡ།། ཐུན་གྱི་སྔགས་བཞིའོ།། ཨོཾ་བཛྲ་མུན་ཀར་མུ་ཏི་གྲི་ན་གྲི་ན། ཀ་བི་ར་ཙ་ཧཱུ~ཾ་ཕཊ་རྦད།། ཨོཾ་པྲ་བེ་ཤ་ཡ་ཨ་ཨ་བསྟིམ་པའོ།། ཨོཾ་ཕཊ་མེ་རེ་ཀུན་ད་རི་ཀའི་ཐུམས་རྦད།། བྲག་ཏི་སྨྲར་ཕཊ་རྦད། ། བསེའི་བུ་མོ་བཞི་རྩ་བའི་སྔགས་བཞིའོ།། རག་རག་རུ་རུ་ཕཊ་རྦད།། བལ་མོ་སྐྲ་ལ་དབང་བསྐུར་པའོ།། རྡོལ་ཕྲན་མུར་ཐུམས་ཕཊ་རྦད།། ཕུར་བུ་གདབ་པའོ།། ཏྲིག་ནན་ཏྲིད་ནན།། སྙིང་ཁ་རག་མ་རག་ན་ཕཊ་རྦད། ། བལ་མོ་འཁར་བ་ལ་དབང་བསྐུར་པའོ།། བསེའི་བུ་མོ་བཞིའི་རྒྱུད་ལས།། གསང་སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཤིན་ཏུ་དུར་ཁྲོད་རོ་གོས་ལ།། བརྒྱངས་ཏེ་བག་ཆུ་ཀར་གྱིས་བརྩི། ། ཀ་ཡི་ཏ་ཡི་ལེགས་བྱས་ལ།། ཚངས་ཐིག་གྲུ་གསུམ་ལེགས་བྱས་ཏེ།། ལོགས་གཅིག་ཐིག་བཅུ་གདབ་པར་བྱ།། དེ་བཞིན་ལོགས་ལ་བཅད་གདབ་སྟེ།། ཤིན་ཏུ་དབུས་ལ་གྲུ་གསུམ་པ།། ཟླ་གམ་བཞི་བཞི་ཁ་སྤྲད་དེ། ། སྒོ་བཞི་མཛེས་པར་རབ་བྱས་ཏེ།། ཤིན་ཏ་དབུས་མ་ཟླ་གམ་ན།། དམར་པོར་བྱས་ཏེ་ཁྱམས་ནི་གནག། ཁྱམ་གཉིས་དམར་དང་ཟླ་གམ་གནག། གསུམ་ལའང་དམར་པོ་ཟློག་གམ་ལྗང། ། སྒོ་ཁྱམས་གནག་སྟེ་ཟླ་གམ་ཡང།། རིགས་དང་སྦྱར་ཏེ་བྱ་བར་བཤད།། རོ་སྐྲའི་བིར་གྱིས་སྔགས་དགོད་དེ།། ཤིན་ཏུ་ལེགས་པའི་མཎྜལ་ལ།། འཁོར་ལོ་བརྐྱང་སྟེ་དགྲམ་པར་བྱ།། ཝ་ཡི་ཐོད་པ་བཞི་དག་ནི། ། ཁྲག་སྣ་གསུམ་གྱིས་ལེགས་བཀང་ལ།། དུག་གིས་དཔལ་བསྐྱེད་མཐའ་ནས་བཟློགས།། བཟླས་པ་ཟིན་ནས་ཐུན་འཕངས་ཏེ།། མིང་པོ་བཞི་པོ་བསྐུལ་ལ་བརྡེག། འཁོར་ལོ་བམ་ཐོད་རྡོ་བ་བཞི།། ཤུན་ཏུ་གཞན་འཕང་ཁྱིམ་དུ་གཞག། ཐེ་ཚོམ་མེད་ཅེས་དཔའ་བོས་གསུང།། བསེའི་བུ་མོའི་རྒྱུད་ལས།། འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་གཉིས་པའོ།། དེ་ནས་ཡང་དག་བཤད་བྱ་བ།། དེ་ནས་ཕུར་རུ་ནག་པོ་བསྒྲུབ་བྱ་བ་ན། ། ཕུར་རུ་ནག་མོ་མཎྜལ་སྟེང།། མཁར་ཤིང་དག་ཀྱག་དམར་བ་ལ།། མདུང་གི་ཚུལ་དུ་རབ་བཞོས་ཏེ།། ཕུར་དག་གི་ནང་དུ་སྭ།། ཧོཾ་ཁུང་གྲུ་གསུམ་ནང་དག་ཏུ།། གསང་བའི་ལྷ་མོ་མཆེད་དེ་བཞིན། ། གསང་བའི་སྔགས་དེས་དབང་བསྐུར་ཞིང།། དུས་གསུམ་མཆོད་དང་གཏོར་མ་གཏོང།། རྒྱུད་སྔགས་བལ་མོའི་དབང་བསྐུར་སྔགས།། རིམ་པ་རིམ་པས་ཕུ་རུང་དང།། དམུང་དུང་ཡུངས་ཀར་རྒྱལ་པོས་བསྣུན། ། རམ་ཁུ་དག་དང་རག་ཏ་ནི།། རྡོ་རྗེ་ཡང་ཕྱིན་རྫས་སུ་གཞག། མི་ཡི་ཚིལ་དང་རྐང་ཆེན་དག། རྡོ་རྗེ་དེ་ཕྱིན་རྫས་སུ་གཞག། རྡོ་རྗེ་མདས་མ་ཕོག་པའི་ཁྲག་དག་གམ།། མི་གྲིར་ཤི་བའི་མི་སྙིང་ཁྲག། བསེ་ཕྱིན་དག་གི་རྫས་སུ་གཞག། སྒྲང་སྒོད་རྡོ་རྗེ་ཕག་ཕྱིན་རྫས།། བསྐང་བ་རྨ་བྱའི་སྒྲོ་རེ་སྟེ།། སྐུ་བཞི་དམ་རྫས་མཐོང་བར་གཞག། ཤ་སྣ་ཁྲག་སྣ་བརྒྱ་རྩ་བརྒྱད།། བསེ་ཡི་ཕོར་སེར་བཞི་དག་ཏུ།། བདུད་རྩི་བླུགས་ལ་ལེགས་པར་བྱ། ། ལྷོ་རུ་འབྲུབ་ཁུང་ཚེར་མས་དགང།། ལིང་ཁ་དག་ནི་ལེགས་བྱས་ལ།། ཁྲག་ཐུན་དུག་ཐུན་གྲོད་པར་བླུགས།། བསེ་མདུང་བཞི་ནི་རུ་མཚོན་ཅན།། དེ་ནས་བཟླས་པ་ཚུལ་བཞིན་བྱ།། བཟླས་པ་རྫོགས་ནས་དགུག་པ་བཟླས། ། གཟུགས་ལ་བསྟིམ་སྟེ་བསྡུ་བར་བྱ།། ཕུ་རུ་ལྕགས་དང་བསེ་ཡི་མདུང།། ལིང་ག་དག་ལ་རེན་ཅིང་གདབ།། དར་མདུང་བཞི་ཡིས་གདབ་པར་བྱ།། དེ་ལྟར་བྱས་ནས་འཆིངས་འགྱུར་ཞེས། ། དཔའ་བོ་ཆེན་པོ་ང་ཡིས་བཤད།། མདུང་དམར་སྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བལ་མོ་སྐྲ་ཡི་བསྒྲུབ་པ་སྟེ།། གྲ་བོའི་སླ་ཡི་ཞགས་པ་ལ།། རྡོ་རྗེ་དམིགས་པ་ལྡན་བྱས་ཏེ། ། དབུས་ཀྱི་གྲུ་གསུམ་ནང་དུ་གཞུག། ལྷོ་ནུབ་དག་ཏུ་ལིང་ག་ནི།། འདྲ་འབག་གཞག་ལ་གཟུགས་བྱས་ཏེ།། གཞན་ཡང་ས་ལ་གཟུགས་བྱས་ཏེ།། བསེ་ཡི་བུ་མོ་མདངས་ལྡན་ཞིང།། ཤིན་ཏུ་མཁས་པས་ལྡམ་པོར་བྱ། ། རྣལ་འབྱོར་དཔའ་པོ་ཆེན་པོ་ཡིས།། ན་མ་ནི་ཕ་ཕྱེད་ཚུལ་ཕྱེད་ན།། གཏོར་མ་ཆེན་པོ་གཏང་བྱས་ཏེ།། ཤ་དང་ཉ་དང་ཁྲག། སྨན་དང་འབྲུ་དང་རྟེན་པའི་རྫས།། མཆན་དང་འཁུར་བ་བཟང་པོའོ་ཚོགས།། ཨོཾ་ཨཱཿཧཱུ~ཾ་དང་ཧོ་རྣམས་ཀྱིས། ། བསྲེག་དང་བདུད་རྩི་འོད་དུ་སྤྲུལ།། བདུད་རྩི་ཉིད་དུ་བྱིན་བརླབས་ཏེ།། དེ་ལ་རྟག་ཏུ་གཏོར་མ་གཏད།། ཨོཾ་ཀུ་མན་ནི་རི་རི་ཛ་ཛ་ཧཱུ~ཾ།། བ་ལིང་ཁ་ཁ་ཁཱ་ཧི།། དེ་སྐད་ཅེས་ནི་སྦྱར་བྱ་སྟེ།། རྒྱུ་དང་ལྡན་ན་ཆེན་པོ་གཏང། ། རྒྱུ་མེད་ན་ནི་ཆུ་ཡང་སྦྱིན།། དེ་ལ་འབད་པ་ཆེན་པོ་ཡིས།། ཏིལ་གྱི་མར་མེ་གཏང་ཉེ་ནི།། ག་བུར་དང་ནི་གླ་རྩི་ཡི།། དྲི་ཞིམ་སྤོས་ཀྱི་དུད་ཀུན་གཏང།། ཁྲག་ཆེན་དང་ནི་ཨརྒའི་ཚུལ། ། བདུད་རྩི་དྲི་ཆུ་ན་ལ་གནས་པ་ཡི།། བྱུག་པ་མེ་ཏོག་ནག་པོས་མཆོད།། ཨོཾ་ཀུ་ནན་མན་རི་ཛ་ཛ་ཧཱུ~ཾ།། བཛྲ་དྷཱུ་བ་གྲྀ་ན་ཧོ།། བཛྲ་གནྡྷ་གིང་གྲྀ་ནི་ཧོ།། བཛྲ་གནྡྷ་གྲྀ་ཧོ།། བཛྲ་པུཥྤ་གྲྀ་ན་ཧོ།། ཞེས་པ་རང་རང་རྩ་བར་སྦྱར། ། དེ་ནས་འབད་པས་བཟླས་བྱས་ན།། ཞགས་པ་འགུལ་ལམ་འབར་སོའི་ཚུལ།། དེ་ནས་ཞགས་པ་འགུལ་བ་ན།། ཁམས་གསུམ་སྡུད་པ་བུད་མེད་བཅས།། ཛ་ཡི་སྦྱོར་བས་འགུགས་པར་ངེས། ། འབར་ན་གྲི་བོ་དགྲ་བོ་འགུགས།། དྲོ་ན་ཀླུ་ཡི་བུ་མོ་འགུགས།། དེ་ནས་ཞགས་པ་དེ་སྤངས་ལ།། ཉིན་རེ་རྟག་ཏུ་མཆོད་པ་དབུལ།། ཞགས་པ་སྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། མི་ཡི་མར་ཁུས་ཐོད་པ་དགང།། པུ་གྲི་པ་ཡེ་ཞེས་པ་ཡིས།། ཐོད་པ་དེ་ཡི་ཁ་སྐོར་བྲི།། ཤར་དུ་ཐོད་པ་ཁ་ཤར་བསྟན།། དུས་གསུམ་མ་གྲུབ་བར་དུ་མཆོད།། གོང་གི་བྱ་བ་རྫོགས་པ་དང།། མར་ཁུ་དེ་ལ་མེ་ཏོག་བརྒྱད། ། ལྷ་མོ་རལ་གཅིག་དངོས་གྲུབ་འབྱུང།། དེ་ལ་མེ་ཏོག་བཞི་དག་ནི།། ལྷ་མོ་དེ་ལ་དབུལ་བར་བཤད།། བཞི་ནི་བདག་གི་མགོ་ལ་གཞག། དངོས་གྲུབ་གསོལ་ཅིག་ཅེས་པས་གདབ།། དེ་ནས་དྲག་པོའི་དངོས་གྲུབ་སྟེ། ། དེ་ཐོབ་སྐད་ཅིག་མི་བཟློག་པས།། མཱ་ར་ཡ་ཡི་སྒྲ་བཅས་དང།། ལྷ་དང་ཀླུ་དང་མི་ཆེན་འཆི།། ཕྲ་མོ་གཞན་ལྟ་སྨོས་ཅི་དགོས།། གཞན་ཡང་ཞག་གི་བསྒྲུབ་པ་བྱ་བ།། མི་རྐང་དེ་བཞུ་བསེ་ཕོར་ཏེ། ། ལྷོར་བལྟོས་གཏོར་སྣོད་ལྷོར་གཞག་ལ།། བ་རི་ཙི་ཏི་བྲིས་བྱས་ལ།། མཆོད་པ་བྱ་བ་རྫོགས་པ་དང།། ཞག་དེ་རྩེ་གཅིག་སྒྲ་འབྱིན་ཅིང།། ཁོལ་ལམ་རླངས་པ་འབྱུང་བར་ངེས།། མཚན་མ་དེ་བྱུང་སྲིན་མཐེབ་ཀྱིས། ། ཞག་དེ་བླངས་ལ་ནག་མོ་ནི།། ཀློང་དགུ་མ་ལ་དབུལ་བར་ཤིས།། དེ་ནས་བདག་བཏུང་དངོས་གྲུབ་འགྱུར།། དེས་ཐོབ་པུས་ཏིང་ཀུ་རུའི་སྒྲས།། བདག་གི་དབང་ཐང་ཆུང་སྲིང་དག།། ཡོན་ཏན་ཚེ་སྲོག་འཕེལ་བར་བྱེད། ། གཞན་ཡང་རག་ཏ་བསྒྲུབ་བྱ་བ།། མི་ཡི་སྙིང་ཁྲག་པ་མེད་དྲང།། ཡོ་གི་ཤོ་རི་བྲི་བར་བྱ།། ནུབ་ཏུ་དེ་གཞག་ནུབ་ཏུ་བསྟན།། མཆོད་པ་འདས་པ་གོང་བཞིན་བྱ།། རྫོགས་དང་ཁྲག་ལ་དམར་ཐིག་གོ།། མེ་ཏོག་འབྱུང་ངམ་ཁོལ་བར་ངེས། ཕུད་གཅད་ལྷ་མོ་ལ་དབུལ་རང་ཉིད་བཟའ།། སྤྱང་མོ་མགོ་དགུ་དངོས་གྲུབ་སྩོལ།། དེ་ནས་ཁམས་གསུམ་གནས་པ་ཡིས།། བུ་མོ་དབང་འགྱུར་རྒྱལ་མོའང་འགྱུར།། པ་ཤང་ཀུ་རུ་རྩ་བའི་སྒྲས། ། གཞན་མའི་དགོས་པ་གྲུབ་པར་ངེས།། དེ་ནས་འོ་མ་བསྒྲུབ་བྱ་བ།། འོ་མ་བཟང་པོ་ག་པུར་བཅས།། དངུལ་གྱི་ཕོར་པར་གཞག་བྱས་ལ། ཡ་མ་ཙིཏྟ་དེ་བྲིས་ལ།། བྱང་དུ་ཁ་བལྟས་བྱང་དུ་གཞག། མཆོད་པ་བཟླས་པ་ཚུལ་དུ་རྫོགས། ། འོ་མ་རོ་མཆོག་བརྒྱ་ལྡན་འགྱུར།། གཏོར་དང་བཏུང་བ་ཚུལ་བཞིན་བྱ།། ནག་པོ་བྲམ་མིག་དངོས་གྲུབ་བླང།། དེས་ཐོབ་ཤ་ན་ཏིང་ཀུ་རུའི་སྒྲས།། མི་མཐུན་ཕྱོགས་རྣམས་ཞི་བྱེད་དོ། ། བསེའི་བུ་མོའི་རྒྱུད་ལས།། ལས་རྣམ་བཞི་བསྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་དག་དགོངས་པ་ནི།། དམ་ཚིག་བསྲུངས་ཏེ་དུས་རྟག་ཏུ།། ལྷ་མི་སྤང་ཞིང་མཆོད་མི་བཅག། བྲིས་སྐུ་མི་བསྟན་ཡི་དམ་གསང། ། མར་ཁུ་བཏུང་ཞིང་ཞག་དག་གིས།། དྲུག་དང་བརྒྱད་དང་བཅུ་བཞི་ལ།། དེ་ལ་ལུས་ནི་སྐུ་བསྙེན་བྱ།། རྡོ་རྗེ་མདའ་མ་ཕོག་པའི་རག་ཏ་ཡིས།། བྲིས་སྐུ་བྲིས་ཧེ་དུས་རྟག་ཏུ།། འོ་མས་ལུས་པོ་བཀྲུ་བར་ཤིས། ། རྟ་ལ་ཞོན་ཞིང་བསེ་ཁྲབ་བགོ། གཡས་སུ་ཞགས་པ་གཡོན་དུ་ཕུར།། དུས་རྣམས་རྟག་ཏུ་འབྲལ་མི་བྱ།། བླ་མ་སྐུར་ཞིང་བསྟན་པ་ལ།། གནོད་པ་དག་ཀྱང་སྒྲོལ་བར་བྱ།། གྲོང་དང་འདུ་འདི་དག་གི་ནི། ། ཟས་དང་བུད་མེད་ཆགས་མི་བྱ།། ཡིད་གཉིས་ཐེ་ཚོམ་སྤང་པར་བྱ།། དགོན་པར་གཉིས་སྤངས་ཡི་དམ་ལ།། སེམས་ཕྱོགས་དངོས་གྲུབ་བསྒྲུབ་པར་བྱ། བསེ་འཛབ་བགྲང་ཞིང་སངས་རྒྱས་སྒོམ།། བསེ་འཕྲེང་བགྲང་ཞིང་བསེ་རྔ་བརྡུང། ། བསེ་གླིང་བུད་ཅང་རྒྱལ་མཚན་བསྒྲེང།། བསེ་ཡི་དཀྱིལ་འཁོར་བྲི་བར་བྱ།། བསེའི་བུ་མོའི་རྒྱུད་ལས།། དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་བསེ་ཡི་བུ་མོ་ལ། ། རིམས་སམ་ནད་རྣམས་མེད།། རེ་མ་ཏི་ལ་ཚ་བའི་ནད་མེད་ནས།། དཔལ་ཆེན་པོས་ནད་རྗེས་ལ་བསྟན་པ་སྲུངས་ཤིག་ཅེས་གསུངས་པས།། རེ་མ་ཏིས་སྔོ་སྣ་དམར་གྱིས་རྐྱལ་པ་ནས།། ནད་ཀྱི་རྣམ་གྲངས་ཚོན་གྱི་གྲུ་གུ་ཁུང་ཅིག་ཏུ་འཐུལ་ནས་བསེའི་བུ་མོ་བཞི་ལ་བྱིན་ནོ། ། བསེའི་བུ་མོ་མེ་ཏོག་རྒྱུན་ན་སྐྱེས་པའི་རྒྱལ་མོ་བཞིས།། ཁ་རླངས་དང་སྣ་རླངས་ལ། ས། ཚ་བའི་ནད་བྱང་མར་ཀུས་ཀྱི་བམ་པོ་གཅིག་ཏུ་བྱས་ནས་རེ་མ་ཏི་ལ་བྱིན་ནོ། ། རོག་མོ་བྱས་སངས་རྒྱས་ཀྱི་བསྟེན་པ་བསྲུང་ངོ།། ཞེས་ཁས་བླངས་ཤིང་ནང་གི་ཆད་བྱས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཆོས་སུ་བྱིན་གྱིས་བརླབས་ནས།། ཆོས་རྒྱ་པོ་འདི་ཟུང་ལ་ཆོངས། ། ཆོངས་གླེགས་བམ་དུ་སྣང་བར་གྱིས་ལ།། འཛམ་བུ་གླིང་གི་བསོད་ནམས་དང་ལྡན་པའི་རྒྱལ་པོ་ཛའི་ཁང་སྟེངས་སུ་བབས་པར་གྱིས་ཤིག། ཅེས་གསུངས་པ་ན་ཆོས་ཀྱིས་ཁས་བླངས་སོ།། དེ་ནས་འདུས་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རངས་ཏེ་ཞལ་ནས་གསུངས་པ་ལ་མངོན་པར་བསྟོད་དོ། ། བསེའི་བུ་མོ་རྒྱུད་ལས།། ནད་རྗེས་པ་དང་གཞུག་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། རྫོགས་སོ།། རྒྱ་གར་གྱི་སློབ་དཔོན་ཤ་ཏཾ་གར་བྷ་དང། ། པ་ཀཱ+ོ་བཻ་རོ་ཙ་ནས་བསྒྱུར།།
CLOSE WINDOW