Wylie |
རྒྱ་གར་སྐད་དུ།། ཨཱ་རྱ་དེ་བི་ཀཱ་ལི་ཨེ་ཀ་འདའ་ན་མན་ཏྲ་ཏན་ཏྲ།། བོད་སྐད་དུ།། འཕགས་མ་ལྷ་མོ་ནག་མོའི་རོ་ག་ནག་མོའི་གསང་སྔགས་ཀྱི་རྒྱུད་ཅེས་བྱ་བ།། བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང།། གསུང་དང།། ཐུགས་མི་ཕྱེད་པའི་རྒྱལ་པོ།། ཡུམ་གྱི་མཁའ་ཆོས་ཐམས་ཅད་མི་ནུབ་པའི་དཀྱིལ་ན་ཐིག་ལེ་ཆོས་ཉིད་ངང་ལ་བཞུགས་སོ། ། ཉིས་ལས་མི་གཞན་པའི་འཁོར་ཁྲག་འཐུང་འབར་བའི་ཚོགས་བསམ་གྱིས་མི་ཁྱབ་པ་དང།། གཞན་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང།། དེ་དག་ལ་སོགས་པའི་མ་མོ་བསམ་གྱིས་མི་ཁྱབ་པ་དང། ། གནོད་སྤྱིན་མོ་དང།། ཤ་ཟ་ཁྲག་འཐུང་སྲིན་མོ་ལ་སོགས་པའི་འཁོར་བསམ་གྱིས་མི་ཁྱབ་པ་དང།། གཉིས་སུ་མེད་པའི་དོན་མ་མཐོང་བ།། སྙིང་རྗེ་དང་བྲལ་བ། ། འཇིགས་པ་སྐྱེ་བ།། བ་སྤུ་ལྡང་བ།། ཤིན་ཏུ་ཁྲོ་བ།། གཏུམ་པའི་ཤུགས་དང་ལྡན་པ།། སེམས་ཅན་རྣམས་ལ་རྣམ་པར་འཚེར་བ།། ཁ་རླངས་དང་སྣ་རླངས་ཀྱི་ནད་ངན་སྣ་ཚོགས་གཏོང་བ།། བརྡ་མི་ཕྲད་པ་དག་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་འཇིག་རྟེན་ན་བྲན་མོའི་རང་བཞིན་རེ་མ་ཏི་ཞེས་བྱ་བ་གཅིག་གནས་ཏེ།། བཅོམ་ལྡན་འདས་དཔལ་བཛྲ་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ།། ཧི་ཧི་དཔའ་བོ་ཧེ་རུ་ཀ། སྲིད་པ་གསུམ་ན་དབང་ཆེ་བ། ། ང་ཉིད་ཡིན་ཏེ་ཐམས་ཅད་སྒྲོལ།། སྒྲོལ་མ་དཔའ་བོ་བདག་ཉིད་ལ།། དབང་བསྐུར་དམ་པ་རྫོགས་པར་མཛོད།། ཧེ་རུ་ཀ་ཡིས་བཀའ་སྩལ་པ།། སྲིན་མོ་གདུག་མོ་སྒྲོལ་མ་ཡིས།། བུདྡྷའི་བསྟན་པ་འཇིག་པ་དང། ། ཆོས་འཁོར་གཉན་པོ་འཇོམས་པ་དང།། དགེ་འདུན་ཆེ་བ་སྨོད་པ་དང།། རྣལ་འབྱོར་སྲོག་ལ་འབེབས་པ་རྣམས།། ཁྱོད་ཀྱིས་རབ་ཏུ་སྒྲོལ་བར་གྱིས།། བསྟན་ལ་གནོད་ཅིང་སྨོད་པ་རྣམས་ཕལ་ཆེར་བསྒྲལ་ཏེ་བསྟན་པ་བསྲུང་ཞིང་ལས་ཀུན་བྱེད་པའི་བདག་ཉིད་དུ་གྱུར་ཏོ། ། འཕགས་པ་ལྷ་མོ་སྐུ་གཅིག་མ་རོག་ནག་མོའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟྲེ་དང་པོའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ། བཅོམ་ལྡན་འདས་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ།། གདུག་མོ་རེ་ཏི་སྒྲུབ་པའི་གནས་ནི་གང།། སྒྲུབ་པའི་དཀྱིལ་འཁོར་ནི་གང།། བསྟེན་པའི་དམ་རྫས་གང།། སྲོག་གི་སྙིང་པོ་ནི་གང།། གསད་པར་བྱ་བའི་མཎྜལ་ནི་གང། ། ཕུང་བར་བྱེད་པའི་དམོད་པའི་མཚོན་ཆ་ནི་གང།། བསད་པའི་མཐུ་ནི་གང།། བསྒྲུབ་པའི་དུས་ནི་གང་ལགས།། མཚན་གྱི་རྣམ་གྲངས་ནི་གང་ལགས།། ཧེ་རུ་ཀས་གསུངས་པ། ། ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག། གདུག་བྱེད་མོ་རེ་མ་ཏི་སྒྲུབ་པའི་གནས་ནི།། རི་ཟླུམ་པོ་ལ་ཕུག་ཟབ་མོ་ཡོད་ལ་འམ།། བྲག་དམར་ཆོལ་ཟངས་འདྲ་བ་འམ།། ཁང་རུལ་ནག་པོའམ།། ངམ་གྲོག་གམ།། ངམ་ཕུག་གམ། ། ཆུ་འགྲམ་མམ།། ཤིང་རྐང་གཅིག་ཡོད་པ་འམ།། བྱང་རི་མཐིན་པོ་ཡོད་པའི་ས་ཕུག་ཉམས་དགའ་བར་བྱ།། བསྒྲུབ་པའི་དཀྱིལ་འཁོར་ནི།། གྲུ་གསུམ་མཐིང་ནག་ལ་ཐོད་འཕྲེང་དང་མེ་རི་སྒོ་དང་སྒོ་ཁྱུད་དུ་བཅས་པའོ། ། བསྟེན་པའི་དམ་རྫས་ནི།། མཚོན་གྱིས་བསད་པའི་སྐྱེས་པའི་སྙིང་དང།། མཁལ་མ་ཁྲག་མཆིན་དང།། མི་དབང་སྨིན་པའི་འབྲས་བུ་དང།། རག་ཏ་མཚལ་ཏིག་རྣམ་གསུམ་དང།། སྲུབ་མའི་ལོ་མ་རྡོ་སོལ་བཅས། ། སེམས་ཀྱི་རྩ་ལམ་མ་ཉམས་པ་རྣམས་སོ།། སྲོག་གི་སྙིང་པོ་ནི།། ཨོཾ་བཛྲ་ཁ་རག་སྙིང་ཁ་རག། ཏྲག་རག་ཤ་ཙ་མུན་ཙག་ཤ།། ཏྲག་རཀྴ་ཁ་མུན་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ།། གསད་པའི་དཀྱིལ་འཁོར་ནི།། དཀྱིལ་འཁོར་དབྱིབས་ནི་གྲུ་གསུམ་ལ། ། མཐིང་ནག་ཟླ་གམ་གསུམ་ལྡན་ནོ།། གྲུ་གསུམ་སྟེང་དུ་ཟླ་གམ་མོ།། ཟླ་གམ་སྟེང་དུ་གྲུ་གསུམ་བརྩིག། ཟུར་གསུམ་ལ།། མཐིང་ནག་ཟླ་གམ་གསུམ་ལྡན་ནོ།། གྲུ་གསུམ་སྟེང་དུ་ཟླ་གམ་མོ། ། ཟླ་གམ་སྟེང་དུ་གྲུ་གསུམ་བརྩིག། ཟུར་གསུམ་ལ་ཐོད་པ་གནན།། མཐའ་མ་རཀ་ཏའི་རྒྱ་མཚོར་བཅས་པའོ།། ཕུང་པར་བྱེད་པའི་དམོད་པ་ནི།། ཁྲག་གཤམ་དུན་རྦད།། སྙིང་ཁ་ལ་རྦུད་བྷྱོ།། མཱ་ར་ཡ་ནརི་ཛཱ་ཛཱ། ། དུ་ཡཾ་ཚལ་པ་རྦད།། ཤག་ཤག་ཐུཾ་ལྟེ་བྲོས་པས།། ཁྲག་ཤ་རི་ཙིཏྟ་རྦད།། ཐུམས་ལིས།། སྙིང་རྩ་འདུ་འདུ།། སྲོག་ཕྲིག་ཤམ་ཁྱེར་ལུགས་རྦད།། ཐུམས་ཐུམས་འདུ་འདུ་རྦུད་རྦུད།། གསད་པའི་ཐུན་རྫས་ནི། ། ཤར་གྱི་གྲུ་གསུམ་ལ་དུག་སྣ་ཚོགས་ཀྱི་ཐུན།། བྱང་དུ་མིའི་ཟན་ཟུར་གསུམ་དུ་བྱས་ལ་ཁམས་བུའི་ཐུན།། ལྷོར་ཁྲག་སྣ་ཚོགས་ཀྱི་ཐུན་དང།། སྙིང་དང།། ཕུར་པ་རྣམས་གཞག་གོ།། དུས་ནི་ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་དང་བཅཱ་ལྔ། ། མར་ངོའི་ཉི་ཤུ་གཉིས་ཀྱི་ནུབ་མོ་གདོན།། མཚན་གྱི་རྣམ་གྲངས་ནི། དམར་མོ་ཟ་བྱེད་མ་ཞེས་ཀྱང་བྱ།། དཔལ་ལྡན་ཞེས་ཀྱང།། དུང་སྐྱོང་མ་ཞེས་ཀྱང་བྱ།། འཁྲུག་བྱེད་མ་ཞེས་ཀྱང་བྱ། ། གནོད་སྤྱིན་མོ་མཐུ་མོ།། ཞེས་ཀྱང་བྱ།། དུས་མཐའ་སྡུད་བྱེད་མ་ཞེས་ཀྱང་བྱ།། དཔལ་ལྡན་ནག་མོ་རེ་མ་ཏི་སྐུ་གཅིག་མ་ཞེས་ཀྱང་བྱའོ།། འཕགས་མ་ལྷོ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། དཀྱིལ་འཁོར་དང། ། དམ་རྫས་དང། སྲོག་སྙིང་གདུག་པའི་དམོད་མོ་དང།། བཅུ་བཞི་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བསྙེན་ཅིང་བསྒྲུབ་པ་བྱ་བ་ནི།། གནས་བཀྲ་ཤིས་ཤིང་ཡིད་དུ་འོང་བར། ། ཚེས་གྲངས་དང་དུས་ཚོད་མཐུན་པར་བྱས་ལ།། བསྙེན་བསྒྲུབ་ཀྱིས་ལས་བྱ་སྟེ།། སྒྲུབ་པའི་དཀྱིལ་འཁོར་ནི་མོ་གྲིར་ཤི་བའི་ཁྲག་ཟགས་པའི་ས་འམ།། རོ་སྦས་པའི་ས་ཕུང་ངམ། ། འཁྲུག་པ་འཕམ་རྒྱལ་བྱུང་བའི་མི་བསད་པའི་ཁྲག་ཟགས་པའི་ས་འམ།། མི་པ་ཚན་ཆེན་པོའི་རོ་བསྲེགས་པའི་ས་བླངས་ལ།། དཀྱུ+ིལ་འཁོར་གྱི་དབྱིབས་འདོམ་གང་གྲུ་གུསམ་དུ་བརྩིགས་ལ།། གྲུ་ཅིག་བྱང་ཤར་དུ་བསྟན། ། གྲུ་ཅི་ཧོར་དྲང་པོར་བསྟན།། གྲུ་ཅིག་ནུབ་བྱང་གི་མཚམས་སུ་བསྟན།། སྟེགས་བུ་རིམ་པ་གསུམ་དུ་བྱ།། སྟེགས་བུ་བར་མ་ཟླ་གམ་དུ་བྱ།། ཟུར་གསུམ་གྱི་འོག་ཏུ་ཐོད་པ་གསུམ་གཞུག། རངས་པ་མེད་ན་དུམ་བུ་གསུམ་གཞུག། ཐོད་པའི་དཀྱིལ་གྱི་ཞབས་སུ་ཡ་ནག་པོ་རྡོ་སོལ་གྱི་བྲིས་པ་དང།། མ་དམར་མོ་ཁྱི་ཁྲག་གིས་བྲིས་པ་གཞུག། ནང་རིམས་བཙག་གིས་བྱུག། ཤར་གྱི་ཟླ་གམ་མ་དུག་སྣ་ཚོགས་ཀྱི་བྱུག། བྱང་ཕྱོགས་ཀྱི་ཟླ་གམ་ཕག་ཁྲག་གིས་བྱུག། ནུབ་ཕྱོགས་ཀྱི་ཟླ་གམ་མི་ཁྲག་གིས་བྱུག། དེ་ལྟར་གསུམ་གྱིས་འགོ་མ་ཡང་བྱེ་མ་ཕྱིན་མ་དཀྱིལ་འཁོར་གྱི་ཞལ་རྡོ་སོལ་གྱིས་བྲིས།། དེའི་སྟེང་དུ་མཆོད་རྫས་དང་ཐུན་རྫས་དགྲམ་པ་ནི། ། དབུས་དུ་མཆོག་ཕུར་རམ།། སེང་ལྡེང་གི་ཕུར་བ་སོར་གཅིག་གི་ཚད་དུ་བྱས་པ་གཅིག་གཟུགས།། དེའི་མགུལ་དུ་ཙིཏྟ་གདགས།། སྐྱེར་བ་འམ།། ཚེར་ནག་ཅན་གྱི་ཤིང་ལ་སོར་དགུའི་ཚད་དུ་བྱས་ལ་བདུན་གྲཝ་མཚམས་སུ་དགྲམ་མོ། ། ཞིང་གི་རྒྱུ་མ་འམ།། གཅན་གཟན་གྱི་རྒྱུ་མ་ཕྲ་མོར་བཀལ་ལ་སུམ་སྒྲིག་དུ་བྱས་པ་ཅིག་མའི་ཐུགས་ཀར་སྙིང་པོ་བྲུས་ལ་གདགས།། རྩེ་མོ་གཅིག་དབུས་ཀྱི་ཕུར་བུ་ལ་གདགས། ། ཤར་དུ་བན་ད་རག་ཏས་བཀང་བ་གཅིག་དང་དུག་སྣ་ཚོགས་ཀྱི་ཐུན་གཏོར་གཞག་བྱང་དུ་བསྟན་པར་བཞུགས་སུ་གསོལ་བའི་ཐུན་གཏོར་ན།། སྲུབ་མའི་འབྲས་བུ་དང།། པྲ་བོ་དང།། རམ་བུ་དང། ། ནས་ནག་དང།། ཏི་ལ་ནག་པོ་དང།། སྐེ་ཚེ་རྣམས་ལ་ཟུར་གསུམ་དུ་བྱས་པ་བརྒྱ་རྩ་དགུ་གུར་ཀུམ་གྱི་ཆུས་བརྫིས་ལ།། ངོས་ཅིག་རཀ་ཏས་བྱུག། ངོས་ཅིག་ལ་དགྲ་བོའི་མིང་རུས་རྡོ་སོལ་གྱི་བྲི།། ཤིང་ལོ་ལ་དགྲ་བོའི་མིང་བྱང་བྲིས་ལ་ཐུན་གཏོར་དེའི་ནང་དུ་གཞུག། ཙིཏྟ་རྩ་བ་མ་ཉམས་པ་དང།། ཤིང་ཁའི་མཚལ་ཏིག་མ་ཉམས་པ་དང།། སྨན་སྣ་ཚོགས་པ་དང།། དྲི་སྣ་ཚོགས་པ་དང།། འབྲུ་སྣ་ཚོགས་པ་དང།། མེ་ཏོག་སྣ་ཚོགས་པ་དང། ། མི་དབང་སྨིན་པའི་འབྲས་བུ་དང།། ཤིང་ལོ་རླུང་ཁྱེར་ས་ལ་མ་རེག་པ་ལ་སོགས་ཏེ།། རྫས་ཕག་བན་ད་ལྕང་ལོ་ཅན་གྱི་ནང་དུ་ཆང་བླུགས་ལ།། མི་དབང་སྨིན་པའི་འབྲས་བུའི་ཤ་ཕྱེད་བསྐམས་ལ་ཕྱེ་བཏགས་ལ་བླུགས་ལ་གཞག། ནུབ་ཀྱི་ཟླ་གམ་ལ་རྒྱུན་གཏོར་ཁམ་བུ་ཟུར་གསུམ་བཅུ་དགུ་བྱས་ཏེ་རག་ཏས་བཀང་ལ་གཞག། ལྷོ་ཕྱོགས་ཀྱི་ཟོར་ལ་གང་ལ་བྱ་བའི་གཟུགས་བྲིས་ལ་གཞག། དཀྱིལ་འཁོར་གྱི་མཚམས་གསུམ་དུ་བན་ད་རག་ཏས་བཀང་བ་གསུམ་གཞུག་གོ། དེ་ནས་དྲག་པོའི་ལས་བྱེད་ན།། གང་ལ་བྱ་བའི་གཟུགས་རས་ས་མ།། ཤིང་ཤུན་ལ་བྱས་ལ།། གྲོག་དམར་པོས་གཟུགས་གཡོགས་ལ། ། སྙིང་པོ་ར་ཕག་གི་སྤྱང་ཁུ་དང་གཅན་གཟན་སྣ་ཚོགས་པའི་ཁྲག་བསྲེས་ལ།། སྤྱི་བོར་ཨོཾ་བྲིས།། སྙིང་ཁར་ཧཱུ~ཾ་དམར་པོ་སྒྲིམ་མའི་བར་དུ་ཧྲི་གཞུག། འདོམས་སུ་ཕཊ་ནག་པོ་བྲི།། སྤྱི་བོའི་ཨོཾ་འོད་དུ་འཕྲོས་པ་ལས། ། དེའི་སེམས་ཤི་བར་བསམ།། སྙིང་ཁར་ཧཱུ~ཾ་ལས་ཁྲོ་བོ་གྲངས་མེད་པར་འཕྲོས་པས་བཀྲག་དང་གཟི་མདངས་ཕྲོག་པར་བསམ།། འདོམས་ཀྱི་ཕཊ་ལས་མ་མོའི་སྤྲུལ་པ་གྲངས་མེད་པ་ལག་ན་ལྕགས་ཀྱུ་ཁ་དགུ་ཐོགས་ནས་བུ་ག་དགུ་ནས་བཟུང་སྟེ་སོང་བར་བསམ་ལ། ། བྱང་ཕྱོགས་ནམ་མཁའི་སྟོང་ནས་བསྐུལ་ལ།། རང་གི་སྙིང་ཀ་ལས་འཕྲོས་པར་བསྒོམས་ལ།། དགྲ་བོ་མངོན་སུམ་པར་བཀུག་ལ།། དུག་གཏོར་ལ་དབབ་ཅིང་དགྲ་བོ་དེ་གནས་པར་བྱའོ། ། དགུག་པའི་དུས་བསྟན་པ་ནི་སྔ་དྲོ་དང།། ཉི་མ་ཕྱེད་དང།། ནུབ་ཀའོ།། ནུབ་གཅིག་ལའང་སྲོད་དང་སྐྱ་རེངས་ཤར་ཀར་དྲང་ངོ།། དགུག་པའི་ལས་ཀྱང་རླུང་ནག་ཚུབ་མའི་ནང་དུ་བཅུག་སྟེ་ཁུག་པར་བསམ་ལ་སྔ་མའི་དགྲ་བོ་དེ་གཟུགས་ལ་ཕབ་སྟེ། ། ཁོའི་གཟུགས་དང་སེམས་ཤག་གི་བྱེ་བར་བསམ་ལ།། དེ་དང་དབྱེར་མེད་པར་མངོན་སུམ་དུ་དམིགས་ལ་ཕྱག་རྒྱ་བཞི་བཅས་ཏེ།། ཡེ་ཤེས་ཀྱི་ལྷ་མོ་ལྕགས་ཀྱུ་ཅན་ཏེ་བདག་གི་ལྟེ་བའི་དཀྱིལ་འཁོར་ལ་མེ་དཔུང་དུ་འབར་བ་ནས། ། གནམ་ལྕགས་ཀྱི་ཁང་པ་དེའི་ནང་ན་བཞུགས་པར་བསམ་མོ།། ལྷ་མོ་ནག་མོ་བྱང་ཤར་མཚམས་ན་བརྟན་པར་བཞུགས་སུ་གསོལ་ལོ། ། སྔ་མའི་ཕུར་བུ་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ།། ལྟེ་བ་མན་ཆད་ལྕགས་ཀྱི་ཕུར་པ་གསུམ་དམིགས་ལ།། དགྲ་བོའི་སྙིང་ཀ་ལ་སོགས་པས་གནས་བདུན་དུ་གདབ་བོ།། དེར་ལེགས་པར་གསོད་པར་བསམ་སྟེ་དབང་པོ་དང་རྣམ་པར་ཤེས་པ་ཀུན་མ་མོ་ཆེན་མོ་ལ་བསྟབ་པོ། ། ཐད་ཀར་མེད་པར་བྱས་ནས་མཛུབ་བསུ་ན་མི་གསད་པའི་མཚོན་གྱིས་སྐྱེས་པ་གཡས།། བུད་མེད་གཡོན་ནས་དུམ་བུ་བདུན་དུ་གཏུབས་ཅིང། ། ཧོཾ་མ་མོའི་ཆེན་མོའི་ཞལ་དུ་བསམ་སྟེ་བསྲེག་གོ།། བྱང་གི་གཏོར་མ་ཆེན་པོའང་དེར་དབུལ།། དུག་གི་ཐུན་གཏོར་ཡང་མཚོན་ཆའི་ཆར་དུ་བྱིན་གྱིས་བརླབས་ཏེ་དམིགས་ལ་མནན་ནོ།། དེ་ལྟར་བསྒྲུབས་སམ་བྱས་ན་མངོན་སུམ་དུ་འགྱུར་བར་རིགས་སོ། ། ཅི་འདོད་འདྲི་བ་དང།། ད་ཕྱིན་ཆད་ངའི་གི་ཀ་ར་གྱིས་ཤིག་པར་བསྒོ།། ནུབ་གཅིག་ལ་ལན་གསུམ་འོང་སྟེ།། བདག་གིས་ཡིད་ལ་ཅི་འདོད་པའི་ལས་བཅོལ་པའི་ཚེ་ན། ། ནུས་མི་ནུས་དྲིར་མི་རུང་ངོ།། སྲིད་པའི་རྩེ་མོ་ནས་དམྱལ་བའི་གནས་ཡན་ཆད་དུ་ལྷ་མོས་མི་འདུལ་བ་གང་ཡང་མེད་དོ།། དེ་བས་ན་སོམ་ཉི་མེད་པར་བསྒྲུབ་པར་བྱའོ།། སོ་མ་ཉི་བྱས་ན་སྒྲུབ་པ་པོ་ཉིད་ལྷ་མོས་བསྒྲོལ་བར་འགྱུར་རོ། ། དེ་ལྟར་ཉེན་ཆེ་བས་སྒྲུབ་པ་པོས་ནན་ཏན་བྱའོ།། འཕགས་པ་ལྷ་མོ་སྐུ་གཅིག་མ་རོག་ནག་མོའི་རྒྱུད་ལས།། བསྙེན་བསྒྲུབ་དཀྱིལ་འཁོར་ཡན་ལག་གི་ལས་ཀྱི་ལེའུ་སྟེ་གསུམ་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། མཚན་མ་བཟང་ངན་རྟགས་བསྟན་ཏེ།། ནམ་མཁའ་ལ་མེ་ཏོག་གི་ཆར་འབབ་པ་དང།། ནམ་ལངས་པ་དང།། ཉི་མ་ཤར་བ་དང།། སྦྱོར་བའི་ཚུལ་སྟོན་པ་དང། ། ནམ་མཁའ་དམར་པོར་འོང་བ་དང།། ན་ཆུང་ལྟར་ཕྱག་བྱེད་ཅིང་མི་སྲུག་པའི་ཚུལ་སྟོན་ཅིང་ལྷ་ཕྱག་བྱེད་པའི་ཚུལ་དུ་བྱུང་ན།། མཚན་མ་ངན་པ་ཡིན་པས།། ཏིང་ངེ་འཛིན་ལས་མི་ཡེངས་པར་ངན་པའི་མཚན་མི་བསྐྱེད་དོ། ། ནམ་མཁའ་ནག་པོར་འགྱུར་བ་དང།། རླུང་ནག་གི་ཚུབ་མར་ལྡང་བ་དང།། ནམ་མཁའ་སྨུག་ནག་ཏུ་འགྱུར་བ་དང།། ཁང་པ་དང་སྒོ་ཆེམ་ཆེམ་ཟེར་བ་དང།། ནམ་མཁའ་ལ་འཇའ་ཚོན་འབྱུང་བ་དང། ། བུད་མེད་དཀར་མོ་ལ་བསེའི་ལན་ཕྲན་ཅན།། དུང་གི་སོ་ཐམས་ཅན།། གཡུའི་སྨེ་བ་ཅན།། ནམ་མཁའི་དབྱིངས་ནས་བྱུང་ན་བཟང་པོའི་ཆོ་འཕྲུལ་ལོ།། མུན་པ་ནག་པོ་བྱུང་ན་མཐུ་གྲུབ་པས་བཟང་པོའི་མཚན་མའོ། ། རླུང་ནག་གི་འཚུབ་མ་ལྟར་ལྡང་ཞིང་སྒྲ་ཆེམ་ཆེམ་ཟེར་ན་ཡེ་ཤེས་ཀྱི་མཐུ་རང་བྱུང་སྟེ།། དགྲ་བོའི་གཟུགས་དང་ལིང་ཀ་རླུང་ལ་བསྐྲོར་རོ།། ནམ་མཁའ་ལ་འཇའ་ཚོན་བྱུང་ན་རྣལ་འབྱོར་པ་ཚེ་རིང་བའི་སིདྡྷི་སྩོལ། ། བུད་མེད་དཀར་མོ་ནམ་མཁའ་ལ་བྱུང་ན།། རྣལ་འབྱོར་པ་ཅི་འདོད་པའི་སིདྡྷི་སྩོལ་པ་ཡིན་ནོ།། བུད་མེད་ནག་མོ་རལ་པ་ཅན་བྱུང་ནི་ཅི་བསམ་པའི་དོན་གྲུབ་ཅིང་སིདྡྷི་སྩོལ་པའོ།། སེམས་སེང་སེང་པོར་སོང་ན་སྐུ་ཕྱག་རྒྱ་ཆེན་པོ་གསལ་བར་བསྒོམ། ། བག་ཅིག་ཉམ་ཆུང་ན་མ་མོའི་ཐུགས་དམ་བསྐུལ།། ངུ་ཞིག་བྲང་རྡུང་བ་ལྟ་བུ་བྱུང་ན་བདག་རྣལ་འབྱོར་པ་ལ་ཉམས་པའི་སྐྱོན་ཡོད་པའི་ཤེལ་དཀར་མོ་སྤྱི་དཀར་དང་གློ་སྙིང་གིས་བཀང། ། བཤགས་སྦྱང་བྱ།། ཁྲོ་ཞིང་ཁྲོ་ཞིང་བྱུང་ན་རྣལ་འབྱོར་པས་ཕུད་མ་ཉམས་པ་དང་དམ་རྫས་དགོས་སོ།། དགོད་ཅིང་བྱུང་ན་རྣལ་འབྱོར་པས་སིདྡྷི་བླང་ངོ།། འཇུག་མ་རློག་ཅིང་བྱུང་ན་སེམས་མི་གཡོ་བར་གཞག་གོ། ། གདུང་བའི་མཆི་མ་བྱུང་ན་དྲག་པོའི་ལས་བྱའོ།། བདག་རྒོད་ཅིང་ལྷེའུ་ཆུང་འདོད་ན་ལས་ཐམས་ཅད་མི་འགྲུབ་པར་སྟོན་ཏེ།། ཅི་བྱུང་ཡང་སེམས་མི་ཡེངས་པར་རྩེ་གཅིག་ཏུ་བྱའོ།། མའི་ཚུལ་དུ་བྱུང་ན་ཅི་བགྱི་ཟེར་ན་ཇི་ལྟར་བསམ་པ་བཞིན་དུ་འགྲུབ་པོ། ། སྲིང་མོ་དང་ནེ་ནེ་མོའི་ཚུལ་ལྟ་བུར་བྱུང་ན་བུ་དང་ནོར་གྱི་སིདྡྷི་སྩོལ་ལོ།། བུད་མེད་དཀར་མོ་ལ་ཆ་བྱད་སྡུག་པའི་ཚུལ་བསྟན་ནས་བྱུང་ཚེའི་སིདྡྷི་སྩོལ་པ་ཡིན་ནོ། ། བོང་བུ་ལྕགས་སྒྲོག་ཅན་རྨི་ལམ་དུ་བྱུང་ན།། སིདྡྷི་ཐོབ་པར་ངེས་པ་ཡིན་ནོ།། དེ་ལྟར་སྒྲུབ་པ་ལ་བརྩོན་ཅིང་སེམས་སྲན་ཞིང་གསང་ཐུབ་ན་སྐུ་མངོན་དུ་སྟོན་ནོ།། སྐུ་མངོན་དུ་བསྟན་ན་འདར་རམ་འཇིགས་ན། ། དེ་ལ་མི་འཇིགས་པ་ཅིའང་མི་རྟོག། ཅི་ལའང་མི་སེམས་པར་ཆོས་ཉིད་དུ་བསྒོམ་མོ།། ཉམས་དགའ་བ་འམ།། ཏིང་ངེ་འཛིན་གསལ་ན་དཔལ་པདྨ་དབང་ཆེན་གྱི་སྐུ་བསྒོམས་ལ་དབང་དུ་བསྡུའོ། ། དེ་ལྟར་བྱུང་བྱུང་ན་སྡོད་ཅིང་འདོད་པ་རྩོལ་ཏེ་དགྲ་བྱུང་ནའང་གོང་མ་ལྟར་བྱའོ།། འཇིག་རྟེན་གྱི་བུད་མེད་ཡིད་དུ་འོང་བ་འདོན་ནའང་ལན་གཅིག་སྤྱད་དོ་ཞེས་བྱས་ལ། ཡུལ་ཁམས་མི་གཅིག་པ་ནས་ཁུག་ཅེས་པས་སྐད་ཅིག་ཙམ་གྱིས་ཡིད་དུ་འོང་བ་འོང་ངོ། ། འདོད་པ་སྤྱད་ལ་རང་གི་གནས་སུ་སླར་མཚོར་བར་ཁྱེར་དུ་གཞུག། རིན་པོ་ཆེ་འདོད་ནའང་ལན་ཅིག་བྱ།། དྲོ་དགོངས་དང་བཟའ་བཏུང་ལ་སྨོས་ཅི་དགོས། ། ཆར་པ་དབབ་བམ།། གཅད་དམ།། རླུང་ནག་གི་ཚུབ་མ་བསླང་བ་དང།། གཅད་པ་དང།། ཐོག་དབབ་པ་དང།། ལུང་སྐམ་དུ་ཆུ་དབབ་པ་ལ་སྩོགས་པ་བྱེད་དོ།། རྒྱ་གར་ཡུལ་ལ་སོགས་ཏེ་ཡུལ་ཁམས་མི་གཅིག་པར་འགྲོ་འདོད་ནའང་རླུང་ནག་ཚུབ་མའི་ནང་མའི་ནང་དུ་བཅུག་སྟེ། ། མཚན་མོ་གཅིག་པ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་ཕྱིན་ཏེ།། དག་ཆད་དམ་ངན་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ་ངལ་ལོ་ཞེས་བསྒོའོ། ། བདག་དམག་གི་ནང་ན་འདུག་པ་ཡང་བདག་ལྷ་མོའི་མན་ངག་ཏུ་འདུག་པས་བདག་གི་གཞན་མཐོང་ལ།། གཞན་གྱིས་བདག་གི་མཐོང་བར་འགྱུར་རོ།། གོང་མ་ལྟར་བསྒྲུབས་ན་དེ་ལས་ཉེ་བ་མེད་དོ། ། སྲིང་མོ་ལྟར་བསྒྲུབས་ན།། སྡིག་ལྟ་བས་རྒྱབ་ནས་ཕན་བྱེད་དོ།། ཆུང་མ་ལྟར་བསྒྲུབས་ན་ཕྲག་དོག་ཆེ་བས་ལྷ་མོ་ལས་བུད་མེད་གཞན་ལ་འདུ་ཤེས་ཟུར་ཙམ་ལས་ཤོར་དུ་མི་རུང།། དེ་ཐུབ་ན་ཉེ་བར་བསྟེན་དུ་རུང། ། དེ་བས་མར་བསྒྲུབ།། བུད་མེད་རྣམས་ཀྱིས་བསྒྲུབ་ན་བུ་ཡིན་སྙམ་ནས་ཕན་བྱེད་དོ།། བསྙེན་པ་དང་རྒྱུན་གཏོར་བཞི་འབུམ་བྱས་ནས་བསྒྲུབས་ན་ཞག་བདུན་གྱིས་འགྲུབ།། དེའོ་འོག་མ་ཞག་བདུན་གསུམ་གྱིས་འགྲུབ། ། དེའི་འགོ་མ་ཟླ་བ་གཅིག་གིས་འགྲུབ་ཐ་མ་ལོ་གཅིག་ཚུན་ཆད་ཀྱིས་འགྲུབ།། རྒྱུན་གཏོར་ནི་ཉི་མ་དམར་ཐག་ཆད་པ་དང།། ནང་པར་སྐྱ་རེངས་ཤ་བའི་དུས་དེར་གཏང་ངོ།། ཉམས་པ་དང་ས་འཕྲང་དོག་པར་ཕྲད་ན་བདག་ལ་དབང་མེད་དོ་བའི་དཔང་གཟུགས། ། དེ་ནས་ལྷ་མོའི་གཟུགས་བརྙན་དར་རམ།། ཞིང་ལྤགས་ལ་རི་མོར་བྲིས་ཀྱང་རུང།། གསེར་དངུལ་ལ་ལུགས་སུ་བླུགས་ཀྱང་རུང་སྟེ།། དྲེའུ་ལ་ཕྱིན་ཕྱོགས་སུ་ཞོན་པ་གཅིག་བྱང་ཤར་གྱི་མཚམས་སུ་བྲིས་ལ། ། བསྒྲུབ་པ་པོའི་སྲིན་ལག་ལ་ཁྲག་ཕྱུང་ལ་ལྷ་མོའི་ཐགུས་ཀར་བསྐུའོ།། མ་མོའི་སྙིང་པོ་དེའི་སྟེང་དཡ་བྲིའོ།། བདག་ཉིད་ཀྱང་གཅེར་བུ་ཕྱུང་ལ་སྐྲ་བཤིག་ལ་ཁྲག་གམ། ། བཙག་གིས་བསྐུས་ལ་རལ་པ་དམར་པོ་ཚར་གསུམ་དུ་བྱའོ།། ཚོམ་བུ་དགུའོ་དཀྱིལ་འཁོར་ཁ་བཅཝ་བརྒྱད་དུ་བསྒྲུབ་པ་ནི་ཚིགས་མདོ་དྲུག་ཚིགས་ཆེན་བཞི་ལ་རྐང་ལག་གི་མཐིལ་བོས་ཕྱི་ནང་བརྒྱད། ། དེ་རྣམས་སུ་རག་ཏ་དང་རྡོ་རྗེ་སོལ་གྱིས་ཐིག་ལེར་བྱས་ལ།། དེའི་ནང་དུ་མ་མོའི་སྙིང་པོ་རྡོ་སོལ་གྱིས་བྲིས་ལ།། ཞིང་གི་བ་སུ་ཏ་འམ།། གཅན་གཟན་གྱི་རྒྱུ་མ་ཕྲ་མོར་བཀལ་ཏེ།། མ་མོའི་ཐུགས་ཀར་གདགས། ། སྣ་ཅིག་དབུས་ཀྱི་ཕུར་པའི་མགུལ་དུ་གདགས།། དེ་ལ་མན་ངག་གི་སྦྱར་ཏེ་གཞག་གོ།། འཕགས་པ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། མཚན་རྟགས་བཟང་ངན་བསྟན་པའི་ལེའུ་སྟེ་བཞི་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། བསྒྲུབ་པའི་ལས་རིམ་བཤད་བྱ་སྟེ།། སྐྲ་བ་ཤིག་སྟན་ལ་བདེ་གནས་ལ།། སྦྱི་བླུག་ཞྭ་དང་ཤུན་ཆེན་སླག། དུར་ཁྲོད་རྒྱུན་ཆས་མཚན་པ་ནི།། ཧེ་རུ་ཀའི་ཕྱག་རྒྱར་གསལ་བ་ཡི། ། ཡབ་ཡུམ་གཉིས་མེད་འཕྲོ་འདུ་ལས།། དམར་སྨུག་མ་གཉིས་འཕྲོས་པ་ལས།། མ་ཅིག་འོད་ཀྱི་འཕྲོ་འདུ་ལས།། རལ་པ་གཅིག་མ་ཁྲོ་མོ་ཆེ།། ཞལ་གཅིག་ཕྱག་གཉིས་ཐུར་ཚུགས་ཅན།། སྔོ་བསངས་མདོག་ནི་འཇིགས་པའི་གཟུགས། ། གཡས་པ་ཁ་ཊྭཱ་རྩེ་གསུམ་ལ།། གཡོན་པ་ཐོད་རློན་དམར་བཅས་འཛིན།། དུར་ཁྲོད་ན་བཟས་ཀླུབས་པ་ལས།། ཁྲག་དང་ཞག་གི་ཐིག་ལེས་མཚན།། གཟུངས་དང་གཉིས་སུ་མེད་པར་བྱ། ། ཡབ་ཡུམ་གྱིས་མ་ཏིར་ཞུགས་ལ།། ཧཱ་སྟི་ར་བཾ།། ཞེས་བརྗོད་པས་མཆོག་ཕྲན་གྱི་ས་གཞི་གཤག་ཚལ་གྱིས་གཏམས་པ་བཞིན་དུ་གྱུར།། དེའི་སྟེང་དུ་ཡཾ་ལས་རླུང་ནག་ཚབ་མའི་དཀྱིལ་འཁོར་སྟོང་ཁམས་ཁེངས་པ་ཅིག་བསྒོམ། ། དེའི་སྟེང་དུ་ཡི་གེ་ཏི་འཕྲོས་འདུས་པ་ལས།། ཧིང་སྟི་ས་མ་ཡ་ཛྭ་ལ།། ཞེས་བརྗོད་པས།། དྲེའུ་རྟ་རྐང་གསུམ་ལ་ཞིང་རྒྱུ་མས་མཐར་སྲབ་བྱས་པ།། ཞིང་གི་ཡལ་མཁའ་མ་མཁལ་གྱིས་སྔ་རུ་བྱས་པ། ། ཞིང་གི་སོགས་པས་སྒལ་བ་བྱས་པ།། རས་ཆེན་གྱིས་སྒཱ་གཡོགས་བྱས་པ།། སྦྲུལ་ནག་པོས་གློ་དང།། གོང་ཐག་དང།། གོང་རྨེད་བྱས་པ།། ཞིང་རྐྱང་པ་གཉིས་མགོ་འཇུག་མའི་འོག་ཏུ་བསྣོལ་ཏེ།། རྐང་པ་མེད་ཟུང་ལ་བཏགས་ནས་རྨེད་ཀྱི་ཚུལ་དུ་བྱས་པ་གཅིག་གསལ་གྱིས་བསྐྱེད་དེ། ། དེའི་སྒ་གོང་གི་སྟེང་དུ་ཞིང་རྐྱང་པ་གཉིས་མགོ་བསྣོལ་བ།། དེའི་སྟེང་དུ་མ་དམར་སེར་ལས།། མ་སཱུ་རྱ་མཎྜལ་རཾ།། ཞེས་བརྗོད་པས་ཉི་མའི་དཀྱིལ་འཁོར་བསྐལ་པ་མེ་ལྟར་འབར་བ་གཅིག་སལ་གྱིས་བསྐྱེད་ལ། ། དེའི་དབུས་སུ་མ་སྔོ་གནག་ལས།། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུ~ཾ་ཛ།། ཞེས་བརྗོད་པས།། དཔལ་ལྡན་ལྷ་མོ་ནག་མོ་ཆེ།། ཁྲོ་གཉེར་སྤྱན་གསུམ་འཇིགས་བྱེད་མ། ། ལྷ་མོ་ཞལ་གཅིག་ཕྱག་གཉིས་པ།། ཕྱག་གཡས་རླུང་ནག་ཚུབ་མའི་ནང་ནས་རལ་གྲི་འབར་པ་སྟོང་གསུམ་དུས་གཅིག་ཏུ་འབྱིན་པ་བསྣམས་པ།། གཡོན་པ་ནེའུ་རྐྱལ་པ་བསྣམས་པ། ། དབུ་སྐྲ་རལ་པ་ཁམ་ནག་གྱེན་དུ་འཁྱིལ་བ།། སྤྱན་སྐར་ཆེན་ཤར་བ་འདྲ་བ།། ཞལ་གདངས་ཤིང་མཆེ་བ་གཙིགས་པ།། དབུ་ལ་ཐོད་པ་སྐམ་རློན་གྱི་འཕྲེང་བས་བརྒྱན་པ།། སྐུ་ལ་ཐོད་རློན་དང།། ཞིང་ཆེན་གྱི་གཡང་གཞི་དང། ། སྦྲུལ་ནག་སྟོང་གིས་བརྒྱན་པ།། གླང་ཆེན་གྱི་ཡ་བ་ཀོར་དང། སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ།། སྙན་གཡས་ན་སྦྲུལ་ནག་གི་གདེངས་ཀ་འཕྱོ་བ།། སྙན་ཆ་གཡོན་ན་སེང་གེ་མཚུངས་མེད་ཀྱི་སྒྲ་སྒྲོགས་པ། ། འཁོར་དུ་སྲིན་བུ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསྒོམ་མོ།། དེ་ལྟར་གསལ་བ་དང་སྤྱན་དྲང་བ་ནི།། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ།། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་འདྲ་བ་འཕྲོས་པས། ། ལྷ་མོ་འཁོར་དང་བཅས་པ་སིལ་གྱིས་བྱོན་པར་བསམ་མོ།། དེ་ནས་བཞུགས་སུ་གསོལ་བར་བྱ་བ་ནི།། རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱ་ཐུགས་ཀར་གཏདལ།། མ་ཅིག་མས་བུ་ལ་བྱམས་པའི་ཚུལ་དུ་ཞུགས་པར་བསྒོམ་མོ། ། དེ་ནས་ཕྱག་འཚལ་བ་ནི།། མ་སྐུ་བརྗིད་དང་ལྡན་བཞུགས་པ་ལ་བུས་མ་ལ་བསྟོད་པའི་ཚུལ་དུ་བྱའོ།། དེ་ནས་མཆོད་པ་དབུལ།། སྨན་མཆོད་བྱ།། དངོས་གྲུབ་བླང། ། བསྟབ་པ་བྱ།། ཤགས་བསྟོད་འཕྲིན་ལས་བཅོལ་ལོ།། འཕགས་པ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། བསྒྲུབ་པའི་ལས་རིམས་གཏན་ལ་དབང་བའི་ལེའུ་སྟེ་ལྔ་པའོ།། དེ་ནས་ཡང་དག་བཤད་བྱ་བ། ། ལྷ་མོ་བསྒྲུབ་པར་འདོད་པ་དེས།། རྩོལ་བས་ཕུན་སུམ་ཚོགས་ལྡན་བྱ།། རིགས་མཐུན་གནས་དང་མཐུན་པའི་རྫས།། སྙིང་རྗེའི་རྒྱུད་དང་དམ་ཚིག་དང།། བསྙེན་མཆོད་དུས་དང་ཞག་གི་གྲངས།། བར་ཆད་མེད་པའི་འཛབ་དགོངས་དང། ། བརྟུལ་ཞུགས་ཟབ་མོའི་དཀའ་ཐུབ་དང།། ལྷ་སྤྱོད་བསྒྲུབ་པས་གཞུང་བསྲང་བྱ།། བདེན་གཉིས་གཅིག་ཏུ་རྟོགས་པ་ཡིས།། ཤེས་རབ་ཏིང་འཛིན་ལྡན་པའི་མིས།། མན་ངག་གསུམ་ལ་བརྟེན་ནས་ནི། ། ཐབས་ཀྱི་བྱེ་བྲག་བཞི་འབྲེལ་པས།། སྦྱོར་བ་ལྔ་པ་ཉམས་སུ་བླངས།། མཚན་རྟགས་གཉིས་པོ་ཤེས་པར་བྱ།། བསྒོམ་པའི་ལྷ་དང་མཐུན་པའི་རྫས།། བཟླས་པའི་སྔགས་དང་མན་ངག་གསུམ།། དང་པོའི་བོད་ཅིང་དགུག་པ་དང། ། དེ་ནས་བསྙེན་ཅིང་མཆོད་པ་དང།། དེ་ནས་རྦད་ཅིག་བསྒྲལ་བར་བྱ།། ཤིན་ཏུ་དྲག་པོའི་སྣོད་ནང་དུ།། ཙིཏྟ་དང་ནི་རག་ཏ་དག།། བཙན་དུག་ལ་སོགས་བླུགས་བྱས་ལ།། གསང་ཐུན་དྲག་པོའི་ངན་སྔགས་བཟླས། ། སྙིང་ཁ་རག་སྙིང་ཁ་རག། རྩ་རྩ་བྲེང་བྲེང།། ཛྭ་ལ་ཏི་ཛྭ་ལ་ཏི་མ་སྲོག་ལ་ཏུག་ཏུག་ཁྲག་ལ་དུན་དུན།། སྙིང་ལ་རྦད།། མ་སྲོག་ལ་ཐུན་ཕོབ།། སྙིང་ལ་ཁས་པ་མེ་རག་མོ་ཐུན་ཕོབ། ། ཁྲག་བཤམ་དུ་རྦད།། སྙིང་ཁ་ལ་རྦུད་བྷྱོ།། མཱ་ར་ཡ་ནརི་ཛ་ཛ།། དུ་ཡ་ཚལ་པ་རྦད།། ཤག་ཤག་དབང་པོ་རྣམ་ལྔ་ཤག་ཐུམས་ལྟོ་བྲོབས།། ཁྲག་ཤ་རི་ཙིཏྟ་རྦད།། ཐུམ་ལིངས།། སྙིང་རྩ་འདུས་འདུས།། སྲོག་གི་ཕྲིག་ཕྲིག་ཤམ་ཁྱེར་མུགས་རྦད། ། ཐུམས་ཐུམས་འདུ་འདུ་མ་མ་སྲོག་རྩ་དགྲ་བོ་ལ་རྦུད་རྦུད།། རྩ་བ་བདུན་བརྒྱུད་ཆོག་ཅིག། སྔགས་པའི་དམ་རྫས་ལས་རྣམས་ལ།། དང་པོ་ལྷ་ཡི་ཏིང་འཛིན་བསྒོམ།། སིདྡྷིའི་སྔགས་དང་ཕྱག་རྒྱ་ཡིས། ། གང་ཞིག་དགུག་པ་གཉིས་པའོ།། སྔགས་དང་རྫས་དང་ཕོ་ཉ་ཡིས།། ལྷ་དང་བྲལ་བ་གསུམ་པའོ།། རྣམ་ཤེས་གཟུགས་ལ་ཕབ་ནས་ནི།། ཚུལ་བཞིན་བྱིན་གྱིས་བརླབས་བྱས་ཏེ། ། བསྒྲལ་ཞིང་བཏང་པ་བཞི་པའོ།། དེ་ཡིས་དངོས་པོ་བརླག་བྱས་ཏེ།། རྣམ་ཤེས་ཐིམ་པར་ཚུར་བསྡུས་ནས།། གནས་སྤར་བ་ནི་ལྔ་པའོ།། དེ་དག་ལས་ཀྱི་གོ་རིམས་ནི།། འཇུག་པའི་དུས་སུ་སྒྲུབ་བསྙེན་དང། ། མཆོད་ཅིང་ཉེ་བར་བསྙེན་པ་དང།། སྒྲུབ་པའི་དུས་དང་དགོངས་འཛབ་དང།། རྡོ་རྗེ་དམ་ཚིག་བསྒྲག་བྱས་ཏེ།། དབང་དང་དངོས་གྲུབ་བླང་པ་དང།། ཉེ་བར་རྦད་ཅིག་བསྐུལ་བ་དང།། བསྟོད་ཅིང་དམ་རྫས་ཕྱར་བ་དང། ། གཏོར་མ་གཏོང་ཞྀང་ལས་བཅོལ་བ།། ཐུན་ཟོར་དབབ་དང་འཕང་བར་བྱ།། བསྒྲལ་བའི་ཕུང་པོ་ལྷག་མ་དེ།། བསྟབ་ཅིང་བསྲེགས་ལ་མནན་པར་བྱ།། དྲག་པོའི་ཐུན་གྱིས་བསྣུན་པར་བྱ།། དཀྱིལ་འཁོར་རང་ལ་བསྡུས་ནས་ནི། ། རྒྱུན་གྱི་ཡི་དམ་རྩེ་གཅིག་བྱ།། འཕགས་པ་ལྷ་མོ་སྐུ་གཅིག་མ་རོ་ནག་མོའི་རྒྱུད་ལས།། དྲག་པོའི་གསང་ཐུན་གྱིས་བརླག་པར་བྱ་བའི་ངན་སྔགས་དང་ལས་རིམས་བསྟན་པའི་ལེའུ་སྟེ་དྲུག་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། གསང་སྔགས་དྲག་པོ་ཐུགས་ལས་བསྟོན།། དཔའ་བོ་ཆེན་པོ་ཧེ་རུ་ཀས།། གསང་སྔགས་འདི་ལ་བྱིན་རླབས་མཛོད།། ཨོཾ་བཛྲ་ཁ་རག་སྙིང་ཁ་རག། ཏྲག་རག་ཤ་ཙ་མུན་ཙག་ཤ། ། ཏྲག་རག་ཤ་ཁ་མུན་ཏྲ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ།། སྙིང་ཏྲག་ཤ་ཛ་ཛ།། ཙིཏྟ་སྲོག་ལ་དུང་དུང་ཛ།། ཨོཾ་བཛྲ་ཀ་ལཾ་བྷྱོ་ཛ།། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མཱ་ཧཱུ~ཾ་མ་བྷྱོ་ཛ་ཛ།། ཐུམ་ལིངས་སྙིང་རྩ་འདུ་སྲོག་ཕྲིག་ཕྲིག་ཤམ་ཤམ་ཁྱེར་བྷྱོ། ། ཨོཾ་སྲོག་ཁལ་མུག་ཐུཾ་ཐུཾ་འདུ་འདུ། མ་མ་ཨ་ཤ་ཇི་ལ་དྷི། དུ་རུ་བག་ཤ་ཨོཾ། མ་ནི་སྲོ?ག་ཛྭ་ཧཱུ~ཾ། ཨོཾ་མ་ཧཱ་སྲོག་ཁ་ལ་མུག་ཐུབ་ཐུབ་འདུ་འདུ་ཤིག། མ་ཧཱ་སྲོག་ཐུམ་སྙིང་ལ་བྷྱོ། སྙིང་ཁྲ་རྩ་ལ་བྲེང་བྲེང་ཨོཾ་ཛྭཱ་ལ་ཛྭཱ་ལ་ཏིང་སྲོག་ཁ་མུག་ཐུམ་ཐུཾ། ། ཧཱུ~ཾ་མཧཱ་སྲོག་ཏུག་ཏུག་ཁྲག་ལ་སྙིང་རྦུད།། མཧཱ་རག་ཤ་ཙིཏྟ་སྲོག་ཏུང་ཏུང།། སུ་རུ་ཛྭ་ཏུ་མ་ཙིཏྟ་སྲོག་ཏུ་ཏུང་ཏུང་སྲོག་ཁལ་མུག་ཐུམ་འདུ་འདུ།། སྙིང་ལ་བྷྱོ།། སྙིང་ཁྲག་རྩ་ལ་བྲེང་བྲེང། ། ཨོཾ་ཛ་ལ་ཏ་ཁ་ལ་མུ་ཁས་མུག་མུག། ཧཱུ~ཾ་ཧ་སྲོག་རྩ་ལ་ཏུག་ཏུག། སྙིང་ཁྲག་རྩ་ལ་རྦུད་རྦུད།། རག་མོ་ནི་ཤ་ཀུ་རུ་ཐུམ་བྷྱོ།། རག་ཏ་ཐུམ་རྦད།། རག་མོ་ཁ་ལ་རྩ་རྩ་དུན་བྷྱོ།། ས་མ་ཡ་ལ་རྩ་རྩ་དུན་བྷྱོ། ། དབང་དུ་སྡུས་ལ་ཤོག། ཏྲག་རག་ཤ་ཁ་མུན་ཏྲ་དུར་མ་ཏི་རག་མོ་རྩ། དུམ་ལོ་ན་ཧཱུ~ཾ་བྷྱོ།། སྙིང་ཁྲག་ཤ་མཱ་ཛ། ཙིཏྟ་བཾ་མྱོས་སྙིང་ཁྲག་འཐུང།། ཧ་སྤྲ་རུ་རུ་ཐུམ། ཤིང་ནི་ཐུཾ། དུ་ཐུཾ་ཕྲ་རཾ་ཐུཾ། དགྲ་བོ་མར་ཡ་ཕཊ། ། ཁ་བེ་ཤྟ་ཁ་བེ་ཤྟ།། རུ་བེ་ཐུན་ཕོབ། རུ་ཐུན་ཕོབ།། མ་སྲོག་མུག་མུག། ཐུན་ཐུན་འདུ་འདུ། ཙིག་ཅིག་དུག་ཁོང་སྤྱོས། མ་མ་ཏྲག་རག་ཤ། མུ་ཏྲ་ཁ་མུན་ཏྲ་མཱ་རུ་ལུ་རུ་ལུ་བྷྱོ། ཏྲག་རཱ་ག་ཤ་མུ་ཏྲ།། དུར་མཱ་ཏི། ། རག་མོ་ཙ་ཙ་མཱ་མཱ་དུར། དུ་མ་ལོ་ན་དུ་མ་ལོ་ན།། སྙིང་ཁ་ལ་རག་ཤ་རྦུད། གཏུབས་ཙིཏྟ་བཾ། འགའ་འུབས། མྱོག་སྙིང་ཁྲག། ཧ་པྲ་རུ་རུ་ཐུཾ། པྲ་རཾ་ཐུཾ།། ཤི་ན་ཐུཾ། ཨཱི་ཡུ་ཨཱ་སཱ་མཱ་ཡཱ།། ཏི་སྟ་མཱ་མཱ་རུ་རུ་ཐིབས་ཐིབས། ཐབ་པྲ་ཕུར་ཁ་ཤ་བཾ།། ཡཾ་ཐུཾ་རི་ལི་ལི།། ཐིག་ནིག་གཅིག་མེད། གཉིས་ཏྲག་བརྒྱད་གཅད། གནམ་མཐོང་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེང་སོད། བཛྲ་པཱ་ཎི་ཕཊ། བཛྲ་ར་ཏེ་ཕཊ། བཛྲ་ཛཱ་ར་ཏེ་ཕཊ། བཛྲ་ཨེ་ཧི་ཨེ་ཧི།། ན་གེ་ལེ་ན་གེ་ལེ།། སུཾ་བ་ལེ་སུམ་པ་ལེ།། ཙིན་མང་ཙིན་མང། ལེན་ཡང་ལེན་ཡང། ཁ་ཤ་བཾ་ཁ་ཤ་བཾ། མཱ་དུང་པཱ་བྷྱོ་མཱ་དུ་དཱ་བྷྱོ།། མ་སྙིང་ཏྲག་ཤ་མ་ཛ་ཛ། ཙིཏྟ་སྲོག་དུང་དུང།། ཐུ་མ་རིལ་སྙིང་རྩ་ལ་ལུ་ལུ། སྲོག་ཕྲིག་ཕྲིག་ཤྟ་ཁྱེར་ལ་ཡཱ་མཱ་བྷྱོ།། དགྲ་བོ་ནི་གསར་མྱགས་ཐུམ་རི་ལི་ལི་རྦད། ཨོཾ་འདྲིག་ཤོ་འདྲོག་ཤོ། བ་རུ་ཐུམ་ཙ་རུ་ཐུ་མ་མ་རག་ཤ་སྙིང་དྲོལ་དྲོལ་བ་ཏི་ཧུབ་ལྗུང་ཏི་ཕྱུར་མཱ་ར་ཡ་ཛ་ཛ། ཙིཏྟ། དེ་ནས་དྲག་པོའི་སྔགས་འདི་ཡང། དགོས་པ་ཕུན་སུམ་ཚོགས་ལྡན་པས།། རིགས་དང་མཐུན་པའི་ས་ཕྱོགས་སུ།། སྔོན་འགྲོའི་རིམ་པ་རྫོགས་བྱས་ལ།། དཀྱིལ་འཁོར་གསང་བའི་ལས་ལ་འཇུག། བདག་ཉིད་བསྒྲུབ་པའི་ལྷར་བསྒོམས་ལ། ། དྲག་པོའི་ཐུན་ཁ་གང་རྩོམ་པའི།། དེ་ཡི་སྦྱོར་ཁ་ཚགས་པར་བྱ།། སྐེ་ཚེ་རག་ཏ་ཡུངས་ནག་དུག། དམ་པར་བསྔགས་པའི་རྫས་རྣམས་ལ།། བོད་པ་རྦད་པ་གསད་སྔགས་ལ།། བདུན་འབུམ་གྲངས་ནི་ཐིམ་གྱུར་ནི། ། སྲིན་མོ་ནད་གཏོང་བདག་མོ་ཡིས།། རིང་པོར་མི་ཐོགས་མྱུར་དུ་འཆི།། འཕགས་པ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། གསང་སྔགས་དྲག་པོའི་ལེའུ་སྟེ་བདུན་པའོ།། དེ་ནས་ཡང་དག་བཤད་བྱ་བ། ། སྔོན་བྱུང་འདུས་པའི་དུས་ཚེ་ན།། སེམས་ཅན་ཀུན་ལ་གནོད་བྱེད་པ།། གནོད་སྦྱིན་རྒྱལ་པོ་ནོར་སྐྱོང་བ།། མཐུ་དང་རྫུ་འཕྲུལ་ཆེར་གྲགས་པ།། འཛམ་གླིང་ཀུན་རྡའི་རི་ལ་གནས།། སྙིང་རྗེ་མེད་ཅིང་ཤ་ཁྲག་རློན་པར་ཟ། ། གནོད་སྤྱིན་སྲྀན་པོའི་ཚོགས་ཀྱིས་བསྐོར།། འཇིག་རྟེན་ཁམས་ན་གནས་པ་ཡིས།། མཐུ་དག་རྫུ་འཕྲུལ་ཆེར་གྲགས་པས།། ལྷ་ཆེན་རྣམས་ཀྱི་མཐུ་བ་སྟེ།། རི་རབ་ཆེན་པོའི་ལྷོ་ངོས་སུ།། མ་ཧཱ་དེ་བ་ལ་སོགས་པས། ། ལྷ་རྣམས་མང་པོ་གདན་ཚོགས་ཏེ།། བཀའ་གྲོས་ཆེན་པོ་མཛད་པ་ལས།། དབང་ཕྱུག་མཧཱ་དེ་བ་དང།། ཨུ་མ་དེ་བ་རོལ་པའི་ཚེ།། དྲང་སྲོང་ཆེན་པོས་ཞལ་བསྟན་ཏེ།། ལྷ་མོ་ངོ་མཚར་མཆོག་སྐྱེས་ནས། ། གནོད་སྤྱིན་ཐུལ་བར་གསོལ་བར་གདབ།། སྲོག་གི་སྙིང་པོ་གཉེར་གཏད་དེ།། དྲང་སྲོང་ཆེན་པོ་ཨ་ཀ་གཉིས།། སྲོག་སྙིང་བུམ་པར་སྩལ་ནས་ནི།། ཟླ་བ་དྲུག་ཏུ་དགོངས་པ་ལས།། མ་ནུའི་གཟུགས་ཅན་མགོ་གསུམ་པས། ། ལག་དྲུག་རྐང་བཞི་རྐང་གཉིས་པ།། ལུས་པོ་ཆེ་ལ་གཟིགས་པའི་གཟུགས།། སྦྲུལ་སྐུ་ལྷ་མོ་ནག་མོར་སྐྱེས།། རི་རབ་རྩེ་ལ་གནས་བཅས་ནས།། བར་སྣང་ཁམས་ཀྱི་ལྷ་བྲན་ཀྱང།། འཇིགས་ཤིག་སྐྲག་སྟེ་ངོ་མཚར་སྐྱེས། ། དེ་ནས་ལྷ་རྣམས་ཀུན་འདུས་ནས།། དྲིང་སྲོང་ཆེ་ལ་ལེགས་བསྟོད་པ།། སྙན་པ་བརྗོད་ཅིང་གུས་ཕྱག་འཚལ།། རྗེས་སུ་ཡི་རང་སྨོན་ལམ་གདབ།། དེ་ནས་འཇིག་རྟེན་ལྷ་རྣམས་ཀྱིས། ། དཔལ་ལྡན་ལྷ་མོ་ཆེན་མོ་ལ།། ན་བཟའ་རྒྱན་དང་ཆ་ལུགས་དང།། ཕྱག་མཚན་ཕུལ་ཏེ་རིམ་པས་དབང་ཡང་བསྐུར།། མ་ཧཱ་དེ་བ་ལྷ་ཆེན་གྱིས།། ཏྲི་ཤུལ་རྩེ་གསུམ་ཕུལ་ནས་ནི།། དབང་བསྐུར་དབང་ཕྱུག་སྲས་མོར་བཏགས། ། ཁྱབ་འཇུག་ཆེན་པོས་འཁོར་ལོ་ཕུལ།། བརྒྱ་བྱིན་གྱིས་ནི་རྡོ་རྗེ་ཕུལ།། རྒན་བྱེད་ཀྱིས་ནི་མདའ་གཞུ་ཕུལ།། བྷྲིང་གི་རི་སྟིས་ཅང་ཏེའུ་ཕུལ།། འགའ་ན་པ་ཏིས་རལ་གྲི་ཕུལ།། ལེགས་ལྡན་ནག་པོས་དྲེའུ་རྟ་ཕུལ། ། ས་བདག་རྒྱལ་པོས་པ་ཏ་ལིས།། དེ་བཞིན་སྟག་གི་ཤམ་ཐབས་ཕུལ།། ནག་མོ་འཁྲུག་བྱེད་ཆེན་མོར་བཏགས།། ཚངས་པས་རིནཆེན་དབུ་རྒྱན་ཕུལ།། དཔལ་ལྡན་ཆེན་མོ་མཚན་བདག་མོ།། དྲང་སོལ་སྲས་མོ་ཀུན་གྲགས་མ། ། འདོད་པ་ཁམས་ཀྱི་དབང་ཕྱུག་མ།། དོན་གྱིས་མཚན་གསོལ་སྨོན་ལམ་གདབ།། དེ་ནས་དཔལ་ལྡན་ལྷ་མོ་ནག་མོ་ཆེ།། ཀུན་དའི་རི་ལ་གཤེགས་ནས་ནི།། གདུལ་བྱའི་གནོད་སྤྱིན་རྒྱལ་པོ་དང། ། གླང་ཆེན་དྲེའི་གཉིས་གང་མགྱོགས་པ།། སྔན་ཆད་བསྒྲལ་པར་དམ་བཅས་པ།། རི་རབ་གཡས་བསྐོར་གཡོན་བསྐོར་པས།། དཔལ་ལྡན་ཆེན་མོའི་གླང་ཆེན་མགྱོགས།། མོལ་ཆད་བཞིན་དུ་གནོད་སྤྱིན་བསྒྲལ། ། ལྷག་བཅས་ཕུང་པོ་དཔལ་འབར་འཁོར་ལ་ཕུལ།། བསྟན་པ་སྲུང་བར་དམ་ཡང་བཅས།། སྙིང་པོ་བྱང་ཆུབ་ཤིང་དྲུང་དུ།། རྒྱལ་བ་ཤཱཀྱ་ཐུབ་པ་ཡིས།། ལྷ་མོ་རྡོ་རྗེ་དབང་ཕྱུག་མར།། དོན་གྱིས་མཚན་གསོལ་སྡོམ་པ་ཕོག། དཀར་མོ་དགེ་ཚོགས་འཕེལ་སྤྱོད་ཅིང།། མཐུ་དང་རྫུ་འཕྲུལ་ལྡན་པར་གནང།། དེ་ནས་རི་རབ་བྱང་ཤར་དུ།། མ་རུ་རྩེ་ཡི་སྒོ་འགྲམ་དུ།། དྲི་ཟ་གཤིན་རྗེ་སྲིན་པོ་དང།། གནོད་སྤྱིན་གདུག་པ་མ་ལུས་བཏུལ། ། དེ་ནས་གདུག་པའི་ཚོགས་རྣམས་ཀྱིས།། སྐྱོང་མ་རྣམས་བཞི་འབངས་སུ་ཕུལ།། དེ་ནས་གནོད་སྦྱིན་རྒྱལ་པོ་ནི།། ཅུ་དབང་ནོར་གྱི་བདག་པོ་སྟེ།། ཨཱ་རྱ་ཛ་མྦྷ་ལར་གྱུར་ནས།། ལྷ་མོའི་ཞལ་ལ་མངོན་བསྟོད་དེ། ། རིན་ཆེན་ནོར་གྱི་རྐྱལ་པ་ཕུལ།། དཔལ་ལྡན་ནོར་སྐྱོང་ཆེན་མོར་བཏགས།། དེ་ནས་རི་རབ་ངོས་ལ་གཤེགས།། ནག་མོ་ཆེན་མོ་མ་རུང་ལས།། བདུད་ཀྱི་སྡེ་བཏུལ་འཕམ་པར་བྱས།། བདུད་ཀྱི་ཉིད་ལ་སྐྱབས་སུ་ཕྱིན། ། རང་ལྤགས་བཤུས་ནས་བཟར་གསོལ།། བདུད་འདུལ་དྲེའུའི་འཕོངས་ལ་བཏགས།། བདུད་འདུལ་ནག་མོ་རེ་མ་ཏི་དེ་ནས་དཔལ་གྱི་ཞལ་མཐོང་ན།། ཞབས་ལ་བརྐྱང་བསྐུམ་གུས་ཕྱག་འཚལ།། དཔལ་གྱི་འབངས་སུ་ཁ་ཡིས་བླངས། ། རང་རྟགས་སྲོག་གི་སྙིང་པོ་ཕུལ།། ལས་ཀྱི་རྡོ་རྗེ་རྩེ་གསུམ་རྣོས།། ཐར་པའི་མིང་གིས་གསང་དབང་བསྐུར།། དམར་ཆེན་དམ་ལ་ཟབ་མོར་འབྲེལ།། དུར་ཁྲོད་འབར་བའི་རྒྱན་ཆ་གནང། ། ཁྲག་དང་ཞག་གི་ཐིག་ལེས་མཚན།། གཉིས་མེད་བདེ་བའི་རོལ་པ་མཛད།། དཔལ་ཆེན་གཟུངས་མ་ཡིན་པར་བསྟོད།། དེ་ནས་ལྷ་ཆེན་གཞོན་ནུ་ཡིས། མདུང་དམར་ལྡེམ་པ་ཕྱག་ཏུ་ཕུལ། ། ཏིང་འཛིན་དྲག་པོས་ཀླུ་རྣམས་བཏུལ་ཏེ་བསྟོད་པ་བྱ།། དེ་བཞིན་ཀླུ་རྣམས་ཀུན་གྱིས་ཀྱང།། རིན་པོ་ཆེ་ཡི་དབུ་རྒྱན་དང།། སྦྲུལ་གྱི་སྙན་ཆ་སྐུ་རགས་བཅིངས།། ནག་མོ་གདུལ་བྱེད་ཆེན་མོར་བཏགས། ། འཕགས་པ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། བྱུང་ཁུངས་དང་དྲེགས་པ་ཅན་རྣམས་བརྟུལ་ནས་དྲེགས་པ་ཅན་རྣམས་ཀྱིས་ཕྱག་མཚན་ཕུལ་ཏེ་དབང་བསྐུར་པའི་ལེའུ་སྟེ་བརྒྱད་པའོ།། དེ་ནས་ཡག་དག་བཤད་བྱ་བ། ། གང་འདིར་བསྟན་པ་བསྲུང་འདོད་པས།། འགྲོ་དོན་ཡིད་ལ་དྲན་པ་གྱིས།། གནས་དང་མཐུན་རྫས་ཡོ་བྱད་དུས།། མ་མོའི་ཁྱིམ་མམ་ཤིང་གཅིག་དྲུང།། ཁང་སྟོང་ནགས་ཚལ་དུར་ཁྲོད་དང། ། བྲག་ཕུག་ངམ་གྲོག་རེའུ་རེལ་ལམ།། རྒྱ་མཚོའི་འགྲམ་མམ་ཆུ་གླིང་ངམ།། བྲག་མར་ངོས་སམ་བཞི་མདོ་འམ།། ལུང་རིག་མཐུན་པའི་གནས་དེ་རུ།། ཁྱད་པར་དུས་ཚེས་འཇུག་ཅིང་བསྒྲུབ།། སྔོན་དུ་འགྲོ་བ་རིམ་པ་དང། ། བསླང་དང་བྱིན་བརླབས་མཆོད་སྦྱིན་བྱ།། དབང་བཅོལ་ཞིང་བསྲུང་མཚམས་དང།། འབྱུང་པོའི་གཏོར་མ་གཏང་བར་བྱ།། དུར་ཁྲོད་རྒྱུ་ལས་སྟེགས་བུ་སྐྱང་ནུལ་བྱ།། བདུད་རྩི་རཀ་ཏ་ཆ་བསྙམས་ཏེ། ། མམ་ས་ཤ་ཆེན་འགོ་མ་ཡེང།། བསུ་ཐལ་ཆེན་ཞི་རྒྱུས་ཀྱིས།། རན་པར་ཆ་བསྙམས་ཐིག་གདབ་བྱ།། གྲུ་བཞི་གྲུ་གསུམ་སྒོ་དང་བཅས།། མཐིང་ནག་ཁྲག་གི་རྒྱ་མཚོ་གཏང།། རྩེ་མོ་ཟུར་གསུམ་འོག་ཏུ་ནི།། ཐོད་པ་འཁོར་ལོ་བཅས་པ་གནན། ། སྒོ་བཞིར་མཆོག་གི་ཕུར་བུ་བཞི།། མཐའ་མ་རྩ་ང་དམར་ཚོགས་ཀྱིས་བསྐོར།། གྲཝ་བཞིར་མི་དབང་རྒྱལ་མཚན་གཟུངས།། སྨྱུག་ཆེན་སྨྱུག་ཆུང་བྱ་ལའི་གཅིན།། དཔལ་གྱི་གཏོར་མ་ཤར་དུ་བཤམ། ། མ་མོའི་གཏོར་མ་ལྷོ་རུ་བཤམ།། ནུབ་ཏུ་སྨན་དང་རཀ་ཏའོ།། དྲད་པོའི་ཐུན་ནི་དབུས་སུ་གཞག། ལིང་ག་ཚོན་སྐུད་ནག་པོས་བཏགས་ནས་ནི།། ལྷ་མོ་ཉིད་ཀྱི་ཕྱག་ཏུ་གཏད།། ཡུངས་ཀར་ཡུངས་ནག་སྐེ་ཆེ་དྲུག། དྲག་པོའི་རྫས་ཀྱིས་བསྣུན་པར་བྱ།། ཏིང་འཛིན་གསལ་བས་ལྷ་མོ་བསྒོམ།། བོད་པ་རྦད་གསད་པའི་སྔགས།། བདུན་འབུམ་གྲངས་ནི་ཚངས་གྱུར་ན།། བདུན་ནམ་དགུ་ན་ལེན་ཏི་འཆི།། ཏད་ཡ་ཐཱ། ། ཨོཾ་རུ་རུ་རོ་རུ་བེ་སྟི་ཥྠ་བ་ཏོ་སཱི་སྭཱཧཱ།། བོད་པའོ།། མ་མ་ལུས་སྲོག་སྙིང་ལ་ཡ།། ཤ་ཁྲག་ལ་ཐུན་རྦུད།། རྦུད་པའོ།། ཏྲག་མོ་ཁ་རག་དུན་དུན།། ཤུལ་ཤུལ་ནལ་ནལ།། ཁྲག་ལ་མུ་ཤ་མ་མ་སྲོག་ལ་ཐུན་ཁྲག་ལ་སྙིང་རྦུད། ། མ་ར་ཡ་གསད་པའོ།། དཀྱིལ་འཁོར་བསྡུས་ལ་ཐུན་ཡང་འཕང།། མ་ཉེས་དཔང་བཅོལ་དམ་ཅན་བོད།། གཏོར་མ་གཏང་ཞིང་དབང་བསྐུར་བྱ།། འཕགས་པ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས། ། དྲག་སྔགས་གསང་བསྒྲུབ་ཀྱི་ལེའུ་སྟེ་དགུ་པའོ།། དེ་ནས་ཡང་དག་བཤད་བྱ་བ།། འདོད་ཁནས་མ་མོ་ནག་མོ་འདི།། ཤིན་ཏུ་གདུག་ཅིང་མི་སྲུན་པའི། འདི་ཡི་གཉེན་པོ་གང་ལ་བགྱི།། ཤིན་ཏུ་གདུག་ཅིང་མི་སྲུན་པ། དེ་ཡི་གཉེན་པོ་ངས་བསྟན་གྱིས།། སྲིད་པའི་མ་མོའི་གཉེན་པོ་ནི།། ཨེ་ཀ་ཛ་ཊི་སྤུན་དྲུག་ཡིན།། སྲིད་པའི་ཨེ་ཀ་ཛ་ཊི་མ།། གཉེན་པོའི་ནང་ནས་ཁྱད་པར་འཕགས།། དེ་ཡི་སྒྲུབ་ཐབས་ངས་བཤད་ཀྱིས། ། སྲིན་མོ་སྒྲུབ་པའི་རྣལ་འབྱོར་པས།། ཞག་ནི་ལྔ་བཅུ་རྩ་ལྔའི་པར། ཨེ་ཀ་ཛ་ཊི་བསྒྲུབ་པར་བྱ།། དང་པོར་དབེན་པའི་གནས་སོང་ལ།། དུར་ཁྲོད་རྒྱན་གྱིས་གཞལ་ཡས་ཁང།། གྲུ་བཞི་ཟླ་གན་མོ་ཞལ་གཅིག་ཕྱག་གམ་བཞི་ཡིས་བསྐོར། ། གདུལ་པའི་གཉེན་པོར་རང་ཉི་བསྒོམ།། དབུས་སུ་ཨེ་ཀ་ཛ་ཊི་ནི།། སྔོན་མོན་ལ་གཅིག་ཕྱག་གཉིས་པ།། མཆོང་གི་རལ་པ་སེ་ཡེན་ཅན།། དུང་གི་ཐོར་ཚུགས་དབུ་ལ་བརྒྱན། ། ཕྱག་ན་ཁ་ཊྭཱཾ་རྩེ་གསུམ་བསྣམས།། བན་དྡྷི་རག་ཏ་གཡོན་ནའོ།། ལུས་ལ་ཞིང་ལྤགས་གོ་ཟུ་གོན།། དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན།། བསྐྱེད་པའི་སྔགས་འདི་བརྗོད་ལ་བསྐྱེད།། མ་ཨེ་ཀ་ཛ་ཊི་གུ་ཧྱ་སིདྡྷི་ས་མ་ཡ་སྟྭཾ། ། རུ་ལུ་རུ་ལུ་ཙ་པ་ལ་ཨ་ཤུག་མེ་བྷྱོ་ཛཱ་ཛཱ།། དེ་ནས་དབྱིངས་ནས་བསྐུལ་བ་དང།། སྤྱན་དྲངས་པ་དང་མཆོད་པ་དབུལ་བར་བྱ།། ཨེ་ཀ་ཛ་ཊི་གུ་ཡ་གསང་པའི་ཡུམ།། བཻ་ཊཱུར་སྔོན་མོའི་རོལ་པས་ཐོར་ཚུགས་གཅིག་ཏུ་འཁྱིལ། ། དུར་ཁྲོད་དབང་གི་ཆས་བརྒྱད་སྐུ་ལ་བརྒྱན།། རིན་ཆེན་ཕོ་བྲང་དུར་ཁྲོད་གཞལ་ཡས་སུ།། སྲིད་པའི་མ་མོ་སྟོང་གི་ཚོགས་པ་དང་གཤེགས་སུ་གསོལ། ཨེ་ཧྱེ་ཧི་ཤྲི་རི་རག་མོ་ཏྲག་རཀ་ཤ་ཛཱ་ཛཱ། ། བཛྲ་མ་མ་ཏྲག་རག་ཤ་ཁ་རག་སྙིང་ཁྲག་ས་མ་ཡ་སྟི་ཥྠ་ལྷན།། མ་བཅོས་ཐོད་པའི་གཞལ་ཡས་སུ།། ཨེ་ཀ་ཛ་ཊི་སྲིད་པའི་བདག། གུ་ཡ་གསང་པའི་ཡུམ་གཅིག་མ། དགེས་པའི་ངང་གིས་ཕྱག་འཚལ་ལོ།། དུག་གསུམ་ཞལ་དུ་མཆོད་པར་དབུལ། ། གསད་པའི་ཤ་དང་མྱོས་པའི་ཆང།། བསྲེག་པའི་གསུར་དང་རློན་པོའི་ཤ།། གཞན་གྱི་དོན་དུ་བཞེས་སུ་གསོལ།། གུ་ཡ་སི་ཏི་མང་ས་རག་ཏ་ཁཱ་ཧི།། རིས་ལས་སྐྱེས་དང།། རིན་ཆེན་སྣ་ལྔའི་མཆོད་པ་འདི། ། གསང་བའི་ཡུམ་ལ་མཆོད་པར་འབུལ།། བདག་གི་དོན་དུ་བཞེས་སུ་གསོལ།། སརྦ་ས་གུར་ག་ཁཱ་ཧི།། དུར་ཁྲོད་གནས་བརྒྱད་ཁྲག་གི་ཀློང་དཀྱིལ་ནས།། ཤིན་ཏུ་མི་བཟད་ཁྲོ་མོའི་སྐུ་བྱུང་བ། ། ཆོས་ཉིད་མི་འགྱུར་སྔོན་མོའི་མདོག་ལ།། གདུག་པ་དབང་སྡུད་མཆོང་གི་རལ་པ་ཅན།། སེམས་པའི་ཚུལ་སྟོན་དུང་གི་ཐོར་ཚུགས་ཅན།། སྲིད་གསུམ་སྒྲོལ་མཛད་ཁཱ་ཊྭཱཾ་རྩེ་གསུམ་དང།། བན་དྷ་རག་ཏས་བཀང་པ་ཉིད་ཀྱི་ཞལ་དུ་གསོལ། །། ཆོས་ཉིད་དོན་དང་ལྡན་པས་ཞིང་ལྤགས་སྐུ་ལ་གསོལ།། ཐེག་པ་དགུ་ལྡན་གླང་ཆེན་ཡབ་ཀོར།། ཆེ་བའི་རྟགས་ལྡན་དུར་ཁྲོད་རྒྱན་གྱིས་བརྒྱན་གདུལ་པའི་འཕྲིན་ལས་གནོད་སྦྱིན་དབང་དུ་སྡུད། ། བརྗིད་པའི་གདན་དུ་སྨན་མོ་ཞབས་ཀྱིས་གནོན།། སྲིད་པའི་ཁྲོ་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་དོ།། འཕགས་མ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས། ། གཉེན་པོ་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ། དེ་ནས་ཡང་དག་བཤད་བྱ་བ།། ཤིན་ཏུ་གདུག་ཅིང་མི་སྲུན་པ།། འདོད་ཁམས་དབང་བྱེད་ནག་མོ་ཡི།། སྤྱི་ཡི་དམ་ཚིག་གང་བསྲུང་ལགས།། ཁྱད་པར་དམ་ཚིག་གང་དང་གང། ། སྤྱི་ཡི་དམ་ཚིག་ཉི་ཤུ་རྩ་བརྒྱད་ནི།། རིན་ཆེན་ས་གཞི་འདྲ་སྟེ་ཀུན་ལ་གཅེས།། ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་ལ། བླང་དང་དོར་བ་མི་བྱ་ཤིན་ཏུ་བཀུར།། མཆེད་དང་ལྕམ་དྲལ་རྒྱལ་བ་རྒྱ་མཚོ་ལ།། ངན་པའི་སེམས་དང་ཞེ་སྡང་བརྔན་མི་བྱ། ། སྔགས་དང་ཕྱག་རྒྱ་ཏིང་འཛིན་རྒྱུན་མི་གཅད།། སྐྱེ་ཤི་མེད་པར་རྟོགས་པ་ཀླུང་ལྡན་པས།། རྒྱུ་དྲུག་འཁོར་བའི་གནས་ནས་བསྒྲལ་པའི་ཕྱིར།། གནས་ཀྱི་ཡུལ་དང་ཏིང་འཛིན་གསལ་བ་ཡིས། ། ཁམས་གསུམ་འཁོར་བཅན་དག་བསྒྲལ་བར་བྱ།། གཞན་གྱིས་མ་རྟོགས་རྫུན་དུ་སྨྲ་བར་བྱ།། མཁའ་འགྲོ་མཆོད་ཕྱིར་མ་བྱིན་བླང་བར་བྱ།། རྟོག་མེད་གཞན་གྱི་བུ་མོ་སྤྱད་པར་བྱ།། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང། ། ཕྲག་དོག་བདེ་གེས་སྐུ་སྟེ་དང་དུ་བླང།། དཀར་རྩི་དམར་རྩི་དྲི་ཆེན་ཤ་ཆེན་དང།། དྲི་ཆུ་མཆོད་པའི་རྫས་ཏེ་དང་དུ་བླང།། ཕྱི་ནང་སྣོད་བཅུད་འཁོར་བའི་ཆོས་རྒྱས་བཏབ།། སངས་རྒྱས་ཞིང་དུ་ཤེས་པར་བྱ། ། ཕུང་པོ་ལྔ་དང་རྣམ་ཤེས་དབང་པོ་ལྔ།། རིགས་ལྔ་ཡེ་ཤེས་ལྔ་རུ་ཤེས་པར་བྱ།། ཁྱད་པར་བསྲུང་བའི་དམ་ཚིག་ནི།། སྤྱོར་བའི་རྟོག་པ་མི་བྱ་སྟེ།། ནལ་བུ་དག་ལ་སྤྱད་པར་བྱ།། ནལ་བུ་དག་ལ་བྱམས་པབསྐྱེད། ། ཕག་རྫི་དག་ལ་བརྟེན་པར་བྱ།། ཡུག་ས་མོ་ལ་སྤྱད་མི་བྱ།། མཁར་བ་དག་ལ་བཀུར་མི་བྱ།། བོང་བུ་དྲེའུ་ལ་བརྡུང་མི་བྱ།། བསྲེ་དྲི་ཅན་གྱི་ཤ་མི་བཟའ།། གླང་དམར་དག་ལ་བརྡེག་མི་བྱ། ། རླུང་ནག་ཞེ་སྡང་བསྐྱེད་མི་བྱ།། སྤྱི་ཡི་དམ་ཚིག་ཉམས་གྱུར་ན།། རྒྱལ་ཁམས་ཆུ་ཡིས་ཁྱེར་བ་འདྲ།། ཕྱིས་ཀྱང་འཚོ་བར་མི་འགྱུར་ཏེ།། མནར་མེད་དམྱལ་བའི་གནས་སུ་ལྷུང།། ཁྱད་པར་དམ་ཚིག་ཉམས་གྱུར་ན། ། ཏ་ལ་ཤིང་གི་མདོ་བཅད་བཞིན།། ཕྱི་མར་འགྲུབ་པར་མི་འགྱུར་ཏེ།། ཁྲེལ་ནས་རང་ལ་གནོད་པར་འགྱུར།། དོན་དུ་རང་སེམས་བརྟན་པ་བདེ།། ལྟ་བ་རྣམ་བཞི་རྟོགས་གྱུར་ན།། མ་མོ་ངེས་པར་འགྲུབ་པར་འགྱུར། ། རང་བཞིན་མེད་ལས་རང་བཞིན་སྣང།། རྒྱུ་དྲུག་བསྒྲལ་བའི་ཞིང་དུ་སྣང།། དུས་གསུམ་བདུད་རྩི་ཆེན་པོར་སྣང།། དོན་དམ་ཆོས་ཉིད་རྣམ་པར་དག། ལྷ་དང་ལྷ་མོའི་ཕྱག་རྒྱར་གསལ།། དམ་ཚིག་གཉན་པོ་ཐུབ་པར་བསྲུངས། ། བྱུང་ཁུངས་ལོ་བརྒྱུས་གཏན་ལ་འབེབས།། རྣམ་བཞི་གདེང་དང་ལྡན་གྱུར་ན།། མ་མོ་ངེས་པར་འགྲུབ་པར་འགྱུར།། འཕགས་མ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། བསྲུང་བ་དམ་ཚིག་གི་ལེའུ་སྟེ་བཅུ་གཅིག་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། ཕྱི་རབས་རྣམས་ལ་གནོད་སྲིན་ན།། ངན་ཐབས་བགྱི་ན་གང་གིས་བགྱི། རྫས་སུ་བཙལ་བའི་རྫས་དེ་ལ།། དེ་ལ་ངན་སྔགས་གང་གིས་བརྡེག། ངན་ཐབས་བྱ་ན་འདི་ལྟར་རོ།། སྨས་པ་མོའི་རོ་དག་ལ།། ཀླད་པའི་དཀྱིལ་དུ་མཐོངས་བརྟོལ་ནས།། སྲིན་མོ་ཆེན་མོ་རེ་མ་ཏི།། ཁྲུ་གང་དག་ནི་གཞུག་པར་བྱ།། སྙིང་ཁར་ཕོ་ཡི་མིང་རུས་གཞུག། ལྟེ་བར་མེ་ཡིས་མིང་རུས་གཞུག། གསང་བར་བུ་ཡིས་མིང་རུས་གཞུག། བུས་མོས་རྐང་མཐིལ་གཡས་གཡོན་ལ།། འཁོར་འདས་ལོངས་སྤྱོད་ཡན་ཆད་གཞུག། ཤི་ཤིང་ནག་པོའི་ཕུར་པ་ལ།། ལྷ་མོ་ཉིད་དུ་དབང་བསྐུར་ཏེ། ། སྟོད་ནས་གནས་བརྒྱད་དག་ཏུ་གདབ།། ཏྲག་རག་ཤ་རག་མོ་ཨ་ནཡཱ་རྦད་རྦད།། ཏྲག་རག་ཤ་རག་མོ་བན་དྷ་བུཾ་ཀྲུག་མུ་ཀ་འདྲི་རྦད་རྦད།། ཏྲག་རག་ཤ་རག་མོ་ཙིཏྟ་འབུར་ཏི་དྷྲི་སྟི་ཁ་རག་རྦད།། ཏྲག་རག་ཤ་མོ་ཤ་འཕྲི་བྲ་སུ་ཏུ་ཤ་རྦད། ། ཏྲག་རག་ཤ་རག་མོ་ཨཱ་རྦད།། པྲ་པུ་རུ་རྦད་རྦད།། ཏྲག་རག་ཤ་རག་མོ་པ་ལ་ཏི་ཙེ་ཙེ་མུན་ཏི་རྦད་རྦད། ཏྲག་རག་ཤ་རག་མོ་པ་ལ་ཏི་ཙེ་ཙེ་མུན་ཏི་རྦད་རྦད།། ཏྲག་རག་ཤ་རག་མོ་ཙ་ཀ་ན་ཧེ་ཀུམ་རྦད་རྦད། ། ནརི་ཤ་ཀུ་རུ་ཐུམ་རིལ་རྦད།། སུཾ་ཀུ་རུ་ཐུམ་རིལ་རྦད།། མགོ་དང་མཇུག་ཏུ་དེ་བཞིན་གདག། རྨས་པ་མོ་ཡི་ཞབས་མས་གདབ།། སྨེ་བ་ལྔ་ཡི་དུད་པས་བདུག། དེ་བཞིན་གདུག་པའི་སྔགས་ཀྱིས་བརྡེག། ཏྲག་རག་ཤ་རག་མོ་ཀླད་པ་ལ་ཐིབས་ཨ་དྷུ་ཤ་ཛཱ།། ཏྲག་རག་ཤ་རག་མོ་ཙིཏྟ་བཾ་ལོག་ཨ་དྷུ་ཛཱ་ཛཱ། ཏྲག་རག་མོ་འདྲི་ན་མུ་ཏི།། ཨ་གུ་ཤ་ཛཱ།། ཏྲག་རག་ཤ་རག་མོ་སྟ་ན་བ་ཏི་ཨ་ཀ་རུ་ཨ་གུ་ཤ་ཛཱ།། ཏྲག་རག་ཤ་རག་མོ་ཛཱ་ན་ར་ཨ་ནིར་ཏི་མཱ་ར་ཡ་ཨ་གུ་ཤ་ཛཱ་ཛཱ། ། ཏྲག་རག་ཤ་ཛཱ་མུན་ཏྲི་མཱ་ར་ཡ་ཕྱེ་ཕྲ་མ་ཤུ་ཏོ་མུག་ཏ་ཤག་ཤག། ཏྲ་རྩེ་མ་ཕྲོལ་ཕྲོལ།། ཡག་ཏུ་མ་ཤིག་ཤིག། ཆུམ་ཤིག་ཧབ་བན་ཧབ་འབན།། ཁུག་ཁུག་ནརི་མ་ར་ཡ་ཕྱེ་ཐུམ་རིལ་ཁ་ཏམ་རྒྱུགས། ། སྣ་རྩེ་ར་རྩེ་རྦད་རྦད།། དེ་དག་དེ་བཞིན་བཟླས་བྱ་ཞིང།། སྐབས་སུ་དྲག་པོའི་ཕོ་ཉ་གཏང།། ཐོད་པ་ནག་པོའི་ནང་དག་ཏུ།། ཐུན་སྣ་དག་ནི་བླུགས་བྱས་ལ།། ཐོད་ཟེར་གསང་བའི་ཕོ་ཉ་གཏང། ། གང་ལ་དམིགས་པ་སྨོས་ལ་བརྡེག། འབེན་གང་ཙམ་ནས་འཕངས་ལ་གཏང།། གནས་ལྔ་དག་ཏུ་མ་ཕོག་ན།། བརྣག་པའི་ལས་རྣམས་རིམ་པས་བྱ།། གང་ཡིན་དག་ལ་ཕོག་པར་བརྡེག། འཕགས་པ་ལྷ་མོ་ནག་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས། ངན་ཐབས་ཀྱིས་གདུལ་ཞིང་ཐོད་པྲ་བརྟག་པའི་ལེའུ་སྟེ་བཅུ་གཉིས་པའོ།། དེ་ནས་ཡང་དག་བཤད་བྱ་བ།། དེ་ནས་ལྷ་མོ་ནག་མོ་དེ།། འཇིགས་བྱེད་སྲིན་མོའི་ཆ་ལུགས་ཅན། ། སེམས་ཅན་བསྐྱེད་ཕྱིར་མ་མོའོ།། འཇིགས་པའི་ཚུལ་སྟོན་ཟ་ལ་དགའ།། བུད་མེད་གཟུགས་སུ་སྤྲུལ་པས་ན།། མ་མོ་ཞེས་སུ་གྲགས་པ་ཡིན།། མ་མོའི་ཚོགས་ཀྱི་དབྱིངས་ཀྱི་དང།། མ་མོ་བརྡལ་པ་ཕྱག་རྒྱའི་སྐུ། ། འཇིགས་ཚུལ་སྟོན་པས་སྲིན་མོའོ།། ཨུ་པར་སྐྱེས་པས་མ་མོའོ།། གཤིན་རྗེ་ནག་པོའི་སྲིན་མོའོ།། གནག་པའི་ཆ་ལུགས་བདུད་མའོ།། མདངས་ལས་སྦྲུལ་པས་ལྷ་མོའོ།། གནོད་པར་སྟེར་བས་གནོད་སྦྱིན་མོ། ། ལས་རྣམས་བྱེད་པས་སེམས་ཅན་ནོ།། རེ་མ་ཏི་དང་རེ་མ་ལས།། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ།། སྲིན་མོ་གདུག་གཏུམ་ཟབ་མོ།། ལས་རྣམས་བྱེད་པའི་མ་མོ་ཡིན།། གཡོག་མེ་དག་གི་དབྱེ་བ་ནི། དྲེའུ་སྣ་ཁྲི་སྨན་སྐྱི་མཐིང་མ།། ཕྱི་ལྟར་བསྟན་པའི་མ་མོ་ཡིན།། ཡི་འདར་གློང་སྲིན་ཕུང་བྱེད་མ།། ནང་ལྟར་བསྟན་པའི་མ་མོ་ཡིན།། མིང་མེད་པ་ཡི་མ་མོ་གསུམ།། གསང་བར་བསྟན་པའི་མ་མོ་ཡིན།། ཤན་པ་ར་མགོ་མི་སྲུན་པ། ། ལས་རྣམས་བྱེད་པའི་མིང་པོ་ཡིན།། འཕགས་པ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། མ་མོའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། དེ་ནས་ཡང་དག་བཤད་བྱ་བ།། གཡེན་པོ་ཉིད་དང་གཡོག་ཏུ་བཅས། ། བཟླས་ཤིང་སྤད་དང་གསང་སྔགས་གང།། ངེས་པའི་གསང་སྔགས་འདི་རྣམས་སོ།། ཏྲག་རག་ཤ་ཁ་མུན་ཏྲ་རུ་ལུ་རུ་ལུ་སྙིང་ཁ་རག་མ་བྷྱོ།། རག་མོ་ཏེ་ཀུམ་ཁ་ལ་ཙ་ཙ་བྷྱོ།། རུ་ལུ་རུ་ལུ་མ་ཏིང་བྷྱོ། ། བྷྱོ་ཐུར་རག་མོ་ཐུཾ་ལིས་སྙིང་རྩ་འདུ་འདུ།། སྲོག་པྲིག་ཕྲིག་ཤམ་ཤམ་ཁྱེར་བྷྱོ།། ཁ་ཐུན་ནརི་ཛཱ་ཛཱ།། མ་མོ་རེ་ཏེ་སྲོག་གི་སྙིང་པོ་མ་རུ་རྩེའི་སྒོ་འགྲམ་དུ་ཕུལ་བ།། ཏད་ཡ་ཐཱ།། ཏྲག་རག་ཤ་རུ་རུ་བེ་རོ་ཧཱུ~ཾ།། ཏི་སྟ་བ་ཏོ་སི་སྙིང་ཁ་རག་མོ་བྷྱོ་ཛཱ་ཛཱ། ། སྐུའི་སྙིང་པོའོ།། གཤིན་རྗེ་དམར་པོས་དམ་ལ་བཏགས་པའི་དུས་སུ་ཕུལ་བ།། མ་མ་རུ་རུ་རོ་ཙུ་ཙ་པ་ལ་ཨ་ཤུ་མེ་བྷྱོ་བྷྱོ་ཛཱ་ཛཱ།། གསུང་གི་སྙིང་པོའོ།། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕུལ་བ། ། བཛྲ་ཁ་རག་སྙིང་ཁ་རག། ཏྲག་རག་ཤ་རུ་རུ་རོ་རུ།། ཙ་མུན་ཙག་ཤ་ཧཱུ~ཾ་བྷྱོཧཱུ~ཾ་ཛཱ་ཛཱ།། ཐུགས་ཀྱི་སྙིང་པོའོ།། ཏྲག་རག་ཤ་རག་མོ་ཁ་ལ་རག་ཤ་མ་དུན་ཏིང་ཛཱ།། ཡོན་ཏན་གྱིའོ།། རུ་རུ་རག་མོ་མཱ་ཤམ་ནི་ཙ་པ་ལ་ལྷ་མོ་ཡ་མ་དུང་ཧྲིང་ཡག་དུ་མཱ་ཛཱ་ཛཱ། ། འཕྲིན་ལས་ཀྱིའོ། སྐུ་གསུང་ཐུགས་གཞི་གཅིག་ཏུ་རྦད་པ།། ཏད་ཡ་ཐཱ།། རུ་རུ་རག་མོ་གུ་སི་དུན་རག་མོ་སྙིང་ཁྲག་རྩ་སྲོག་བྲེང་བྲེང་རྦད།། ཨོཾ་ཛཱ་ལ་ཛཱ་ལ་ཧཱུ~ཾ།། མ་སྲོག་ཏུག་ཏུག་ཁྲག་ལང་སྙིང་རྦུད། ། མ་ཧཱ་སྲོག་ཐུན་སྙིང་ལ་མ་བྷྱོ།། མ་ར་ཡ་ཕཊ།། ཁ་ཐུན་ནི་ཛཱ+ེ།། སྐུ་གསུང་ཐུགས་གཞི་གཅིག་ཏུ་དྲིལ་ཏེ་གསད་པའི་སྔགས་ལ།། ཐང་མུ་ལེ་ཐང་མུ་ལེ་རྦད་རྦད།། མུཾ་སྣི་མུཾ་སྣི་ནཎ་ནཎ།། རག་མོ་ནི་རག་མོ་ནི་རྦད། ། དུག་སྣ་དུག་སྣེ་ཁ་ལོ་རྦད་རྦད།། ཀྱི་ཁ་ལོ་ཀྱི་ཁ་རྦད་རྦད།། རྩ་སྟི་རྩ་སྟི་རྦད་རྦད།། ནརིར་སྟི་ནིར་སྟི་སྙིང་ལ་མུགས་མུགས།། ཐུཾ་ཐུཾ་སུབས་ཏི་སྟ་རྦད་རྦད།། ཁ་འདར་ཡེད་ཡེད།། ཐུཾ་ཐུཾ་རྦད་རྦད། ། ས་ཁ་ལོ་མུ་མ་ཁ་ལོ་རྦད་རྦད།། གཡོག་མོའི་བོད་རྦད་གསད་པ་ནི།། རུ་རུ་རོ་རུ་རུ་མུན་ཏྲ།། རུ་རུ་རོ་རུ་རག་མོ་ཁ་མུན་ཏྲ།། མ་དུང་ད་ཏན་མ་ཏིང་བྷྱོ།། མ་ཏེ་ཀུམ་ཁ་ལ་རྩ་རྦད།། མ་ཏེ་ཀེ་མ་སྙིང་ཁ་རག་རྦད། ། མ་སྲོག་ལ་ཡེད་ཡེད་རྦད།། རྦད་གསད་དོན་བསྡུས་པའོ།། འཕགས་མ་ལྷ་མོ་ནག་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། བོད་པ་རྦད་པ་གསད་པ་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། དེ་ནས་ཡང་དག་བཤད་བྱ་བ། ། བཟླས་པའི་ཐབས་དང་སྐྱོན་ཡོན་བསྟན།། བོད་པ་རྦད་པ་གསད་པ་ལ།། རིང་བར་ཡང་ནི་མི་བཟླས་ཏེ།། ཐུང་བར་ཡང་ནི་མི་བཟླས་སོ།། ཆེ་བ་མ་ཡིན་ཆུང་བ་མིན།། རིང་བ་མ་ཡིན་བུལ་བ་མིན། ། བྱང་བ་མ་ཡིན་སྤང་བར་བྱའོ།། གུག་ཀྱེད་ཉམས་པར་མི་བྱའོ།། སྤང་བྱ་དྲུག་ནི་སྤང་བར་བྱའོ།། གཞན་དུ་སེམས་ནི་འཁྱམས་པ་དང།། གཉིད་དང་གཡལ་དང་སྦྲིད་པ་དང།། གློ་དང་ཆམ་ལ་སོགས་པ་ནི། ། དོར་བྱ་དྲུག་ནི་དོར་བར་བྱ།། བུལ་ན་ནོར་ནི་ཡལ་བར་གྱུར།། སྐྱེན་ན་སྔགས་ཀྱི་ཡན་ལག་ཉམས།། བར་ཆད་སྔགས་པ་རང་ལ་འོང།། འཕགས་མ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། བཟླས་པའི་ཐབས་དང་སྐྱོན་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅཱ་ལྔ་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། བཟླས་པར་བྱ་བའི་སྔགས་རྣམས་ལ།། གྲངས་ཀྱི་ཚད་ནི་ཇི་ཙམ་བཟླས།། ཨེ་ཀ་ཛ་ཊི་དྲུག་འབུམ་མོ།། སྐུ་གསུང་ཐུགས་ལ་བྱེ་པའོ། ། སྤྱན་དྲངས་ཉ་བསྙེན་དྲུག་འབུམ་སྟེ།། བན་དྷེ་འབུམ་ལ་སྐྱེ་བོ་ཁྲི།། བུད་མེད་ལ་ནི་སྟོང་སྟོང་ངོ།། གསད་པའི་རྒྱལ་པོ་བྱེ་བ་སྟེ། བན་དེ་བདུན་འབུམ་སྐྱེ་བོ་འབུལ།། བུད་མེད་ཁྲི་ཕྲག་གཅིག་གིས་འགྲུབ། ། འཁོར་གྱི་སྔགས་ལ་བརྒྱ་རྩ་བརྒྱད།། རྟོགས་པ་ངན་པ་སྤངས་ཏེ་བཟླས།། འཕགས་མ་ལྷ་མོ་ནག་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། བཟླས་པའི་གྲངས་དང་གཏན་ཚིགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། ཐེག་པ་འོག་མའི་གང་ཟག་གིས།། དབང་མ་ཐོབ་ན་མི་འགྲུབ་སྟེ།། དབང་གི་རྫས་སུ་བཙལ་བ་ནི།། བུམ་པ་ལྔ་འམ་ཡང་ན་གཅིག། ཀ་ར་བུ་རམ་སྦྲང་རྩི་དང།། ས་བདག་རྒྱལ་པོའི་སྙིང་བཅུག་ལ། ། ཏིང་འཛིན་ལྡན་པའི་རྣོལ་འབྱོར་གྱིས།། ཡེ་ཤེས་བདུད་རྩི་བཀུག་བྱས་ཏེ།། ཡེ་ཤེས་འབྲུ་གསུམ་སྦྱོར་བ་ཡིས།། བདུད་རྩི་ཉིད་དུ་བྱིན་གྱིས་བརླབ།། འབྲུ་ཆང་འབྲས་ཆང་རྩི་ཆང་དང། ། གྲོ་ཁུ་འབྲུ་སྣ་ན་བླུགས་ཏེ།། གོང་མ་བཞིན་ཏེ་བྱིན་གྱིས་བརླབ།། མ་རྟོགས་རྨོངས་ལ་བསྟན་ཕྱི་རུ།། དབུས་ཟླུམ་ཟླ་གམ་གསུམ་གྱིས་བསྐོར།། རང་ཉིད་ཨེ་ཀ་ཛ་ཊི་བསྒོམ།། འཁའ་འགྲོ་འགྲོས་པའི་འབྱོན་ཚུལ་གྱིས། ། བགེགས་རྣམས་བསྐྲད་དེ་ནང་དུ་བཞུགས།། བཀག་པས་མེ་ཏོག་དོར་བར་བྱ།། དཀྱིལ་འཁོར་ལྷ་རྣམས་ངོ་བསྟན་བྱ།། དེ་ནས་བུམ་པ་གང་ཡིན་པ།། སྤྱི་བོའི་གཙུག་ནས་དབང་བསྐུར་བྱ།། བདུད་རྩི་བྱང་ཆུབ་སེམས་བཞུ་སྟེ། ། འོད་འདུས་དང་པོ་རིམས་ཀྱིས་བསྐོར།། མ་མ་ཤ་སྟ་པ་ལ་ཨ་བྷི་ཥིཉྩ་ཨོཾ།། སྤྱི་གཙུག་མགྲིན་པར་དབང་བསྐུར་རོ།། མ་མ་པ་ཙ་ལ་ཨ་བྷི་ཥི་ཉྩ་ཨཱ།། མ་མ་པ་ཤང་ཀུ་རུ་ཨ་བྷི་ཥིཉྪ་ཧཱུ~ཾ། ། ཨོཾ་ཨཱཿཧཱུ~ཾ། བུམ་པ་ལྔ་ཡིས་དབང་བསྐུར་བས།། ལུས་ཀྱི་སྒྲིབ་པ་བྱང་གྱུར་ཅིག། སེམས་ཀྱི་དཀྱིལ་འཁོར་རྫོགས་གྱུར་ཅིག། མ་མོའི་དངོས་གྲུབ་ཐོབ་གྱུར་ཅིག། འཕགས་མ་ལྷ་མོ་ནག་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས། ། བུམ་པ་ལ་སོགས་པ་དབང་བསྐུར་པའི་ལེའུ་སྟེ་བཅུ་བདུན་པའོ།། དེ་ནས་ཡང་དག་བཤད་བྱ་བ།། གང་ཞིག་མོས་པའི་རྣལ་འབྱོར་ལ།། རིན་ཆེན་ནོར་དང་ཟས་དག་དང།། རིན་ཆེན་སྣ་ཚོགས་ལུས་ཀྱི་རྒྱན། ། འཛམ་གླིང་ནོར་གྱི་དངོས་གྲུབ་ཐོབ།། ནམ་མཁའ་མཛོད་ལ་མངའ་བརྙེས་མ།། ནོར་དང་ཟས་ཀྱི་དངོས་གྲུབ་ཐོབ་གྱུར་ཅིག། སེམས་ཀྱི་དཀྱིལ་འཁོར་རྫོགས་གྱུར་ཅིག། མ་མོའི་དངོས་གྲུབ་ཐོབ་གྱུར་ཅིག། མ་མ་ཏྲག་རག་ཤ་མང་ས་གོ་རོ་ཙ་ན་པ་ལ་ས་མ་ཡ་སིདྡྷི་ཧཱུ~ཾ།། དབུ་ཞུ་ཁྱད་པར་གཞན་ལས་འཕགས།། བན་དྷ་འཕགས་པས་དབང་བསྐུར་པས།། དབུ་ཡི་སྒྲི་པ་བྱང་གྱུར་ཅིག། སེམས་ཀྱི་སྒྲིབ་པ་བྱང་གྱུར་ཅིག། མ་མོའི་དངོས་གྲུབ་ཐོབ་གྱུར་ཅིག། ཨོཾ་བན་དྷ་ནི་མ་ས་མ་ཡ་སིདྡྷི་ཧཱུ~ཾ།། ཁྱད་པར་འཕགས་པའི་དུང་ཆེན་དང།། མི་དབང་རྒྱལ་མཚན་གཡང་གཞིས་དབང་བསྐུར་བས།། ལུས་ཀྱི་སྒྲིབ་པ་བྱང་གྱུར་ཅིག། སེམས་ཀྱི་དཀྱིལ་འཁོར་རྫོགས་གྱུར་ཅིག། མ་མོའི་དངོས་གྲུབ་ཐོབ་གྱུར་ཅིག། ནིམ་པ་ས་མ་ཡ་སིདྡྷི་ཧཱུ~ཾ།། འཕགས་མ་ལྷ་མོ་ནག་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས།། རིན་ཆེན་ཕྱི་ནང་གསང་དབང་བསྐུར་བའི་ལེའུ་སྟེ་བཅཱ་བརྒྱད་པའོ། ། དེ་ནས་ཡང་དག་བཤད་བྱ་བ། ཐུན་གྱིས་བརྡེག་པའི་ལས་དག་ནི།། བཟླས་པའི་ཚད་དུ་ཕྱིན་པ་དང།། ཞག་ནི་སུམ་ཅུ་རྩ་ལྔའི་བར།། བཟའ་བ་པོ་ལ་མིང་མིང་བཟའ།། ལྕགས་ཕྱེ་དུག་དང་རྡོ་ཕྱེ་དང། ། ཡུངས་ཀར་ཡུངས་ནག་སྐེ་ཚེ་དང།། ཁྲག་སྣ་དུག་དང་སེན་དགུ་དང།། ལྔ་འབུམ་དག་ཏུ་སྔགས་འདིས་བསྒྲུབ།། མ་མ་ཏྲག་རག་ཤ་ཁ་མུན་ཏྲ།། སྙིང་ཁ་རག་མོ་དུན་བྷྱོ་ཛ་ཛ་སྙིང་ཤ་ཀུ་རུ་ཐུཾ་རྦད། ། ཏྲག་རག་ཤ་རུ་པི་ནན།། མུག་ཏི་བཾ།། རག་མོ་ནི་ཤ་ཀུ་རུ་ཐུཾ་རྦད།། རག་མོ་ཁ་ལ་ཙ་ཙ་དུན་བྷྱོ།། རཀྟ་ཐུན་རྦད། ནག་མོ། ཧར་ཧོར། ནག་མོ་དུན་ཏིང་རྦད། ཙ་ཙ་ར་ཙེ་ཧིད། སྙིང་ལ་ཐུན། ཁ་ལ་ཙ་ས་མ་ཡདུན་བྷྱོ། ཧུ་ལུ་ཧུ་ལུ་སྙིང་ལ་བྷྱོ། ནག་པོའི་ཟླ་བ་དག་ལ་བརྡེག་པར་བྱ།། ཏད་ཡ་ཐཱ།། ཏྲ་རག་ཤ་རུ་རུ་རོ་རུ་བེ་རོ་ཧཱུ~ཾ་ཏི་སྟ་བ་སྟོ་སི་མུ་ཡ་མུགས་ཏི་སུབས།། སྙིང་རྩ་ལ་ཆོ་ཆོ།། བལ་ཧུབས་བལ་ཡུ་སྙིང་འགོང་རྩ་ལ་ཐུན་ནན། ། ཁོང་ཁྲག་རྩ་ལ་བཾ་ཀུག་ཐུན་ནན།། ཀླད་པ་ལ་ཏིབ་ཏིབ་ནན།། བལ་ཐུན་ནན།། ཁྲག་རྩ་སྙིང་ལ་མུག་ནན།། ཐིབས་ཐིབས་མུགས་ཐིབས་མ་མ་ཛཱ་ཐུན་བྷྱོ།། བན་དྷེ་ལ་འདེབས་པ།། མ་ཏྲི་མ་ཏྲི་ས་དོ་ཡ་ནི་བན་དྷེའི་སྲོག་རྦད། ། རྒྱལ་པོ་འདེབས་པ།། རཱ་ཛ་རཱ་ཛ་གུག་ཐུཾ་ལིང་རྦད། སྐྱེ་བོ་ལ་འདེབས་པ།། ནརི་ཁ་ལ་མ་ཏི་མཱ་ར་ཡ་རྦད།། བུད་མེད་ལ་འདེབས་པ།། ལོག་པ་ཙ་ལོང་པ་ཙ་ཙ་ར་མ་ཧྲི་རྦད།། འཕགས་མ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས། ། རོ་ལ་ཐུན་གྱིས་བརྡེག་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བསད་པའི་ལས་ཀྱི་སྦྱིན་སྲེག་གི། ལས་ཀྱི་རིམ་པ་གང་དང་གང། ། བསྒྲུབ་པ་རྒྱུན་གྱིས་དུས་དག་ཏུ།། རང་ཉིད་ཨེ་ཀ་ཛ་ཛ་ཊིར་བསྒོམ།། ཧོཾ་ཁུང་གྲུ་གསུམ་སུམ་བརྩེགས་ལ།། དབུས་སུ་སྲིན་མོ་ནག་མོར་བསམ།། ཟུར་ཕུར་སྐོས་འདེབས་མ་མོ་གསུམ།། གྲངས་ཀྱི་ཟ་བྱེད་མགོ་བརྙན་བཞི། ། གཞུང་བཞིན་དག་ཏུ་འཕྲིན་ལས་བྱ།། རོ་ཤིང་དུག་དང་ཚེར་མ་ཅན།། སྟེང་དུ་བརྩིགས་ཏེ་གཞག་པར་བྱ།། སྤྱན་དྲངས་མཆོད་དང་བསྟོད་པ་དང།། བཤགས་དང་སྨོན་ལམ་གདབ་པར་བྱ། ། དངོས་སུ་བྱ་རོག་འུག་པ་བསྲེག། སྲིན་མོ་ནགམོ་བསྲེས་རྫས་ནི།། བུད་མེད་དར་མའི་སྙིང་ཁྲག་དང།། རྨས་པ་མོ་ཡི་རོ་རུ་བཅས།། བཅཱ་ལྔ་བསྲེགས་ནས་གདོན་མ་ཟ།། མགོ་བརྙན་བཞི་ཡི་བསྲེག་རྫས་ནི། ། སེང་གེ་དཀར་མོའི་ཤ་ཁྲག་དང།། སྟག་སྤྱང་ཤ་དང་བྱ་རྒོད་དང།། ཀང་ཀའི་ཤ་དང་ཁྲག་རྣམས་དང།། དགྲ་བོའི་མིང་དང་རུས་སུ་བཅས།། དུས་སུ་བསྙེགས་ན་གདོན་མི་ཟ།། གཡས་ནས་ནག་མོའི་ཐུགས་དམ་བསྐུལ། ། གཡོན་དུ་དགུག་པའི་སྦྱོར་བ་བྱ།། ཤར་ནས་རྒྱལ་པོའི་གསང་སྔགས་བཟླས།། གཞན་གྱིས་ལས་ཀྱང་དེ་བཞིན་ནོ།། གཙོ་མོ་ཉིད་ལ་ལན་འབུམ་མོ།། མགོ་བརྙན་ལ་ནི་སྟོང་སྟོང་ངོ།། རྫོགས་དང་དུར་ཁྲོད་དཀྱི་དུ་མནན། ། ཏྲག་རག་ཤ་ཛ་མུན་ཏྲི་ཏྲག་ཤ་བྷྱོ།། སྙིང་ཁ་རག་སྙིང་ཁ་རག། རག་མོ་སྙིང་ལ་ཤད་ཤད་བྷྱོ།། སིང་ང་མུ་ཀ་དགྲ་སྙིང་ལ་རྦད།། སིང་ང་མུ་ཀ་ས་མ་ཡ་ས་ཏི་ཨ་ཏི་ཟུང་ཟུང།། སྙིང་ཤད་ཤད་བྷྱོ། ། བྱ་གྲི་མུ་སྟི་ཛཱ་ཛཱ།། ཁ་ལ་ཛཱ་ཛཱ།། བྱ་གྲི་མུ་ཀ་ཧྲི་ཛཱ་འུབས་སྙིང་ཤད་ཤད་བྷྱོ།། ཏི་ཏ་མ་ཏི་ཤ་ཙིཏྟ་རོ་ལ་ཤ་ཏྲ་ཛཱ་སྙིང་ཤད་ཤད་བྷྱོ།། ཀང་ཀ་མ་ཏི་ས་ཏྲི་ཧེ་ཤ་སོད།། ཙིཏྟ་དུ་ཤ་སོད།། ཙིཏྟ་དུ་ཤ་སོད།། ཀ་ཀ་ཁ་རག་སོད་སྙིང་ཤད་བྷྱོ། ། བསྟབ་པ་ནི།། རག་མོ་སྙིང་ཤ་མ་སྙིང་ཁ་རག་ཏྲག་ཤ་ཁ་རཾ་ཁཱ་ཧི།། ཙ་མུན་ཙག་ཤ་ཁ་རཾ་ཁཱ་ཧི།། ཕུ་ཡི་ཕུ་ཡ་རག་ཏ་ཛཱ་མུན་ཏི་ཁཱ་ཧི།། དུལ་དུལ་ཤིག་ཤིག་ཧྲི་ར།། མེ་ལ་ཛ་འུབས་འུབས། ། འབྲུ་དུ་ས་རི་ཤིག། མེ་རཾ་མེ་རཾ་ཁཱ་ཧི།། བཾ་ཡོས་བཾ་ཡོས་ཛཱ་ལ་རཾ་ཁ་ཧི།། ཧྲི་ཐུ་ལུམ་ཐུ་ལུམ་ཛཱ་ལ་རཾ།། སྙིང་ཧྲི་ཛྭ་ལ་རཾ་ཤིག། མུ་ཡ་མུག་ཏི་ཛྭ།། བརྒྱ་རྩ་བརྒྱད་བཟླས་སོ།། མི་བསྲེག་ན།། ཧྲི་ཡཾ་དུ་རུ་ཛྭ་ལ་རཾ། ། ལྷ་ལ།། དེ་བ་རཱ་ཙ་དུ་རུ་ཛྭ་ལ་རཾ།། མཚར་པ་དྲོ་སོལ་ལྷ་ཡི་ཤིང།། འབྲས་དང་སོ་བ་བསྲེག་རྫས་སོ།། ན་ག་ལྕུག་ནི་ཀླུ་ཡི་ཤིང།། བ་མར་འོ་མ་བསྲེག་རྫས་སོ།། ནམ་ཕྱེད་བརྒྱད་ཀྱི་གུང་དུས་སུ།། ར་བ་བཞི་ཡི་དུས་སུ་གསུངས། ། བཅཝ་ལྔ་ཉི་ཕྱེད་ནང་གི་ལྷ།། མར་ཁམས་ནམ་ལངས་བསང་བ་ཀླུ།། ཉི་ཤུ་ཉི་ནུབ་ལས་བྱེད་མ།། བན་དྷེ་བསྲེག་པའི་དུས་སུ་ཤིག། འཕགས་མ་ལྷ་མོ་ནག་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས། ། སྦྱིན་བསྲེག་ཧོཾ་གྱི་ལེའུ་སྟེ་ཉི་ཤུ་པའོ།། དེ་ནས་ཡང་དག་བཤད་བྱ་བ།། གསད་པ་ལས་ཀྱི་གོ་རིམ་དང།། རྣལ་འབྱོར་གང་ཞིག་རྩོམ་འདོད་པས།། བསྙེན་འཛབ་མཚན་མ་ཐོབ་པ་དང།། དམོད་སྔགས་མ་ཡེངས་བརྩོན་པར་བཟླས། ། དེ་ནས་ཕོ་ཉ་གཏང་ལ་དགུག། ཁྲག་སྣ་གསུམ་དང་དུག་སྣ་ཚོགས།། དྲག་པོའི་སྣོད་དུ་བླུགས་བྱས་ལ།། ཡུངས་ཀར་ཡུངས་ནག་སྐེ་ཚེ་ལ།། དམོད་སྔགས་བཟླས་ལ་ཐུན་ལ་བརྡེག། སྐབས་སུ་ཕུར་ནག་དག་གིས་གདབ།། རལ་གྲིས་གཏུབས་ལ་ཧོཾ་ལ་བསྲེག། དེ་ནས་ལིང་ག་ཤན་ན་མོའི་ཁར་བཅུག་ལ་དུར་ཁྲོད་རྙིང་པར་སོང་ལ་བདག་ཉིད་ལྷ་མོ་ནག་མོའི་ཏིང་ངེ་འཛིན་དུ་ཞུགས་ལ། ། བདུད་ཆས་ལེགས་པར་བྱས་ལ་རལ་པ་སྤྱི་བོར་བཅིངས་ཏེ་ར་འམ།། བོད་བུ་ལ་ཞོན་ལ།། གདོང་པ་ཁྲག་གིས་བྱུག། ལག་པ་མཁྲིག་མ་ཡན་ཆད་ཁྲག་གིས་བྱུག། ཐུན་ཐོད་ལག་ཏུ་ཐོགས་ལ་གཡོག་པོ་གཅིག་གིས་རྔ་དྲག་ཏུ་བརྡུང་དུ་གཞུག། སློབ་དཔོན་གྱིས་ཐུན་འཕེན་པའི་རྐེད་པ་ནས་དར་དམར་པོའི་གཟུངས་ཐག་བཏགས་ལ་ཚེ་གཟུང། ཞིང་ལྤགས་ས་ལ་བརྡབ་ཅིང།། ལྷ་མ་སྲིན་སྡེ་བརྒྱད་ཀྱི་ར་མདའ་བཟློག། ཧཱུ~ཾ་སྲིན་མོ་ཁྲག་འཐུང་གློག་འགྱུ་མ། ། བྱ་བའི་ཚེ་བཏང་ལ།། མཱ་མཱ་མཱ་མཱ།། མཱ་འོ་མཱ་འོ་མཱ་འོ་མཱ་འོ།། བྷྱོ་བྷྱོ་བྷྱོ།། ཧ་ཧ་ཧ་ཧ།། ཧི་ཧི་ཧི་ཧི།། ཞེས་མ་མོ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་ནས་བསྒྲང་ཞིང།། མ་མོ་དབང་དུ་བསྡུས་ལ་དམོད་གཟུགས། ། དེ་ནས་ཡང་ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས་བྱ་བ་དང།། ཐུ་ལུམ་སྲེག་བྱེད་འབར་བའི་སྙིང་ཟན་མ་ཞེས་བསྐུལ་ནས།། ནད་བདག་མོ་བོད་ཅིང་རྦད། ཐུན་བསྐུལ། ། ང་ནི་སྲིད་པའི་རྒྱལ་མོ་སྟེ་བྱ་བ་དང།། ཉི་མ་སྟོང་ཁམས་ཁྱབ་པའི་དཀྱིལ་འཁོར་ནས་བྱ་བའི་ཚེ་ཐུན་བསྐུལ་རང་བ་གཏང་ལ།། སྦད་སྔགས་འདི་བཟླས་སོ།། བཙན་མོ་མཱ་སྟི་ཡཱ་ཡཱ་རག་མོ་སྙིང་ལ་ཡཱ་ཡཱ།། བ་ཏ་ཙ་ཀ་ཛཱ་རག་ཤ་ཡཱ་ཡཱ། ། ཙཀྲ་མ་ནི་ཛཱ་ཛཱ།། མ་མོ་ནག་མོ་བཾ།། རིལ་ཐུལ་རྦད་ཛཱ་ཡ་ཛཱ་ཡ།། མ་ར་ཟཱ་མར་ཟཱ་བྷྱོ་བྷྱོ་བྷྱོ།། ཐུན་ཕོབ་ཅིག་ཡཱ་ཡཱ།། ཞེས་བརྗོད་ལ་ཐུན་འཕང།། གཡང་གཞི་བརྡབ།། འོ་དོད་བོད། ། དཔང་བཅོལ།། དེ་ནས་ཡང་ལིང་ག་རྣེལ་གྲི་མོའི་ཐོད་པར་བཅུག་ལ་མནན་ཏེ།། དུར་དུ་སྦས་ན་ཕ་ཚན་ཙམ་ལ་གནོད་དེ་ཡི་གྲིར་མཆི།། ཚང་བང་དུ་སྦས་ན་བུད་མེད་འཆི།། མལ་དུ་སྦས་ན་ཁྱོ་འཆི།། ར་བར་སྤྱང་ཐོད་དམ། དྲི་མོའི་ཐོད་པ་སྦས་ན་ཕྱུང་མི་ལྟས་སོ།། ཡང་ན་བྲག་དང་ཆུ་འཐབ་ཏུ་བྱ་བ་སྟེ།། བདག་ཉིད་སྐྱེ་བ་མེད་པ་སྟོང་ཞིང་བདག་མེད་པའི་ངང་ལས་གཡོས་པ་རྡུལ་ཙམ་ཡང་མེད་པ་ལ།། ཡི་གེ་ཏོ་སྔོ་སྐྱ་གཅིག་གསལ་བར་བསྒོམས་ཏ། ། བསྐྱེད་པའི་སྔགས།། ཛཿ་ཧཱུ~ཾ་བཾ་ཧོ།། ཏང་རུ་ཏྲཾ་བུ་ཏ་ཤར་ཤར།། ཅེས་བརྗོད་པས།། དཔེར་ན་རྒྱ་མཚོའི་རླངས་པ་ལ་བྱུང་བ་ལས་དུད་སྦྲིན་ནག་པོ་ཆགས་པ་དང།། དེའི་ནང་ནས་གཤིན་རྗེ་ནག་པོ་དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་པ་ཞལ་དམར་ནག་ནས་བདུད་ཀྱི་སེར་བ་འབེབས་པ། ། དུག་གི་ཁ་རླངས་སྤྲིན་དུ་འཁྱིལ་པ།། མཆེ་བ་ཟང་གཙིགས་པ།། སྤྱན་མིག་བཟློག་ནས་ལྟ་བ། ། ཡན་ལག་ཐུང་ཞིང་གསུས་པ་ཆེ་བ།། འཇིགས་ཤིང་རྔམ་པ།། སྐུ་ལ་ཞིང་ལྤགས་དང་ཀླད་ལྤགས་གྱོན་པ།། ཐལ་བས་ལུས་བྱུགས་པ།། ཕྱག་གཡས་ན་གཤིན་རྗེའི་ཞགས་པ་ནག་པོ་ཐོགས་པ།། གཡོན་ན་བེ་ཅོན་སྔོན་པོ་ཐོགས་པ། ། མ་ཧེ་འམ་གླང་ཆེན་ལ་ཞོན་པས་མ་མོ་ཐམས་ཅད་དབང་དུ་སྡུད་ཅིང་ལས་ལ་འགྱེད་པ་གཅིག་གསལ་བར་བསྐྱེད་ལ།། མདུན་དུ་ཧོཾ་ཁུང་གྲུ་གསུམ་བྲུས་ཏེ།། ཆགས་སུམ་གཏིང་དུ་བརྐོ་ལ་ནང་སོལ་ཕྱེས་བཀང་ལ། ། དེའི་ནང་དུ་ཐོད་པ་ལིང་ག་བཅུག་ལ།། གོང་མ་སྐད་ཟེར་ཡང་རང་ཁྲོ་བོ་གཤིན་རྗེ་གཤེད་དུ་བསྒོམས་ལ།། གཟས་པ་པོའི་སྟེང་དུ་གཤིན་རྗེ་ནག་པོ་བསྐྱེད་དེ།། ལྷ་བཤོས་ནག་པོ་གཅིག་དང། ། མེ་ཏོག་ནག་པོ་དང།། གུ་གུལ་ནག་པོ་དང།། བདུད་རྩི་ཨ་མྲྀ་ཏ་རྣམས་ཀྱིས་མཆོད་ལ་འཕྲིན་ལས་བཅོལ།། དམོད་གཟུགས།། གནན་པའི་ཆོ་ག་མ་ལས་པར་བྱ།། རུ་ཏྲུཾ་རུ་ཏྲུཾ?་རྟག་ཤོབ།། ཤོབ་ཤོབ་བྷྱོ་ར་སོད། ། ཚ་ལ་ཐུན་བྷྱོ།། ཡ་མ་ར་ཙ་ས་ཏེ་མེ་ཡ། ལཾ་ནན། སྟམ་བྷ་ནན། ཅེས་ནན་ནོ།། འཕགས་ན་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས། ཟོར་ཐུན་འཁང་བ་དང་གནན་པ་དང།། གནད་ལ་དབབ་པའི་ལེའུ་སྟེ་ཉུ་ཤུ་རྩ་གཅིག་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། ནད་དང་བདུད་དང།། གདོན་རང་ལ་མི་གདོན་པར་བཟློག་པ་འདི་གསུངས་སོ།། བྲཾ་མཛེ་ཐམས་ཅད་འདུས་ནས།། བྲམ་མཛེ་དམར་པོ་ལ་ནད་དང་གདོན་བཟློག་པར་ཞུས་པའི་སྔགས་ལ། ། ཨོཾ་ཏད་ཡ་ཐཱ།། རཱ་རཱ་རུ་རུ།། པ་ཏོ་སྟ་པ་ཤྟ་པ་ཏོ་སིདྷི་སྭཱཧཱ།། སྔགས་འདི་བརྗོད་པས་བདག་ལ་ནད་དང།། བདུད་དང།། གདོན་ཐམས་ཅད་ཀྱིས་མི་ཚུགས་པར་ཞི་བར་གྱུར་ཅིག། བླ་འོག་དང་ཕྱོགས་མཚམས་ཁོ་ར་ཁོར་ཡུག་བཅིང་ངོ།། དེ་ནས་མོ་ཐམས་ཅད་བཅིང་ཞིང་བཟློག་པ་འདི་གསུངས་སོ།། མ་མོ་ར་ཙ་ཡ་ཐུན་བཟློག། མ་མ་སྙིང་ཁ་རག་ར་རྩ་ཡ་ཐུན་བཟློག། མ་མ་ཏྲོ་མ་རི་ཤ་ཤ་ཧེད་ཧེད་ཐུན་བཟློག། མ་མ་ཀེ་ཐུན་པྲ་མ་སྣི་ཤ་ཡ་ཐུན་བྷྱོ་བཟློག་ཡཱ།། དེ་ནས་ཡང་ཕོ་ཐམས་ཅད་བཅིང་ཞིང་བཟློག་པ་འདི་གསུངས་སོ།། ཨོཾ་ཨ་ཀྲོ་ཏེ་ཀ་ཤྲཱི་མཉྫུ་ཡ་མན་ཏ་ཀ་ཧ་ན་ཧཱུ~ཾ།། ཡ་ཡ་པྲ་པྲ་མ་ཀྲི་ཀ་ལ་རུ་པ་ཤ་ཕཊ། ། ཕྱེ་སྣི་བྷྱོ།། ཏྲོ་མ་རི་ཤ་ཤ་ཐུན་བྷྱོ།། ཨེ་ཀ་པ་ར་ཧྲིད་ཧྲིད་དུག་ཁ་ཚེ་ཐུན་བྷྱོ་ཐུན་བཟློག་ཡ།། དེ་ནས་གདུག་པ་ཀླུ་ཐམས་ཅད་བཅིངས་ཤིང་བཟློག་པ་འདི་གསུངས་སོ།། ཨོཾ་ག་རུ་ན་ཙ་ལ་ཧཱུ~ཾ་ཕཊ། ། ཨོཾ་ཏད་ཡ་ཐཱ།། ཙི་ཏི་བི་ཙ་ཏི།། ཧཱུ་ཡ་ཧཱུ་ཡ།། ཧུ་ལུ་ཧུ་ལུ།། པུ་རུ་ཏེ་པུ་རུ་ཏེ་སྭཱཧཱ།། ཀྲོ་ར་ཙ་དུར་ན་ས་དུ་སྙིང་ལ་ཕྲིལ་ཕྲིལ་ཐུན་བྷྱོ།། ཐུན་བཟློག། ཡ་ཐ་སྲིད་པའི་རྩེ་མོ་ནས།། མཐ་དམྱལ་བའི་འཇིག་རྟེན་ཡན་ཆད་དུ། ། བདག་ལ་ཉེས་པར་བསམ་པ་དང།། ཉེས་པར་བྱེད་པ་དང།། བདག་ལ་མི་མཐུན་པར་བྱེད་པའི་བསམ་སྦྱོར་ངན་པ་ཐམས་ཅད་བཅིང་ངོ།། འཕགས་མ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས། ནད་དང།། བདུད་དང།། གདོན་དང།། མི་མཐུན་པ་ཐམས་ཅད་བཅིངས་ཤིང་བཟློག་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།།། ལྷ་མོ་ནག་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་རྫོགས་སོ། ། འོ་བྲན་སྐུ་རྒྱུད་ལས་གཞན་ལ་མ་འཕེལ་ལོ།། རྒྱ་གར་གྱི་སློབ་དཔོན་པདྨ་དང།། བོད་ཀྱི་ལོཙྪ་བ་འོ་བྲན་དཔལ་གྱི་གཞོན་ནུས།། འཆིངས་ཕུར་བསྒྱུར་ཅིང་གཏན་ལ་ཕབ་པའོ།།
CLOSE WINDOW