CLOSE WINDOW

Gpb048.004: མ་མོ་སྲོག་ལས་ཀྱི་རྒྱལ་བུ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ
Wylie

ཏྲག་རགྴ་བཾ་ལ་རཱ་ཛ་ཏན་ཏྲ་ན་མ། བོད་སྐད་དུ། མ་མོ་སྲོག་ལས་ཀྱི་རྒྱལ་བུ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལྷ་གཡུང་དྲུང་གི་གནས་ན་བཞུགས་ཏེ། འཇིག་རྟེན་པའི་མཁའ་འགྲོ་རྣམས་ཀྱིས་བསྐོར་བའི་ཚེ། དེ་ཝ་མ་ཧཱ་ཀ་ལས། བཅོམ་ལྡན་འདས་ལ་ཞུས་པ། ཀྱེ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་བསྟན་པ་གཉན་པར་བྱེད་དེ། དམ་པའི་ཆོས་ཇི་ལྟར་གཉན་པར་བསྲུང་ཞིང་བཙུན་པར་བགྱི། ཡང་དག་པའི་དགེ་འདུན་གྱི་ཇི་ལྟར་བསྲུང་ཞིང་བསྐྱབ་པར་བགྱི། བཅོམ་ལྡན་འདས་དཔལ་འཇིག་བྱེད་ཆེན་པོས་བཀའ་སྩལ་དུ་གསོལ། ། ཅེས་གསོལ་བ་དང། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། ནག་པོ་ཆེན་པོ་ཁྱོད་ཉོན་ཅིག། ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་གནས་པར་བྱ་བ་དང། དམ་པའི་ཆོས་ཇི་ལྟར་བསྲུང་བར་བྱས་པ་ལེགས་ཀྱིས་ཁྱོད་ཉོན་ཅིག། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་དམ་པའི་ཆིས་ཉན་པར་བྱ། ནག་པོ་ཆེན་པོ་ཁྱོད་ཉིད་ཀྱིས་སྲིང་མོ་སྲོག་གི་བདག་མོ་ཞེས་བྱ་བ། ཉི་མ་བྱང་ཤར་གྱི་མཚམས་བྲག་དང་ཆུ་འཐབ་མར་འདས་པ་ནས། མཚོ་མ་ལེ་དིངས་ཀྱི་ནང་ན། མཐིང་ཤུན་སྔོན་པོའི་བྲག་ཕུག་ནས། མ་མོ་ཡོངས་ཀྱི་ནང་ཤེད་ནས། ཉིན་གྱི་དུས་ནི་གཅིག་པུར་བཞུགས་ཤིང་འགྱིང་བར་མཛད། མཚན་གྱི་ལས་སུ་ནི་བརྡ་དང་ཕྱག་རྒྱ་མཛད། མི་རོ་རྟ་རོ་གཅལ་དུ་བཀྲམ་པ་ནང་གནས་པ། བམ་ཆེན་གདན་ལ་བརྐྱང་བསྐུམ་དུ་བཞུགས་པ་ནས། ཞལ་ནས་རཀྟའི་དཔའ་གློང་འཁྱིལ་བ། ལྗགས་ལ་དམར་ཆེན་ཁྲག་གི་ལྕེ་རིས་ཡོད་པ། ཤངས་ལ་ཤྭ་ན་རཀྟས་བསྒྲེང་བ། ཕྱག་གཡས་ཀྱི་དང་པོ་ན་གསེར་གྱི་རྡོ་རྗེ་ཆུང་བརྡུངས་པ། བར་སྣང་གི་མཁའ་ལ་མ་མོའི་འཁོར་དང་བཅས་པ་དམ་ལ་སྡུད་པ། ཕྱག་གཡོན་གྱི་དང་པོ་ན་སྐྱེ་འགྲོ་བརྒྱའི་སྙིང་འབྱིན་ཅིང་ཞལ་དུ་གསོལ་བ། སྐུ་ལ་རལ་པ་ནག་པོ་འཕར་བ། བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ་དུ་གནས་པ། ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས་པ། གཡུ་མཐུར་སྔོན་མོ་བསྒྲེང་བ། བསེ་སྒ་དམར་པོ་བསྟོད་པ།། སྦྲུལ་ནག་གིས་གོང་ཐག་ཕྱི་མིག་བྱས་པ། མཆོང་གི་བློ་ཅན་འཁྱུག་པ། སྟོང་ཁམས་མ་ལུས་པར་ཁྱབ་པར་མཛད་པའི་དབུགས་ལ་མངའ་མཛད་པ།། དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་ཨང་ཁྲག་གི་དྲི་བསྣོམས་མ། སྐུ་མདོག་མཐིང་ནག་འཇིགས་ཚུལ་དུ་བཞུགས་པ། རལ་པའི་ཐོར་ཚུགས་རེ་རེ་ལ་གསེར་དངུལ་དང་མུ་ཏིག་གི་ཆུན་འཕྱང་ཡོད་པ། དེ་ནི་ཁྱོད་ཀྱི་སྲིང་མོ་ཡིན་གྱིས། སྲིང་མོ་དམ་ཚིག་གི་དབང་གིས་མཚལ་ཆེན་གྱི་ཐིག་དང། ། མི་དབང་སྨིན་པའི་འབྲས་བུའི་གཏོར་མ་འདི་ལོང་ལ། ཁྱོད་ཉིད་བདག་གི་སྲིང་མོ་ལ། སངས་རྒྱས་ཀྱི་བསྟན་པ་བསྲུང་དུ་གསོལ། དམ་པའི་ཆོས་མི་ནུབ་ཅིང་དར་བར་མཛད་དུ་གསོལ། ། ཅེས་ཞུས་ཤིག། དེའི་ཚེ་ཁྱོད་ཉིད་ལ་བརྡ་དང་ཕྱག་རྒྱ་སྟོན་པར་བྱེད་ཀྱིས། དེ་ལ་བསྲེགས་པར་མ་བྱེད་ཅིག་ཅེས་བསྒོའོ།། བཅོམ་ལྡན་འདས་ཀྱིས་ནག་མོ་ཆེན་མོ་ལ་གནང་བ་བྱིན་ཅིང། གླེང་གླང་བའི་ལེའུ་སྟེ་དང་པོའོ།།།། དེ་ནས་དེའི་ཚེ་མ་ཧཱ་ཀ་ལ་ཁྱོད་ཀྱིས་ཀྱང་བྱང་ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ་སངས་རྒྱས་དང། ཆོས་དང། དགེ་འདུན་གསུམ་ལ་ཕྱག་འཚལ་ལོ། སངས་རྒྱས་དང། ཆོས་དང། དགེ་འདུན་གསུམ་གྱི་བྱིན་གྱིས་རླབས་དང། བདག་བསམ་པ་རྣམ་པར་དག་པའི་མཐུས།། སྲིང་མོ་འདི་ཉིད་བདག་གི་ཇི་ལྟར་མངོན་པར་སྣང་བར་གྱུར་ཅིག། ཅེས་བརྗོད་པ་དང། དེ་ཉིད་དུ་ལྷ་མོ་སྲོག་གི་བདག་མོ་སྐུ་མངོན་དུ་སྣང་བར་གྱུར་ཏོ། ། དེ་ཉིད་ཀྱི་མིང་པོ་དེ་ནི་ཤིན་ཏུ་དད་པར་གྱུར་ནས། སྲིང་མོ་ལ་བསྐོར་བ་ལན་གསུམ་བྱས་ནས། བུས་བཙུགས་ཐལ་མོ་སྦྱར་ནས་གཏོར་མ་དེ་སྲིན་མོ་ལ་མངོན་དུ་ཕུལ་ནས། ། སྲིང་མོ་སངས་རྒྱས་ཀྱི་བསྟན་པ་བསྲུང་དུ་གསོལ།། དམ་པའི་ཆོས་བསྲུང་ཞིང་རྒྱས་པར་མཛད་དུ་གསོལ། འཕགས་པའི་དགེ་འདུན་ལ་བསྐྱབ་ཏུ་གསོལ། སྲིང་མོ་ཞལ་འཛུམ་པ་མངོན་དུ་མཛད་ནས་དུས་དེ་ཉིད་དུ་མིང་པོ་དང་བཅས་ནས། བཅོམ་ལྡན་འདས་ལྷ་གཡུང་དྲུང་གི་གནས་ན་བཞུགས་པའི་ཐད་དུ་ཕྱིན་ཏེ། བསྐོར་བ་ལན་གསུམ་དུ་བྱས་ནས། བཅོམ་ལྡན་འདས་དཔལ་ཆེན་པོའི་སྤྱན་སྔར་དེ་ཉིད་དུ་པུས་བཙུགས་ཐལ་མོ་སྦྱར་ནས། བདེ་བར་གཤེགས་པ་བདག་གིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བགྱི། དམ་པའི་ཆོས་བསྲུང་བར་བགྱི། འཕགས་པའི་དགེ་འདུན་བདག་གིས་བསྐྱང་བར་བགྱི་ཡིས། བཅོམ་ལྡན་འདས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། ཅེས་ཞུས་པ་དང། དུས་དེ་ཉིད་དུ་བཅོམ་ལྡན་འདས་དཔལ་ཆེན་པོས་ནད་སྣ་ཚོགས་སྟོང་གི་རྐྱལ་བ་ལག་ཏུ་བྱིན་ནས་མིང་གི་དབང་བསྐུར་བ་ནི། མ་མོ་སྲོག་ལས་ཀྱི་རྐྱལ་བུ་ཞེས་བྱ་བར་དབང་བསྐུར་རོ།། ལྷ་མོའི་སྲོག་ལས་ཀྱི་རྒྱལ་བུས་ཀྱང། བཅོམ་ལྡན་འདས་དང་མིང་པོའི་སྤྱན་སྔར་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང། འགྲོ་བའི་སྲོག་ལས་ཆད་པར་གདབ་པར་ཁས་བླངས་སོ། ། མ་མོ་སྲོག་ལས་ཀྱི་རྐྱལ་བུ་ལས་སྲིང་མོས་གནད་པ་བྱིན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་མ་ཧཱ་ཀ་ལས། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་བདེ་བ་གཤེགས་པའི་སྲིང་མོ་འདི། ཇི་ལྟ་བུའི་གང་ཟག་ཅིག་གིས་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིང་རྗེ་དང་ནི་བརྟུལ་ཞུགས་ཅན།། ལྷ་མོའི་བརྡ་དང་སྔགས་ཀྱི་ཕྱག་རྒྱ་ཤེས།། དམ་ཚིག་སྡོམ་པར་རབ་གནས་པ། ། བདེ་གཤེགས་མཆོད་དང་དམ་ཚིག་ལྡན།། འཇིགས་བྱེད་དཔའ་བོ་དེ་ཡིས་བསྒྲུབ།། ཅེས་གསུངས་སོ།། བཅོམ་ལྡན་འདས་ལས་ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་འཇིག་བྱེད་ཆེན་པོ། སྲིང་མོ་འདི་བསྒྲུབ་པའི་གནས་ཇི་ལྟ་བུ་ཞིག་བགྱི། བཀའ་སྩལ་བ། མི་རོ་གསར་རྙིང་ཡོད་གནས་སམ། ཆུ་གསུམ་འདུས་པའི་གནས་དག་དང།། རི་བོ་ཆེན་པོ་སུམ་རྩེག་གམ། བྲག་ནི་ནག་པོ་ངོ་བརྒྱ་ཡི། ། གནས་སུ་སྲིང་མོ་བསྒྲུབ་པར་བྱ།། ཕྱི་ཡི་མཆོད་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། མདོ་ཀླག་སྐུ་གདུང་གདབ་པ་དང།། མཆོད་སྦྱིན་གནས་སུ་བསྒྲུབ་པ་དང།། རྒྱལ་ཆེན་བཞི་ཡི་གཟུགས་བརྙན་ནི། ། ཕྱོགས་བཞི་དག་ཏུ་དགོད་པར་བྱ།། བདེ་གཤེགས་གསང་སྔགས་ཕྱོགས་བཞིར་བཟླས།། ཡིད་དགེ་བཀྲ་ཤིས་གནས་འདི་རུ།། བསྙེན་པའི་ཆོ་ག་རྫོགས་བྱས་ནས།། བསྒྲུབ་པའི་ཁྲོ་རྒྱལ་ཏིང་འཛིན་གནས། ། ལྷ་མོའི་གཟུགས་བརྙན་མདུན་དུ་དགོད།། ཁྲག་ཆེན་ལ་སོགས་མཆོད་པ་ལྔ།། བསྙེན་པའི་ལས་སུ་བཤམ་པར་བྱ།། བསྒྲུབ་གནས་རཀྟ་ཆེན་པོར་གཏོར།། ཁྲོ་བོའི་ཏིང་འཛིན་ལྡན་པ་དེ།། ཞེ་སྡང་ལྕགས་ཀྱུའི་ཕྱག་རྒྱ་ཡིས། ། སྲོག་བདག་ཆེན་མོ་སྤྱན་ཡང་དྲངས།། གཟུགས་བརྙན་ཉིད་ལ་བསྟིམ་པར་བྱ།། སྤྱན་དྲང་བའི་སྙིང་པོ།། ནག་མོ་ཏིང་ལཾ་མ་མ་དུན་ཏིང་བྷྱོ། ཛཿཧཱུཾ་བཾ་ཧོ། ནག་མོ་དུན་བྷྱོ་དུན་བྷྱོ། སྙིང་པོ་འདི་ཡིས་ཁྲོ་མོ་སྤྱན་དྲངས་ལ་བསྟིམ། སྐུ་ལྷ་མོའི་སྐུ་མདོག་མངོན་དུ་གསལ་བར་བྱ་སྟེ། སྙིང་ཀར་ཐལ་མོ་སྦྱར་ལ་ཕྱག་བྱའོ།། ནག་མོ་རག་མོ་དུན་ཏིང་ན་མ་ཨ་ཧི། ཞེས་ཕྱག་འཚལ་ལོ།། སྙིང་པོ་འདིས་བརྟན་པར་བཞུགས་སུ་གསོལ་ཏོ། ། རག་ཤ་མའི་སྐུ་ལ་པདྨ་ས་མ་ཨ་ཏི་ལྷན། ཅེས་བརྗོད་ལ་བརྟན་པར་བཞུགས་སུ་གསོལ། དེའི་འོག་ཏུ་མ་མོ་ལ་དམ་རྫས་ཀྱི་མཆོད་པ་དབུལ་བའི་སྙིང་པོ་འདི་བརྗོད་དོ།། མ་མོ་ནག་མོ་སེང་ཧང་སེང་ཧ་ཀུ་ལུ་ཀུ་ལུ། ཧ་ཧ་མཾ་ས་ཁཱ་ཧི། རཀྟ་ཁཱ་ཧི། པཉྩ་ཨ་མྲི་ཏ་ཁཱ་ཧི། ཞེས་མཆོད་པ་ཕུལ་ལ། དེ་ནས་བསྙེན་པའི་རིམ་པ་ལ་འཇུག་པར་བྱ་སྟེ།། བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཆེན་པོ་སྲིང་མོའི་འཛབ་ཀྱི་དགོངས་པ་ཇི་ལྟར་ལགས། ། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ།། དེ་ལ་སྲིང་མོའི་མཛབ་རྒྱུད་ནི།། བ་སུ་ཏ་ཡི་སུམ་བསྒྲིལ་ལམ།། ཡང་ན་དུར་ཁྲོད་སྐྲ་ལ་བྱ།། གར་སྦྱིན་ཞིང་ཆེན་བམ་ཁྲག་གིས།། ལྷ་མོའི་ཐུགས་ཁར་སྦྱར་བྱས་ལ། ། རྣལ་འབྱོར་སྲིན་ལག་ལ་བརྟགས་ཏེ།། རྣལ་འབྱོར་ཙིཏྟ་ཁ་སྦྱར་བའི།། རིན་ཆེན་གཞལ་ཡས་ཁང་ནང་དུ།། ཉི་མའི་མཎྜལ་མཐེ་བོང་ཙམ་ཅིག་བསམ།། དེའི་ཐ་མར་བྷྱོ་ཡི་འབྲས་བུས་བསྐོར་བར་བསམ། ། གཟུངས་ཐག་སྲོག་རྩའི་རང་བཞིན་ལ།། གསེར་གྱི་སྤུ་གུ་ཁོང་སྟོང་སུམ་བསྒྲིལ་ནས།། ཡི་གེ་འཕྲོ་འདུས་སྲིང་མོ་ཉེར་བསྙེན་ནས།། སྲོག་རྩའི་སྙིང་པོ་བརྗོད་པ་ནི།། ཏྲག་རཀྴ་མ་ཧི་དུན་བྷྱོ། མ་ཧཱ་ཨག་ཤ་ཏིགྣ་ནག་མོ་དུན་བྷྱོ། ཞེས་བརྗོད་པས་མ་མོ་དུན་བྷྱོ་ཉི་བར་འགྱུར་ན། གྲུབ་རྟགས་མོད་ལ་འབྱུང་སྟེ།། ལྷ་མོའི་གཟུགས་ནི་སྔོན་དུ་སྟོན་པ་དང།། རྟེན་གྱི་ལྕགས་བདུན་པོ་མེ་འབར་བ་དང།། འོད་དང་དུ་བ་ངེས་པར་འབྱུང་བ་དང། དེའི་ཚེ་བསྙེན་པ་བསྡུ་བར་བྱ། ལྷ་མོའི་གཟུགས་ཕྱག་རྒྱ་བཞིས་རྒྱས་གདབ། སྙིང་པོ་སྔགས་ནི་བདག་ལ་བསྡུ། བསྲུང་བའི་བུམ་པས་བདག་རང་བསྲུང་བྱས་ལ། བྱིན་རླབས་བདག་ཉིད་ཆེན་པོར་བརླབས། མ་མོ་སྲོག་ལས་ཀྱི་རྐྱལ་བུ་ལས། བསྒྲུབ་པའི་མཚན་ཉིད་དང། གནས་ཀྱི་མཚན་ཉིད་དང། སྔོན་དུ་བསྙེན་པ་བྱ་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཆེན་པོ་ལ། མ་ཧཱ་ཀ་ལས་གསོལ་པ། བསྒྲུབ་པའི་དཀྱིལ་འཁོར་ཇི་ལྟར་ལགས།། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ།། དཀྱིལ་འཁོར་གྲུ་བཞི་ལྷམ་པར་བརྩིགས།། ཁྲག་སྣ་གསུམ་གྱི་ཆག་ཆག་ལ། ། ཞིང་ཆེན་གསར་རྙིང་ཐིག་འདབ་སྟེ།། དཀྱིལ་འཁོར་མཛེས་པར་བྱས་ནས་ནི།། དེ་ཡི་དབུས་སུ་གྲུ་གསུམ་བརྩིག། དེ་ཡི་སྟེང་དུ་ཟླ་གམ་བརྩིག། དེ་ཡི་སྟེང་དུ་གྲུ་གསུམ་མཛེས།། ཚོན་གྱི་མཚན་ཉིད་ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གྲུ་གསུམ་ནག་པོར་མཛེས་པར་བྲི།། དབུས་ཟླུམ་དམར་པོས་བརྒྱན་བྱས་ཏེ།། དེ་དབུས་མཐིང་ནག་བྲི་བར་བྱ།། མ་ཧཱ་ཀ་ལས་ཡང་གསོལ་པ།། དེ་ཡི་བསྒྲུབ་རྫས་ཇི་ལྟར་ལགས། ། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ།། དེ་སྟོང་བན་དྷ་ལྕང་ལོ་ཅན།། དེ་ཡི་ནང་དུ་མཛེས་བྱས་པ། སྨན་དང་རཀྟའི་གིའུ་ཝང་དང།། ག་བུར་ཤ་ཆེན་ཚིལ་ཆེན་དང།། རཀྟ་སྦྱར་ལ་དམ་རྫས་བཞག། རྟགས་བྱུང་དམ་རྫས་ཇི་ལྟར་ལགས།། རྗེའུ་རིགས་བན་དྷ་མཚན་ལྡན་པ།། སྙིང་པོ་དེ་ཡིས་བརྒྱན་བྱས་ལ།། རྟགས་ནི་མ་བྱུང་བར་དུ་ནི།། དེ་སྟེང་ཁ་ནི་དབུབ་ལ་གཞག། རྟགས་རྣམས་ངེས་པར་བྱུང་བ་དང། ། དངོས་གྲུབ་བླང་བའི་སྣོད་དུ་གསུངས།། རྟེན་གྱི་བསྒྲུབ་རྫས་ཇི་ལྟར་ལགས།། བན་དྷ་སྐམ་པོ་མཛེས་ནང་དུ།། ར་ཁྱི་རྟ་ཕག་བཞིའི་ཁྲག་བླུག་ལ།། དེའི་ནང་ལྕགས་ཕུར་བདུད་རྩི་ལ།། སྦྱང་ཁྲག་གིས་བྱུག་ལ། ། གནམ་དུ་ཁ་བསྟན་ལྕགས་ཕུར་ལ།། མེ་འབར་དངོས་གྲུབ་མཆོག་ཏུ་བཤད།། འོད་དང་དུ་བ་འབྲིང་དུ་བསྟན།། སྒྲ་དང་རྒྱུད་རྡོ་འཕེན་བ་དང།། ཐ་མ་ཡིན་པར་གསུངས་པ་སྟེ།། བརྡ་དང་ཕྱག་རྒྱས་གདགས་དེ་བླངས། ། གསད་པའི་དཀྱིལ་འཁོར་ཇི་ལྟར་ལགས།། གྲུ་གསུམ་མཐིང་ནག་མཛེས་པར་བྱ།། ཟབས་སུ་ཁྲུ་གང་བརྐོ་བྱའོ།། རྒྱ་རུ་ཁྲུ་དོ་ངེས་གསུངས་སོ།། དུག་ཤིང་དུག་ཤིང་རྩང་བྱས་ཏེ།། ཁ་ལ་མཛེས་པར་གཟུགས་པར་བྱ། ། ཁྲག་ཆེན་གྱིས་ནི་ནང་ཕྱུགས་ཏེ།། དེ་ཡི་དབུས་སུ་སྨན་མོ་ཡི།། ཞབས་མ་ངེས་པར་བསྟན་དུ་གདིང།། ལིང་གའི་རྒྱུ་འདི་ཅི་ལ་བགྱི།། བསྲུབ་མའི་ལོ་མ་ཆུ་སྣ་དང།། དྲི་ཆེན་པོ་ཡི་གཟུགས་བརྙན་བྱ། ། གྲོ་ག་འམ་རས་སམ་ཤིང་ཤུན་ལ།། ཁྲག་ཆེན་པོས་ནི་མི་རུས་བྲི།། རུས་ནི་ཕྲལ་བྲི་མིང་ནི་སྙིང་ཁར་བྲི།། མཛེས་པར་འབྲུབ་ཁུང་དབུས་སུ་བཞག། དེ་ལ་ལྷ་མོ་ཉིད་རྦད་ལ།། ལྕགས་ཀྱུའི་ཕྱག་རྒྱས་བཟུང་བས་དགུག། དུག་གི་གཏོར་མས་ལྷ་དང་ཕྲལ།། ལྕགས་ཀྱུའི་ཕྱག་རྒྱས་གཟུགས་ལ་དབབ།། ལྕགས་ཕྱེ་ཟངས་ཕྱེས་གཟིར་ནན་བྱ།། དེ་ནས་ལྷ་མོ་རྦད་སྔགས་ཀྱིས།། གཟས་པ་དེ་ལ་རྦད་པར་བྱ།། རག་མོ་རག་མོ་མ་མ་དུན་ཏིང་ཧེར་མ་ཧེ། ཞེས་བརྗོད་པས། གཟས་པ་པོས་མངོན་སུམ་དུ་ཟོས་པར་བསམ།། དེའོ་འོག་ཏུ་བསྒྲུབ་པ་པོ་བདག་ཤ་ཆེན་ཁར་མུར་ཞིང། བདག་ཉིད་ཆེན་པོར་གྱུར་ཅིང། ལག་པ་གཡོན་པའི་རལ་གྲིས་གཟུགས་མནན་ལ། གཡས་པས་ཕུར་པའི་རྩེ་མོ་ཁྲག་ལ་བྱུག་ཅིང། ལྕགས་ཕུར་བདུན་གཟུགས་མགོ་མཇུག་ཏུ་གདབ་པོ།། གདབ་པའི་གཟེར་སྔགས་འདི་ཡིན་ནོ།། བཛྲ་མ་ཧཱ་ཀུ་རུ་རྦད། སྙིང་ཁྲག་ཚལ་པ་རྦད། རྔུབས་ཙིཏྟ་རྦད། མྱོགས་མུགས་རྦད། སྙིང་ཁྲག་ཁ་ལ་རྦད། ཚལ་བུ་ཚ་སེ་ན་སེ་དུ་རྦད། ཅེས་གདབ་བོ།། དེའི་འོག་ཏུ་འཕྲིན་ལས་བཅོལ་ཞིང་དགྲ་བོ་གཉེར་གཏད་པའི་སྙིང་པོ་འདི་བཟླས་སོ།། མ་མོ་སྙིང་ཁྲག་ཚལ་བདུན་ཏིང། ཧ་ལ་ཧ་ལ་དུན་བྷྱོ་བྷྱོ། ཞེས་བརྗོད་པས་ནི། གཟས་པ་པོ་དེ་གཉེར་དུ་གཏད་དོ།། མ་མོ་སྲོག་ལས་ཀྱི་རྐྱལ་བུ་ལས། དྲག་པོའི་ལས་ཀྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ལ་གསོལ་བ། ཀྱེ་བཅོམ་ལྡན་འདས། དྲག་པོ་ཐུན་གྱི་འཁོར་ལོ་ཇི་ལྟར་ལགས།། ནག་མོ་ཉི་མའི་འཁོར་ལོ་ཇི་ལྟར་ལགས།། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ།། ཉི་མས་འཇིགས་པ་འུག་པའི་གདོང།། དབྱར་ཟླ་གསུམ་གྱི་བཀྲ་ཤིས་པའི། ། འཇིགས་བྱེད་ཉི་མའི་སྒོ་ང་བླང།། དེ་ལ་དྲག་པོའི་ཕུར་བས་བརྟོལ།། ནང་དུ་དགྲ་བོའི་མིང་རུས་གཞུག། ཁྲག་བསྐམ་ཉུངས་ནག་རྫས་དག་ལ།། ནག་མོ་ཉི་མའི་དམོད་མོ་གདབ། ། ནག་མོ་ཉི་མའི་དམོད་སྔགས་འདིའོ།། རུ་ཏྲ་ལ་རུ་ལུ་རུ་ལུ་ཧཱུཾ་བྷྱོ། སྙིང་ཁ་རག་སྙིང་ཁ་རག། མ་ནག་མོ་མ་ནག་མོ་དུན་བྷྱོ། ནག་མོ་དུན་ཏིང་མ་ལས་ལ་བྷྱོ། རེ་མ་ཏི་པ་ཤ་ཙ་པ་ཛ་ཛ་ཛ། དུན་ཏིང་དུན་རག་ཤ་བྷྱོ་བྷྱོ། ལྷ་མོ་མངོན་དུ་སྤྱངས་པའི་སྙིང་པོ་འདས། འཁོར་ནག་མོ་སྟོང་དང་བཅས་པར་བྱོན་པར་བསམས་ལ། ལས་མྱུར་དུ་བྱ་བའི་ཕྱིར་མ་མོ་འཁྲུག་ཏུ་གཞུག་གོ། འདི་ཉིད་ཀྱི་སྙིང་པོ་འདིའོ།། མ་མོ་རག་མོ་རག་མོ་སྙིང་ལ་ཛ་ཛ། ནག་མོ་ཧུར་ཧུར་མ་ཧཱ་མ་ཆོ་ཆོ། འུར་ཀ་ཀ་མི་ཤ་མ་ར་ཡ། ཁཱ་ཧི་ཁཱ་ཧི་ཧ་ཧ་ཧ། ཏྲ་ཏ་ཏྲ་ཛ་ཛ། སྙིང་པོ་འདི་ཉིད་ཀྱིས་མ་མོ་འཁྲུག་ཏུ་གཞུག་པའོ།། དེའི་ནང་འོག་ཏུ་ཉི་མས་འཇིགས་པའི་སྒོ་ངའི་ནང་དུ། རིས་སམ་གྲོག་ལ་མིང་རུས་བྲིས་ལ་བཞག། ཡུག་ས་མོའི་ཞགས་མས་གྲིལ་ནས། ཡུངས་ནག་ལ་ལྷ་མོ་ཉི་མའི་སྙིང་པོས་གདབ། དེ་ལ་རྩ་བའི་སྙིང་པོ་དམོད་སྔགས་འདི་ཡིན་ཏེ། མ་མ་རག་མོ་ས་མ་ཡཱ་ཛ་ཛ། རག་མོ་ཐང་མུ་ལེ་རྦད་རྦད། རྩ་ཐང་རྩ་ཐང་རྦད་རྦད། མུཾ་ནི་ནན། རག་མོ་ནི་རག་མོ་ནི་ར་ཁ་ལོང་རྦད། དུག་ནི་དུག་ནི་ཁ་ལོང་རྦད། ཀྱི་ཁ་ལོང་ཀྱི་ཁ་ལོང་རྦད་རྦད། ཙ་ཏི་ཙ་ཏི་རྦད་རྦད། ནིར་ཏི་ནི་ཏི་རྨུགས། ཐུམ་ཐུམ་ཏི་སུབས། ཙི་ཁ་ལོ་ཙི་ཁ་ལོ་རྦད་རྦད། མོག་མོག་རྦད་རྦད། ཆེ་གེ་མོ་རྦད། མ་ལིང་རྦད། ས་མ་ཡ་ཛ་ཛ། ཞེས་བརྗོད་ལ་ཟོར་འཕང་བའི་ལས་བྱས་ཏེ། བསྒྲུབ་པ་པོ་བདག་ཉིད་ཙ་རའི་གསོབ་ལ་ཞོན་ལ། གསོབ་ཀྱི་སྐྱེ་ལ་དགྲ་དུ་ཡོད་པའི་མིང་རུས་གདགས། བདག་ཉིད་རེ་བའི་འབོད་བུ་དང། དར་ནག་པོའི་ཐོད་དང། ཞིང་ཆེན་གྱི་གོས་ཟུག་གོན་ལ། ལག་པ་གཡོན་པར་བན་དྷ་ལྕང་ལོ་ཅན་ཁྲག་གིས་བཀང་བ་བཟུང་ལ། བསྒྲུབ་པ་པོའི་ཁར་མིའི་སྙིང་བཅུག་ལ།། ཡུག་ས་མོའི་སྐྲ་ལ་བསྐུལ་ཏོག་བྱས་ལ། ཐུན་བཅུག་ལ། འཕེན་དཀར་དགྲ་ཡིད་ལ་དྲན་པར་བྱས་ལ། དེ་ནས་ཐུན་བརྡེག་གོ། ཁང་པ་ལ་བརྒྱབ་ན་གནམ་བརྟོལ་དུ་འགྲོ། ཉི་མའི་ཟེར་ལ་བརྒྱབ་ནི་ཉི་མ་འཆིའོ།། ཞིང་ལ་བརྒྱབ་ན་ཞིང་མི་སྐྱེའོ།། མ་མོ་སྲོག་ལས་ཀྱི་རྐྱལ་བུ་ལས། ནག་མོ་ཉི་མའི་དམོད་མོའི་ལེའུ་སྟེ་ལྔ་པའོ།།།། ནག་པོ་ཆེན་པོས་ཡང་ཞུས་པ། ། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེ་ཉིད་དེ།། ཐུན་དྲུག་འཁོར་ལོ་ཇི་ལྟར་བསྐོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐུན་བསྒྲུབ་འཁོར་ལོ་འབྲུབ་ཁུང་བསྐོར། བརྡེག་དུས་ཉ་ཆེན་ལྕང་ལོ་ལྔའོ། ། བརྡེག་པའི་གནས་ནི་ལིང་ག་སྙིང།། ཐུན་གྱི་དང་པོ་ཇི་ལྟར་ལགས།། ཐུན་གྱི་དང་པོར་སྙིང་ཐུན་བཏང།། དེ་ལ་མ་མོའི་སྙིང་ཟོར་ནི།། ལུག་ནག་པོའི་སྙིང་ནང་དུ།། ཉུངས་ནག་དག་ལ་མ་མོའི་ཐུན་སྔགས་མང་དུ་བཟླས་ལ། སྐྱུང་ཀས་བསྒྲོན་པའི་མདའ་ཡིས་དགྲ་བོའི་གཟུགས་ལ་བརྡེག། བདག་ཉིད་ལྷ་མོའི་སྐུར་བསྒོམ་ཞིང། ཕྱར་ནག་གོན་ལ་སྲིད་པའི་རེ་མ་ཏི་དང། འཇིག་རྟེན་མའི་ཐུགས་དམ་གནད་ལ་ཕབ་བྱས་ལ། གཟུགས་དེ་འདོམ་ཙམ་དུ་བཞག་བྱས་ལ། མ་མོ་རྡོ་རྗེ་བཞད་སྟངས་ཀྱིས།། འཆམ་ཞིང་གཟུགས་ལ་བརྡེག་པར་བྱ།། ཡ་མང་ཐོང་མ་མང་དུ། དེ་སྐད་བརྗོད་ལ་སྙིང་ལ་བརྡེག། མ་མོའི་ཐོད་ཐུན་ཇི་ལྟར་ལགས། ། མ་མོའི་ཐོད་ཐུན་བཤད་བྱ་བ།། རབས་ཆད་གསུམ་གྱི་ཐོད་པ་ལ།། སྙིང་སྣ་ཚོགས་དང་དུག་སྣ་ཚོགས།། མ་མོ་ཉིད་ཀྱི་རྫས་སུ་བསག། གཟས་པ་པོ་ཡི་རྗེན་ཤུན་ལ།། དེ་ལ་ལིང་གའི་གཟུགས་བྱས་ཏེ། ། བདག་ཉིད་བོང་བུ་ར་ཞོན་དེ།། མ་མོ་བདུན་བྱས་བཞུགས་བྱས་ཏེ།། མ་མོའི་ཏིང་འཛིན་གསལ་བར་བསྐྱེད།། ཞིང་ཆེན་གཡང་གཞི་གསུར་ཆེན་བཏང།། མ་མོ་ཐུགས་དམ་སྙན་བསྐུལ་ལ།། དུམ་བུ་དུམ་བུ་ཚལ་པ་ཚལ་པ་ཧ་ན་ཧ་ན། ཞེས་བརྗོད་ལ། ཡུལ་མཁར་ཁྱིམ་ལ་ཐོད་མདའ་ཡ།། མཆན་གྱི་བུ་ལ་ཐོད་མདའ་ཡ།། དེ་ནི་མ་མོའི་མདའ།། མཁའ་ལྡིང་ཐུན་ནག་ཇི་ལྟར་ལགས།། དེ་ལ་མ་མོའི་ཐུན་བྱ་ནི།། བྱ་མོ་ནག་མོའི་སྐྱེ་མགུལ་ལ། སྙིང་རྩའི་ཕྲེང་བ་བསྐོར་བྱས་ལ།། མཐིང་ནག་དར་ལྕེའུ་གཤོག་མགོ་གདགས།། བུད་མེད་དོར་རྟས་གཏུམ་པ་ཡང།། དར་ནག་ཉུངས་ཀར་མང་པོ་ལ།། ཐུན་སྔགས་མང་དུ་བརྗོད་ལ་གཏུམ། ། དགྲའི་མིང་བྱང་ལག་དགགས།། བུད་མེད་གུ་ཟུན་ནག་པོ་གོན་པ་ལ།། གཏོར་མ་བསྐུར་ལ་ཐུན་འཕང་ངོ།། མ་མོའི་མདའ་ཐུན་ཇི་ལྟར་ལགས།། དེ་ལ་མ་མོའི་མདའ་ཐུན་ནི།། འུག་པ་ཕོ་རོག་བསྒྲོན་པའི་མདའ། ། སྐྱེར་པ་ཟུར་གསུམ་མདེའུ་བྱ།། འུག་པས་བསྒྲོན་པ་དམར་པོ་བྱ།། ཕོ་རོག་མ་ནི་སྔོན་པོར་བྱ།། སྒྲོ་རྩར་ཉུངས་ཀར་ལ།། མ་མོའི་ཐུན་སྔགས་བཟླས་ལ་བླུག། ལྷུབ་ཚལ་ཤིང་ཀྵད་ཀུ་བུད་ཕྲ་རྟ་རྒལ་ཟད་ནན། ཨ་ན་བི་ཧ་སོན་ཨ་སུ་རུ་ཨ་པན་བྲག་གི་ཆུམ། ཞེས་བརྗོད་ལ། དགྲ་བོའི་མིང་བྱང་དེར་བཅུག་ལ།། ཞིང་སྐྲས་བསྒུལ་ཐོད་བྱས་པ་ཡི།། ནང་བཅུ་ཐུན་བདག་མོ་བསྐུལ་ལོ།། ཐུམ་ཐུམ་རུབ་རུབ་ས་མ་ཡཱ། ཞེས་གྲངས་མང་དུ་བཟླས་ལ་གཟུགས་ལ་བརྡེག། སྒོང་ཐུན་ནོ།། ཡང་ནི་ཐུན་དྲུག་ཇི་ལྟར་ལགས།། སྙིང་ཐུན། ཁྲག་ཐུན། དུག་ཐུན། ཉུངས་ཐུན། ཕུར་ཐུན། རྩང་ཐུན་ནོ།། རྡོ་རྗེ་རི་རབ་ཀྱི་གདུང་དང། མཚོན་གྱིས་གཏུབས་དང་ཚེ་སྲོག་འཕྲོག། དེ་ལྟར་བྱས་ལ་འཕང་བར་བྱ།། རག་མོ་ནི་ཤ་ཀུ་རུ་ཐུམ་རྦད། རག་མོ་ཁ་ལ་ཙ་ཙ་དུན་བྷྱོ། ཡ་མ་དུམ་བུ་དུམ་བུ་ཡ་མ་རྦད་སུ། ཡ་མ་རྦད་དུ། སྙིང་ཁ་རག་མ་བྷྱོ། བཛྲ་ཨང་ཀུ་ཤ་ཛ། ཚལ་པ་བཾ་རིལ། དུམ་བུ་དུམ་བུ་ནི་དགྲ་བོ་མ་ར་ཡ་ཕཊ། ཏྲག་རག་ཤ་ཁ་དུན་ཏྲ། ཁ་མུན་ཏྲ་དུར་མ་ཏི། རིག་མ་ཙ་དུཾ་ལོ་ན་ཧཱུཾ་བྷྱོ། སྙིང་ཁྲག་ཤ་མ་ཛ། ཏ་ཙིཏྟ་བཾ་མྱོས་སྙིང་ཁྲག་འཐུང། ཧ་པྲ་རུ་རུ་ཐུཾ། དུཾ་ཐུཾ་པྲ་ས་རཾ་ཐཾ། ཤི་ནི་ཐུཾ། དགྲ་བོ་མ་ར་ཡ་ཕཊ། ཁ་བེ་ཤ་ཁ་བེ་ཤ། རུ་བུ་ཐུན་ཕོབ། རུ་པ་ཐུན་ཕོབ། མ་ཧཱ་སྲོག་ལ་མུག་མུག། ཐུམ་ཐུམ་འདུ་འདུ་འདུ་འདུ། ཅིག་ཅིག། དུག་ཁོང་དུ་སྤྱོས་ཤིག། མ་སྙིང་ཁྲག་ཤ་མ་ཛ་ཛ། ཙིཏྟ་སྲོག་དུང་དུང། ཐུང་ལི་སྙིང་རྩ་ལ་འདུ་འདུ་སྲོག་སྲིང་སྲིང་ཁྱེར་ལ་བྷྱོ། དགྲ་བོ་སར་མྱག་ཐུམ་རི་ལི་ལི་རྦད། སྙིང་ཁ་རག་སྙིང་ཁ་རག་ཙ་ཙ་བྲེང་བྲེང། ཨོཾ་ཛྭ་ལ་ནི་ཛྭ་ལ་ཏི། མ་ཧཱ་སྲོག་ལ་ཏུག་ཏུག། ཁྲག་ལ་དུན། སྙིང་ལ་རྦད། མ་ཧཱ་སྲོག་ལ་ཐུན་ཕོབ། སྙིང་ལ་གས་མ་མ་ཧཱུཾ་ཕཊ། གུ་ཡེ་ཐུན་ཕོབ། ཤོག་ཤོག་ཐུན་ཕོབ། སོད་སོད་ཐུན་ཕོབ། བྷྱོ་རུ་ལུ་བྷྱོ་རུ་ལུ་རྒྱོབ། སོད་ཀུ་རུ་ནན། ནརི་ཤ་ཀུ་རུ་ནན། དགྲ་བོ་མ་ར་ཡ་རྦད། ཤ་ར་ལེ་ཉུ་ལེ་ལེ་ཐུམ་རིལ་རྦད། རྣམ་པ་ཀླད་པ་འགས་པ་དང་རྣམ་ཤེས་བསྲེག་པ་དང། ངག་ཕྲོག་ཡན་ལག་བཅིང་དང་སྙིང་རྩ་གཅད་པའོ།། ཤ་ནི་རྩ་རྩ་ཐུམ་རིལ་རྦད། ཐུམ་རིལ་ཐུམ་རིལ་རྩ་ར་ཨ་ཤ་རུ་ཐུམ་རིལ་རྦད། ཁ་ཐུམ་ཁ་ཐུམ་རྦད། ཤོ་རོ་ཤིག་རོ་ཤོག་གྲོ་ཧཱུཾ་ཕཊ། ཏྲག་ཁང་ཐུམ་རིལ་འུབ་ཧུ་ལཾ། སྙིང་ལ་ཤག་སྙིང་ཁྲག་ཚལ་པ་རྦད། ཙིཏྟ་ཙིཏྟ་རཀྟ་རུ་ལུ་རུ་ལུ་ཧཱུཾ་བྷྱོ། དྲག་པོའི་སྦྱིན་སྲེག་ཇི་ལྟར་ལགས།། དེ་ལ་དྲག་པོའི་སྦྱིན་སྲེག་ནི། ། མ་ཏྲང་ཆེན་པོའི་གཟུགས་བྱས་ལ།། སྙིང་ཁར་ཟུར་གསུམ་ངོས་རེ་ལ།། མཐོ་དོ་ཡོད་པར་འདོད་པའོ།། རལ་གྲི་འཁོར་ལོ་རྩེ་གསུམ་ནི།། ཚོན་རྩི་དཀར་པོ་ཐལ་ཆན་བྲི།། མཚོན་ཕུར་མདའ་དང་རྩང་གིས་བསྐོར། ། སྐུད་པ་ནག་པོས་མཐའ་མ་བསྐོར།། ཧོམ་ཁུང་ནང་དུ་རྡོ་སོལ་གྱིས།། ཕྱེ་མ་མཚལ་རྡོག་བསྐམ་པོ་བཞག། ཟུར་གསུམ་བན་དྷ་རེ་རེ་བཞག། སྤྱན་དྲངས་སྔགས་འདི་བརྗོད་པར་བྱ།། སརྦ་ཨ་པ་ཀ་ཀ། ཁན་ཁན་འཛིན་བྷ་ཏང་ཏིང། ཨ་གཙྪ་ཨ་གཙྪ་ཀང་སྭཱཧཱ། ཁྲག་སྣོད་བད་དྷ་དམར་པོ་བྱ། བཟེད་པའི་སྣོད་ཡང་དེ་བཞིན་ནོ།། མཆོད་པ་ལྔ་ཡོང་དམར་པོ་བྱ།། ཕུད་དུ་ཡང་ནི་དགོད་པར་བྱ།། ཁྱི་ནག་ཐོད་པ་ཁྲག་གིས་ཀྱང། ། གང་ལ་བྱ་བའི་མིང་རུས་བྲི།། དེ་ལྟར་དེ་བཞིན་དུ་བསྲེག་གོ། སརྦ་དུཥྟ་བྷ་ནི་སྭཱཧཱ། ལན་བདུན་ཐབ་ཁུང་དུ་བོར།། རྟ་ཕག་ཁྱི་ཡི་ཁྲག་གསུམ་ལ།། ལན་བདུན་བཟླས་ལ་སྦྱིན་སྲེག་བྱ། ། མེ་ལ་དཔོད་པའི་སྔགས་ལ།། སརྦ་ཤ་ཏང་མ་ཡ་ཨུ་ཙུ་ཏ་ལ་ཡ་བྱ།། ཏ་བག་ཤ་ཨ་ཧཱུཾ་ཕཊ། འདི་ཉིད་དག་ཏུ་གནན་བྱས་ལ།། མ་མོ་སྲོག་ལས་ཀྱི་རྒྱལ་བུ་ལས། ཐུན་དྲུག་འཁོར་ལོའི་ལེའུ་སྟེ་དྲུག་པའོ། །།། མ་ཧཱ་ཀ་ལས་གསོལ་བ། ཀྱེ་བཅོམ་ལྡན་འདས་ཁྲག་འཐུང་རྒྱལ་པོ་ཐོག་སེར་ཇི་ལྟར་དཔག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་སེར་དབབ་པ་ནི།། ལྷ་མོ་ཉིད་ཀྱི་དམ་རྫས་སུ།། མུ་ཏའི་སྙིང་དང་ཐལ་མོར་བཅས། ། གྷི་ཝང་རཀྟར་བཅས་པ་ཡི།། གཏོར་མ་ཡུལ་བའི་ས་རུ་སྦ།། འབེབས་དང་ལས་ལ་སྦྱོར་བའི་ཚེ།། ནལ་བུའི་བགས་པའི་རྒྱལ་མཚན་བྱ།། མ་མོ་ཉིད་ཀྱི་གཟུགས་བྲིས་ལ།། ཕྱོགས་བཞིར་བརླབ་ཅིང་རྩ་སྔགས་བཟླས། ། དར་ནག་གཡབ་མོས་ཕྱོགས་བཞིར་གཡབ།། རིག་གསུམ་ཁ་ལས་གཏོར་མ་གཏང།། སྨེ་ཁྲག་གསུམ་གྱིས་མཁའ་ལ་གཏོར།། བཅོ་ལྔའི་དབུས་སུ་གཏོར་བྱས་ནས།། རི་གསུམ་པ་ལ་སེར་པ་དམར་ཐབ་བྱ། ། ལྷ་མོས་དྲག་ཤུལ་ཐོག་སེར་འབེབས།། ལྷ་མོ་བུ་ལ་དངོས་གྲུབ་སྟེར།། དེའི་ཚེ་བུ་ཡིས་དངོས་གྲུབ་བླང།། མ་མོ་སྲོག་ལས་ཀྱི་རྐྱལ་བུ་ལས། ལྷ་མོའི་ཐོག་སེར་འབེབས་པའི་ལེའུ་སྟེ་བདུན་པའོ། །།། འདི་རུ་ནད་རྣམས་ཇི་ལྟར་དབབ།། ལྷ་མོ་ཆེན་མོས་བཀའ་སྩལ་པ།། དྲི་མོ་ར་ཡི་རྐྱལ་བུ་རུ།། རིམས་ནད་དགུ་ཡིས་ཤི་བའི་རུས་པ་དང།། ཁྲག་སྣ་དགུ་དང་ཐལ་ཆེན་དབུས་སུ་བཅས།། གཏོར་མ་བམ་ཆེན་སྙིང་དང་བཅས་པ་དང། ། ཁ་ལ་རྨ་བྱའི་རྒྱལ་མཚན་གཟུགས།། ཕུད་མཛོ་རོག་པོའི་གསོབ་ལ་གདལ།། དམིགས་པའི་ཕྱོགས་སུ་བསྐྱལ་བྱས་ནས།། ལྷ་མོས་རིམས་ནད་སྣ་ཚོགས་འབེབས།། མ་མོ་སྲོག་ལས་ཀྱི་རྐྱལ་བུ་ལས། ། རིམས་ནད་དབབ་པའི་ལེའུ་སྟེ་བརྒྱད་པའོ།།།། མ་མོའི་སྲོག་ལས་ཀྱི་རྒྱལ་བུའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ།།།། བཅོམ་ལྡན་མགོན་པོ་རྒྱལ་མཚན་ལས་ཀྱི་ལྷ།། ཐུགས་ཀྱི་ཡེ་ཤེས་ཚོགས་ལ་མངའ་བརྙེས་ཁྱོད། ། རྡོ་རྗེ་མཁའ་ལ་འགྲོ་བའི་རྣལ་འབྱོར་མའི།། གསང་བའི་ཕྱག་རྒྱ་དམ་པ་བཤད་དུ་གསོལ།། ཞེས་གསོལ་བ་དང། དཔལ་ཕྱག་ན་རྡོ་རྗེ་བཀའ་སྩལ་པ། རྣལ་འབྱོར་ཆེན་པོ་གསང་བ་ཡིས། ། དམ་ཚིག་ཕྱག་རྒྱ་བཅའ་བ་ནི།། སོར་མོ་རྣམས་ནི་ནང་དུ་བསྣོལ།། གཡས་པ་མཐེ་བོང་མཛུབ་མོ་ཡིས།། སྲིན་ལག་མཐེའུ་རྩེ་སྤྲད་གནན།། གུང་མོ་གཉིས་ལ་རྩེ་སྤྲད་ལ།། མ་མོ་སྤྱི་ཡི་ཕྱག་རྒྱ་སྟེ། ། ཡེ་ཤེས་ཚོགས་ཀྱི་རྗེ་མོའི་རྒྱ།། ཕྱག་རྒྱ་བཅའ་བའི་ལེའུ་སྟེ་དགུ་པའོ།།།། མ་མོའི་སྲོག་རྫོགས་སོ།།།། རྒྱ་གར་སྐད་དུ། བཛྲ་བྷན་དྷ་ཛྭ་ལ་གུ་ཧྱ་ཀ་པཱ་ལ་ཛྙ་ན་ར་བྷ་ཤྲི་ཨུ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཀ་པཱ་ལ་བྷན་དྷ་གསང་བ་འབར་བའི་གཞལ་ཡས་ཁང། གནམ་ཞལ་འཛིན་པའི་ཡོན་ཏན་དངོས་གྲུབ་སྟེ་བར་མཛད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། ། དཔལ་ཆེན་པོ་གནམ་ཞལ་མཁའ་ཀློང་ཀ་པཱ་ལ་འདིའི་དོན་ཞེས་བྱ་བ། ཁྲོ་མོ་དཀར་མོ་མིག་གཅིག་མ་བཞི་ལ་སོགས་པ་ཐུགས་ཀྱི་དགྱེས་སྡེ་མོ་བཞིས་ཞུས་པ། དེ་ནས་བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། བྷན་དྷ་གསང་བ་ཀ་པཱ་ལ་འབར་བ་གསང་བའི་རྒྱུད་འདི་ལ་དོན་རྣམ་པ་གཉིས་སམ། རིམ་པ་རྣམ་པ་ལྔས་སྟོན་ཏེ། དེ་ལ་ཡང་དོན་རྣམ་པ་གཉིས་ཀྱིས་བསྟན་པ་ནི། ། མི་གསོན་པོ་རྣམས་ལ་བརྟག་པ་དང། དེ་ཡང་ཐུགས་རྗེས་བཟུང་སྟེ་དོན་གྱིས་བསྒྲལ་ནས། བྷན་དྷ་ཀ་པཱ་ལ་ཉིད་ཀྱི་དོན་བསྟན་པ་དང་གཉིས་སོ།། དེ་ལ་རིགས་རྣམ་པ་ལྔ་བསྟན་པ་ནི། བྲམ་ཟེའི་རིགས་དང། རྗེ་རིགས་དང། རྒྱལ་རིགས་དང། དམངས་ཀྱི་རིགས་དང། བུད་མེད་དང་གདོལ་བའི་རིགས་དང། རྣམ་པ་ལྔའི་རིགས་ལ་བུད་མེད་དམག་གདོལ་བའི་རིགས་ཀྱི་བྷན་དྷ་ནི། སྤྲ་བརྟག་དང་སྤྲ་བཟང་ཡང་མི་བཅང་བར་བྱའོ། ། མི་གསོན་པོ་རྣམས་ལ་དོན་བརྟག་པ་བསྟན་པ་ནི། དེ་ལ་བརྡ་དང། རྒྱ་སྐད་དང། སང་ཀྲི་ཏ་དང། བོད་སྐད་ཉིད་དོན་ཏོ།། རྒྱ་གར་གྱི་སྐད་དུ། ཀེ་ས་ལ། ཚེ་ལ་པྲ། ཁ་ཏ་དྷ་ལ། བྷ་ཧ་ཀུ་བྷུ་ཧུ་ལ་ཤྲི་ཨུ་ཏྲ། ཞེས་བྱ་སྟེ། མཚན་རྣམ་པ་ལྔ་ཚོགས་པར་ཡོད་པ་ནི། ཀེ་ས་ལ་ཞེས་བྱ་སྟེ། སྐྲ་གནག་ཅིང་འཚེར་ལ་འཇམ་པ་པའོ།། ཚེ་ལ་བྲ་ཞེས་བྱ་སྟེ། སྨིན་མ་ནག་ལ་མཚམས་འཐུག་པའོ།། དཀྱུས་རིང་ལ་མཚམས་མ་ཆད་པའོ། ཁ་དྷ་ལ་ཞེས་བྱ་སྟེ། རྣ་བ་གཞི་ཆེ་ལ་ཚོགས་མ་རིང་བའོ།། བྷ་ཧ་ཀུ་ཞེས་བྱ་སྟེ། མིག་དཀར་ཁྲག་འདུག་པའོ།། བྷ་ཧུ་ལ་ཞེས་བྱ་སྟེ། མཁུར་ཚོས་ཀྱི་རུས་པ་མཐོ་བ། ཤྲི་ཨུ་ཏྲ་ཞེས་བྱ་སྟེ། བོང་གཟུགས་དང་བྱད་དབྱིབས་ལེགས་པ། ཤ་མདོག་བག་ཙམ་སྔོ་བ། སྤྱོད་ལམ་ཐམས་ཅད་ལེགས་པར་བྱེད་པའོ།། ཡང་བསྲུང་མཚམས་རྣམ་པ་གསུམ་དང། ཐུགས་རྗེའི་ཞིང་དྲུག་སྟེ། དེ་ལ་ཡོང་བསྲུང་མཚམས་རྣམ་པ་གསུམ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་ཡིན། དེ་ལ་ཡང་ཐུགས་རྗེས་བཟུང་སྟེ་བསྒྲལ་བའི་ཞིང་དྲུག་ནི། མགོ་ཡི་སྐྲ་ཁམ་པ། མིག་ནི་ལ་མིག་ཏུ་འདུག་པ། ཡན་དཀན་གྱི་དཀྱིལ་ན་མཆེ་བ་ཟུར་གསུམ་པ་ཡོད་པ། ལག་པ་བྱ་ལག་བཞིན་དུ་འབྲེལ་བ། ལྕེ་སྣ་རྩེ་ར་བསླེབ་པ། དཔྲལ་བའི་དབྱེས་ན་སྨེ་བ་ཡོད་པ། འདི་དྲུག་ནི་བསྒྲལ་བར་བྱ་བའི་ཞིང་དྲུག་ཡིན་ཏེ། དེ་ལ་ཡང་འདི་རྣམས་དྲུག་པོ་ནི་སྐྱེ་བ་སྔ་མ་ལ་མི་ལུས་བླངས་པ་ཡིན་ནོ། ། དེ་ལྟར་མི་གསོན་པོ་བརྟག་པ་གལ་ཆེའོ།། རྟགས་གོང་མ་དེ་ཚོ་ཡོད་པའི་ཐོད་པ་རྙེད་ན་ནི། འཇིག་རྟེན་འདིའི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། མཆོག་ཏུ་རྙེད་ན་དངོས་གྲུབ་ཐོབ་བོ། འཇིག་རྟེན་ཕྱི་མ་ལ་ཡང་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པར། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་བཀའ་སྩལ་ཏོ།། རྡོ་རྗེ་ཀ་པཱ་ལ་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་དགྱེས་སྡེ་མོ་བཞིས་ཞུས་པ།། བྷན་དྷ་ཀ་པཱ་ལའི་དོན་བསྟན་དུ་གསོལ།། ཞེས་ཞུས་པས། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀས་བཀའ་སྩལ་པ། བྷན་དྷ་ཀ་པཱ་ལའི་དོན་བསྟན་པ་ནི། དོན་རྣམ་པ་བཅུ་གསུམ་གྱིས་བསྟན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་ཞལ་དོན་བསྟན་པ་དང། རྡོ་རྗེ་རིགས་ཀྱི་ཀཱ་པ་ལ་བསྟན་པ་དང། རིན་ཆེན་རིགས་ཀྱི་ཀ་པཱ་ལ་བསྟན་པ་དང། པདྨ་རིགས་ཀྱི་ཀ་པཱ་ལ་བསྟན་པ་དང། ལས་ཀྱི་རིགས་ཀྱི་ཀ་པཱ་ལ་བསྟན་པ་དང། བདག་ཉིད་བཅང་དུ་མི་རུང་བའི་དོན་བསྟན་པ་དང། ཡོན་བདག་དང་ཡོན་གནས་ཀྱི་སྐྱོན་གང་ལ་འོང། མི་འོངས་པ་བཅད་ནས་བརྟག་པ་དང། ཞལ་བུའི་དབྱིབས་དང་མདོག་བསྟན་པ་དང། དུམ་བུའི་གྲངས་བསྟན་པ་དང། རྩ་རོའི་དོན་བསྟན་པ་དང། རོགས་རྣམ་པ་ལྔའི་དོན་བསྟན་པ་དང་བཅུ་གསུམ་གྱིས་བསྟན་པའོ། བྷན་དྷ་ཀཱ་ལ་འབར་བའི་གསང་བའི་རྒྱུད་ལས། རྣམ་གྲངས་དང་རིགས་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཐུགས་ཀྱི་དགྱེས་སྡེ་མོ་བཞིས་ཞུས་པ། རིགས་རྣམ་པ་ལྔའི་བྷན་དྷ་ཀཱ་པ་ལ་གསང་བའི་དོན་བསྟན་དུ་གསོལ།། ཞེས་ཞུས་པས། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀས་བཀའ་སྩལ་པ། ། དེ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་ཞལ་བུ་ནི། ཡིད་ཙམ་ཟུར་གསུམ་པ་དུམ་བུ་གཅིག་པ། དུམ་བུ་ཡང་ནང་གི་རི་མོ་ཙུག་སྲུབས་ལ་ཡ་ཡོད་མེད་པར་འདུག་པ། རྩ་དང་རིམ་ཐམས་ཅད་ཁུག་ཏུ་འཁྱིལ་བ། རྫས་དང་འཁོར་ལོ་རྩིབས་བརྒྱད་དཀྱིལ་ན་གསལ་བར་སྣང་བ། ཡང་ན་ཙཀྲ་ཧ་གསུམ་གསལ་བར་ཡོད་པ། རི་མོ་ཐམས་ཅད་འཇམ་པ་ཉུང་བར་འདུག་པའོ།། ངན་པར་གསལ་བ་གང་ཡང་མེད་པ། ཁ་སྦུབ་ནས་ཕྱི་རོལ་ནས་བལྟས་ན། འཚོགས་མ་ཤིན་ཏུ་འབུར་བ། བག་ཙམ་ཟུར་ཡོད་པ་འདྲ་བ། གང་ནས་བལྟས་ཀྱང་ལེགས་པ་དེ་ནི་བསྒྲུབས་པར་བཟང་ངོ།། ལས་དྲག་པོ་ཐམས་ཅད་འགྲུབ་བོ། ། ལྕང་ལོ་ཅན་དུ་འདུག་ན་ཡང། དེའི་མཚན་ནི་ཡང་དག་དོན་ལྡན་བྷན་དྷ་ལྕང་ལོ་ཅན་ཞེས་བྱ་སྟེ། བུད་བྷ་རིགས་ཀྱི་རྣམ་ཞལ་མའི་ཞལ་བུ། དཔལ་ཆེན་པོའི་གནམ་ཞལ་ཡིན་པར་ཤེས་པར་བྱའོ།། ཀ་པཱ་ལ་བྷན་དྷ་འབར་བ་གསང་བའི་རྒྱུད་ལས། དེ་བཞིན་གཤེགས་པའི་རིགས་ཀྱི་ཞལ་བུ་བརྟག་པ་སྟེ་ལེའུ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀས། རྡོ་རྗེའི་རིགས་ཀྱི་ཀཱ་པ་ལ་བྷན་དྷ་ཞལ་བུ་བཀའ་སྩལ་པ། ཟླུམ་ལ་དུམ་བུ་གསུམ་པ། ནང་གི་རི་མོ་འཇམ་ལ་ཉུང་བ། གཙུག་ཏུ་གནམ་ཞལ་ཆེན་པོའི་རྩ་སྒྲིལ་མ་ཟང་ཐལ་དུ་བྱུང་བ། རྫས་ལ་རྡོ་རྗེ་གསལ་བར་ཡོད་པ། ཡིག་འབྲུ་བཛྲ་གསལ་བར་ཡོད་པ། ཡང་ན་མ་དང། ཛ་དང་ར་གསུམ་གསལ་བར་ཡོད་པ། ངན་པར་གསལ་བ་གང་ཡང་མེད་པ། ཁ་སྦུབ་ནས་ཕྱི་རོལ་ནས་བལྟས་ཏེ། ལྟག་པའི་བདུད་སྒོའི་རུས་པ་འབར་བ། སྤྲུལ་པ་འབུར་བར་སྣང་བ་སྟེ། གང་ནས་བལྟས་ཀྱང་ལེགས་པ། དེས་རྡོ་རྗེ་རིགས་ཀྱི་ཐམས་ཅད་མྱུར་བར་འགྲུབ་པ། ལྕང་ལོ་ཅན་དུ་འདུག་ན་ཡང། ར་མེད་དོན་ཐོབ་བྷན་དྷ་ལྕང་ལོ་ཅན་ཞེས་བྱའོ།། རྡོ་རྗེ་རིགས་ཀྱི་ཞལ་བཀྲ་ཤིས་ཞལ་བུ་སྟེ། དཀར་མོ་མིག་གཅིག་མའི་གནམ་ཞལ་དུ་ཞེས་པར་བྱའོ། ། ཀ་པཱ་ལ་བྷན་དྷ་གསང་བའི་རྒྱུད་ལས། རྡོ་རྗེ་རིགས་ཀྱི་ཞལ་བུ་བསྟན་པ་སྟེ་ལེའུ་བཞི་པའོ།།།། དེ་ནས་ཐུགས་ཀྱི་དགྱེས་སྡེ་བཞིས་ཞུས་པ།། རིན་ཆེན་རིགས་མཆོག་ཞལ་བུ་བཀྲ་ཤིས་ཕུན་སུམ་ཚོགས་པ་གསུང་དུ་གསོལ། ཞེས་ཞུས་སོ།། དེ་ནས་ཡང་བཀའ་སྩལ་པ། རིན་ཆེན་རིགས་ཀྱི་ཀ་པཱ་ལ་བཀྲ་ཤིས་གཡུང་དྲུང་རང་འབྱུང་བྷན་དྷ་ནི། ཡིད་ཙམ་ལྗོང་ལ་དུམ་བུ་གཉིས་པ། ནང་གི་རི་མོ་འཇམ་ལ་མང་བ། ལྕང་ལོའི་ལྗོན་ཤིང་ལྟ་བུར་འདུག་པ། འཇམ་ལ་རི་མོ་མང་བ། དཀྱིལ་ན་བུམ་པའི་ནོར་བུ་རིན་པོ་ཆེ་གསལ་བར་ཡོད་པ། ཡང་ན་ས་དང་ཡིག་འབྲུ་གསལ་བར་ཡོད་པ། ། ངན་པའི་མཚན་མ་གང་ཡང་མེད་པ།། ཁ་སྦུབ་ནས་ཕྱི་རོལ་ནས་བལྟས་ན་འཚོགས་མའི་དུས་དཀྱུས་རིང་བ། གང་ནས་བལྟས་ན་ལེགས་པ་སྟེ། དེ་ལ་རིན་ཆེན་རིགས་ཀྱི་ཞལ་བུ་མཚན་ལྡན་ལས་ཐམས་ཅད་མྱུར་དུ་འགྲུབ་བོ། ། ལྕང་ལོ་ཅན་དུ་འདུག་ན་ཡང། མཚན་རི་འདོད་པའི་ཡོན་ཏན་གཡུང་དྲུང་འགྲུབ་བྱེད་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ། ནག་མོ་མཆེ་གཙིགས་མོའི་ཞལ་བུར་ཤེས་པར་བྱའོ།། ཞེས་ཧེ་རུ་ཀས་བཀའ་སྩལ་ཏོ། ། ཀ་པཱ་ལ་བྷན་དྷ་གསང་བའི་རྒྱུད་ལས། ལེའུ་ལྔ་པའོ།།།། དེ་ནས་དམར་མོ་ཐུགས་ཀྱི་དགྱེས་སྡེ་མོས་ཞུས་པ།། པདྨ་རིགས་གནམ་ཞལ་མའི་དོན་ཇི་ལྟར་ལགས། ཞེས་ཞུས་པས། བཀའ་སྩལ་པ། པདྨ་རིགས་ཀྱི་གཡུང་དྲུང་ཀ་པཱ་ལ། ཡིད་ཙམ་ཟླ་ཁམ་དུམ་བུ་བཞི་པ། ནང་གི་རི་མོ་ཐམས་ཅད་འཇམ་ལ་ཐུང་བ། རི་མོ་གང་ཡང་པདྨའི་དབྱིབས་སུ་འདུག་པ། སྤྱིར་ན་རི་མོ་བགས་ཀྱི་ཉུང་བ། རྫས་ཀྱི་གཟུགས་ལ་རྩ་ལས་པདྨ་འདབ་བརྒྱད་དུ་འདུག་པ། ཡི་གེ་ཨོཾ་གསལ་བར་ཡོད་པ། ངན་པར་གསལ་བ་གང་ཡང་མེད་པ། ཁ་སྦུབ་ནས་བལྟས་ན། རྣ་བ་གཡས་པ་བག་ཙམ་འབུར་བར་གསལ་བའོ།། དེ་ནི་ལྕང་ལོ་ཅན་དུ་འདུག་ནའང། ཀ་པཱ་ལ་བྷན་དྷ་གསང་བའི་རྒྱུད་ལས། པདྨ་རིགས་ཀྱི་ཞལ་བུ་བརྟག་པ་སྟེ་ལེའུ་དྲུག་པའོ།།།། དེ་ནས་ཡང་ཐུགས་ཀྱི་དགྱེས་སྡེ་མོ་བཞིས་ཞུས་པ། ལས་ཀྱི་རིགས་ཀྱི་གནམ་ཞལ་གྱི་དོན་བསྟན་དུ་གསོལ། ། ཞེས་ཞུས་པས། བཀའ་སྩལ་པ། ལས་ཀྱི་རིགས་ཀྱི་ཞལ་བུ་ནི། ཡིད་ཙམ་གྲུ་བཞི་པ། རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་སུ་འདུག་པ། རི་མོ་ཐམས་ཅད་འཇམ་ལ་ཡིད་ཙམ་ཉུང་བ། རྩའི་རི་མོ་ལ་རྫས་སུ་གསལ་བའི་རྡོ་རྗེ་རྒྱ་གྲམ་ཡོད་པ། ཡིག་འབྲུ་ཧ་གསལ་བར་ཡོད་པ། ཡང་ནང་ང་དང་གསུམ་གསལ་བར་ཡོད་པ། ངན་པར་གསལ་བ་གང་ཡང་མེད་པ། ཁ་སྦུབ་ནས་བལྟས་ནས། ལྟག་པའི་རིག་པ་འབུར་འབུར་གཉིས་ཡོད་པ། གཉའ་ཆུ་བོའི་ཤོང་ཤུལ་འབུར་གསུམ་ཡོད་པ། གང་ནས་བལྟས་ཀྱང་ལེགས་པར་སྣང་བ་སྟེ། ལྕང་ལོ་ཅན་དུ་འདུག་ན་ཡང། བྷན་དྷ་ཐོགས་མེད་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ། དེ་ནི་ལས་རྣམ་བཞི་འགྲུབ། ལས་ཀྱི་རིགས་ཀྱི་གནམ་ཞལ་ཀ་པཱ་ལ། ལས་ཐམས་ཅད་མྱུར་དུ་འགྲུབ་པའོ།། དེ་ཡང་ལྕང་ལོ་ཅན་དུ་འདུག་ན། ཞལ་བུ་དེའི་མཚན་ནི་བཀྲ་ཤིས་དོན་ལྡན་དཔལ་ལྡན་ཀ་པཱ་ལྕང་ལོ་ཅན་ཞེས་བྱའོ། ། སོར་མོ་ལས་མཁན་མོའི་ནལ་བུར་ཤེས་པར་བྱའོ།། ཞལ་བུ་དུམ་བུ་ལྔ་པ་གོང་མ་དེ་རྣམས་ཀྱིས་ནི། ལས་དང་བསྒྲུབ་པ་གང་ལ་ཡང་གལ་ཤིན་ཏུ་ཡང་ཆེ་སྟེ། དེའི་ནང་ནས་ཀྱང་ཤིན་ཏུ་ཆེ་སྟེ། དེའི་ནང་ནས་ཀྱང་ཤིན་ཏུ་བསྒྲུབ་པ་ལ་སོགས་པ་དང། མ་མོ་བསྒྲུབ་པ་དང། ཡང་དག་མེ་འབར་དགུ་པའི་བསྒྲུབ་པའི་དཀྱིལ་འཁོར་གྱི་རྫས་སུ་ཤེས་པར་བྱའོ།། བྷན་དྷ་ཀ་པཱ་ལ་འབར་བ་གསང་བའི་རྒྱུད་ལས། ལེའུ་བདུན་པའོ། །།། དེ་ནས་ཡང་བཀའ་སྩལ་པ། གཞན་ཡང་གང་རུང་རུང་དུ་བབ་ཆོལ་དུ་སྤྱད་དུ་མི་རུང་སྟེ། དམ་ཚིག་ཉམས་པའི་རྒྱུ་ཡིན། དེ་ནས་བཅང་དུ་རུང་མི་རུང་གཉིས་ལས། བཅང་དུ་རུང་བའི་ཀ་པ་ལ་རྣམས་ཀྱི་ཞལ་བུ་ལ་བརྟག་སྟེ། ཇི་ལྟར་འདོད་པའི་སྤྲ་ཡོད་པའི་ཀ་པཱ་ལ་དབྱིབས་ལེགས་པ། ལྕེ་སྟེ་གསེར་རམ་སྤྲམ་འདྲ་བ། མཁྲེགས་ཏེ་གནམ་ལྕགས་འདྲ་བ། འཐུག་པ་གླང་པོ་ཆའི་རྒྱབ་འདྲ་བ། མདོག་ནི་དངུལ་ཆུ་ཞུན་མ་བླུག་པ་ལྟ་བུ། རྩ་དང་རི་མོ་གོང་དུ་སྨོས་པའི་ཀ་པཱ་ལ་རྡོ་རྗེའི་ཞལ་བུའི་རི་མོ་དང་འདྲ་བ། རང་ཇི་ལྟར་འདོད་པ་ཡོད་པ་དེ་ལྟ་བུ་ནི། ནོར་གྱི་སར་མར་དཀར་ལ་མཐེབ་མོ་བཞག་པ་འདྲ་བ་ཡོད་པ་དེ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཏེ་བཅང་དུ་རུང། བྷན་དྷ་ཀ་བ་ལ་ནི་རྫས་དང་ཞལ་བུ་ཡིན་པས། རྗེས་སུ་འཇུག་པའི་ཕྱི་རབས་ཀྱི་རྣལ་འབྱོར་བ་རྣམས་ཀྱིས་ཀྱང། དཔེར་ན་ཕའི་ནོར་བུ་རིན་པོ་ཆེ་བུ་ལ་བཞག་པ་ལྟ་བུའོ། ། ནོར་བུ་སྡིག་བཟང་པོ་བཞིན་དུ། རིན་པོ་ཆེའི་སྣོད་ལེགས་པར་བསལ་སྟེ། དུས་དུས་སུ་རང་གི་ཡི་དམ་བྱེད་པ་དང། སྔགས་ཀྱིས་ཁ་སྒོ་མཆོད་པ་བྱས་ན། རྣལ་འབྱོར་པ་དེ་ལ་ནི་འཇིག་རྟེན་འདིར་ཚེ་རིང་བ་དང། ནད་མེད་པ་དང་བཀྲ་ཤིས་པ་དང། རིགས་བརྒྱུད་འཕེལ་བ་དང། ཆོས་མཁན་དུ་འགྱུར་ཏེ། རྡོ་རྗེ་རྒྱལ་པོ་ལ་ཐོབ་སྟེ། ནོར་རྫས་འདུལ་བ་ལ་སོགས་ཏེ། ཇི་ལྟར་བསམ་པ་བཞིན་དུ་འགྲུབ། ཅེས་དཔལ་ཧེ་རུ་ཀས་བཀའ་སྩལ་ཏོ།། རྡོ་རྗེ་ཀ་པཱ་ལ་བྷན་དྷ་གསང་བའི་རྒྱུད་ལས། བཅང་དུ་རུང་བའི་བརྟག་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་ཐུགས་ཀྱི་དགྱེས་སྡེ་མོ་བཞིས་ཞུས་པ། ཀ་པཱ་ལའི་དམ་རྫས་བཅང་དུ་རུང་མི་རུང་དེའི་དོན་ཇི་ལྟར་བྱ། ཞེས་ཞུས་པས། བཀའ་སྩལ་པ། རྫས་རྣམས་གོང་མ་རྡོ་རྗེ་ཀ་པཱ་ལའི་བྷན་དྷ་དེ་ལྟ་བུ་དེ་ནི་གང་རུང་རུང་དུ་དམ་ཚིག་ལ་འདྲེས་པ་དང། དམ་ཚིག་མེད་པ་དང། དམ་ཚིག་ཉམས་པ་ལ་མི་བསྟན་པར་བྱས་ཏེ། ཚུལ་བཞིན་དུ་བཅངས་ནས། དམ་ཚིག་མ་ཉམས་པར་བྱས་ནས། འཇིག་རྟེན་ཕྱི་མ་ལ་ཡངས་ཉི་ཤུ་རྩ་གཅིག་ནོན་པར་ཧེ་རུ་ཀ་ཉིད་ཀྱིས་བཀའ་སྩལ་པར་བཤད་དོ།། ཀ་པཱ་ལ་གསང་བའི་རྒྱུད་ལས། དམ་ཚིག་མེད་པ་ལ་མི་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཐུགས་ཀྱི་དགྱེས་སྡེ་མོ་བཞིས་དྲིས་ཏེ་ཞུས་པ། དམ་ཚིག་ཉམས་པ་ཇི་ལྟར་འགྱུར། ཞེས་ཞུས་པས། དེ་ལ་ཧེ་རུ་ཀས་བཀའ་སྩལ་པ། ཉོན་ཅིག་ཐུགས་ཀྱི་དགྱེས་སྡེ་རྣམས། གལ་ཏེ་དམ་ཚིག་ཉམས་ནས་ས་མ་ནོན་ན་ཡང། ཆོས་མཁན་ཆེན་པོ་རྡོ་རྗེ་རྒྱལ་པོ་འམ། རྒྱལ་ཐེབས་ཀྱི་ས་ནོན་པོར་འགྱུར་རོ།། ཐ་མ་ཡང་བྲམ་ཟེའི་རིགས་སམ། རིགས་བཟང་སྟེ་བཙུན་པར་སྐྱེ་བར་བཀའ་སྩལ་ཏོ།། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་བ་གསང་བའི་རྒྱུད་ལས། ལེའུ་བཅུ་པའོ།།།། དེ་ནས་ཡང་བཀའ་སྩལ་པ། གཅང་དུ་མི་རུང་བའི་ཞལ་བུ་ཀ་པཱ་ལ་ནི། གསོན་པོ་ཙ་ན་བཟང་བའི་རྟགས་གང་ཀྱང་མེད་པར། ཀ་པཱ་ལའི་ཞལ་བུའི་བརྟག་པ་ངན་པའི་རྟགས་བསྟན་ཏེ། དབྱིབས་ཤིན་ཏུ་མ་ལེགས་པ་ཡོན་པོར་འདུག་པ་དང། ཞོམ་པའམ་འབར་འབུར་མང་བ། གང་ནས་བལྟས་ཀྱང་མ་ལེགས་པ། དུམ་བུ་དྲུག་པའམ། བདུན་པ་དང། བརྒྱད་པ་དང། དགུ་པ་དང། བཅུ་པ་ལ་སོགས་པར་འདུག་པ། མདོག་མ་ལེགས་ཏེ་རུལ་པ་འདྲ་བའི་སེར་ཁོག་བ་འམ། སྐྱ་ཁོག་པ་སྟེ། ལྷག་པར་སྐྱ་སེར་བ་དང། སྔོ་ནག་ཏུ་འདུག་པ། གྲོ་བ། འཇིས་པ་དང། དགྲ་བོ་དག་ལ་བྱས་ན་ཤིས། རུས་པ་དུམ་བུ་བདུན་པ་དང་བརྒྱད་པ་རུ། དགྲ་བོའི་མིང་དང། རུས་པ་དང། ཉུངས་ཀར་ལ་སྔགས་ཏེ། དགྲ་བོའི་ཁང་པའི་རྨང་དུ་སྦས་ན་དགྲ་བོ་དེ་འཆིའོ། ། ཡང་དེ་དང་དྲ་བ་བྱས་ནས་དགྲ་བོ་དུར་དུ་སྦས་ན། དགྲ་བོ་ཕ་ཚན་སྟུམས་ཀྱིས་འཆིའོ།། དགྲ་བོ་རྩད་ནས་གཅོད་ཅེས་ཧེ་རུ་ཀས་བཀའ་སྩལ་ཏོ།། ཀ་པཱ་ལ་བྷན་དྷ་འབར་བ་གསང་བའི་རྒྱུད་ལས། རྫས་ཀྱིས་བསྟན་པ་བསྲུང་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དགྱེས་སྡེ་མོས་ཞུས་པ། ཡོན་བདག་དང་ཡོན་གནས་ཀྱི་སྐྱོན་ཡོན་གང་ལ་ཡོང་མི་ཡོང་དེའི་དོན་ཇི་ལྟར་ལགས། ཞེས་ཞུས་པས། བཀའ་སྩལ་པ། ཡོན་བདག་དང་ཡོན་གནས་གཉིས་ཀྱི་སྐྱོན་ཡོན་གང་ལ་ཡོང་མི་ཡོང། ཀ་པཱ་ལ་ཞལ་བུ་མ་བཅད་ནས་བརྟག་པ་ནི།། དང་པོ་ཀ་པཱ་ལའི་ཞལ་བུ་ལེགས་པར་མཐོ་དམན་མེད་པར་བྲེགས་ལ། ཆོད་པར་བཅད་པ་ནི། འཚོགས་སྲུངས་ཕན་ཆད་གཡས་པ་ཡོན་བདག་གི་སར་རྩི། གཡོན་པ་བྷན་དྷའི་སར་རྩི། ལྟག་སྲུབས་ཕན་ཆད་དགྲ་སར་རྩི། འཚོགས་སྲུབས་ཕན་ཆད་ནས་ལྟག་སྲུབས་ཚུན་ཆོད་ནོར་སར་རྩི། རྣ་བ་གཡས་གཡོན་དུར་སར་རྩིའོ།། དཔྲལ་བ་གཡོན་ཕྱོགས་ཀྱི་ནང་རོལ་ནས་བྲེགས་པའི་ས་ནས། སྲན་མའི་གང་བུ་ཙམ་བཅལ་བའི་ས་དེ་བན་དྷེ་རྒད་པོར་རྩི། དེ་ནས་སྲན་མ་གང་བུ་ཙམ་བཅལ་བའི་ས་དེ་བན་དྷེ་གཞོན་པའི་སར་རྩི། གཡས་པ་ཡོན་བདག་གི་སར་རྩི་བ་ཡིན། ཡང་སྲན་མ་གང་བུ་བཅལ་བའི་ས་སྟག་ཤར། དེ་ན་བུད་མེད། དེ་ནས་གང་བུ་ཙམ་ནོར་སར་རྩི། ལྟག་པའི་ཕྱོགས་སུ་དགྲ་ལ་རྟགས་ཡོང་མི་ཡོང་རྩི་སྟེ། དགྲ་བོ་གཡས་སུ་ཁྱོག་རྩི། གཡོན་དུ་བུད་མེད་རྩི། རྒན་གཞོན་ནོར་ཡན་ཆད་གོང་ལྟར་རྩི། དགྲ་ལ་གདོང་གཅིག་གི་རྩར་རྩ་རོ་དང། སྲིན་ཁུང་དང། དེ་རྣམས་འཛོམ་པ་བྱུང་ན་དགྲ་དེ་བདུན་བརྒྱད་འཆད་པར་འགྱུར་རོ། ། དེ་ཡང་མ་འཛོམ་ན་གང་རུང་གཉིས་སམ། རེ་རེ་བྱུང་ན་འབད་ལས་བསྒྲུབས་ཀྱི་རྟགས་མོད་ལ་འོང་ངོ།། ཞེས་དཔལ་ཧེ་རུ་ཀས་བཀའ་སྩལ་ཏོ།། ཀ་པཱ་ལ་བྷན་དྷ་འབར་བ་གསང་བའི་རྒྱུད་ལས། ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དགྱེས་སྡེ་མོ་བཞིས་ཞུས་པ། ན་ཚོད་རང་ཉིད་དགོས་པ་འགྲུབ།། ན་ཚོད་ནོར་པ་དགོས་འདོད་རྣམས།། ཇི་ལྟར་འདོད་པའི་དོན་དེ་རྣམས། ། ཡང་དག་རྫོགས་པར་གསུང་དུ་གསོལ།། ཡང་དག་རྫོགས་པས་བཀའ་སྩལ་པ།། རྒན་པ་གཞོན་པ་བུས་པ་བུད་མེད་དང།། ནོར་པ་ལ་སོགས་གང་ལ་ལྟ་བ་ནི།། ན་ཚོད་རྒན་དང་གཞོན་སོགས་གོང་མས་བལྟ་བར་བྱའོ། ། ནོར་སར་མར་དཀར་ལ་མཐེབ་མོས་བརྫིས་པ་འདྲ་བ་བཞིན་བྱུང་ན།། དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཏེ།། ནོར་རྫས་དང་མག་པ་ཚ་ཡུག་ལ་བཟང་ངོ། དུར་སར་གདོང་གཅིག་གི་རྩ་དང། རྩག་རོ་དང། སྲིང་ཁུང་ལ་སོགས་པ་མེད་ན་བཟང་ངོ།། བན་དྷེའི་ས་དང་ཡོན་བདག་གི་ས་གཉིས་གཅིག་སྟེ། གཅིག་བཤད་པས་གཉིས་ཀ་གོ། གདོང་གཅིག་གི་རྩ་བན་དྷེའི་སར་བྱུང་ན། བན་དྷེའི་བུ་ཆུང་རིགས་ལ་རྩུབ་བོ། ། ཡོན་བདག་གིས་སར་གདོང་གཅིག་གི་རྩ་བྱུང།། རོ་དེ་རབས་ཆད་གཅིག་ཡིན་ན་དེས་ཐུབ། མེན་ན་བུས་པ་ཆུང་རིགས་ལ་ངན་ནོ།། རྩ་དེ་གང་གི་སར་བྱུང་ཡང་ལོང། དུར་སར་བྱུང་ན་རོ་དེའི་གང་ལ་བུས་པ་ཡོད་པ་དེ་ལ་རྩུབ། དེ་ལ་བུ་མེད་ན་ཕ་ཚན་སྤྱི་རུ་བུས་པ་གསུམ་བཞི་ལ་རྩུབ། ནོར་སར་གདོང་གཅིག་གི་རྩ་གཡས་སུ་བྱང་ན། ཡོན་བདག་གི་ནོར་ལ་གོད་ཀ་ཡོང། གཡོན་དུ་བྱུང་ན་མག་ཚ་ཡུག་ལ་རྩུབ། དུར་ས་གཡས་སུ་བྱུང་ན་ཕ་ཚན་གཞོན་རིམ་ལ་བུ་ཡོད་ཀྱང་རབས་ཆད་གཅིག་ཡོང། དེ་རང་རབས་ཆད་གཅིག་ཡིན་ན་གཡས་གཡོན་གང་དུ་བྱུང་ཡང་ཐུབ། རྩག་རོ་དང་སྲིན་ཁུང་ནི་རྒད་པོ་ལ་རྩུབ། དར་མའི་སར་བྱུང་ན་དར་མ་ལ་རྩུབ། བུས་པ་བུད་མེད་ནོར་ས་གང་དུ་བྱུང་ཡང་དེའི་ས་དེར་རྩུབ་བོ། བན་དྷེ་དང་ཡོན་བདག་གཉིས་དོན་གཅིག་པ་ཡིན་པར་ཤེས་པར་བྱའོ།། རྩག་རོ་དང་སྲིན་ཁུང་ནོར་སར་བྱུང་ན་ཡོན་བདག་གི་ནོར་ལ་གོང་ཁ་ཡོངས་ཏེ། རྩ་རོ་ཆེ་ཆུང་དང་སྦྱར་རོ།། རྩ་རོ་དང་སྲིན་ཁུང་ནོར་ས་གཡོན་པར་བྱང་ན། ཚ་ཡུག་ལ་རྩུབ། རྩ་རོ་དང་སྲིན་ཁུང་མག་ཚ་ཡུག་རྒན་གཞོན་ལ་སྦྱོར། རྩ་རོ་དང་སྲིན་ཁུང་ནོར་སར་བྱུང་ན། ཡོན་བདག་གི་ནོར་རྫས་ལ་མག་ཚ་ཡུག་རྒྱ་འདྲེ་བྱེད། རྩ་རོ་དང་སྲིན་ཁུང་དུར་ས་གཡས་སུ་བྱུང་ན། སྔ་མ་དེས་མ་ཐུབ་ན་ད་རུང་འཆིའོ།། གཡོན་ཕྱོགས་སུ་བྱུང་ན་དེས་ཐུབ། ཤི་ཆད་མི་འོང་བར་བཤད་དོ། ། ཞེས་བཀའ་སྩལ་ཏོ།། ཀ་པཱ་ལ་བྷན་དྷཱ་འབར་བ་གསང་བའི་རྒྱུད་ལས། རྟགས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཐུགས་ཀྱི་དགྱེས་སྡེ་མོ་བཞིས་ཞུས་པ། སྲུབས་ཞིག་པ་དང་མཚམས་རལ་པ་ནི་ཕ་ཚན་རྒྱ་འདྲེ་བྱེད་དེ། དོན་དེ་ཇི་ལྟར་ལགས། བཀའ་སྩལ་པ། སྲུབས་ཞིག་པ་དང་མཚམས་རལ་པ་ཐམས་ཅད་རྒྱ་འདྲེར་ཤེས་པར་བྱའོ།། དེ་ལྟར་རྩབ་རྩུབ་གང་བྱུང་ཡང་བཟློག་པ་བྱས་པས་ཐུབ་བོ། ། བན་དྷེའི་སར་རྩ་རོ་དང་སྲིན་ཁུང་བྱུང་ན་བསྐང་གསོ་དང། ཡང་ན་བག་ཟན་ལ་བན་དྷེའི་གཟུགས་བྱས་ལ་ཁྲག་གི་རི་མོ་བྲིས་ལ། ཟངས་ཀྱི་ནང་དུ་གཏོར་མ་དང་བཅས་ལ། དེ་ནས་ཡོད་པའི་ཤ་སྣ་མང་པོ་དང། ཆང་ཕུད་དང། བདུད་རྩི་དང། ཤ་སྣ་ཁྲག་སྣ་མང་པོས་ཟངས་བུ་ཁེབས་པར་བྱས་ལ། དེར་འཚོགས་པའི་བན་དྷེ་སོགས་ཀྱང་བསྐང་གསོ་དྲག་པོ་བྱས་ནས་དགྲ་ཕྱོགས་སུ་འཕངས་ན་དེས་ཐུབ། ཀ་པཱ་ལ་བྷན་དྷ་གསང་བའི་རྒྱུད་ལས། བཟློག་པ་དང་བསྐང་གསོ་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་ཐུགས་ཀྱི་དགྱེས་སྡེ་མོ་བཞིས་ཞུས་པ། ཡོན་བདག་གི་སར་རྩ་རོ་དང་སྲིན་ཁུང་ལ་སོགས་པ་གང་བྱུང་ཡང་བཟློག་པའི་ཐབས་ཇི་ལྟར་བྱེད། བཀའ་སྩལ་པ། ཡོན་བདག་གི་སར་རྩ་དང། རྩ་རོ་དང། སྲིན་ཁུང་ལ་སོགས་པ་གང་བྱུང་ཡང་བཟློག་པས་བཟློག་སྟེ། འདི་ལྟར་བྱའོ།། ཡོན་བདག་མོ་ཁ་གཅིག་འདུས་ལ། མ་མོའི་བསྒྲུབ་ཐབས་ཡུན་རིང་དུ་བྱ། སྤྱི་མདོས་སརྦ་རུ་པའི་མདོས་ཆེན་བྱའོ།། དེ་ནས་ཡང་མ་བཟློག་ན། སོ་སོའི་ཁྱིམ་དུ་མ་མོའི་བསྐང་གསོ་བྱའོ།། ཕྱི་སྐོངས་མདོས་ཆེན་བཏང། དེས་བཟློག་སྟེ་འོང། ཞེས་བཀའ་སྩལ་ཏོ། ། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་བ་གསང་བའི་རྒྱུད་ལས། བསྐང་གསོ་དང་བཟློག་ཐབས་བསྟན་པ་སྟེ་ལེའུ་བཅོ་ལྔའོ།།།། དེ་ནས་ཡང་ཐུགས་ཀྱི་དགྱེས་སྡེ་བཞིས་ཞུས་པ། ཡོན་བདག་གི་ས་དང། དུར་ས་དང། ནོར་ས་གསུམ་དུ། རྩ་དང་སྲིན་ཁུང་ལ་སོགས་པ་བྱུང་ན། དེའི་བཟློག་ཐབས་གསུང་དུ་གསོལ། ཞེས་ཞུས་པས། བཀའ་སྩལ་པ། དགྱེས་སྡེ་ཁྱོད་ལ་འདི་སྐད་བསྟན། ཡོན་བདག་གི་དུར་ས་དང། སྤྱིའི་དུར་ས། ནོར་ས་གསུམ་ཀ་རུ། རྩག་རོ་དང་སྲིན་ཁུང་ལ་སོགས་པ་བྱུང་ན། དེ་རྣམས་བཟློག་པའི་ཐབས། ལྷ་འདྲེ་ཕོ་རིགས་ཐམས་ཅད་དང། ལྷ་འདྲེ་མོ་རིགས་ཐམས་ཅད་ལ་བསྐང་གསོ་བྱའོ།། ཕྱི་སྐོངས་དག་དང་ནང་སྐོངས་དང། གསང་བ་གསུམ་ལྟར་བསྐང་བ་ནི། ཡང་དག་ཡང་གསང་ལྟར་ན་བསྐང་བ་ན། དེ་ལྟར་བྱས་ན་མི་བཟློག་མི་སྲིད་དོ།། བསྐང་བའི་དོན་གལ་ཆེའོ།། ཞེས་གསུངས་སོ།། བཛྲ་ཀ་པཱ་ལ་ལྷ་མོ་བམ་རིལ་གྱི་རྒྱུད་ལས། བསྐང་གསོ་བཞི་པ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ལྷ་མོ་དགྱེས་སྡེ་བདེ་བྱེད་མས། ཀ་པཱ་ལ་གསང་བ་མི་བཟློག་པ་དེ་གང་ལགས་ཞེས་ཞུས་པས། བཀའ་སྩལ་པ། བྷན་དྷ་ངན་པ་གང་གིས་ཀྱང་མི་བཟློག་པ་ནི། མ་ལྡོག་པ་ནི་བུ་གུ་ཧང་ཚེར་བྱང་ན་མ་བཟློག་པ་འཆི། གསང་བ་ཡང་གསང་བྱས་ཀྱང་བཟློག་པ་མེད། བུག་པའི་དོན་ནི་འདི་ལྟར་བསྟན། བྱིས་པའི་དུས་སུ་མགོ་བོ་ཆག་ནས་བུ་ག་བྱུང་བ་དང། མགོ་བོ་ཆག་ནས་རྨེན་བ་ཡོད་པ་ཆ་མེད། ནད་རོ་ལངས་ན་བུ་ག་བྱུང་བ་དང། ལྷ་འདྲེས་དཔྲལ་བ་ཕུག་པ་མི་རུང་སྟེ་མི་བཟློག་གོ། མགོ་ཆག་པའི་བུ་ག་ཡོད་པ་ལ་སྐྱོན་མེད་དོ།། ཞེས་བཀའ་སྩལ་ཏོ། ། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་བ་ལྷ་མོ་བམ་རིལ་གྱི་རྒྱུད་ལས། བུག་པ་བྱུང་ན་མི་ལྡོག་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་དགྱེས་སྡེ་ཆེན་མོ་དེས། བམ་ཆེན་བཀྲོལ་བའི་ཐབས་གསུང་དུ་གསོལ། ། ཞེས་ཞུས་པས། དེ་ནས་དཔལ་ཆེན་པོས། ཉོན་ཅིག་ལྷ་མོ་དགྱེས་སྡེ་མ། བམ་བཀྲོ་བ་ལ་རྣམ་པ་གསུམ། སྐྱེས་ནས་འཇིག་རྟེན་ཕྱི་མའི་དོན་ལ་དགོངས་པ་དང། མི་མང་པོ་ཤི་ནས་ཤི་ཕྲོ་ཆོད་དུ་རེ་བ་ལ་དགོངས་པ་དང། བན་འདེའི་ཕུར་ཁ་བཟློག་ཏུ་རེ་བ་ལ་དགོངས་པ་དང་གསུམ་མོ།། དེ་ཡང་འཇིག་རྟེན་ཕྱི་མ་ལ་དགོངས་ནས་ཕུལ་བའི་བམ་དེ་ལ་བཀྲོ་ལུགས་རྣམ་པ་བཞི་སྟེ། སྨན་དུ་བྱས་ཏེ་བཀྲོ་བ་དང། ཡང་དག་མེ་འབར་དགུ་པའི་དཀྱིལ་འཁོར་གྱིས་རྫས་སུ་བྱས་ཏེ་བཀྲོ་བ་དང། མ་མོའི་རྣམས་ཀྱི་རྫས་སུ་བྱས་ཏེ་སྤྲོ་བ་དང། རོ་བསྲེགས་སྟོང་པ་ཐལ་བར་བཀྲོ་བའོ།། དེ་ལ་ཡང་བདུད་རྩི་སྨན་རྫས་སུ་བཀྲོ་བ་ཡང། ནང་གི་སྦས་པ་བཞི་དང། ཕྱིའི་མངོན་པ་བཞི་དང། ཉ་བཞི་དང། རྩི་བཞི་དང། རྩ་བ་བརྒྱད་ལ་སོགས་པ་བམ་པོ་བརྒྱད་པའི་གཞུང་བཞིན་དུ་བྱའོ།། དེ་ལ་ཡང་དག་མེ་འབར་དགུ་པའི་རྫས་སུ་བཀྲོ་བ་ནི། ཐོད་པ་བྷན་དྷ་ཀ་པཱ་ལར་བྱས་ཏེ། དཔལ་ཆེན་པོའི་རྗེས་སུ་དགོད་པ་ལ་སོགས་པ་ཤ་ཆེན་བཞི་དང། ཞིང་ལྤགས་ཙིཏྟ་དང། རྒྱུ་ཞགས་དང། རྐང་ལག་མཆོག་ཕུར་བྱ་བ་དང། ཡན་ལག་བཞི་ལ་བསྒོ་བ་བཞིའི་རྫས་དང། བྷན་དྷ་དཔལ་ཐར་ཆེན་པོ་བཞི་ལ་སོགས་པ་དཀྱིལ་འཁོར་གྱི་རྫས་སུ་བཀོད་པའོ།། དེ་ནས་མ་མོ་རྣམས་ཀྱི་དམ་རྫས་སུ་བཀྲོ་བ་ནི། ཕུང་པོ་རིལ་གྱིས་ཡུམ་ཆེན་མོའི་དམ་རྫས་སུ་བསྔོ་བ་དང། འབྱུང་བ་ཆེན་པོ་ལྔ། ཁ་བཞི། དབྱིངས་ལྔའི་དམ་རྫས་སུ་བསྔོ་བ་དང། རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་པ་རང་བཞིན་གྱི་རྣལ་འབྱོར་མ་བཅུ་བཞིའི་རྫས་སུ་བསྔོ་བ་དང། རྒྱུངས་བ་དང་སྲོག་བ་རྩ་ལ་སོགས་ཏེ། རྐང་ལག་བཞི་ནི་གྲུབ་པའི་རྣལ་འབྱོར་མ་ཨ་ཕྱི་ཆེན་པོས་ཤན་མེ་ལས་ཀྱི་སྲིང་ཡན་ཆད་ཀྱི་རྫས་སུ་བཀྲོ་བ་དང། དེ་ལྟར་མ་མོ་རྣམས་ཀྱི་རྫས་སུ་བཀྲོ་བ་བསྟན་པའོ།། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་བ་ལྷ་མོ་བམ་རིལ་གྱི་རྒྱུད་ལས། བམ་བཀྲོ་བ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ལྷ་མོ་དགེ་སྡེ་མས་ཞུས་པ། རོ་བསྲེགས་ཐལ་བར་བཀྲོ་བ་བསྟན་དུ་གསོལ།། ཞེས་ཞུས་པས། དཔལ་ཧེ་རུ་ཀས་རོལ་བསྲེག་པ་ཐལ་བར་བཀྲོ་བ་འདི་གསུངས་སོ། ། རོ་སྲེགས་ཐལ་བར་བཀྲོ་བ་ནི།། གསང་བ་ནང་བསྲེགས་ཆེན་པོ་ཡིས།། གཞུང་བཞིན་རྒྱས་པར་བྱས་པ་ལ།། ཚ་ཚ་གདབ་པ་ལ་སོགས་པ།། དགེ་བའི་རྩ་བ་རྒྱ་ཆེར་བྱ། ། ཞེས་གསུངས་སོ།། རྡོ་རྗེ་ཀ་པཱ་ལ་གསང་བའི་རྒྱུད་ལས། རོ་བསྲེགས་ཚ་ཚ་གདབ་པ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ལྷ་མོ་དགྱེས་སྡེ་མོས། བམ་བཀྲོ་བཤའ་བའི་སྤྱོད་པ་ཇི་ལྟར་བགྱི། ། ཞེས་ཞུས་པས། དེ་ནས་ཡང་བཀའ་སྩལ་པ། བམ་ཆེན་བཤའ་བ་འདི་ལྟར་བཤའ།། བམ་བཀྲོ་བ་ཡང་ཤ་དད་པགས་པ་ལ་སོགས་ཀྱི་ཆོད་མི་བྱའོ།། གཅན་གཟན་གྱིས་ཟོས་པའི་འཕྲོ་ལྟར་མི་བྱའོ།། སྤྱོད་ལམ་དང་གཙང་སྤྲ་ཆེ་བས་གཟབས་ལས་བྱའོ། ། མི་གཞན་ལ་གནོད་པས་གསང་བ་ཐུབ་པར་བྱའོ། ཁྱི་ཟས་སུ་མི་བཏང་ངོ།། བན་དྷེ་རང་ཡང་གནས་སུ་བག་ཕེབས་པར་བྱས་ལ། མིས་མ་ཚོར་བར་བྱའོ།། ཞེས་གསུངས་སོ། ། རྡོ་རྗེ་ཀ་པཱ་ལ་བྷན་དྷ་གསང་བའི་རྒྱུད་ལས། བམ་བཀྲོ་བཤའ་བའི་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ལྷ་མོ་དགྱེས་སྡེ་མོས་ཤི་འཕྲོ་ཕུར་ཁ་བཟློག་པའི་བམ་བཀྲོ་ཐབས་བསྟན་པར་ཞུས་པས། དཔལ་ཆེན་པོས་བཀའ་སྩལ་པ། མིའི་འཆི་འཕྲོ་ཆོད་པ་དང། བན་དྷེ་རང་གི་ཕུར་ཁ་བཟློག་པའི་བམ་གྱི་བཀྲོ་ཐབས་བསྟན་པ་ནི། མ་མོ་རྫས་སུ་བཀྲོ་བའི་ལུགས་སུ་བགྱིའོ།། དེའི་ཆོ་ག་ནི་བསྐང་གསོ་རྒྱས་པར་བྱ་བ་གལ་ཆེའོ། ། དེ་ལྟར་བྱ་བ་དག་པར་ཟིན་པ་ནི། དེ་བས་ཀྱང་ཐོད་པ་བརྟག་པ་གལ་ཆེ། འཇིག་རྟེན་ཕྱི་མ་དགོངས་ཏེ། འབྲས་བུ་མཐོ་རིས་སུ་སྐྱེ་བའམ། ངན་སོང་སུ་སྐྱེ་བ་བརྟག་པ་དང། དེའང་སྤྱི་བོའི་རི་མོ་ཐམས་ཅད་སྤྱི་བོའི་གཙུག་ཏུ་ཟངས་སོང་སྟེ། དེའང་རྣམ་འཐེན་གྱི་རྩ་སྒྲིལ་མའི་ནང་དུ་མདན་པ་གཡས་གཡོན་གྱི་རྩེ་མོ་གསང་བར་ཆུད་པ། རི་མོ་དེ་ལ་རྫས་སམ་གང་ཡང་རུང་བ་གསལ་བར་ཡོད་པ། རྩ་དང། རྩག་རོ་དང། སྲིན་ཁུང་གི་རྫས་རྣམས་ཉུང་བ་དང་མེད་པ་ནི། གསོན་པོ་རྣམས་འགབ་འཕེལ་བ་འམ་བཟང་བ་སྟེ། དེ་ཡང་འབྲས་བུ་མཐོ་རིས་སུ་སྐྱེ་བར་བཀའ་སྩལ་ཏོ།། བརྟགས་ཏེ་རི་མོ་ཐམས་ཅད་ཟབ་ལ་འཛེངས་བ། རི་མོ་ཐམས་ཅད་འཕྲེད་ལ་ཉལ་བ་འདྲ་བ། རི་མོ་ཐམས་ཅད་ད་རེས་ཡར་ལ་སོང། ད་རེས་མར་ལ་སོང་ཞིང། དེ་ནས་འཐུར་ལ་འབྲུག་པའམ། རྫས་སམ། ཡིད་འབྲུ་གང་ཡང་མི་གསལ་བ། རྩ་དང། རྩག་རོ་དང། སྲིན་ཁུང་རྣམས་མང་བ། ཐོད་པ་དུམ་བུའི་གྲངས་མང་བ། དེ་ནི་གསོན་པོ་རྣམས་ལ་འགབ་ངན་པ་དང། འབྲས་བུ་ངན་སོང་དུ་སྐྱེས་བས་ན། དགེ་བའི་རྩ་བ་རྒྱ་ཆེར་བསྔོ་བའོ། ། ཞེས་ཧེ་རུ་ཀས་བཀའ་སྩལ་ཏོ། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་བ་གསང་བའི་རྒྱུད་ལས། ཕུར་ཁ་བཟློག་པ་དང། བམ་བཀྲོ་ཐབས་དང། ཤི་འཕྲོ་གཅད་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་ཡང་ཞུས་པ། ཤི་འཕྲོ་ཆོད་དམ་མ་ཆོད་དང།། ཕུར་ཁ་བཟློག་དང་མི་ལྡོག་ཀྱང།། ཐོད་པའི་བྲ་ནི་བརྟག་པ་སྟེ།། དེ་ཡི་བྲ་རྣམས་བསྟན་དུ་གསོལ།། ཞེས་ཞུས་པས། ཡང་བཀའ་སྩལ་པ། ཐོད་པ་ཕྱི་དང་ནང་གི་བྲ། ། ལེགས་པར་བརྟགས་པར་ཤེས་ནས་ནི།། སྔ་མ་ཇི་ལྟར་བྱུང་བ་དང།། ཕྱི་མ་ཇི་ལྟར་འོང་བ་ནི།། སྐྱོན་ཡོན་རྟགས་ཏེ་འོང་བས་ན།། ཤེས་རབ་རྣོ་བས་ཞིབ་པར་བརྟག་པ་གལ་ཆེའོ།། དེ་ལ་ཐོད་པའི་བྲ་ནི་བཟང་ངན་ཡོ་ག་གོང་དུ་བསྟན་ཏེ། ། འདིར་ཡང་ཤི་འཕྲོ་ཆོད་མི་ཆོད། ཕུར་ཁ་ལྷོག་དང་མི་ལྷོགས་ཀྱི།། ཐོད་པའི་པྲ་བཟང་བཅུ་གཅིག་གིས་བསྟན་ཏེ། དཔྲལ་བའི་ནང་ནས་ལྟག་པའི་བདུད་སྒོ་རུ། རུས་པའི་མོ་ཁབ་ཙམ་ཅིག་ཟམ་མ་ཆད་པར་བྱུང་ན་བཟང་དཔྲལ་བའི་ནང་དུ་རུས་པ་ལ་སོགས་པ་དང་འདྲ་བ་མཐོ་ན་བཟང་ངོ། ། ཐོད་པ་དབྱིབས་ལེགས་ན་བཟང། དུམ་བུ་ཉུང་ན་བཟང།། མདོག་ལེགས་ན་བཟང། རི་མོ་འཇམ་ལ་རིང་བ་མང་ན་བཟང། རི་མོ་ཐམས་ཅད་གྱེན་ལ་དྲང་ན་བཟང། རྫས་དང་ཡིག་འབྲུ་གང་ཡང་རུང་བ་གསལ་བ་བྱུང་ན་བཟང། གདོང་གཅིག་གི་རྩ་དང། རྩག་རོ་དང། སྲིན་ཁུང་མེད་ན་བཟང། ཐོད་པ་ཀ་པཱ་ལ་དེ་ལྕི་ན་བཟང་ངོ། ། འཐུག་ན་བཟང་ངོ།། དེ་ལྟར་བཟང་རྟགས་བྱུང་ན་འཆི་འཕྲོ་ཡང་འཆད་དོ།། ཕུར་ཁ་ཡང་བཟློག་གོ། བཟློག་པ་དྲག་པོ་ཡང་བྱ་མི་དགོས་སོ།། ཆོས་སྤྱོད་དགེ་བ་ནར་མར་བྱས་པས་ཆོག་སྟེ། བཟང་བར་བཤད་དེ་བཀའ་སྩལ་པའོ། ། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་བ་གསང་བའི་རྒྱུད་ལས། ཤི་ཁ་ཆོད་པ་དང། ཕུར་ཁ་བཟློག་པ་དང། བྷན་དྷའི་བྲ་བཟང་བའི་ལེའུ་སྟེ་ཉེར་གཉིས་པའོ།།།། དེ་ནས་དགྱེས་སྡེ་མོ་བཞིས་ཞུས་པ། བྷན་དྷ་ངན་པའི་རྟགས་ཇི་ལྟར་ལགས། ངན་པ་བཟློག་པ་གང་གིས་བཟློག། དེའི་དོན་གསུང་དུ་གསལ། ཞེས་ཞུས་པས། ཧེ་རུ་ཀས་བཀའ་སྩལ་པ། ཐོད་པ་ངན་པའི་དོན་དེ་ལས་བཟློག་པ་དེ། དཔྲལ་བའི་ནང་ནས་ལྟག་པའི་བདུད་སྒོ་རུ་རུས་པ་མོ་ཁབ་ཙམ་མེད་ན་ངན། རི་མོ་ཟབ་ལ་འཐུར་ལ་ཟུག་ན་ངན། རྫས་སམ་ཡིག་འབྲུ་གསལ་བ་མེད་ན་ངན། གདོང་གཅིག་གི་རྩ་དང། རྩག་རོ་དང། སྲིན་ཁུང་མད་ན་ངན། ཐོད་པ་དེ་ཡང་ན་ངན། སྲབ་ན་ངན། འཆི་འཕྲོ་མི་ཆོད། ཕུར་ཁ་ཡང་མི་ལྡོག། བཟློག་པ་ཡང་དྲག་པོ་བགྱི་འཚལ། གོང་དུ་ཇི་ལྟར་བྱས་པ་བཞིན་བསྐང་ངོ།། དེ་རྣམས་ཀྱིས་མ་བཟློག་ན། གཞན་མས་མི་བཟློག་པས། བསྐང་གསོ་ཁོ་ན་གལ་ཆེའོ།། བསྐང་གསོ་ཡས་ཐགས་དང། སྐང་གསོ་བསྒོམ་པ་དང། བསྐང་གསོ་ལྷ་འདྲེ་ཕོ་རིགས་དང། ལྷ་འདྲེ་མོ་རིགས་ཐམས་ཅད་དབང་ཆེ་བ་གང་ཡིན་པ་དང། ཡས་མར་བསྐང་བ་དང། མས་ཡར་བསྐང་བ་ནི་དོན་ཇི་ལྟར་ཡིན་པ་དང། བསྐང་བས་སྐོང་བ་གང་ཡིན་པ་དང། བསྐང་གསོའི་དོན་དེ་ལྟར་ཤེས་ནས། མི་རྟོགས་པ་མེད་པར་བསྐང་གསོ་བྱའོ།། རྡོ་རྗེ་ཀ་པཱ་ལ་བྷན་དྷ་གསང་བའི་རྒྱུད་ལས། ཐོད་པའི་བྲང་ངན་པར་བསྐང་གསོས་བཟློག་པར་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།།།། ཡང་ཞུས་པ།། རྡོ་རྗེ་ཀ་པཱ་ལ་བན་དྷ་འབར་བ་གསང་བའི་རྒྱུད་ལས། དབྱིབས་དང་ཁ་དོག་བརྟག་པ་བསྟན་དུ་གསོལ། ། དེ་ནས་ཧེ་རུ་ཀས་བཀའ་སྩལ་པ། ཀ་པཱ་ལའི་མདོག་དབྱིབས་ངས་བཤད་ཀྱིས། ཞལ་བུའི་དབྱིབས་མདོག་བརྟག་པ་བསྟན་དུ་གསོལ།། བཤད་ཟིན་ཏོ།། དེའི་མ་ལེགས་པ་ནི་ཡོན་པོར་འདུག་པ། ཞོམ་པ། ཕྱི་རོལ་ན་འབར་འབུར་མང་བ། ནང་ན་ཐག་ཐུག་མང་བ། ཁྱོར་འདྲ་བ། བྲམ་ཟེའི་རིགས་ལ་སོགས་ཏེ། མིའི་རིགས་བཅུ་པོ་ཡིན་ཡང། མི་བཅད་མྱུར་དུ་སྤངས་བར་བྱའོ།། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་བའི་རྒྱུད་ལས། མ་ལེགས་པ་རྣམས་སྤང་བར་བྱ་བའི་ལེའུ་སྟེ་ཉེར་བཞིའོ།།།། དེ་ནས་དགྱེས་སྡེ་ལེགས་མས་ཞུས་པ། ཀ་པཱ་ལ་བྷན་དྷ་གསང་བའི་ལེགས་པའི་དབྱིབས་དང་ཁ་དོག་བཤད་དུ་གསོལ།། ཞེས་ཞུས་པས། བཀའ་སྩལ་པ། དབྱིབས་ལེགས་པ་ནི། དཔེར་ན་སྒོ་ང་ཕྱེད་ལ་གཤགས་པ་འདྲ་བ། ཕྱི་ནས་བལྟས་ཀྱང་འབར་འབུར་མེད་པ། ནར་ནས་བལྟས་ན་ཐག་ཐུག་མེད། འཇམ་ལ་མཚན་དང་ལྡན་པ། མར་དཀར་ལ་མཐེ་བོ་བརྫིས་པ་ལྟ་བུ་འདྲ་བ་བྱས་པ་ནི། ཡིད་བཞིན་གྱི་ནོར་བུ་དངོས་དང་འདྲ་བའོ།། རིགས་བཙུན་པ་དང་ཨ་ཅང་ཆེས་ཏེ། བུད་མེད་གདོལ་བ་ཡིན་ཡང་མི་སྤང་བཅང་བར་བྱའོ།། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་བ་གསང་བའི་རྒྱུད་ལས། དབྱིབས་དང་ཁ་དོག་ལེགས་པར་བརྟགས་ཏེ་མི་སྤང་བར་ལེགས་པར་བརྟགས་ཏེ་བཅང་བར་བྱ་བའི་ལེའུ་སྟེ་ཉེར་ལྔ་པའོ།།།། དེ་ནས་དགྱེས་སྡེ་མོས་ཞུས་པ། བྷན་དྷ་ཀ་པཱ་ལ་འབར་བའི་རྒྱུད་ལས་མདོག་དང་དུམ་བུའི་རྣམ་གྲངས་ཡོན་ཏན་བསྟན་དུ་གསོལ། ། དེ་ནས་ལྕང་ལོའི་མགོ་བོ་ཡི་མདོག་བསྟན་པ་ནི། དུམ་བུ་གཅིག་པ་དུང་གི་མདོག་ཏུ་བཞེད། དུམ་བུ་གཉིས་པ་གསེར་གྱི་མདོག་ཏུ་བཞེད། དུམ་བུ་གསུམ་པ་དམར་ལ་གདང་བར་བཞེད།། དུམ་བུ་བཞི་པ་བྱེའུ་ལྕོག་དང་བྱ་གོ་བོའི་སྒོ་ང་ལྟ་བུ། དུམ་བུ་ལྔ་པ་སྨུག་པར་བཞེད། སྤྱིར་ན་རྣམ་པ་རེ་རེ་ལའང། མདོག་ནི་རྣམ་པ་རེ་རེའང་ཡོད། དུམ་བུ་ལྔ་པ་ལ་མདོག་ལྔ་ཡོད་པས། དུམ་བུ་ལྔ་པ་དེ་བཟང་ངོ་བཅང་ངོ།། དེ་ནི་དུམ་བུའི་གྲངས་དང་རུས་མདོག་སྦྱར་བ་ཡིན་ཏེ། མདོག་ནི་དཀར་བ་དང། དམར་ལ་འཚོར་བ་དང། དམར་ལ་གདང་བ་དང། སྨུག་ལ་འཚེར་བ་དང། སྨུག་ལ་གྲོ་བ་རྣམས་ན་མདོག་ལེགས་པ་ཡིན་ཏེ། མི་སྤོངས་ཏེ་བཅང་བར་བྱའོ།། ཞེས་བཀའ་སྩལ་ཏོ།། བྷན་དྷ་ཀ་པཱ་ལ་འབར་བ་གསང་བའི་རྒྱུད་ལས། དུམ་བུའི་གྲངས་དང་མདོག་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ། །།། དེ་ནས་ཡང་ལྷ་མོ་དགྱེས་སྡེ་མོས། ཧེ་རུ་ཀ་ལ་གསོལ་བ། རྡོ་རྗེ་ཀ་པཱ་ལ་མདོག་ལྷག་པར་བརྟགས་པའི་སྐྱོན་ཡོན་གསུང་དུ་གསོལ། ཞེས་ཞུས་པས། ཧེ་རུ་ཀས་བཀའ་སྩལ་པ། མདོག་ནི་ལྷག་པར་དཀར་བའང་སྐྱོན་ཡིན་ནོ།། དེ་བས་ལྷག་པར་སེར་བ་དང། ལྷག་པར་དམར་བ་དང། ལྷག་པར་སྨུག་པ་དང། ལྷག་པར་གྲོ་བ་དང། ཁོག་བོར་འདུག་པ་དང། གནག་པ་དང། སྐྱ་བོར་འདུག་པ་དང། འདི་རྣམས་ནི་མི་བཅང་སྟེ་སྤང་བར་བྱའོ།། ཞེས་བཀའ་སྩལ་ཏོ།། བཛྲ་ཀ་པཱ་ལ་ཛྭ་ལ་གུ་ཧྱ་ཏན་ཏྲ་ལས། མི་བཅང་སྟེ་སྤང་བར་བྱ་བའི་ལེའུ་སྟེ་ཉེར་བདུན་པའོ།།།། དེ་ནས་ཡང་ལྷ་མོ་དགྱེས་སྡེ་མོ་བཞིས། དཔལ་ཧེ་རུ་ཀ་ལ་གསོལ་པ། བྷན་དྷ་འབར་བ་གསང་བའི་རྒྱུད་ལས་དུམ་བུ་དང་རྣམ་གྲངས་ཀྱི་དོན་སྟོན་པར་ཞུས་པས། ཧེ་རུ་ཀས་བཀའ་སྩལ་པ། དུམ་བུ་གྲངས་ཀྱི་དོན་རྣམས་བསྟན་པ་ནི། དེ་ནས་གང་ཟག་བསྒྲུབ་པ་པོས། དུམ་བུ་གཅིག་པ་བཅངས་པ་ན། ཡོན་ཏན་སྲིད་གསུམ་མཐོང་བྱེད་དོ།། དེ་ཅིས་ཏེ་བྱས་པས། མི་གཅིག་གིས་དོན་གཉེར་དུ་ཕྱིན་པ་ལས་ངལ་ཆད་ནས། ལམ་ཀར་སྒོང་པ་གཅིག་ལ་གཉེས་ནས་བསྡམས་པ་ལས། སྲིད་པ་གསུམ་པོ་སལ་གྱིས་མཐོང་བར་གྱུར་པ་དང། དེ་ནས་ལངས་ཏེ་ཕྱིན་པས་སྲིད་གསུམ་མི་གསལ་བར་གྱུར་ནས། སླར་ལོག་ནས་སྒོང་པ་དེ་གཉེས་པས། ཡང་གསལ་བར་གྱུར་ནས། དེ་ནས་སྒོང་པ་དེ་སློག་པ་དང། མི་དེས་ཐོད་པ་དུམ་བུ་གཅིག་པ་གཅིག་རྙེད་ནས། དེ་ཁྱེར་ནས་ཕྱིན་པ་དང། སྲིད་གསུམ་ཨ་ཅང་ཆེ་སྟེ། ཆོས་ཐམས་ཅད་བཀྲ་གསལ་དུ་གྱུར་ནས། རང་ལ་དངོས་གྲུབ་འབྱུང་བའི་ལོ་རྒྱུས་སོ། ། ཡང་བྷན་དྷ་ཀ་པཱ་ལ་གསང་བའི་རྒྱུད་ལས་འདི་སྐད་འབྱུང་སྟེ། དུམ་བུ་གཅིག་པས་དཔལ་ཆེན་ཉིད་ཀྱང་འགྲུབ།། དུམ་བུ་གཉིས་པས་ཡབ་ཡུམ་གཉིས་ཀྱང་འགྲུབ། དུམ་བུ་གསུམ་པས་སྐུ་གསུང་ཐུགས་ཀྱང་འགྲུབ། ། དུམ་བུ་བཞི་པས་ཡེ་ཤེས་བཞི་དང་ལྡན།། དུམ་བུ་ལྔ་པས་བསམ་པ་ཐམས་ཅད་འགྲུབ།། བྷན་དྷ་དཔལ་དང་ལྡན་པ་ནི།། མ་ཆག་མ་གས་ཁྱད་པར་ཅན།། རྣམ་དག་ཆོས་ཀྱི་དབྱིངས་ཀྱང་ཡིན།། མཁྱེན་རབ་ཡེ་ཤེས་དབྱིངས་ཀྱང་ཡིན། ། ཐོད་པ་དུམ་བུ་གཅིག་པ་ནི།། སྐུ་ཡི་རྒྱན་ཚོགས་བྷན་དྷ་ཡིན།། ཐོད་པ་དུམ་བུ་གཉིས་པ་ནི།། ཆེ་བའི་ཡོན་ཏན་བྷན་དྷ་ཡིན།། ཐོད་པ་དུམ་བུ་གསུམ་པ་ནི།། མཚན་མ་རྟགས་ཀྱི་བྷན་དྷ་ཡིན། བྷན་དྷ་དུམ་བུ་བཞི་པ་ནི།། འབྲས་བུ་མེ་ཏོག་བྷན་དྷ་ཡིན།། བྷན་དྷ་དུམ་བུ་ལྔ་པ་ནི།། བདེ་གཤེགས་དུང་ཆེན་བྷན་དྷ་ཡིན། ཅེས་བྷན་དྷ་གསང་བའི་རྒྱུད་ལས་འབྱུང་སྟེ།། དུམ་བུ་ལྔ་ཚུན་ཆད་ནི་བཅང་བར་བྱ་བའི་མཆོག་ཡིན་ཏེ། ། རང་གིས་དང་དུ་བླངས་ལ་མི་སྤང་བར་བཅང་བར་བྱའོ།། དེ་ནས་རྩག་རོའི་དོན་གོང་དུ་བཤད་པ་ལས་འདིར་མ་བསྟན་ཏོ།། དེ་ཡང་རྩ་དང་རི་མོའི་དོན་བསྟན་པ་ནི། ཞལ་བུ་བྲེགས་པའི་ས་ནས་རྩ་དུ་ཡོད་པའི་རྩམ་སྤུན་གྲངས་བརྩིའོ། ། སྤྱིར་རྩ་འཕན་ན་མི་འཕན་ནོ།། རྩའི་དཀྱིལ་ཡན་ཆད་དུ་ཡལ་ག་དུ་གསལ་བ་བུ་ཚའི་གྲངས་སུ་རྩི། རྩའི་ཡལ་ག་གུར་གུར་པོར་སོང་ན་བུ་ཚ་སྐྱེས་ནས་འཆི་བ་ཡིན་ནོ། ། རྩའི་ཡལ་ག་ཆུ་ལ་ཟངས་སོ།། ན་བུ་ཚ་སོགས་ཏེ་འོང་བ་ཡིན་ནོ།། གདོང་གཅིག་རྩ་ཞེས་བྱ་བའི་ནི་ཟབ་ལ་ཐུང་བ་ཡིན།། རིང་ཡང་སོར་གཉིས་མན་ཆད། སོར་གཅིག་ཙམ་ཟབ་ལ་ཐག་ཐུག་ཆེ་བ་སྟེ་གདོང་གཅིག་ཡིན་ནོ། ། དེ་ཡང་མང་པོ་ཙམ་མི་ཡོང་སྟེ།། བྱུང་ན་གང་བྱུང་མི་རུང་ངོ།། རྩ་གྲངས་དང་མི་གྲངས་སུ་སྦྱར་རོ།། ཐོད་པའི་དབྱིབས་དང་མིའི་བྱད་དུ་སྦྱར་རོ།། རིག་པ་ཅན་གྱིས་ཤེས་པར་བྱ། ། སྲིན་རྗེས་བྱ་བ་ནི། རི་མོ་ཐུང་བ་དང་རིང་ན་སོར་གཅིག་ཙམ། སོར་ཕྱེད་ཙམ། ཟབ་ལ་ཐུག་ཐུག་ཆེ་བ་སྟེ་གདོང་ཅིག་མ་ཡིན་སྟེ། རི་མོ་ཟངས་ལ་ཀྱག་ཀྱོག་ཏུ་འདུག་པ་དེ་ནི་སྲིན་རྗེས་བྱ་བ་ཡིན་ནོ།། སྲིན་ཁུང་དང་རྩག་རོ་བག་ཙམ་འདྲ། རི་མོའི་འདོན་ནི་མ་ལེགས་པས། རི་མོ་སྤུས་བྲིས་པ་འདྲ་བ་བསམ་གྱིས་མི་ཁྱབ་པ་ཡོད་དེ། ཤེས་པ་ཞིབ་མོས་བརྟགས་ན། རུང་མི་རུང་མཐར་ཕྱིན་ཏེ་འོང། བསམ་གྱིས་མི་ཁྱབ་པས་གཟུང་གྱིས་མིང་ལང་ངོ། ། རི་མོའི་དོན་གོང་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ།། དེ་ལ་བཀྲ་ཤིས་ཀྱི་རྫས་བརྒྱད་དང་མཆོད་པ་རྣམས་བཟུང་ངོ།། ཡི་གེའི་འབྲུ་རྣམས་ནི་ཀ་ཁ་སུམ་ཅུ་ལས་བཟུང་ངོ།། རྩ་དང་རི་མོས་གང་ལྟར་ཞིབ་མོས་བརྟགས་ན། རུང་མི་རུང་མཐར་ཕྱིན་ཏེ་འོང་ངོ།། ཞེས་བཀའ་སྩལ་ཏོ།། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་བ་གསང་བའི་རྒྱུད་ལས། སྲིན་རྗེས་སྲིན་ཁུང་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ། །།། དེ་ནས་དགྱེས་སྡེ་མོས་ཞུས་པ། དུམ་བུ་གཅིག་པའི་དོན་ཇི་ལྟར་ལགས། ཞེས་ཞུས་པས། ཧེ་རུ་ཀས་བཀའ་སྩལ་པ། དུམ་བུ་གཅིག་པ་འདི་བྲམ་ཟེའི་རིགས་ཡིན་ཏེ། བྲམ་ཟེ་རྟོག་པ་ཅན་ཡིན་པས། བན་དྷ་དེ་བཅངས་ན་སེམས་ཀྱི་རྟོག་པ་དང་བྲལ་ནས། རྟོག་པ་ལ་ཁུ་འཕྲིག་མེད་པར་འགྱུར། རང་ཉིད་དད་པ་ཆེ་བར་འགྱུར། བྲམ་ཟེས་ནི་ཆོས་སྤྱོད་པའི་སྐལ་པ་དང་ལྡན་པར་འགྱུར། དུམ་བུ་གཅིག་པ་དེ་བཅངས་ན། ཇི་ལྟར་བྱས་ཀྱང་ཆོས་སྤྱོད་པར་འགྱུར་རོ།། རང་ཉིད་དད་པ་ཆེ་བར་འགྱུར་ཏེ། ཚེ་འདི་ལ་ཨ་ཅང་ཡང་ཆེས་ཏེ། ཕྱི་མ་ལ་ཡང་ཆོས་མཁས་པར་འགྱུར་རོ།། ཡང་ན་ཚེ་སྔ་མ་ལ་ཆོས་མཁས་པ་ལྟ་བུ་ཡིན་ནོ། ། བྷན་དྷ་དུམ་བུ་གཉིས་པ་ནི་རྒྱལ་པོའི་རིགས་ཡིན་ཏེ། དེ་བཅང་ནས་བདག་གི་རྒྱལ་པོ་གཅིག་བྱས་པ་ཡིན། ཚེ་འདི་ལ་ཡང་ཆོས་མཁས་ཏེ། རྡོ་རྗེ་ང་རྒྱལ་ཆེན་པོ་དང་མི་ལྡན་པར་འགྱུར། ཆོས་མཁས་པར་འགྱུར་རོ། ། ཡང་ན་ཚེ་ཕྱི་མ་ལ་ཡང་ཆོས་མཁས་པར་འགྱུར་རོ།། དུམ་བུ་གསུམ་པ་རྗེ་རིགས་བྱས་ཏེ། ཞལ་ལྕེ་དང་ཡིག་རྩིས་རིགས་ལ་མཁས་པ་ཡིན་ཏེ། ཆོས་མཁས་པར་ཡང་འགྱུར་རོ།། ཡང་ན་ཚེ་སྔ་མ་ལ་རྗེ་རིགས་བྱས་ཏེ། ཞལ་བུ་དེ་བཅངས་ནས་སྤྱད་ན། ཕྱི་མ་ལ་ཡང་རྗེ་རིགས་སམ་བཙུན་པར་སྐྱེའོ།། དེ་མིན་ཚེ་སྔ་མ་ལ་ལྷའི་བུ་གཅིག་ཡིན་ནོ།། ཞལ་བུ་དེ་ལྟ་བུ་བཅངས་ན། ཚེ་ཕྱི་མ་ལ་ལས་སྤྱོད་ལ་མཁས་པར་འགྱུར་རོ། ། དུམ་བུ་བཞི་བ་དེ་དམངས་རིགས་ཡིན་ཏེ། དེ་བཅངས་ན་འཕྲིན་ལས་བཞི་ལ་སོགས་པ་སྟེ། ཆོ་ག་ལ་མཁས་པར་འགྱུར་རོ།། དུམ་བུ་ལྔ་པ་ནི་མི་རིགས་མ་ངེས་ཏེ། རྒྱལ་བ་རིགས་ལྔའི་དོན་ཚང་བས་ན། དེ་བཅངས་ན་ཚེ་འདི་ཉིད་ལ་བསམ་པ་འགྲུབ་བོ། ། ཕྱི་མ་ལ་རིགས་འཛིན་གྱི་ས་ཐོབ་པས་ཅི་སྟེ་བཅང་བར་བྱའོ། བྷན་དྷ་ཀ་པཱ་ལ་གསང་བའི་རྒྱུད་ལས། དུམ་བུའི་ཡོན་ཏན་བཀའ་སྩལ་པའི་ལེའུ་སྟེ་ཉེར་དགུ་པའོ། །།། དེ་ནས་ཡང་ཐུགས་ཀྱི་དགྱེས་སྡེ་བཞིས་ཞུས་པ། དེ་ལྟར་བསྟན་པའི་དོན་འདི་ལ། ཐ་མར་མི་བཅང་སྤང་བ་ལ་གནག་པ། རུས་པའི་ལྷག་མ་མཐོ་མོང་ཙམ་ཡོད་པ། སྲུབས་པར་སོ་གཙིགས་པ་འདྲ་བ་ཡོད་པ། ཡང་སྟེ་བྱ་སྒྲོ་འདྲ་བ། སྙི་སྟེ་ཤ་མོ་འདྲ་བ། སྲབ་འཐུག་མ་སྙོམས་པ། དཀྱིལ་འཐུགས་ལ་མཐའ་སྲབ་པ། ཡང་ཡོན་བདག་གི་ས་དང། ཡོན་གནས་ཀྱི་ས་དང། ནོར་ས་གསུམ་དུ་ཤུག་རྡོལ་བྱུང་བ་དང། སྲབ་པ་དང། སྲིན་སོང་བའི་རྗེས་འདྲ་བ་དང། རི་མོ་ཐུང་ལ་ཟབ་པ་དང། ཁ་བྲག་གསུམ་དུ་འདུག་པ་ནི།། བྱ་རོག་རྗེས་ཞེས་བྱ་སྟེ། གཉིས་པ་ཁ་བྲག་ཏུ་བྱུང་ཡང་བྱ་རོག་རྗེས་ཞེས་བྱའོ།། གཅིག་བྱུང་ན་གདོང་གཅིག་གི་རྩ་ཡིན་ཏེ། མཐར་རབ་འཆད་པས་སྤང་བར་ཤེས་པར་བྱའོ།། རྩག་རོ་བདུན་སྤྲེལ་ཚུན་ཆོད་ནས་གཅིག་ཕན་ཆད། ཆེ་བ་ནི་སྲིན་མ་ཤོང་བ་ཙམ། ཆུང་བ་ནི་ཉུངས་ཀར་ཤོང་བ་ཙམ། རྡོ་ལ་ཁད་པ། ཁབ་རྩེས་བཙགས་པ་འདྲ་བ། རྩ་རོའི་དབྱིབས་ནི་རི་བོང་རྫི་ཁུངས་འདྲ་བ་ཡོད་པ། བྱ་ཏི་ཏིའི་མཆུ་བརྒྱད་པ་འདྲ་བ། རྩ་རིས་ལེགས་པའམ། རྫས་སམ་ཡིག་འབྲུ་བཟང་བར་གསལ་བ་གང་ཡང་མེད་པ་རི་མོ་ཐམས་ཅད་འཛིངས་པ། འཕྲེད་ལ་ཉལ་བའི་རི་མོ་ཐམས་ཅད་འཐུར་ལ་བུབ་པ། ནང་ན་ཐག་ཐུག་མང་བ། དེ་ལྟ་བུ་དེ་ནི་བཅངས་སམ་སྲོལ་ན། འཇིག་རྟེན་འདིར་ཚེ་ཐུང། ནད་མང། རིགས་བརྒྱུད་མི་འཕེལ། ནོར་གོད་ཆེ་བ་སྟེ། མཐར་དབུལ་བོར་འགྱུར་རོ། ། མི་བཅང་བར་བྱའོ།། འཇིག་རྟེན་ཕྱི་མ་ལ་ཡང་དོན་མེད། ཧེ་རུ་ཀས་གསུངས་སོ།། མི་བཅང་བར་བྱ་བའི་ལེའུ་སྟེ་སུམ་ཅུ་པའོ།།།། དེ་ནས་ཡང་ཐུགས་ཀྱི་དགྱེས་སྡེ་མོ་བཞིས་ཞུས་པ། རྫས་ཀྱིས་བསྟན་པ་བསྲུང་བ་ཇི་ལྟར་ལགས། བཀའ་སྩལ་པ། ཡང་ན་དགྲ་བོ་དག་ལ་ངན་ཐབས་བྱེད་ན་ཡང་རུང་སྟེ། དུམ་བུ་དྲུག་པའི་ནང་དག་ཏུ། དགྲ་བོའི་མིང་རུས་ཚར་གསུམ་དང། ཉུངས་ཀར་དག་ལ་སྔགས་བཟླས་ཏེ། དགྲ་བོ་དེའི་ཞིང་དཀྱིལ་དུ་སྦས་ན། ཞིང་ལ་ལོ་ཐོག་མི་འབྱུང་སྟེ། ཇེ་ལྟོགས་ཇེ་ལྟོགས་ལ་འགྲོ་སྟེ། མཐར་སྤྲང་པོར་འགྱུར་རོ།། རྫས་ཀྱིས་བསྟན་པ་བསྲུང་བའི་ལེའུ་སྟེ་སོ་གཅིག་པའོ། །།། ཡང་གསོལ་བ། སངས་རྒྱས་ཀྱི་བསྟན་པའི་རིགས་གང་ཞིག་ལགས། དཔལ་ཆེན་པོས་བཀའ་སྩལ་པ། བུད་མེད་རིགས་ནི་སྨད་འཚོང་མ་གདོལ་བའི་དངོས་ལ་བྱ། གདོལ་བའི་རིགས་ནི། མོན་རྟ་གདོང་དང། གློ་བི་དང། གློ་ཁ་བཀྲའི་རིགས་ལ་སོགས་ཏེ། དེ་རྣམས་ལ་བྱའོ།། དེ་རྣམས་ཀྱི་ཐོད་པ་བཅངས་པའམ་བྲེགས་ན་ནི། བསམ་པ་ཐམས་ཅད་མི་འགྲུབ་སྟེ། མཐར་ཡང་བརླག་པར་འགྱུར་རོ།། ཕྱི་མ་ལ་དོན་མེད། བྷ་ག་ཝན་གྱིས་བཀའ་སྩལ་ཏོ།། བྷན་དྷ་ཀ་པཱ་ལ་འབར་བ་གསང་བའི་རྒྱུད་ལས། པྲ་བརྟག་པ་དང། རིགས་ལྔ་དང། རིགས་བཟང་པོ་བཅང་བ་བསྟེན་པ་དང། ངན་པ་རྣམས་སྤང་བར་བསྟན་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ། །།། དེ་ནས་ཐུགས་ཀྱི་དགྱེས་སྡེ་བཞིས་དྲིལ་ནས་འཁོར་དང་བཅས་པས། དཔལ་འཇིགས་བྱེད་ཧེ་རུ་ཀ་ལ་བསྐོར་བ་ལན་དུ་མར་བྱས་ཏེ། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་གསང་བའི་རྒྱུད་ལས། བདག་ཅག་གི་རིགས་གང་དང་གང་ཡིན་པ་དང། བཅངས་པ་དང་སྤང་བ་གང་ཡིན་པ་དང། སིདྡྷི་བླང་བ་དང། བར་ཆད་བཟློག་པ་དང། འཇིག་རྟེན་དུ་བཀྲ་ཤིས་པ་དང། དགྲ་བགེགས་སྒྲོལ་བ་ལ་སོགས་པ་རྣམས་བཀའ་སྩལ་པ་ངོ་མཚར་ཆེའོ། བདག་ཅག་རྣམས་ཀྱིས་ཀྱང་ཇི་ལྟར་གསུངས་པ་བཞིན་མི་བརྗེད་པར་ཡིད་ལ་བགྱིའོ།། དགེ་བས་བསོད་ནམས་ཚོགས་སུ་བསྔོ་བར་བགྱིའོ།། བཛྲ་ཀ་པཱ་ལ་བྷན་དྷ་ཛྭ་ལ་གུ་ཧྱ་ཏན་ཏྲ་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་སོ་གསུམ་པའོ།།།། རྡོ་རྗེ་ཀ་པཱ་ལ་བྷན་དྷ་འབར་བ་གསང་བའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ཡཀྵི་ཀཱ་ལི་ཧ་ཙ་ཏི་ཏན་ཏྲ། བོད་སྐད་དུ། གནོད་སྦྱིན་ནག་མོ་རེ་མ་ཏི་གཅེར་བུ་བོང་ཞོན་མ་རྩ་བའི་རྒྱུད། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་རིའི་རྩེ་མོ་ལྷ་དང། ལྷ་མ་ཡིན་གཉིས་གཡུལ་འགྱེད་པའི་གནས་ནས་འཁོར་ལྷ་དང། ལྷ་མ་ཡིན་དང། གནོད་སྦྱིན་དང། སྲིན་པོ་དང། སྣོད་བཅུད་ལ་དབང་བའི་མ་མོ་དྲུག་དང། ཡེ་ཤེས་ཀྱི་མ་མོ་དང། སྨན་མོའི་ཚོགས་དང། འདོད་པ་ཁམས་ཀྱི་མ་མོ་ཤ་ཁྲག་ལ་ལོངས་སྤྱོད་པ་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་དུས་ན་གནོད་སྦྱིན་མ་རུ་རྩེ་ཞེས་བྱ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱཱ+ཻ་བཅོམ་ལྡན་འདས། སྨན་མོའི་ཚོགས་སུ་གྱུར་པ་ཡི།། དབང་བྱེད་གནོད་སྦྱིན་རེ་མ་ཏི།། དང་པོ་རྩ་རྒྱུད་ཇི་ལྟ་བུ།། འཚལ་བའི་སྐལ་པ་གང་ལ་བགྱི།། མཛད་པའི་འཕྲིན་ལས་གང་དུ་བསྐོས། ། ཞེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས། གནོད་སྦྱིན་མ་རུ་རྩེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་གནོད་སྦྱིན་མ་རུ་རྩེ།། སྔོན་བྱུང་འདོད་ཁམས་འདི་ཉིད་ན།། ལྷ་ཡི་དབང་པོ་དེ་ཝ་དང།། ཨུ་མ་དེ་ཝ་གཉིས་བཤོས་ལས། ། བུ་ཚ་མིང་སྲིད་གཉིས་སྲིད་པས།། མིང་པོ་གཤིན་རྗེ་དམར་པོ་ཡིན།། སྲིན་མོ་དུང་སྐྱོང་མ་གཉིས་སྲིད།། རྣམ་པར་རྒྱལ་བའི་ཁང་བཟང་ན།། ལྷ་བྲན་མང་པོས་བསྐོར་ཏེ་གནས།། དེ་ནས་ལྷ་མོ་དུང་སྐྱོང་མས། ། ལང་ཀ་པུ་རངས་སྲིན་པོ་ཡི།། དྷ་ཤ་གྷི་བའི་བཙུན་མོ་བྱས།། སྲིན་པོའི་ཆུང་མ་བྱས་པ་ལ།། མས་སུ་གདུག་པའི་དམོད་མོ་སྨོས།། ལྷ་ཡི་ལོངས་སྤྱོད་བསམ་མི་ཁྱབ།། བར་ནས་སྲིན་གྱི་ཆུང་མར་སོང། ། ད་ཡང་སྲིན་དང་རྟ་འགྲོགས་ཤིང།། མི་ཤ་ཟ་ཞིང་མི་ཁྲག་འཐུང།། མི་ལྤགས་གྱོན་ཞིང་མི་མགོ་སྤྱོད།། གཅེར་བུར་བྱུང་ནས་བོང་བུ་ཞོན།། ལྷ་ཡི་ཁ་དོག་ཉམས་གྱུར་ལ།། སྲིན་གྱི་ཁ་དོག་ནག་ལ་འཇིགས། ། མི་སྡུག་བ་རུ་ཁྱོད་སོང་ཞིག། དེ་སྐད་དམོད་པ་བོར་ནས་སུ།། ལྷ་ཡི་ཁ་དོག་རབ་ཉམས་ཤིང།། མི་ཤ་ཟ་ཞིང་མི་ཁྲག་འཐུང།། མི་ལྤགས་གྱོན་ཞིང་མི་མགོ་སྤྱོད།། མི་སྡུག་པ་རུ་རབ་གྱུར་ཏེ།། བུ་ཡང་སྲིན་ཕྲུག་ལྔ་བརྒྱ་བྱུང། ། སེམས་ཅན་ཐམས་ཅད་སྲོག་གཅོད་ཅིང།། འཇིག་རྟེན་སརྦ་ཕུང་བར་བྱེད།། དེ་ལྟ་བུར་ནི་རབ་གྱུར་ནས།། སྲིན་ཡང་ཤི་སྟེ་རལ་པ་བྱས།། སྲིན་པོའི་བོང་བུ་གྭ་བ་བརྐུས།། སྲིན་གྱི་རལ་གྲི་གཡས་སུ་ཐོགས། ། ནོར་བུ་རིན་ཆེན་གཡོན་དུ་ཐོགས།། སོང་སྟེ་དུར་ཁྲོད་གནས་ཕྱིན་ནས།། དུར་ཁྲོད་ཤ་ཁྲག་རབ་ཟོས་ཏེ།། རྒྱ་མཚོའི་འགྲམ་དུ་ཕྱིན་པ་ལས།། རླུང་དམར་འཚུབ་མས་རྒྱ་མཚོར་བསྒྱུར།། སྐྱེ་བ་འཕོས་ཏེ་དུང་སྐྱོང་མ། ། མི་ཟ་ཞིང་བྱིན་བརླབས་ཀྱིས།། ད་ལྟ་གནོད་སྦྱིན་མོ་རུ་གྱུར།། དེ་ལྟར་ཁྱེད་ཀྱིས་ཤེས་པར་གྱིས།། འཚལ་བའི་ལོངས་སྤྱོད་དུར་ཁྲོད་རྫས།། མཛད་པའི་འཕྲིན་ལས་བསྟན་པ་ཡིས། ། འཇིགས་པའི་སྐྱེ་བོ་རབ་ཏུ་སྒྲོལ།། གཅེར་བུ་བོང་ཞོན་མ་ལས། རྩ་བའི་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། ཀྱཱ+ཻ་བཅོམ་ལྡན་འདས། གནོད་སྦྱིན་ནག་མོ་རེ་མ་ཏི།། དང་པོ་བསྙེན་ན་ཇི་ལྟར་བསྙེན། བར་དུ་བསྒྲུབ་ན་ཇི་ལྟར་བསྒྲུབ། ། ཐ་མར་གསད་ན་ཇི་ལྟར་གསད།། ཅེས་ཞུས་པ་དང། དཔལ་ཕྱག་ན་རྡོ་རྗེ་བཀའ་སྩལ་པ། ཉོན་ཅིག་གནོད་སྦྱིན་མ་རུ་རྩེ།། གནོད་སྦྱིན་ནག་མོ་རེ་མ་ཏི།། བསྙེན་བསྒྲུབ་རྣམ་གསུམ་བཤད་པར་བྱ། ། ཡིད་མཐུན་པ་དང་ཉམས་དགའ་རུ།། མཎྜལ་ལས་བརྟེན་རྫས་བཀྲམ་ནས།། སྲོག་གི་སྙིང་པོ་འབུམ་ཚད་དང།། འདི་ནི་རྩ་བའི་བསྙེན་པའོ།། དུར་ཁྲོད་ཤིང་གཅིག་རི་གསུམ་རྩེ།། ཆུ་ཀླུང་ལྷ་ཁང་ལམ་མདོ་རུ། ། ཕྱི་བཤགས་ཕྱི་སྐོང་གཞུང་བྱས་ཏེ།། དཀྱིལ་འཁོར་དྲུག་ཁྲི་ལྡན་པ་ན།། རྫས་དང་གཏོར་མ་ལྡན་བྱས་ལ། གཅིག་ཐུ་ཉི་ཤུ་རྩ་གཅིག་ཡང།། ཐུན་རེ་ལ་ཡང་དྲག་སྔགས་བཟླས།། ནུས་པ་བྱུང་ན་གསད་པའི་ལས། ། འདི་ནི་རྩ་བའི་བསྒྲུབ་པའོ།། བསྒྲུབ་པ་པོ་མཎྜལ་ཤར་ལྷོ་རུ།། ཁྲུ་ཕྱེད་པ་ཡི་མཎྜལ་ལ།། ནང་དུ་དམིགས་པ་ལྡན་པ་ལ།། སྔགས་ཀྱི་བདག་པོ་རབས་བསྒོམས་ལ།། བྲབ་པའི་རྫས་ཀྱིས་བརྡེག་པར་བྱ། ། ཐུན་རྫོགས་སྦྱིན་སྲིག་མནན་པའོ།། ཀུན་ཀྱང་མཁའ་ལྡིང་ལྡན་པ་རེ།། རྩ་བའི་སྒྲུབ་ཐབས་ཕྱེ་བའི་ལེའུ་སྟེ་གཉིས་པའོ།།།། ཀྱཱ+ཻ་བཅོམ་ལྡན་འདས། གནོད་སྦྱིན་ནག་མོ་རེ་མ་ཏི།། ཁྲག་འཐུང་བྱ་བ་ཇི་ལྟར་ལགས། ། བརྡེག་པའི་ཐབས་ནི་ཇི་ལྟར་ལགས།། ཞེས་ཞུས་པ་དང། བཀའ་སྩལ་པ། ཉོན་མོངས་གནོད་སྦྱིན་མ་རུ་རྩེ།། གནོད་སྦྱིན་ནག་མོ་རེ་མ་ཏི།། ཁྲག་འཐུང་རིམ་པ་བཤད་པར་བྱ། དབུས་ཀྱི་དཀྱིལ་འཁོར་ཁྲུ་ཕྱེད་ལ། ། མོན་ནམ་རབས་ཆད་ཐོད་པའམ།། ཁྱད་པར་རྣེལ་གྲི་མོ་ལ་ཤེས།། ཡང་ན་མཚན་ངན་ཐོད་པ་རུ།། དྲག་པོའི་རྫས་ཀྱིས་གང་བྱས་ལ།། རང་ཉིད་ཏིང་འཛིན་ལྡན་བྱས་ལ།། དྲག་པོའི་སྔགས་ཀྱིས་སྟོབས་བྱས་ལ། ། མཚན་ལྡན་ཐོད་པའི་ནང་དུ་བླུག། རྟགས་བྱུང་གསད་པའི་མཎྜལ་ལ།། དྲག་པོའི་ལས་བརྩམ་རྡུལ་དུ་རློག། རྩ་བ་ལས། ཁྲག་ཐུན་གྱི་ལེའུ་སྟེ་གསུམ་པའོ།།།། ཀྱཱ+ཻ་བཅོམ་ལྡན་འདས། དུག་ཐུན་ཇི་ལྟར་ལགས།། བརྡེག་པའི་ཐབས་ནི་ཇི་ལྟར་ལགས།། བཀའ་སྩལ་པ། མཎྜལ་གོང་དང་འདྲ་བ་ལ། དྲག་པོའི་རྫས་ཀྱི་ནང་དུ་ནི།། དུག་རྣམས་བླུག་ལ་མཎྜལ་ཉིད་དུ་གཞག་པར་བྱ།། དྲག་པོའི་རྫས་ལ་བཟླས་བྱས་ལ། ། དྲག་པོའི་སྣོད་དུ་བླུག་བྱས་ལ།། སྔགས་བདག་བཞི་རུ་གསལ་བྱས་ལ།། དྲག་སྔགས་བཞི་པ་ཞེས་སུ་བྱ།། དུག་ཐུན་གྱི་ལེའུ་སྟེ་བཞི་པའོ།།།། ཡང་གནོད་སྦྱིན་མ་རུ་རྩེས་ཞུས་པ། ཀྱཱ+ེ་བཅོམ་ལྡན་འདས། ཕུར་ཐུན་བྱ་བ་ཇི་ལྟར་ལགས།། བརྡེག་བའི་ཐབས་ནི་ཇི་ལྟར་ལགས།། ཞེས་གསོལ་པ་དང། མཎྜལ་རབས་ཆད་བྱས་པ་ལ། ཁ་ཧི་ར་ཧི་ཤིང་ཕུར་ལ།། སོར་བརྒྱད་གྲངས་ནི་རྩ་རུ་བདུན།། གསུམ་པའི་མཎྜལ་ལ་བཞག་སྟེ། ། དྲག་པོའི་ལས་འདི་ཁྲི་ཚོ་གཅིག། བཟླས་བྱས་བཏབ་པའི་ནང་ནས་སུའོ།། བསྟན་སྐྱོང་མདུན་དུ་གསལ་བྱས་ལ།། དེ་ལྟར་བྱས་འོག་ལིང་ག་བསྲེགས།། གཅེར་བུ་བོང་བུ་ཞོན་མ་ལས།། རྩ་བའི་དྲག་སྔགས་བདུན་པ་ཕུར་ཐུན་གྱི་ལེའུ་སྟེ་ལྔ་པའོ། །།། ཀྱཱ+ཻ་བཅོམ་ལྡན་འདས། བོད་པ་རྦད་པ་གསད་པ་དང། སྦྱོར་བའི་སྔགས་རྣམས་ཇི་ལྟར་ལགས།། བཀའ་སྩལ་པ། སྐྱེ་མེད་དོན་གྱི་ཡི་གེ་དང། ། སྣང་བའི་ཆོ་འཕྲུལ་ཡི་གེ་ལས།། སྔགས་ཀྱི་འབྱུང་བའི་རྒྱུ་རུ་བསྟན། ཨ་ཨཱ་ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཱ+ཻ། ཨོ་ཨཱ+ཽ། ཨཾ་ཨ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཥ་ཤ་ས་ཧ་ཀྵ། ཨོཾ་ཀྵ་དྷརྨའི་རཀྵ་མའི་སྙིང་ཁ་རག་ཙིཏྟ་པ་དུ་དུ་དུ་ཛ་ཛ། ཧཱུཾ་མ་སྙིང་ཁ་རག་ཏྲག་རཀྵ་ཙ་མུན་ཏི་ཆེ་གེ་མོ་ཙིཏྟ་རྦད་རྦད། ཆེ་གེ་མོའི་སྙིང་ཁ་རག་རག་མོ་སྙིང་རྩ་ལ་དུན་དུན། རྩ་བའི་རྒྱུད་ལས། ཐུན་མོང་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།།།། ཀྱཱ+ཻ་བཅོམ་ལྡན་འདས། དྲག་པོའི་བོད་རྦད་གསད་པའི་ལས།། སྦྱོར་བའི་ལས་རྣམས་ཇི་ལྟར་ལགས།། སྐྱེ་མེད་དོན་གྱི་ཡི་གེ་དང།། སྣང་བ་ཆོ་འཕྲུལ་ཡི་གེ་ལས། ། སྔགས་འབྱུང་བ་ཡི་རྒྱུ་རུ་བསྟན། ཨ་ཡཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱ+ེ། ཨོ་ཨཽ། ཨཾ་ཨ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵ། ཡཀྵ་ཏྲག་རག་ཤ་མ་སྙིང་ཁ་རག་ཙིཏྟ་སྲོག་ཏུ་དུ་ཛ་ཛ། ཏྲག་རཀྵ་ཙ་མུནྟི་ཆེ་གེ་མོ་ཏྲག་བྷྱོ། ཆེ་གེ་མོ་སྙིང་ཁ་རག་སྙིང་ཁ་རག། རག་མོ་སྙིང་ལ་ཤར་ཤར་བྷྱོ། ཏྲག་རཀྵ་ཙ་མུན་ཏེ་ཆེ་གེ་མོ་སྲོག་ལ་རྦད་རྦད་སྭཱཧཱ། རྩ་བའི་རྒྱུད་ལས། དྲག་པོ་སྔགས་ཀྱི་ལེའུ་སྟེ་བདུན་པའོ།།།། ཀྱཱ+ཻ་བཅོམ་ལྡན་འདས། སྔགས་སྟོད་བཞི་པ་ཇི་ལྟར་ལགས།། ཞེས་ཞུས་པ་དང།། བཀའ་སྩལ་པ། སྐྱེ་མེད་དོན་གྱི་ཡི་གེ་དང།། སྣང་བ་ཆོ་འཕྲུལ་ཡི་གེ་ལས། ། སྔགས་འབྱུང་བ་ཡི་རྒྱུ་རུ་བསྟན།། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱ+ཻ། ཨོ་ཨཱ+ཽ། ཨཾ་ཨཱ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། བཛྲ་སཾ་ཧ་ཤ་མུ་ག་དགྲ་བོའི་སྙིང་རྦད། སིདྷ་མུ་ཤ་ས་མ་ཡ་བྷ་ཏི། ཆེ་གེ་མོ་ཧཥྟི་ཨ་ཏི། མ་ཏི་ཟུང་ཟུང། ཆེ་གེ་མོ་སྙིང་ལ་ཤད་ཤད་བྷྱོ། བཛྲ་ཀྲ་ཏི་མ་ཏི་ཤ། ཆེ་གེ་མོ་ཙི་ཤ་ཐུན་ཆེ་གེ་མོ་སྙིང་ལ་ཤད་ཤད་བྷྱོ། བཛྲ་ཀང་ཀ་མ་ཏི་ཤ། ཆེ་གེ་མོ་ཧྲི་ཧེ་ཤ་སོད། ཙིཏྟ་དུར་ཤད་སོད། ཆེ་གེ་མོ་སྙིང་ལ་ཤད་ཤད་བྷྱོ། དྲག་པོའི་སྔགས་རྒོད་ཀྱི་ལེའུ་སྟེ་བརྒྱད་པའོ།།།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྔགས་རྒོད་བདུན་པ་འདི་གསུངས་སོ། ། ཨཱ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱ+ཻ། ཨོ་ཨཱ+ཽ། ཨཾ་ཨ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ན། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཥ་ཤ་ས་ཧ་ཀྵ། མ་མ་རག་མོ་མ་ཧི་ཛ་ཛ། རག་མོ་ཤ་རུ་རུ། ཙ་མུན་ཏི་ཆེ་གེ་མོ་ཀི་ལ་ཡ་རྦད། ཏྲག་རཀྵ་ཙ་མུན་ཌི། སྙིང་ཤ་སྤུ་རུ་རྦད་རྦད། ནི་ཛ་བཾ་རིལ་རྦད་རྦད། མ་མ་སྙིང་ཁ་རག། ཆེ་གེ་མོ་ནི་ཛ་ཛ། བལ་ནི་ཏི་ཆེ་གེ་མོ་ནི་མུག་མུག། རག་མོ་ཧེ་མོ་ཛ་ཛ། ཐུམ་རི་ལི་ལི་རྦད་རྦད། ནི་ཛ་ཛ། རྩ་བའི་རྒྱུད་ལས། སྔགས་རྒོད་བདུན་པའི་ལེའུ་སྟེ་དགུ་པའོ།།།། བཅོམ་ལྡན་འདས་གསང་བའི་བདག་པོས་རྣལ་འབྱོར་བསྲུང་བའི་དོན་འདི་གསུངས་སོ།། ཨོཾ་ཏ་དེ་མོ་ཧ་དེ་ཧྲི་ད་ཡ་མ་ར་ནི་ཧཱུཾ་ཕཊ། བྷྱོ་བྷྱོ་ས་མ་ཡ་བཟློག་བཟློག་ཨ་ལ་ལ་འཕྲ་མེན་བྷྱོ་བྷྱོ་བྷྱོ་བྷྱོ་རྩ་བའི་རྒྱུད་ལས། བསྲུང་བ་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།།།། བཅོམ་ལྡན་འདས་གསང་བའི་བདག་པོས་སྲེག་པའི་སྦྱིན་སྲེག་གི་སྔགས་འདི་གསུངས་སོ། ། ཏྲག་རག་ཤ་ཙ་མུན་ཏི་ཆེ་གེ་མོའི་ཙིཏྟ་ལ་རྦད་རྦད་སྭཱཧཱ། བྱ་རོག་འུག་པ་གསང་བའི་རྫས། རྩ་བའི་རྒྱུད་ལས། སྦྱིན་སྲེག་གི་ལེའུ་བཅུ་གཅིག་པའོ།།།། བཅོམ་ལྡན་འདས་གསང་བའི་བདག་པོས་སྔགས་རྒོད་མནན་པའི་ལས་འདི་གསུངས་སོ། ། ཨོཾ་ཧྲིང་ཆེ་གེ་མོ་ཧཾ་ར་ཡུ་ཧྲི་ཧ་ཧཱུཾ་བཛྲ་ཧ་ན་ཧ་ན་ཆེ་གེ་མོ་ཡ་བི་ར་རྩ་ཧཱུཾ་ཕཊ་སྟམ་བྷ་ཡ་ནན། རྩ་བའི་རྒྱུད་ལས། སྔགས་རྒོད་མནན་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། བཅོམ་ལྡན་འདས་གསང་བའི་བདག་པོས། བསྙེན་བསྒྲུབ་རྟགས་ཀྱི་དོན་བསྒྲུབ་པའི།། དང་པོ་གཡོག་མོའི་མཚན་མ་འབྱུང།། དེ་ནས་མ་མོ་ཉིད་ཀྱི་འབྱུང།། ཐ་མར་ལུག་གསོད་དང་མི་ཟད་དང་བདག་གཙོ་དང། དེ་ལྟ་བུའི་ཡི་མཚན་མ་འོང།། རྩ་བའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།།།། བཅོམ་ལྡན་འདས་གསང་བའི་བདག་པོས། དམ་རྫས་བསྐང་བའི་རྫས་འདི་གསུངས།། ནག་མོ་སྤྱི་ཁར་མུན་ཁང་དང། ། མཁའ་ལྡིང་ནག་མོ་གསེར་མིག་མ།། འདོད་ཆགས་ནག་མོའི་སྙིང་གིས་བསྐང།། བ་ལིང་ཨ་མྲྀ་ཙིཏྟས་བསྐང།། སྙིང་སྣ་དང་ནི་དབང་པོའི་ལག། ལོངས་སྤྱོད་ཚེ་གནས་བསྐང་བའོ།། རྩ་བའི་རྒྱུད་ལས། ། བསྐང་བའི་ལེའུ་སྟེ་བཅུ་བཞི་པའོ།།།། བཅོམ་ལྡན་འདས་གསང་བའི་བདག་པོས་ཁུར་ཐུན་གསང་ལས་འདི་གསུངས་སོ།། ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ། རག་མོ་ནི་རག་མོ་ནི། ཁ་ཏྲང་ཙིཏྟ་མར་ལ་ཛ་ཛ། མ་སྙིང་ཁ་རག་སྙིང་ཁ་རག་མོ་སྲོག་ལ་རྦད་རྦད་ནརི་ཛ་ཛ། རག་མོ་སྲོག་ལ་རྦད་རྦད། ནརི་ཤ་ཀུ་རུ་ཐུམ་རྦད། ཧྲི་མོ་ནི་སྲོག་ལ་རྦད་རྦད་ནརྀ་ཛ་ཛ། རག་མོ་ཕུར་བ་ཕུར་བ། རག་མོ་རག་མོ་ཏིག་ཐ་མ་ར་ཡ་ནརི་ཛ་ཛ། རག་མོ་ཁ་དར་ཁ་དར་སྲོག་ལ་རྦད་རྦད་ནརི་ཛ་ཛ། རག་མོ་རཀྵ། རྩ་བའི་རྒྱུད་ལས། ཕུར་པའི་སྔགས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།།།། ཀྱཱ+ཻ་བཅོམ་ལྡན་འདས་ས་བརྒྱད་ནོན་པའི་སེམས་མ་ཡི།། སྲོག་ཤན་གིང་པོ་ཇི་ལྟར་ལགས། ། ཞེས་ཞུས་པ་དང། བཀའ་སྩལ་པ། འཁོར་བའི་གཡུལ་ལས་རྒྱལ་བ་ནི།། སྐྱེས་བུ་དེ་ནི་རྒྱལ་བར་འབར།། གསང་མཚན་རྡོ་རྗེ་སྦས་པའི་རྒྱལ།། མཐུན་པའི་རྫས་ནི་གང་ལ་བགྱི།། ཞུས་པ་དང། བཀའ་སྩལ་པ། ཤེལ་དཀར་མཁའ་ལྡིང་དཀར་པོ་དང་ཚོང་པའི་ཐོད་པ་ཆང་ཕུད་དང། རྣམ་ལྔའི་བདུད་རྩིའི་མཆོད་པ་དང། བོང་བུའི་འབྲས་བུ། ཤིང་ལོ་རླུང་ཁྱེར། དྲི་བོའི་ཁྲག་མཚོན་གྱིས་མི་གསད་ཕྱེ་མ་དང། རྡོ་སོལ་སེང་ལྡེང་ཕུར་བ་སོར་བརྒྱད་པ་དང། རྩ་བའི་རྒྱུད་ལས། བསྙེན་བསྒྲུབ་རྫས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།།།། བཅོམ་ལྡན་འདས་གསང་བའི་བདག་པོའི་སྤྱན་སྔར། གནོད་སྦྱིན་མ་རུ་རྩེ་སྟན་ལས་ལངས་ཏེ། རང་གི་སྲོག་གི་སྙིང་པོ་ཕུལ་ལོ།། ཛྙཱ་ན་རཀྵ་ཙིཏྟ་སྲོག་ཐུང་ཐུང། ཨོཾ་རུ་བག་ཤ་ཧཱུཾ། མ་ཧཱ་སྲོག་ཐུན། སྙིང་ལ་མ་མ་བྷྱོ། ཛྙཱ་ན་རཀྵ་བོ་དེ་ཙིཏྟ་བོ་དེ་ཙིཏྟ་རྦད་རྦད། ད་ར་ད་ར་ད་ར། རྦད་མ་ར་ཡ་ཕཊ། ཟངས་ཙིག་ཟར་གནན་མ་ར་ཡ་ཕཊ། ཨོཾ་བཛྲ་དི་རི་བི་ར་ཧཱུཾ་ཕཊ། མ་ཧཱ་པ་ཏྲ་འགའ་ན་ཧཱུཾ་ཕཊ། ཤི་ས་ཤི་བླ་ཤི་ཧཱུཾ་ཕཊ། ལོ་ཤི་ཁ་ལ་བྲག་ཤ་རྦད་ཧཱུཾ།། དུ་ན་ས་ར་ཐིམ་ན་དགྲ་བོ་མ་ར་ཡ་ཕཊ། རྩ་བའི་རྒྱུད་ལས། ཤན་པ་བོད་རྦད་གསད་པའི་ལེའུ་སྟེ་བཅུ་བདུན་པའོ།།།། སྲོག་ཤན་སྦྱིན་སྲིག་ཇི་ལྟར་ལགས། ཞུས་པ་དང། ཛྙཱ་ན་རཀྵ་ཁ་རཾ་མེ་རཾ། བྲུ?ཾ་དུ་ས་རཾ་ཤིག་མེ་དཾ་ཁཾ་ཡོས་ཐུ་ལུམ་མེ་ལ་ཛ། འུབ་འུབ། སྲོག་ཤན་སྐུ་བསྐྱེད་ཇི་ལྟར་ལགས། ། ཞེས་ཞུས་པ་དང། བཀའ་སྩལ་པ། གནོད་སྦྱིན་སྐུ་ནི་ཀྵ་ལས་འགྲུབ།། ཀྵ་ཏྲག་རག་ཤ་དུ་ན་ལིང་བྷྱོ། རྩ་བའི་རྒྱུད་ལས། སྐུ་དང་སྦྱིན་སྲེག་གི་ལེའུ་སྟེ་བཅོ་བརྒྱད་པའོ། །།། སངས་རྒྱས་གསུང་གི་སྨོན་ལམ་གང་ལགས། ཞེས་ཞུས་པ་དང། བཀའ་སྩལ་པ། ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་སུ།། སངས་རྒྱས་བསྟན་པ་རྒྱས་གྱུར་ནས།། ནག་མོ་ཁྱོད་ཀྱིས་བསྲུང་བར་ཤོག། སྒྲུབ་བྱེད་དུས་འདིར་ཚེ་རིང་སྟེ།། བུ་ཚའི་རིགས་བརྒྱུད་འཕེལ་བར་ཤོག། རྟ་དང་གླང་ཆེན་འཕེལ་འགྱུར་ཤོག། གྲུབ་པ་འགའ་བྱེད་དགྲ་བགེགས་རྣམས།། རིགས་བརྒྱུད་ཐམས་ཅད་འཕེལ་བར་གྱིས། ། འདི་དང་ཕྱི་མ་ཐམས་ཅད་དུ།། སྒྲུབ་བྱེད་བྱང་ཆུབ་ཐོབ་ནས་ཀྱང།། ནག་མོ་ཁྱོད་དང་འགྲོགས་པར་སྨོན།། རྩ་བའི་རྒྱུད་ལས། སྨོན་ལམ་གྱི་ལེའུ་སྟེ་བཅུ་དགུའོ།།།། རྡོ་རྗེ་གདན་དུ་སྦས་པའི་རྩ་བའི་རྒྱུད་ལས་འདི་ཡིན་ནོ། ། རྡོ་རྗེ་གདན་གྱི་འོག་ནས་བརྐུས།། སྙིང་པོར་ཕྱུང་བའི་ལྷ་མོའི་རྩས་རྒྱུད་འདིས།། བསྟན་པ་བསྲུང་བའི་དྲག་སྔགས་ཉི་ཚེ་ཞིང།། སྟོན་པའི་ཞལ་ནས་མ་མོ་ཀུན་གསུངས་ཀྱང།། སྙིང་པོར་འབྱུང་བ་རྩ་བའི་རྒྱུད་འདི་ཡིན། ། བསྟན་པ་སྲུང་གཞན་ལ་ཡོད་ན་མགུ་རེ་སྐན།། བོང་ཞོན་མ་རྩ་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་པའོ།།།། ཨེ་མ་ཧོ། རྒྱ་གར་གྱི་མཁན་པོ་ཛ་ཧ་ཏིས་ཕྱུང་བ། སློབ་དཔོན་ཀ་མ་ལ་དང། གླང་དཔལ་གྱི་སེང་གེ་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།། རྒྱ་གར་སྐད་དུ། མཱ་མཱ་དེ་བི་ཀི་ལི་མ་ར་ཤ་ཏ་ས་ཧ་སྲི་ཀ་ཙིཏྟ་མ་ཧཱ་ཏན་ཏྲ། བོད་སྐད་དུ། མ་མོ་འབུམ་གྱི་མངའ་བདག་དཔལ་ལྷ་མོ་ནག་མོ་རེ་མ་ཏི། དབང་མོ་མཆེད་བཞིའི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད། བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་རབ་རིའི་རྩེ་མོ་བྱང་ཤར་མཚམས་ཀྱི་གནས་མཆོག་ན། དུར་ཁྲོད་ཆེན་པོའི་ཚལ་གསེབ་ན་ཡུམ་ཆེན་མོ་རྡོ་རྗེ་ཨེ་ཀ་ཛཱ་ཏིའི་བྷ་ག་རྣམ་པར་དག་པའི་དབྱིངས་ན་བཞུགས་སོ། ། དེ་ལས་ཡུམ་ཆེན་མོ་ལྔའི་བྷ་གར་སྣང་བ་ལས་སེམས་ཅན་སྐྱེ་འགྲོ་མཐའ་དག་ཇི་སྲིད་ཅིག་ཆགས་སོ།། སེམས་ཅན་སྐྱེ་འགྲོ་མཐའ་དག་ལ་དབང་བྱེད་པའོ།། དེ་ལ་ཐམས་ཅད་ཀྱི་དབང་མོ་ཆེ་ལྔ་ལ་ཀུན་ཏུ་སྣང་ཞིང་གོ་འབྱིན་ནམ་མཁའི་དབང་མོ་ཆེ་ནི། ། སྣང་སྲིད་ཐམས་ཅད་སྐྱེ་ཞིང་འབྱུང་བར་གོ་འབྱེད་པས། ཐམས་ཅད་ཀུན་གྱི་ནང་ན་དབང་ཆེ་བའི་བདག་མོ་ཨེ་ཀ་ཛ་ཏི་དང། ཐམས་ཅད་གནས་ཤིང་ཆགས་པའི་ས་གཞིའི་དབང་མོ་ཆེ་ནི། སྣང་སྲིད་ཐམས་ཅད་སྐྱེ་ཞིང་སྨིན་པར་བྱེད་པའི་ཕྱི་ནང་ཀུན་གྱི་ནང་ན་དབང་ཆེ་བའི་བདག་མོ་རེ་མ་ཏི་དང། སྣོད་བཅུད་འདེགས་པ་དང། སྐྱོད་པར་བྱེད་པའི་རླུང་གི་དབང་མོ་ཆེ་ནི། རྒྱུ་འབྲས་ཀུན་གྱི་རྐྱེན་གྱིས་བསྐྱོད་ནས་དངས་སྙིགས་འབྱེད་ཅིང་སེལ་བར་བྱེད་པས། སྟེང་འོག་ཀུན་གྱི་ནང་ན་དབང་ཆེན་བདག་མོར་མ་ཏི་དང། འགྲོ་བ་ཐམས་ཅད་སྡུད་ཅིང་སྣུན་པར་བྱེད་པའི་དབང་མོ་ཆེ་ནི། ལུས་དང་རྣམ་པར་ཤེས་པ་དྭངས་མར་བྱེད་པའི་སྣོད་བཅུད་ཀུན་གྱི་ནང་ན་དབང་ཆེ་བའི་བདག་མོ་རེ་མ་ཛ་དང། སྣང་སྲིད་ཐམས་ཅད་དྲོད་སྙོམས་པར་བྱེད་པའི་མེའི་དབང་མོ་ཆེ་ནི། སྣང་སྲིད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དྲོད་སྙོམས་པར་བྱེད་པས་སྣོད་བཅུད་ཀྱི་ནང་ན་དབང་ཆེ་བའི་བདག་མོ་རེ་མ་ཛུ་དང། གཞན་ཡང་ལྷ་མོ་རེ་མ་ཏི་དང། ཀླུ་མོ་རེ་མ་ཏི་དང། བདུད་མོ་རེ་མ་ཏི་དང། གནོད་སྦྱིན་རེ་མ་ཏི་དང། ཤ་ཟ་ནག་མོའི་ཚོགས་འབུམ་དང། རུ་འཆའ་དཀར་མོའི་ཚོགས་འབུམ་དང།། ཁྲག་འཐུང་དམར་མོའི་ཚོགས་འབུམ་དང། དྲི་སྣོམ་ལྗང་ནག་གི་ཚོགས་འབུམ་གྱིས་བསྐོར་ཏེ་གནས་སོ།། དེ་ལྟར་མ་མོ་ཐམས་ཅད་ཀྱིས་སེམས་ཅན་སྐྱེ་འགྲོའི་ཚེ་དང་སྲོག་ལ་དབང་བྱེད་པས། འབྱུང་བ་ལྔ་ཡི་ངང་ལས་སྣང་སྲིད་ཀྱི་མ་མོ་ཐམས་ཅད་འབྱུང་བའོ།། དཔལ་ལྷ་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པའོ། །།། དེ་ནས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀས། སྲིན་མོ་ཆེན་མོ་གདུག་བྱེད་མ་བཞི་ལ་འདི་སྐད་ཅེས་གསུངས་སོ།། ཁྱེད་བཞིའི་ཕ་གང་ཡིན། མ་གང་ཡིན། མིང་ཅི་སྐད་བོད། མཁན་ཅི་སྐད་བོད། མཎྜལ་ནི་དུ་ཡོད། གནས་གང་ན་གནས། གཞལ་ཡས་ཁང་ནི་ཇི་ལྟ་བུ་ཞིག་ན། ཤུལ་གང་དུ་དབྱུང། ཞེས་གསུངས་པས། རེ་མ་ཏི་ན་རེ། ངའི་ཕ་བདུད་གཤིན་རྗེ་བྲང་དཀར་ཡིན། མ་བདུད་མོ་སྲོག་ལེན་ཧབ་ཤམ་མ་བྱ་བ་ཡིན། རེ་མ་ཏིའི་ཕ་བདུད་པདྨ་གར་གྱི་དབང་ཕྱུག་ཡིན། མ་བདུད་མོ་བརྒྱ་བྱིན་ཀུན་དགའ་མ་ཡིན། རེ་མ་ཛའི་ཕ་བདུད་ཐོད་པའི་འཕྲེང་བ་ཅན་བྱ་བ་ཡིན། མ་བདུད་མོ་ཨེ་ཀ་ཛཱ་ཌི་མ་ཡིན། རེ་མ་ཛུའི་ཕ་སྲིན་པོ་མ་ཊཾ་རུ་ཏྲ་ཡིན། མ་གླིང་བཞི་ཀུན་འབྱམ་མ་ཡིན་ནོ།། ངེད་ཀྱི་ཕ་མ་དེ་རྣམས་ལ། ངེད་དུ་མ་ཟད་དེ་བུ་ཕོ་འབུམ་བུ་མོ་འབུམ་ཡོད་དོ།། ངེད་ཀྱི་མིང་དུ་ཤེས་པ་སྟེ། འབོད་པ་རྣམས་ཀྱིས་དགུར་ཤེས་སོ། ། ངེད་ཀྱི་མཁན་ནི་བརྒྱ་འམ་སྟོང་ངོ།། དཀྱིལ་འཁོར་ནི་གཉིས་སོ།། གནས་ནི་བྱང་ཤར་མཚམས་དྲང་པོར་བྱིང་བྱེད་མུ་ལེ་ཏིང་གི་མཚོ་བྱ་བ་ན་གནས་སོ།། གཞལ་ཡས་ཁང་རིན་པོ་ཆེའི་གཞལ་ཡས་ཁང་དུར་ཁྲོད་ཀྱི་རྒྱན་གྱིས་སྤྲས་པ་སྟེ། དུར་ཁྲོད་ལ་ལོངས་སྤྱོད་པའི་གནས་ཞིག་ན་གནས་སོ།། ཤུལ་ནི་རླུང་ཚུབ་ཆེན་པོ་དང། ཆུ་གཞུང་དང། རི་རྩིབས་དང། བར་སྣང་ལ་རྒྱུའོ།། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ཕ་མའི་ཁུངས་དང་མིང་མཁན་དང་བཅས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀས། སྲིན་མོ་ཆེན་མོ་གདུག་བྱེད་མ་བཞི་ལ་འདི་སྐད་ཅེས་གསུངས་སོ། ། ཁྱེད་ཀྱིས་དཀོན་མཆོག་གི་དབུ་འཕངས་སྨོད་པ་དང། སངས་རྒྱས་ཀྱི་བསྟན་པ་འཇིག་པའི་དམ་སྲི་ལ་ཕུང་བར་བྱ་བའི་དམོད་པའི་མཚོན་ཆ་ནི་གང་ཡིན། ཁྱེད་བསྒྲུབ་པའི་གནས་ནི་གང་ལ་བྱ། རྟེན་པའི་རྫས་ནི་གང་ཡིན། སྲོག་གི་སྙིང་པོ་ནི་ཇི་སྐད་དྲང། བསྙེན་པའི་དཀྱིལ་འཁོར་ནི་ཇི་ལྟར་བྱ། བསད་པའི་དཀྱིལ་འཁོར་ནི་ཇི་ལྟར་བྱ།། རབ་ཏུ་གསད་པའི་མཎྜལ་ནི་ཇི་ལྟར་བྱ། ཁྱེད་ཀྱིས་སྨོས་ཤིག། ཧེ་ཧེ། ཆེ་མཆོག་རྒྱལ་པོ་བཀའ་སྩལ་ཉན།། རྡོ་རྗེ་ཆེ་མཆོག་སྤྱན་ལྔ་རུ།། དམོད་པ་ལ་སོགས་སྨྲ་བར་བྱ།། རྡོ་རྗེ་ཆེ་མཆོག་ཧེ་རུ་ཀས།། དམོད་པའི་འདི་ལ་བྱིན་རླབས་མཛོད།། དཀྱིལ་འཁོར་ལ་སོགས་རྫས་རྣམས་ལ། ། བྱིན་རླབས་དམ་པ་ཐོབ་པར་མཛོད།། ཐེག་མཆོག་སྤྱད་པའི་རྣལ་འབྱོར་ལ།། ཐུགས་རྗེའི་ཤུགས་ཀྱིས་བསྒྲག་ཏུ་གསོལ།། བསྟན་པ་ལ་གནོད་པའི་རིགས་ཐམས་ཅད་ལ་དམོད་པ་དོར་བ་འདིའོ།། ཨོཾ་ཏཱ་ཏཱ་ལ་ཏྲག་རཀྵ་རུ་ཏི་ནན། མུར་ཏི་བཾ། རེ་མ་ཏི་ཆེ་གེ་མོའི་སྲོག་ལ་ཛཱ་ཛཱ་ཛཱ་ཛཱ། པདྨ་མ་ར་ཏི་རུ་ཏེ་རེ་མ་ཏི་ཆེ་གེ་མོའི་སྲོག་ལ་ཛཱ་ཛཱ་ཛཱ་ཛཱ། ནག་མོ་དུན་ཏིང་མ་མ་བྷྱོ་བྷྱོ། སྙིང་ཤད་ཤད་ནི་ཛཱ་ཛཱ། ཆེ་གེ་མོའི་སྲོག་རྩ་ལ་བྷྱོ་བྷྱོ། ཞེས་སྨོས་པས་བསྟན་པ་ལ་གནོད་པ་ལྟ་ཅི་སྨོས་ཏེ། གླིང་བཞི་ཙམ་ཡང་ཕུང་བར་བྱེད་དོ།། ངེས་བསྒྲུབ་པའི་གནས་ནི། བྲག་དམར་པོ་ཆོས་ཟངས་འདྲ་བ་འམ། རྒྱ་སྐགས་ཀྱི་ཁ་དོག་འདྲ་བའམ། དྲག་པོ་ཁྲག་གི་མཆེ་རིས་ཅན་ནམ། མཚོ་གླིང་ངམ། ཆུ་འགུར་ལྟ་བུ་འམ། ཡང་ན་དུར་ཁྲོད་གསར་སྙིང་གི་གནས་སུ་བྱའོ།། ངེད་བསྟེན་པའི་དམ་རྫས་ནི་ལུག་ནག་མོ་སྤྱི་དཀར་དང། ཁྱི་ནག་དང། བྱ་ནག་དང། མི་སྙིང་དང། རྟ་སྙིང་དང། ར་སྙིང་དང། ཁྱི་སྙིང་དང། ནལ་ཤ་དང། སྙིང་དང། ཁྲག་སྣ་ཚོགས་དང། ཤ་སྣ་ཚོགས་དང། བདུད་རྩི་དང། གཏོར་མ་ཆེན་པོ་དང། མེ་ཏོག་སྣ་ཚོགས་པ་ལ་བྱའོ།། སྲོག་གི་སྙིང་པོ་ནི། ཨོཾ་ཏདྱ་ཐཱ། ཏྲག་རག་ཤ་མུགྟི་བཾ་མ་རུ་ལུ་ཛཱ་ཛཱ། དགྲའི་སྙིང་ལ་བྷྱོ་བྷྱོ། ཨོཾ་མ་པདྨ་ར་ཏ་རུ་ཏེ་རེ་མ་ཏི། ཙིཏྟ་ཙིཏྟ། དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་རུ་ལུ་ཀོའུ་མེན་སྱེན་མྱེན་མ་ཛཱ་ཛཱ། དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་ཨུ་ཏི་དུ་རུ་དུ་རུ། ཚལ་པཱ་མེ་ད་རཱ་ཛཱ་ཛཱ། དགྲ་སྙིང་ལ་བྷྱོ་བྷྱོ། བདག་ཅག་བཞིའི་འོ།། ནག་མོ་དུན་བྷྱོ་བྷྱོ། ནག་མོ་དུན་ཏིང་མ་ལས་ལ་བྷྱོ་བྷྱོ་བྷྱོ་བྷྱོ། འཁོར་གྱིའོ།། མ་མ་ཤ་ཤ་རུ་ཁྲག་ཤུ་ཧྲིང། ཙིཏྟ་དགྲ་བོའི་སྙིང་ལ་ཐུན་ཐུན། འུབ་འུབ་རིལ་མའི་སྙིང་ལ་རིལ་རིལ། ཏྲག་རཀྵ་རུ་ཁྲག་སྙིང་ལ་ཛཱ་ཛཱ། རུ་རུ་ལུ་ནི་ཏི་སྟ་རྦད། ཏྲིག་ཏྲིག་ཧྲིང་མཱ་མཱ་མ་ཤམ་ཙིཏྟ་དཔལ་ལྷ་མོ་ཡ། བདག་ཅག་གི་སྤྱི་སྡོམ་གྱི་སྙིང་པོའོ།། བསྙེན་པའི་དཀྱིལ་འཁོར་ནི། དབུས་སུ་གྲུ་གསུམ་པདྨ་འདབ་བརྒྱད་བཅས་པར་བྱས་ལ། ཟླུམ་པོ་ལ་ཐོད་པའི་འཕྲེང་བས་བསྐོར་བ་གྲུ་ཆད་དང་བཅས་པར་བྱའོ།། གསད་པའི་དཀྱིལ་འཁོར་ནི། གྲུ་གསུམ་དམར་ནག་ཏུ་བྱས་ལ། ཐོད་འཕྲེང་གྲུ་ཆད་དུ་བཅས་པ་སྒོ་ཁྱུད་དང་མེ་རིར་བཅས་པར་བྱའོ། ། རག་ཏུ་གསད་པའི་དཀྱིལ་འཁོར་ནི། ཐོད་པ་སྐྱ་བོ་ལ་ཕྱི་ནང་དུ་སྲོག་ལེན་ཕོ་མོ་བརྒྱད་ཀྱི་ཞལ་ཕྱུང་བའོ།། དེ་ལྟར་བསྙེན་བསྒྲུབས་གསད་དང་གསུམ་གྱི་དཀྱིལ་འཁོར་ལ་བ་སུ་ཏའི་ཕྲ་ལག་དང་འཕྲེང་བས་བསྐོར། ཞིང་གི་རྒྱལ་མཚན་དང། རྐང་ཆེན་གྱི་དུང་དང། ཐོད་པའི་རྔ་དང། བབྡྷའི་ཆ་ལང་དང། སྤྱི་བླུགས་ཞྭ་ཆེན་གོན། འཕྲེང་ཆེན་བགྲང། རཀྟའི་དར་ཕྱར། ཀུ་ཤའི་གླུ་བླང། ཤེལ་ནག་ལ་འབེན་བཅའ། དེ་ནས་བསྙེན་བསྒྲུབ་ཚུལ་བཞིན་པ། མཚན་མ་བཟང་པོར་མ་བྱུང་བར། འཛབ་གདོན་བསྟོད་དང་བསྐུལ་བ་གཏང། རྒྱུ་དུས་དག་ཏུ་གཏོར་མ་ནི། གནད་ནས་བོད་ཅིང་སྦྱིན་པར་བྱ།། དེ་ནས་མཚན་མ་བྱུང་བ་དང། ། ཐུན་འཕང་དངོས་གྲུབ་བླང་བར་བྱ།། དེ་ནི་བསྒྲུབ་པར་བཤད་པའོ།། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། སྲོག་སྙིང་བསྟན་པ་དང་རྩ་བའི་མཎྜལ་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། བསྙེན་ཅིང་བསྒྲུབ་པར་བྱ་བ་ནི།། དཀྱིལ་འཁོར་པདྨ་འདབ་བརྒྱད་ལ།། དབུས་སུ་མཐིང་ནག་གྲུ་གསུམ་ལ། ཐོད་འཕྲེང་མེ་རིས་བརྒྱན་པར་བྱ།། སྒོ་དང་སྒོ་ཁྱུད་བཅས་པར་བྲི། ། དེ་ལ་དམ་རྫས་དགོད་པ་ནི།། མཆོག་ཕུར་བཅུ་དང་ལྕགས་ཕུར་ཅུ།། མཐིང་ནག་དར་གྱིས་བརྒྱན་པ་དགོད།། སེང་གེའི་སྙིང་དང་མི་སྙིང་དང།། རྟ་སྙིང་ཁྱི་སྙིང་ར་སྙིང་དང།། ལུག་གི་སྙིང་དང་གླང་གི་སྙིང། ། དོམ་གྱི་སྙིང་དང་སྟག་གི་སྙིང།། ཕག་པའི་སྙིང་དང་བཅུ་པོ་ཡིས།། སྙིང་རྩེ་ལ་དར་མཐིང་ནག་ལྕེའུ་རེ་གདགས།། སྙིང་གི་རྩ་བ་སྙིང་རང་དངོས་སུ་དར་དམར་པོ་ལྕེ་རེ་གདགས། མི་ཁྲག་དང་རྟ་ཁྲག་ལ་གཞི་བླངས་ལ། ། ཁྲག་སྣ་ཅི་མང་ཐོད་པ་གསུམ་བཞག། རྩང་ལ་གློ་སྙིང་དམར་ཕྲུལ་ལེ་བཀལ་ལ་གཟུགས། བཤོས་བུ་ཆག་གང་བ་ཅིག་ལ་ཁྲག་གི་ཐིག་ལེ་ལོགས་བཞིར་བྱུག་ལ་སྟེགས་བུའི་སྟེང་དུ་བཞག། སྨྱུག་མ་ཚིགས་དགུ་པ་ཅིག་ལ་ཚོན་ཚོགས་ཀྱི་ནམ་མཁའ་ཅིག་བྱས་ལ། བཤོས་བུའི་དཀྱིལ་ན་ཡར་གཟུགས་སོ།། བྱ་ཚལ་བུ་ཅིག་གིས་ཐུགས་དམ་བསྐང། གསོབ་ཤུས་བྱས་ལ་གཤོག་པ་གཡས་པ་ལ་དགྲ་བོའི་མིང་རུས་བཏགས་ལ། དར་ཚོན་སྣ་ལྔས་བརྒྱན་ལ་ནམ་མཁའི་དཀྱིལ་དུ་གདགས་སོ།། བྱ་མཚལ་བུ་ཅིག་གི་གཤོག་པ་གཡས་པ་ལ་དགྲ་བོའི་མིང་རུས་བཏགས་ལ། བདུད་སྒྲོལ་གྱིང་རྣམས་ཀྱི་རྟ་རུ་བཟུང་ཞིང་རྟེན་དུ་བཅའ་འོ། ། རྨད་དུ་བྱུང་བའི་གཏོར་མ་ཆ་གཅིག་བཤམས་ལ། སྲིད་པ་ཕོ་བཅུ་བསྐུལ་ཞིང་དམོད་བཙུགས་ལ་གཏང་ངོ།། ཟླ་ཁམ་བསེ་ཞལ་ཅན་ཅིག་ལ་བྱང་ཆུབ་སེམས་ཀྱི་ཐིག་བཏབ་ལ། དེ་ལ་ནམ་མཁའ་ནག་པོ་ཅིག་བཙུགས་ལ། བྱ་མོ་ནག་མོའི་གསོབ་ཅིག་གི་གཤོག་པ་གཡོན་པ་ལ་དགྲ་བོའི་མིང་རུས་བཏགས་ལ། གཤོག་པ་གཡས་དང་གཞུང་ལ་དར་ཚོན་སྣ་ལྔས་བརྒྱན་ནམ་མཁའ་ལ་གདགས། བྱ་ནག་མོ་ཅིག་ལ་སྐེར་ཙིཏྟའི་འཕྲེང་བ་གདགས། ལུས་ལ་དར་ཚོན་སྣ་ལྔས་བརྒྱན་ལ་བདུད་མོ་རྣམས་ཀྱི་ཐུགས་དམ་བསྐང་ཞིང་རྟེན་དུ་བཅའ་འོ།། རྨད་དུ་བྱུང་བའི་གཏོར་མ་ལ་དམོད་བཙུགས་ཤིང་སྲོད་དང་ཐོ་རངས་གཏད་དོ།། དེ་ནས་བདུད་ཡབ་ཡུམ་རྣམས་ལ་སྲོག་སྙིང་ཚད་དུ་བསྐྱལ་ཏེ་ལས་བཅོལ་ན། དགྲ་བགེགས་བརྒྱ་བརྒྱ་སྒྲོལ་ནུས་སོ།། ཨོཾ་ཏྲི་ཙ་པ་ལ་ཨ་ཤུག་མེ་སྭཱཧཱ། ཨོཾ་མ་ཙ་པ་ལ་ཨ་ཤུག་མེ་སྭཱཧཱ། ཞེས་སྲོག་སྙིང་དེ་རེ་རེ་ལ་བྱེ་བའི་ཚད་དུ་སྐྱོན་ན། རྟགས་ནི་རབ་འབྲིང་རྣམ་གསུམ་སྟོན། རབ་ཏུ་སྐུ་ནི་མངོན་དུ་སྟོན།། འབྲིང་དུ་སྐད་འབྱིན་འོད་དང་སྒྲ།། ཐ་མར་མེ་འབར་བ་རུ་འབྱུང།། རྟགས་ནི་མངོན་དུ་བསྟན་པ་དང།། འཕྲིན་ལས་རིམ་པ་གཞུང་བཞིན་བརྩམ། ། ཧཱུཾ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། ཡབ་ཅིག་གཤིན་རྗེའི་རྒྱལ་པོ་གཤེགས་སུ་གསོལ།། ཡུམ་ཅིག་སྲིན་མོ་དུར་ཁྲོད་བདག་མོ་གཤེགས་སུ་གསོལ།། སྲས་མཆོག་སྤྲུལ་པ་ཡ་མ་ར་ཛ་གཤེགས་སུ་གསོལ། ། དེ་ཡི་འཁོར་ན་གནས་པའི་སྲས་ཀྱི་མཆོག། གིང་ཆེན་བདུད་མོའི་ཚོགས་རྣམས་རྣམས་གཤེགས་སུ་གསོལ།། ཕྱོགས་ཕྱོགས་ནི་ཡ་ཀི་ན།། ནམ་མཁའ་ནི་ཡ་གི་ན།། རི་རབ་ནི་ཟོམ་རྩེ་ན། ། ཕྱོགས་བཞི་ནི་མཚམས་བརྒྱད་ན།། བདུད་ཀྱི་རྒྱལ་པོ་ཕོ་དགུ་མོ་དགུ་བཞུགས།། བདུད་ཕོ་བདུན་མོའི་མཚན་བཏགས་པས།། སྒྲོལ་གིང་ཕོ་མོ་བཅོ་བརྒྱད་པོ།། སྐྱེས་པ་ཕོ་མོ་ཀུན་གྱི་བདུད།། མི་ཕྱུགས་དེ་ནི་གཉིས་ཀྱི་བདུད། ། ཁྱེད་ཀྱི་དེ་ནི་ཕྱག་ན་མངའ།། སྐྱེས་མཆོག་གིང་ཆེན་ཕོ་མོའི་ཚོགས།། རྣལ་འབྱོར་དབང་ཕྱུག་བདག་བསྒྲུབ་ཀྱི།། དོ་ནུབ་སྤྱན་འདྲེན་གཤེགས་སུ་གསོལ།། ཛ་ཧཱུཾ་བཾ་ཧོ་གིང་ཀ་ར་ཧཱུཾ་ཛ། ནག་མོ་དུན་ཏིང་ཧཱུཾ་ཛ། ། ཧཱུཾ། སྙན་པའི་སྒྲས་ནི་སྤྱན་འདྲེན་ན།། དུང་དང་པི་ཝང་གླིང་བུའི་སྒྲ།། སྙན་པའི་གླུ་དབྱངས་ཕྱོགས་བཅུར་འབུལ།། སྲོག་ལེན་ཕོ་དགུ་མོ་དགུའི་ཚོགས།། ཕོ་བྲང་ཆེན་པོར་བཞུགས་སུ་གསོལ།། གིང་ཀ་རག་མོ་རཀྵ་ས་མ་ཡ་ཏིཥྛ་ལྷན། ། ཧཱུཾ། དགའ་དང་གུས་པས་ཕྱག་ཀྱང་འཚལ།། ང་ནི་དབང་ཕྱུག་ཆེན་པོ་སྟེ།། ཁྱེད་ནི་རྣལ་འབྱོར་དམ་ལ་གནས།། དམ་ཚིག་གཞུང་དུ་ཕྱག་འཚལ་ལོ།། སྐྱེ་མཆོག་གིང་ཆེན་ཕོ་མོ་ལ།། མོས་པའི་དམ་ཚིག་མཆོད་པ་ནི།། ཆང་ཕུད་དང་ནི་ཁྲག་ཕུད་དང།། ཤ་ཁྲག་དང་ནི་སྙིང་སྣ་དང།། འཛའ་གད་ཕུད་དང་གཏོར་མར་བཅས།། དྲི་བསྲུང་སྤོས་ཀྱི་མཆོད་པ་འདི།། གིང་ཆེན་ཡབ་ཡུམ་ཞལ་དུ་འབུལ། ། ས་མ་ཡ་གིང་ཀར་ནག་མོ་རཀྵ་དུན་ཏིང། མ་ཧཱ་པུ་ཛ་པྲ་ཏི་ཛ་ཧོ་ཁརཾ་ཁཱ་ཧི་ཁཱ་ཧི། ཧཱུཾ། ཕོ་བྲང་ཆེན་པོའི་ཟོམ་རྩེ་ན།། སྒྲོལ་བའི་གིང་ཆེན་ཕོ་མོ་བཞུགས།། ལེགས་ཉེས་འཛིན་པའི་དམ་ཚིག་ཅན། ། སྔོན་དང་སྔོན་གྱི་དམ་བཅས་པ།། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀས།། ལག་ཏུ་རྡོ་རྗེ་གཏན་ནས་ནི།། རྣལ་འབྱོར་ཕ་ཡི་བསྲུང་མ་རུ།། ཇི་ལྟར་ཁས་བླངས་དམ་བཅས་པ།། མི་བསྙལ་ཕྱིར་དུ་རྡོ་རྗེ་གཏད།། ང་ཡང་རྣལ་འབྱོར་དབང་ཕྱུག་ཆེན་པོ་སྟེ། ། ཁྱེད་ཀྱང་སྒྲོལ་བའི་དམ་ཚིག་ཅན།། དམ་ཚིག་བསྲེ་ཡིས་ད་ཚུར་སྤྱོན།། ངེད་ཀྱང་ལྷ་རུ་ཁྱེད་མཆོད་དེ།། ཁྱེད་ཀྱང་དམ་ལྡོག་ན་ར་སྐན།། བདག་ལ་ཚེ་ཡི་དབང་ཆེན་གསོལ།། བདག་གི་བུད་མེད་འཁོར་བཅས་ལ།། སྲོག་དང་སྲིད་ལ་མངའ་མ་མཛད།། འཁོར་འདི་སྲུངས་ལ་གནས་སྐྱོངས་ཤིག། ཅི་བཅོལ་བྱ་བར་ཁས་བླངས་སོ།། དགྲ་བགེགས་བསྒྲལ་བར་དམ་བཅས་སོ།། བདུད་བྲམ་ཡ་དགྲ་སྙིང་ལ་དུན་བྷྱོ་བྷྱོ། ནག་མོ་རཀྵ་དུན་ཏིང་ཁ་རཾ། དགྲ་སྙིང་ལ་དུན་བྷྱོ་བྷྱོ། དེ་ནས་བདུད་ཕོ་མོ་རྣམས་ལ་འཕྲིན་ལས་བཅོལ་བ། ཧཱུཾ། སྐྱེ་མཆོག་གིང་ཆེན་བཅོ་བརྒྱད་ཀྱང།། བཞུགས་ནི་རི་རབ་བརྩེ་ལ་བཞུགས། ། གནས་ནི་ནམ་མཁའི་དཀྱིལ་དུ་བཅས།། རྒྱུ་ནི་བར་སྣང་ཁམས་སུ་རྒྱུ།། གྲོགས་ནི་རྣལ་འབྱོར་སྤྱི་ལ་མཛད།། ཀུན་ཀྱང་ཁྲོ་བོའི་རྒྱལ་པོ་སྟེ།། ཀུན་ཀྱང་སྒྲོལ་བའི་བདག་མོ་མཛད།། སྐྱེ་མཆོག་ཁྲོ་བོ་གིང་ཀ་ར། ། བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས།། ཆིབས་སུ་སེང་གེ་དཀར་མོ་ཆིབས།། སྐུ་ལ་གཡུ་ཡི་སླག་པ་གསོལ།། གཡས་ན་གསོད་པའི་སྤུ་གྲིབ་བསྣམས།། གཡོན་ན་ལྕགས་ཀྱུ་རྣོན་པོ་བསྣམས།། རྔམ་ཞིང་བྲོས་པའི་ང་རོ་ཡིས། ། ལྷ་ཆེན་ཚངས་པ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེ་མཆོག་དུང་གི་གཙུག་ཕུད་ཅན།། ཁྲོ་མོ་གནས་པའི་འཕྲུལ་མོ་ཆེ།། གོས་སུ་མུན་པ་ནག་པོ་གོན།། མེ་སྒྲོན་འབར་བའི་ཤམ་ཐབས་ཅན། ། གནམ་ཕྱེད་གོས་སུ་གོན་པ་ལ།། ས་ཕྱེད་སྟན་དུ་འདིངས་པ་མོ།། ཕྱག་ན་མདུང་དམར་ལྕགས་ཀྱུ་བསྣམས།། ཆིབས་སུ་བསེ་ཡུ་ཁྱུང་ཆེན་ཆིབས།། ཤ་ཁྲག་ཀུན་གྱི་དྲི་སྣོམས་མ།། ལས་སུ་སྒྲོལ་ལ་དགའ་བ་མོ། ། སྤུ་གྲིས་འདེབས་ཤིང་མཆོད་སྟབས་བྱེད།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། སྐྱེ་མཆོག་རྡོ་རྗེ་དུར་ཁྲོད་གཤེད། ། བཞུགས་ནི་རི་རབ་བརྩེ་ལ་བཞུགས།། ཆིབས་སུ་ཁྱུང་ཆེན་གཤོག་ལ་ཆིབས།། སྐུ་ལ་ཁྱུང་གི་སླག་པ་གསོལ།། གཡས་ན་གསོད་པའི་སྤུ་གྲི་ཐོགས།། གཡོན་ན་ལྕགས་ཀྱུ་རྣོན་པོ་ཐོགས།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས། ། མ་བདུད་ནག་མོ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེ་མཆོག་ཁྱུང་གི་གཤོག་རྒོད་རྩལ།། ཁྲོ་མོ་ནམ་མཁའི་གློག་འབར་མ།། གོས་སུ་ནམ་མཁའི་ཁམས་ཀུན་གོན། ། ཕྱག་ན་སྲོག་གི་ཆན་པ་ཐོགས།། ཆིབས་སུ་འབྲུག་དང་རླུང་ལ་ཆིབས།། རོལ་དུ་གློག་དང་འཚུབས་མ་ཁྲིད།། གང་དུ་བསམ་པར་ཡུད་ཀྱིས་ཕྱིན།། སྔོན་གྱི་ཐུགས་དམ་སྨར་ལགས་ཀྱིས།། ཁྱག་ཆེན་དམ་ལ་ད་ཚུར་སྦྱོན། ། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། རྡོ་རྗེ་སྤྱང་ཁུ་ཆེན་མོ་ནི། ། བཞུགས་ནི་དུར་ཁྲོད་གནས་ན་བཞུགས།། ཆིབས་སུ་ཟ་བྱེད་སྤྱང་ཁུ་ཆིབས།། སྐུ་ལ་ལྕེ་སྤྱང་སླག་པ་གསོལ།། སྐུ་ནི་ནག་པོའི་འགྱིང་སྟབས་ཅན།། གིང་ཆེན་མང་པོ་ཕོ་ཉེར་འགྱེད།། གཡས་ན་གསོད་པའི་སྤུ་གྲི་བསྣམས། ། གཡོན་པ་ལྕགས་ཀྱུ་འབར་བས་སྙིང་ཡང་འབྱིན།། རྔམ་ཞིང་ཁྲོས་པའྀ་ང་རོ་ཡིས།། དམ་སྲི་ཐམས་ཅད་སྒྲོལ་མ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་རྡོ་རྗེ་སྒྲོལ་བྱེད་རྩལ།། ཁྲོ་མོ་བར་སྣང་གློག་འབར་མ། ། བདུད་ཀྱི་ལྕམ་མོ་གཤིན་རྗེའི་ཡུམ།། ཉི་མ་གཅིག་ལ་ཁམས་གསུམ་རྒྱུ།། མཚན་མོ་གཅིག་ལ་སྟོང་ཁམས་རྒྱུ།། གཡས་པ་ཁྲག་ནག་ཕྱར་ཞིང་གཡོབ།། གཡོན་པ་ཏྲི་ཤུལ་འཕྱར་ཞིང་བརྡེག། གཡུ་ཡི་ཆུ་སྲིན་འབར་བ་ཆིབས།། སྡང་བར་བྱེད་པའི་དགྲ་ལ་ཡ།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་སྒྲོལ་དུ་གསོལ། ། ཧཱུཾ། སྐྱེ་མཆོག་རྡོ་རྗེ་གཏུམ་པོ་རྩལ།། བཞུགས་ནི་བར་སྣང་ཁམས་ན་བཞུགས།། ཆིབས་སུ་རྔམ་པ་དོམ་ལ་ཆིབས།། སྐུ་ལ་དོམ་སླག་ནག་པོ་གསོལ།། ཕྱག་ན་དགྲ་སྟ་ཞགས་པ་བསྣམས།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས། ། བདུད་རྗེ་ནག་པོ་སྒྲོལ་ལ་བརྩོན།། དེ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་རྡོ་རྗེ་བདུད་འདུལ་རྩལ།། ཁྲོ་མོ་མི་མཚན་ལྕང་ལོའི་བདག། སྐུ་ལ་འོད་འབྱུང་ཁམས་གསུམ་བསྲེགས། ། ཞལ་ནས་མེ་འབར་རྒྱ་མཚོ་སྐེམས།། ཆིབས་སུ་ཆུ་གླང་ལུ་མོ་ཆིབས།། གོས་སུ་ཤ་ཐུལ་ནག་པོ་གོན།། ཕྱག་ན་ཤ་ཞགས་རིང་མོ་བསྣམས།། ཕྱག་གཡོན་ཐོད་ཁྲག་ཟོར་དུ་འཕེན།། ལས་སུ་གསོད་ལ་དགའ་བ་མོ། ། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། བཞུགས་ནི་འོད་ཀྱི་དཀྱིལ་ན་བཞུགས། ། ཆིབས་སུ་སྟག་གུ་རིགས་ལ་ཆིབས།། སྐུ་ལ་སྟག་གི་སླག་པ་གསོལ།། སྐུ་སྟོད་སྟག་གི་ཟར་ཕྲན་ཅན།། གཡས་པ་གསོད་པའི་སྤུ་གྲི་བསྣམས།། གཡོན་པ་ལྕགས་ཀྱུ་རྣོན་པ་བསྣམས།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས། ། གཤིན་རྗེ་ནག་པོ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་སྟག་གི་ཟར་ཕྲན་ཅན།། ཁྲོ་བོ་ཁྲོ་མོ་སྟག་མགོ་ཅན།། སྐུ་ལ་མེ་འབར་རྒྱ་མཚོ་སྐྱེམས།། འཁོར་ནི་ཆུ་སྲིན་རྒྱལ་བས་བསྐོར། ། ལག་ན་སྦྲུལ་གྱི་ཞགས་པ་བསྣམས།། ཆུ་སྲིན་བིར་གྱི་བུ་མོ་ཞོན།། རྒྱ་མཚོའི་གཏིང་ནས་དམིགས་པ་ལེན།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལེགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། ། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། རྡོ་རྗེ་འབྱུང་བ་ཆེན་པོ་ནི།། བཞུགས་ནི་འབྱུང་པོའི་དཀྱིལ་ན་བཞུགས།། ཆིབས་སུ་རྒོད་ཀྱི་གཤོག་པ་ཆིབས།། སྐུ་ལ་མེ་ཡི་སླག་པ་གསོལ། ། གཡས་ན་ལྕེ་དགུ་ཞགས་པ་བསྣམས།། གཡོན་ན་ལྕགས་ཀྱུ་རྣོན་པོ་བསྣམས།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས།། མེ་ལ་འབྱུང་པོ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་རྡོ་རྗེ་ཐོགས་མེད་རྩལ། ། ཁྲོ་མོ་བར་སྣངས་གཟི་འཕྲེང་མ།། སྐུ་མདོག་མཐིང་ནག་འབར་བ་ལ།། སྐུ་ལ་གཟི་ཐུམ་ཁྲ་བོ་གསོལ།། ཕྱག་ན་གཟི་ཡི་ཁྲམ་ཡིག་བསྣམས།། དགྲ་བོ་དམ་ཉམས་ཐུགས་དམ་བསྐང། ། ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབས།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། རྡོ་རྗེ་འཆི་བདག་ཆེན་མོ་ནི། ། བཞུགས་ནི་བདུད་ཀྱི་ཡུལ་ན་བཞུགས།། ཆིབས་སུ་བདུད་རྟ་ནག་པོ་ཆིབས།། སྐུ་ལ་བདུད་ཀྱི་ཆས་དགུ་གསོལ།། ནག་པོ་བདུད་ཀྱི་ཕོ་ཉ་སྟེ།། གཡས་ན་གསོད་པའི་སྤུ་གྲི་བསྣམས།། གཡོན་ན་ལྕགས་ཀྱུ་རྣོན་པོ་ཐོགས། ། རྒྱུད་དྲུག་གཅོད་ཅིང་ཙིཏྟ་འབྱིན།། རྒྱུ་དྲུག་གཅོད་དཔའི་གང་ཕོ་ནི།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས།། རེ་སྟེ་འགོང་ཡག་སྒྲོལ་ལ་བརྩོན།། ནག་པོ་ཀུན་གྱི་ཕོ་ཉ་སྟེ།། དེ་ལ་གསང་བའི་མཚན་བཏགས་པ། ། རྡོ་རྗེ་རྔམ་པའི་བསྒྲུབ་པ་ཙལ།། ཁྲོ་མོ་འབར་སྣང་མཐུ་མོ་ཆེ།། སྲིད་པ་གསུམ་གྱི་བྱོ་བཟློག་མཁན།། སྐུ་མདོག་སེར་མོ་འབར་བ་ལ།། སྐུ་ལ་གསེར་ཐུལ་སེར་པོ་གསོལ།། ཆིབས་སུ་རླུང་དང་བུ་ཡུག་ཆིབས། ། ཕྱག་ན་སེར་པ་ཁ་ཆར་བསྣམས།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུ་བསྒྲལ་དུ་གསོལ།། ཧཱུཾ། རྡོ་རྗེ་གནོད་སྦྱིན་ཆེན་མོ་ནི། ། བཞུགས་ནི་བར་སྣང་ཁམས་ན་བཞུགས།། སྐུ་ལ་མེ་འབར་སླག་པ་གསོལ།། ཆིབས་སུ་ལྕགས་ཀྱི་སྤྱང་ཁུ་ཆིབས།། གཡས་ན་ཀ་དར་རྣོན་པོ་ཐོགས།། གཡོན་ན་ལྕགས་ཀྱུ་རྣོན་པོ་ཐོགས། ། རྔམ་ཞིང་ཁྲོས་པའི་ང་རོ་ཡིས།། གནོད་སྦྱིན་ཕོ་མོ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་རཀྟ་ཐིག་ལེ་རྩལ།། ཁྲོ་མོ་བར་སྣང་གློག་འབར་མ།། སྐུ་མདོག་དམར་ནག་འབར་བ་ལ། ། སྐུ་ལ་མཐིག་ནག་བེར་ཆེན་གསོལ།། ཆིབས་སུ་སྟག་མོ་གྲུས་མ་ཆིབས།། ཕྱག་ན་འཛིན་བྱེད་ཕྱག་ཆ་ནི།། དབུ་ཞགས་སྔོན་པོ་ཤ་ར་ར།། སྔོན་གྱི་རྒྱལ་བས་གསུངས་པའི་བཀའ།། ལས་སུ་གསོད་ལ་དགའ་བ་མོ། ། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། ནག་མོ་མེ་ཡི་ཁ་རླངས་ཅན།། སྐུ་མདོག་ནག་མོ་འབར་བ་ལ། ། མུན་པ་ནག་པོའི་སླག་པ་གསོལ།། ཆིབས་སུ་བདག་གཡག་རོག་པོ་ཆིབས།། ཕྱག་ན་བདུད་ཀྱི་ཁྲམ་ཐོགས་ཤིང།། སྡང་བའི་དགྲ་བོ་ཁྲམ་ལ་འདེབས།། འཁོར་དུ་སྲོག་བདག་འབུམ་གྱིས་བསྐོར།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས། ། སྲོག་གཅོད་ཕོ་མོ་ལས་ལ་བསྐུལ།། དེ་ལ་གསང་བའི་མཚན་བཏགས་པ།། ནག་པོ་སྲོག་ལེན་རགྴ་ཁ།། ཁྲོ་མོ་དཔལ་ལྡན་རེ་མ་ཏི།། སྐུ་སྟོད་རེ་བ་ནག་པོ་གསོལ།། དྲེད་ལྤགས་ནག་པོའི་ཤམ་ཐབས་ཅན། ། ལྕགས་ཀྱི་དྲེ་རྟ་རྐང་གསུམ་ལ།། སྲིན་པོའི་ཡ་མཁལ་སྔ་རུ་བྱས།། སྲིན་པོའི་མ་མཁལ་ཕྱི་རུ་བྱས།། སྲིན་མོའི་སོགས་པས་སྒ་ལེགས་བྱས།། སྲིན་པོའི་པགས་པས་སྒ་གཡོགས་བྱས།། མི་མགོའི་ཡོབ་ཆེན་ཁྲ་ལ་ལ། ། སྦྲུལ་གྱི་གོང་ཐག་གོ་རྨད་ཅན།། བྱུ་རུ་དམར་པོའི་མཐུར་སྲབ་ལ།། གཡུ་ཡི་ཁ་རྒྱན་སི་ལི་ལི།། སྐྱེ་ནས་གསེར་གྱི་དྲིལ་བུ་ཁྲོལ།། དེ་ལྟ་བུ་ནི་ཆིབས་སུ་ཆིབས།། གཡས་ན་བྷན་དྷ་ཁྲམ་ཤིང་བསྣམས། ། གཡོན་ན་ནད་ཀྱི་རྒྱལ་བ་བསྣམས།། འཕོངས་ལ་མཚོན་གྱི་གྲུ་གུ་བཀལ། གོང་ན་ཤོད་ཀྱི་རྡེའུ་བགྲང།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། ། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ།། ཧཱུཾ། རྡོ་རྗེ་དུས་འཚམས་ཆེན་མོ་ནི།། བཞུགས་ནི་རླུང་ནག་དཀྱིལ་ན་བཞུགས།། སྐུ་ལ་ལྕགས་ཀྱི་ཚེ་བེར་གསོལ།། ཕྱག་ན་འཇིགས་བྱེད་སྒྲོལ་བ་སྤུ་གྲི་བསྣམས། ། གཡོན་ན་ལྕགས་ཀྱུ་རྣོན་པོ་བསྣམས།། རྔམ་ཞིང་ཁྲོས་པའི་ང་རོ་ཡིས།། འཇིག་རྟེན་དྲེགས་པ་སྒྲོལ་ལ་བརྩོན།། དེ་ལ་གསང་བའི་མཚན་བཏགས་པ།། སྐྱེས་མཆོག་ངེས་པའི་ཐིག་ལེ་རྩལ།། ཁྲོ་མོ་སྨུག་ནག་རེ་མ་ཏི། ། སྨུག་ནག་འབར་བའི་ན་བཟའ་ལ།། མེ་སྟག་འབར་བའི་ཤམ་ཐབས་ཅན།། ཆིབས་སུ་ཆུ་གླང་ནག་པོ་ཆིབས།། རྒྱུ་ནི་དུར་ཁྲོད་ཀློང་ན་རྒྱུ།། ལེན་ནི་སྤྱུགས་པའི་གླུ་ལེན་མ།། གཏོང་ནི་ལྟས་ངན་སྣ་ཚོགས་གཏོང། ། ཟ་ནི་མི་ཤ་རློན་པ་ཟ།། འགེངས་ནི་སྟོང་གསུམ་བགེགས་ཀྱིས་འགེངས།། འཐུང་ནི་རྟ་ཁྲག་རློན་པ་འཐུང།། བཞིན་ཡང་མི་སྡུག་ཁྲག་མདོག་མ།། འཁོར་བཞི་ནག་མོ་ཁྲག་མདོག་མ།། དེ་ཡི་འཁོར་གྱི་མ་མོ་ནི། ། གྲངས་ཀྱང་བརྒྱ་ཕྲག་སྟོང་ཡོད་ཀྱང།། རེ་ཡང་གཉིན་མོ་ཀུན་ལ་རེ།། སུ་ལ་མི་རེ་ཁྱོད་ལ་རེ།། སུ་ལ་མི་ལྟོས་ཁྱོད་ལ་ལྟོས།། དཔལ་ལྡན་ནག་མོ་རེ་མ་ཏེ།། མཐུ་རྩལ་ཆེ་བར་རྒྱུ་མཆིས་པས།། དམག་དཔུང་བསྐྱེད་ལ་བདུད་ཁ་བསྒྱུར། ། རུ་མཚོན་ཕྱོར་ལ་དགྲ་དཔུང་ཆོམ།། ལས་སུ་གསོད་ལ་དགའ་བ་མོ།། སྦྱོར་སྒྲོལ་དམ་ཚིག་མཆོག་ལགས་ཀྱིས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ། ། བདུད་པྲ་མ་ཡ་དགྲ་སྙིང་ལ་དུན་བྷྱོ། སྲོག་རྩ་ཆོད་སྲོག་རྩ་ཆོད། ཁ་ཐ་ཁ་ཐ། རྦད་བུ་རྦད་བུ། དགྲ་སྙིང་ལ་དུན་བྷྱོ། མི་སྙིང་ལ་དུན་བྷྱོ། བདུད་བྲ་མ་ཡ་ཐུམ་ཐུམ། དགྲ་བོའི་སྙིང་ལ་ཐུམ། བདུད་བྲ་མ་ཡང་གཟེར་གཟེར། དགྲ་བོའི་སྙིང་ལ་གཟེར། བདུད་པྲ་མ་ཡ་དགྲ་བོའི་སྙིང་ལ་དུན་བྷྱོ། སྲོག་རྩ་ཆོད་སྲོག་རྩ་ཆོད། ཁ་ཐ་ཁ་ཐ། རྦད་བུ་རྦད་བུ། དགྲ་སྙིང་ལ་དུན་བྷྱོ། མི་སྙིང་ལ་དུན་བྷྱོ། བདུད་པྲ་མ་ཡ་ཐུམ་ཐུམ། དགྲ་བོའི་སྙིང་ལ་ཐུམ། བདུད་པྲ་མོ་ཡ་གཟེར། དགྲ་བོའི་སྙིང་ལ་གཟེར། བདུད་པྲ་མོ་ཡ་དགྲ་བོའི་སྲོག་རྩ་ཆོད། བདུད་པྲ་མོ་ཡ་དགྲ་བོ་ནི་མ་ར་ཡ་ཛ་ཐུམས་རྦད། ནག་མོ་མཾ་ས་ཤ་ལ་ཛ་ཛ་ཏྲཾ། ནག་མོ་ཙིཏྟ་སྙིང་ལ་ཛ་ཛ། ནག་མོ་དགྲ་བོའོ་རྩ་ལ་ཛ་ཛ། ནག་མོ་དགྲ་བོའི་སྲོག་ལ་ཛ་ཛ། ནག་མོ་དགྲ་བོའི་དབུགས་ལ་ཧར་ཧུར་ཛ་ཛ། ནག་མོ་དགྲ་བོའི་སྙིང་ལ་ཛ་ཛ། ཏིག་ཧབ་ཡཱ་ཡཱ། སྙིང་ལ་ཐུན། ཙིཏྟ་ཁ་ཐུམ་ལོག། ཐུམ་རིལ་རྦད། ཡཾ་རྦད་བྷྱོ། སྲོག་ལ་ཐུམ་རྦད། ཁམ་རིལ་ཡ་རྦད། མཱ་ར་ཡ་བྷྱོ། ཕུར་པ་རྣམས་ཀྱང་གཟུགས་ལ་བརྡེག། སྙིང་སྣ་རྣམས་དང་གཏོར་མས་མཆོད། བཤོས་ཆ་ཆང་ཕུད་དུས་གསུམ་མཆོད།། བྱ་དང་ནམ་མཁའ་རྟེན་དུ་གཟུགས། ། རྟགས་རྣམས་བྱུང་ནས་མཎྜལ་བསྡུ།། མ་ར་ཡ་བྷྱོ། ཕུར་པ་རྣམས་ཀྱང་གཟུགས་ལ་བརྡེག། སྙིང་སྣ་རྣམས་ཀྱང་གཏོར་མར་མཆོད།། དངོས་གྲུབ་བླངས་ཏེ་གཏང་རག་གཏང། ། དཔལ་ལྡན་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། སྲོག་བདག་ཕོ་དགུ་མོ་དགུ་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ་གསད་པར་བྱ་བའི་འཕྲིན་ལས་ནི། ། དཀྱིལ་འཁོར་དམར་ནག་གྲུ་གསུམ་ལ།། ཟླ་ཁམས་གསུམ་ལྡན་ཐོད་འཕྲེང་བརྒྱན།། གྲུ་ཆད་སྒོ་དང་མེ་རིར་བཅས།། ཚུལ་དང་མཐུན་པའི་མཎྜལ་བཅས།། གྲུ་གསུམ་བཞི་ལ་ལྕགས་ཕུར་བཞི།། གྲུ་ཆད་བཞི་ལ་ཐིལ་བཞི། ། ཟླུམ་པོ་གཙང་ནག་འབུམ་གྱིས་བསྐོར།། ཟླ་ཁམས་གསུམ་ལ་བྱ་ནག་གསུམ།། གཞན་ཡང་དམ་རྫས་ཚང་བར་བསགས།། ཚུལ་དང་མཐུན་པའི་གཏོར་མ་གཉིས།། སྲོད་དང་ཐོ་རངས་དུས་སུ་གཏང། ། འཇིགས་བྱེད་རྒྱལ་པོ་གཤིན་རྗེ་ཡིས།། དམ་ཆེན་བསྐུལ་ལ་རྩང་ཕུར་གདབ།། དེ་ནས་ཆེ་བའི་ང་རྒྱལ་བསྐྱེད་ལ།། མཁན་རྒྱ་ནས་མཚང་བྲུ་ཞིང་ཕུར་པས་གདབ། ཧཱུཾ། རྒྱ་གར་ཡུལ་ནས་བཞུགས་པའི་ཚེ། ། རྒྱ་མོ་སྤྱན་དམར་མ་ཡི་མཁན།། ཁྱོད་ནི་མྱོས་བྱེད་ཆེན་མོ་སྟེ། དམ་ཚིག་ཉམས་པའི་དགྲ་བོ་ཡི།། ཀླད་པའི་རྒྱས་སུ་ཕུར་བུས་ཐོབ།། ཨོཾ་ཏ་དྱ་ཐཱ་ཏྲ་ག་རཀྵ་མུ་ཏི་བེ་རུ་ལུ་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། མ་གི་ཡ་ཧཱུཾ་ཕཊ། མེན་ཡུལ་གཏིང་ན་བཞུགས་པའི་ཚེ།། མོན་མོན་སྤྱི་རིངས་ལས་འཕྲན་ཅན་གྱི་མཁན།། ཁྱོད་ནི་སྐུལ་བྱེད་ཆེན་མོ་སྟེ།། དམ་ཚིག་ཉམས་པའི་དགྲ་འདིའི།། རྐང་པའི་མཐིལ་དུ་ཀི་ལ་ཡ།། ཨོཾ་པདྨ་ར་ཏི་རུ་ཏི་རེ་མ་ཏི། ཙིཏྟ་ཙིཏྟ་དགྲ་སྙིང་ལ་བྷྱོ་བྷྱོ། ཏྲག་མོ་རཀྵ་ཀཱ་ལ་ཡ་ཧཱུཾ་ཕཊ། དབུས་ཀྱི་དུར་ཁྲོད་ཀློང་ན་བཞུགས་པའི་ཚེ། ཨེ་ཀ་ཛ་ཏི་རལ་གཅིག་མ་ཡི་མཁན།། ཁྱོད་ནི་གསོད་བྱེད་ཆེན་མོ་སྟེ།། དམ་ཚིག་ཉམས་པའི་དགྲ་བོ་ཡི། ། མཁལ་རྩ་གཡས་སུ་ཀི་ལ་ཡ།། ཨོཾ་ལུ་ཀོའུ་མེ་སན་ནན་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། རག་མོ་རཀྵ་ཀི་ལ་ཡ་ཧཱུཾ་ཕཊ། དམར་གྱི་རྒྱ་མཚོ་འགྲམ་ན་བཞུགས་པའི་ཚེ།། ནག་མོ་ཡུལ་ཡི་རལ་གཅིག་ཡི་མཁན། ། ཁྱོད་ནི་སྲོག་ལེན་ཆེན་མོ་སྟེ།། དམ་ཚིག་ཉམས་པའི་དགྲ་བོ་འདིའོ།། མཁལ་རྩ་གཡོན་ལ་ཀི་ལ་ཡ།། ཨོཾ་ཨུ་ཏི་དུ་རུ་དུ་རུ། ཚལ་པ་མེ་དྷ་ར་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། རག་མོ་རགྴ་ཀཱི་ལ་ཡ་ཧཱུཾ་ཕཊ། ཁྱོད་ཀྱི་འཁོར་དུ་བུད་མེད་ནག་མོ་འབུམ་གྱིས་བསྐོར་བའི་ཚེ། ནག་མོ་འབུམ་རྣམས་ལས་ལ་འགྱེད་པའི་མཁན།། ཁྱེད་ཀྱི་སྤྱན་རྩ་བཟློག་ནས་མཆེ་བ་གརྩིགས་པའི་ཚེ།། བུད་མེད་ནག་མོ་འབུམ་གྱིས་ཡང།། མིག་རྩ་རིག་རིག་ཁྱེད་ལ་ལྟ་བའི་མཁན། ། ཁྱེད་ཀྱིས་རྐན་སྒྲ་ཆེམ་ཆེམ་དྲག་ཏུ་བརྡབས་པའི་ཚེ།། ད་ལྟ་ཉིད་དུ་འཕྲིན་ལས་མཛད་པའི་མཁན། ཨོཾ་ཧ་ར་ལ་བྷྱོ་བྷྱོ། པ་ཙ་པ་ཙ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་འབྱུང་བའི་རྒྱུད་ལས། གཙོ་མོ་བཞིས་བུར་བ་གདབ་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་འཁོར་ནག་མོ་འབུམ་གྱི་རྩང་གིས་གདབ་པའི་ཕྱིར། ཧཱུཾ། དབྱིངས་ཀྱི་དུར་ཁྲོད་ཀློང་ན་བཞུགས་པའི་ཚེ། ། རླུང་དང་བུ་ཡུག་སྣ་འདྲེན་པའི།། དབྱར་ཞིང་རྒྱ་མཚོའི་འགྲམ་ན་བཞུགས་པའི་ཚེ།། མེ་ཏོག་མདངས་ལེན་བཞུགས་པའི་མཁན།། སྟོན་བཞིན་བར་སྣང་ཁམས་ན་བཞུགས་པའི་ཚེ། འབྲས་བུ་ལོ་ཐོག་བཅུད་ལེན་མ་ཡིན་མཁན། ། དགུན་བཞིན་གངས་དཀར་རྩེ་ན་བཞུགས་པའི་ཚེ།། རླུང་དང་བུ་ཡུག་སྣ་འདྲེན་མ་ཡི་མཁན།། ནམ་གྱི་གུང་ལ་རྒྱུ་བའི་ཚེ།། ལྷ་མོ་ནམ་གྲུ་མ་ཡི་མཁན།། བདུད་ཀྱི་བུ་མོ་མཛད་པའི་ཚེ། ། བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ་ཅིག་མ་ཡི་མཁན།། མ་མོ་སྟོང་གི་གཙོ་མོ་མཛད་པའི་ཚེ།། ཛ་ཛ་ཤོ་ན་མ་ཡི་མཁན།། དཔལ་ཆེན་པོ་ཡི་ཞལ་ནི་མངོན་སུམ་མཐོང་བའི་ཚེ།། བྷཱ་ག་ཧྲི་ཏི་མ་ཡི་མཁན། ། དཔལ་ཆེན་གཟུངས་མ་མཛད་པའི་ཚེ།། ཀྲོ་དྷི་ཤྭོ་ན་མ་ཡི་མཁན།། དཔལ་རྟ་མགྲིན་གཟུངས་མ་མཛད་པའི་ཚེ།། ཨེ་ཀ་ཛ་ཏི་རལ་གཅིག་མ་ཡི་མཁན།། དགྲ་རྣམས་ཕུང་བར་མཛད་པའི་ཚེ།། དགྲ་བླའི་རྒྱལ་མོ་ཉིད་ཀྱི་མཁན། ། སྐུ་ལ་མུ་ཏིག་དཀར་པོའི་འཕྲེང་བས་དོ་ཤལ་མཛད་པའི་ཚེ།། ཨེ་ཀ་ཛ་ཊི་ཡ་མའི་མཁན།། བར་སྣང་ཁམས་ལ་བཞུགས་པའི་ཚེ།། འགྲོ་བ་ཀུན་ལ་དབང་སྒྱུར་མ་ཡི་མཁན།། འཛམ་བུ་གླིང་བཞི་དུས་གཅིག་རྒྱུ་བའི་ཚེ། ། གླིང་བཞི་གྲགས་མོ་རྒྱལ་གྱི་མཁན།། མཛའ་བུ་གླིང་བཞི་མངའ་བདག་མཛད་པའི་ཚེ།། གླིང་གི་འདྲ་རང་མ་ཡི་མཁན།། རཀྟའི་ཐིག་ལེས་སྐུ་ལ་བརྒྱན་པའི་ཚེ།། དབང་གི་རྒྱལ་མོ་རཀྟའི་ཐིག་ལེ་ཅན་གྱི་མཁན། ། གདུག་པ་སྦྲུལ་གྱིས་སྐུ་ལ་བརྒྱན་པའི་ཚེ།། སྐྱེ་འགྲོ་ཀུན་གྱི་སྲོག་གཅོད་མ་ཡི་མཁན།། ནག་མོ་འབུམ་གྱི་དུས་ལ་བབ།། དམ་ཚིག་ཉམས་པའི་དགྲ་བོའི།། སྙིང་རྩ་གཡས་ལ་ཀི་ལ་ཡ། ། ཏྲག་རཀྵ་རུ་ཏྲ་ཁྲག་དུན་བྷྱོ། ནག་མོ་དུན་བྷྱོ། དུན་ཏིང་མ་ལས་ལ་བྷྱོ་བྷྱོ། མ་དུར་ང་མ་བྷྱོ་དུ་ང་མ་བྷྱོ། ཙིཏྟ་ཐུན་བྷྱོ། རག་མོ་ཡཾ་དགྲ་ལ་ཡཾ་ཡཾ། ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ནག་མོ་འབུམ་གྱི་རྩང་གདབ་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་འཁོར་སེར་མོ་འབུམ་གྱི་རྩང་གདབ་པ། ཧཱུཾ། ཤེལ་གྱི་མཆོད་རྟེན་དབུ་ལ་རྩིགས་པའི་ཚེ། ། རིགས་ལྔ་ཀུན་དང་དམ་ཚིག་དགྱེས་སྡེ་མོ་ཡི་མཁན།། དཔལ་ཚད་བརྒྱད་ཁྲི་དུས་གཅིག་རྒྱུ་བའི་ཚེ།། གསུར་གྱི་དྲི་སྣོམ་ཁྲག་གི་རྗེ་གཅོད་མ་ཡི་མཁན།། ཁྲག་གི་རྒྱ་མཚོའི་ནང་ན་བཞུགས་པའི་ཚེ།། རལ་པ་གཅིག་གིས་རྒྱ་མཚོས་བསྐྱིལ་བའི་མཁན། ། དགྲ་ཤ་གསོལ་ནས་དགྱེས་ཏེ།། ཞལ་གྱི་རྐན་སྒྲ་ཏོག་ཅིང་སེ་གོལ་བརྡབ་པའི་ཚེ།། ཧཱུཾ་དང་ཕཊ་གྱི་སྒྲ་སྒྲོགས་པ་ཡི་མཁན།། སྲིད་པ་གསུམ་དུ་ཐོག་གི་བསྐལ་པ་འབེབས་པའི་ཚེ། ། འཇིག་རྟེན་བག་ཆགས་ཐམས་ཅད་ཐལ་བར་རློག་པའི་མཁན།། དམ་ཚིག་གཉན་པོ་ཚུལ་བཞིན་བསྲུང་བའི་ཚེ།། དམ་ཚིག་དབང་གིས་སྐུ་ལ་བརྒྱན་པའི་མཁན།། ཐུགས་དམ་བསྐུལ་ནས་ཚུལ་བཞིན་བཅོལ་པའི་ཚེ། ། ཁྲོ་མོ་ཆ་བྱད་འཇིགས་པར་སྟོན་པའི་མཁན།། དབང་ཕྱུག་ཆེན་མོ་འཕྲིན་ལས་བཅོལ་པའི་ཚེ།། དབང་བསྒྲུབ་རྒྱལ་མོས་འཕྲིན་ལས་མཛད་པའི་མཁན།། ལྷ་རྣམས་ཞལ་གྱིས་སྤྱུགས་པའི་འབོད། ། མཛེས་པའི་ལྷ་མོ་གཞོན་ཚུལ་སྟོན་པའི་མཁན།། དྲང་སྲོང་ཆ་ལུགས་ཚུལ་བཞིན་མཛད་པའི་ཚེ།། གཟའ་དང་རྒྱུ་སྐར་དུས་གཅིག་བཟློག་པའི་མཁན།། བྱང་ཕྱོགས་དུར་ཁྲོད་ཀློང་ན་བཞུགས་པའི་ཚེ།། ཛྭ་ཊི་ཡུ་ཡི་རལ་གཅིག་འོད་དཔུང་མ་ཡི་མཁན། ། ལྷ་རྣམས་རྫོང་དུ་འཛུད་པའི་ཚེ།། རྫོང་གི་ལྷ་མོ་ལྷ་མ་ཡིན་རྣམས་ཕུང་བར་མཛད་པའི་མཁན།། མེ་ཡིས་རི་རབ་འཁོར་ཡུག་དུས་ཅིག་བསྲེགས་པའི་ཚེ།། མེ་ཟ་བྲག་གྱོན་མ་ཡི་མཁན། ། རྒྱུ་དྲུག་རྩད་ནུས་གཅོད་པའི་ཚེ།། ངན་སོང་ཐམས་ཅད་ཐལ་བར་རློག་པར་བྱེད་པའི་མཁན།། སྲིན་མོའི་ཐོད་རུས་ཞལ་དུ་གསོལ་བའི་ཚེ།། སྲིན་མོའི་ཤ་ཟ་རུས་འཆའ་མ་ཡི་མཁན།། བདུད་ཀྱི་བུ་མོ་མཛད་པའི་ཚེ། ། ཧ་རི་རག་ཤ་ཁ་འབར་མ་ཡི་མཁན།། གནོད་སྦྱིན་མོ་ཡི་གཙོ་མོ་མཛད་པའི་ཚེ།། གནོད་སྦྱིན་རྒྱལ་མོ་གདོང་རིངས་མ་ཡི་མཁན།། སྨན་ཕྲན་འབུམ་གྱི་གཙོ་མོ་མཛད་པའི་ཚེ།། སེར་ཆེན་ཁ་འདྲིལ་རྡོ་རྗེ་རླུང་མོའི་མཁན། ། ཀེ་རི་བརྒྱད་ཀྱི་གཙོ་མོ་མཛད་པའི་ཚེ།། ཀེ་རི་ནག་མོ་མཆེ་བ་ཅན་གྱི་མཁན།། འཕྲ་མེན་བརྒྱད་ཀྱི་གཙོ་མོ་མཛད་པའི་ཚེ།། ཁ་ཁ་ནག་མོ་དགྲ་སྙིང་འབྲུ་བའི་མཁན།། སྒོ་མ་བཞི་ཡི་གཙོ་མོ་མཛད་པའི་ཚེ། ། འཆིངས་བྱེད་ཞག་འཕེན་མ་ཡི་མཁན།། དབང་ཕྱུག་ཉི་ཤུ་བརྒྱད་ཀྱི་གཙོ་མོ་མཛད་པའི་ཚེ།། སྲིན་མོ་སྨུག་ནག་ཐོད་ཁྲག་འཐོར་བའི་མཁན།། ཕོ་ཉ་ཚོགས་ཀྱི་གཙོ་མོ་མཛད་པའི་ཚེ།། མགོ་དགུ་རྐང་གཅིག་དགྲ་སྙིང་འབྱིན་པའི་མཁན། ། དམ་ཚིག་མཐའ་དག་སྐུ་ལ་གནས་པའི་ཚེ།། མ་བཙུན་ཨུག་ཆོས་དབྱར་མོ་བསིལ་གྱི་མཁན།། ཕོ་ཉ་སྲིད་པར་ཆགས་པའི་སྲོག་དང་ཁྲག་གི་མའང་བདག་མཛད་པའི་ཚེ། ། ནག་མོ་སྲོག་གཅོད་སྙིང་འབྱིན་ཤ་ཟ་ཁྲག་འཐུང་མ་ཡི་མཁན།། འཇིགས་སུ་རུང་བའི་དཔལ་ལྡན་རེ་མ་ཏི།། བསྒྲུབ་པའི་རྫས་ལ་གྲོགས་མཛོད་ལ།། སྡང་བའི་དགྲ་ལ་རྟགས་ཕྱུང་ཞིག། སེར་ནག་འབུམ་གྱི་དུས་ལ་བབ། ། དམ་ཚིག་ཉམས་པའི་དགྲ་བོ་འདི།། སྙིང་རྩ་གཡོན་ལ་ཀཱི་ལ་ཡ།། བྷྱོ་བྷྱོ་བྷྱོ་བྷྱོ། ཛཱ་ཛཱ་ཛཱ་ཛཱ། ནག་མོ་དགྲ་བོ་བཾ་རི་ལི་ལི། ནག་མོ་སྙིང་ཁྲག་ལ་རི་ལི་ལི། ནག་མོ་སྙིང་ལ་རི་ལི་ལི། ནག་མོ་དགྲ་བོའི་སྲོག་ལ་ཆོ་ཆོ། བཾ་རི་ལི་ལི། བྷྱོ་བྷྱོ། རག་མོ་རག་མོ་རུ་རུ་མི་ཏ་ཡཾ། ཀཱི་ལི་ཀཱི་ལི་མཱ་ར་ཡ་ཧཱུཾ་ཕཊ། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་པའི་རྒྱུད་ལས། སེར་ནག་འབུམ་ཚོགས་ཀྱི་རྩང་གདབ་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་འཁོར་དམར་ནག་འབུམ་གྱི་རྩང་གདབ་པ། ཧཱུཾ། འཛམ་བུ་གླིང་བཞི་ལྷག་ཕུད་ཉུལ་བའི་ཚེ། གླིང་བཞི་མཁའ་འགྲོ་འབར་མའི་མཁན།། བསྐལ་པ་སྟོང་གི་མངའ་བདག་མཛད་པའི་ཚེ། ། ཐོག་གི་བུ་མོ་གློག་འགྱུ་མ་ཡི་མཁན།། སྲིད་པ་གསུམ་གྱི་སྐོས་མཁན་མཛད་པའི་ཚེ།། སྲིད་པའི་བུ་མོ་སྐོས་འདེབས་མ་ཡི་མཁན།། དགེ་སྡིག་གཉིས་ཀྱི་གཤགས་གཉིས་དུས་གཅིག་འབྱེད་པའི་ཚེ།། ཉེས་ལེགས་ལྟར་འཛིན་དམ་ཚིག་རྗེས་གཅོད་མ་ཡི་མཁན། ། སྲིན་པོ་འབུམ་ཕྲག་གཅིག་ཏུ་འཁོར་བའི་ཚེ།། སྲིན་མོ་ཤ་ཟན་བརྩེ་བའི་མཁན།། ཤ་ཁྲག་དམར་ལ་རོད་རོད་གསོལ་བའི་ཚེ།། ཡུད་ཙམ་གྱིས་ནི་དགྲ་སྙིང་འབྱིན་པའི་མཁན། ། སྲིན་མོ་ཆུང་མ་མཚན་པའི་ཚེ།། སྲིན་མོ་ཤམ་ཤམ་མ་ཡི་མཁན།། སྲིན་མོ་འབུམ་གྱི་འདོད་པ་སྒོང་པའི་ཚེ།། སྲིན་མོ་ནག་མོ་ཧལ་ཧལ་མ་ཡི་མཁན།། སྲས་བུ་སྲི་ཕྲུག་འབུམ་ཕྲག་དུས་གཅིག་བལྟམས་པའི་ཚེ། ། སྲོག་ཆགས་ཀུན་གྱི་ཤ་ཟ་རུས་འཆའ་མ་ཡི་མཁན།། སྡང་བའི་དགྲ་ལ་ལས་མཛོད་ཅིག། དམར་ནག་འབུམ་གྱི་དུས་ལ་བབ།། རེ་མ་ཏི་བ་ཤ་ཙ་བ་ལ་ཛཱ་ཛཱ་བྷྱོ་བྷྱོ། མ་མ་ས་མ་ཡ་བྷྱོ་བྷྱོ། མ་མ་ས་མ་ཡ་ཐུམ། རྣིར་ཛཱ་མཱ་ལཱ་ཤག། ལག་ཏུ་རྦད་བྷྱོ། མ་མ་ཁ་མ་ཐུམ། ཀི་ལི་ཀཱི་ལ་ཡ་མ་ར་ཡ་ཧཱུཾ་ཕཊ། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། དམར་ནག་འབུམ་ཚོགས་ཀྱི་རྩང་གདབ་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་འཁོར་ལྗང་ནག་འབུམ་གྱི་རྩང་གདབ་པ། ཧཱུཾ། སྐུ་ལ་རེ་བ་ནག་པོ་གསོལ་བའི་ཚེ།། ནག་མོ་རེ་བའི་གོ་ཟུ་ཅན་གྱི་མཁན།། དྲེ་རྟ་རྐང་གསུམ་ཆིབས་སུ་ཆིབས་པའི་ཚེ། ། ནག་མོ་དྲེ་རྟའི་མངའ་བདག་ཆེན་མོའི་མཁན།། ཕྱག་ན་བདུད་ཁྲམ་ནག་པོ་བསྣམས་པའི་ཚེ།། སྐྱེ་འགྲོ་ཐམས་ཅད་ཁྲམ་ལ་འདེབས་པའི་མཁན།། མཆན་ན་རྩིབས་བྱ་དམར་པོ་བཅུག་པའི་ཚེ།། སྐྱེ་འགྲོ་ཐམས་ཅད་དཀྱུས་ལ་འཛུད་པའི་མཁན། ། བུད་མེད་ནག་མོ་སྟོང་གིས་བསྐོར་བའི་ཚེ།། མ་མོ་འབུམ་གྱི་མངའ་བདག་ཉིད་ཀྱི་མཁན།། ཁྲག་སྐམས་ལྕགས་ཀྱུ་ཕྱག་ན་བསྣམས་པའི་ཚེ།། དགྲ་བོའི་བླ་འགུགས་སྙིང་རྩ་འདྲེན་པའི་མཁན། ། གསེར་གྱི་སྐོན་པ་ཕྲག་ལ་གཟེད་པའི་ཚེ།། འབྲས་བུ་ལོ་ཐོག་གཉིས་སུ་ལེན་པའི་མཁན།། གཡུ་ཡི་ཟོར་བ་ཕྱག་ན་བསྣམས་པའི་ཚེ།། ལོ་ཐོག་སྣར་གྱི་བཅུད་ལེན་མ་ཡི་མཁན།། ཞགས་པ་ནག་པོ་ཀླད་ལ་བསྐོར་བའི་ཚེ། ། འཇིགས་སུ་རུང་བའི་བདུད་མོ་སྲོག་ལེན་མཁན།། གསེར་གྱི་ཇུ་ཏིག་ཕྱག་ན་བསྣམས་པའི་ཚེ།། སྲིད་པ་གསུམ་ལ་བྱ་ར་མཛད་པའི་མཁན།། སྦྱོར་བདག་ཆེན་མོ་ཡིན་པའི་ཚེ། ། སྣང་སྲིད་ཙམ་གྱི་རེ་བ་སྐོང་མའི་མཁན།། སྤྱན་རྩ་བཟློག་ནས་མཆེ་བ་གཙིགས་པའི་ཚེ།། བདུད་དང་སྲིན་པོ་མ་ལུས་འདུལ་བའི་མཁན།། ཞིང་ཆེན་གཡང་གཞི་སྐུ་རེགས་མཛད་པའི་ཚེ།། མུ་སྟེགས་འདྲེ་གདོན་ཟིལ་གྱིས་གནོན་པའི་མཁན། ། དྲེད་ལྤགས་ནག་པོ་སྐུ་ལ་གསོལ་བའི་ཚེ།། བདུད་དང་སྲིན་པོ་འཕངས་སུ་འཁོལ་བའི་མཁན།། སྟག་ལྤགས་རློན་པས་ཤམ་ཐབས་མཛད་པའི་ཚེ།། སྟག་གི་བུ་མོ་རིས་བཀྲ་མ་ཡི་མཁན། ། ཁྱུང་གཤོག་སྔོན་པོས་སྐུ་ལ་བརྒྱན་པའི་ཚེ།། ཁྱུང་གི་བུ་མོ་ཁྲག་ཟན་མ་ཡི་མཁན།། ཞིང་ཆེན་གདན་ལ་བརྐྱང་བསྐུམ་བཞུགས་པའི་ཚེ།། རྫུ་འཕྲུལ་བཞི་ཡི་ཞབས་དང་ལྡན་པའི་མཁན།། ཐོད་པ་སྐམ་རློན་ཕྱག་ན་བསྣམས་པའི་ཚེ། ། བདེ་གཤེགས་རྣམས་ལ་དགེས་མཆོག་འབུལ་བའི་མཁན།། ཁྲོ་མོ་སྨུག་ནག་ཆ་ལུགས་འཛིན་པའི་ཚེ།། སྣང་སྲིད་ཐམས་ཅད་མེ་ཡིས་བསྲེགས་པའི་མཁན།། སྲིན་མོ་ནག་མོ་ཆ་ལུགས་འཛིན་པའི་ཚེ། ། བསྒྲུབ་པ་པོ་ཡི་ལྟ་སྤྱོད་རྟོགས་པའི་མཁན།། ལྷ་མོ་དཀར་མོའི་ཆ་ལུགས་འཛིན་པའི་ཚེ།། སྲིད་པའི་མ་མོ་དངས་ལྡན་མ་ཡི་མཁན།། བདུད་རྩི་རྣམ་ལྔ་ཞལ་དུ་གསོལ་བའི་ཚེ།། ཡིད་བཞིན་ཟས་ལ་མངའ་བསྙེམས་མ་ཡི་མཁན། ། དབུ་སྐྲ་གྱེན་དུ་འཁྱིལ་བའི་ཚེ།། བརྟུལ་ཞུགས་རྩལ་རྣམས་དུས་གཅིག་འབྱིན་པའི་མཁན།། མི་རོ་རྟ་རོ་ཞལ་དུ་གསོལ་བའི་ཚེ།། ཞལ་གྱི་སྒྲེགས་པས་སྟོང་གསུམ་འགེངས་པའི་མཁན། ། ཤངས་ནས་རྣག་དང་ཆུ་སེར་འཛག་པའི་ཚེ།། སྟོང་ཁམས་ཡོངས་ཀྱི་བག་ཆགས་སྦྱོང་བའི་མཁན།། གདོང་སྨུག་རྩས་བསྒགས་པའི་ཚེ།། དབང་ཕྱུག་ཚོགས་ལ་སྟེན་ཅིང་འགྱིང་བག་སྟོན་པའི་མཁན།། སྤྱན་རྩ་བཟློག་ནས་ཐུར་དུ་གཟིགས་པའི་ཚེ། ། ངས་སོང་ཐམས་ཅད་དོང་སྤྲུགས་མཛད་པའི་མཁན།། དབུ་ཡི་རལ་པས་ཕྱོགས་བཅུར་གཏིབས་པའི་ཚེ།། སྟོང་ཁམས་ཐམས་ཅད་མ་མོས་འགེངས་པའི་མཁན། ། སྤྱན་ནས་ཁྲག་གི་མཆི་མ་འཛག་པའི་ཚེ།། འཛམ་བུ་གླིང་བཞིར་ཤྭ་སེར་འབེབས་པའི་མཁན།། ཞལ་ནས་སྤྱུགས་པའི་གླུ་སྙན་བླང་པའི་ཚེ།། རྣལ་འབྱོར་རྣམས་ཀྱི་དྲོད་ཚད་རྟོགས་པའི་མཁན།། མགུར་ཆུ་བྱིས་པའི་མགོ་བོས་མཛད་པའི་ཚེ། ། བསྒྲུབ་བ་པོ་ཡི་ཏིང་འཛིན་ཉུང་བའི་མཁན།། ཏེའུ་སེག་ནེའུ་སེག་འཕྲེང་བ་བགྲང་བའི་ཚེ།། ཐུགས་དམ་སྙིང་པོ་བསྙེལ་གྱིས་དོགས་པའི་མཁན།། དར་ནག་གོ་ཟུ་སྐུ་ལ་གསོལ་བའི་ཚེ། ། འཁོར་གྱི་མ་མོ་རྣམས་ལ་འགྱིང་བག་སྟོན་པའི་མཁན།། མཐའ་མ་ཐོད་པའི་འཕྲེང་བས་བརྒྱན་པའི་ཚེ།། མ་མོ་འབུམ་རྣམས་ལས་ལ་འཁོལ་བའི་མཁན།། སྦྲུལ་ནག་སྟོང་གིས་སྒྲོག་བུ་མཛད་པའི་ཚེ།། གླུ་རྣམས་ཚར་གཅོད་དམ་ཉམས་འདུལ་བའི་མཁན། ། ཐོད་ཁྲག་དམར་པོ་ཞལ་དུ་གསོལ་བའི་ཚེ།། འདོད་ཆགས་ཁྲག་ལ་ངོམ་མཐའ་མེད་པའི་མཁན།། གསལ་བའི་ཞུན་མར་ཕྱག་ན་བསྣམས་པའི་ཚེ།། སྔགས་པ་དམ་ཉམས་པ་ཡི་སྲོག་ལེན་མཁན། ། ཤ་བའི་སྐྱིད་ལྷམ་ཞབས་ལ་གསོལ་བའི་ཚེ།། བརྟན་མ་བཅུ་གཉིས་ལས་ལ་འཁོར་བའི་མཁན།། ལྕགས་འཕྲེང་སྔོན་པོས་ལྕགས་སྒྲོག་མཛད་པའི་ཚེ།། གདུག་པ་པོ་རྣམས་སྤ་བཀོང་མ་ཡི་མཁན། ། ཆུ་གླང་ནག་པོ་ཆིབས་སུ་ཆིབས་པའི་ཚེ།། རྒྱ་མཚོ་གཏིང་ནས་འཁྲུག་ཅིང་ཀློང་བའི་མཁན།། སྡང་དགྲ་གནོད་བགེགས་སྒྲོལ་ལ་ཤོག། ལྗང་ནག་འབུམ་གྱི་དུས་ལ་བབ།། ཛཱ་ཛཱ་རེ་མ་ཏི་བ་ཤ་ཙ་པ་ལ་ཛཱ་ཛཱ། ཤ་རྒྱུས་སྙིང་ལ་ཡ། ཤ་རྒྱུས་སྲོག་ལ་ཡ། དབུགས་རྒྱུས་རྩ་ལ་ཡ། རྩ་རྒྱུས་ཁྲག་ལ་དུན་དུན། རག་མོ་རག་མོ་རུ་རུ་ཏི་སྟ་རྦད། ཡཾ་ཤམ་ཤམ། ནག་མོ་སྲོག་ལུས་ཕྲོལ། ཀཱི་ལི་ཀཱི་ལ་ཡ་མ་ར་ཡ་ཕཊ། བྲག་དང་བྱ་ནག་ཟོར་དུ་བྱ། ཚེ་བསྟིམ་དངོས་གྲུབ་བླང། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ལྗང་ནག་འབུམ་གྱི་རྩང་གདབ་པ་དང་མཁན་བརྒྱ་བསྒྲུབ་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ། རབ་ཏུ་བཤད་པར་བྱ་བ་ནི།། དཀྱིལ་འཁོར་དམར་ནག་གྲུ་གསུམ་ལ།། དབུས་སུ་རབས་ཆད་མོན་གྱི་མགོར།། ནང་དུ་མ་བཞིའི་ཞལ་ཀྱང་བྲི།། ཕྱི་ལ་སྲོག་བདག་བཞི་ཡི་ཞལ། ། ནང་དུ་ཁྲག་སྣ་ཚང་བར་བསགས།། ཐོད་པ་སྐྱ་བོ་གཅིག་གི་ནང་དུ་དུག་སྣ་ཚོགས་ཚང་བར་བསོགས། སྣ་ལ་ཁྲག་ལ་བསྒྲུབས། དེ་ནས་ཁྲག་དུག་བསྲེས་ལ། དེ་ནས་ཐུན་བསྙེན་དག་ལ་འཇུག། སྙིང་པོ་སྟོང་གི་བར་རག་ཏུ། ། བསྐུལ་ཚིག་དང་ནི་ཚུལ་བཞིན་བཏང།། ཨོཾ་ཏྲི་ཁས་བླངས་མ་རུ་ཏྲ། ཧཱུཾ་ཐུམ་རུ་ལུ་རུ་ལུ་མ་ཧེ་བྷྱོ། རུ་རུ་རག་མོ་མ་ཤམ། ནི་ཙ་པ་ལ། ནི་ལྷ་ཡ་མ་དུན་ཧྲིང་ཡག་དུ་མ་ཛཱ་ཛཱ། ཁྲག་ལས་རླངས་པ་འབྱུང་བ་དང། ། ཁྲག་དུག་བསྲེས་ཏ་དུག་ངར་བསྐྱེད།། ཨོཾ་ཨ་བེ་ཤ། ཐེ་བ་ཤ། ཏ་བེ་ཤ། རུ་བེ་ཤ། ཤ་ཁ་ཐུན་བྷྱོ། ས་ཏམས་ཏམ། ཤོག་ཏམ་ཤོག་ཏམ། བམ་མུགས་དམ་ཉམས་སྲོག་ལ་མཱ་ར་ཡ། ཁྲག་དུག་གཉིས་ལས་རླངས་བ་བྱུང།། སྔོན་དམར་ཁྱུག་ཁྱུག་བྱུང་བ་ནི།། འདུ་བ་རྣམ་བཞིའི་ནད་དག་གིས།། དགྲ་བོ་དག་དང་སྨོས་ཅི་དགོས།། བསྟན་པ་གཉན་པོའི་འཇིག་བྱེད་དང།། དཀོན་མཆོག་སྨོད་པ་བརླག་པར་བྱེད། ། དེ་ནས་གསང་བའི་སྔགས་དག་ནི།། སྟོང་སྟོང་ཚད་དུ་ཕྱིན་པར་བྱ།། ཏྲི་ཙ་བ་ལ་ནི་ར་ཟུང། བདུད་ཏྲི་ནི་ར་ཟུང། ཡ་ཏྲི་ནི་ར་ཟུང་ཆུམ་ཤིག། ཡཾ་ཏྲི་ནི། ར་ཟུང། དུན་ཏྲི་པ་ཏྲི། ལྡན་ཛ། དན་དྲི་ཤོ་མ་ཏྲི། ཆེ་གེ་མོ་མ་ར་ཡ་ཏྲིང་ཛ་ཛ། ཡཱ་ཡཱ་ཐིམ་ཐིམ། མཱ་ར་ཡ་ཐུན་ཡཱ། ཨོཾ་ཏདྱ་ཐཱ། ཏྲག་རཀྵ་མུ་ཏྲི་བཾ་རུ་ལུ་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། བེ་ཤ་ཁ་ཐུན་བྷྱོ། ཨོཾ་པདྨ་ར་ཏི་རུ་ཏི་རེ་མ་ཏི། ཙི་ཏ་ཙ་ཏ། དགྲ་སྙིང་ལ་བྷྱོ་བྷྱོ། བེ་ཤ་ཁ་ཐུན་བྷྱོ། ཨོཾ་རུ་ལུ་གེའུ་མེ་སེན་མེན་ནན་ཛཱ་ཛཱ། དགྲ་སྙིང་ལ་བྷྱོ་བྷྱོ། བ་ཤ་ཁ་ཐུན་བྷྱོ། ཨོཾ་ཨུཾ་སྟི་དུ་རུ་དུ་རུ་ཚལ་པ་མེ་དྷ་ར་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། བེ་ཤ་ཁ་ཐུན་བྷྱོ། ནག་མོ་དུན་བྷྱོ། དུན་ཏིང་མ་ལས་ལ་བྷྱོ། འཁོར་ནག་མོ་འབུམ་དང་བཅས་ཏེ་འཕྲིན་ལས་ལ་སྤྱོན་ཅིག་ཛ་ཛཱ། ལས་བྱེད་གཙོ་མོ་ཛ་དུན་ཏིང། བེ་ཤ་ཁ་ཐུན་བྷྱོ་བྷྱོ། ལིང་ཁ་འདར་རམ་ཁྲག་ཏུ་འཁོལ།། གྲུབ་རྟགས་ཚད་དུ་ཕྱིན་པ་དང།། སྲོག་བདག་ཕོ་མོ་ལས་ལ་བསྐུལ། ། ཧཱུཾ། བདུད་རྣམས་ཀུན་གྱི་ཡང་བདུད་དེ།། མེ་རི་འབར་བའི་གནས་སྲུན་པོ།། ནག་པོ་མེ་ཡི་ཁ་རླངས་ཅན།། མེ་འབྲུག་དམར་པོ་ཞོན་ཞིང་རྒྱུའོ།། ལག་ན་གནམ་ལྕགས་སྲིན་པོ་རྐང།། སྲིན་རྐང་ཅན་གྱིས་ད་དྲོངས་ལ། ། བསྟན་པ་འཇིགས་པའི་དགྲ་བོ་འདི།། མི་མང་འདུ་བའི་གནས་སུ་སོད།། ཤན་པ་ཁྱོད་ཀྱི་དུས་ལ་བབ།། ཆུང་མ་ནག་མོ་ཁྲག་འཛག་མ།། ཁྲག་གི་རལ་པ་སྔོན་དམར་འགྱུ།། དགྲ་ལ་སྔོན་དམར་དལ་ཁ་ཕོབ། ། ནད་གཏོང་མ་ཡི་དུས་ལ་བབ།། ཧཱུཾ། ནག་པོ་བེ་གློན་མི་གཅིག་པ།། རལ་པ་གཅིག་འགྲེང་གནམ་དུ་འཁྱིལ།། ལག་ན་མི་ཡི་གཡང་གཞི་རྡེབས།། བདུད་གཡག་ནག་པོ་ཞོན་ཅིང་རྒྱུག། དམ་ཚིག་ཉམས་པའི་དགྲ་བོ་འདི། སབ་སུབ་ལུང་པའི་ནང་དུ་གསོད།། ཤན་པ་ཁྱོད་ཀྱི་དུས་ལ་བབ།། དེ་ཡི་ཆུང་མ་ནག་མོ་ནི།། ནག་མོ་ཆེན་མོ་གློག་འགྱུ་མ།། མགོ་མེད་བྲང་ནི་ནུས་མས་བཀང།། བསེ་དང་དུང་གི་ཞོ་འཐོར་ཞིང། ། སྟོང་ཁམས་ཁྱབ་པའི་ལག་རིངས་མ།། དགྲ་སྙིང་དབྱུང་བའི་དུས་ལ་བབ།། དཔལ་ལྡན་ནག་མོ་རེ་མ་ཏི།། རྒྱུ་ནི་དཔྱིད་ཟླ་གསུམ་ལ་རྒྱུ།། ཐུན་དང་ཟོར་གྱི་སྣ་དྲོངས་ལ།། ཐུན་ཁྲག་རིམས་སུ་ད་སྒྱུར་ཅིག། རིམས་ནད་དགྲ་སྡང་འདི་ལ་ཡ།། ཧཱུཾ། ལྷ་བདུད་དྲེགས་ཆེན་གསུས་པོ་ཆེ།། ལག་ན་དར་ནག་རུ་མཚོན་ཕྱར།། ལྕགས་ཀྱི་མཛོ་རྒོད་ཞོན་ཞིང་རྒྱུག། སྤྲིན་ནག་དུང་དཀར་འཁྱིལ་ན་བཞུགས།། སྐུ་ལ་སྔོ་བའི་དགྲ་བོ་འདི། ། རི་དྲག་གསང་བའི་གནས་སུ་སོད།། ཤན་པ་ཁྱོད་ཀྱི་དུས་ལ་བབ།། དེ་ཡི་བཙུན་མོ་ནག་མོ་ནི།། ནག་མོ་ཆེན་མོ་མགོ་གསུམ་མ།། ཕག་སྐད་འཚེར་ཞིང་ལྕགས་སེར་འབེག། ལྕགས་ཀྱི་སེར་དྲག་འབེབས་པ་མོ། ། དགྲ་བོའི་སྙིང་ལ་ལྕགས་སེར་འབེབས།། དཔལ་ལྡན་ནག་མོ་རེ་མ་ཏི།། རྒྱུ་ནི་དབྱར་ཟླ་གསུམ་ལ་རྒྱུའོ།། ཐུན་དང་ཟོར་གྱི་སྣ་དྲོངས་ལ།། ཐུན་ཁྲག་རིས་སུ་ད་བསྒྱུར་ལ།། རིམས་ནད་དང་དགྲ་སྙིང་ཉིད་ལ་ཡ། ། ཧཱུཾ། བདུད་མཁར་ཁ་རག་སྒོ་མེད་ནས།། རལ་པ་སྤྱི་འཆིངས་བདུད་ཀྱིས་སོ།། ལག་ན་དགྲ་སྙིང་རློན་པ་བསྣམས།། བདུད་རྟ་ནག་པོ་ཞོན་ཞིང་རྒྱུག། ཞགས་པ་ནག་པོ་ཤྭ་ར་ར།། བདུད་ཡ་ནག་པོ་ལྡིང་ནག་འཛུམས། ། བདུད་ཁྱི་ནག་པོ་འདུར་ཞིང་འཇབ།། བཀའ་གཅོག་དམ་བྲལ་སྡིག་ཅན་འདི།། ཟང་ཟིང་གྲོང་གི་དབུས་སུ་སོད།། ཤན་པ་ཁྱོད་ཀྱི་དུས་ལ་བབ།། བཙུན་མོ་ནག་མོ་སོ་གཅིག་མ།། སོ་གཅིག་སྐྱེ་ཤི་རྩད་གཅོད་མ། ། མོན་བུ་སྟ་ཐོག་སུམ་ཅུའི་འཁོར།། སྲོག་རྩ་བཅད་པའི་དུས་ལ་བབ།། དཔལ་ལྡན་ནག་མོ་རེ་མ་ཛ།། རྒྱུ་ནི་སྟོན་ཟླ་གསུམ་ལ་རྒྱུ།། ཐུན་དང་ཟོར་གྱི་སྣ་དྲོངས་ལ།། ཐུན་ཁྲག་རིམས་སུ་ད་སྒྱུར་ལ། ། རིམས་ནད་དགྲ་བོའི་སྙིང་ལ་ཡ།། ཧཱུཾ། ཁུ་ལེ་ཤོད་ཀྱི་ལག་དགུ་པོ།། བསེ་མཁར་སྨུག་པོའི་ནང་ན་གནས།། བྱུ་རུའི་མཆེ་བ་འདར་ཞིང་འོང།། བསེ་ཁྲབ་སྨུག་པོ་སི་སི་ལི།། བསེ་ཡི་རྨོག་མོ་གསང་རིངས་གསོལ། ། བསེ་མདུང་སྨུག་པོ་ལྡེམས་སེ་ལྡེམས།། བསེ་དར་འབྲུ་རིང་པུ་རུ་རུ།། བསེ་ཡི་ལྕགས་ཀྱུ་ཀྲ་ལ་ལ།། བསེ་ཞགས་དམར་པོ་ཤ་ར་ར།། བསེ་རྟ་དམར་པོ་གཞུ་རིང་ཞོན།། བསེ་ཡི་བྱ་ལ་གཞུང་སེ་ཞུངས། ། རིང་ལ་སྙེག་པའི་ཞིང་བཅུ་འདི།། རྒྱ་མཚོར་རློབས་ལ་ཆུ་གྲིར་སོད།། ཤན་པ་ཁྱོད་ཀྱི་དུས་ལ་བབ།། འཇིགས་བྱེད་ཁྱོད་ཀྱི་བཙུན་མོ་ནི།། དམར་མོ་མིག་གསུམ་སྦྲུལ་མགོ་ཅན།། ལག་ན་ཞག་གི་ཕོར་ཐོགས་མ། ། ནད་གཏོང་མ་སྟེ་སྨྱོ་པ་མོ།། སྨྱོས་ནད་གཏང་བའི་དུས་ལ་བབ།། དཔལ་ལྡན་ནག་མོ་རེ་མ་ཛུ།། རྒྱུ་ནི་དགུན་ཟླ་གསུམ་ལ་རྒྱུ།། ཐུན་དང་ཟོར་གྱི་སྣ་དྲོངས་ཤིག། ཐུན་ཁྲག་རིམས་སུ་ད་བསྒྱུར་ལ།། རིམས་ནད་དགྲ་སྡང་འདི་ལ་ཡ། ། ཨོཾ་ཙ་རུ་ཐུམ་རིལ། ཁྲག་ཐུམ་ལིང། གུག་ཚར་ལིང། བཾ་བཾ་རྨུག་རྦད། དྲོལ་དྲོལ་ཕུག་ལྗུར་ཏི་ཕྱུང། རོལ་རོལ་དགྲ་བོའི་སྙིང་ལ་རོལ། དགྲ་བོའི་སྲོག་ལ་རོལ། སྙིང་ཐིག། སྲོག་ཐིག་རྦད་རྦད་ཡཱ། ནག་མོ་བྷྱོ། རག་མོ་བྷྱོ། ཡག་མོ་བྷྱོ། དྲིག་མོ་བྷྱོ། རེ་མ་ཏི་བྷྱོ། རེ་མ་ཊ་བྷྱོ། རེ་མ་ཛ་བྷྱོ། རེ་མ་ཛུ་བྷྱོ། མོ་མ་འོ། མ་བྷྱོ་མ་བྷྱོ། མ་མོ་ནག་མོ་ཕྲོལ། ཡག་མོ་སོད། ནི་ཛ་རྦད་ཐུན་བྷྱོ། སྡང་བའི་དགྲ་བོ་ལ། མ་མོ་ལས་ཀྱི་ཐུན་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཐོད་བུ་ཐུན་དུ་བྱས་ལ། ཁྲོ་བོའི་ཁང་རྩར་འགྲམ་རྩར་སྦ། ཡང་ན་ཁོའི་ཞིང་མུའི་དཀྱིལ་དུ་སྦའོ།། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། སྲོག་བདག་ཡབ་ཡུམ་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཐོག་སེར་གསང་བའི་ལས་དག་འདི།། སྤྱི་ཡི་དཀྱིལ་འཁོར་དེ་ཉིད་ལ།། རྫས་སུ་བཅའ་བའི་དམ་རྫས་འདིས། ། ཐོད་པ་སྲུབས་དྲུག་པ་གསུམ་དུ།། ར་སེར་རྒྱའི་ཁྲག། ཁྱི་མོ་ནག་མོའི་ཁྲག། གདོང་གཅིག་མའི་མངལ་ཁྲག་གསུམ་བླུགས་ལ། ཟླ་ཁམ་གསུམ་ལ་བཞག་གོ། དེ་ནས་ཉུངས་དཀར་དང། བ་བླ་དང། བོད་དུག་དང། པ་ཙེ་བ་རྣམས་ལ་ངན་སྔགས་བཟླས་ཏེ་བསྒྲུབ་བོ།། ཨོཾ་ཏདྱ་ཐཱ། ཏྲག་རཀྵ་མུག་བཾ། མ་རུ་ལུ་ཛཱ་ཛཱ། དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་པདྨ་ར་ཏི་རུ་ཏི་རེ་མེ་ཏི། ཙིཏྟ་ཙིཏྟ་དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་རུ་ལུ་ཀོ་བུ་མེ་སེན་མེན་ནན་ཛཱ་ཛཱ། དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་ཨཱུཾ་སྟི་དུ་ར་དུ་རུ་ཚལ་པ། མེ་ད་ར་ཛ་ཛ། དགྲ་སྙིང་ལ་བྷྱོ་བྷྱོ། ཏྲག་མོ་ཏྲག་ཀ་ལི་བཾ་ཡཾ། ས་མ་ཡ་ཧཱུཾ་ཕཊ། ཁྲག་ལ་གདབ་བོ། རྨི་ལམ་གྱི་མཚན་མ་དང། མངོན་སུམ་པའི་རྟགས་བྱུང་བ་དང། རྫས་དང་ཡས་སྟག་ཀུན་ཁྱེར་ཏེ། ཡུལ་གང་དུ་བྱེད་པའི་ལོ་ཐོག་ལ། ཟོར་དུ་བརྡེག་ཅིང་སྔགས་བཟླས་སོ།། རུ་རུ་རག་མོ་ཏི་སྟ་ཏྲག་མོ་ཏྲགྴ་མ་མ་རཾ་བྷྱོ། རུ་རུ་ཀཾ་ཀཾ་མ་མ་རམ་བྷྱོ། རུ་རུ་རག་མོ་མ་རཾ་བྷྱོ་བྷྱོ། རུ་རུ་པེ་བ་སྟི་སྟ་མ་མ་རཾ་བྷྱོ། རུ་རུ་ཙི་བི་རི་མ་མ་རཾ་བྷྱོ། སྔགས་དེ་རྣམས་བཟླས་ལ། བྲང་རྡུང། སྐྲ་གསིག། ཞིང་ལྤགས་གདབ་བོ། གཤེད་དེར་བསྒོམས་ལ་བསྐུལ་བར་བྱའོ།། ཧཱུཾ། ཁམ་ནག་གསུམ་འབར་བའི་དཀྱིལ་འཁོར་ནས། ། ས་བདག་རྒྱལ་མོ་གཤིན་རྗེའི་སྲིང་ཅིག་མ།། འཇིགས་བྱེད་དཔལ་གྱི་ཕོ་ཉ་བདུད་ཀྱི་ཡུམ།། རྨ་བྱའི་རྒྱལ་མཚན་བདུད་ཀྱི་རྒྱན་དུ་བྱས།། ཟླ་བའི་འོད་ནི་སྤྱི་བོའི་གཙུག་ན་གསལ།། ཉི་མའི་འོད་ནི་ལྟེ་བའི་དཀྱིལ་ནས་འཆར། ། ཞིང་ལྤགས་གཡང་ཞི་སྐུ་ཡི་རྒྱན་དུ་བྱས།། རེ་ལྡེ་ནག་པོ་སྐུ་ཡི་སྨད་གཡོགས་བྱས།། ཕྱག་མཚན་གཡས་ན་སྤུ་གྲི་ནག་པོ་བསྣམས།། ཕྱག་མཚན་གཡོན་ན་ནད་ཀྱི་རྐྱལ་བ་བསྣམས། ། བོང་བུ་གྭ་ཆགས་ཁྱོད་ཀྱིས་ཆིབས་སུ་ཆིབས།། རླུང་ནག་ནང་ནས་ཐོག་དང་སེར་བ་ཕོབ།། དམ་ཉམས་དགྲ་བོའི་ལོ་ཐོག་བརླག་པར་མཛོད།། སྐྱིན་འདང་བདག་མོ་ཐུགས་དམ་དུས་ལ་བབ།། སྲིད་གསུམ་འཇོམས་མཛད་དཔལ་ལྡན་རེ་མ་ཏི། ། སྦྲུལ་གྱི་གདུ་བུས་ཞེ་སྡང་རྩད་ནས་གཅོད།། ཆུ་སྲིན་ཐོད་པས་ཉོན་མོངས་དབྱིངས་སུ་སྒྲོལ།། ཁྲམ་ཤིང་ནག་པོས་དམ་ཉམས་དམྱལ་ཐག་གཅོད།། ཐོག་སེར་བདག་མོའི་ཐུགས་དམ་དུས་ལ་བབ། ། ཐུགས་རྗེ་སྒེག་མ་དཔལ་ལྡན་རེ་མ་ཏི།། སྐུ་ཡི་མ་མོ་མི་བཟད་རལ་གཅིག་མ།། ཆུ་སྲིན་པིར་གྱི་སླག་པ་སྐུ་ལ་གསོལ།། འཕྲིན་ལས་བསྐལ་པར་ཐོག་དང་སེར་བ་གཏོང།། ཐོག་བདག་རྒྱལ་མོའི་ཐུགས་དམ་དུས་ལ་བབ། ། བཀའ་གསང་རྒྱུ་ལྡོག་དཔལ་ལྡན་རེ་མ་ཛ།། སྤྲིན་གྱི་གོ་ཟུ་ནག་པོས་སྐུ་ལ་ཀླུབས།། མི་མགོའི་འཕྲེང་བས་སྦྲུལ་གྱི་དོ་ཤལ་བྱས།། འཕྲིན་ལས་གཏེར་དུ་ཤྭ་དང་བུ་ཡུག་གཏོང། ། ཐོག་སེར་བདག་མོའི་ཐུགས་དམ་དུས་ལ་བབ།། དུར་ཁྲོད་ཀུན་འགྲོ་དཔལ་ལྡན་རེ་མ་ཛུ།། རུ་སྦལ་སླག་པས་སྐུ་ཡི་སྟོད་དུ་གསོལ།། སྟག་ལྤགས་རློན་པས་སྐུ་ཡི་སྨད་དུ་གསོལ།། འཕྲིན་ལས་གཉེར་དུ་རླུང་དང་ཐོག་འབེབས་མ། ། དམ་ཉམས་དགྲ་ལ་ཐོག་དང་སེར་བ་འབེབས།། ཤར་ཤར་རམ་ནལ་དུད་ཕྲོ་མ། ཐོག་གི་རྫས་ནི་ལྕགས་ཕྱེད། ཟངས་ཕྱི། གསེར་ཕྱེ། ཀུན་ཁྲག་ལ་བཏབ་སྟེ་ཐོག་གི་ལས་སོ། ། གཞན་སེར་བའི་ལས་ཁོངས་སུ་ལྟས་སོ།། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ཐོག་སེར་དབབ་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། མུ་སྟེགས་ལོག་ལྟ་ཟིན་པ་ལ།། ལྟས་ངན་གཏང་བའི་ལས་དག་ནི།། ཁམ་པའི་ཉ་བོ་མགོ་གསུམ་ལ།། ལྟས་ངན་སྣ་ཚོགས་མགོ་དང་སྙིང།། ཀླད་པ་སྐམ་པོ་བརྡར་ལ་བླུག། གཞན་ཡང་རྫས་རྣམས་ཚང་བར་བསག། ངན་སྔགས་འདི་ཡིས་ལྟས་ངན་བསྒྲུབས།། རག་མོ་རག་མོ་ཤམ་ཤམ། ནག་མོ་དུན་བྷྱོ། དུ་ལིང་དུ་ལིང། སྙིང་ཁ་རག་མ་དུ་ལིང། སྲོག་ལ་དུ་རྩེ་ཕོབ་ཡཱ། མཚན་མ་རྟགས་ལ་ཕབ་པ་དང།། བདག་ཉིད་གཤད་པོར་གསལ་བསྒོམས་ལ། ། ལྟས་ངན་བདག་མ་དྲག་ཏུ་བསྐུལ།། ཧཱུཾ། མ་ཅིག་དཔལ་ལྡན་རེ་མ་ཏི།། སྐུ་ལ་སྦྲུལ་ནག་སླག་པ་གསོལ།། ཕྱག་ན་གཡུའི་འཁར་བ་བརྡེབས།། མ་མོ་དྲེ་ནག་ཁ་སེར་ཆིབས།། གསེར་གྱི་སྒ་ལ་གཡུ་ཡི་ཤ་ཐག་འཕྲུལ། ། སྔོན་དམར་རལ་པ་སིག་གེ་སིག། རལ་པའི་གསེབ་ནས་མེ་སྟག་འཕྲོ།། ལྟས་ངན་ཝ་སྦྱང་ཤུལ་ན་འདུ་རུ་རུ།། སྒེག་མོ་ལྷ་མོ་རེ་མ་ཏི།། སྦྲ་ཐག་གཡེངས་ཤིང་ཆོམ་ཐག་བརྟུལ། ། ནམ་གྱི་གུང་ལ་རྒྱུ་ཞིང་དགྲ་བོའི་དམིགས་ལ་འཛིན།། འོ་དོད་ཐང་གསུམ་འབོད་ཅིང་ཕྱག་ནས་སླེབ་ནག་རྡེགས།། ནག་མོ་ཀློང་རྡེབས་བྱེད་ཅིང་འོས་འཛུབ་མུན་ལྟར་ནག། ཆོ་འཕྲུལ་ལྟས་ངན་དབབ་པའི་དུས་ལ་བབ། ། ནག་མོ་དཔལ་ལྡན་རེ་མ་ཏི།། འཇོལ་ནི་སླ་གྲིབ་མཚམས་ནས་འཇོལ།། རྒྱུ་ནི་ནམ་གྱི་གུང་ལ་རྒྱུ།། མོ་ཡི་ལྟས་ཀྱང་མི་མཐོང་ངོ།། ཁྱི་མོ་གསང་གིས་མི་ཚོར་རོ།། ཁྱོད་ཀྱི་འཁོར་ནི་ནག་མོ་འབུམ། ། ནག་མོ་འབུམ་གྱི་ཁ་ལོ་སྒྱུར།། ནག་མོ་འབུམ་གྱི་མངའ་བདག་མོ།། སྐྲ་གསེབ་གཟའ་ཡིས་བརྒྱན་ཅིང་གཟའ་ཡི་ཆོ་འཕྲུལ་གཏོང།། སྐྲ་གསེབ་སྐར་མས་བརྒྱན་ཅིང་སྐར་མའི་ཆོ་འཕྲུལ་གཏོང།། ཐོད་པའི་འཕྲེང་བ་བགྲང་ཞིང་མི་མགོའི་ཆོ་འཕྲུལ་གཏོང། ། ལྕགས་ཀྱི་བྱ་ནག་ཐོགས་ཤིང་བྱ་རོག་ཁ་ནས་མེ་ཆེན་འབར།། སྲིན་བྱ་སྐད་འདོན་ཕྱུང་དེ་ཕྱུང།། འུག་པའི་རྐན་སྒྲ་ཐོག་གེ་ཐོག། བྱ་ནག་སྣ་ཚོགས་ཐིབས་སེ་ཐིབས། ། ལྟས་ངན་གླ་བ་རྒལ་དང་ཐོད་དེ་ཐོད།། ནག་མོ་ཆེན་མོ་ཁྲག་མིག་མ།། ཆིབས་སུ་དྲེ་ནག་གཉེར་མངས་ཆིབས།། ལྟས་ངན་སྲེག་པ་ཕུར་འཇོལ་མཁན།། ལྟས་ངན་དབབ་པའི་དུས་ལ་བབ།། དཔལ་ལྡན་ནག་མོ་རེ་མ་ཛ། ། ནག་མོ་སྒེག་འགྲོས་ལིངས་སེ་ལིངས།། སྐྱག་ཀའི་སྤྱི་འགྲིངས་ཞུངས་སེ་ཞུངས།། ནག་མོ་ཆེན་མོ་སྐུ་བསྐྱོད་དང།། རྔ་མོ་ནག་མོ་པྲལ་ལ་བཅུག། གསེར་གྱི་སྟག་མོ་གྲུས་མ་ཤུལ་ནས་འཁྲིད། ། དམ་ཉམས་དགྲ་ལ་མདོ་རིས་ཐོབ།། ལྟས་ངན་ཝ་སྤྱང་འདུར་དུ་ཆུག། ལྟས་ངན་བདག་མོའི་དུས་ལ་བབ།། དཔལ་ལྡན་སྙན་གྱི་རེ་མ་ཛུ།། ཆིབས་སུ་བོང་བུ་གྭ་ཆགས་ལ།། ཁམ་པའི་མི་མོ་སྐྱ་རིངས་ཞོན། ། ཁམ་པའི་མི་མོ་བཅོ་ལྔ་ལ།། ཀུ་ཀུ་རཱ་ཛའི་ཆོ་ངེ་དེ་རི་རི།། ལྷ་མོ་སྙིང་པོ་མ་ནོར་ང་ལ་ཡོད།། ཁྱོད་ཀྱི་ཁོལ་མོ་ནག་མོ་དིག་མ་བདུན་དུ་སྤྲུལ།། ལྟས་ངན་དུར་ཁྲོད་ཝ་བརྒྱལ་ཙེ་རེ་རེ།། ལྟས་ངན་ཆོ་འཕྲུལ་དབབ་པའི་དུས་ལ་བབ། ། ནག་མོ་རོ་རིང་ཤིན།། སྙིང་ནར་ཡཾ་ཁམ་རུག་དུན་དུན་རོ་ལོང། དུ་ལིང་དུ་ལིང། རག་མོ་རུ་ཀཾ་ཉོག་ལིང། ལྟས་ངན་སྣ་ཚོགས་ཕྲོབ་ཡཱ། ཡས་སྟག་རྣམས་ཁོའི་ཁང་པའི་འགྲམ་རྩར་སྦས་ལ་བཞག། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ལྟས་ངན་དབབ་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྦྱིན་སྲེག་ལས་ནི་བཤད་བྱ་བ། ། མཎྜལ་བྱ་བའི་ས་བདག་ནི།། མི་གྲིར་ཤི་བའི་ས་དང་ནི། གཡུལ་བཤམ་པ་ཡི་ས་དག་ལ།། བསྲེག་ཁང་གྲུ་གསུམ་མཐིང་ནག་བརྩིགས།། ཆག་ཆག་གི་ཆུ་ནི་གྲིར་ཤི་བའི་ཁྲག་གམ། ཆུ་མི་ལྐུག་པའི་ཆུས་བྱའོ། ། ཤིང་ནི་བྲ་མ། སྐྱེར་བ། སེ་བ། བྱི་ཚེར་ཏེ། གདུག་ཤིང་སྣ་དགུ་ལ་བྱའོ།། རི་ཤི་བའི་རྩ་བ། སྤྱང་ཚེར་བ། ར་དུག་པ་སྟེ་དུག་ཤིང་དེ་ལྟ་བུ་ལ་བྱའོ།། ཡམ་ཤིང་མི་རོ་ཁབ་འམ།། དུར་ཁྲོད་ཀྱི་ཤིང་ལ་བྱའོ།། མེ་ནི་རེག་མའམ། གདོང་གཅིག་འམ། སྨད་འཛག་མ་འམ། ཡུག་ས་མོ་སར་བ་ལྟ་བུ་འམ། བཀྲ་མི་ཤིས་པའི་མེ་ལ་བྱའོ།། བསྲེག་པའི་རྫས་ནི། བ་སྤུ་ཡུང་བ་ལྟ་བུ་ཡིས།། གཏོར་མ་དང་ནི་ལྷ་བཤོས་ཀུན།། སེར་པོའི་ཐིག་ལེ་མང་དུ་གདབ། ། ཉུངས་ཀར་ནི་མར་ཁུས་མཆོད་ཞི་བའི་རྗེས་སུ་བསྟན་པ་ནི། མར་དང་ཞོ་དང་མེ་ཏོག་དཀར།། གཏོར་མ་ལྷ་བཤོས་དཀར་པོས་མཆོད།། དབང་གིས་རྫས་སུ་བསག་པ་ནི།། ཁྲག་དང་མེ་ཏོག་དམར་པོ་དང། ། གཏོར་མ་བཤོས་བུ་དམར་པོས་མཆོད།། དྲག་པོའི་རྫས་སུ་བྱ་བ་ནི།། ཉུངས་ནག་སྐེ་ཚེ་ཏིལ་ནག་དང།། ལྕགས་ཕྱེ་མེ་ཏོག་ལོ་བཙན་དང།། ཁྲ་བོ་ཁྲེ་དང་ནས་ནག་དང།། སྲན་མ་སྲུབ་མ་བསྲེས་པའི་ཚེ། ། གཏོར་མ་ལྷ་ཤོས་ཟུར་གསུམ་ནག། དྲག་པོའི་རྫས་སུ་དབུལ་བར་བྱའོ།། ལིང་ག་སྨན་མ་གཏུབས་བྱས་ལ།། དེ་དག་ཀུན་ལ་དབུལ་བར་བྱའོ།། ཨོཾ་ཏདྱ་ཐཱ་ཏྲག་རགྴ། རུ་བེ་རུ་བེ་ནན། མུག་སྟིག་བཾ་རུ་ལུ་ཛ་ཛ། ཆེ་གེ་མོ་ད་ཧ་ད་ཧ། པ་ཙ་པ་ཙ་སྭཱཧཱ། ཨོཾ་པདྨ་ར་ཏེ་རེ་མ་ཏིང། ཙིཏྟ་ཙིཏྟ་མ་མ་རུ་ལུ་རུ་ལུ་ཛ་ཛ། ཆེ་གེ་མོ་བྷན་དྷ་ཀུ་རུ་ཡེ་སྭཱཧཱ། ཨོཾ་རུ་ལུ་ཀོའུ་མེ་སེན་མེན་ནན་ཛ་ཛ། ཆེ་གེ་མོ་པུཥྟིཾ་ཀུ་རུ་སྭཱཧཱ། ཨོཾ་ཨུ་མ་ཏིང་དུ་རུ་དུ་རུ། ཚལ་པ་མེ་ཛ་ཛ། ཆེ་གེ་མོ་ཛ་ཛ་ཞི་བ་ཤན་ཏིང་ཀུ་རུ་སྭཱཧཱ། བསྟོད་ཅིང་བསྲེག་པ་ནི། ཧཱུཾ། མ་ཅིག་ལྷ་མོ་རེ་མ་ཏི།། ནག་མོ་མི་སྲུན་མཆེ་བ་ཆན།། དྲག་པོའི་འཕྲིན་ལས་བསྒྲུབ་པའི་ཕྱིར། ། མཐིང་ནག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད།། ཧཱུཾ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། དྲག་པོའི་རྫས་སུ་སྦྱར་བའི་མཆོད་པ་འདི།། མ་ཅིག་རེ་མ་ཏི་ལ་མཆོད་འབུལ་བསྟོད།། རྣལ་འབྱོར་རྣམས་ལ་བསྲུང་ཞིང་སྐྱབ་པ་དང། ། དམ་ཉམས་དགྲ་བོའི་མ་ལུས་ཐལ་བར་རློག། ཧཱུཾ། སྲིད་པའི་ལྷ་མོ་རེ་མ་ཏི།། དམར་ནག་མི་སྲུན་མཆེ་བ་ཅན།། དབང་གི་འཕྲིན་ལས་བསྒྲུབ་པའི་ཕྱིར།། སྨུག་ནག་འཇིགས་པའི་སྐུ་ལ་ཕྱག་འཚལ་བསྟོད། ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། དབང་གི་རྫས་སུ་སྦྱར་བའི་མཆོད་པ་འདི།། མ་ཅིག་རེ་མ་ཏི་ལ་མཆོད་འབུལ་བསྟོད།། རྣལ་འབྱོར་དབང་གི་ལས་ལ་ད་ཚུར་སྦྱོན།། དམ་ཉམས་དགྲ་བགེགས་དབང་དུ་སྡུས། ། ཧཱུཾ། མ་ཅིག་ལྷ་མོ་རེ་མ་ཛ།། སེར་ནག་མི་སྲུན་མཆེ་བ་ཅན།། རྒྱས་པའི་འཕྲིན་ལས་བསྒྲུབ་པའི་ཕྱིར།། སེར་ནག་འཇིགས་པའི་སྐུ་ལ་ཕྱག་འཚལ་བསྟོད།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། ། རྒྱས་པའི་རྫས་སུ་སྦྱོར་བའི་མཆོད་པ་འདི།། རེ་མ་ཛ་ཡི་སྐུ་ལ་མཆོད་འབུལ་བསྟོད།། རྒྱས་པའི་འཕྲིན་ལས་བདག་ལ་རྫོགས་པར་མཛོད།། ཧཱུཾ། མ་ཅིག་ལྷ་མོ་རེ་མ་ཛུ།། སྔོ་སྐྱ་མི་སྲུན་མཆེ་བ་ཅན། ། ཞི་བའི་འཕྲིན་ལས་བསྒྲུབ་པའི་ཕྱིར།། སྔོ་སྐྱ་འཇིགས་པའི་སྐུ་ལ་ཕྱག་འཚལ་བསྟོད།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། ཞི་བའི་རྫས་སུ་སྦྱར་བའི་མཆོད་པ་འདི།། མ་ཅིག་རེ་མ་ཛུ་ལ་མཆོད་འབུལ་བསྟོད། ། རྣལ་འབྱོར་བདག་གི་ཞི་བའི་ལས་བདེན་འགྲུབ།། དམ་ཉམས་དགྲ་བགེགས་མ་ལུས་ཞི་བར་མཛོད།། སྙིང་པོ་ཉི་ཤུ་རྩ་རེ་དང། བསྟོད་པ་རེ་དང་སྤེལ་ལ་གཏང་ངོ།། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་ལ། ཕྱིའི་མཆོད་པ་ནི་ལྔ་འམ་བདུན་གྱིས་མཆོད་དོ།། ཏིང་ངེ་འཛིན་དང་ཕྱག་རྒྱའི་མཆོད་པ་ཡང་དེ་བཞིན་དུ་མཆོད་དོ།། ནང་གི་མཆོད་པ་ནི་ནལ་བྲུག་གི་སྙིང་དང། བྱ་འམ་ལུག་ནག་གི་སྙིང་ལ་གཞི་བླངས་ལ། སྙིང་སྣ་ཚོགས་འབུལ་ལོ།། རྒྱུན་གཏོར་སུམ་ཆ་དང། རཀྟ་དང། ཨ་མྲྀ་ཏ་དང། མཆོད་པ་འབྱོར་ཚད་དུ་འབུལ་ལོ།། བསྟོད་པ་ནི། ཧཱུཾ། ཁམས་གསུམ་སྒྲོལ་བའི་དཔལ་མོ་ཁྱེད་བཞི་ལ།། མཐུན་པའི་རྫས་ཀྱི་མཆོད་པ་དམ་པ་དང། ། དམ་རྫས་སྣ་ཚོགས་སྦྱར་བའི་མཆོད་པ་དང།། གཟུགས་དང་ལིང་གར་བཅས་པ་འདི་རྣམས་ཀུན།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། རྣལ་འབྱོར་གུས་པའི་ཚུལ་གྱིས་ཆོད་འབུལ་གྱིས། ། ནག་མོ་མཆེད་བཞིའི་སྐུ་ལ་མཆོད་འབུལ་བསྟོད།། རྩ་བའི་སྙིང་པོ་བཞིའི་ཞབས་ལ། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧཱི། མ་ཧཱ་བྷ་ལིང་ཏ་ཁ་ཧཱི། ཤ་ཏྲུཾ་མ་ར་ཡ་ཁཱ་ཧི། མཱ་ཁཱ་ཧི་མཱ་ཁཱ་ཧི་མཱ་ཁ་ཧི་མཱ་ཁཱ་ཧི། དེ་ནས་དུག་གསུམ་གྱིས་མཆོད་པ་ཡང་དབུལ་ལོ།། གསང་བའི་མཆོད་པ་ནི། བདག་དང་ལྷ་མོ་བཞིའི་མཁའ་བྱིན་གྱིས་བརླབས་ཏེ། ། བདག་གི་བྱང་སེམས་མ་བཞི་མཁའ་ལ་སོ་སོར་བབས་པས་མཉེས་ཏེ་ཅི་བཅོལ་བ་བྱེད་པར་བསམ།། ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་འཕྲོས་པས་ཐུགས་དམ་སྐོངས་པར་བསམ། ། སེམས་ཅན་དང་ཤ་ཏྲུཾ་ལ་ཕོག་པས་དུག་གསུམ་རྩད་བཅད་ནས་འཁོར་བསྟོངས་པར་བསམ་མོ།། དཔལ་ལྷ་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། སྦྱིན་སྲེག་གི་ལས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལས་རྣམས་གྲུབ་པར་མ་གྱུར་ན།། འཇིག་རྟེན་བསམ་པ་བསྒྲུབ་པ་དང།། རེ་ཏི་མཆེད་བཞི་འཁོར་དང་བཅས།། མིང་དགུ་མཁན་བརྒྱ་ལས་སྟོང་གྲུབ།། རེ་མ་ཏི་ཡི་ཤི་ས་བཤད། ། འདི་ཡི་བསྒྲུབ་པ་གང་བཙམས་ཀྱང།། ཆོ་འཕྲུལ་ཆེ་ལ་རྟགས་མེད་ན།། ཉི་མ་ནུབ་ཀར་རྣལ་འབྱོར་བ།། མི་དགའ་བ་ཡི་སེམས་དང་ལྡན་པས་ན།། མོས་སུ་བདག་དབང་བྱས་པ་ཡིས། ། འཁོར་དུ་རྐྱེན་འོང་མཐར་ཕྱུང་འགྱུར།། དེ་ལ་འདི་ཡི་མྱུར་དུ་བཙལ།། བསམ་པ་ཐམས་ཅད་འགྲུབ་པའི་ས།། ཆུ་གླིང་དུར་ཁྲོད་བྲག་དམར་མཚོ།། དབེན་པའི་གནས་སོགས་གར་རྙེད་པར།། ས་གླུད་གཏང་ཞིང་ཕྱི་བཤགས་བྱ། ། མཆོད་དང་ཕྱི་བཤགས་དག་པར་བྱ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། གྲི་ཁྲག་དྲི་ཆེན་ཆག་ཆག་གདབ།། བ་སུ་ཏ་ཡི་ཐིག་གདབ་བྱ།། དབུས་སུ་ཁྲུ་གང་གྲུ་གསུམ་བརྩེགས།། གཞི་མ་དམར་ལ་མེ་རི་དཀར། ། གྲུ་གསུམ་འོག་མ་སེར་པོ་སྟེ།། བར་བ་དཀར་ལ་ཐོད་པ་དམར།། སྟེང་མ་ར་ག་དམར་པོ་བྲི།། དེ་སྟེངས་རོ་རས་མེ་ལོང་ཚད།། བུ་མོ་ཉི་ཤུའི་ཚད་ལྡན་པས།། རཀྟ་ས་བྲིས་ཏེ་མ་དབུས་སོ། ། དེ་ཡི་མཐའ་མ་སྔགས་འདིས་བསྐོར།། ཨོཾ་བཛྲ་སྙིང་ཁ་རག་མ་བྷྱོ་ཛ། ཟུར་གསུམ་གནས་སུ་དགོད་པ་ནི།། ལྕགས་སྐྱར་སེང་ལྡེང་ཕུར་བ་དགོད།། དམ་རྫས་གཏོར་མ་སྤྲིན་ཞལ་ཅན།། བྱང་ཤར་མཚམས་ཀྱི་གྲཝ་རུ་བཞག། བྱང་དུ་རཀྟའི་སྤྲིན་ཆེན་བཞག། གཤིན་རྗེའི་ཕྱོགས་སུ་ཧོམ་གཟུགས་བཞག། མཎྜལ་མཐིང་ནག་དར་གྱིས་དགབ།། ལེ་བརྒན་དར་གྱི་ཡོལ་བས་བསྐོར།། དཀྱིལ་འཁོར་རྒྱན་རྣམས་ཚོགས་པར་དགྲམ། ། ཧེ་རུ་ཀ་འམ་གཤིན་རྗེ་གཤེད།། མཆོད་པ་ཕུལ་ལ་བསྙེན་འཛབ་བྱ།། ཨེ་རེ་དུར་ཁྲོད་འབར་བ་ལ།། ཛཱ་ལ་རཾ་གྱིས་ཁམས་གསུམ་ཀུན།། ཁྲོ་བོའི་སྐུར་བདག་ལ་བསྟིམ།། དུར་ཁྲོད་ཆས་ཀྱིས་བདག་དབང་བསྐུར། ། མ་མོའི་འཕྲིན་ལས་གཞུང་དུ་བསྙེག། བསམ་གཏན་ལྡན་པས་ང་རྒྱལ་བསྐྱེད།། སྔགས་ཀྱི་བཀུགས་ལ་སྨན་མཆོད་བྱ།། སྐྱེར་ཕུར་ཁྲོ་བོར་བྱིན་བརླབས་རྩེར།། མ་མ་ཏྲིག་ནན་སྔགས་བྲིས་ཏེ།། རང་གི་ལག་པ་གཡོན་པས་བཟུང། ། གཡས་པ་འཕྲེང་བ་ཆེན་པོ་བགྲང།། ཨོཾ་མ་མ་ཏྲིག་ནན། རེ་མ་ཏི་ཙིཏྟ་པ་ལ་ཏྲག་རཀྵ་ཁ་མུན་ཏྲ། ཏྲ་བ་ཏྲ་བ་རཀྵ། དུན་དུན་ཛ་ཛ་ཧྲིང། འཛབ་ཟློས་ཏིང་འཛིན་ལྡན་པར་བྱའོ། ། མོ་ཉིད་དམ་བཅའ་ཁས་ལེན་ན།། བདུད་རྩི་བྱིན་ལ་དམ་ཚིག་འབོག། ཁྲག་སྤྲེང་རྔ་བརྡུང་དམ་ཚིག་བསྐུལ།། མ་མ་ས་མ་ཡ་སྟྭཾ། ཏྲིག་ནན་ས་མ་ཡ་སྟྭཾ། སྔགས་དེས་ཕུར་གདབ་བདུད་རྩི་བླུག། རེ་མ་ཏི་ཁཱ་ཧི་ས་ནི་གཏོར་མ་དབུལ། ། གྲུབ་པའི་རྟགས་རྣམས་བྱུང་བ་དང།། ཕུར་ཕྱུང་ཤུལ་དུ་བདུད་རྩི་བླུག། དེ་ནས་དགྲ་ལ་དྲག་པོའི་ལས།། ཏིང་འཛིན་ལས་དང་སྔགས་དང་ནི།། ཕོ་ཉ་རྟགས་དང་ཐུན་བཞི་དང། ། གདབ་དང་གཏུབ་དང་ཞལ་དུ་བསྟབ།། ཟོར་འཕངས་བྷྱོས་གདབ་བཟང་ངན་པ།། འཕང་བའི་ལས་དང་སྔགས་རྣམས་ནི།། འཕང་བའི་ལས་ནི་འདི་དག་གོ། ཛ་ཛ་རེ་མ་ཏྲི་ཛ། འཇིག་རྟེན་དག་ན་མཐུ་ཆེ་བ། མ་ཧཱ་དེ་བ་འཆི་བར་བཤད།། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། ཤི་ས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་སྐྱོན་ཡོན་བསྟན་པ་ནི། རེ་མ་ཏི་མཆེད་བཞིས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་དགྲ་ལྟ་ཅི་སྨོས་ཏེ། བདུད་དང་སྲིན་པས་བདག་རླག་པར་བྱེད་པས། གང་ཟག་ཀུན་གྱི་སྙིང་ལམ་ན། ངས་ཀྱང་འདི་དག་རྦད་ལ་དགྲ་དང་བར་ཆོད་མིང་མེད་པར་བྱས་ལ་རང་གཉན་ཞིང་ཆེ་བར་བྱ་སྙམ་སྟེ། དེ་ལྟར་མི་བཏུབ་ལེགས་ཉེས་གཉིས་ཀྱི་ལྟ་ལ་ཡང་འདི་རྣམས་རབ་ཏུ་མཁས་ཏེ། ཐོ་ཆོ་དང་བཙན་ཐབས་བྱར་མའི་དོད་དེ་ཕ་རོལ་པོས་མཉེས་པར་རང་གིས་ཉེས་ན་ཆད་པ་ཚུར་གཅོད་དུ་འོང་ངོ། ། གཉིས་ཀས་ཉེས་ན་གཉིས་ཀ་ལ་ཆད་པ་མཉམ་པོར་གཅོད།། དམ་ཚིག་མི་གཙང་ན་ཡང་སླར་བདུད་དུ་འབེབས། བུ་སྨད་ཆུང་མ་དང་འཁོར་ཡང་རླག་པར་བྱེད། བདག་དམ་ཚིག་ལ་གནས་ཤིང་གཙང་མ། སྲིང་མོ་མང་པོའི་ནང་ན་མི་མིང་པོ་གཅིག་ཡོད་པ་བཞིན་དུ་གདུང་ཞིན་བརྩེ་བར་འགྱུར་རོ།། ལྟ་བ་ཆེ་ན་ཡིད་བཞིན་གྱི་ནོ་བུ་རིན་པོ་ཆེ་ལྟར་མཐོང་ཞིང།། བསྙེན་ཞིང་བསྐུར་སྟི་བྱེད་པར་འགྱུར་རོ།། ཏིང་ངེ་འཛིན་གསལ་ན་ནི་ལས་ཀྱི་རྗེ་བོ་བཞིན་དུ་བཀའ་ཉན་ཞིང་ཁུར་བར་འགྱུར་རོ། ། དམ་རྫས་འཚོགས་ཤིང་མཆོད་པ་འགྲུབ་ན་ཕ་མ་དྲིན་ཅན་ལ་བུས་ལན་ལྡོན་ཞིང་ཡིད་ལ་ཅི་འདོད་པའི་དངོས་གྲུབ་སྐྱེལ་ལོ། ། བཀའ་འདི་གསང་ཐུབ་ཅིང་སྤྱད་ལེགས་ན་མི་ཟད་པའི་གཏེར་སྤས་པ་བཞིན་དུ་ཡིད་ལ་ཅི་འདོད་བསམ་པ་འགྲུབ་བོ།། འདི་ལྟར་སྤྱད་ཉེས་སམ་གཞན་ལ་སྤེལ་བར་བྱས་ན་ངའི་མཚང་ཚིག་བསྒྲགས་ཟེར་ནས་སྙིང་ཁྲག་འཐུང། དཔལ་ལྷ་མོ་ནག་མོ་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས། སྐྱོན་ཡོན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། སྲོག་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ཨཱརྱཱ་དེ་བི་ཀ་ལི་གྷུ་ཧྱ་ཏན་ཏྲ་རཱ་ཛ་ནཱ་མ། བོད་སྐད་དུ། འཕགས་པ་ལྷ་མོ་ནག་མོའི་རྒྱུད་ཀྱི་རྒྱལ་པོ་གསང་བ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཆེན་མཆོག་ཧེ་རུ་ཀ་འཇིགས་བྱེད་ཀྱི་རྒྱལ་པོ། མཁའ་འགྲོ་རྡོ་རྗེ་ལས་ཐམས་ཅད་ཀྱི་བདག་པོ། མ་མོ་ཐམས་ཅད་འདུལ་བར་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་གཅིག་ཏུ་བསྡུས་པའི་བདག་ཉིད། ཁམས་གསུམ་ན་གནས་པའི་གདུག་པ་ཅན། མ་ལུས་མི་ལུས་ལུས་པ་ཐམས་ཅད་འདུལ་བར་མཛད་པ་ཉིད་མུ་ཁ་ལེ་དང་གཉིས་སུ་མེད་པར་རོལ་པ་མཛད་པ་དེས། དྲག་པོ་ཆེན་པོ་འཇིགས་བྱེད་འབར་བ་དུར་ཁྲོད་ཆེན་པོའི་གནས་ན། ཤིན་ཏུ་འཇིགས་པའི་སྒྲ་དང་དྲག་ཤུལ་འབྱུང་བའི་གནས་སུ་མ་མོ་དང། སྲིན་མོ་དང། རོ་ལངས་ལ་སོགས་པ་མ་ལུས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དེར་ཡེ་ཤེས་ཀྱི་མ་མོ་དང། ཡེ་ཤེས་ལས་གྱུར་པའི་མ་མོའི་ཚོགས་དང།། སྤྲུལ་པའི་ཚོགས་ཐམས་ཅད་དང། ལས་ཀྱི་མ་མོ་ཐམས་ཅད་ཀྱི་གཙོ་མོ་རལ་པ་གཅིག་མ་ཐམས་ཅད་དང། ཁྲོ་མོ་ནག་མོ་ཐམས་ཅད་དང། ཁྲོ་མོ་ལས་ཀྱི་བྲན་མོ་ཐམས་ཅད་དང། ཁྲོ་མོ་བཀའི་ཕོ་ཉ་མོ་ཐམས་ཅད་དང། ཁྲོ་མོ་བཀའི་ཐུགས་ཀྱི་སྤྲུལ་པ་ཐམས་ཅད་དང། ཁྲོ་མོ་ལས་ཀྱི་སྲིན་མོ་ཐམས་ཅད་དང། ཁྲོ་མོ་འཇིག་རྟེན་པ་ཐམས་ཅད་དང། ཁྲོ་མོ་སྲེག་བྱེད་ཆེན་མོ་དང། དེ་དག་གི་འཁོར་ལས་ཀྱི་སྲིན་མོ་ཆེན་མོའི་ཚོགས་དང། ལས་ཀྱི་སྲིན་མོ་ཆེན་མོ་སེར་མོའི་ཚོགས་དང། དམར་མོའི་ཚོགས་དང། སྔོན་མོའི་ཚོགས་དང། སྨུག་མོའི་ཚོགས་དང། ཕྲ་མོའི་ཚོགས་ལ་སོགས་པ་བསམ་གྱིས་མི་ཁྱབ་སྟེ། སོ་སོའི་ཁ་དོག་དང། དབྱིབས་དང། རྟགས་ལ་སོགས་པའི་ཆ་ལུགས་སུ་གནས་ཏེ། དེ་དག་གི་ནང་ན་འདོད་ཁམས་ཀྱི་གཙོ་མོ་ལས་ཀྱི་མ་མོ་ཐམས་ཅད་ཀྱི་ཡང་མ་མོ། ཕྱི་མོའི་ཡང་ཕྱི་མོ། རྗེ་མེའི་ཡང་རྗེ་མོ། བྲན་མོའི་ཡང་བྲན་མོ་ཞིག་གིས། བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། ། རྣམ་དག་དབྱིངས་ལས་བྱུང་བ་མ་མོ་དང།། བདག་དང་བདག་གིར་འཁོར་དུ་གཏོགས་པའི་མ་མོ་རྣམས།། རྟག་ཏུ་ཆེ་མཆོག་དཔལ་གྱི་བཀའ་ཉན་གྱིས།། ལས་དང་བྱ་བ་གང་ཡིན་བསྟན་དུ་གསོལ།། ཞེས་གསོལ་བ་དང། བཀའ་སྩལ་པ། ཡང་གསང་བའི་བདེ་ཆེན་དབྱིངས་ཀྱི་མ་མོ་དང། དཔལ་ལྡན་ནག་མོ་འཁོར་དང་བཅས་པ་རྣམས།། དཀར་མོ་བསྲུང་ཞིང་སེར་མོ་རྒྱས་པ་དང།། དམར་མོས་དབང་སྡུད་ནག་མོས་དགྲ་འདུལ་དང། ། རྟག་ཏུ་རྣལ་འབྱོར་དོན་དང་ལྡན་པར་གྱིས།། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་དེ་ལྟ་བུའི་ལྷ་མོ་དེས། བཅོམ་ལྡན་འདས་ལ་ཕྱག་བྱས་བསྐོར་བ་བྱས་ནས།། མེ་ཏོག་གཏོར་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཧེ་ཧེ་བཅོམ་ལྡན་འདས།། དྲག་ལ་གཏུམ་པའི་སྲིན་མོ་འདི།། ཡང་དག་དོན་ལྡན་བདེ་རྙེད་པ།། ཇི་ལྟ་བ་ཡི་ཐབས་ལས་བྱུང།། ཞེས་གསོལ་བ་དང། བཀའ་སྩལ་པ། དྲག་གཏུམ་མི་སྲུན་རེ་མ་ཏི། སྔོན་ཚེ་ཇི་ལྟར་བདག་ཉིད་ཀྱིས།། བཀའ་ལ་བཏགས་ནས་མྱུར་བསྒྲུབས་ཏེ།། དེ་ལྟ་བ་ཡི་འབྲས་བུ་མིན།། རྒྱུ་རྐྱེན་ལས་ལ་གྲུབ་པ་ཡིན།། ཞེས་གསུངས་སོ།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་རྡོ་རྗེ་འཛིན་པས་གསོལ་པ། བཅོམ་ལྡན་འདས་ལྷ་མོ་རེ་མ་ཏི་འདི་ནན་ཏན་དུ་བསྒྲུབ་པའི་ཐབས་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཇི་ལྟར་ལྷ་མོ་རེ་མ་ཏི། ། དེ་ལྟར་ཡང་དག་དོན་ཞུས་པ། རྡོ་རྗེ་འཛིན་པ་ངོ་མཚར་ཆེ།། ངེས་སྨྲས་རབ་ཏུ་ཡིད་ལ་ཟུང།། གདུག་པ་མ་ལུས་གདུལ་བའི་ཕྱིར།། ནན་ཏན་ནག་མོའི་བསྒྲུབ་པ་བཤམ།། དེ་ཉིད་གདུལ་བར་བྱ་བའི་ཕྱིར། ། གཞི་ཡི་དཀྱིལ་འཁོར་རབ་བསྐྱེད་ལ།། རལ་པ་གཅིག་པའི་འཁོར་མོ་ནི།། སྔོན་མོ་ཞལ་གཅིག་ཕྱག་གཉིས་པ།། ཞིང་སོགས་དུར་ཁྲོད་ཆས་རྣམས་ཀྱིས།། རལ་གཅིག་མཛེས་པའི་ན་བཟར་བྱས།། མཆོག་གི་རལ་པ་སེ་ཡན་ཅན། ། དུང་གི་ཐོར་ཚུགས་དབུ་ལ་བརྒྱན།། གཡས་ན་ཁ་ཊྭཾ་རྩེ་གསུམ་བསྣམས།། གཡོན་ན་བྷན་དྷ་རཀྟ་བསྣམས།། མདུན་དུ་ཨེ་ཀ་ཛ་ཏི་བསྐྱེད།། དཀར་མོ་ཧར་ཏིང་ཆེན་མོ་དང།། དུན་ཏིང་སེར་མོ་ཤན་ཏིང་དམར། ། གྲུབ་ཏིང་ནག་མོ་ཕྱོགས་བཞིར་དགོད།། མདུན་དུ་དེ་བཞིན་བསྐྱོད་བྱས་ལ།། དབང་བསྐུར་དཀྱིལ་འཁོར་ཞེས་སུ་གྲགས།། དེ་ཉིད་བསྐྱེད་ནས་སྤྱན་དྲངས་ཏེ།། མཆོད་བསྟོད་ལས་རྣམས་བྱས་ནས་སུ། ། ནམ་གྲུབ་ཚེ་ན་ཐུགས་དམ་བསྐང།། མ་གྲུབ་བར་དུ་སྔགས་བསྐྱེད་བྱ།། བཛྲ་ཨེ་ཧྱ་ཧི་ཨེ་ཀ་ཛ་ཊི་བྷྱོ། ཛ་ཧཱུཾ་བཾ་ཧོ། བ་ཤ་ས་མ་ཡ། རུ་ལུ་རུ་ལུ། བྷྱོ་བྷྱོ་བྷྱོ་བྷྱོ། མ་ས་མ་ཡ། ཨེ་ཀ་ཛྭ་ཏི། བ་ཤ་རུ་ལུ་ས་མ་པ་ཊ་བཱ་ཧི། མ་མ་རུ་ལུ་བྷྱོ། རུ་ལུ་རག་མོ་བྷྱོ། ཙིཏྟ་ལ་དུན་བྷྱོ་མ་ཧཱ་མཾ་ས་ལ་ཁཱ་ཧི། ཞེས་པའོ།། ཨེ་ཀ་ཛ་ཏི་གྷྱུ་སིདྡྷི་ས་མ་ཡ་ད་མ་ད་མ། རུ་ལུ་རུ་ལུ་ཏྲག་ཏྲག་མ་བྷྱོ་དུན་བྷྱོ་ཧཱུཾ། ཐོད་རུས་མེ་ལྟར་འབར་བ་ལ། འོད་ཟེར་འཕྲོ་འདུ་ཀློང་དཀྱིལ་ནས། ། དབང་གི་མ་མོ་རལ་གཅིག་མ།། མཐིང་ནག་སྔོན་མོ་འཇིགས་པའི་ཚུལ།། དུར་ཁྲོད་ཆས་རྣམས་སྐུ་ལ་གསོལ།། མཆོང་གི་རལ་པ་སེ་ཡན་ཅན།། རལ་པ་སྤྱང་ལོ་རེ་རེ་ལ།། དབང་གི་མ་མོ་སྤྲིན་ལྟར་གཏིབས། ། དུང་གོ་ཐོར་ཚུགས་དབུ་ལ་བརྒྱན།། སྲིད་གསུམ་སྒྲོལ་བྱེད་ཁ་ཊྭཾ་རྩེ་གསུམ་དང།། ཐོད་རློན་འཕྲེང་ཆེན་ལག་ན་ཐོགས།། འཁོར་དུ་རིགས་འཛིན་མ་མོས་བསྐོར།། སྤྲོས་དང་བྲལ་བས་ཞི་བ་ཆེ། ། མ་མོ་ཐམས་ཅད་དབང་སྡུད་ཅིང།། བདུད་སྲིན་རྡུལ་དུ་རློག་མཛད་མ།། རྣལ་འབྱོར་སྔགས་ཀྱི་དམ་སྲུངས་མ།། དམ་ལས་འདས་པའི་བདུད་གཅོད་མ།། རྣལ་འབྱོར་སྐུ་ལ་གཉེར་གནས་མ།། དབང་གི་མ་མོ་ཆེན་མོ་ཁྱོད། ། གཤེད་ཆེན་མོ་ལ་ཕྱག་འཚལ་བསྟོད།། དེ་ལྟའི་འཕྲིན་ལས་བཅོལ་བ་དང།། རྣལ་འབྱོར་སྔགས་ཀྱི་དཀྱིལ་འཁོར་དུ།། སྔགས་ཀྱི་ཡི་གེའི་ཚིགས་གྲགས་པ།། ལས་སྔགས་མ་ཡིན་བསྒྲུབ་པའི་སྔགས། ། རྣམ་གསུམ་ཚུལ་དུ་བསྙེན་པ་བྱ།། རྟགས་དང་མཚན་མ་བྱུང་བ་དང།། དངོས་གྲུབ་རྣམ་པ་གང་འདོད་བླང།། དེ་ནས་ལས་གཞན་སྦྱོར་བ་བྱ།། ཇི་སྲིད་བསྙེན་པ་སུམ་འབུམ་བཟླས།། དེ་སྲིད་ལས་ཀྱི་སྦྱོར་བ་ནི། ། གྲུབ་ནས་རྒྱུ་འདྲ་བསམ་སྟོབས་ཀྱི།། མོ་མོ་ཉིད་དུ་བདག་ཉིད་བསྒོམ།། དཔལ་ལྷ་མོ་རེ་མ་ཏི་ཤན་པ་ནག་མོའི་རྒྱུད་ལས། གཡེན་གྱི་མ་མོ་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཇི་སྲིད་ཚུལ་དེ་ཐམས་ཅད་ལ།། དང་པོ་དམ་རྫས་མཆོག་བལྟས་པས།། མ་མོའི་བསྒྲུབ་རྫས་བསག་པར་བྱ།། མ་མོ་བསྒྲུབ་པའི་དུས་དེ་རུ།། རྡོ་རྗེ་རྣོན་པོའི་བྱང་ཆུབ་སེམས།། མཚལ་ཐིག་པདྨ་མ་སྣད་པ། ། རྣལ་འབྱོར་མ་མོ་བརྟེན་ཕྱིར་བསག། མི་དབང་ལུས་དང་འབྲས་བུ་ནི།། ཡིག་གསུམ་རྫོགས་པའི་འབྲུ་རབ་སྟེ།། རྣལ་འབྱོར་མ་མོ་བསྒྲུབ་པ་དང།། བོད་ཕྱིར་གཡབ་མོས་གཡབ་པར་བྱ།། སྤྱི་བླུག་སྲིད་པའི་ཁོ་མཆོག་ནི། ། རྣལ་འབྱོར་དེ་ཡི་མགོ་ལ་འགོ། མ་མོ་ཐམས་ཅད་བོད་པ་དང།། མ་མོའི་དབུ་དང་མཐུན་ཕྱིར་རོ།། ལག་ཏུ་བན་དྷའི་ཆ་ལང་ནི།། རྣལ་འབྱོར་པ་ཡིས་བརྡུང་བྱ་སྟེ།། དེ་ཡིས་ཐམས་ཅད་འབོད་པ་ཡིན། ། རྐང་ཆེན་གླིང་བུ་བུས་པ་ཡིས།། དུང་སྐད་མང་པོ་སྒྲ་ཡིས་ནི།། མ་མོ་སྲིན་མོ་མཉེས་སྟོབས་ཤིང།། དེ་ཡི་ཐམས་ཅད་དབང་དུ་སྡུད།། ལག་པའི་སོར་མོ་འཕྲེང་ཆེན་བགྲང།། རྣལ་འབྱོར་དེ་ཡི་འཕྲེང་ཆེན་ནི། ། འབྲེང་བ་ཀུན་གྱི་མཆོག་ཡིན་ཏེ།། རྣལ་འབྱོར་མ་དང་མཐུན་ཕྱིར་རོ།། བདུད་རྩི་ལྔ་དང་སྣུམ་པོས་སྦྱར།། རྣལ་འབྱོར་མ་ཡི་ཟས་མཆོག་དང།། ཁྱད་པར་སྒོམ་ཞིང་བསགས་པར་བྱ།། དམར་གྱི་རཀྟ་ཟབ་པ་གང། ། སྣ་ཚོགས་ཁྲག་དང་སྦྱར་བ་ནི།། མ་མོ་རྣལ་འབྱོར་སྐོམ་ཡིན་ཏེ།། རྣལ་འབྱོར་དོན་ལྡན་བསགས་པར་བྱ།། རྟ་ཁྲག་དིར་བུ་མང་བཀང་ལ།། ཇི་སྲིད་ཚོགས་པ་སྦྱར་བར་བྱ།། དེས་ནི་མྱུར་དུ་འགྲུབ་པར་འགྱུར། ། དེ་ནས་གསད་པའི་ལས་བྱའི་ཕྱིར།། རབས་ཆད་ནག་པོའི་ཐོད་པ་ནི།། ཚན་ཆེན་ཟིལ་གྱིས་གནན་ཕྱིར་བསག། སྲོག་ཆགས་གདུག་པའི་པགས་པ་རྣམས།། བཟའ་བ་འབྲུབ་ཕྱིར་བསག་པར་བྱ།། ཡུངས་ཀར་ཡུངས་ནག་སྐྱེ་ཚེ་ནི། ། ཚ་བ་བསྐྱེད་ཕྱིར་བསག་པར་བྱ།། ཤངས་ཚེ་ལ་ཚེ་འབྲུ་མར་དང།། ར་དུག་ལ་སོགས་སྲུབ་ལོ་ནི།། རབ་ཏུ་ཚར་བ་བསྐྱེད་ཕྱིར་བསག། ཁྲག་སྣ་དུག་སྣ་ཆུ་སྣ་ཚོགས།། དེ་ནི་གཟས་པས་བསྒྲལ་ཕྱིར་བསག། ལྕགས་ཕུར་ཤྲོ་ཤིང་མིང་རུས་དང།། གཞན་ཡང་ཅི་ཕྱིར་མང་པོ་ཀུན།། དྲག་པོ་བསྒྲལ་ཕྱིར་བསག་པར་བྱ།། དཔལ་ལྷ་མོ་རི་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། དམ་རྫས་བསག་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ལས་ཀྱི་ཚོགས་རྣམས་རབ་བྱས་ནས།། གསད་པའི་ལས་ཀྱི་མཇུག་གཅད་པ།། སྲིད་པའི་ལྷ་འདྲེ་ཡོངས་རྒྱུ་བ།། ཁུང་བུ་རང་རྟག་གྲུ་གསུམ་བྲུ། ། མིང་རུས་རྫས་དང་ཐོད་པ་ཀུན།། ཁྲུ་ཁང་སྤགས་པར་གཞུག་པར་བྱ།། ཁུང་བུ་ཁ་བཅད་མཐོངས་བརྡོལ་ནས།། རྣལ་འབྱོར་བསྒྲུབ་པའི་མ་མོ་རྣམས།། རལ་གཅིག་མས་ནི་ཡོངས་བསྐོར་ནས།། སྦྱིན་སྲེག་དང་ནི་ཕུར་ཐུན་ཀུན། བྱས་ཤིང་དེ་རུ་མིང་རུས་གཞུག། རྡོ་རྗེ་གཏུན་གྱིས་བརྡུང་བ་དང།། ཕོ་ཉའི་སྦྱོར་བ་བྱས་ནས་ནི།། འོ་དོད་འབོད་ཅིང་ལས་རྣམས་བཅོལ།། སྲོག་ལེན་ཕོ་མོས་གསོད་པ་ཡིན།། ཡང་ན་ལོག་ལོན་ཐབས་འདི་ལྟར། ། གང་ཡིན་གདུག་པའི་དགྲ་བོ་ནི།། ཕ་མེས་མགོ་བོ་དུ་མ་བླང།། རབས་ཆད་ཐོད་པ་རློན་པ་ལ།། གསང་བའི་ངན་སྔགས་ཐུན་བསྒྲུབ་ཅིང།། ཐུན་དྲུག་པོས་ཀྱང་བསྒྲུབ་པར་བྱ།། རེའུ་མ་རྣམས་དྲུག་རྦད་ཅིང་བརྡབ། ། དེ་ནས་ཐོད་པ་གང་ཡིན་པ།། ནང་དུ་རེ་མ་རྣམ་པར་གཞུག། ཕྱི་རིམ་མ་མོའི་སྔགས་ཀྱིས་བསྐོར།། རེའུ་མར་བྱིན་བརླབས་དེ་བཞིན་ནོ།། གདུག་པ་གསད་པའི་ངན་སྔགས་ནི།། ཇི་སྲིད་རྫས་ཀྱི་དེ་བཞིན་དུ། ། གསང་བའི་སྦྱོར་བའི་ལས་འདི་བྱ།། འདི་ཡི་ལས་ལ་ཁྱད་པར་དུ།། གཞན་དུ་བྱས་ན་འགྲུབ་མི་འགྱུར།། རག་མོ་ཐང་མུ་ལེ། ཐང་མ་ལེ་རྦད་རྦད། རྩ་ཐཾ་རྩ་ཐཾ་རྦད་རྦད། མུཾ་སྣི་མུཾ་སྣི་ནན་ནན། རག་མོ་ནརི་རག་མོ་ནརི། ཁ་ཡོང་རྦད་རྦད། དུག་སྣི་དུག་སྣི། ཁ་ལོང་ཙིཏྟ་རྦད་རྦད། ཀྱི་ཁ་ལོང་ཀྱི་ཁ་ལོང་རྦད་རྦད། ཙ་ཏི་ཙ་ཏི་རྦད་རྦད། ནརི་སྟི་ནརི་སྟི། མུགས་མུགས་ཐུམ་ཐུམ་སུཾ་ཏི་སྟ་རྦད་རྦད། ཁ་འདར་ཡེད་ཡེད། ཐུམས་ཐུམས་རྦད་རྦད། སེ་ཁ་ལོང་མི་ཁ་ལོང་རྦད་རྦད། མི་ཡུལ་གླིང་བཞི་དམོད་མོ་འདི།། བཟླས་ཤིང་ལས་རྣམས་བཅོལ་རྒྱུར་ན།། གདུག་པ་མྱུར་དུ་གསོད་པ་ཡིན།། གསོད་པར་འགྲུབ་འགྱུར་ཐེ་ཚོམ་མེད། ། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། ཡང་ཏིག་བསྐལ་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཇི་སྲིད་མ་མོའི་འཁོར་ལོག་ཀུན།། ར་གཤེད་པ་ཡི་པགས་པ་ལ། ། མོ་ཡི་འཁོར་ལོ་རབ་བྲིས་ཏེ།། ཞིང་ལྤགས་ཕོ་ཡིས་འཁོར་ལོ་བྲི།། བར་དུ་དགྲ་ཡི་མིང་རུས་གཞུག། དེ་ལ་ཁྲག་ཟོར་ལ་སོགས་བརྡེག། རྡོ་ཐུན་སོགས་ཀྱིས་བརྡུང་ཞིང་གསད།། དེ་དགའ་འཁོར་ལོ་བསྐོར་དུས་སུ། ། གསད་པའི་ངན་སྔགས་འདི་དག་བཟླས།། རག་མོ་ཁས་ལེ་སྲོག་རྩ་རྦད་ཡ་དུན་ནི་ཁ་ལ་ཡ་དུན་ཙཀྲ་རྦད། ཙ་ཐུན་མ་ར་ཡ་ཡ་ཐུན་སོད། ཤག་ཐུན་མ་ར་ཡ་ཐུན་སོད། རུ་རུ་རག་མོ་མ་ར་ཡ་ཐུན་སོད། མ་མ་མུག་ཏི་གྷྲི་ན་ཐུན་སོད། མ་མ་ཤ་ཤ་ཐུན་ཏུ་ཐུན་སོད། མ་མ་རྦད་ཐུན་མ་ར་ཡ་ཐུན་སོད། ཤག་ཤག་རག་མོ་མ་ར་ཡ་ཐུན་མུག་ཤ་སོད། གསང་བ་གསོད་པའི་མན་ངག་འདི།། ཇི་སྲིད་ཁྲག་ལ་སོགས་པར་གསད།། དེ་ནི་སུམ་ནས་འཆི་བར་འགྱུར། ། འཆི་བར་འགྲུབ་འགྱུར་ཐེ་ཚོམ་མེད།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། སྲོག་ཏིག་བཀོལ་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། སྨྲས་པའི་རོ་ལ་རྣམས་སུད་ན།། དྲི་བོའི་ནང་ངན་པགས་པ་ལ།། དམིགས་པའི་མིང་རུས་བྲིས་ནས་ནི།། ཁྲག་དུག་ཐུལ་པ་ཆེན་པོ་དང།། དེ་ལ་སོགས་པའི་གདུག་རྫས་ཀྱིས། གཤེད་པོའི་ལྕགས་ལ་འཁོར་ལོ་བྲི། ། དེ་གཉིས་བར་དུ་ཁ་སྦྱར་ནས།། བསམ་གཏན་དྲག་པོའི་སྦྱོར་བ་ཡིས།། བསྒྲུབ་བྱ་བཀུག་ཅིང་རྣམ་པར་བསྟིམ།། ལྟས་ངན་པགས་པས་བརྡབ་ཅིང་གསད།། རུས་གཤེད་ཐོད་པས་གཞུག་པར་བྱ། ། གོང་གི་ཐོད་པས་བརྡབ་པར་བྱ། དེ་ནས་ཐོད་པ་ནག་པོ་དེ།། མཁར་ནག་དག་གིས་བསྡམས་ནས་སུ།། དམིགས་ནས་གཏད་ཅིང་རབ་ཏུ་གཞུག། དེ་ནས་དྲག་པོའི་ལས་བྱའི་དུས།། ཇི་སྲིད་འདི་ཡི་ལས་རྣམས་ལ། ། གདུག་པའི་ཐུན་གྱིས་སྔགས་འདི་བསྒྲུབ།། ཧེ་ཧེ་མ་དུན་མ་དུར། རག་མོ་ནི་ཤམ་ཀུ་རུ་རྦད། དུན་ཏིང་དུན་ཏིང་ས་མ་ཡ། མ་ཤ་ཁ་མ་ལ་རྦད། ཕར་ལ་ཁྱུང་ཏིང་རྦད། སྤུ་ན་ཤ་ཏྲ་ལྡིབས། ཁ་ལོ་མུ་ལོ་དུན་ཏིང་སེན་མེན་ཡཾ། ནི་ཤ་ཀུ་རུ་དུན་ཏིང་རྦད། སུན་ས་ཏི་ཨི་ཏི་ཡ་རྦད། གསང་བ་གསད་པའི་ངན་སྔགས་འདི།། གོང་མའི་རྫས་ཀྱིས་བརྡེག་ཅིང་གསད།། དེས་ནི་རྩ་བའི་གཅོད་པ་ཡིན།། ལས་འདི་གྲུབ་པར་གདོན་མི་ཟ། ། དཔལ་ལྷ་མོ་རེ་མ་ཏི་ཤན་པ་ནག་མོའི་རྒྱུད་ལས། སྙིང་ཐིག་བཀོལ་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དྲག་པོའི་ཆུ་མིག་ཡོད་པའི་སར།། རབས་ཆད་ཐོད་པར་གཟུགས་བཅས་ལ། ། གོམ་གང་སྤགས་པར་གཞུག་པར་བྱ།། དེར་གང་གཟས་པ་བོད་པར་བྱ།། མི་བཟོད་སྨྲེ་སྔགས་གཏོན་ནས་ནི།། ཐོད་ཟོར་འཕང་ཞིང་གཏོར་མ་བརྡེག། དེ་ཡིས་འཆི་འགྱུར་གདོན་མི་ཟ།། དེ་དག་ལས་འདི་བྱེད་དུས་སུ། ། གདུག་ཅིང་དྲག་པོའི་ངན་སྔགས་འདི།། དེ་དག་རྫས་ལ་བཟླས་ཤིང་བརྡེག། ཏིས་ཕུར་སོད། ནིས་ཕུར་སོད། དུར་མིན་སོད། དེ་བ་ནན་རམ་སོད། དེ་ཡང་སོད། དེ་བ་སེ་རྐང་སོད། བྱ་རྐང་སོད། རྐང་ཀྲ་མ་སོད། གསང་བ་གསོད་པའི་ངན་སྔགས་འདི།། གོང་མའི་རྫས་ལ་རབ་བསྔགས་ཏེ།། དེས་རྟོགས་མ་ལུས་གསད་པར་འགྱུར།། ཕུང་བར་འགྱུར་བར་ཐེ་ཚོམ་མེད།། དཔལ་ལྷ་མོ་རེ་མ་ཏི་གསང་བཤན་པ་ནག་མོའི་རྒྱུད་ལས། ཕུང་ཏིག་བཀོལ་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ལས་ལྔ་ཐོད་པའི་ལས་ཡིན་ཏེ།། ལས་དེའི་ལས་ནི་ཇི་བཞིན་བ།། གཞན་གྱི་ལུས་ལ་འབྱུང་མི་འགྱུར།། འདི་ཡི་ལས་ལ་ཁྱད་གསུངས་པ། ། གསོད་པ་མང་པོ་ཐམས་ཅད་ཀྱིས།། དགྲ་བོ་མ་ལུས་གསོད་པ་ཡིན།། གསད་པར་འགྲུབ་འགྱུར་ཐེ་ཙོམ་མེད།། རྦད་དུ་རྦད་དུ། ཡག་མོ་སོད་ཅིག་སོད་ཅིག། ཐུམ་རི་ལི་ལི་ཛ། རྦད་རུ་རྦད་རུ། ཡག་མོ་སོད་ཅིག་སོད་ཅིག། ཐུམ་རི་ལི་ལི་ནརི་ཛ། ཁ་འདར་མ་སོད་ཅིག་སོད་ཅིག། ཐུམ་རི་ལི་ལི་ནརི་ཛ། གོང་མའི་རྫས་ལ་རབ་བསྔགས་ཏེ།། གདུག་པའི་གནས་སུ་བརྡེགས་གྱུར་ན།། གང་ཡིན་པ་ཡི་དགྲ་བོ་དེ། ། གསད་པར་འགྲུབ་འགྱུར་ཐེ་ཚོམ་མེད།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། སྦྱོར་ཏིག་བཀོལ་བའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཁུང་བུ་རབ་ལྡན་སྦྱོར་བས་ནི། ། གསད་པའི་སྦྱོར་བ་རབ་བརྩམས་ནས།། ཁུང་བུ་དྲུག་ནི་ལེགས་བྲུས་ན།། འབྲུ་ཐུན་ལ་སོགས་ཁུང་བུ་ཀུན།། ཨེ་ཡི་དབུས་སུ་རབ་ལྡན་ལ།། འོད་ཟེར་མང་པོ་ཀུན་ལ་སྤྲོ།། དེ་ནང་སྲིན་མོ་མ་མོ་དང། ། ལས་ཀྱི་མ་མོ་བཀུག་ཅིང་བསྟིམ།། དེ་ཡི་སྦྱོར་གསང་ཞལ་གྱི་ནང།། འོད་ཟེར་དམར་ནག་རབ་འཕྲོ་བར།། གདུག་པ་རྣམ་པར་དགུག་བྱ་བ།། དེ་ནས་སྙིང་ཁའི་ས་བོན་ལས།། འོད་ཟེར་འབུམ་དུ་རབ་ལྡན་པས། ། བསྒྲུབ་བྱ་ལྕགས་ཀྱུས་བཟུང་ནས་ནི།། ཞགས་པ་ཡིས་ནི་རྣམ་པར་བསྟིམ།། དེ་ནས་རྡོ་རྗེའི་སྒྲོག་ཏུ་གཞུག། དེ་ནས་གདུག་པ་གང་ཡིན་པ།། རླུང་གི་རྔ་མོ་རྒྱབ་ཏུ་བསྐྱིན།། དེ་ནི་ལྕགས་ཀྱུས་བཟུང་ནས་ནི། ། ཐོ་བ་ཅན་གྱིས་བརྡེག་བཞིན་དུ།། ནང་དུ་རྣམ་པར་འོངས་ཙམ་ན།། ཁ་སྦྱར་སོ་སོར་ཕྱེ་ནས་ནི།། དེ་ནི་ཟོར་གྱིས་གསོད་པ་ཡིན།། གསད་པར་འགྲུབ་འགྱུར་ཐེ་ཙོམ་མེད།། མ་མཱ་རག་མོ་ཐུམ་ལིས། སྙིང་རྩ་འདུས་སྲོག་སྲིག་སྲིག། ཤམ་ཤམ་ཁྱེར་བྷྱོ། སྙིང་ཁྲག་རྩ་བྲེང་བྲེང་རྦད། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། མ་ཧཱ་སྲོག་ཏུག་ཏུག་ཁྲག་རླུང་སྙིང་རྦུད། མ་ཧཱ་ཐུམ། སྙིང་ལ་མཱ་ར་ཡ་ཕཊ། སྲོག་ལ་མ་བྷྱོ། ཁ་ཐུན་ནརི་ཛ་ཛ། གང་ཕྱིར་མ་མོ་ཐམས་ཅད་ཀུན། ། རྗེས་སུ་འབྲང་བར་བཤད་པ་ཡིན།། རྗེས་འབྲང་མ་མོ་མང་པོ་རྣམས།། འདི་ལྟར་རབ་ཏུ་འདུ་བ་ཡིན།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། དགུག་ཏིག་བཀོལ་བའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཐོད་ཟོར་འཕངས་བའི་ལས་དག་ནི།། མོན་ནམ་རབས་ཆད་ཐོད་པ་རུ།། ཁྲག་སྣ་དུག་སྣ་འབྲུ་སྣ་ལ།། དྲག་སྔགས་བཟླས་ཤིང་རབ་འབྱོར་བས།། ནང་དུ་དཀྲུག་ཅིང་སྔགས་བསྒྲུབ་བྱ། ། དེ་ནས་འཕན་པའི་དུས་དག་ཏུ།། བོང་བུ་ཞོན་ཞིང་བདུད་ཆས་ཞུགས།། ཞིང་ཆེན་གཡབ་ཅིང་གསུར་ཆེན་བཏང།། དེ་ཡི་ལས་ཀྱི་རིམ་པ་ནི།། མ་མོའི་ཚོགས་རྣམས་རབ་བསྐུལ་ནས། ། མཇུག་ཏུ་ཐུན་སྔགས་མང་དུ་བཟླས།། དེ་ནི་མྱུར་དུ་གསོད་པ་ཡིན།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། ཐོད་ཟོར་གསང་བའི་ལེའུ་སྟེ་བཅུ་པའོ།།།། རྡོ་རྗེ་འཛིན་པས་ཡང་གསོལ་བ། ཀྱེ་བཅོམ་ལྡན་འདས། བསྒྲུབ་པའི་སྔགས་སུ་གང་འགྲོ་བ།། རིམ་པ་ཡང་དག་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་མོ་བསྒྲུབ་པའི་སྔོན་དུ་ནི།། དབྱེར་མེད་གསང་བའི་དམ་ཚིག་འགྲོ། ། སེམས་རྩེ་གཅིག་ཏུ་བསྡུས་ལ་ཉོན།། དང་པོ་སྔགས་པ་ཐམས་ཅད་ཀྱིས།། རང་ལུས་ལྷ་ཡི་ཕྱག་རྒྱར་བསྒོམ།། ངག་ནི་རྡོ་རྗེ་བཟླས་མཐུན་པར།། སྔགས་ཀྱི་བཟླས་པ་རབ་ཏུ་བྱ།། ཡིད་ནི་ཏིང་འཛིན་རྩེ་གཅིག་ལྡན། ལྷན་ནེ་གསང་བར་རབ་ཏུ་བྱ།། རྣམ་དག་དབྱིངས་སུ་རོ་གཅིག་པས།། བདེ་གཤེགས་སྤང་ལེན་མི་བྱའོ།། བླ་མ་ཁྱད་པར་མཆེད་ལྕམ་བུ།། སྐད་ཅིག་གཅིག་གིས་སྨད་མི་རུང།། ཡང་དག་དངོས་པོ་རྫུན་ཡིན་ཏེ། ། མ་བྱིན་གཞན་ནོར་བླང་བར་བྱ།། གཞན་གྱི་བུ་མོ་སྤྱོད་པར་བྱ།། ཡུལ་དང་ཡུལ་ཅན་བསྒྲལ་བར་བྱ།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་མི་སྤང་ངོ།། བྱང་ཆུབ་སེམས་དང་རཀྟ་དང། ། དྲི་ཆེན་དྲི་ཆུ་ཤ་ཆེན་དང།། སྔགས་པས་སྤང་བར་མི་བྱའོ།། ཁྱད་པར་མ་མོའི་དམ་ཚིག་ནི།། ནལ་ཕྲུག་མདངས་དང་བཅས་པ་ལ། བྱམས་པའི་སེམས་ནི་མི་སྤོང་ངོ།། སྨྲས་པའི་བུད་མེད་མ་གཏོགས་པ། ། བུད་མེད་གཞན་ལ་ཆགས་སེམས་བསྐྱེད།། མགར་བ་བརྟེན་པ་སྤང་བར་བྱ།། ཕག་རྫི་བྱམས་པ་སྤང་མི་བྱ།། རླུང་ནག་ཚུབ་མ་མཆོད་མི་སྤང། མཐུ་རྟེན་བསྒྲུབ་པའི་རྫས་མི་སྤང།། ཡི་དམ་རྟགས་ཆན་སྦྱིན་མི་བྱ། ། རྟགས་ཆེན་བཟླས་པ་མི་བསྟན་ནོ།། ཐམས་ཅད་བདེན་གཉིས་ལྟ་བའི་གདེང།། རྫས་དང་ལག་ཆ་སྤྱོད་པའི་གདེང།། དེ་བཞིན་བསྲུང་བ་དམ་ཚིག་གདེང།། ཇི་ལྟའི་དོན་ཤེས་མ་མོའི་གདེང།། ལྷ་མོའི་དུས་སུ་བྱམས་པ་དང། ། བདུད་མོ་ལས་དུས་དང་པའི་སེམས།། སྲོག་གི་ཕྱིར་ཡང་མི་གཏང་ངོ།། ཁྱད་པར་མ་མོ་ལས་བྱེད་ཀྱང། བུད་མེད་སྦྱོར་བ་བསྟེན་པར་བྱ།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། བསྲུང་བ་དམ་ཚིག་གི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དང་པོར་མ་མོ་བསྒྲུབ་གནས་ནི།། རི་ཟླུམ་དག་གམ་ཆུ་བོའི་འགྲམ།། བྲག་ཕུག་དབེན་དགོན་བཀྲ་ཤིས་པའི།། དྲག་པོ་བསྒྲུབ་པའི་གནས་དག་ནི། ། གནས་ནི་གྲིབ་མེད་ས་གྲུ་གསུམ།། དུར་ཁྲོད་མ་མོ་ཡོད་པའི་སར།། ཏིང་འཛིན་ཆོ་ག་གསུམ་རྫོགས་པས།། དྲག་པོའི་ལས་འདི་བརྩམས་གྱུར་ན།། དེ་ནི་མྱུར་དུ་འགྲུབ་པར་འགྱུར། ། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། གནས་བཙལ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མ་མོ་རྟོགས་པའི་དམ་ཚིག་ནི།། ཇི་སྲིད་དང་པོ་དེ་གནས་པའི། ། དཔའ་བོར་བཅོམ་ལྡན་བདེ་ཆེན་ལས།། ཇི་སྲིད་མ་མོ་དྲུག་ཏུ་སྲིད།། ཇི་སྲིད་མ་མོ་དྲུག་པོ་ལས།། ཡེ་ཤེས་མ་མོ་བཅུ་བཞི་སྲིད།། དེ་ལས་སྤྲུལ་པའི་མ་མོ་སྲིད།། དེ་ནས་རང་རྒྱུད་མ་མོ་དང།། ལས་ཀྱི་མ་མོའི་ཚོགས་རྣམས་སྲིད། ། གལ་ཏེ་དེ་ལས་རང་བྱུང་ཡང།། འདི་ནི་དེ་ཡི་དབྱིངས་མཆོག་ཡིན།། མ་མོ་རྣམ་དག་སྟོང་པའི་དབྱིངས།། མ་མོ་བདལ་བ་ཕྱག་རྒྱའི་སྐུ།། སེམས་ཀྱི་སེམས་ཉིད་མ་མོ་ཡིན།། བཀའ་ཡི་མཚན་ཉིད་མ་མོ་ཡིན། ། དེ་ནི་ལྟ་བའྀ་མ་མོའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྣང་སྲིད་སྐྱེ་འགྲོ་ཇི་སྙེད་པ།། ཐམས་ཅད་མ་མོའི་དཀྱིལ་འཁོར་ཉིད།། འདི་དང་ཅིག་ཅེས་བརྗོད་དུ་མེད། ། ཅི་ཡི་ཕྱིར་ན་འདི་ཡིན་ཏེ།། འདི་སྙིད་ཕྱིར་ནི་མ་མོའོ།། ཐམས་ཅད་འདུས་པའི་རྣལ་འབྱོར་ཚོགས།། ཞི་བ་བྱམས་ལྡན་ཐུགས་རྗེའི་ཚོགས།། གཉན་པོའི་གདུལ་བྱ་དབང་གི་ཚོགས།། ལས་བྱེད་ཕུང་བྱེད་ནག་མོའི་ཚོགས། ། འདི་དག་དོན་ལ་རག་གནས་ན།། རྣལ་འབྱོར་དེ་ཡིས་མྱུར་དུ་འགྲུབ།། ཨེ་མ་ཧོ་མ་མོའི་དཀྱིལ་འཁོར་ཉིད།། ཨེ་མ་ཧོ་ཐམས་ཅད་མ་མོ་ཉིད།། ཨེ་མ་ཧོ་མ་མོ་རྫོགས་པ་ཉིད།། ཨེ་མ་ཧོ་མ་མོ་དོན་དམ་ཉིད། ། ཐམས་ཅད་མ་མོའི་དཀྱིལ་འཁོར་ཉིད།། ཐམས་ཅད་ཐམས་ཅད་མ་མོ་ཉིད།། ཐམས་ཅད་ཅི་ལྡན་འཁོར་ལོའི་ལམ།། འདི་ཞེས་གཅིག་ཅེས་བརྗོད་དུ་མེད།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། སྣང་སྲིད་ཐམས་ཅད་མ་མོར་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་རྡོ་རྗེ་འཛིན་པས་གསོལ་བ། དམ་ཚིག་སྔོན་དུ་བསྲུང་བའི་མིས། དམ་ཅན་ཡོངས་སུ་བསྟེན་འདོད་པའི།། ལས་ཀྱི་སྔོན་དུ་གང་འགྲོ་བ། ། ཡང་དག་རྫོགས་ཀྱིས་བཀའ་སྩལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དམ་ཚིག་སྔོན་དུ་རབས་སྲུང་བས།། དམ་ཅན་བསྟེན་པའི་སྐལ་མེད་ཕྱིར།། སྐལ་དང་ལྡན་པ་དབང་གི་མཆོག། ཁྱོད་ལ་ལེགས་པར་བསྟན་པར་བྱ། ། ས་གཞི་དགའ་བའི་ས་ཕྱོགས་སུ།། ཡིད་འོང་ལེགས་པའི་དཀྱིལ་འཁོར་ནི།། ཁ་དོག་ཉི་ཤུ་རྩ་ལྔ་ནི།། ལྔ་ཡི་ཚོགས་ཀྱི་ལེགས་བྲིས་ནས།། དེ་ནས་རྣལ་འབྱོར་དོན་ལྡན་པས། བུམ་པ་ལྔ་འམ་ཉི་ཤུ་ལྔ། ། མར་སོགས་སྙིངས་པོ་སྨན་དང་འབྲུ།། དྲི་དང་མི་འཆི་ཉི་ཤུ་ལྔ།། དེ་ལ་སོགས་པའི་རྣམ་པ་ནི།། ཁ་དོག་བཅུད་ཀྱི་དམ་པ་དང།། དྲི་དང་རོ་དང་ཁ་དོག་ལྡན།། དེ་ཡིས་ལེགས་པར་བཀལ་བ་དང། ། གཙོ་མོའི་སྔགས་ཀྱིས་བསྒྲུབ་པར་བྱ།། དེ་ནས་རྡོ་རྗེ་སློབ་མ་གཞུག། ཇི་སྲིད་བ་གླང་གླང་པོ་ཆེ།། རབ་ཏུ་གཅེས་དང་ཡིད་འཐད་དབུལ།། དེ་ནས་ཚོགས་ཀྱི་ལམ་རྫོགས་ནས། བུམ་པའི་ཆུ་ཡིས་དབང་བསྐུར་སྦྱིན། ། གནས་གསུམ་ཉིད་བཞི་གསུམ་གནས་ལ།། ཡེ་ཤེས་མ་མོ་གཤེགས་པ་བསྟིམ།། གཞན་ཡང་ཅི་རིགས་དེ་བཞིན་བསྐུར།། དེ་ནས་གསད་དང་ཤིན་ཏུ་གསང།། དབང་མཆོག་ཐོབ་པའི་སློབ་མ་ཡིས།། ཡང་དག་བླ་མེད་ཅི་ནུས་དང། ། ལས་རྣམས་བསྒྲུབ་ལ་ཐོགས་པ་མེད།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས།། དབང་བསྐུར་བའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། སྔགས་ཀྱི་སྙིང་པོ་འདི་ལྟ་སྟེ།། དང་པོར་ཉོན་མོངས་རྒྱུ་བའི་སྔགས།། ཉིན་མོ་རྟག་ཏུ་བཟླས་པར་བྱ།། ཏྲག་རཀྵ་མུ་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ། མཚན་མོ་རྒྱུ་བའི་སྔགས་རག་མོ་ཏེ་ཀེཾ། ཁ་ལ་ཙ་ཙ་མ་བྷྱོ། དེ་ནས་ལས་ལ་གཏང་བ་ནི། གཉིས་རི་གསུམ་འདུས་པའི་རྩེ་མོ་ལ།། གསུར་ཆེན་བཏང་ཞིང་ཅང་ཏེའུ་བརྡུང།། འོ་དོད་ཆེན་པོ་འབོད་པར་བྱ།། མ་མ་ཨ་ཤ་ཛྭ་ལ་ཧྲི་བྷྱོ། མ་མ་ནི་སྲོག་ཛ་ལ་ཧཱུཾ། ཨོཾ་རུ་རུ་བག་ཤ་ཧཱུཾ། མ་ནི་ཁ་ལོ་མུ་ཁ་ལེ་བྷྱོ་བྷྱོ་ཛ་ཛ། རང་སྙིང་ས་བོན་སྦྱོར་བ་ཡིས།། མ་མོ་ཐམས་ཅད་རབ་ཏུ་བསྐུལ།། ཡང་ན་མ་མོ་སྟོང་གསུམ་གང།། དེ་ཡིས་ཐམས་ཅད་གསོད་པ་ཡིན།། དེ་ནས་ཡང་དག་བཤད་བྱ་བ།། སྔགས་ཀྱི་ཁམ་བུ་དང་པོ་ལ། ། ངོས་རེར་དགྲ་ཡི་གཟུགས་བྲིས་ལ།། ཁྲག་དུག་ཐལ་བས་ངོས་ཀུན་བྱུག། དེ་དག་དེ་ལ་དགུག་བྱས་ནས།། དེ་ནས་མ་མོའི་ཐུན་སྔགས་འདི།། གདུག་པའི་རྫས་ལ་གདབ་ཅིང་བཟླས།། དེ་ཡིས་མ་ལུས་གསོད་པ་ཡིན། ། ཨེ་མ་མ་ཏྲག་རཀྵ། བཛྲ་ཁ་རག་སྙིང་ཁ་རག་བྷྱོ། རུ་ལུ་རུ་ལུ་བྷྱོ། ཏྲག་རཀྴ་ཁ་མུན་ཏྲ་རག་མོ་ཛཱ་ཛཱ། མཱ་ར་ཡ་ཐུན་ཡ། ཏྲག་རཀྴ་ཁ་ལ་མ་ཏྲི་མ་ར་ཡ་ཐུན་ཡ། ཏྲག་རཀྴ་མུ་ཏྲ་མ་སྙིང་ཁ་རག་མ་ར་ཡ་ཐུན་ཡ། དེ་དག་དེ་བཞིན་བཟླས་བྱས་ཤིང།། བཏབ་ནས་གཏོར་མར་བཏབ་པ་དང།། གོང་མའི་འཁོར་ལོའི་ལས་རྣམས་བྱ།། དེ་ཉིད་དུ་ནི་བརྡུང་བའི་སྔགས། ཨོཾ་མ་མ་ཏྲག་རཀྴ་མ་ར་ཡ་ཐུན་ཡ། ཏྲག་རཀྴ་ཙ་པ་ལ་མ་ར་ཡ་ཐུན་ཡ། ཏྲག་རཀྴ་སྙིང་ལ་ཟ་བ་ཙིཏྟ་ལ་མ་ར་ཡ་ཐུན་ཡ། ཏྲག་རཀྴ་མུ་ཏྲ་མ་ར་ཡ་ཐུན་ཡ། ཨོཾ་རུ་རུ་རོ་རུ་མ་ར་ཡ་ཐུན་ཡ། ཏྲག་རཀྴ་རུ་རུ་རཀྴ་ནན་མཱ་ར་ཡ། ཏྲག་རཀྴ་རུ་རཀྴ་མ་ར་ཡ་ཐུན་ཡ། ཏྲག་རཀྴ་ཤ་རུ་ལུ་རུ་ལུ། རཀྴ་མ་ར་ཡ་ཐུན་ཡ། ཏྲག་རཀྴ་རུ་རུ་རོ་རུ་རུ་ལུ་ཙཀྴ་མཱ་ར་ཡ། དེ་དག་དེ་བཞིན་བཟླས་ཤིང་བརྡུང།། སྐབས་སུ་དྲག་པོའི་ཕོ་ཉ་གཏང།། ཉིན་སྔགས་མཚན་སྔགས་དེ་བཞིན་བྱ།། དེས་ནི་མྱུར་དུ་གསོད་པ་ཡིན། ། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། འཁོར་ལོ་དཀྲུག་བསྐོར་གྱི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མ་མོ་ལས་ལ་མ་ཚུད་ན།། དེ་ཉིད་དབང་དུ་བསྡུ་བ་དང། ། རྣལ་འབྱོར་དམ་ལ་གདགས་པ་ནི།། མཎྜལ་བྱང་ཤར་ས་ཕྱོགས་སུ།། ཁྲག་གི་མཎྜལ་རབ་བྱས་ནས།། དེ་ལ་དམིགས་པའི་མ་མོ་དེ།། རྟ་ནག་སོག་པ་དག་ལ་གདགས།། དེ་ལ་སྤྱན་དྲངས་དག་ཅིང་བསྟིམ། ། དེ་ནས་བདག་ཉིད་ཏིང་འཛིན་གྱིས།། ནལ་བུའི་པགས་པ་རྡབས་ནས་ནི།། མ་མོ་དགུག་པའི་སྔགས་འདི་བཟླས།། ཨོཾ་བཛྲ་ཀྲོ་དྷ་ནི། ཨེ་ཀ་ཛ་ཊི་ཧཱུཾ་ཧཱུཾ། རཀྴ་རཀྴ་ཧ་ཧ། དམ་དམ་དམ་ལ་མ་མོ་བྷྱོ་བྷྱོ། རུ་ལུ་རུ་ལུ་རག་མོ་བྷྱོ། ཙིཏྟ་མང་པོ་ལ་ཐུན་བྷྱོ། ཤི་ལི་ཤི་ལི་ཀི་ཀི་ལ་ཧཱུཾ། ཀ་རཀྴ་གྷ་ལ་ཧཱུཾ། ཤ་ཀ་ལི་ཧཱུཾ། བུ་པི་ཀི་ན་ཧཱུཾ། ཡ་མ་གྲི་ནི་ཡཾ། ལུཾ་པ་ཏི་ཡཾ། སྣ་རོག་མ་ཏི་ཡ། བི་ལི་མ་ཏི་ས་མ་ཡཾ། ཞེས་བྱ་བ་དེ་དག་ནི། བཀྲུག་པའི་སྔགས་སུ་ཤེས་པར་བྱ། ། ཐུགས་ཀའི་འབྲས་བུའི་འོད་ཟེར་ལས།། མེ་དཔུང་འབར་བ་འཁྲོས་པ་ཡིས།། གང་ཡིན་གཟུགས་ཀྱི་སྲོག་ཕྲོགས་ནས།། དེ་ནི་མྱུར་དུ་སྲེག་པ་ཡིན།། སྲོག་ཛྭ་ལ་རཾ། རག་མོ་སྙིང་ཁྲག་རྩ་བྲེང་བྲེང། ཏི་ཏོ་མ་ར་ཡ་ཛ། འོད་ཟེར་བདུད་རྩིའི་སྦྱོར་བ་ཡིས།། མ་མོའི་སྙིང་པོ་བསྐུལ་ནས་བསྐྱེད།། དེ་ནས་དམ་ཚིག་བསྣན་ཅིང་བསྲེ།། དབང་བསྐུར་གང་ཡིན་ལས་རྣམས་བཅོལ་བར་བྱ།། ལས་རྣམས་མངོན་དུ་གྲུབ་པ་དང། ། གཏོར་མ་ཆེན་པོ་གཏང་བར་བྱ།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། མ་མོ་དབང་དུ་བསྡུ་བ་དང། སྲོག་བཅུད་ལ་དབབ་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། འདོད་ཁམས་དབང་སྒྱུར་རེ་མ་ཏི།། ནན་ཏན་བྱས་ཏེ་བསྒྲུབ་པ་ནི།། ཇི་སྲིད་ཡང་དག་བསྒྲུབ་གནས་སུ།། དཀྱིལ་འཁོར་རིམ་པ་གཞལ་ཡས་ཁང།། གྲུ་གསུམ་བཞི་བརྩེགས་ཟླ་ཁམ་ལ། ། ཨེ་བདུན་མ་མོ་བདུན་གྱི་གདན།། གྲུ་ཆད་བར་ཁྱམས་ཞིང་བསྣོལ་བྱ།། སྒོ་དང་སྒོ་ཁྱུད་དེ་བཞིན་བྱ།། དེ་སྟེངས་བདག་ཉིད་ཆེན་པོ་ནི།། ཁ་དོག་གཟི་བརྗིད་ཆ་ལུགས་ལྡན།། གཉིས་མེད་ཡུམ་དང་སྦྱོར་བ་ལས། ། རླུང་ནག་བོང་ནག་རེ་མ་ཏི།། ནག་མོ་ར་ལྡེ་གོས་སུ་གོན།། དབུ་གཅིག་ཕྱག་བཞི་འཇིགས་པ་ལ།། ཏྲི་ཤུལ་བན་དྷ་གཡོན་ན་བསྣམས།། རལ་གྲི་ལྕགས་ཀྱུ་གཡས་ན་བསྣམས།། འཁོར་མོ་རིགས་བཞི་སྟོང་གིས་བསྐོར། ། ནམ་མཁའི་དཔལ་མོ་བརྩོན་ལ་སོགས།། དྲེའུ་སྣ་དབྱིངས་ཀྱི་མ་བདུན་དང།། སྤྲུལ་པའི་མ་བཞི་ལས་ཀྱི་མ་བཞི་དང།། སྐྱོང་མ་བདུན་ལ་སོགས་པ་བསྐྱེད།། དེ་ནས་དབྱིངས་ནས་སྤྱན་དྲངས་ཏེ། ། ལྕགས་ཀྱུའི་ཕྱག་རྒྱ་བྱས་ནས་ནི།། སྤྱན་དྲངས་མཆོད་ཅིང་བཞུགས་སུ་གསོལ།། ཧཱུཾ། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས།། ཐབས་ཆེན་གསང་བའི་དབང་ཕྱུག་མ།། འདོད་ཁམས་དབང་སྒྱུར་རེ་མ་ཏི། ། བདུད་ཀྱི་ཡུལ་ལ་གཤིན་རྗེའི་ལྕམ།། ལས་ལ་དབང་སྒྱུར་སྲིད་པའི་ཡུམ།། དཔལ་ལྡན་ནག་མོ་གཤེགས་སུ་གསོལ།། ཁམས་གསུམ་ཡོངས་ཀྱི་དཀྱིལ་འཁོར་ནས།། སྲིད་པ་ཡོངས་ཀྱི་ཡུམ་ཅིག་མ།། ཟ་བྱེད་དཔལ་འབར་རེ་མ་ཏི། ། བཀའ་ཡི་གྲོགས་མོ་གཤེགས་སུ་གསོལ།། འདོད་ཁམས་གཟུགས་ཁམས་དཀྱིལ་འཁོར་ནས།། ཐམས་ཅད་མ་མོའི་དཀྱིལ་འཁོར་མཆོག། དྲེ་སྣ་ཁྲི་སྨན་གྱིན་ཏིང་མ།། བཀའ་ཡི་གཡོག་མོ་དབྱིངས་ནས་བཞེངས། ། འདོད་ཁམས་ཡོངས་གྲུབ་དཀྱིལ་འཁོར་ནས།། དོན་དམ་གསང་བའི་བཀའ་ཉན་མ།། གསང་ཆེན་བཀའ་ཡི་ཕོ་ཉ་མོ།། དབྱིངས་ཀྱི་མ་བདུན་གཤེགས་སུ་གསོལ།། འདོད་ཁམས་ལས་ཀྱི་དཀྱིལ་འཁོར་ནས། ། ཤན་པ་སྲོག་ལེན་སྲིད་པའི་བདག། སྣང་སྲིད་ཐམས་ཅད་སྤྲུལ་པའི་ཡུམ།། དྲག་པོའི་མགོ་བརྙན་གཤེགས་སུ་གསོལ།། རི་རབ་གླིང་བཞིའི་དཀྱིལ་འཁོར་ནས།། ཐམས་ཅད་མ་མོའི་དཀྱིལ་འཁོར་མཆོག། དྲག་པོའི་ལས་ཀྱི་སྲིང་ཅིག་མ།། གཞལ་ཡས་སྒོ་སྐྱོང་གཤེགས་སུ་གསོལ།། རྒྱ་མཚོའི་གླིང་གི་དཀྱིལ་འཁོར་དུ།། ཐམས་ཅད་ལས་ཀྱི་མ་མོའི་ཚོགས། གསང་ཆེན་དབྱིངས་ཀྱི་ཕོ་ཉ་མོ།། བཀའ་ཡི་དོན་སྐྱོང་མ་བདུན་གཤེགས་སུ་གསོལ། ། ནག་མོ་དུན་ཏིང་མ་ལས་ལ་བྷྱོ། ཨོཾ་ཨཱཿཧཱུཾ་ས་མ་ཡ་ཧཱུཾ། ཨེ་ཧྱ་ཧི་ཛ། ཨ་ར་ལི་ཧོ་ཧྲིང་ཧྲིང་ཛ་ཧཱུཾ་བཾ་ཧོ། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨག་ཤུག་མེ་བྷྱོ་ཛ། བྷྱོ་རག་མོ་མ་མ་ཏྲག་རཀྴ་བྷྱོ་ཛ་ཛ། དེ་ནས་ཡང་དག་བཤད་བྱ་བ།། ཆོ་ག་རྫོགས་པའི་རྣལ་འབྱོར་གྱིས།། མཆོད་རྫས་བསགས་ལ་མཆོད་པ་དབུལ།། དང་པོར་བཅུད་ཀྱི་ཕྱག་རྒྱ་བཅའ།། གདུང་བའི་ལྷ་མོ་མཐུ་བོ་ཆེ།། དུས་ལ་རུ་བཅིང་དམ་ལ་འཕྲེང། ། ཤ་ལ་ཟ་ཞིང་ཁྲག་ལ་འཐུང།། སྲོག་རྩ་གཅོད་ཅིང་རང་དམ་བསྲུང།། སྙིང་འདྲེན་དབུགས་རྔུབ་ལས་རྣམས་བྱེད།། ཁྱེད་ལ་མཆོད་པ་དབུལ་བ་ནི།། མི་དབང་སྨིན་པའི་འབྲས་བུ་དང།། ན་ཆུང་གཞོན་པའི་བྱུང་ཟག་ཁྲག། ཤིང་ལོ་རླུང་ཁྱེར་མ་ཉམས་སེམས།། ཤ་སྣ་སྟོང་དང་སྙིང་སྣ་ཁྲག། ཁྲག་སྣ་སྟོང་དང་འབྲུ་སྣ་སྟོང།། རྣམ་ལྔའི་བདུད་རྩི་མཆོད་པ་འདི།། མ་ལ་འབུལ་ལོ་བཞེས་སུ་གསོལ།། མ་མོ་བྷྱོ་རུ་ལུ་རུ་ལུ། རག་མོ་བྷྱོ། ཙ་ཏི་ལ་ཐུན་བྷྱོ། མ་ཧཱ་ཀ་ལི་བྷྱོ། ཨརྱ་ཙ་ཙ་བྷྱོ། མ་མ་སྙིང་ཟ་བ་ཙིཏྟ་ལ་ཐུན་བྷྱོ། ཤ་ལ་རྦད། སྲོག་ལ་རོལ། ཀང་ཀ་ཤ་ཟན། ཡ་ཏང་པར་ལ་ཧོ། ཤ་ལ་ཁྱི་སྤྱང་གུ་ཧེ་རུ་ལུ་རུ་ལུ། བཛྲེ་བན་དྷ་བྷྱོ། བྷྱོ་མ་མ་རུ་ལུ། མ་མ་རུ་ལུ། བྷྱོ་རུ་ལུ། བྷྱོ་རུ་ལུ། ནམ་ནམ་ཧ་རམ་ཧ་ཏེ་བྷྱོ། སྙིང་ཁ་རག་མ་བྷྱོ། དམ་ཚིག་ལ་བྷྱོ། རག་མ་ཏ་ཙ་མུན་ཏི་བྷྱོ། རག་མོ་རག་མོ་ནི་ལ་ཁ་ཐུན། ཏིང་ཏིང་ཆེམ་ཆེམ། ཀྲོལ་ཀྲོལ། ས་མ་ཡ་སརྦ་སྦྲེངས། མ་སྙིང་ལ་བྷྱོ། ཁྲག་འདུས་འདུས། ཕྱམ་ཕྱམ། རག་མོ་ཤི་ལིང། ཡག་མོ་སྲོག་ལོང། དབུགས་ལ་ཧུར་རྔུབ། ཡ་ཡ་ལོང་ལོང། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། སྤྲུལ་པ་ཐབས་ཀྱི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དྲག་སྔགས་བདུན་པའི་བསྒྲུབ་པ་ནི།། ས་ཆོག་གཏོར་མ་སྨན་མཆོད་དང།། ལས་དང་བྱ་བ་མ་ལུས་བྱ།། དཀྱིལ་འཁོར་ཚད་ནི་འདོམ་གང་ལ། ། དབུས་སུ་མཐོང་ནག་གྲུ་གསུམ་བྱ།། ཕྱི་རིམ་འཁོར་ལོ་རྩིབས་བདུན་ལ།། ཨེ་བདུན་དབུས་སུ་གཟུགས་བདུན་གཞུག། དེ་རུ་ཟེར་སྔགས་བདུན་གྱིས་གདབ།། ཨོཾ་ཏེ་ཙེ་རག་མོ་ཨ་ཤུག་ཁ་ལ་དམ་ཏེ་ཏི་ཙེ་རག་མོ་ཨ་ཤུག་མེ་རག་མོ་མ་ར་ཡ། ཨཱ+ེ་ཙ་རག་མོ་མ་ར་ཡ། གནད་དུ་དྲིལ། ཨ་ཙུ་རག་མོ་མཱ་ར་ཡ། ཨ་ཀར་ཤ་ཛ་ཛ། ཉི་མ་དང་པོའི་སྔགས་སོ།། ཨོཾ་ཁ་ལ་མེ་འབར་རག་མོ་ཨ་ཤུག་ཁ་མེ་ཆེ་གེ་མོ་ལིང་ཁ་རྩ་རུ་ཀ་ཤི། རག་མོ་ཨ་ཤུག་མེ་སྲི་ལིང་ཁ་ཛ། རག་མོ་ཨ་ཤུག་མེ། མཱ་ར་ཡ་ཛ་ཛ། ཉི་མ་གཉིས་པའི་སྔགས་སོ།། ཨོཾ་ཁ་ལ་མེ་འབར་རག་མོ་ཨ་ཤུག་མེ། ཆེ་གེ་མོ་སྲིན་མོ་ཤ་ཁར་ཆུག་ཁ་ལ་མེ་འབར་རཀྨོ་ཨ་ཤུག་མེ་བ་ཏི་ལ་ཀཾ། ཁ་ལ་མེ་འབར་རག་མོ་ཨ་ཤུག་མེ་ཤ་ཏྲུཾ་སྟམ་བྷ་ན། ཉི་མ་གསུམ་པའི་སྔགས་སོ།། ཨོཾ་ཤེའུ་ཀེའུ་མ་ར་ཡ། ཏ་ཀ་ཚལ་པ་ཨ་ཤུག་མེ། ཆེ་གེ་མོ་ཛ་ས་ཏི། སྟག་འབུ་མུ་ཉ་ཙིཏྟ་ཁ་ཤལ་ལམ་བོདྷ་ར་བྷྱོ། ཨ་ཤུག་མེ། ཀ་ལིང་ཀ་ཏ་མེ་ནན་ཛ། ཉི་མ་བཞི་པའི་སྔགས་སོ།། ཨོཾ་ཐ་ར་ཁ་མུད་ཉིད་ཁྱུང་ཤི་ཤ་ཏྲུམ་མ་ར་ཡ། ནད་དུ་འདྲིལ། ཏེ་ཧ་ཙུ་ཏི་བུང་ལ་ཉ་ཏ། མ་བཛྲ་ཨ་ཤུག་མེ། སྲེ་ལང་ཀ་ཙ་ཏ། ཨ་ཤུག་མེ་ཏ་ར་མེ་མཱ་ར་ཡ་ཕཊ། ཉི་མ་ལྔ་པའོ།། ཨོཾ་ཀུ་མ་ར་ཛ་ཀྲུ་ཀྲུ་ཤ་དར་པོ་མཱ་ར་ཡ་ལན་ཏི། ཡུ་ན་མུ་ཏིའི་གྲིམ། མི་ཀ་ལིང་ཀ་ལ་ཤུག་མེ་རུ་རུ། ཁད་ཡཾ་ཛ་ཁ་ཧི་ལ། ཤ་ཏྲི་ནི་མ་ར་ཡ་ཁ་ཛྷ་མུ་ལི་ཕཊ། ཉི་མ་དྲུག་པའི་སྔགས་སོ།། ཨོཾ་ཡ་ན་ད་ཀུ་མ་ཧ་ར་ཡ་མུ་ཛ་བྷྱོ། ཁ་ད་ཉིད་ཨ་ཤུག་མེ་མ་ར་ཡ། ནད་སུད་དེ་ཉིད་རག་མོ་ཨ་ཤུག་མེ་ལམ་ཛ། ཨ་ཤུད་མེ་ཁ་ལ་ཡ་སྲི་ལ་མུ་མ་རྦད། ཉི་མ་བདུན་པའི་དྲག་སྔགས་སོ།། ཉི་མ་བདུན་པའི་དྲགས་སྔགས་འདི། ། སྔགས་བརྒྱ་ཐུན་དུ་གསང་ལ་བཟླས། གདུག་པའི་རྫས་ཀྱིས་བརྡེག་པར་བྱ།། ལྷ་འདྲེ་དྲག་པོའི་གནས་སུ་སྤྱད།། ཉི་མ་དང་པོས་འགུག་པར་བྱེད།། ཟིལ་གནོན་སྲེག་བྱེད་གསུམ་པའོ།། ཕུར་ཐུན་རྩ་ཕུར་ལྔ་པའོ། ། རྡོ་ཐུན་ལ་སོགས་དྲུག་པའོ།། ཐ་མའི་ལས་ཉིད་བདུན་པ་ཡིན།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། དྲག་སྔགས་བདུན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ལས་བདུན་བསྲེག་པའི་རྫས་བདུན་གྱིས།། ལས་ཀྱི་སྦྱོར་བ་མ་ལུས་བྱ།། དེ་དག་དྲག་པོའི་བསྲེག་དུས་སུ།། དང་པོས་དགུག་ཅིང་སྤྲུལ་པ་དགྱེས།། དེ་ཡི་རྫས་ནི་བྱ་རོག་དང། འུག་པའི་ཤ་ཆེན་བསྲེག་པར་བྱ། ། སྔགས་ནི་རྦད་པའི་སྔགས་ཡིན་ཏེ།། དེ་ཡི་ལས་རྣམས་འགྲུབ་པར་འགྱུར།། དེ་བཞིན་གཉིས་པ་དྲག་པོའོ།། སྦྱིན་སྲེག་ཚུལ་བཞིན་རབ་ཏུ་བྱ།། གཞན་པའི་སྦྱིན་སྲེག་ཐམས་ཅད་ནི།། གསད་པའི་ལས་ཀྱི་ཚུལ་ཡིན་ཏེ། ། བུད་མེད་དར་མའི་ཤ་ཁྲག་སྙིང།། རེ་མ་ཏི་ཡི་བསྲེག་རྫས་ཡིན།། སེང་དཀར་སྟག་དང་བྱ་རྒོད་དང།། དུར་བྱ་མཆུ་རིང་ཤ་ཁྲག་སྙིང།། མགོ་བརྙན་བཞི་ཡི་བསྲེག་རྫས་ཡིན།། དེ་ཡི་དུས་ནི་འདི་ལྟ་སྟེ། ། གཡས་ནས་དགུག་པའི་ལས་བྱས་ཏེ།། གཡོན་ནས་འགྲུབ་པར་རབ་ཏུ་བྱ།། མདུན་ནས་ཟོར་གྱིས་གསད་པར་བྱ།། དེ་ནས་རང་གི་དཀྱིལ་འཁོར་ནི།། གསུམ་དུ་གསད་ཅིང་ཐབ་ཏུ་བསྲེག། ཏྲག་རག་ཤ་ཙམ་མུན་ཏི་རག་བྷྱོ། སྙིང་ཁ་རག་སྙིང་ཁ་རག། རག་མོ་སྙིང་ལ་ཤད་ཤད་བྷྱོ། སིང་ང་མུ་ཀ་དགྲ་སྙིང་རྦད། སིང་ང་མུ་ཀ་ས་མ་ཡ། ས་ཏི་ས་ཏི། ཨ་ཏི་མ་ཏི་ཟུང་ཟུང། སྙིང་ཤད་ཤད་བྷྱོ། བྱ་གྲི་མུ་ཀ་སྟི་ཛ་ཛ། ཁ་ལི་ཛ་ཛ། བྱ་རི་མུ་ཀི་ནི་ཛ་འུབས། སྙིང་ཤད་ཤད་བྷྱོ། ཏྲི་ཏ་མ་ཏིཤྟ་ཙི་ཙི་ཏ་རོ་ལ་ཤ་ཏི་ཛ། སྙིང་ཤད་ཤད་བྷྱོ། ཀང་ཀ་མ་ཏྲི་ཤ་ཏི་ཧེ་ཤ་སོད། ཙིཏྟ་དུ་ཤ་སོད། ཀང་ཀ་ཁ་ར་སོད། སྙིང་ཤད་ཤད་བྷྱོ། ལས་འདི་བྱེད་པའི་དུས་དག་ཏུ། ། མཁའ་འགྲོ་གནོད་སྦྱིན་སྲིན་མོ་དང།། ལས་བྱེད་དྲག་པོས་གཟིར་ཅིང་གསད།། དཔལ་ལྷ་མོ་རེ་མ་ཏི་ཤན་པ་ནག་མོའི་རྒྱུད་ལས། གསང་བའི་སྦྱིན་སྲེག་གི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དུག་གཏོར་དུག་སྣ་མང་པོ་ལ།། ཐོད་པ་ནག་པོར་བླུག་ལ་བསྒྲུབས།། ཐོད་ཟོར་ནག་པོས་དཀྲུག་ཅིང་བསྟིམ། མ་མ་ཏྲག་རཀྴ། ཁ་མུན་ཏྲ་མ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཏྲག་རཀྴ་ཁ་མུན་ཏྲ། དུར་མ་ཏི་རག་མོ་ཛ། མ་མ་ཧུར་ཐུམ་ལོ་ཙ་ན། སྙིང་ཁ་ལ་རག་ཤ་རྦད། གཅུབས་ཙིཏྟ་བཾ་གལ་འུབས་མྱོས། སྙིང་ཁྲག་ཧ་བར་དུ་རུ་ཐུམ། ཧེ་ཐུམ་དུ། ཐུམ་བྷྱོ་ཐུམ། པྲ་མ་ར་མ་ཐུམ། དུམ་ལོ་ཙ་ན་སྙིང་ཁ་ལ་རཀྴ་རྦད། ཨ་ཨུ་ཨ། ས་མ་ཡཱ། ཐིབས་ཐིབས་ལིང་ཤར་ཡང་ངེས་སོད། ས་མ་ཡ་སྟི་སྟ་མཾ། མ་མ་རུ་ཐིབས་ཐིབས། ཐབས་བྲ་འུར་ཀ་ཁ་ཤ་བཾ་ཡཾ། ཐུམ་རི་ལི་ལི། ཐིག་ནག་གཅིག་མེད། གཉིས་དྲག། བརྒྱ་བཅད། གནམ་མཐོང་ཕྱེ། ལྕགས་སྒྲོག་ཁྲོལ། མི་རང་སོད། བཛྲ་ར་ཏེ་ཕཊ། བཛྲེ་མ་ཏེ་ཕཊ། བཛྲ་ཛ་ར་ཏེ་ཕཊ། བཛྲ་ཨེ་ཧི་ར། ཨེ་ཧིང། ན་ག་ལེ། སུ་ན་ག་ལེ། སུམ་བ་ལེ། སུམ་བ་ལེ། ཙིན་ཡཾ་ཙིན་ཡཾ། ལེན་ཡཾ་ལེན་ཡཾ། ཁ་ཤ་བཾ་ཁ་ཤ་བཾ། མ་དུང་བྷྱོ་མ་དུང་བྷྱོ། དེའི་བརྡེག་པའི་སྔགས་ནི།། ནི་ཤ་ཀུ་རུ་ནི་ཤ་ཀུ་རུ། མྱོགས་མྱོགས། ཐུམས་ཐུམས། རྦད་དུ་རྦད་དུ། ཡག་མོ་ནི་མ་ར་ཡ་སོད། ཐུམ་རི་ཡི་ལི་ནརི་ཛ། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། དུག་ཟོར་གྱི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འབྲུ་ཟོར་ནག་པོའི་བསྒྲུབ་པ་ནི།། དུག་འབྲུ་ཡུངས་ཀར་ཡུངས་ནག་དང།། དེ་སོགས་ཐོད་པ་ནག་པོར་བྲུག། ཏྲག་རཀྴ་ཁ་མུན་ཏྲ་བྷྱོ་རུ་ལུ་རུ་ལུ། ཏྲག་རཀྴ་སྙིང་ཁ་རག་སྙིང་བྷྱོ། སྤུ་ཏ་སྤུ་ཏ་བྷྱོ། ཤ་ཤ་ཏྲག་ཤ་ཤ་བྷྱོ། ཏྲག་མོ་སྙིང་ཏྲ་བ། སྙིང་ཁྲག་ཏྲག་ཏྲག་མུ་ཏྲག་མ། སྙིང་ཁྲག་རྩ་བྲེང་བྲེང། ཨོཾ་ཛྭ་ལ་ཛྭ་ལ་ཏི། ཨོཾ་བཛྲ་སྙིང་ཁ་རག་སྙིང་ཁ་རག། བཛྲ་ཀ་མ་ལ་བྷྱོ་ཛ། བརྡེག་པའི་སྔགས་ནི། ཏྲག་རཀྴ་ཁ་མུན་ཏྲ་མཱ་ར་ཡ་ཐུན་ཡ། ཏྲག་རཀྴ་སྙིང་ཁྲག་སྙིང་བྷྱོ། མ་ར་ཡ་ཐུན་ཡ། པུ་ཏ་པུ་ཏ་བྷྱོ། མ་ར་ཡ་ཐུན་ཡ། པུ་ཏ་བུ་ཏ་བྷྱོ། མ་ར་ཡ་ཐུན་ཡ། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། འབྲུ་ཟོར་ནག་པོའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཁྲག་ཟོར་ནག་མོའི་བསྒྲུབ་པ་ནི།། ཁྲག་སྣ་སྟོང་དང་སེན་རྒྱུ་ལ། ། ཐོད་པ་ནག་པོར་བསྒྲུབ་ཅིང་བཟླས།། མ་མ་ཏྲག་རཀྴ་ཁ་མུན་ཏྲ་སྙིང་ཁ་རག། རག་མོ་དུན་བྷྱོ། རག་མོ་དུན་བྷྱོ། སྙིང་ཤ་ཀུ་རུ་ཐུམ་རྦད། ཏྲག་རཀྴ། རུ་བི་ན་ཎ། མུག་ཏི་བམ། ར་མོ་ནི་ཤ་ཀུ་རུ་ཐུམ་རྦད། རག་མོ་ཁ་ལ་ཙ་ཙ་ཐུན་བྷྱོ། རཀྟ་ཐུམ་རྦད། ནག་མོ་ཧར་ཧོར་ནག་མོ་ཧར་ཧོར། ནག་མོ་དུན་ཏིང་ཧེད། ཙ་ཙ་ར་ཛ་རྦད།། ཁྲག་ཐུན་སྙིང་ལ་ཐུན། རག་མོ་ཙ་ཙ་དུན་བྷྱོ། བརྡེག་པའི་སྔགས་ནི། ཏདྱ་ཐཱ། རུ་རུ་བེ་ཙོ་ཧཱུཾ། ཏི་སྟ་བ་ཏོ་སི། མུ་ལུ་མུག་ཏི་སུབ། ཆོ་ཆོ་བལ་འུབས་འུབས། སྙིང་གོང་རྩ་ལ་ཐུན་མུགས། སླད་པའི་རྒྱབ་རྩ་ལ་ཐུན་ན། འགལ་ཐུན་ནན། ཁྲག་ནན་ཐིབས། མ་དུད་བྷྱོ་བྷྱོ། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། དཔལ་ལྷ་མོར་དབང་བསྐུར་ཏེ་བསྟོད་ཅིང་གདུག་པའི་ཁྲག་ཟོར་ནག་པོའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཕུང་ཟོར་ནག་པོའི་བསྒྲུབ་པ་ནི། ། ལྕགས་སམ་ཤེར་ཤིང་ནག་པོ་ལ།། ལྷ་མོ་ནག་མོར་དབང་བསྐུར་ཏེ།། བསྟོད་ཅིང་གདུག་པའི་གནས་སུ་བརྡེག། ཏྲག་རཀྴ་རུ་རུ་ཛ། མུན་ཏྲི་ཀི་ལ་ཡ་རྦད། ཏྲག་རཀྴ་ཛ། མུན་ཏིང་ཤ་ཀུ་རུ་རྦད་རྦད། བ་ལ་ནརི་སྟེ། ཆེ་གེ་མོ་མུགས་མུགས། རག་མོ་ནརི། ཧེ་མོ་ཧེ་མོ། ཀཱི་ལི་ཀི་ལི་ཡ་རྦད་རྦད། ཐུམ་རི་ལི་ལི་ནརི་ཛ་ཡག་མོ་དུན་རྦད། ཀི་ལི་ཀི་ལི་ཡ་དུན་རྦད། བ་ལ་ནརི་ཏ། ཀཱི་ལི་ཀི་ལ་ཡ་རྦད་རྦད། དེས་ནི་རྩ་བ་གཅོད་པ་དང། ། གདུག་པ་ཐམས་ཅད་གདུལ་བ་ཡི།། གསང་བའི་ཆོ་ག་པ་དམ་པ་ཡིན།། གསང་བར་འགྲུབ་འགྱུར་ཐེ་ཚོམ་མེད།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། ཕུང་ཟོར་ནག་པོའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ། གྲི་མདུང་ནག་པོའི་ཟོར་བསྒྲུབ་ནི།། གང་ཡིན་པ་ཡི་གཟུགས་དེ་ལ།། གྲུབ་པར་བསམ་ཞིང་སྔགས་འདི་བཟླས།། མ་སྲོག་ཤ་སྙིང་ཛ་ལ་ཏི་སྣ་རྦད། རག་མོ་སྙིང་རྩ་སྲོག་ལ་བྲེང་བྲེང་རྦད་རྦད། སྙིང་རྩ་སྲོག་ལ་བྲིག་བྲིག། ཤམ་ཤམ་རྨུགས་རོ་ཤིང་ཤག། མ་ཕུར་ནག་ཤག། མ་མཱ་རོ་ལ་ཟ་ཏི་ཤག། མ་ཙི་ཏ་ཡམ་ཡ་ཏི་ཤག། མདུན་ཏིང་ཤག། ཨི་ཤན་ཏིང་ཤག། སརྦ་དུན་རྦད། མདུང་ཐུང་གདབ་པའི་ལས་དག་ཀྱང།། གྲི་དང་མཐུན་ཏེ་འདི་ལྟར་བྱས།། གནོད་སྦྱིན་དཔོན་གཡོན་ཆ་ལུགས་དང།། བདག་ཉིད་མདུན་ཆས་གདབ་པར་བྱ།། ཤ་ཁམ་ཁམ་མ་མོ་སྲོག་ཙིཏྟ་ཙིཏྟ་རྦད་རྦད། སྙིང་ཙིཏྟ་མ་མ་དུམ་བུ་ཁ་ལེ་རྦད་རྦད། དེས་ནི་མྱུར་དུ་གསོད་པ་ཡིན།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། གྲི་མདུང་ནག་མོའི་ལེའུ་སྟེ་ཉི་ཤུ་རྩ་བཞིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བརྡབ་ཟོར་ནག་པོའི་བསྒྲུབ་པ་ནི།། ཡུགས་ས་མོ་ཡི་ཞབས་མ་ལ།། ལྟས་ངན་སྣ་ཚོགས་པགས་པ་ལ།། མ་མོས་ཐོགས་བསམ་སྔགས་ཀུན་བཟླས།། དེ་ནི་ལས་ཀུན་བྱེད་པ་ཡིན།། ཇི་སྲིད་གཡོན་གྱི་དྲག་པོའི་ལས། ། ཐོད་པ་གོང་དུ་གསད་པར་བྱ།། ཏྲག་རཀྴ་ཁ་མུན་ཏྲ་བྷྱོ། རག་མོ་ཛ་ཛ། ཧེ་ཀུན་ལ་བ་ལ་མ་བྷྱོ། ཏྲག་རཀྴ་ཁ་མུན་ཏྲ་སྙིང་ཁ་རག་རྦད་ཐུམ་རི་ལི་ལི། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། གཡེན་གྱི་བརྡབ་བཟོར་ནག་པོའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གསང་སྔགས་ཀྱི་བསྒྲུབ་པ་ནི།། ལྷག་དང་ཆད་པའི་མཐའ་བྲལ་བའི།། སྔགས་ཀྱི་འཕྲེང་བ་རྟག་ཏུ་བཟླས།། ཏྲག་རཀྴ་ཁ་མུ་ཏྲ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རག་མོ་ཏེ་གེ་མཁལ་ཙ་ཙ་མ་བྷྱོ། རུ་ལུ་རུ་ལུ་རེ་མ་ཏི་བྷྱོ། གཉེན་པོ་སྐུ་གསུང་ཐུགས་ཀྱི་བསྒྲུབ་པའོ།། ཏ་རྱ་རུ་རུ་བེ་རོ་ཧཱུཾ། ཏི་སྟ་བ་ཏོ་སི། རག་མོ་སྙིང་ཁ་རག་མ་བྷྱོ་ཛ་ཛ། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོ་ཛ་ཛ། བཛྲ་ཁ་རག་སྙིང་ཁ་རག། སྙིང་ཁ་རག་ཏྲག་ཁ་རཀ་ཤ་མུན་ཙ་ཤ་བྷྱོ་ཛ་ཛ། ཨོཾ་རུ་རུ་རོ་རུ་ཁ་ས་ལེ་བྷྱོ། རུ་རུ་རོ་རུ་མུན་ཏྲ་མུན་ཏྲ་མ་དུར་མ་ཏི་མ་དུང་ད་བྷྱོ། སྐུ་གསུང་ཐུགས་ཀྱི་སྔགས་སོ། ། མ་མོ་ཐམས་ཅད་གཅིག་ཏུ་འདུས་པའི་སྙིང་པོ། མ་མ་དུན་དུན་རག་མོ་བྷྱོ། ཨེ་བྷྱོ། རམ་བྷྱོ་རེའུ་རེ་མ་དུར་ཤད་ཤད་བྷྱོ། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། གསང་བའི་སྙིང་ཏིག་དང་སྲོག་གཟེར་གྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གསང་བའི་རོ་ལ་བསྒྲུབ་པ་ནི།། སྨས་པ་མི་ཡི་རོ་དག་ལ། བདག་ཉིད་ཆེན་པོའི་དཀྱིལ་འཁོར་གྱིས། ། བདག་ལྡན་སྣ་ཚོགས་དགུག་གཞུག་ཅིང།། མ་མོ་ཐམས་ཅད་བོས་ནས་ནི།། མ་ཉེས་པ་ཡི་དབང་བཙུགས་ཏེ།། སྔགས་བཟླས་ཀ་ཏོ་རེ་ཡིས་བཀྲིས།། གྲི་ཐུན་ནག་པོ་ལ་སོགས་བྱའོ།། དེ་ནས་གྲོལ་སྙིང་ལ་སོགས་དབྱུང། ། དགྲ་སྙིང་ཡིན་པར་བསམས་ནས་ནི།། ཚིགས་གསུམ་པོ་ཡི་སྔགས་ཀྱིས་བཏབ།། ཙིཏྟ་ཟེར་བའི་གསང་སྔགས་བཟླས།། རྦད་དུ་རག་མོ་རག་མོ་སྙིང་ག་ཟེར། རུ་རུ་རག། མོའི་སྙིང་ཙིཏྟ་གཟེར། ཚལ་ན་གཟེར། ལྷག་མ་ཕུང་པོའི་སྦྱིན་སྲེག་བྱ། རབ་ཏུ་སྨྲས་པ་མོ་ཡི་རོ།། འཁོར་ལོ་དཀྲུག་བསྐོར་རབ་ཏུ་བསམ།། སྔགས་ཀྱི་དཀྲུག་བསྐོར་མན་ངག་ཡིན།། ཐབས་ཀྱི་དཀྲུག་བསྐོར་མན་ངག་ཡིན།། རྫས་ཀྱི་དཀྲུག་བསྐོར་སྦྱོར་བ་ཡིན། ། དེས་ནི་མྱུར་དུ་འཆི་བར་འགྱུར།། ཙེ་ཡ་བཾ་ཏི་ཕུར་ཏི། ཁ་ཡཾ་བཾ་ཏི་ཕུར་ཏི་ཕུར།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། མི་རོ་ལ་བསྡུ་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །།། དེ་ནས་ཡང་རྡོ་རྗེ་འཛིན་གྱིས་གསོལ་བ། བསྒྲུབ་པའི་མ་མོ་སུམ་ཅུ་པོ།། ཇི་ལྟའི་ཚུལ་དང་སྟོད་པ་དང།། དད་ལ་ལས་རྣམས་ཇི་ལྟར་བཅོལ།། ཆེ་མཆོག་དཔལ་གྱིས་བཀའ་སྩལ་ཅིག། ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན།། སྲིད་པའི་ཁྲོ་མོ་རལ་གཅིག་མ།། སྐུ་ནི་འཇིགས་བྱེད་ཁྲོ་མོའི་ཚུལ།། གསུང་ནི་སྒྲ་སྒྲོགས་སྲིད་གསུམ་སྒྲོལ།། ཞེ་སྡང་རྩེ་གཅིག་འབར་བའི་གཟུགས། ། ཐུགས་ནི་ཆོ་འཕྲུལ་ཅིར་ཡང་སྟོན།། ཁམས་གསུམ་རྩལ་འབྱིན་ཡུམ་མཆོག་ལ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། རླུང་ནག་ཚུབ་ཆེན་གཞལ་ཡས་ནས།། ཐོད་རུས་འབར་བའི་དཀྱིལ་འཁོར་དུ། ། བདུད་ཀྱི་ཡུལ་ལ་གཤིན་རྗེའི་ལྕམ།། འདོད་པ་ཁམས་ཀྱི་དབང་ཕྱུག་མ།། སྐུ་ནི་ཁ་དོག་ཅིར་ཡང་འགྱུར།། གསུང་ནི་སྒྲ་སྐད་ཅིར་ཡང་སྒྲོགས།། ཐུགས་ཀྱི་སྤྲུལ་པ་ཅིར་ཡང་སྟོན།། འཕྲིན་ལས་ཞི་དང་རྒྱས་པ་དང། ། དབང་དང་དྲག་པོའི་ལས་རྣམས་ལ།། ཐོགས་པ་མེད་པར་དབང་སྒྱུར་མ།། ཁྲག་གི་མཚོ་ལ་གནས་བཅས་མ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། སེར་ནག་གྲུ་གསུམ་དཀྱིལ་འཁོར་དུ།། སེར་མོ་ནམ་མཁའི་དཔལ་མོ་བཙན། ། ཉོན་མོངས་དྲ་བ་རལ་གྲིས་གཅོད།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། སྔོ་ནག་གྲུ་གསུམ་དཀྱིལ་འཁོར་དུ།། དཀར་མོ་འཇིག་རྟེན་གློག་མ་སྤྲིན།། ལྕགས་ཀྱུ་ཐོགས་ཤིང་དཀར་མོས་བསྐོར། ། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། དམར་ནག་གྲུ་གསུམ་དཀྱིལ་འཁོར་དུ།། དམར་པོ་བར་སྣང་གློག་མ་སྲིན།། དམར་མོས་བསྐོར་ཅིང་མདུད་ཐུང་བསྣམས།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང། ། བན་གླིང་དྲི་ཟིའི་དྲེ་སྣ་མོ།། ནག་མོ་བན་གླང་དྲེ་སྣ་མ།། ལ་བའི་གོ་བྲུ་སྐུ་ལ་གསོལ།། དྲེའུ་ཆིབས་ཤིང་ཁྲམ་བམ་ཐོགས།། འཁོར་དུ་ནག་མོ་སྟོང་གིས་བསྐོར།། ལས་སུ་སྔགས་ཀྱི་བསྟན་པ་བསྲུང།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང། ། གཉེར་དུ་གཏད་དོ་ས་མ་ཡ།། སྔོ་ནག་ཁྲི་སྨན་སི་ལེ་མ།། སྐུ་ལ་ཆུ་གླང་པགས་པ་གསོལ།། ཆུ་གླང་ཞོན་ནས་མི་ལྤགས་རྡེབས།། ཆུ་བདུད་སྟོང་གིས་འཁོར་དུ་བསྐོར།། སྲིད་པའི་མ་མོ་ཡལ་གམ་ཅན། ། ལས་སུ་སྔགས་ཀྱི་བསྟན་པ་བསྲུང།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། གཉེར་དུ་གཏད་དོ་ས་མ་ཡ།། དམར་མོ་སྐྱིན་ཏིང་གཡའ་མ་སྐྱོལ།། ལ་བའི་གསེ་ཐང་ལུས་ལ་གསོལ།། ཤ་བ་ཞོན་ཞིང་མི་སྙིང་ཐོགས། ། དམར་མོ་མང་པོའི་འཁོར་དུ་བསྐོར།། སྒྲོལ་བྱེད་མ་མོ་ཡལ་གམ་ཅན།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། གཉེར་དུ་གཏད་དོ་ས་མ་ཡ།། བྷྱོ། དཀར་མོ་བརྟན་འབར་དབྱིངས་ཀྱི་ཡུམ།། ཁྱུང་གི་ལུས་ལ་ཁྱུང་སྦྲུལ་འགྱེད། ། གཤོག་པ་རལ་གྲི་ཁྱུང་གི་དབྱིངས།། མི་འདའ་དམ་ཚིག་རྡོ་རྗེ་ཐོགས།། རྡོ་རྗེ་བཀའ་ཡི་ཕོ་ཉ་མོ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། བྷྱོ། སྨུག་ནག་རྡོ་རྗེ་ཀུན་ཏུ་བཟང།། འཇིགས་བྱེད་འབར་བའི་རལ་པ་ཅན། ། གཤོག་པ་རྡོ་རྗེ་ཀང་ཀ་འཕྲོ།། མི་འདའ་དམ་ཚིག་རྡོ་རྗེ་ཐོགས།། དཔལ་ཆེན་བཀའ་ཡི་ཕོ་ཉ་མོ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང། བྷྱོ། དམར་ནག་རྡོ་རྗེ་ཡེ་ཤེས་མཆོག། དམར་ནག་རལ་པ་བྱ་རྒོད་འཕྲོ། གཤོག་པ་ཕུར་བུ་བྱ་རྒོད་དབྱིབས།། མི་འདའ་རྡོ་རྗེ་རྩེ་ལྔ་བསྣམས།། གསང་ཆེན་དབྱིངས་ཀྱི་ཕོ་ཉ་མོ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། བྷྱོ། སྨུག་ནག་རྡོ་རྗེ་སྒྲོག་བྱེད་མ།། བྱ་རྒོད་མགོ་ལ་ཉི་མའི་མིག། གཤོག་པ་སྤུ་གྲི་སྟག་ཆེན་འཕྲོ།། མི་འདའ་དམ་ཚིག་ཕུར་བུ་ཐོགས།། བསེ་ཡི་ཐོད་གོན་དཔལ་གྱི་ཕོ་ཉ་མོ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། བྷྱོ། སེར་ནག་རྡོ་རྗེ་འདོད་ཆགས་མ།། རལ་པ་སེར་ནག་གྱེན་དུ་འཁྱིལ། ། པདྨའི་གཤོག་པས་ཀླུ་རྒྱལ་འགྱེད།། མི་འདའ་རྡོ་རྗེ་རྩེ་ལྔ་བསྣམས།། རྒྱུ་དྲུག་སྒྲོལ་བའི་ཕོ་ཉ་མོ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། བྷྱོ། ཁྲག་མདོག་རྡོ་རྗེ་ཀུན་གསལ་མ།། ཁྲག་ལར་གསེབ་ནས་སྤྱང་མ་འཕྲོ། ། གསེར་གྱི་གཤོག་པས་གནོད་སྦྱིན་འགྱེད།། མི་འདའ་དམ་ཚིག་རྡོ་རྗེ་བསྣམས།། ཚངས་པ་འདུལ་བའི་ཕོ་ཉ་མོ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། བྷྱོ། གཡུ་དོག་རྡོ་རྗེ་གཡུ་སྒྲོན་མ། ། མཆོང་རལ་གསེབ་ནས་ཚ་ཚ་འཁྲུག། རུ་སྦལ་གཤོག་པས་ཀླུ་རྒྱལ་འགྱེད།། མི་འདའ་དམ་ཚིག་རྡོ་རྗེ་བསྣམས།། སྲིད་གསུམ་སྒྲོལ་བའི་ཕོ་ཉ་མོ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། སེང་ཆེན་ཞོན་པའི་དབང་ཕྱུག་མ། ། སེང་མགོ་ལྕགས་ཀྱི་རལ་པ་ཅན།། མི་ཤ་ཟ་ཞིང་མི་ལྤགས་གོན།། ལག་ན་འཇིགས་བྱེད་ལྕགས་ཀྱུ་ཐོགས། གཤོག་པ་སྤུ་གྲི་སེང་ཆེན་འཕྲོ།། ལས་སུ་དབང་བསྐུར་སྤྲུལ་པའི་ཡུམ་ལ་བསྟོད། ། སྟག་ལ་ཞོན་པའི་དབང་ཕྱུག་མ།། སྟག་མགོ་གསེར་གྱི་རལ་པ་ཅན།། ནད་ཀྱི་རླངས་འབྱིན་སྟག་སྦྲུལ་ཀློང།། གསེར་ཀྱི་གཤོག་པ་སྟག་རྩལ་འགྱེད།། ནད་ཀྱི་དབང་བསྐུར་སྤྲུལ་པའི་ཡུམ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང། ། བྱ་རྒོད་ཞོན་པའི་དབང་ཕྱུག་མ།། བྱ་རྒོད་མགོ་ཅན་གར་ལྕམ་མཆུ།། ཞིང་ཆེན་ཟ་ཞིང་སྦྲུལ་གོས་གོན།། བྱ་རྒོད་ཀློང་ན་ལྕགས་སྒྲོག་ཐོགས།། རྡོ་རྗེ་གཤོག་པ་བྱ་རྒོད་ལྟོ།། ཁམས་གསུམ་སྒྲོལ་དབང་བསྐུར་ནས་སྤྲུལ། ། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། དུར་བྱ་ཞོན་པའི་དབང་ཕྱུག་མ།། བསེ་ཡི་མཆུ་སྡེར་དུར་བྱའི་མགོ། བགེགས་དཔུང་འདུལ་ཞིང་དུར་གོས་གོན།། དུར་བྱའི་ཀློང་ནས་དྲིལ་བུ་ཐོགས། ། ཁྲག་གི་གཤོག་པས་དུར་བྱ་འཕྲོ།། ཁྲག་ནད་དབང་བསྐུར་སྤྲུལ་པའི་མ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། དཀར་མོ་ཉི་མའི་སྤྱན་གཅིག་མ།། རུ་སྦལ་ནག་པོའི་མགོ་བོ་ཅན།། རུ་སྦལ་ཚིགས་ཤིང་གླང་ལྤགས་གོན། ། ཚེ་ཏ་ཁ་གསུམ་ལག་ན་ཐོགས།། བ་སྤུའི་མེ་སྟ་སྡོམ་དང་སྡིག། ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འཕྲོ།། དབུ་རྒྱན་རྡོ་རྗེ་རྩེ་ལྔས་བརྒྱན།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། སྔོན་མོ་གཡུ་ཡི་རལ་གཅིག་མ། ། རུ་སྦལ་ནག་པོའི་གོ་ཅོག་ཅན།། ཆུ་གླང་པགས་གྱོན་སྦྲུལ་ནག་ཆིབས།། ཟངས་ཀྱི་དྲ་བ་ལག་ན་ཐོགས།། བ་སྦུའི་མེ་སྟག་སྡིག་པ་འགྱེད།། ཐུགས་ཀྱི་སྤྲུལ་པ་སྔོན་མོར་འཕྲོ།། དབུ་རྒྱན་རིན་ཆེན་རྩེ་ལྔ་བརྒྱན། ། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། དམར་མོ་ཁྱུང་གི་གཤོག་པ་ཅན།། གཏི་མུག་ཕག་མགོ་གོ་ཅོག་ཅན།། རུ་སྦལ་པགས་གོན་ཕག་མོ་ཆིབས།། ཟངས་ཀྱི་སྒྲོགས་ཆེན་ལག་ན་ཐོགས།། བ་སྤུ་མེ་སྟག་སྦྱང་མོ་འཕྲོ། ། ཐུགས་ཀྱི་སྤྲུལ་པ་དམར་མོ་འགྱེད།། བསྟོད་དོ་ལས་བཅོལ་མཆུ་མ་ཐུང།། བྷྱོ། སེར་མོ་གློག་གི་འཕྲེང་བ་ཅན།། ཟ་བྱེད་སྤྱང་མོའི་གོ་ཅོག་ཅན།། སྤྱང་མོ་ཆིབས་ཤིང་ཚིམ་ཚིམ་གོན།། གསེར་གྱི་དྲིལ་བུ་ལག་ན་ཐོགས། ། བ་སྤུ་མེ་སྟག་སྤྱང་མོ་འཕྲོ།། ཐུགས་ཀྱི་སྤྲུལ་པ་སེར་མོ་འགྱེད།། དབུ་རྒྱན་གསེར་གྱི་དྲིལ་འབར་བརྒྱན།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། མ་བཙུན་ཨུག་ཆོས་དབྱར་མོ་བསིལ།། སྔོན་ནག་གཡུ་ཡི་སྨིན་མ་ཅན། ། དབུང་མགོར་གསེར་གྱི་བྱ་ཁྱུང་ལྡིང།། རུ་སྦལ་པགས་པ་གོས་སུ་གོན།། ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས།། ལག་ན་འགུག་པའི་ལྕགས་ཀྱུ་ཐོགས།། ལས་སུ་སྔགས་ཀྱི་བསྟན་པ་བསྲུང། ། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། ལྷོ་ཡི་སྐྱིན་མཐིང་གཡའ་མ་སྐྱོད།། སྔོན་མོ་གསེར་གྱི་སྒྲ་ཐབས་ཅན།། ཕྲག་གོང་གསེར་གྱི་སྤྱང་ཁུ་མཆོང།། བ་སྤུ་ཐོར་ཚུགས་དབུ་ལ་བརྒྱན།། བྱ་རྒོད་པགས་པ་གོས་སུ་གོན། ། ལག་ན་སྣང་བྱེད་མེ་ལོང་ཐོགས།། རྒྱུག་ཐབས་གནོད་སྦྱིན་དབང་དུ་སྡུད།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། ཁ་ར་ཁྱུང་བཙུན་དཔལ་གྱི་ཡུམ།། དམར་མོ་བསེ་ཡི་ཐོར་ཚུགས་ཅན། ། ཕྲག་གོར་བསེ་ཡི་བྱ་ཁྱུང་ལྡིང།། རུས་པའི་འཕྲེང་བ་ལུས་ལ་གྱོན།། ལག་ན་གསང་ཆེན་ཆ་ལང་བརྡེབ།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། སྲིང་མོ་རྡོ་རྗེ་གཡུ་སྒྲོན་མ།། དམར་མོ་གཡུ་ཡི་སྒྲ་ཐབས་ཅན། ། དཔུང་མགོར་ཟངས་ཀྱི་བྱ་ཁྱུང་ལྡིང།། སྐུ་ལ་གསེར་གྱི་གོ་ཟུ་གསོལ།། མཆོད་པའི་སྟབས་ཀྱིས་དྲང་སྲོང་འདུལ།། ལག་ན་འཆིང་བྱེད་ཞགས་པ་ཐོགས།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། གངས་དཀར་ཤ་མེད་རྡོ་རྗེ་ཀུན་ཏུ་བཟང། ། དཀར་མོ་དུང་གི་སྒྲ་ཐབས་ཅན།། དཔུང་མགོ་དུང་གི་བྱ་ཁྱུང་ལྡིང།། སྐུ་ལ་དུང་གི་གོ་ཟུ་གསོལ།། འགྲོ་བའི་སྟབས་ཀྱིས་ལོག་འདྲེན་འདུལ།། ལག་ན་བན་དམར་ཁྲག་ཆེན་ཐོགས། ། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། རྐོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང།། ནག་མོ་གསེར་གྱི་སྒྲ་ཐམས་ཅད།། དཔུང་མགོ་མུ་མེན་བྱ་ཁྱུང་ལྡིང།། སྐུ་ལ་གཙོས་ཀྱི་གོ་ཟུ་གསོལ། གདུག་པའི་སྟབས་ཀྱིས་དགྲ་བགེགས་འདུལ། ། ལག་ན་བདུད་ཀྱི་ཁྲམ་བམ་ཐོགས།། ལས་སུ་སྔགས་ཀྱི་བསྟན་པ་བསྲུང།། བསྟོད་དོ་ལས་བཅོལ་མཐུ་མ་ཆུང།། ཞེས་བསྟོད་དོ།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཇི་ལྟར་མ་མོ་ཐམས་ཅད་ཀུན།། དངོས་པོ་ཡེ་ནས་གཅིག་པའི་ཕྱིར།། མ་མོ་སྤྱི་ཡི་བསྐུལ་བ་ནི།། ཤ་སྣ་ཁྲག་སྣ་སྙིང་སྣ་སྟོང། ། ཟངས་ཆེན་བསྐང་སྟེ་སྤྲེངས་ནས་ནི།། གདུང་བའི་དབྱངས་ཀྱིས་བླང་བར་བྱ།། ཧཱུཾ། སྲིད་པའི་མ་མོ་དམ་ཚིག་ཅན། སྟོང་གསུམ་མ་མོ་ལས་མཁན་མ།། འཇིག་རྟེན་མ་མོ་གྲོགས་ཀྱི་མཆོག། བཀའ་དང་བསྟན་བསྲུང་ལས་ཀྱི་བདག། གླིང་བཞི་ཟུར་དུ་ཁུས་འདེབས་ཀྱང།། ཉམས་པའི་བདུད་ཀྱི་བྱ་ར་ས།། སྟོང་གསུམ་ཡོངས་ཀྱིས་གཡབ་པོར་ཀྱང།། ལས་ངན་དགྲ་ཡི་རྟེན་ལིངས་ས།། དམ་ཉམས་བཀའ་རྐུན་བསྟན་འཇིག་ལ། ། བཏང་སྙོམས་ཡལ་བར་མ་བཏང་ཞིག། རཀྚ་ཙ་མུན་ཏི་བྷྱོ། དགྲ་བོའི་སྙིང་མ་ར་ཡ། རྩ་ཐང་རྩ་ཐང་ཐང་མུ་ལེ་སྲོག་རྦད། ཁ་ཁ་དུར་མ་ཏི་བྷྱོ། རཀྴ་རུ་ཏྲ་མ་བྷྱོ། རུ་རུ་རོ་རུ་བྷྱོ། བཛྲ་ར་ཏེ་བྷྱོ། བཛྲ་མ་ཏེ་བྷྱོ། ནག་མོ་ཙ་ཙ་བྷྱོ། པྲཾ་བུ་ཨ་ཏི་བྷྱོ། མ་མ་བཛྲ་ལ་ཏི་བྷྱོ། མ་མ་བཛྲ་མུ་ཀ་མ་བྷྱོ། མ་མ་བཛྲ་ཏིང་ཏིང་མ་བྷྱོ། མ་མ་བཛྲ་ད་རི་མ་བྷྱོ། སིང་ང་མུ་ཀ་བྷྱོ། བྱ་ཏྲི་མུ་ཀ་བྷྱོ། ཀང་ཀ་མུ་ཀ་བྷྱོ། མ་མ་བཛྲ་ཙ་མུན་ཏི་བྷྱོ། མ་མ་བཛྲ་ཀུ་མ་རི་བྷྱོ། མ་མ་བཛྲ་རཀྴ་དུར་མ་ཏིང་བྷྱོ། མ་མ་བཛྲ་ཡག་ཤ་ཙ་མུན་ཏིང་བྷྱོ། མ་མ་བཛྲ་ཙ་པ་ལ་བྷྱོ། མ་མ་བཛྲ་ལི་ལི་བྷྱོ། མ་མ་བཛྲ་ཏིང་ཏིང་མ་བྷྱོ། མ་མ་བཛྲ་མ་ལིང་བྷྱོ། མ་མ་བཛྲ་མི་ལིང་བྷྱོ། མ་མ་བཛྲ་ཙི་ར་བྷྱོ། མ་མ་བཛྲ་ནེ་ནེ་ཏིང་ཏིང་བྷྱོ། ཨེ་ར་ཙ་ར། ད་ནི་དུན་རིང་དུ་ལ་ཡ་བཛྲ་དུ་རུ་ཛྭ་ལ་ནི། ཧ་ན་བཛྲ། དུ་མ་ར་ཧ་བཛྲ་བྷྱོ། ནཱ་ག་ར་ག་ཀྱི་མ་སྲོག་ཀྱི་མ་རྩ། མ་ར་ཏིག་མ་ར་ཏིག། ཙེ་ཙེ་ན་མ་ར་ཏིག། བྷྱོ་བྷྱོ་ཛ་ཛ། ནག་མོ་ཧར་ཧོ། ནག་མོ་དུན་ཏིང་ཧེད། ནག་མོ་མ་ཤ་ཤ་ལ་ཛ། ནག་མོ་མ་ཤ་སྲོག་ལ་ཛ། ནག་མ་མོ་ཤ་དབུགས་ལ་ཛ། སྙིང་ལ་ཧར་ཧུར་རྩ་ལ་བྷྱོ། མ་ཧཱ་རོ་ཤ་ལ་བྷྱོ། ནག་མོ་བཾ་རི་ལི་ལི། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། གསང་བ་སྔགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྲིད་པའི་མ་མོ་ཐམས་ཅད་ཀུན།། ཉམས་ན་བསྐང་བའི་ལས་བྱས་ཏེ། ། བསྐང་བ་འདི་ནི་རབ་ཏུ་བྱ།། ལྷ་རྒྱུད་མ་རྒྱུད་སོ་སོར་བསྐང།། དེ་ནས་ལྷ་མོ་ནག་མོ་བསྐང།། ལྷ་མོ་སྐང་རྫས་འདི་ལྟ་སྟེ།། ནལ་མ་ནལ་ཕྲུག་ཤ་དང་སྙིང།། ཤ་སྣ་སྟོང་དང་སྙིང་སྣ་སྟོང།། ཁྲག་སྣ་སྟོང་དང་འབྲུ་སྣ་སྟོང། ། སྣོད་ཆེན་ཡོངས་སུ་བསྐང་བྱ་སྟེ།། པཉྩ་ཨ་མྲྀ་ཏ་དང་སྦྱར།། སྲོག་དང་དབུགས་ཀྱི་མཆོད་པ་འདིས།། མ་མོའི་ཐུགས་དམ་བསྐུལ་ཞིང་བསྟོད། ཚེ་གསུམ་པ་ཡི་སྔགས་ཀྱིས་དབུལ།། བསྐང་བཤགས་ཆོ་ག་རྒྱ་ཆེར་བྱ། དེ་ནས་མ་མོ་རབ་ཏུ་མཉེས།། གདུག་པ་འདུལ་ཞིང་དངོས་གྲུབ་འགྱུར།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས།། བསྐང་བའི་ལེའུ་སྟེ་སུམ་ཅུ་ཐམ་པའོ།།།། དཔལ་ལྡན་རེ་ཏི་འཁོར་དང་བཅས། ། བསྒྲུབ་པའི་མཚན་མ་ཐོབ་པའི་ཚེ།། དམ་ཚིག་བསྲེ་དང་དམ་ལ་གདགས།། དེ་ཡི་རིམ་པ་འདི་ལྟར་སྟེ།། སྐུ་གཟུགས་རྡོལ་མཚོལ་ཕུར་བུ་སོགས།། ལྷ་མོ་ཉིད་དུ་ཡེ་ནས་གནས།། དེ་ལ་བདེན་བདར་ལས་བཅོལ་ལོ། ། སྙིང་ནས་ཡེ་ཤེས་སེམས་དཔའ་བསྐྱེད།། དེ་ནས་མཆོད་ཕུལ་ལས་བཅོལ་ནས།། འདི་སྐད་དྲག་ཏུ་བརྗོད་པར་བྱ།། ཧཱུཾ། རྡོ་རྗེ་དྲི་ཆུ་བདུད་རྩི་མཆོག། དམ་ཚིག་སྙིང་གི་ཁྲག་ཆེན་པོ།། སྔོན་ནས་བསྲེ་བའི་དམ་ཚིག་མཆོག། ཁྱོད་དང་ང་ཉིད་སྙིང་གནས་པ།། སྙིང་དང་སྙིང་གི་གྲོགས་མོར་བྱ།། མ་ཧཱ་ཀུ་ཀུ་ས་མ་ཡ། པཉྩ་ཨ་མྲྀ་ཏ་ས་མ་ཡ། འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད། དམ་ཚིག་གཉན་པོ་མ་འདས་ན། ཁྱོད་ནི་མངོན་པར་སངས་རྒྱས་ནས།། བདེ་གཤེགས་སྐལ་ལྡན་བདེན་གནས་འགྱུར། བཛྲ་ཡ་ག་ཤ་རཀྴ་ས་མ་ཡ་ཕཊ། དེ་ནས་གྲུབ་པ་ཐོབ་པ་དང།། ཕན་གནོད་ལས་འདི་གང་བྱེད་པ། ། ཇི་ལྟར་འདོད་བཞིན་དབང་བྱེད་འགྱུར།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། དམ་ཚི་བསྲེ་ཞིང་དམ་ལ་གདགས་པའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བསྒྲུབ་པར་འདོད་པའི་སྔགས་པ་ཡིས།། དང་པོར་གསང་ཆེན་ཁྲོ་མོར་བསྒྲུབ།། གཉིས་པ་དཔལ་ལྡན་བསྒྲུབ་བྱ་སྟེ།། གསུམ་པ་ལས་ཀྱི་བྲན་མོར་བསྒྲུབ།། རྩ་བའི་བསྒྲུབ་པ་རྫོགས་པ་དང། ། མ་མོའི་གནས་སམ་གནོད་སྦྱིན་སར།། དྲག་པོའི་ལས་རྣམས་བསྒྲུབ་པར་བྱ།། ཇི་སྲིད་གསང་བའི་ལས་རྩོམ་པ།། གདུལ་བྱ་ཁྱད་པར་ཡོད་པ་དེ།། ཨཾ་གཱུ་ཤ་ཡི་སྔགས་ཀྱིས་གསད།། སྔགས་ཀྱི་སྦྱོར་བ་རྫོགས་པ་དང། ། ལས་ཀྱི་དུས་སུ་བསྟབ་པར་བྱ།། ཏྲག་རཀྴ་རག། རག་མོ་མ་སྙིང་ཁ་རག། ཏྲག་རཀྴ་ཁ་རཾ་ཁཱ་ཧི། ཙ་མུན་ཙག་ཁ་རཾ་ཁཱ་ཧི། མ་མ་ཁཱ་ཧི། ཕུ་ཡ་ཕུ་ཡ། རག་ཏུ་ཙ་མུན་ཏྲི་ཁཱ་ཧི། དུལ་དུལ། ཤིག་ཤིག། མེ་ལ་ཛ། འུབས་འུབས་འབྲུམ་དུས་རཾ་ཤིག། མེ་རཾ་རེ་རཾ། ཁ་རཾ་ཁཱ་ཧི། བཾ་ཡོས་བཾ་ཡོས། ཐུ་ལུཾ་ཐུ་ལུཾ། སྙིང་རཾ་ཤིག། དབང་པོ་ལྔ་ལ་རཾ་ཐུལ། གཟུགས་ཕུང་ལྔ་ལ་ནི་ཐུལ་འུབས།། གསང་ཆེན་དབུས་ཀྱི་སྲེགས་བྱེད་མ། ། ཞལ་ནི་མཐིང་ནག་ཧོམ་ཁུང་འབར།། ལྗགས་ནི་ཧོམ་གཟར་རློན་པའི་ཚུལ།། རི་རབ་ཕུར་བུའི་ཚེམས་གཙིགས་ཤིང།། ཤིན་ཏུ་མེ་འབར་དྲག་མོ་ལ།། དུར་ཁྲོད་དྲག་པོ་མ་མོ་དང།། རོ་ལངས་སྲིན་མོ་སྲུལ་པོའི་ཚོགས། ། མ་ལུས་ཀུན་གྱིས་སྟོབས་པ་ཡིན།། བསྟབ་པའི་ལས་ཀྱི་རིམ་པའོ།། ཡང་ན་ལོག་ནོན་བསྟབ་པ་ནི།། གང་ལ་བྱ་བའི་མིང་རུས་དེ།། ལས་རྣམས་རྫོགས་པས་འགྲུབ་པ་དང།། ལྷ་མ་ཤ་ཁྲག་རུས་པ་བསམ། ། དེ་ཉིད་སྟོབས་བསམ་སྔགས་བཟླས།། རག་མོ་མ་ཧཱ་ཡག་མོ་སརྦ་དུན་ཏེ་ས་མ་ཡ། མ་ཙ་ལ་ཁཱ་ཧི། མེ་ཏ་པ་ཤ། མཾ་ས་པུ་ཀི། ཇི་བཾ་རུ་ཏི་ར་ཛ་རེ་ན་ཤི་གྲི་མ་ར་ནི་པི་པ་ལ། བག་ཀྴ་ནི་བྷ་ལིང། གྷྲི་ཧྣ་གྷྲི་ཧྣ་བུན་ཛ་ཧོ། པི་པ་ཏོ་ས་མ་ཡ་ཨ་ཏི། གནད་ལ་བོར་བའི་ལས་རྣམས་བྱ།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། བསྟབ་པའི་ལེའུ་སྟེ་སུམ་ཅུ་སོ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ལས་བྱེད་སྤྲུལ་པའི་མ་མོ་དང།། གསོད་པའི་མ་མོ་རེ་མ་ཏི།། ཤ་གླང་འབྲུམ་ཟོར་ལག་ན་ཐོགས།། རོ་ལངས་ནག་མོ་རེ་མ་ཏི།། དམར་མོ་ཁྲམ་བམ་ཁྲག་ཟོར་ཐོགས།། གསང་བའི་མ་མོ་རེ་མ་ཏི།། ནག་མོ་སྦྲུལ་གོན་དུག་ཐུན་ཐོགས། ། ཁ་ཐུན་ནག་མོ་རེ་མ་ཏི།། འུག་པའི་གསོབ་དང་སྦལ་ནག་ཐོགས།། རྡེག་བྱེད་ནག་མོ་རེ་མ་ཏི།། ཕུར་ཟོར་ཐོ་བ་ལག་ན་ཐོགས།། སྲེག་བྱེད་དམར་ནག་རེ་མ་ཏི།། ལྕགས་ཀྱུ་མེ་རི་ལག་ན་ཐོགས། ། ལས་ཀྱི་མ་མོ་རེ་མ་ཏི།། ལྗང་ཁུ་རྒྱ་གྲམ་འགྲུ་ཟོར་ཐོགས།། ཁམ་ནག་དུད་ཁ་རེ་མ་ཏི།། གཡབ་མོ་མཛེ་ཟོར་ལག་ན་ཐོགས།། སྲོག་ལེན་སྔོ་ནག་རེ་མ་ཏི།། བ་དན་དུག་ཟོར་ལག་ན་ཐོགས།། སྔོ་ནག་དམར་སྐྱ་རེ་མ་ཏི། ། བྱ་རོག་ཝ་མོ་ལག་ན་ཐོགས།། གསོད་བྱེད་མཐིང་ནག་རེ་མ་ཏི།། ཐོ་བ་ཕུར་བུ་ལག་ན་ཐོགས།། སྲེག་བྱེད་ར་ཁྲི་རེ་མ་ཏི།། མེ་དཔུང་ནང་ན་མེ་སྒྲོན་ཐོགས།། ཐོག་འབེབས་ནག་མོ་རེ་མ་ཏི།། ཆུ་སྲིན་པགས་པ་འབྲུམ་ཟོར་ཐོགས། ། ཤན་པ་ནག་མོ་རེ་མ་ཏི།། རལ་གྲི་མཛེ་ཟོར་ལག་ན་ཐོགས།། སྲོག་གཅོད་ནག་མོ་རེ་མ་ཏི།། རལ་གྲི་དུག་ཟོར་ལག་ན་ཐོགས།། མེ་འབར་ནག་མོ་རེ་མ་ཏི།། སྤྱང་ཁུ་ཁྲ་ཡི་གཡང་གཞི་ཐོགས། ། དུག་འཐོར་ནག་མོ་རེ་མ་ཏི།། ཐོ་བ་ཕུར་བུ་ལག་ན་ཐོགས།། སྲེ་བྱེད་རོ་ལངས་རེ་མ་ཏི།། མེ་འབར་འཁོར་ལོ་ལག་ན་ཐོགས།། མོན་མོ་ནག་མོ་རེ་མ་ཏི།། ཁྲམ་ཤིང་མོན་ཟོར་ལག་ན་ཐོགས། ། བལ་མོ་གསེར་ཤིང་རེ་མ་ཏི།། གཡབ་མོ་ཁྲག་ཐུན་ལག་ན་ཐོགས།། དུག་སྦྲུལ་སྤྲུལ་པའི་རེ་མ་ཏི།། དུག་སྦྲུལ་གཡབ་མོ་ལག་ན་ཐོགས།། ཐོད་འཕྲེང་ནག་མོ་རེ་མ་ཏི།། ཕག་ནག་བྱ་ནག་གཡབ་མོས་འདེབས། ། དྲི་དུན་དུམ་པའི་རེ་མ་ཏི།། རི་རབ་ཕུར་བུ་ལག་ན་ཐོགས།། དུག་སྒྲོལ་པེས་ཐང་རེ་མ་ཏི།། མེ་དཔུང་སེར་ནག་ལག་ན་ཐོགས།། ཁྱུང་ཆེན་སེར་ནག་རེ་མ་ཏི།། གྲི་ཁུག་འབྲུ་མ་ཟོར་ལག་ན་ཐོགས།། སྦྲུལ་མགོ་ནག་མོ་རེ་མ་ཏེ། ། ཏྲི་ཤུལ་ཁྲག་ཟོར་ལག་ན་ཐོགས།། དུག་མགོ་རོ་ལངས་རེ་མ་ཏི།། དུག་སྦྲུལ་དུག་ཐུན་ལག་ན་ཐོགས།། འབར་མ་ལས་ཀྱི་རེ་མ་ཏི།། བྱ་ནག་ཁྱི་ནག་གཡང་གཞི་ཐོགས།། རོ་ལངས་མེ་འབར་རེ་མ་ཏི། ། མེ་རི་སྔོན་དམར་ལག་ན་ཐོགས།། མ་མོ་རྣམས་དང་ཐམས་ཅད་ཀུན།། དངོས་པོ་གཅིག་ལས་མ་གཡོས་ཀྱང།། དབང་གིས་འབྲས་བུར་གསལ་བ་ཡིན།། སྔོན་ཚེ་ང་ཡི་སྤྲུལ་པའི་དབང།། འདི་དག་ཀུན་གྱི་དམ་བཅས་ཡིན། ། རང་རང་སྙིང་པོ་ཕུལ་བ་ཡིན།། ཇི་བཞིན་ལས་རྣམས་བྱེད་པ་ཡིན།། སྔགས་ནི་ཟོར་གྱི་དཀྱིལ་འཁོར་ཡིན།། ཐམས་ཅད་ཟེར་གྱི་དཀྱིལ་འཁོར་མཆོག། འདི་ཡི་ལས་ལ་ཁྱད་པར་གསུངས། ། གཞན་དུ་བྱས་ན་འགྲུབ་མི་འགྱུར།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། དྲག་པོའི་ལས་ཟོར་གྱི་ལེའུ་སྟེ་སུམ་ཅུ་སོ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སུམ་བརྒྱ་དྲུག་ཅུའི་གཙོ་མོ་ནི། ། རེ་ཏི་སྲོག་གི་བདག་མོ་སྟེ།། དེ་ཡི་སྒྲུབ་པ་བཤད་པར་བྱ།། མི་ནག་རྟ་ནག་ཁྱི་ནག་དང།། གཞན་ཡང་རྣམ་པ་སྣ་ཚོགས་སྙིང།། དབུས་སུ་ལྕགས་ཕུར་རྩེ་ལ་གཟུགས།། དེ་ནས་བདག་ཉིད་ཏིང་འཛིན་གྱིས། ། གསང་ཆེན་སྲོག་གི་སྒྲུབ་སྔགས་བཟླས།། མ་མ་རག་མོ་རག་མོ། རུ་རུ་རོ་རུ། ཙ་པ་ལ་ཨ་ཤུག་མེ་བྷྱོ་ཛ་ཛ། རུ་རུ་རག་མོ་ཏེ་ཀེམ་སྟི་ཏ་བམ། ཁ་མུན་ཏྲ་སྙིང་ཁ་རག་མོ་བྷྱོ། ས་མ་ཡ་ཁ་ཐུན། བྱི་ལ་ཙི་ཤ་མ་རུ་ཀ་ལི་མ་བྷྱོ། མ་མ་བྷྱོ། ནུ་སྱི་རུ་ལུ། ཏ་ཀེམ་ཏ་ཀེམ། ཏ་ལ་ག་ར་བྷྱོ། སྙིང་ཨཱ་རྱ་ལི་བྷྱོ། ན་མ་མཱ། རག་མོ་ཏྲག་རཀྴ་བམ། རུ་བི་ནན། ཙ་པ་ལ་ཨ་ཤུག་མེ་ཁ་ཐུན་ཏྲི་རུ་ལུ་བྷྱོ། མ་མོ་དེ་གྲུབ་དུས་དག་ཏུ། ། ལས་དང་མཆོད་པ་སོ་སོར་དབུལ། ཇི་སྲིད་ལས་ལ་སྦྱོར་བའི་ཚེ།། ཁམས་གསུམ་དབང་དུ་སྡུད་ཚུལ་བསྟན།། འདུས་པ་ཡོན་ཏན་བསམ་ཡས་ཐོབ།། སྦྱིན་སྲེག་གཏོར་མའི་དབང་དུ་གསུངས།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། མ་མོ་སྲོག་བསྒྲུབ་པའི་ལེའུ་སྟེ་སོ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྣལ་འབྱོར་སྔགས་ཀྱི་དཀྱིལ་འཁོར་གྱིས།། བདུད་ཀྱི་གཙོ་བོ་མནན་པར་བྱ། ། རང་ཉིད་ཕྱག་ན་རྡོ་རྗེར་བསྒོམས།། འོག་ཏུ་ཁུང་བུ་གྲུ་གསུམ་བརྐོ།། རྒྱ་སོལ་ནག་པོས་ཆག་ཆག་གདབ།། འདྲེ་ཚེར་དུག་སོགས་ཤིང་གིས་དགང།། སྨེ་པའི་དུད་པ་གཏོང་བར་བྱ།། གྲོ་ག་རོ་ཤུན་ལ་སོགས་པ། ། བདུད་ཀྱི་གཙོ་བོའི་མིང་བྲིས་ནས།། བཅིང་དགུག་ལས་རྣམས་གྲུབ་པར་བྱ།། དེ་ཉིད་གྲུ་གསུམ་གཏིང་དུ་གཞུག། ཏིང་འཛིན་འོག་ཏུ་རླུང་མེ་བསྒོམ།། བདུད་ནི་རླུང་མེས་སྲེག་པར་བྱེད།། ལོགས་ལ་ཟ་དང་གསོད་པ་བསམ། ། སྟེང་དུ་ལྕགས་པུར་དྲག་པོ་ལ།། ཕྱག་ན་རྡོ་རྗེ་རབ་བསྒོམས་ནས།། གང་ཡིན་གཟུགས་དེའི་སྟེང་དུ་མནན།། སྐབས་དེའི་ཁ་བྱེ་ལ།། མནན་བསྐྱལ་སྔགས་འདི་དྲག་ཏུ་བཟླས།། མ་མ་ཏྲག་རཀྴ་ཁ་མུན་ཏྲ། སྙིང་ཁ་རག་མ་བྷྱོ། ཚིན་དྷ་ཚིན་དྷ། བིན་དྷ་བིན་དྷ། གྲིཧྣ་གྲིཧྣ། ཧ་ན་ཧ་ན། བྷན་དྷ་བྷན་དྷ། ཏ་ཐ་ཡ་ཏ་ཐ་ཡ། ཧ་ས་ཡ་ན་ཧ་ས་ཡ་ན། ཤྲི་ཀྲང་ཨ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་ཡ་བ་ཡ་ཛྭ་ལ་བ་ཡ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། བྷིན་དྷ་བྷིན་དྷ། དང་པོའི་སྔགས་ནི་དང་པོས་ཏེ། བར་དུ་བདུད་ཀྱི་མིང་སྔགས་བཟླས།། མཐའ་མས་བསྐུལ་བའི་མཐའ་དང་ལྡན།། ཡུངས་ཀར་ཡུངས་ནག་སྐེ་ཚེ་དང།། སེང་གེའི་སྙིང་དང་ཀླད་པར་བཟླས། ། སྟེང་ནས་དུས་ཀྱི་དབང་དུ་གདབ།། མ་ཡེངས་བརྩོན་པར་ལས་རྣམས་བྱ།། དེ་ནི་འགྲུབ་འགྱུར་གཞན་དུ་མིན།། ལས་ཟིན་ཐེམ་པའི་འོག་ཏུ་མནན།། ཡང་ན་དྲག་པོའི་སྦྱིན་སྲེག་བྱ།། ཐལ་པ་ཆང་ཕུད་ཉིད་དང་སྦྱར། ། བྲག་དང་འཐབ་པའི་ཆུ་ལ་བསྐུར།། དེས་ནི་བདུད་རྣམས་རབ་ཏུ་ཞི།། ཡང་ན་བདུད་ཀྱི་ཐལ་པ་དེ།། དྲག་པོའི་ཁྲག་དང་རབ་སྦྱར་ནས།། ལུག་བོང་གཅིན་གྱིས་སྦྲུས་ནས་ནི།། སྲིན་མ་བཙོས་པ་ཙམ་དུ་བྱ། ། དུག་གི་མེ་ལ་བསྐམ་པར་བྱ།། ཛྭ་ལ་ཛྭ་ལ་རཾ། བསྐམས་ནས་ཡུངས་ཀར་ཡུངས་ནག་དང།། སྐེ་ཙེ་ཏིལ་ནག་ཤང་ཙེ་སོགས།། གདུག་པའི་རྫས་རྣམས་མ་ལུས་ལ།། གདུག་པའི་ངན་སྔགས་འདི་བཟླས་ཏེ།། གང་ཡིན་གཟུགས་ལ་གདབ་པར་བྱ། ། ཏྲག་རཀྴ་ཁ་མུན་ཏྲ། བྷྱོ་རུ་ལུ་རུ་ལུ། ཏྲག་རཀྴ། སྙིང་ཁ་རག་སྙིང་བྷྱོ། ཤ་ཤ་ཏྲག་ཤ་ཤ་ཏྲག་ཏྲག་མོ་ཏྲ་བ། སྙིང་ཏྲ་བ་སྙིང་ཁྲག། ཏྲག་ཏྲག་མོ་ཏྲག། མ་སྙིང་རྩ་ཁྲག་བྲེང་བྲང། ཨོཾ་ཛྭ་ལ་ཛྭ་ལ་ཏིང། ཨོཾ་བཛྲ་ཁ་རག་སྙིང་ཁ་རག། བཛྲ་ཀ་མ་ལ་བྷྱོ་ཛ་ཛ། ཏྲག་རཀྴ་ཁ་མུན་ཏྲ་བྷྱོ། མཱ་ར་ཡ་ཐུན་ཡ། ཏྲག་རཀྴ་སྙིང་ཁྲག་སྙིང་བྷྱོ། མ་ར་ཡ་ཐུན་ཡ། སྤུ་ཏ་སྤུ་ཏ་བྷྱོ། མ་ར་ཡ་ཐུན་ཡ། ས་ཏི་ས་མ་རུ་ཐིབས་ཐིབས། ཐབས་བྲ་འུར་ཁ་ཤ་བམ། ཡཾ་ཡུམ་རི་ལི་ལི། ཐིག་ནིག་གཅིག་མེད། གཉིས་དྲག། བརྒྱད་བཅད། གནམ་མཐོང་ཕྱེད། ལྕགས་སྒྲོག་ཁྲོལ། མི་རང་སོད། བཛྲ་པ་ནི་ཕཊ། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། ། བདུད་གནན་པའི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཇི་སྲིད་འཁོར་ལོའི་སྦྱོར་བ་ན།། ཞིང་ཆེན་སྟག་དང་སེང་གེ་དང།། དྲི་བོ་རོ་ཡི་པགས་པ་དང། ། རོ་ཤུན་ལ་སོགས་གདུག་པའི་པགས།། མོ་ལ་མོ་ཡི་འཁོར་ལོ་བྲི།། ཕོ་ལ་ཕོ་ཡི་འཁོར་ལོ་བྲི།། སྐེ་ཚེ་ཏིལ་དང་ཤང་ཚེ་དང།། ངན་ཁྲག་དྲི་བོའི་ཁྲག་དང་ཚ།། ས་ཚོགས་དུག་གི་ཁུ་བ་དང། ། གུ་གུལ་སོལ་ཆེན་སྣག་ཚ་དང།། བྱོ་རོག་འུག་པ་ཁྲ་ཡི་སྒྲོ།། ཡང་ན་གཅན་གཟན་མཆེ་སྡེར་གྱིས།། ཉ་འམ་ཉི་ཤུ་གཉིས་པ་ལ།། རྒྱུ་དང་སྟོང་ལ་འཁོར་ལོ་བརྩམ།། ཡང་ན་ཕུར་བུ་རེ་སོགས་དང།། དེ་ལ་སོགས་པ་བརྩམ་པར་བྱ། ། གསད་བསྒྲུབ་འཁོར་ལོ་ཞེས་བྱ་བ།། འོག་ནི་དཔལ་ལྡན་རེ་མ་ཏི།། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ལྡན།། འཁོར་ལ་གྲོང་ཁྱེར་ཚུལ་འཆར་ཞིང།། འཁོར་ལོ་རྩིབས་བཞི་མུ་འཁྱུད་ལྡན། ཙཀྲ་རྦད་མིང་མཱ་ར་ཡ་ཧཱུཾ་ཕཊ། མཐའ་དང་ཡང་དག་ལྡན།། ཕྱི་རིམ་ཐང་ཕྱམ་དྲག་པོའི་ཚོགས།། ཛ་ཐུན་མར་ཡའི་མཐའ་དང་ལྡན།། དེ་ཡི་ཕྱི་རིམ་མཚོན་ཆའི་ཚོགས།། དེ་ནི་མོ་ཡི་འཁོར་ལོ་ཡིན།། བདུད་ཕོ་ཉིད་ཀྱང་དེ་ཉིད་དེ། ། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ལྡན།། སྒོ་མེད་ལྕགས་མཁར་རྩིབས་བཞི་ལ། ཙཀྲ་རྦད་མིང་གོང་དང་ལྡན།། ཕྱི་རིམ་སྟེང་སྟེ་མཐའ་དང་ལྡན།། གཞན་གྱི་མཚོན་ཆ་དེ་བཞིན་ཏེ།། གྲོང་ཁྱེར་འདི་དག་ཐམས་ཅད་ཀུན། ། ཇི་སྲིད་མེ་དཔུང་ནང་དུ་བཞུགས།། འོད་ཟེར་འཕྲོ་ཞིང་འཁྲུག་པའི་ཚུལ།། མ་མོ་རྣམས་ལ་ནང་ལ་ནང།། འཐབ་དང་བརྩོན་དང་ཚིག་འགྲུབ་སྟེ།། ཇི་སྲིད་གསོད་པའི་ལས་རྣམས་བྱེད། ། དེ་དག་རིམ་པ་བཤད་བྱ་སྟེ།། རིམ་པ་དང་པོ་འདི་རིམ་བཞིན།། སྔགས་ཀྱི་འཁོར་ལོས་སྐུལ་བར་བྱེད།། བསམ་གཏན་འཁོར་ལོས་སྒྲུབ་པར་བྱེད།། རྫས་ཀྱི་འཁོར་ལོས་དཀྲུག་པར་བྱེད།། དེས་ནི་མཱ་ར་ལ་གདོན་མི་ཟ། ། དེ་ལྟ་བུའི་ལས་རྣམས་གྲུབ་པ་དང།། ཇི་སྲིད་འཁོར་ལོ་ཆེན་པོ་དང།། རབས་ཆད་ཐོད་པ་ཁ་སྦྱར་དུ།། འཁོར་ལོ་བཅུག་ལ་ཁ་བཅད་དོ།། དེ་ནས་དུར་ཁྲོད་ཆེན་པོ་རུ།། མ་ཡེངས་དཀྲུག་བསྐོར་བྱས་གྱུར་ན། ། ལས་འདི་འགྲུབ་འགྱུར་གདོན་མི་ཟ།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས།། འཁོར་ལོ་བསྒྲུབ་ཅིང་གསད་པའི་ལེའུ་སྟེ་སུམ་ཅུ་སོ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཇི་སྲིད་འཁོར་ལོའི་སྦྱོར་བ་ནི།། རབ་ཏུ་དྲག་པོའི་བྲི་བར་བྱ།། སྲོག་གི་འཁོར་ལོ་ཞེས་གསུངས་པ།། མེ་ཡི་འཁོར་ལོ་ཉིད་ཡིན་ཏེ།། ལྷ་མོ་མགྲིན་པའམ་བྷ་གར་གསད།། དེར་ནི་འཁོར་ལོའི་རྩིབས་བརྒྱད་པ། ། རཾ་དང་རཾ་སྐྱེས་དབྱིབས་ཅན་ནི།། མེ་གསུམ་འདུས་བའི་དཀྱིལ་དུ་གསད།། གནས་ནི་སྙིང་ནང་སྲོག་རྩ་རྒྱུད།། ཡཾ་གིས་བུས་ལ་རཾ་གྱིས་བསྲེག། འཁོར་ལོ་བསྒྲུབ་དང་བཅས་པ་དེ།། དུག་ཤིང་མེ་སྦར་སྲེག་པར་བྱེད། ། ཆུ་ཡི་འཁོར་ལོ་ཞེས་གསུངས་པ།། ལྷ་མོ་ལྟེ་བའི་དཀྱིལ་འཁོར་དུ།། སུམ་འགྱུར་ཟླུམ་ལ་རབ་ཏུ་གནས།། ཆུ་གསུམ་འདུས་པའི་དཀྱིལ་དུ་གསད།། གནས་ནི་སྟེང་གནས་འདབ་བརྒྱད་སྟེང། ། ཀླུ་བརྒྱད་འཁོར་དང་བཅས་པ་བསྐྱེད།། ལས་རྣམས་བཅོལ་ནས་བསྒྲུབ་བྱས་ནས།། རྒྱ་མཚོ་ཆེན་པོར་དོར་བར་བྱ།། རླུང་གི་འཁོར་ལོ་ཞེས་གསུངས་སོ།། ལྷ་མོ་ཞབས་ཀྱི་དཀྱིལ་འཁོར་དུ།། བ་དན་རབ་ལྡན་རླུང་དེ་ལ། ། རབ་ཏུ་འཕྲཽ་བའི་རླུང་ལྡན་པས།། རླུང་གསུམ་འདུས་པའི་དཀྱིལ་དུ་གསད།། སྙིང་གནས་རླུང་གི་དཀྱིལ་འཁོར་དུ།། རླུང་ལྷ་འཁོར་བཅས་རྫོགས་པར་བསྐྱེད།། ལས་བཅོལ་འཁོར་ལོ་རླུང་ལ་བསྐུར། ། ས་ཡི་འཁོར་ལོ་ཞེས་གསུངས་པ།། ལྷ་མོ་སྙིང་གི་དཀྱིལ་འཁོར་དུ།། ལོ་བསྐྱེད་ས་བོན་ས་གཞི་བསམ།། སུམ་འགྱུར་དྲག་པོའི་ས་གཞི་དར།། ས་གསུམ་འདུས་པའི་དཀྱིལ་དུ་གསད།། གདུལ་བར་བྱ་བའི་སྙིང་ཁ་རུ། ། ས་ཡི་དཀྱིལ་འཁོར་རབ་བསམ་ནས།། སྟེང་དུ་ས་བདག་ལག་ཆེན་བསྐྱེད།། དྲང་སྲོང་རྣམས་ཀྱང་དེ་བཞིན་ཏེ།། ལས་རྣམས་བཅོལ་ཞིང་བསྒྲུབ་བྱས་ནས།། དུར་ཁྲོད་ལ་སོགས་ཀུན་ཏུ་གནན།། ས་ཡི་ལྷ་མོ་སེར་མོ་སྟེ། ། དེ་བཞིན་ཆུ་ཡི་ལྷ་མོ་དཀར།། མེ་ཡི་ལྷ་མོ་དམར་མོ་ལ།། རླུང་གི་ལྷ་མོ་ལྗང་ཁུ་སྟེ།། དེ་ནི་ལས་རྣམས་མྱུར་དུ་འགྲུབ།། ཡང་ན་འཁོར་གནས་འདི་ལྟ་སྟེ།། ཆུ་ནི་གྲོད་པའི་དཀྱིལ་འཁོར་སྟེ།། གྲོད་པའི་ནང་དུ་བྱ་བར་བཤད། ། མེ་ནི་སྲོག་རྩི་འཁོར་ལོ་སྟེ།། སྲོག་རྩའི་ནང་དུ་བྱ་བར་བཤད།། རླུང་ནི་རྐང་པའི་འཁོར་ལོ་སྟེ།། རྐང་པའི་ནང་དུ་བྱ་བར་བཤད།། ས་ནི་ཤ་ཡི་འཁོར་ལོ་སྟེ།། ཤ་ཡི་ནང་དུ་བྱ་བར་བཤད།། དེ་དེ་ལས་རྣམས་བྱས་གྱུར་ན། ། ལས་རྣམས་འགྲུབ་པར་ཐོགས་པ་མེད།། ལས་དེ་གྲུབ་པའི་རྟགས་བྱུང་ན།། བདུན་གསུམ་ཉི་ཤུ་རྩ་གཅིག་གིས།། དགྲ་བོ་བསྒྲལ་བར་གདོན་མི་ཟ།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། དྲག་པོའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་སོ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ལས་རྣམས་རྫོགས་པའི་རྣམ་འབྱོར་པས།། རིག་པའི་ཏིང་འཛིན་གསལ་བྱས་ཏེ།། མཆོག་ཕྲན་དྲག་པོའི་ས་གཞི་རུ། ། གནོད་དང་གདུག་པའི་དགྲ་བགེགས་ལ།། གསོད་བྱེད་ནང་དུ་བསྒྲུབ་པ་དང།། མོ་ཡི་ཐོད་པར་བསྒྲུབ་པ་བརྩམས།། དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ལ།། ནང་དུ་དུག་གསུམ་ཆག་ཆག་གདབ། ། དེ་ཉིད་གྲུབ་པར་འགྱུར་བ་དང།། ཐོད་རློན་ཟོར་བསྒྲུབ་རྫོགས་པར་བྱ།། དུར་དོང་ཞུགས་པའི་འོག་དག་ཏུ།། ཐོད་རློན་ཟོར་གྱིས་བརྡེག་གྱུར་ན།། དེ་ནི་མྱུར་དུ་ཕུང་བར་འགྱུར།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས། ། ཐོད་རློན་ཟོར་བསྒྲུབ་པའི་ལེའུ་སྟེ་སུམ་ཅུ་སོ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་ལ་འཁོར་རྣམས་ཀྱིས་བསྟོད་པ།། ཨེ་མ་ཧོ་ཨེ་མ་ཧོ་བཅོམ་ལྡན་འདས།། སྲིད་པ་ཀུན་རྫོགས་ཡེ་སངས་རྒྱས། ། དངོས་པོ་མེད་ཅིང་མཚན་ཉིད་མེད།། སྣ་ཚོགས་ཡུལ་ལས་སྐུར་བྱུང་བ།། དེ་ཉིད་སྐུ་མཆོག་ཕྱག་འཚལ་བསྟོད།། ཡིད་བཞིན་སྐུ་མཆོག་དོན་ལྡན་པས།། བསྒྲུབ་བྱ་མ་མོ་དབང་འདུས་ཏེ། ། ཐེ་ཚོམ་མི་འབྱུང་དོན་གསུངས་པ།། གསུང་རྒྱུད་གཏེར་ལ་ཕྱག་འཚལ་བསྟོད།། དཔལ་ལྷ་མོ་རེ་མ་ཏི་གསང་བ་ཤན་པ་ནག་མོའི་རྒྱུད་ལས།། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་སུམ་ཅུ་སོ་དགུ་པའོ། །།། འཕགས་པ་ལྷ་མོ་ནག་མོའི་རྒྱུད་ཀྱི་རྒྱལ་པོ་གསང་བ་ཤན་པ་ནག་མོ་བསེ་སྡེར་ཞེས་བྱ་བ། མ་མོ་དང་སྲིན་མོ་ཐམས་ཅད་བཀོལ་བའི་མན་ངག་མ་མོའི་རྒྱུད་ཐམས་ཅད་ཀྱི་འགྲེལ་པ་ལས་བྱང་དུ་ཕྱུང་བ་རྫོགས་སོ། །།། རྒྱ་གར་སྐད་དུ། གུ་ཧྱ་ག་པི་ཏནྟྲ་ནཱ་མ། བོད་སྐད་དུ། གསང་བའི་གཏེར་གྱི་རྒྱུད་ཅེས་བྱ་བ། ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཀུན་ཏུ་བཟང་མོ་གསང་བའི་ཡུམ།། སྐྱེ་འགག་མེད་པའི་བདག་ཉིད་ཅན།། ཐོག་མ་མེད་པའི་དུས་མཐའ་ནས།། འགྲོ་འོང་མེད་པར་རང་བཞིན་བཞུགས། འཕོ་འགྱུར་མེད་པའི་གནས་མཆོག་ནི། ། ཡང་དོག་མེད་པའི་འོད་གསལ་བ།། ཕྱི་ནང་མེད་པའི་འོད་གསལ་བ།། ཤེས་རབ་སྙིང་རྗེ་ཉི་ཟླར་བཅས།། དག་པའི་དོན་ལྡན་དཀར་པོའི་ཚོགས།། སྙིང་རྗེའི་འོད་ལས་སྤྲུལ་པ་མོ།། ལྔ་གཉིས་གསུམ་དུ་རང་བཞིན་གནས། ། བྱ་རྩལ་མེད་པའི་སྦྱོད་པ་ཅན།། ཆོས་ཉིད་མི་འགྱུར་ནག་མོའི་ཚོགས།། ཤེས་རབ་རྩལ་ལས་ཤར་བ་མོ།། ལྔ་གཉིས་བརྒྱད་དུ་ལྡན་པ་སྟེ།། ཡེ་ཤེས་སྤྲུལ་པའི་སྤྱོད་པ་ཅན།། ཤུགས་འགྲོ་འབར་བ་སེར་མོའི་ཚོགས། ། བརྩོན་འགྲུས་མཐར་ཕྱིན་ཁྱབ་པ་མོ།། བཅུ་ཚན་ལྔ་དང་དྲུག་ཏུ་ལྡན།། རྫུ་འཕྲུལ་སྤྱོད་པ་མཐར་བྱིན་མ།། ཡོན་ཏན་གཏེར་ལྡན་སྦྲུལ་པ་མོ།། མངོན་སྤྱོད་ངང་ལས་ཤར་བ་མོ།། བཞི་གཉིས་ལྡན་པའི་ཁྱབ་པ་མོ། ། བརྟུལ་ཞུགས་ལྡན་པའི་མཛད་པ་ཅན།། དེ་ནས་ཡུལ་འཕྲ་མེན་རྒྱ་མཚོས། གསེར་གྱི་ཉི་མའི་གདན་ལས་བཞེངས་ཏེ། ཡུམ་ཆེན་མོ་ལ་གུས་པའི་ཕྱག་སྦྲུལ་བཞིན་བྱས་ནས།། མིག་མི་ལྡོག་པར་གཟིགས་ཏེ། ། གསེར་གྱི་འཁོར་ལོ་བསྒྱུར་ཅིང་གསང་སྔགས་བསྒྲགས་པའི་དོན་དུ། ཡུམ་ཆེན་མོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀུན་ཏུ་བཟང་མོ་བདེ་བའི་ཡུམ།། གནས་པའི་དོན་འདི་ཇི་ལྟར་ལགས།། གཏེར་གྱི་རང་བཞིན་གང་ལགས་པ། ། ཡུམ་ཆེན་ཉིད་ཀྱིས་བཤད་དུ་གསོལ། དེ་ནས་ཡུམ་ཆེན་མོས་ཉི་ཟླའི་གདན་ལ་བཞེངས་ནས། སྤྱན་གསུམ་འཐུར་དུ་གཟིགས་ནས། ལྗགས་པདྨ་དྲིལ་ནས་གསུངས་པ། སྲིད་པ་གསུམ་གྱི་མངའ་བདག་མོ། ། སངས་རྒྱས་ཁྲོས་པའི་རྒྱལ་མོ་ཁྱོད། འགྲོ་བ་ཆགས་པས་ཞེན་པ་ལ།། ཐུགས་རྗེ་ཆེན་པོས་ཞུ་བ་ལེགས། ཁྱོད་ཀྱི་འདོད་པ་འདི་ལྟར་བསྐོར།། གསང་བ་རྩ་དང་ཐིག་ལེ་སྟེ། གཏེར་ནི་རིག་པའི་ཡེ་ཤེས་སོ། ། འཕྲ་མེན་རྒྱ་མཚོས་ཡང་གསོལ་པ།། རྩ་དང་ཐིག་ལེ་ཇི་ལྟར་ལགས།། རིག་པའི་ཡེ་ཤེས་ཇི་ལྟར་ལགས།། ཀུན་ཏུ་བཟང་མོས་བཤད་དུ་གསོལ།། ཡུམ་ཆེན་ཉིད་ཀྱིས་ཡང་གསུངས་པ། ། གསང་བ་དོན་གྱི་རྩ་ཐིག་ནི། རྣམ་པ་གསུམ་དུ་ཤེས་པར་བྱ། རྩ་ལ་སྲིད་པའི་གནས་ལུགས་དང།། ཐིག་ལེ་སྤྲུལ་པའི་འཆར་ཚུལ་དང།། རྟོགས་པར་བྱེད་པ་ཡན་ལག་གོ། རིག་པའི་ཡེ་ཤེས་གཉིས་སུ་བཤད། དམ་སྲིད་གནས་ལ་དབབ་པ་དང། ཐིག་ལེ་མྱ་ངན་ཟླ་བའོ། གསང་བ་གཏེར་གྱི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། དེ་ལ་གནས་ཆེན་བརྒྱད་དུ་བཤད། དང་པོ་དངོས་པོ་བསྟན་པ་དང། ། གཉིས་པ་ལས་སུ་བསྟན་པ་དང། གསུམ་པ་བྱེད་པའི་གནས་སུ་སྟེ།། བཞི་པ་སྤྱིན་པའི་ས་ཡིན་ཏེ།། ལྔ་པ་བྱུང་ཁྱུང་ཡིན་པ་སྟེ།། དྲུག་པ་ལྷག་པའི་གནས་བཞི་སྟེ།། བདུན་པ་གནས་གཞི་ཡིནཔ་སྟེ།། བརྒྱད་པ་བོད་པ་ཡིན་པའོ། ། ཚལ་ཆེན་པོ་ན་བརྒྱད་དུ་གནས། ལྟ་ན་སྟུག་དང་རྣམ་པར་རྒྱལ། ལྷའི་མདུན་ས་བྱ་བ་དང།། ཤིང་རྟ་སྣ་ཚོགས་བྱ་བ་དང། ས་གཞི་བཟང་པོ་བྱ་བ་དང། དགའ་བའི་ཚལ་དང་རྩུབ་འགྱུར་ཚུལ། ། འདྲེས་པའི་ཚལ་ཞེས་བྱ་བའོ།། ཐིག་ལེ་དོན་ནི་འདི་ལྟ་སྟེ།། ཐིག་ལེ་གནས་ནི་འདི་བཞི་སྟེ།། ཕྲ་མ་ཨུ་ལི་ཧི་དང་ལྡན།། ཨོཾ་དང་ལྡན་ཧཱུ~ཾ་དང་ལྡན།། སྭ་དང་ལྡན་པའི་སྒྲའི་དོན་བཤད་པ།། བདེ་བ་ཆེན་པོ་འཁོར་ལོ་ནི། ། ཡི་གེ་ཧཾ་གྱི་དོན་བཤད་པ།། བརྒྱ་རྩ་འདུས་པའི་ཚངས་ནང་ན།། ཐིག་ལེ་ཡི་གེ་ཧ་གནས་པ།། ཆོས་ཉིད་འདུས་པའི་ཐིག་ལེ་སྟེ། ཀུན་ཏུ་བཟང་མོ་ཞེས་སུ་བཤད།། ཡི་གེ་ཧཾ་གྱི་རྩེ་མོ་ནས།། དྭངས་མ་ལྔ་ཡི་ཐིག་ལེ་ཡི། ཚོན་དྲུག་དྲིལ་བ་ལྟ་བུ་སྟེ།། དེ་ནི་ནམ་མཁའི་ལྔའི་ངོ་བོ་སྟེ།། ས་མེ་ཀི་དང་དམ་ཀུ་དང།། ས་ནི་རྩ་ཡི་དངས་མ་སྟེ།། རྣམ་སྣང་གསལ་ཞེས་གྲགས་པའོ།། མེ་ནི་དྲོད་ཀྱི་དྭངས་མ་སྟེ།། འོད་གསལ་མ་ཞེས་གྲགས་པའོ། ། ཀི་ནི་ཁྲག་གི་དངས་མ་སྟེ།། གཉེན་གསལ་མ་ཞེས་གྲགས་པའོ།། དམ་ནི་དབུགས་ཀྱི་དངས་མ་སྟེ།། གཡང་གསལ་གཡོན་ཞེས་གྲགས་པའོ།། ཀུ་ནི་བཀྲག་གི་དྭངས་མ་སྟེ།། བཀྲག་གསལ་མ་ཞེས་གྲགས་པའོ། ། ཐིག་ལེ་ཆེན་པོ་གཡས་ཕྱོགས་ནས།། མཁའ་ལ་རྒྱུ་བའི་ཐིག་ལེ་གསུམ། བ་ར་ཝ།། འབེབས་བྱེད་མ།། སྐྱོད་བྱེད་མ།། སྐུལ་བྱེད་མའོ།། ཐིག་ལེ་ཆེན་པོའི་གཡོན་ཕྱོགས་ནས།། དབྱིངས་ལས་ཤར་བའི་མ་མོ་གསུམ། ། ཧཾ་རི་ཀ།། ཚོར་བྱེད་མ། ཚིམ་བྱེད་མ་ལེན་བྱེད་མའོ།། ཐིག་ལེ་ཆེན་པོའི་སྟེང་ཕྱོགས་ན།། མུན་དང་གསང་པ་སྟུད་མའོ། མ་ཡི་སྒྲ་ཡི་དོན་བཤད་པ།། མགྲིམ་མ་ཁྲག་གི་འཁོར་ལོའི་དཀྱིལ། ། དབུས་ན་ཐིག་ལེ་ཨཾ་གནས་པ།། མཐའ་མ་རྣམ་པ་བརྒྱད་པའོ།། ཝ་ཀྲི་ཏི་ཡ་པ་ནི་པུ་ཙ།། དཀར་མོ་མདངས་མཛེས་མ།། སྔོན་མོ་ཀློག་མ་སྲིན། དམར་མོ་རྫུ་པ་ཅན།། སེར་མོ་ལྡིང་སྟབས་ཅན།། སྟག་སྨན་ཟོར་བ་གདོང། ནག་མོ་གདོང་དྲུག་མ། བམ་སྲིན་དྲེད་མོ་གདོང། འབྲོག་སྲིན་ཆུ་སྲིན་བཤད། ཨུ་ཡི་སྒྲ་ལ་དོན་བཤད་པ།། སྙིང་ཀ་ཆོས་ཀྱི་འཁོར་ལོའི་དཀྱིལ།། དབུས་ན་རིག་པའི་ཡི་གེ་ཧཱུ~ཾ།། ཕྱི་སྐོར་ཐིག་ལེ་བཅུ་དང་བརྒྱད། ། མུམ་ཧཱུ~ཾ།། འཕྲ་མེན་མན་ཀའི་ཐིག་འཛིན་མ།། ཉི་མ་འབུམ་གྱི་གཟི་མདངས་ཅན། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ། ཡོན་ཏན་རིན་ཆེན་ཁྲོས་པའི་དབང་མོ་ཆེ།། པདྨ་ཁུག་འཐུང་ཁྲོས་པའི་དབང་མོ་ཚེ། ། ཁམས་གསུམ་འཚོ་བྱེད་ཁྲོས་པའི་དབང་མོ་ཆེ།། མུཾ་མུཾ་མུཾ་མུཾ།། རྒྱན་གྱི་རྒྱལ་མོ་དབྱིངས་ཕྱུག་རྒྱལ་མོ་དང།། བདག་ཉིད་ཆེན་མོ་གཅིག་པུ་ཡུམ་མཆོག་མོ།། ཧེ་ཧེ་ཧེ་ཧེ།། དཀར་མོ་ཆེན་མོ་ཡབ་ལ་བཞད། ། སྔོན་མོ་སྒེག་མོ་ཡིན་ཏན་མཛོད།། དམར་མོ་དབང་སྡུད་མཛེས་ཚུལ་ཅན།། སེར་མོ་ལས་ཀྱི་རྫུ་འཕྲུལ་ཅན། ས་མ་མ་ཧམ། ཟེ་བྱེད་མ། རྒྱས་འདེབས་མ། ཚེ་འཕེལ་མ། རྨོངས་བྱེད་མའོ།། ལི་ཡི་སྒྲ་ཡི་དོན་བཤད་པ། ལྟེ་བ་རླུང་གི་འཁོར་ལོའི་དཀྱིལ།། དབུས་ན་རླུང་སྐོར་ཐིག་ལེ་ལྔ་བཅུ་དྲུག། ཝཾ་སཾ། སྲིད་པ་ཀུན་གྱི་དྲེད་འབེབ་མ། སྲིད་པ་ཀུན་གྱི་སྐྱེད་བྱེད་མ། ཨེ་རཾ། དྲག་མོ་འཛ་ཏིམ། སྲིན་མོ་ཁྲག་འཛག་མ། ཡང་རཾ། བསྐྱོད་མ་སྟོང་གསུམ་ཁྱབ་པ་མོ། གླིང་བཞི་ཀུན་ཏུ་རྒྱུག་འགྲོ་མའོ། ཧཱུ~ཾ་པདྨ་རྡོ་རྗེ་ཐིག་འཛིན་མ། པདྨའི་དབྱིངས་ཕྱུག་མ།། འདོད་པ་ཁམས་ཀྱི་དབང་ཕྱུག་མ། རཾ་རཾ་རཾ་རཾ་རཾ་རཾ་རཾ། རྡོ་རྗེ་ཀུན་གྲགས་མ། དབང་ཆེན་འོད་ལྡན་མ། རྡོ་རྗེ་འཛིན་འཕྲེང་མ། རྡོ་རྗེ་གསལ་འཕྲོ་མ། རྡོ་རྗེ་འོད་ཆགས་མ། རྡོ་རྗེ་ཟློག་བྱེད་མ། རྡོ་རྗེ་གྲག་སྙེལ་མ།། མ་ཏི་ག་ཛྭ། གླིང་བཞི་ལྷའི་སྲིན། ཁྱུང་ཆེན་གཤིན་རྗེའི་སྲིང། གཡག་ཐོག་ཀླུའི་སྲིང། སྡེར་ཅག་གནོད་སྦྱིན་སྲིང། པ་ར་ཏི་ཡ་ཡ་ཧར་ཏིང། དུ་ནྟིང། ཤནྟིང། གྲུབ་ཏིང་བྷྱོ་ཏ་ག་ན། དཀར་མོ་མིག་གཅིག་མ། ནག་མོ་རལ་གཅིག་མ། དམར་མོ་མཆུ་འཇིབ་མ། སེར་མོ་རྐང་བལྡག་མའོ།། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། སྲིན་མོ་སྨུག་ནག་མ། ནུ་ར་ཀྵ་སི། འཕྲ་མེན་རྡོ་རྗེ་དཀར་སེར་མ།། རོ་ཧུ་དྲི་ལ་ལྷ་ཆེན་དཀར་མོ་སྟེ།། འཇིག་སྲིད་དཀར་མོ་རྡོ་རྗེ་བེ་ཤ་བྱི།། གཞོན་ནུ་དམར་མོ་རྡོ་རྗེ་ཀོ་མ་རིང།། བརྒྱ་བྱིན་དཀར་མོ་རྡོ་རྗེ་བ་ནི་ལཾ། ། དམར་སེར་སྲིན་མོ་རྡོ་རྗེ་སི་ཀ་ལཾ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བདུད་རྩི་དམར་མོ་རྡོ་རྗེ་ཨ་མྲི་ཏ། ཟླ་བ་དཀར་མོ་རྡོ་རྗེ་པུ་ཏ་རི། བེ་ཅོན་དམར་ལྗང་དནྟྲ་ཧ། སྲིན་མོ་དམར་མོ་རྡོ་རྗེ་རཀ་ཤ་སི། ཟ་བ་ལྗང་ནག་རྡོ་རྗེ་བག་ཤི་སི། ར་ཏྲི་བཛྲ་རྡོ་རྗེ་དགའ་བ་དམར། རྡོ་རྗེ་སྟོབས་ཆེན་རུ་ཏྲ་མ་ར་ཏྲ།། ཨེ་ཀ་ཙ་ཏི་རྡོ་རྗེ་ཅིག་སྦྱོད་མ།། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ།། མ་ནུ་ཏོ་རྡོ་རྗེ་འདོད་པ་དམར། གྲུབ་མོ་ནོར་སྲུང་དཀར་མོ་སིངྔྷ་ཀ་ཀླུ་མོ་སྔོ་སྐྱ་རྡོ་རྗེ་བ་ཡ་བྱ། ། གསོད་མོ་ཁྲ་མོ་རྡོ་རྗེ་མ་ཧཱ་ཀ་ལ་དམར།། ཨག་ནེ་མི་མོ་རྡོ་རྗེ་དཀར་སེར་མ།། ཕག་མོ་ནག་མོ་རྡོ་རྗེ་བ་རུ་ནི།། རྡོ་རྗེ་དམར་སྨུག་རྒན་བྱེད་ཙ་མུན་ཏི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ།། སྣ་ཆེན་དཀར་མོ་རྡོ་རྗེ་པུ་ཏ་ར་མ་ན། གཏི་མུག་རང་སར་གྲོལ་བས་མེ་ལོང་ལྟ་བུའི་ཡེ་ཤེས། ཕྲག་དོག་རང་གནས་སུ་དག་པ་བྱ་བ་གྲུབ་པའི་ཡེ་ཤེས། གཟུང་འཛིན་གནས་སུ་གྲོལ་བ་ཆོས་དབྱིངས་ཀྱི་ཡེ་ཤེས་སོ། ཞེ་སྡང་གནས་སུ་བསྒྲལ་བས་ཐབས་དང་མཐུན་པའི་སྤྱོད་པ། འདོད་ཆགས་རང་སར་བསྒྲལ་བས་ཤེས་རབ་དང་མཐུན་པའི་སྦྱོད་པ། ང་རྒྱལ་ཞི་བས་བསྒྲལ་བས་གཟུང་དུ་འབྲེལ་པའི་སྤྱོད་པ། གཏི་མུག་རིག་པར་བསྒྲལ་བས་ཕྱོགས་གཅིག་པའི་སྤྱོད་པ། ཕྲག་དོག་ཕུན་སུམ་ཚོགས་པར་བསྒྲལ་བས་འཐུན་འཇུག་ཐབས་ཀྱི་སྤྱོད་པ། གཟུང་འཛིན་ཡུལ་ལས་བསྒྲལ་བས་མཛད་པ་གར་ཐབས་ཀྱི་སྤྱོད་པའོ། འགའ་ན་སྦྱོར་བའི་སྤྱོད་པ་རྟོགས་ཐབས་ལྡན་པ་ཡིས། འགའ་ནི་སྤྱོད་པ། འདི་ལྟ་སྟེ། བུད་མེད་མོ་གཤམ་འདྲ་བ་ལ། ཀླད་པ་གཱ+ོ་རོ་ཙ་ན་ཡོད། ཨ་འབྲས་སྨིན་པའི་འབྲས་བུ་ལ། སྦྱོར་ཏེ་ཟོས་ན་དངོས་གྲུབ་ཐོབ། བུད་མེད་པདྨ་མཛེས་པ་ལ། རཀྟའི་སྙིང་པོ་མ་ཉམ་དང། མུ་ལ་ཏ་དང་པི་ཏའི་ཁྲག། སྦྱར་ཏེ་ཟོས་ན་དངོས་གྲུབ་ཐོབ། བུད་མེད་དུང་ཅན་ལྷ་མཛེས་ལས། བྱུང་བའི་དྲི་ཆེན་མཾ་ས་དང། གདུག་ཅན་གྱི་བཅུད་དང་ནི། བུད་མེད་བན་གླང་ཅན་དག་གི། བྱུང་བའི་དྲིའི་ཆུ་དག་དང་ནི། ཏིར་ཏ་པ་ན་ལ་སོགས་དང།། སྦྱར་ཏེ་ཟོས་ན་དངོས་གྲུབ་ཐོབ།། བུད་མེད་རི་མོ་ཅན་དག་ལ།། སྦྱར་ཏེ་ཐིག་ལེ་དཀར་དམར་དང།། ག་པུར་ཆུ་དང་སྦྱར་བྱས་ནས། ། དངོས་གྲུབ་ཤིན་ཏུ་ཐོབ་པར་འགྱུར།། བཀྲ་ཤིས་གཙང་མའི་བུད་མེད་ལ།། སྦྱར་བའི་ཐབས་ཆེན་ལྡན་བྱས་ཏེ།། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར།། སྦྱོར་བ་སྤྱོད་པའི་ཐབས་ཆེན་འདིས། ། སྐྱེ་མེད་དབྱིངས་དང་འཕྲད་པར་འགྱུར།། ཏན་སྤྱོད་པའི་དོན་སྤྱོད་པ།། གང་ཡང་རུང་བ་སྒྲལ་བའི་ཞིང།། རྣལ་འབྱོར་སྡིགས་པའི་མཛུབ་མོ་ལ།། ཉི་མའི་དཀྱིལ་འཁོར་སྟེང་དག་ཏུ།། ཧ་ལས་རལ་གྲི་འབར་བ་ཡིས། ། ཏྲ་ཏ་ཕཊ་ཧ་ལ་ཧཱུ~ཾ་གི་སྔགས་བརྗོད་པས།། དེ་དག་མྱུར་དུ་བརླག་པར་འགྱུར།། གང་ཡང་དམིགས་པའི་ཡུལ་དེ་ལ།། གྲོ་གའི་གཟུགས་དེ་འཛུབ་གང་ལ།། སྲིན་ལག་ཁྲག་གིས་མིང་བྲིས་ལ།། གྲུ་གསུམ་ཆག་གང་དབུས་སུ་གཞུག། ཧཱུ~ཾ་གིས་ཉུངས་ཀར་བྱིན་བརླབས་ལ།། སྟུན་ཁུང་མའི་སྔགས་ཀྱིས་གདབ།། ཧཱུ~ཾ་རཀྵ་ཁ་ལ་རུ་པི་ཏྲ་ཏ་ཕཊ།། ལུས་ཀྱང་འགས་ཤིང་བརླག་པར་འགྱུར།། ཧཱུ~ཾ་ཁུང་སྲིན་པོ་གདེངས་པ་རུ། ། དམིགས་པའི་ལིང་ག་སོར་བཞི་ལ།། དུར་ཁྲོད་སོལ་བས་བྱུགས་བྱས་ཏེ།། ཏྲོང་ནག་པོའི་སྔགས་བཟླས་ཤིང།། ཟི་ར་ནག་པོས་བྲབ་པར་བྱ།། ཨོཾ་པུ་པ་ལི་ཀ་ཙ་ཧུར་ཕཊ།། མགོ་པོ་འགས་ཤིང་བརླག་པར་འགྱུར། ། ཀྲོ་ང་ནག་པོའི་རྐྱལ་པ་རུ།། སྤུ་ཏྲ་རའི་གཟུགས་བཅུག་སྟེ།། སྲོང་ཙ་རའི་ཐིག་པས་གདགས།། མེ་དཔལ་དམར་པོས་བྲལ་པར་བྱ།། ཛ་ར་པུ་པི་ཙ་ར་ཏུར་ཕཊ།། ཁྲག་གི་རི་བོ་འཇོམས་པར་བྱེད།། པ་ཏ་རུ་ཙའི་རྐྱང་པ་རུ། ། ཏྲོ་ཏའི་ཀ་ཏའི་པགས་པ་ལ།། ཧ་ལ་ནག་པོའི་ལིང་གི་བྲིས།། མུ་ངག་འབར་བའི་ཟེར་གྱིས་བྲབ།། ཙ་ཏི་ཙ་ཏ་པ་ཏི་མུགས་སྭཱ་ཧཱ།། ཞེ་སྡང་སྡོང་པོ་འཇོམས་པར་བྱེད།། ཨེ་ཏ་པ་རི་ཧཱུ~ཾ་ཁུང་དུ། ། པུ་རི་པ་ཏྲའི་གཟུགས་བཅུག་ལ།། ཏྲི་ར་ཧའི་སྔགས་ཀྱིས་གདབ། རྨུགས་ཤ་རིལ་བམ།། འདོད་ཆགས་བྱང་རི་མར་པོ་གཞོམ།། ཁྲག་གི་རྒྱ་མཚོ་འབར་བ་རུ།། ནེ་ཏྲོ་ཏའི་སྣོད་ནང་དུ། པར་པ་ཏའི་གཟུགས་བཅུག་སྟེ། ཨ་རྫ་ཀ་ཡི་དོག་པས་བཅིང། གནོད་སྤྱིན་དམར་པོའི་སྔགས་ཀྱིས་གདབ། པ་པཾ་ཁ་འདར་བབ། ཁྲག་གི་དོག་པ་གཅད་པར་བྱ།། ལྷ་རྟེན་ནག་པོའི་བུམ་པ་རུ། ན་ར་གའི་གཟུགས་བཅུགས་ལ། པཉྩ་ཏ་ཡི་ཐག་པས་བཅིང། ། ཨ་ཀ་ཏ་ཡི་སྔགས་ཀྱིས་གདབ། ར་རྩ་ཀི་མ་དུ་ཀ་ཕཊ། དངུལ་གྱི་བུམ་པ་བཤིག་པའོ།། པུ་ཏ་ར་རྩི་བཾ་ཏ་པ་རུ་ཕཊ། བུམ་པ་བམ་རིམ་ཁ་སྦྱར་དུ། ཁ་སྲས་དམར་པོའི་ཁོག་པ་རུ། དུ་ར་པ་ཏའི་གཟུགས་བཅུག་ལ། བདུད་མོ་ནག་མོའི་སྔགས་ཀྱིས་བྲབ། ཁ་རག་སི་ཏ་ནག་མོ་ཐུན། རླུང་གི་རྐྱང་པ་བཅད་པའོ། རྟོག་པའི་ལྟ་བ་འདི་ལྟ་སྟེ། ཕྱི་ཡི་འབྱུང་བ་སྒྱུ་མ་སྟེ། འབྱུང་བ་ལྔ་པོ་ཐམས་ཅད་ཀུན།། སྣང་སྤྱོད་ཉིན་ན་རྣམ་པར་དག། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན།། རྒྱུ་བའི་འཁོར་ལོ་ལྟ་བུར་གནས།། ནང་གི་དྭངས་མའི་ཐིག་ལེ་ཡང།། གྲོག་ཚང་གཡེངས་པ་ལྟ་བུར་སྣང།། སྟེན་པའི་བག་ཆགས་ཉོན་མོངས་ལྔ།། སྲིན་བུ་མེ་ཁྱེར་ལྟ་བུར་སྣང། ། ཀུན་གཞི་མེ་ལོང་གཡའ་དག་འདྲ།། ཉོན་མོངས་ཡོད་ནི་སྲིན་བུ་སྟེ།། སྒོ་ལྔ་འོད་ཟེར་ཤར་བ་ཡིས།། དབང་པོའི་ཡུལ་ལ་བརྟེན་ཏེ་འཚར།། ཡུལ་ལྔ་འཇའ་ཚོན་ལྟ་བུ་སྟེ།། སྣང་བ་མ་འགགས་ཡུལ་ལ་གསལ། ། རིག་པ་ཕྱི་ནང་མེད་པར་གསལ། སྐྱེ་མེད་ལྷ་ཡི་སྣང་བ་ཡང། ཆུ་ཟླའི་དཀྱིལ་འཁོར་ལྟ་བུར་སྣང། སྣང་སྤྱོད་ཉིད་ན་རྣམ་པར་དག། རང་རིག་རྡོ་རྗེ་ལྟ་བུ་སྟེ། རྒྱུ་མེད་རྐྱེན་གྱིས་མ་སྐྱེས་པས། དང་པོ་སྐྱེ་བའི་རྒྱུ་མེད་པས། མཐའ་མས་འགག་པའི་རྐྱེན་དང་བྲལ། སྐྱེ་མེད་རྡོ་རྗེ་ངོ་བོས་སྟོང། སྟོང་ཉིད་མ་བཅོས་དབྱིངས་ཀྱི་ཚུལ། དབྱིངས་ཉིད་མ་འགག་ཡེ་ཤེས་ཏེ། ཡུལ་དང་བྲལ་བས་རང་རིག་སེམས། གསང་སྔགས་རླབས་ཆེན་འཁྲིག་པ་ཡང། སེམས་ཀྱི་དཀྱིལ་འཁོར་འོད་པོ་ཅེས།། འོད་ཆེན་སྣང་བ་ངོས་བཟུང་མེད། བརྗོད་པའི་ཐ་སྙད་ཀུན་དང་བྲལ།། བརྗོད་བྲལ་སྟོང་པའི་མཐའ་མི་གནས།། ནོར་བུ་རིན་ཆེན་འབར་པ་ལྟར། རྟོག་པ་མེད་པར་དགོས་དགུ་ཚང། ཚོགས་ན་ལྷུན་གྲུབ་དོན་པོ་ཅེ། མ་བསྒྲུབ་ཆེ་བའི་དོན་སོར་གནས། མཐའ་དབུས་བྲལ་བའི་དེ་བཞིན་ཉིད།། ཉམས་སུ་མྱོང་བའི་མཐའ་མི་གནས།། མི་གནས་ཡེ་ཤེས་ཆེན་པོ་ལ། ། ཇི་ལྟར་བསམ་པས་དགོས་དགུ་འཆར།། རྟོག་པའི་རྟན་ཚིགས་ཚད་མ་དག། རང་རིག་ཡེ་ཤེས་ཚད་མའི་མཆོག། རང་ཉམས་རིག་པ་གདེང་གིས་རྟོགས།། རྟོགས་པས་རང་གི་ངོ་བོས་སྟོང།། རང་རིག་སྟོང་པའི་འབྲས་བུས་ལེན། ། བུམ་པའི་ནང་གི་མར་མེ་བཞིན།། རྣམ་རྟོག་ཡེ་ཤེས་ངོ་བོར་ཤར།། ཤར་བ་ཉིད་ན་ནུབ་པ་མེད།། སྣང་བའི་དངོས་ཆོས་རྣམ་པ་ཀུན།། སྣང་སྤྱོད་ཉིད་ན་རྣམས་པར་དག། སེམས་ཀྱི་འདུ་འཕྲོ་མང་པོ་ཀུན།། རྒྱ་མཚོ་ཆེན་པོ་བརླབས་བཞིན་སྣ།། རྩེརྒྱལ་ཁ་ནས་ཀུན་གསལ་འདྲ།། རྩེ་མོ་མེད་པའི་མཐར་འཛིན་བྲལ།། མཐོང་རྒྱུ་མེད་པའི་རྟོག་པ་ཅན།། ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། ། ཉོན་མོངས་ལྔ་ཡི་ངོ་བོ་ཉིད།། རྟོགས་པ་བཟང་ངན་ཁྱད་པར་ལས།། ངན་རྟོག་ཅན་ནི་འཁོར་བར་སྣང།། བཟང་རྟོག་ངོ་ལ་ཡེ་ཤེས་ཏེ།། སེམས་ལ་གཉིས་ཀའི་ངོ་བོས་སྟོང།། དོན་གྱི་ཕྱི་ནི་ཀུན་རྟགས་སོ། ། རང་གི་མཚན་ཉིད་གཞན་དབང་ངོ།། སྒྲ་ཡི་སྦྱི་ནི་བློ་རྟོགས་ཏེ།། རང་གི་མཚན་ཉིད་རྗོད་བྱེད་ཡིན།། ཆོས་ཉིད་ནམ་མཁའ་ལྟ་བུ་ལ། ནམ་མཁའ་ལྟ་བུའི་ཚིག་གིས་མཚོན།། དེ་ཉིད་ཆོས་སྐུའི་པའི་མཆོག། སེམས་ཀྱི་རོལ་པ་སྣ་ཚོགས་ན།། གདུལ་བྱའི་ངོ་ལ་ཅིར་སྣང་ཡང།། སྣང་བའི་ཕྱིར་ནི་གཟུགས་མེད་དེ།། ཆོས་སྐུ་གཟུགས་སྐུའི་ངོ་བོ་ཡང། གཅིག་པ་མ་ཡིན་ཐ་དད་མིན། ཉི་མ་དང་ནི་འོད་ཟེར་བཞིན། མ་རྟོགས་ངོ་ལ་ཚིག་སྒོ་ནས། ཡོད་མེད་རྣམ་པ་སྣ་ཚོགས་བརྗོད། དོན་ལ་ཐ་སྙད་ངོ་བོས་སྟོང། དོན་ལ་བཞག་ཐབས་སྣ་ཚོགས་ཏེ། དགག་སྒྲུབ་མེད་པར་སོ་མར་བཞག། དེའི་སྙིང་པོ་འདི་དང་འཕྲད། མ་དང་མོའི་ཐ་སྙད་བྲལ། ལྷ་མོར་སྣང་བ་རྒྱུད་ཀྱི་དོན། རྩ་དང་ཐིག་ལེ་ལུང་དུ་གྲགས། རང་རིག་སྣང་བ་མན་ངག་སྟེ། དབང་པོ་རབ་འབྲིང་ཐ་མ་ལ། ཐ་སྙད་གསུམ་དུ་གྲགས་པའོ།། གསང་བ་གཏེར་གྱི་རྒྱུད་ལས། རྟོག་པའི་ཐབས་བསྟན་པའི་ལེའུ་སྟེ་གསུམ་པའོ། ། གཏེར་གྱི་དོན་ཉིད་གང་ལགས་པ།། ཀུན་ཏུ་བཟང་མོས་བཤད་དུ་གསོལ།། ཡུམ་མཆོག་ཉིད་ཀྱི་ཡང་གསུངས་པ།། གཏེར་དོན་རིག་པའི་ཡེ་ཤེས་ཏེ། བྱེ་བྲག་གསུམ་དུ་ངས་བཤད་ཀྱིས། ཉིན་ཅིག་འཕྲ་མན་ཡུམ་མཆོག་མ། དྲེགས་པ་གནད་ལ་དབབ་པ་ལ། རི་རབ་ཕུར་པས་གཟིར་བ་དང། མཚོན་གྱི་ཆར་དུ་དབབ་པའོ། དེ་ནས་བཅས་ཀྱི་རིམ་པ་ནི། ཁྲུ་བརྒྱད་པ་ཡི་དཀྱིལ་འཁོར་ལ། བ་སུ་ཏ་ཡི་ཐིག་གདབ་སྟེ། ཚོན་གྱི་རྒྱལ་པོ་ལྔ་ཡིས་བརླབ། དབུས་སུ་ཨེ་ཀཾ་མཐིང་ནག་ལ། ཕྱི་རིམ་པདྨ་བཅུ་གསུམ་ལྡན། དེའི་ཕྱེད་པའི་པདྨ་ལ། འདབ་མ་བཅོ་བརྒྱད་དག་ཏུ་བྱ། དེའི་ཕྱི་རིམ་པདྨ་ནི། དེའི་ཕྱིར་རིམ་པདྨ་ནི། ལྔ་བཅུ་རྩ་དྲུག་ཤེས་པར་བྱ། སྒོ་བཞི་དུས་བཞིའི་རྒྱལ་མོ་སྟེ། མུ་ཁྱུད་ཐོད་པ་བརྒྱད་པོ་ལ། རྩ་འདྲེན་བརྒྱད་པ་དེ་ནི་བཀོད། ཤིང་བུ་མཆོག་གི་ཕུར་པ་ནི། སོར་ནི་བཅོ་བརྒྱད་ལྡན་པར་བྱ།། དབུ་ལ་དཀར་མོ་བཅུ་གསུམ་བསམ། ། རྒྱ་མདུད་བར་མ་དག་ལ་ནི།། ནག་མོ་བཅོ་བརྒྱད་དེ་བཞིན་བསམ།། ཅུང་བཞོགས་བརྒྱད་པོ་དག་ལ་ནི།། སེར་མོ་ལྔ་བཅུ་དྲུག་བསམ་མོ།། ཟུར་གསུམ་དག་ལ་རྩ་ཁྲོ་བརྒྱད། ། བསམས་ནས་དབུས་ཀྱི་ཁྲོད་ལའོ།། རྩང་ཕུར་བཅུ་གསུམ་དག་ལ་ཡང།། དར་དཀར་བཅུ་གསུམ་དག་གིས་བརྒྱན།། རྩང་ཕུར་བཅོ་བརྒྱད་དག་ལ་ཡང།། དར་སྣ་རུ་མཚོན་དག་གིས་བརྒྱན། རྩང་ཕུར་ལྔ་བཅུ་དྲུག་ལ་ཡང།། དར་སེལ་རུ་མཚོན་དེ་བཞིན་ནོ།། སྤྲུལ་པའི་རྩ་ང་ཕུར་བརྒྱད་པོ་ལ།། དར་དམར་རུ་མཚོན་དེ་བཞིན་ནོ།། དེ་ནས་དབུས་སུ་ཕུར་པ་དགོད།། ཧཱུ~ཾ་ལས་མི་འགྱུར་ཐུགས་མཆོག་འབར་བའི་སྐུར་བསྟན་པ། ། མགོ་པོ་རྒྱ་མདུད་ཆོས་སྐུའི་གཞལ་ཡས་ཁང།། རྐེད་པ་རྒྱ་མདུད་ལོངས་སྐུའི་ཕོ་བྲང་ལ།། རྩེ་མོར་ཟུར་གསུམ་སྤྲུལ་སྐུ་དབང་དུ་འབྱུང།། རྐེད་པ་རྒྱ་མདུད་ཆུ་སྲིན་ཁ་ནས་བྱུང།། སྣང་སྲིད་མ་མོ་རྣམས་ཀྱི་ཕུང་པོ་བྲང་སྟེ། ། གྲུ་གསུམ་ཨེའི་གདན་ལ་བཞུགས་སུ་གསོལ།། དཀར་མོ་བཅུ་གསུམ་དབྱིངས་ཀྱི་ཆོ་འཕྲུལ་ཅན།། དམ་སྲིད་བསྒྲལ་ཕྱིར་པདྨའི་གདན་ལ་བཞུགས།། ནག་མོ་བཅོ་བརྒྱད་ཐུགས་ཀྱི་ཆོ་འཕྲུལ་ཅན། ། དམ་སྲིད་གནད་ལ་དབབ་ཕྱིར་བཞུགས་སུ་གསོལ།། ཡོན་ཏན་གཏེར་རྫོགས་ལོངས་སྦྱོད་གཏེར་གྱི་ལྷ།། དམ་སྲི་ཚེ་སྲོག་འབྲལ་ཕྱིར་བཞུགས་སུ་གསོལ།། གར་ཐབས་རྫུ་འཕྲུལ་ཐབས་ཀྱིས་བསྒྱུར་མཛད་མ། དམ་སྲིང་ཤ་ཁྲག་དཔྲལ་ཕྱིར་བཞུགས་སུ་གསོལ།། དེ་ནས་ཐུགས་ཀྱི་བསྙེན་པ་བྱ།། དེ་ནས་སྐད་ཅིག་དང་པོ་ལ།། མི་རྟོག་པ་ཡི་ངང་ཉིད་ལས།། འོག་གཞི་རླུང་ལ་རཀྟ་སྟེ།། ཀེང་རུས་རི་རབ་མི་དཔུང་དབར། ། དེ་སྟེང་སྦྲུམ་ལས་འཁོར་ལོ་ནི།། གསུམ་རིམ་དབུས་སུ་ཨེ་སུ་བཅས།། ཉི་མ་ཟླ་བའི་གདན་སྟེངས་སུ།། དྲེགས་པ་དམིགས་པའི་རྟེན་དུ་བཅས།། གདན་སྟེང་འབུམ་གྱི་ཁྱད་པར་ལས།། བཛྲ་ཀྲོ་ངྟ་ཤཱ་རི་བྷ་ག་པདྨ་བརྒྱ། ། མུ་ཁ་ལི་ཀྲོ་ངྷི་ཤཱ་རི་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ།། བདག་ཉིད་ཀུན་ཏུ་བཟང་མོའི་སྐུ།། མཐིང་ནག་ནམ་མཁའི་སྒོ་ཟུ་ཅན།། ཕྱག་དྲུག་ཕྱག་རྒྱ་ཆ་སྐྱེ་ཤིང་སྒྲོལ།། དེ་འདྲ་ཡུམ་གྱི་ཐུགས་མཆོག་ནས།། འཕྲ་མིན་རྒྱ་མཚོ་ཉིད་ཀྱི་སྐུ། ། གསེར་གྱི་ཉི་མའི་གདན་སྟེང་ནས།། འོད་ཟེར་སྣ་ལྔ་འཕྲོ་བའི་ཚུལ།། དེའི་ཐུགས་ཀ་ནས་འཕྲོས་པས།། ཡི་གེ་མུམ་ལས་འོད་འཕྲོས་པས།། མ་མོའི་ཚོགས་རྣམས་རྩང་ལ་བསྟིམ།། ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། ། གཏོར་མ་བདུད་རྩི་བྱིན་བརླབས་མཆོད། བདུད་རྩི་གཏེར་ལྡན་ཉོན་མོངས་བག་ཆགས་སྦྱངས། རྣམ་ལྔ་རྒྱན་གྱི་མཆོད་པ་འདི་འབུལ་ན།། ཡེ་ཤེས་མཆོད་པ་ཆེན་པོར་བཞེས་སུ་གསོལ། ། རཀྟ་དམར་སྨུག་བསྐལ་པའི་མི་ལྟར་འབར།། འདོད་ཆགས་ཚིམ་བྱེད་མཆོད་པར་བཞེས་སུ་གསོལ། ཀྱེ་པདྨ་རིགས་ཀྱི་སྟེང་དག་ཏུ།། ཆེ་ཆུང་ཞིང་གི་གདན་དུ་བཅས།། སྲིད་པ་ཤ་ཆེན་སྤུངས་པའི་བྷ་ལིང་ཏ། ། འཁོར་ཡུག་རྟོགས་པའི་མཆོད་པ་ཆེན་པོར་བཞེས། མ་བདུད་གསུར་དང་སྤོས་ཆེན་དྲི་ལ་སོགས། དབང་པོ་ཚིམ་བྱེད་མཆོད་པར་བཞེས་སུ་གསོལ།། གླིང་པུ་པི་ཝང་སྒྲ་སྙན་ཐོད་ལྔའི་སྒྲ།། ལྷའི་རོལ་མོ་གར་གྱི་མཆོད་པ་བཞེས། ། དེ་ནས་བསྙེན་པའི་འཕྲོ་འདུ་བྱ།། བྷ་ག་པདྨ་བརྒྱ་བདེ་ཀློང་དུ་འདུས།། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ།། འཁོར་ལོ་སྤྲོ་བཞི་ཐུགས་ལས་སྦྲུལ།། ཞག་གསུམ་བར་དུ་འཕྲོ་འདུ་བྱ། དེ་ནས་ལས་ལ་སྦྱར་བ་བྱེད། ། རྟེན་གྱི་ལིང་ག་བྱ་བ་ནི། རྩ་ཤིང་དག་ལ་གཟུགས་བྱས་ཏེ། སུ་ཏྲ་ཟླ་བ་ལོན་པ་ལ། ལྟས་ངན་སྣ་ཚོགས་སྤུ་ཡིས་བརྒྱད། ཧོཾ་ཁུང་འབར་བའི་དཀྱིལ་དུ་བཞུག་དེ་ནས་མངག་པའི་ཕོ་ཉ་ནི། ཧཱུ~ཾ་གསང་བའི་ཡུམ་ཅིག་མཁའ་ལ་འགྲོ། རྣམ་པར་རྟོག་བྲ་ཀུན་བཟང་མོ། སྐྱེ་མེད་མ་མོའི་དབྱིངས་ཕྱུག་མ། དབྱིངས་སྐུ་འཁྲུངས་པའི་གསང་པའི་ཡུམ། རྣམ་རྟོག་འཇོམ་མཛད་འཕྲིན་ལས་གཙོ། སྐྱོན་གྱིས་མ་བསྒྲིབས་འོད་གསལ་མ། གཏིང་དཔག་མེད་པའི་ཐུགས་མངའ་མ། སྣང་བ་མེད་པའི་སྐུ་མངའ་མ། བརྗོད་དང་བྲལ་བ་གསུང་མངའམ། སེམས་ཀྱི་དཀྱིལ་འཁོར་ནས་བསྐུལ་བྱས་བས། སྐད་ཅིག་གཅིག་ལ་ཀུན་ཏུ་ཁྱད། གསེར་གྱི་འོད་ཟེར་འཕྲོ་འདུ་ཡིས། གང་ལ་བྱ་བའི་སེམས་ལས་འདྲེན། མཁའ་ལ་རྒྱུ་ཞིང་དབྱིངས་ལས་ཤར། ཏིང་འཛིན་རྩལ་ལས་བསྐུར་བའི་ཚེ། ཟླ་ཟེར་ཞགས་པས་འཆིང་ཞིང་བསྣམས།། ན་ཟ་དཀར་མོ་སྒེག་མ་ལ། ། འཇའ་ཚོན་སྣ་ལྔའི་མཐའ་ཆག་ཅན།། ལག་ན་གསེར་གྱི་དྲིལ་ཞགས་འཕེན།། གང་ལ་བྱ་བ་སྙིང་ནས་འདྲེན།། རྟེན་ལ་བསྟིམ་ལས་གཟེར་མནན་བྱ།། དེ་ནས་ཕུར་པ་མངའ་གསོལ་ཏེ།། ཧཱུ~ཾ་རི་རབ་ཆེན་པོའི་ཕྱག་རྒྱ་ནི། ། རྡོ་རྗེ་སྐུ་གསུང་ཐུགས་དང་ལྡན།། སྲིད་པའི་མ་མོ་ཁྱོན་དུ་རྫོགས།། དེ་འདྲ་ཐབས་ཀྱི་ཕྱག་རྒྱ་གཟིར།། མུག་ཏེ་ཙཀྐྲ་བམ་གཅེས་གཟིར།། དེ་ནས་དཀར་མོའི་རྩིང་ཕུར་གདབ། ཁ་ཏི་བཾ་བྷྱོ། རུ་ཏི་ལ་བྷྱོ། པ་ཏི་ལ་བྷྱོ། ཧ་ར་མ་ཀ་བྷྱོ། ཀ་ར་པུ་ཏི་བྷྱོ། མ་ཀ་ལ་ཧེ་མ་བྷྱོ། དུ་རི་ཀ་ཏ་ར་བྷྱོ། ག་ཏི་པུ་ཏྲ་བྷྱོ། ཧོ་ཏི་སྟ་བ་ལ་བྷྱོ། ག་ཏི་ཏུ་ར་བྷྱོ། ཨུ་ཏ་རི་ཏི་བྷྱོ། མེ་ཁ་རུ་ཙ་བྷྱོ། ཀ་མ་མ་ལེ་བྷྱོ། ཡན་ལག་དང་པོ་མགོ་ལ་ཐིག་ལེ་རྟེན་བཅུ་ལ་གདབ་བོ། ། མ་མོ་ཐུགས་ཀྱི་ཕོ་ཉ་ནི།། ཁྱུང་གི་ཁྲ་ཆེན་ལྡིང་བ་ལས།། ལྕགས་ཀྱི་མ་མོ་ཁྱུང་མ་གོ་ཞོན།། མགོ་བོ་གསུམ་ལ་ལག་དྲུག་མ།། གཡས་པ་རྡོ་རྗེ་ཁ་གདེངས་ལས།། བར་མ་རྡོ་རྗེ་སྲིད་གསུམ་སྒྲོལ། ། གཡོན་པ་དྲིལ་ཞགས་བུད་མེད་འཆིང་བར་མ་འཁོར་ལོ་བསྐལ་བ་མེ། ཐ་མ་ལྕགས་ཀྱུ་འདུ་འཕྲོ་ཅན། བསྐུལ་ནི་ཐུགས་ཀྱི་དཀྱིལ་ནས་བསྐུལ།། ཟ་ནི་སྐྱེ་འགྲོ་ཡོངས་ལ་ཟག། ཉུལ་ནི་གླིང་བཞི་ཁྱབ་པར་ཉུལ། རྦད་ནི་དངོས་པོ་ཅིག་ལ་རྦད། ཉི་མ་འབུམ་གྱི་འོད་འཕྲོ་མ། སྙིང་གི་ཞགས་པས་སྐྱེ་འགྲོ་སྒྲོལ། སྟོང་གསུམ་འཇིག་རྟེན་འོད་ཀྱིས་འགེངས། དམ་ཉམས་བཀྲག་དང་གཟི་མདངས་ཕྲོགས། ཡེ་ཤེས་བཞིའི་སྣང་བ་ལས། བག་ཆགས་གནས་སུ་སྒྲོལ་མཛད་མ། ཡུད་ཙམ་ཁྲོས་པའི་དྲེགས་པ་འཇོམས། ཡུལ་ལས་ཤར་བའི་སྤྲུལ་པ་མོ།། དཔལ་ཆེན་ཡབ་ལ་རྩེ་ཞིང་བཞད།། ཐུགས་རྗེ་ཡུལ་ལས་ཤར་བ་མོ།། ཡུད་ཙམ་གནས་ནས་གཟི་མདངས་ཕྲོལ། ། རིག་པ་སེམས་ལས་སྤྲུལ་པ་མོ།། རྣམ་ཤེས་བརྒྱད་ཀྱི་བཅུད་ལེན་མ།། རྩ་ཆེན་བཞིའི་བཅུད་འབྲེལ་ཞིང།། སེམས་ཅན་ཀུན་གྱི་དབུགས་འཕྲོག་མ།། དུས་བཞི་སྲིད་པའི་གནས་ཉུལ་མ། ། དབང་པོ་སྒོ་བཞིའི་བཅུད་ལེན་མ།། ནམ་ཟླ་དུ་བཞིའི་ཆ་སྙོམས་མ།། སྲིད་གསུམ་འཁྲུག་པའི་དབང་མོ་ཆེ།། ཐུགས་དམ་གནད་ནས་བསྐུལ་བ་ཡིས།། གང་ལ་བྱ་བའི་གནད་ནས་དྲོང།། དེ་རྣམས་ཀུན་གྱི་ཕོ་ཉ་ནི། ། མགྱོགས་མ་སྔགས་ཀྱི་གཟེར་ཆེན་གདབ།། བཛྲ་ཀྲོ་ངྷི་ཤྭ་རི་བྷ་ག་པདྨ་རྒྱ་ཧཱུཾ་ཧཱུཾ་བྷྱོ།། བཛྲ་ཤནྟིང་པདྨ་རུ་རི་བྷྱོ། ཨོཾ་མུ་ཏྲི་ནི་བྷྱོ། ཨོཾ་ཤནྟྲི་ནི་བྷྱོ། ཨོཾ་ཤ་ནྟྲི་ནི་བྷྱོ། བག་དུ་ནྟྲི་ནི་བྷྱོ། ག་མུ་ནྟྲི་ནི་ནྟྲི་བྷྱོ། ཨོཾ་སུ་རྱ་བི་ཏི་ཨ་ཏོ་ཡི། པདྨ་བི་ཏི་ཨ་ཏོ་ཡེ།། ཁ་རག་བི་ཏ་ཨ་ཏོ་ཡི་སྲོང་འགྲོ་བ་ཏོ་ཨ་ཏོ་ཡེ། བཛྲ་ཀེཾ་ཀེཾ། བཛྲ་ཏ་ཀིཾ། བཛྲ་ནི་ལ། མུ་ཁ་ཏ་བྷྱོ། ས་རུ་དུ་ན་བྷྱོ། རི་དུང་མ་ན་བྷྱོ། དུར་ཏི་མ་ན་བྷྱོ། དམ་སྲི་སྙིང་གི་ཐིག་ལེ་བཅོ་བརྒྱད་ལ་གདབ་བོ། ། དེ་རྣམས་ཀུན་གྱི་ཕོ་ཉ་མོ།། སྲིད་པ་ཀུན་གྱི་རྩད་གཅོད་མ།། སྐྱེ་འགྲོ་ཡོངས་ཀྱི་བདུད་ལེན་མ།། སྲིད་པ་གསུམ་གྱི་སྐྱེད་བྱེད་མ།། ཁམས་གསུམ་ཀུན་གྱི་དྲོད་འཕྲོག་མ།། སྲིད་པ་སྲོག་རྩ་གཅོད་བྱེད་མ། དབང་པོ་ཀུན་གྱི་གནས་ཉུལ་མ། སྲིད་པ་གསུམ་གྱི་འཁོར་འཇོམས་མ། རྒྱུ་བའི་རྩ་ལ་ཉུལ་བྱེད་མ། དཔགས་བསམ་ཤིང་ལ་སྤྱོད་བྱེད་མ། གཟུགས་དཔུང་གནད་ནས་གཤིག་རེ་རན། ཟ་འགྲམ་མུ་རཾ་བྷྱོ། སྙིང་ཁ་རག་བྷྱོ། ཏྲག་རཀྵ་ཁ་མུན་མ་བྷྱོ། ཏྲག་རཀྵ་མུ་ཏྲ་བན་བྷྱོ། ཁ་མུན་མ་ཏྲ་ཏྲག་རཀྵ་བྷྱོ། པྲ་བན་ཀ་ར་ཏི་བྷྱོ། པྲ་ཀྲི་ཝང་གུ་བྷྱོ། ཧཱུ~ཾ་ཀ་རི་ཀ། བ་རོད་ད་རོ། ནི་ལ་ཆུ་ནིར་རྟ། ཁ་དོག་ཀ་པ་ལ་ཙ་བ་ལ་པདྨ་རཀྟོ། དི་པཾ་དངས་སཾ། ཨེ་ཨ་ར་ལི་བྷྱོ། གུ་བི་རུ་ལུ་དྲག་ཤ་མ་བྷྱོ། མ་ཏིག་བྷྱོ། བི་ཏིང་བྷྱོ། པུ་ཥྟི་བྷྱོ། མུ་ཏིང་བྷྱོ། བཛྲ་ཤིནྟི་བྷྱོ། དུན་ཏིང་བྷྱོ། ཧར་ཏཾ་བྷྱོ། གྲུབ་ཏི་བྷྱོ། ཏེ་པང་བྷྱོ། ཨ་པར་ངྷ་ལ་བྷྱོ། ད་ལ་དུན་བྷྱོ། འདི་ན་མ་མ་ཨས་བྷྱོ། ཉི་ཤུ་རྩ་བརྒྱད་སྔགས་ནི། གོང་མའི་སྔགས་ཀྱིས་གདོབ་པར་བྱ། ལྟེ་བའི་ཐིག་ལེ་ལྔ་བཅུ་དྲུག། དྲག་མོ་སྔགས་ཀྱིས་གདབ་པར་བྱ། གཟུགས་དཔུང་སྟུབ་སྟེ་བརྒྱུད་བྱས་ནས། ཧོཾ་ལྔ་འབྲེལ་བའི་སྦྱིན་སྲེགས་བྱ། ། ཐལ་བ་རྒྱ་མཚོ་དབང་ལ་བསྐུར། དེའི་བཀའ་སྟེ་ཕོ་ཉ་ནི། ལྷ་མོའི་ལུས་ལ་སྟེ་ཟ་མ། སེང་གེ་མགོ་ཅན་རྩ་ཐོགས་མ། ལྷཽ་མོའི་ལུས་ལ་ཁྲག་འཕྲོག་མ། སྟག་གི་མགོ་ཅན་རྩ་ཐོགས་མ། ལྷ་མོའི་ལུས་ལ་ཤ་ཟ་མ། ཝའི་མགོ་ཅན་རྩ་ཐོགས་མ། ལྷ་མོའི་ལུས་ལ་དབུགས་འཕྲོག་མ། སྤྱང་ཀིའི་མགོ་ཅན་རྩ་ཐོགས་མ། བྱང་ཤར་སྟག་སྨན་ཟོར་བ་གདོང། ནུབ་བྱང་བ་གླང་དྲེད་མོ་གདོང། ལྷོ་ནུབ་འབྲོག་སྲིན་ཆུ་སྲིན་གདོང། ཤར་ལྷོ་བ་གླང་དྲེད་མོ་གདོང། ཤན་པ་ཤོས་ལ་ཇག་པ་སྤྲུལ། བླ་ལེན་མ་ཡིས་བླ་མོ་ཞིག་རྩ་འགྲོ་མ་ཡིས་རྩ་ཁྲོས་ཤིག་དུ་ར་ཁ་ཏ་ཕཊ། ཏྲོ་ཏ་མུ་ཁ་ཕཊ། ཕི་མུར་ཝ་ཏུར་ཕཊ། ཏི་རི་ར་ཏ་ཕཊ། ཀུ་ཀུ་ར་ཏ་ཕཊ། ཀི་མ་མུ་ཀ་ཕཊ། ཏི་ཏི་ཁ་བདར་ཕཊ། ཀོ་ཡི་ཀ་ཁཊ། ཤན་པ་བརྒྱད་ཀྱི་དྲག་སྔགས་ཀྱིས། ལོངས་སྤྱོད་འཁོར་ལོའི་ཐིག་ལེ་སྤྱད། སངས་རྒྱས་བསྟན་པ་བསྲུང་པའི་ཐབས། འབྲུ་སྣ་གསུམ་དང་ས་ཁམ་ས་བསྲེས་ལ། བུ་ཆུང་ཟླ་བ་ལོན་པ་ཙམ་ཅིག་ལ།། ལག་ལ་གཡས་སུ་མདའ་བྱ་རྒོད་མ་ཅིག་བསྐུར། གཡོན་དུ་ལྕགས་ཕུར་བསྐུར། བརླ་གཡས་པ་ལ་སེང་ལྡེང་ཕུར་པ་གཟུགས། བརླ་གཡོན་པ་ལ་སྐྱེར་ཕུར་གཟུགས། ལུས་པོ་མི་ལ་མགོ་བོ་བྱ་རུ་བྱ། ལྟས་ངན་སྣ་ཚོགས་སྤུ་ཡིས་བརྒྱན། འབྲུབ་ཁུང་ནང་དུ་ཤོག་ཤིག་ལ་རྟའི་གཟུགས་བྱས་ལ། སྐུད་པ་དཀར་ནག་གིས་བཏགས་ལ། གོང་མའི་གཟུགས་ཀྱི་ལག་ཏུ་གཏད་ལ། གསེར་སྐྱེ་མས་ཕྱོགས་བཞིར་བཏང་ཞིང་སྐུལ་ལོ།། བདག་དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་ཞུགས་ལ།། གདོག་མོ་བཞི་བསྐུལ་ལ་བཏབ་པོ།། དེ་ནས་གདོང་མོའི་སྙིང་པོ་དྲངས་ཏེ།། ཀྱང་ཀྱེང་ཀྱང་ཀྱང་ཀྲེང་ཀྲིང་ཀྲིང་གྲང་སྟེ་གྲངས་ཏེ། ། མ་རུ་ལུ་རུ་ལུ་བྷྱོ། ཙབ་ཙབ་བྷྱོ་ཙབ་ཙབ་བྷྱོ། མ་རུ་ལུ་རུ་ལུ་བྷྱོ་བྷྱོ་བྷྱོ། རྟ་གཟུགས་ལ་དབབ་པོ།། དེ་ནས་རྟའི་སྙིང་ཀར་ལྕགས་ཕུར་བརྡེག་སྟེ། སྔགས་འདིས་བྱའོ།། ཉུངས་ཀར་ལ་བཟླས་ཤིང་བྲབས་སོ། ། མ་ཛ་རུག་སྙིང་ཐུན་ཁྲག་ཛ་ཛ། སྤུལ་མི་ཞི་གན་དེ། གློག་རྩེ་ཕཊ་ཛ་ཛ་བ་བ་སེ་སེ་གུཾ་གུཾ། རུ་ཏེ་རུ་ཏེ་ཁ་ལ་རཀྵ། སྙི་ལ་རཀྵ་སྙིང་ལ་ད་རྒྱོབ་ཡ། ད་སྤུ་ཇོ་བོ་སེ་བརྩན་གྱི་རྒྱལ་པོ། འཚེར་ཞིང་གནས་སུ་འཚེར་ན། ཇོ་བོ་བརྒྱན་གྱི་སེ་བརྩན་པོ་བཞེས་ཤིག། སྙིང་ཁྲག་གིས་ཁོང་པ་ལ་བམ་ལོང་ལ་རྟགས་ཕྱུང་ཞིག། ཇོ་བོའི་ཆིབས་སུ་དབུལ་པོ་བཞེས་ཤིག། མིང་སྲིང་གི་ལས་བཅོལ་གྱིས་རྟ་ལྕགས་ཀྱི་དུད་པས་ནུབ་ནས་ཤར་དུ་བོད་དོ། རྟའི་ངོ་ལ་རྟའི་ཕུད་བཞེས་ཤིག། ནེ་ལེ་ཁུགས་ཤིག། བདུད་ལ་བསྔོ་ཡོ། མ་བདུད་ཀྱི་རྒྱལ་མོ་རྔཽག་ཆགས་ཀྱི་བདག་མོ་སྙིང་ནས་འདྲེན་པའི་བགེགས་སུ་གཤེགས་ཤིག། ཆིབས་ཀྱི་ཕུད་ཅིག་ལས་གསོལ་ཞིང་བཞེས་ཤིག། དེ་ནས་སྲཽག་གི་གདན་ལ་དབབ་སྟེ། ཏྲི་ཐ་མུགས་སྙིང་རྩ་ཁྲག། སྲོག་ཆོད་དབུགས་ལོང། ཕཊ་ཛ་ཛ་གུ་རུ་ག་རུ། སོད་ལྕོས། ཕཊ་ཛ་ཛ། རྟ་ཤ་ཀྱི་ཚ། རྟི་རྟི་སྙིང་ཁ་གང། རྟ་སྙིང་མགོ་ཆོད་ཕྲུ་པ་ནག་པོའི་ནང་དུ། གོང་གི་ལྟས་ངན་གྱི་གཟུགས་དང། རྟའི་གཟུགས་ལ་སེང་ལྡེང་མེ་ལ་བསྲེགས་ལ། གོང་གི་གསང་སྔགས་ལས་ཤིང་ཉུངས་ཀར་གྱིས་བྲབ་བོ། ཐལ་བ་དགྲའི་རླུང་ཕྱོགས་སུ་འཕང་ངོ། གསང་བ་གཏེར་གྱི་རྒྱུད་ལས། དྲེགས་པ་ཅན་བསྒྲལ་བའི་ལེའུ་སྟེ་བཞི་པའོ།།།། འཕྲ་མེན་རྒྱ་མཚོས་ཡང་གསོལ་པ། ཐིག་ལེ་མྱ་ངན་ཟླ་དོན་དུ། ཡང་དག་ཉིད་དུ་བཤད་དུ་གསོལ། ཡུམ་ཆེན་ཉིད་ཀྱིས་དོན་གསུང་པ། ཐིག་ལེ་མྱ་ངན་ཟླ་བའི་ཐབས། རླུང་ཆེན་བསྐྱོད་པས་གཟིང་ཆེན་གཡོ། གཟིང་ཆེན་བསྐྱོད་པས་གཏེར་ཆེན་རྙེད། དང་པོ་འཕྱོ་བའི་རླུང་གིས་ལས་ཀྱི་རླུང་བསྐུལ་བས། ཁྱབ་བྱེད་ཆེན་པོ་གནད་ཀྱི་ཐིག་ལེ་འོད་དུ་འབར་བས། དེས་རྒྱལ་བ་ཆེན་པོའི་ས་བོན་པས། ས་བཅུ་གསུམ་པའོ།། སྤྱི་དོན་འབྱེད་པ་རླུང་ལས་འཕོ་པས། འབྱེད་པའི་ཐིག་ལེ་འོད་དུ་འབར་བས། མངོན་སྤྱོད་ཆེན་པོའི་ས་བོན་ཏེ། ས་བཅུ་བཞི་པའོ། ། རུས་སྦལ་གྱི་རླུང་ལ་ཕོག་པས། ཐིག་ལེ་འོད་དུ་འབར་བས། དབང་ཆེན་པོའི་ས་བོན་ཏེ། ས་བཅོ་ལྔ་པའོ། དེ་མི་འགྱུར་བ་ཆོས་ཉིད་ཀྱི་རླུང་ཕོག་པས་དེའི་ཐིག་ལེ་འོད་དུ་འབར། ཞི་བ་ཆེན་པོའི་ས་བོན་ཏེ་བཅུ་དྲུག་པའོ། ། འོད་དེའི་རྒྱུན་ཆད་པ་ནམ་མཁའ་ལ་ཐོན་ཏེ། པདྨ་སྡོང་པོ་བཞི་བརྩེགས་པ། ཐ་མ་ལ་འདབ་མ་ལྔ་བཅུ་དྲུག་པ་སེར་མོའི་ཚོགས། གོང་མན་བཅོ་བརྒྱད་ལ་ནག་མོའི་ཚོགས། འོག་ན་འདབ་མ་བརྒྱད་ལ་འདྲེན་མའི་ཚོགས། དང་པོ་ན་བཅུ་གསུམ་ལ་དཀར་མོའི་ཚོགས། པདྨའི་ཚོགས་ཉི་ཟླ་ཁ་སྦྱོར་གྱི་ནང་ན་གསེར་གྱི་ཐིག་ལེ་ལ། གསེར་གྱི་སེང་གེ་བརྒྱད་འཇུས་པའི་ལི་ས་བཅས་པའི་ཁྲི་ལ། ཡུམ་ཀུན་ཏུ་བཟང་མོ་རྩ་ན་དཀྱིལ་དུ་བཞུགས་ནས། འགྲོ་བ་ཡོངས་ལ་ལོངས་སྤྱོད་མངོན་དུ་མཛད་དོ།། ཡུམ་ཆེན་མོ་འཕྲ་མེན་རྒྱ་མཚོ་ལ། སྲིད་པ་བདེ་ལ་བཀོད་པའི་གཏེར་འཆང་ལ། འགྲོ་བ་མ་སྟོངས་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་གཏད་པའོ། ། དེ་ནས་འཕྲ་མེན་རྒྱ་མཚོས།། ཁྱེའུ་མ་དྲི་ཆུ་བུ་པས་ན། གནམ་ས་གཉིས་ཀྱི་བར་ན་གནས་པའི་རིག་པ་ཅན། སྲིད་པ་བུད་མེད་རིགས་རྣམས་སོ་སོར་འབྱེད། འདི་དོན་འགྲོ་བ་ཡལ་བར་མ་གཏང་ཞིག་ཅེས་པའོ། ། གསང་བ་གཏེར་གྱི་རྒྱུད་ལས། ཐིག་ལེ་མྱ་ངན་ལས་ཟླ་ཞིང་རྒྱུད་གཏད་པའི་ལེའུ་སྟེ་ལྔ་པའོ།། རྫོགས་སོ།།།། བོད་སྐད་དུ། མ་མོའི་ཟླ་གསང་ཞེས་བྱ་བ། དཔལ་བདེ་བ་ལྷའི་མཆོག་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་དེ་བའི་མཆོག་ལ། འཁོར་མང་པོའི་ཚོགས་མང་པོས་བསྐོར་བ་ནི། འདི་ལྟ་སྟེ། བདུད་མོའི་ཚོགས། ཨེ་ཀ་ཙ་ཏི་དང། གནམ་གྱི་ཡེ་འདར་དང། སའི་ཕུང་བྱེད་མ་དང། བར་གྱི་གློག་མ་སྤྲིན་དང། ནག་མོ་དུང་ཁྲིག་མ་དང། ནག་མོ་རེ་མ་ཏི་དང། ཀུན་དུག་མ་དང། བདུད་མོ་ནག་མོ་བཀྲག་མེད་དང། བདུད་མོའི་ཚོགས་བསམ་གྱིས་མི་ལང་བས་བསྐོར་བ་དང། སྲིད་པའི་རྒྱལ་མོ་ལ་སོགས་ཏེ། ཐེག་ཆེན་ས་གཞིའི་དབང་མོ་ཆེ་དང། རི་རབ་གླིང་བཞིའི་དབང་མོ་ཆེ་དང། རྒྱ་མཚོ་གཏིང་གི་དབང་མོ་ཆེ་དང། ཁྲམ་ཁ་སྟོང་གི་དབང་མོ་ཆེའི་འཁོར་ན་གནས་པ་ནི། འདི་ལྟ་སྟེ། འགུགས་ཤིང་འདྲེན་པའི་ལས་བྱེད་པས། ཕོ་ཉ་ཉིས་བརྒྱ་ལྔ་བཅུ་གཉིས། མངག་ཅིང་རོལ་པའི་ལས་བྱེད་པས། སྒྱུལ་ལེ་ཉིས་བརྒྱ་ལྔ་བཅུ་གཉིས།། གསོད་ཅིང་འཚོ་བའི་ལས་བྱེད་པས། ། བདུད་པོ་ཉིས་བརྒྱ་ལྔ་བཅུ་གཉིས།། མངག་ཅིང་བཅིང་འགུག་ལས་བྱེད་པས།། སྨན་ཕྲན་ཉིས་བརྒྱ་ལྔ་བཅུ་གཉིས། སྦྲུལ་པའི་མ་མོའི་གཙོ་མེད་ནི། མགོ་དགུ་རལ་གཅིག་མ། རོ་བཤལ་མ་དང། དྲ་མེན་ཏྲ་དང། མགོ་འཆང་མ་དང། མོན་མོ་དང། བསེ་མོ་བཞི་དང། དུར་ཁྲོད་ཀྱི་མ་མོ་ཤི་རི་རྩ་མུན་ཏི་དང། རོ་ཁ་མ་གསུམ་དང། མ་མོ་དམར་ནག་གི་ཚོགས་ཉིན་མཚན་དུ་རྒྱུ་བ་དང། ལས་བྱེད་མ་མོ་གདུག་བྱེད་གནམ་ཤག་ཟོར་བ་གདོང་དང། དྲེད་སྨན་ཟོར་བ་གདོང་དང། འདྲེ་སྲིན་ཟོར་བ་གདོང་དང། དུང་སྨན་ཟོར་བ་གདོང་དང། སྟག་སྨན་ཟོར་བ་གདོང་དང། ལ་སོགས་པ་དགའ་མོ་གཉན་གྱི་ཟོར་བ་འཕེན་མ་དང། ཨ་རྒ་གཉན་གྱི་སྨན་ཅིག་མ་དང། རཀྟ་གཉན་གྱི་རྩ་མུནྟྲི་དང། རྗེའུ་སྟོང་ཆེན་མོ་མགོ་གཅོད་མ་དང། ལས་ལ་འཇུག་པའི་མ་མོ་དུས་དྲུག་ཏུ་རྒྱུ་བ་དང་འཁོར་བྱེ་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད། སྤྲིན་དང། ཁུ་རླངས་དང། ན་བུན་བཞིན་ཐིབས་ཏེ་གནས་སོ། གནས་ཡང་མ་མོ་དམར་ནག་གི་ཚོགས་དང། ཡེ་ཤེས་ལས་གྲུབ་པའི་མ་མོ་ཇི་སྙེད་ཅིག་ཡོད་པ་དང། ལས་ལས་གྲུབ་པའི་མ་མོ་དང། དེའི་བཀའ་ཉན་དང། མངག་ཞུག་དང། གཟུགས་མི་སྡུག་ཅིང་སྐྱི་གཡའི་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཁ་ཅིག་ནི་ཡི་དྭགས་ཀྱི་འཁོར་ན་གནས། ཁ་ཅིག་ནི་སྡིག་པ་ཁ་སོགས་པས་སྲོག་གཅོད་པ་ལ་དགའ། ཁ་ཅིག་ནི་དེ་བཞིན་གཤེགས་པའི་ཞལ་མངོན་སུམ་དུ་མཐོང་བས་བསྟན་པ་བསྲུང་བ་ལ་དགའ། ཁ་ཅིག་ནི་ཤ་ཁྲག་མང་པོ་ལ་དགའ། ཁ་ཅིག་ནི་དམ་ཚིག་ཅན་གྱི་གྲོགས་བྱེད་ཅིང་རྣམ་པར་དཀར་བའི་ཆོས་ལ་དགའ་སྟེ། དེ་དག་ཐམས་ཅད་ཀྱང་དམ་ཚིག་ཅན་གྱི་གྲོགས་སུ་འགྱུར་རོ།། གླེང་གཞིའི་སྐབས་སོ།། དེ་ནས་དཔའ་བདེ་བའི་མཆོག་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མཧོ་དཔའ་བོ་བདེ་བའི་མཆོག། བདག་ཅག་མ་མོ་འདུས་པའི་འཁོར་ཚོགས་རྣམས། ། ཇི་ལྟར་འདུལ་བའི་ལས་བགྱིད་པ།། བདག་ཅག་རིགས་བཞི་འདུས་པའི་མ་མོ་ལ།། ཁྱོད་ཀྱིས་བསྒོ་བ་ཇི་ལྟར་ལགས།། དཔའ་པོ་ཆེན་པོས་བཀའ་སྩོལ་ཅིག། ཅེས་གསོལ་ཏོ། མ་མོའི་རིགས་བཞིའི་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་ཏེ་འཁོད་དོ། ། དེ་ནས་ཡང་དཔལ་བདེ་བ་ལྷའི་མཆོག་གིས།། མ་མོ་རིགས་བཞིའི་ཚོགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་འདུས་པའི་མ་མོའི་ཚོགས། ཁྱེད་ཀྱི་འདུས་པ་མ་མོ་ཡི།། དཀྱིལ་འཁོར་ཆེན་པོ་ང་ཡིས་བཤད།། མནྚལ་ཆ་སྙོམ་ཡིད་འོང་ལ།། དུར་ཁྲོད་ཆག་ཆག་གདབ་པར་བྱ།། དེ་ནས་ཐིག་གདབ་རི་མོ་བྲི།། གྲུ་གསུམ་ཟླ་ཁམ་ཕྲིན་ལས་ཚུལ། ། ཐོད་པ་འཕྲེང་བས་བསྐོར་བ་བྱ།། གྲུ་ཆད་སྒོ་རྣམས་བྲི་བར་བྱ།། དེ་ནས་མ་མོའི་སྤྱིར་རྫས་བསོག། ལྕང་ལོ་བཞི་ལ་མཚན་གསོལ་ཏེ།། དངོས་གྲུབ་ཆེན་པོ་གསོལ་བར་བསྐུལ།། དེ་ནས་མ་མོ་རིག་བཞི་ཡི། སོ་སོ་སྲོག་གི་སྙིང་པོ་དྲིལ་བ་འདི་གསུངས་སོ། དབྱིངས་ཀྱི་མ་མོ་གཅིག་ཏུ་དྲིལ་བ། མ་མ་དྲག་རག་ཤ་ཀྲོ་ངྷི་ཤཱ་རི་མ་ཧཱ་པདྨ་བྷ་ག་བདེ་ཀློང་འདུས་འདུས་པས་མ་ཡཱ་རུ་ལུས་རུ་ལུ་ཧཱུ~ཾ་བྷྱོ། བདུད་མོ་ཐམས་ཅད་ཀྱི་གཅིག་ཏུ་དྲིལ་བ། ཏྲག་རཀྵ་མ་མ་རུ་ལུ་རུ་ལུ་ཁ་ལ་མ་ཏི་གཞན་རག་མོ་རུ་ལུ་རུ་ལུ་མ་ར་ཡ་མ་ཧཱུ~ཾ་བྷྱོ། སྦྲུལ་པའི་མ་མོ་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བ་དྲི་མ་དུ་ཤད་ཤད་རག་མོ་ནི་ཙུ་རུ་རག་ཤ་མ་རུ་ལུ་རུ་ལུ་མ་མ་བྷྱོ་བྷྱོ། ལས་བྱེད་མ་མོ་ཐམས་ཅད་ཀྱི་གཅིག་ཏུ་དྲིལ་བ། རག་མོ་རུ་རུ། ཙ་མོ་ནི་ཙུ་རུ་ཤ་བཾམ། ཁྲག་རག་མི་ནི། རག་ཤ་མུ་རུ། རུ་ལུ་རུ་ལུ་མ་མ་བྷྱོ་བྷྱོ། དེ་ནས་རྦད་པ་འདི་གསུངས་སོ། མ་མ་ཀྲོ་ཏི་ཤཱ་རི་ས་མ་ཡ་བྷ་ག་བདེ་ཀློང། ཧོ་བ་ག་བན་རུ་ལུ་རུ་ལུ་བྷྱོ། ཏྲག་རགྴ་མ་མ་ཙ་ཏ་ཁྲག་ལ་ས་མ་ཡ་རུ་ལུ་རུ་ལུ་ཁ་ལ་མ་ཏོ་བྷྱོ། དྲི་ནི་ཙི་ཏྟ་ཁ་ལ་མ་དུ་ཤ་ཤ། མ་མ་དུ་མ་བ་ལེ་ཧྲིང་ཧྲིང་མ་དུ་ང་དུ་ང་རུ་ལུ་རག་མོ་ཁ་ལ་བྷྱོ། རག་མོ་ནི་རག་མོ་ནི་ཙུ་རུ་རག་ཤ་སྲེ་ཡང་ཁྲེང་ཁྲེང། གྲང་ཧེད་གྲང་ཧེད། མ་མ་རུ་ལུ་རུ་ལུ་བྷྱོ། དེ་ནས་བསད་པ་གཅིག་ཏུ་དྲིལ་བ་འདི་གསུངས་སོ། མ་མ་བལ་ཕྱུར་ཐལ་ཙི་ཏྟ་ཕྱུར་རོ་ལ་ཤ། མ་མ་ཁྲག་བརླངས་རྨུགས། རུ་ཏྲ་རྦད། མ་མ་ཙིཏྟ་རྦད། མ་མ་སྲོག་ཐུམས་རག་མོ་ཙིཏྟ་ཁྲག་ལ་ས་མ་ཡ་ཛ་ཛ།། ཏྲག་རཀྴ་ཐུམ་རི་ལོ་བྷྱོ།། ཏྲག་རག་མོ་ཅིཏྟ་ཁ་རག་རྦད།། ཆུམ་ཆུམ་རི་ལི་ལི་བྷྱོ། མ་མོ་ར་ཙ་མ་ཐུན་བྷྱོ། ཏྲི་མ་ར་ཡ་ཚོད་ཚོད། དགྲ་བོ་ཅི་ཏྟ་མ་ར་ན་ཛ། མ་མོ་རག་མོ་ཅི་ཏྟ་ཁ་རྦད་ན་ལི་རག་རྦད་ན་ལི། ཁ་འབུར་ཁ་འབུར་མ་ཧཱ་ས་ར་བྷྱོ། རྒྱུ་ལུ་རྒྱུ་མ་ར་ཡ་ཚོད།། རག་མོ་གུལ་ལན་རག་མོ་ཅིཏྟ་ལ་ཤད་ཤད་མ་མ་རུ་ལུ་རུ་ལུ་རག་མོ་ཙིཏྟ་ཧེ་ཀེཾ་མ་མ་རུ་ལུ་རུ་ལུ་བྷྱོ། ཞེས་སོ་སོར་བསྒྲུབ་ན་ཐུགས་དམ་ལ་གནས་པར་འགྱུར་རོ། རྣལ་འབྱོར་དམ་ཚིག་ཉམས་འགྱུར་ན། སོ་སོའི་མཐུན་རྫས་བསོག་པར་བྱ་རིགས་བཞིའི་གཙོ་མོ་བཞི་ལ་བསྟོད། དེ་ཡིས་བཟློག་པ་ཆེན་པོར་འགྱུར། ཞེས་གསུངས་སོ།། མ་མོ་རིགས་བཞིའི་སྐབས་སོ།། དེ་ནས་མ་མོ་གདུག་པ་ཅན་རྣམས་ཉིན་མཚན་དུ་རྒྱུ་བ་འདི་གསུངས་སོ། སྲོད་ལ་མ་མོ་ནག་མོ་རྒྱུ། ཐེའུ་ཚེ་ལྷའི་ཉུལ་ལེ་འོང། རྣལ་འབྱོར་ཏིང་འཛིན་དྲོད་ཉུལ་བས། རྫོགས་པའི་ཚུལ་དུ་ལྷ་མཆོག་བསྐྱེད། ནམ་གུང་མ་མོ་སྨུག་མོ་རྒྱུ། གནོད་སྤྱིན་ལག་རྐྱང་ཉུལ་ལེ་འོང། སྣ་ཚོགས་མཆོད་པ་ཅི་སྦྱོར་བཤམ། མེ་དམར་འདངས་ཀྱི་ཕུད་ལ་ཉུལ། ཁྱབ་པ་ལག་རིང་བར་ཆོད་བྱེད། དྲག་སྔགས་འདི་ཡིས་བར་ཆོད་བསལ། ཨོཾ་ཏོ་མ་རི་རག་ཤ་ཁ་རུ་ན་ཧཱུ~ཾ་ཧཱུ~ཾ། ཨ་ཀྲོ་ར་ཙ་དུར་ནས་དུ། སྙིང་ལ་སིལ་སིལ། ཙིཏྟི་ནི་ཤ་ཤ་ལ་རྦད་རྦད། ཡ་ཡ་རྣལ་མ་ཙཏྟི་ཁ་ལ་ཡ་ཧཱུ~ཾ། ཉི་མ་ཟེར་ཁར་མ་མོ་དམར་མོ་རྒྱུ། ཡ་མ་ར་ཙའི་སྤྲུལ་པ་ཡིན། དགྲ་བོའི་བླ་ཚེ་ཁྱེར་ནས་འོང། མ་རུ་རྩེ་ལ་དྲག་ཏུ་བསྐུལ། ཉིན་ཕྱེད་མ་མོ་དཀར་མོ་རྒྱུད། ཀུན་ཏུ་རྒྱལ་བའི་སྦྲུལ་པ་ཡིན། བདག་གི་ཚེ་སྲོག་པར་ཆོད་བྱེད། ཀུན་ཏུ་རྒྱལ་བའི་འཁོར་ལོ་བསྐོར། དགོངས་མོ་ཉི་མའི་ཟེར་ཀ་ལ། སྤྲུལ་པའི་མ་མོ་རོ་བཤལ་རྒྱུ། དགྲ་བོའི་ཚེ་སྲོག་གཅོད་པར་བྱེད། དགྲ་བོའི་ལིང་ག་ར་སོག་མ། ཁྲག་གིས་བྲིས་ཏེ་ཕུར་བུས་གདབ། ཀུན་ཏུ་རྒྱལ་བགསང་བའི་ལས། བསྟོད་མཆོད་དྲག་ཏུ་བསྐུལ་བར་བྱ། ཕ་ཉ་མ་གཞུག་དྲག་ཏུ་བསྐུལ། མ་མོ་སྲིད་པའི་འཁོར་ལོ་བསྐྱོན། གནད་ལ་གདབ་པ་རུ་ཉལ་བ་ཡིན། མ་མོ་རྣམས་ནི་ལས་ལས་གྲུབ། ཉེ་ཞིང་རིང་དུ་སྤོང་པ་ཡིན། དེ་ཕྱིར་རུ་ཉལ་ཤི་ས་བསྟན། རུ་ཉལ་ནོར་པ་མེད་པ་དེས། རྩ་བའི་སྲོག་སྙིང་ཟིན་པ་ཡིན། རུ་ལངས་མ་ནོར་སྦྱོར་བའི་སྔགས། དཔེར་ན་མི་ཁ་སྨྱོས་པའི་རྣམ་ཤེས་ཀྱང། ཡི་དྭགས་གྲོང་ཁྱེར་གཟུགས་དབང་འགྱུར། གཞན་དོན་སྤྱོད་པའི་རང་དབང་མེད། རུ་ཉལ་རུ་ལངས་མ་ནོར་རྩ་བའི་སྙིང་པོ་དེས། ཡི་དྭགས་གྲོང་ཁྱེར་གཟུགས་གནས་ཀྱང། རྣམ་ཤེས་བདག་གི་དབང་དུ་འགྱུར། དེ་ཡིས་ཁུགས་ཤིང་གནད་ལ་ཕེབས། རྣལ་འབྱོར་མ་མོའི་དོན་སྤྱོད་པས།། རྩ་བའི་དམ་ཚིག་གཙོ་རུ་བཟུང། དེ་ཡིས་གསང་བའི་དོན་མཆཽག་འགྲུབ།། བདེ་ཆེན་གསང་བའི་སྙིང་པོ་དེ།། ཡི་གེ་འཁྲུལ་པའི་དོན་གསང་ཡིན། རྣལ་འབྱོར་བདེ་གསང་དཀྱིལ་འཁོར་དུ། ལས་བཞི་ཡོན་ཏན་འབྱུང་བའི་གཏེར། གསང་སྔགས་གཉིས་པ་དོན་གྱི་བཅུད། ཡེ་ཤེས་ལྷ་མཆོག་ཐུགས་ཀྱི་རྩལ། སྲིད་པའི་འཁོར་ལོ་རྟེན་འབྲེལ་ན། གནད་ལ་གདབ་པའི་འཁོར་ལོ་སྟེ། རྟེན་འབྲེལ་ཡི་གེ་བཅུ་གཉིས་པོ། ལྷ་མཆོག་ཐུགས་ཀྱི་ཧཱུ~ཾ་གིས་མཚན། བཅུ་གསུམ་པར་ནི་གྲག་པ་ཡིན། ཧཱུ~ཾ་བཤན་ཏྲག་རགྴ་མུ་ཏྲ་ཁ། ཁར་མུནྟྲ་རུ་ནི་བྷྱོ། འཁོར་ལོ་རྩ་བའི་ཡི་གེར་འབྲེལ། མ་མོ་གང་བསྒྲུབ་སོ་སོའི་ཞལ། མ་ཅིག་བསྒྲུབ་ན་ཁམས་གསུམ་ཡུམ་མཆོག་ཞལ། གསང་བ་ཡུམ་མཆོག་བྷ་གའི་འབངས། མ་མོ་ལས་གསང་ཅི་དོན་སྐད། ཆོས་རྣམས་ལུས་ཨ་ལས་བྱུང། ཨ་ནི་མ་སྐྱེས་ཆོས་ཀྱི་སྐུ། མ་ནི་སྣང་བའི་ཡི་གེ་སྟེ། རྣ་རུས་མ་ལ་མཚན་པའོ། ཡེ་ཤེས་གསང་ཆེན་དོན་གྱི་མཁའ་འགྲོ་མ། སྣང་གསང་ཐུགས་ལས་ལས་ཀྱི་སྦྲུལ། མིང་ཚོགས་ཐ་སྙད་གྲགས་པ་ཡང། མིང་གི་བཞིའི་མིང་བཏགས་ཏེ། སྒོ་སྒོ་མིང་མཚན་ལས་རྟེན་གདགས། ལས་ཀྱི་གཟུགས་མཚན་ཁ་དོག་སོ་སོ་ཡང། རྒྱུད་ཅིག་པས་ན་བྱང་ཆུབ་སེམས། ཆོས་སུ་གྲགས་པ་དེ་ཉིད་དེ། གསང་བ་ཆོས་སྐུ་དེ་ཉིད་ལ། འཁོར་བའི་སྡུག་བསྔལ་རྟོག་པའི་མཐུ་སྟས་པས། མཚན་མའི་དབང་གིས་སོ་སོར་རྟགས། མ་མོའི་འཐུན་སྐད་མིང་ཡིག་ཡང། བསམ་པའི་དབང་གིས་སོ་སོར་གྲགས། རྣལ་འབྱོར་མཐུན་པའི་དོན་སྤྱོད་པས། གསད་པའི་འཁོར་ལོ་ཤེས་པར་བྱ། དུར་ཁྲོད་རལ་པ་འཁོར་ལོ་བཞི། མགོ་རྐང་ལག་པ་གཡས་གཡོན་ལ། རཾ་ཡཾ་ཁཾ་གྱི་ཡི་གེ་ལ་སོགས་བཅུ། མིང་དུ་གྲགས་པའི་འཁོར་ལོ་བསྐོར། གསད་པའི་ལས་ལ་འཁོར་ལོ་བསྐོལ། ཞེས་གསུངས་སོ། མ་མོའི་ཟླ་གསང་ལས། རུ་ཉལ་རུ་ལངས་ཀྱི་སྐབས་སོ། དེ་ནས་མ་མོ་ཆེན་མོས་སྲིད་པའི་བུ་མོའི་ཐུན་སྒྲུབ་འདི་གསུངས་སོ། གྲི་མོར་ཤི་བའི་ཐོད་པ་རུ། སྣ་ཚོགས་ཁྲག་སྣ་བ་སོགས་པར་བྱས། སྨེ་བའི་དོར་རྟས་ཁ་བཅད་ལ། གྲུ་གསུམ་ཏྲིང་སྲིངས་རྩང་གིས་བསྒོར། དེའི་དབུས་སུ་ཐུན་སྣོད་བཞག། དེ་ནས་དྲག་སྔགས་གྲངས་ཡིས་བསྒྲུབ། མ་མ་ཙིཏྟ་ཁ་རག་ཙཏྟི་ཁ་རག། རག་མོ་ཙི་ཏྟ་ཁྲག་ལ་མ་མ་རུ་ལུ་རུ་ལུ་མ་ཧི་བྷྱོ། དྲགས་དྷཱི། ག་འདིས་ཐུན་བརྡེག་པར་བྱ། ཅིཏྟ་རག་མོ་རག་ཤ་མུ་རུ་ས་མ་ཡཱ། ཁ་ལ་མ་ཏིང་དགྲ་བོའི་ཙིཏྟ་ཁྲག་ལ་དགྲ་བོ་ནི་མང་ཡ་ཐུན་བྷྱོ། མ་ཙིཏྟ་ལ། ལ་རག་ཤ་མ་སྙིང་ཁྲག་མ་མ་རུ་ལུ་རུ་ལུ་བྷྱོ། དེ་ནས་ཡང་རྩན་མོའི་དུག་ཐུན་འདི་གསུངས་སོ། ཤིན་ཏུ་དྲག་པོའི་སྣོད་ནང་དུ། སྣ་ཚོགས་དུག་སྣ་གསོག་པར་བྱ། སྔོན་དམར་བལ་གྱི་ཁ་བཅད་ལ། འབྲུབ་ཁུང་ནངདུ་གཞག་པར་བྱ། རྣལ་འབྱོར་ལག་པ་གཡས་པ་ཡིས།། གྲེ་མོང་མན་ཆད་ཁྲག་གིས་བྱུག། ལག་པར་གྲི་ཁུག་ཐོག་ནས་ཀྱང། ལིང་ག་དྲལ་ཞིང་ཐུན་ལ་བསྟིམ། དྲག་སྔགས་འདི་ནི་གསད་པའི་ལས། གསེར་གྱི་ཉི་མ་ལྐུག་པའི་བདུད། ཞེས་ཐུན་བསྒྲུབ་པ། འདི་གསུངས་སོ། ཏྲག་རག་ཤ་ཁ་ལ་མ་ཏི་མ་མ་རུ་ལུ་རུ་ལུ་མ་ར་ཡ་བྷྱོ། དེ་ནས་ཐུན་གདབ་པ་འདི་གསུངས་སོ། མ་ཏྲི་རཀྵ་ཏྲག་ཧྲལ་ན་མོ་ཧ་ན། རུ་ཏྲ་ཡ་མ་མ་ཙིཏྟ་ཁྲག་ལ་མ་ར་ཡ་ཐུན་བྷྱོ་བྷྱོ། དེ་ནས་དགྲ་བླ་མོ་བཞིའི་གསུངས་སོ། ལི་ད་རའི་བདུན་པ་གཉིས་མེད། ལ་ཆའི་གའི་ཁ་སྦྱོར་དུ། མེའི་ཟིལ་པ་རྨེ་ཁྲག་བསོག། ཁ་སྦྱོར་དུར་ཁྲོད་རས་ཀྱིས་གྲོལ། དེ་ནས་དྲག་སྔགས་འདི་ཡིས་བསྒྲུབ། རག་མོ་ནི་རག་མོ་ནི་མ་མ་ཀུ་རུ་མ་མ་ཀུ་རུ་རག་ཤ་རེ་མ་ཏི། ཁྲ་འགྲི་ཁྲ་འགྲི་མ་ར་ཡ། མ་མ་ས་མ་ཡཱ། རུ་ལུ་རུ་ལུ་མ་མ་བྷྱོ། དེ་ནས་དྲག་སྔགས་འདིས་ཐུན་དབབ་པར་བྱའོ།། ཐུན་ཏྲི་རག་ཤ་མ་ཏྲི་རག་མོ་ཧ་ལ།། ཏྲི་མ་དུ་མ་ཤག་མུ་ཤག་ཏྲི་ཏ་མ་ཏྲི་མ་མ་ཐུན་བྷྱོ་བྷྱོ། དེ་ནས་ཁྲག་ཐུན་དམར་མོ་དབང་གི་རལ་པ་ཅན་གྱི་ཐུན་བསྒྲུབ་པ་འདི་གསུངས་སོ། ། ཐོད་པ་མཚན་ངན་བླངས་ནས་སུ། ཨེ་དབུས་ཏྲག་ལ་པ་ཤ་མ་རས་བསྐོར། དེ་ནས་ལིང་ག་ནང་དུ་གཞག། ཁྲག་བསྐམ་ཉུངས་ཀར་གུ་གུལ་གྱིས། མིང་རུས་བདུག་དང་བརྡེག་པར་བྱ། ཐ་མར་རང་གི་མལ་འོག་གནན། དྲག་སྔགས་འདི་ཡིས་བསྒྲུབ་པར་བྱ། འཛི་ཏ་བ་རོ་རི་རའི་མ་མ་བལ་ཕྱུར་ཐལ་ཕྱུར་ཐལ་ཕྱུར་མ་ཐུམ་མ་ཐུམ། ཏྲི་བྱི་རི་ཤག་མ་མ་ལུ་རུ་ལུ་བྷྱོ། དེ་ནས་དྲག་སྔགས་འདི་ཐུན་དབབ་པར་བྱའོ། ། རག་མོ་རྩ་རྩི་ཁ་རག་སྙིང་ཐི་ལིང་འདུ། ཚལ་པ་སྦ་རིལ་མ་མ་རུ་ལུ་རུ་ལུ་དགྲ་བོ་ཙཏྟི་རྩལ་པ་བམ་རིལ་མ་མ་བྷྱོ། དེ་ནས་བལ་མོ་གདུག་པ་ཅན་གྱི་ཐུན་བསྒྲུབ་པ་འདི་གསུངས་སོ།། ཤིན་ཏུ་དྲག་པོའི་སྣོད་ནང་དུ། ། སྣ་ཚོགས་ཁྲག་སྣ་གསོག་པར་བྱ།། བྱ་ནག་པགས་པས་ཁ་གཅད་དེ།། དཀྱིལ་འཁོར་དབུས་སུ་གཞག་པར་བྱ།། དེ་ནས་དྲག་སྔགས་འདི་ཡིས་བསྒྲུབ། ཏྲ་རག་མོ་མ་མ་སྙིང་དུ་དགྲ་བོ་ཁ་ལ་རག་མོ་བྷྱོ། འགི་རི་པ་ཤིབ་དྲག་སྔགས་འདིས་ཐུན་དབབ་པར་བྱའོ།། མ་ཏྲི་རག་ཤ་མ་མ་ཙཏྟི་ཁ་རག་མ་མ་རྦད་ཐུམ་རིལ་ལི་རི་ལི་ལི་ཐུན་བྷྱོ། མ་མོ་ཟླ་གསང་ལས་པ་ལ་མོ་ཐུན་དབབ་པའི་སྐབས་སོ།། དེ་ནས་སེར་མོ་འཕྲོག་མའི་ཐུན་བསྒྲུབ་པའི་འདི་གསུངས་སོ། ཤིན་ཏུ་དྲག་པོ་སྣོད་ནང་དུ། ན་ཆུང་དར་མའི་གསོན་ཁྲག་དང། ཁྱི་དཀར་པོའི་སྙིང་ཁྲག་རྣམས་བླུག་སྟེ། ཚོན་སེར་པོས་ཁ་བཅད་ལ། དྲག་སྔགས་འདིས་ཐུན་བསྒྲུབ་པར་བྱའོ། ། མ་མ་པྲ་ཡང་ཀུ་རུ་རག་ཤ་མ་ཁྲག་ཏི་སྣར་མ། དུ་ཁ་ཚེམ་མ་རུ་ལུ་རུ་ལུ་ཐུན་བྷྱོ། འདིས་ཀ་རའི་དྲག་སྔགས་འདི་ཐུན་དབབ་པར་བྱའོ། མ་མ་ཙཏྟི་ལ་ཐུན། ཙིཏྟ་ལེ་ཐུན། ཙིཏྟ་ཙ་ཏ་ཁྲག་ལ་མཐུན། ཙིཏྟ་ཁ་ལ་མ་ཏི་དགྲ་བོམར་ཡ་བྷྱོ་བྷྱོ། མ་མོ་ཟླ་གསང་ལས། སེར་མོ་ཡིད་འཕྲོག་མའི་ཐུན་དབབ་པའི་སྐབས་སོ།། དེ་ནས་བདུད་རྩི་ཕུད་ཀྱི་བཅུད་ཉུལ་མའི་ཐུན་དབབ་པ་འདི་གསུངས་སོ། དྲི་མོར་ཤི་བའི་ཐོད་ནང་དུ། སྣ་ཚོགས་ཁྲག་སྣ་གསོག་པར་བྱ། ཁྱི་འམ་ར་ཡི་པགས་པས་གཡོག། དེ་ནས་དྲག་སྔགས་འདི་ཡིས་བསྒྲུབ། མ་མ་ཀུ་རུ་རག་ཤ་མ་མ་ཙིཏྟ་ཁྲག་ལ་རིལ་རྟག་དན་ཁྲག་ལྟེང་ལྟེང། མི་ཤ་ལ་འུབ་བས་སོད་སོད། ཚལ་བ་རྦད་འུད་དགྲ་བོ་མར་ཡ་ཛ་ཛ། འབུ་འོད་རི་ཀའི་དྲག་སྔགས་འདི་གསུངས་སོ།། མ་མ་པྲ་མ་ཤ་མ་རེ་མ་ཏི་ཁ་ལ་རག་མོ་མ་བྷྱོ་བྷྱོ། དེ་ནས་ཐུན་གྱི་ཁངས་རལ་རྒྱབ་སྟེ། ལིང་ག་བགེགས་ཡོད་པའི་གནས་སུ་མནན་པར་བྱ། མ་མོའི་ཟླ་གསང་ལས། བདུད་རྩི་བཅུད་ཀྱི་ཉུལ་ལེ་མའི་སྐབས་སུ། དེ་ནས་ཐོ་རངས་བདུད་གཅོད་པའི་མ་མོ། ནག་མོ་སྲོག་ཟན་གྱི་དྲག་སྔགས་འདི་གསུངས་སོ།། ཤི་རི་པ་ནའི་ཐོ་རངས་ཁ་བཟླས་པ། མ་མ་ཏྲི་མ་ཏྲི་ཙིཏྟ་ཁ་ལོངས་གཾ་གཾ་གུཾ་གུཾ་རྣི་མ་ར་ཡ་ཛ་ཛ། དེ་ནས་ཡང་ནམ་གུར་རྒྱུ་བའི་མ་མོ་ཏི་ར་ཚོགས་ཀྱི་ཕུད་ཉུལ་མའི་དྲག་སྔགས་འདི་གསུངས་སོ།། ཀི་བ་ཤ་རའི་དྲག་སྔགས་ནི་གུང་ལ་བཟླས་པ། དུ་ཏྲི་མ་ཏྲི་མ་མ་རུ་ཏྲ་ཧེ། རྦད་ན་ལིང་རྦད་ན་ལིང། ཙཏྟི་ཁྲག་ལ་མ་ཐུན་བྷྱོ། སྲོད་ལ་སྲིན་མོ་མགོ་འཕྱངས་མ། དུར་ཁྲོད་ཀྱི་ལྕེ་སྦྱང་ལ་ཞོན་ནས་སྲོག་གཅོད་པའི་དྲག་སྔགས། ཨི་ར་པ་ནའི་དྲག་སྔགས་སོ།། མ་མ་བྲི་ལོ་མྱོགས། དུད་ཕྲོཾ་ཀའུ་ཀཾ་ཧེ་དུཾ། རག་མོ་ནི་ཤ་ཀུ་རུ་མ་བཾ་ཛ་ཛ། དེ་ནས་ཉི་མ་ཟེར་ཀ་ལ། གཟའི་བུ་མོ་མུ་ཙ་མེད་ཀྱིས་བླ་བརྐུས་ནས་ཁྱེར་ནས་འོང་བའི་དྲག་སྔགས། གླང་པ་ཤིང་ཟན་གྱི། མ་མ་རྣི་ར་པ་ཏེ་རཀྟ་ཙིཏྟ་ཁ་རག་ཧུ་ཙོག་ན། ཙ་ཧ་མུ་ཁ་ཧེ་ཧེ། ཙོག་ནེ་འགེལ་པ་མ་ཡཱ་ཛ་ཛ། དེ་ནས་སྲིན་མོ་ཀརྨ་ཛཱ་ལ་རག་ཤའི་བུ་མོ་སྲིན་མོ་རོ་ཁ་ཟླ་བའི་ཟེར་ལ་ཞོན་ནས་འོང་སྟེ། མུ་ར་ན་ཏི་པ་ཤའི་དྲག་སྔགས་གསུངས་སོ། རེའུ་ཏྲི་ག་ག་མེ་མེ་དུ་རུ་རག་མོས་སྲོག་ལ་ཡཾ་ཡ། མི་ཤ་རོ་ལ་ཁྲག་ཐུན་མ་མ་བྷྱོ་བྷྱོ། དེ་ནས་ཡང་མ་མོ་ནག་མོ་ཁྱབ་པ་ལག་རིངས་བུ་མོ་ཉི་མའི་ཟེར་ལ་ཞོན་ནས་སྐྱེས་བའི་བདུད་གཅོད་དུ་འོང་སྟེ། གསུར་ཆེན་གྱི་དུ་བ་བཏང་ལ། དྲག་སྔགས་འདི་བཟླས་པར་བྱའོ། སྙིང་མུན་རནྟི་ཤོལ་བ་ལ་དེ་ལྕི་ཁ་ཁ་རྦད། སྲོག་ཙིཏྟ་མ་ར་ཡ་བྷྱོ་བྷྱོ། དེ་ནས་ཡང་གནོད་སྤྱིན་ལག་ན་ཉི་མ། སོ་རྣོན་མར་པོའི་བུ་མོ་མོན་མོར་སྤྲུལ་ནས། སྐྱ་རེངས་ཀྱི་ཟེར་ལ་ཞོན་ནས་རྒྱུ་སྟེ། ཉུངས་ཀར་ལ་བཟླས་ཏེ། དྲག་སྔགས་འདིས་བརྡེག་པར་བྱའོ། མ་མ་ཤནྟིང་རས་སྨེར་ཏོ།། རཀྟ་ཀུ་ཀི་དྲུ་ཐུན། མ་མ་ཧྲིང་ཧྲིང། མ་མ་ས་མ་ཡཱ་ཛ་ཛ། དེ་ནས་ཡང་ཉི་མ་ཕྱེད་ན། བདུད་ཡག་ཤ་འཁོར་ལོ་ནག་པོའི་བུ་མོའི། ཚུབ་ནག་ལ་ཞོན་ནས་འོང་སྟེ། ལིང་ག་གཏུབས་པ་དང་ཤ་ཁྲག་རུ་སྲེས་ལ། ཚུབ་མའི་གསེབ་ཏུ་གཏོར་ལ་མི་སྟེགས་རླུང། ཟན་གྱི་དྲག་སྔགས་འདི་བསད་པར་བྱའོ།། ཏྲ་ག་རགྴ་མ་མ་མུ་ནེ་ཛྙ་ན་ཙཀྐྲ་མ་མ་ཐུན་ཐུན། ཁ་ལ་མ་ཏིང་ཛ་ཛ། ཉི་མ་ཤར་བ་དང་པོ་ལ། ཚང་པ་གཟི་ཅན་གྱི་བུ་མོ།། དམར་མོ་མདངས་འཕྲོག་གི་བུ། གནོད་སྤྱིན་ཀུན་ཏུ་རྒྱལ་བ་ལ་ཞོན་ནས་འོང་སྟེ། སྦྱན་གཟིགས་སྣ་ཚོགས་ཀྱི་གཏོར་མ་གཅིག་བཤམས་ལ། མིང་རུས་དང་བསྲེས་ལ། ཆང་ཕུད་དང་ཤར་ཕྱོགས་སུ་གཏོར་རོ།། མ་མ་ཏྲི་ལིང་གི་རུ་རུ་ར་ཁྲག་ཏི་སྣར་མ། མ་ཙཏྟི་ཁྲག་ལ་ས་མ་ཡ་རུ་ལུ་རུ་ལུ་མ་ཧིང་བྷྱོ། ཉིན་མཚན་ཀུན་དུས་མེད་པར་རྒྱུབ་ནི། བདུད་ཀྱི་ཀུན་ཁྱབ་ནག་མོའི། དྲག་སྔགས་གསུངས་སོ།། ཨེ་ཀ་ཛ་ཏི་མེ་དར་ལིག་སྙིང་ཁ་རག་ར་ཏི་བཛྲ་མ་མ་ཐུན་བྷྱོ། ཨེ་ཀ་ཛ་ཏི་དགྲ་བོ་སྙིང་ལ་ཛ་ཛ། ཞེས་མ་མོ་རྣམས་སོ་སོར་ལས་ལ་བསྐུལ་ལོ། ། མ་མོའི་ཟླ་གསང་ལས། མ་མོ་སོ་སོ་གནད་ལ་དབབ་པའི་སྐབས་སོ།། དེ་ནས་མ་མོ་རྣམས་ཀྱི་ལྟ་བ་འདི་གསུངས་སོ། མ་མོ་མི་མཐུན་གཉིས་ཡིན་ཏེ། ལས་ལས་གྲུབ་པའི་མ་མོ་དང། དབྱིངས་ཀྱི་ཆ་ལས་བསྐྱེད་པ་པོ།། དབྱིངས་ལས་བསྐྱེད་པའི་མ་མོ་ནི། གསང་བ་གསང་ཆེན་དོན་ལ་སྦྱོར། བདེ་གཤེགས་སྐུ་གཉིས་མེད་དེ། སྨོན་ལམ་དབང་གི་ཀུན་ལ་སྐྱོབ། སྐུ་གསུམ་རིམ་གྱི་ལྷུན་རྫོགས་པས། ཆེ་བའི་ཆེ་མཆོག་གསང་བའི་དོན། སྣང་བར་གྲགས་པ་ཡུམ་ལྔ་ཡིན། གཉིས་སུ་གྲགས་པ་ལས་ཀྱི་ཆ། གླུ་པ་མི་འདོར་དབྱིངས་ཀྱི་རྐྱེན། གསང་བ་ཡིན་ནོ་མཁའ་ཀློང་ནས། བདེ་བ་གྲུབ་པ་མ་མོ་སོ་སོའི་རིགས། ཡང་དག་བདེ་བའི་དོན་མཐོང་ཡང། འགྲོ་དོན་མཛད་པར་ཞལ་མཆེས་པ། ས་བརྒྱད་དོན་ནོན་པའི་བདེ་གཤེགས་གཉིས་པའི་དོན། བསྒྲུབ་དང་དགེ་བའི་ཆོས་ལ་རང་བཞིན་གནས། ཡི་དྭགས་གྲོང་ན་གནས་ཀྱང་བྱང་ཆུབ་སེམས། བྱང་ཆུབ་ནམ་མཁའི་མཚན་ཉིད་ཡོངས་སུ་དག་པ་སྟེ། རྟོག་པ་གཉིས་སྤངས་འགྲོ་བའི་དོན་ལ་སེམས། སྨོན་ལམ་སྟོབས་བཞི་དམ་ཚིག་རྗེས་བསྲུང་བའི། བླ་དོན་སྦྱོར་བདེ་བའི་དམ་ཚིག་བསྲུང། བཀའ་བཞིན་གསོ་བསང་འགྲོ་བའི་དོན་ལ་སེམས་པས་བྱང་ཆུབ་སེམས་མས་བྱ། བདེ་བར་གཤེགས་པ་དཔལ་ལྡན་བདེ་མཆོག་གི། རིག་པ་འཛིན་པས་ཞལ་མཐོང་དམ་བཅས་པས། ཁ་ཊཾ་རུ་དྲ་ལྟུ་ཚེ། ལྔ་འཚམ་མེད་ལས་བྱས་ཀྱང། དེའི་ཕྱིར་ན་ཁོ་ལྟར་ཡན་ལག་རྫོགས་པ་བསྒྲུབ། བྱང་ཆུབ་སེམས་ལས་སྤྲུལ་པའི་མ་མོ་བཞི། དོན་དམ་གསང་བ་ཆེན་པོ། ཡེ་ཤེས་བདེ་བ་རང་བག་ཡེ་ཤེས་ནི། ཆོས་ཉིད་དོན་དམ་དབྱིངས་སུ་རང་བཞིན་འོད་ཀྱང་གསལ། མཁའ་ལ་འཇའ་ཚོན་བཞིན་དུ་རང་བཞིན་སྣང། སྣང་བ་དེ་ཉིད་འབྱུང་བའི་ཆ་ཡིན་པས། ནམ་མཁའི་དང་དུ་དབྱེར་མེད་ཡོངས་ཀྱིས་གཅིག་ཨེའི་དབྱིངས་བྷ་ག་གསང་བའི་དཀྱིལ་འཁོར་དུ། མ་མོ་བདེ་ཆེན་གསང་བ་མཆོག་གི་སྐུ། མཐིང་ནག་ཆོས་སྐུ་འཕྲོ་འགྱུར་མི་མངའ་པ། མ་ནི་ཆོས་ཀྱི་དབྱིངས་ཉིད་ཡིན། མོ་ནི་རིག་པའི་ཡེ་ཤེས་ཡིན། གཉིས་མེད་བདེ་གསང་ཆོས་ཀྱི་སྐུ། ལས་ལས་སྤྲུལ་པ་མ་མོ་རིགས་བཞི་པོ། འཇིག་རྟེན་སྤྲུལ་པས་གདུག་པ་མང་པོའི་ཚུལ། ལ་ལས་བདེན་པའི་དོན་མཐོང་བས། དམ་ཚིག་གཙང་བསྒྲུབ་རྣལ་འབྱོར་ལས་ལ་འདུ། ལ་ལས་དམོད་མོ་གདུག་པའི་དབང་ཐོབ་སྟེ། འཇིག་རྟེན་ལས་ལ་མྱུར་མགྱོགས་ཆེ། ཤ་ཁྲག་རོ་རྫས་གསང་བའི་དམ་ཚིག་ཡིན། ལས་ལ་སྦྲུལ་པས་མ་མོའི་ཀུན་ཀྱང་དགྱེས། སོ་སོ་དམ་རྫས་སྨོས་པ་རྟེན་དུ་བཟུང། རྣལ་འབྱོར་དབང་ཕྱུག་དམ་ཚིག་མཆོག་གི་ཡིན། ཕོ་སྔགས་མོ་སྔགས་དམོན་མོ་གྲུབ་པ་གསང་པའི་མཚོན་ཆ་ཡིན། བུད་མེད་གྲུབ་ན་ཕོ་རྟགས་འབྱུང། ཕོ་སྒྲུབ་བྱས་ནས་མོ་རྟགས་འབྱུང་ན་འགྲུབ་ན་ཡལ་བར་འགྱུར། གསང་སྔགས་དམོད་མོ་གདུག་པའི་མཚོན་ཆ་འདི། སྨོས་པའི་རྫས་དང་འབྲེལ་ན་རྣལ་འབྱོར་དགོངས་པའི་དོན་མཆོག་འགྲུབ། གདུག་པའི་སྣོད་མཆོག་མ་མོ་གྲོགས་མཆོག་ཡིན། ཏིང་ངེ་འཛིན་རྩལ་རྫོགས་མ་མོའི་སྲོག་རྩ་འཁོར་ལོ་ཡིན། ལེ་ལོ་ཐེ་ཚོམ་དྲག་སྔགས་སྤོངས་པའི་རྒྱུ། དབང་ཐོབ་ཡིད་གཉིས་ཐེ་ཚོམ་མེད་པས་གསང་བསྒྲུབ་པའི་རྒྱུ། བྷ་ག་གསང་ཚིག་འཁྲུལ་པས་སྤུ་གྲི་སྐོར་བ་འདྲ། དྲག་སྔགས་སྦྱོར་བ་མཁས་པས་གཟའ་བདུད་འཇུག་པའི་དུས་བདུན་རྟག། རྩ་ལྔ་འགྲུབ་མེད་གཉིས་མེད་ཀ་བ་འདྲ། བཞི་དང་བཅུ་གཅིག་བཅོ་བརྒྱད་དང། རྩ་གཅིག་རྩ་དགུ་མིང་ལྡོག་གྲུབ་པར་གདོན་མི་ཟ། བརྒྱད་དང་བཅོ་ལྔ་གྲུབ་པ་མེད། མ་མོ་ཟླ་གསང་ལས།། ལྟ་བའི་སྐབས་སོ། དེ་ནས་གཟེ་བ་བྱའི་ཏའི་གླིང་ན། མཛེ་ནད་བཅོ་བརྒྱད་གཏོང་བའི་མ་མོ། གཡུའི་བྱེ་ཆུང་ཅན་གྱི་དྲག་སྔགས། ཀླུ་གདུག་པ་ཅན་ལ་གཏད་པའི་འདི་གསུངས་སོ།། ཀླུ་རྦལ་ཅིག་གཟུང་ལ། ནང་དུ་ལིང་ག་བཅུག་སྟེ། གླང་རུ་ནང་དུ་བཅུག་ལ། ཁ་བག་ཟན་གྱིས་བཅད་ལ། དྲག་སྔགས་འདི་ཀླུ་ཡོད་ངེས་པ་སར་གནན། མ་ཏྲི་རག་ཤ་མ་མན་ག་དེ་ཝ་ཡུ་ཡུ། མ་ཏྲི་རུ་ཏྲ་བ་ལིང་དུང་བ་ཛ་ཛ། དེ་ནས་རཀྟ་ཙ་མུན་ཏའི་བསྒྲུབ་པ་འདི་གསུངས་སོ། ཆུ་གྲིར་ཤི་བའི་ཐོད་པ་རུ། རཀྟ་ཙ་མུན་ཏའི་སྐུ་བྲིས་ཏེ། བྲའོ་སྲན་མ་སྐེ་ཚེ་ཏིའི་ནག་དང། ཁྲག་སྣར་སྦྱར་བའི་གྲུ་གསུམ་རྩང་གཏོར་བྱ། མཐིང་ནག་དར་གྱིས་ཁ་བཅད་དེ། དྲག་སྔགས་འདི་ཡིས་བསྒྲུབ་པར་བྱ། དུ་ཏྲི་ག་རོ་ཏྲི་རྩ་རྩ་རྩི་རྩི། ཏྲག་རགྴ་ཁ་མུ་ནྩི་མ་མ་བྷྱོ། དྲག་སྔགས་འདིས་དབང་བསྐུར་བར་བྱའོ། བཤན་རགྴ་མ་ཧཱུ~ཾ་བྷྱོ། ཞེས་རཀྟའི་ཐིག་ལེས་དབང་བསྐུར་པར་བྱའོ། རྦད་པ། མ་མ་རུ་ཏྲི། མ་མ་མ་མ་ཙབ་མོ་ཙབ་མོ་རུ་ལུ་རུ་ལུ་བྷྱོ། གསང་པའི་སྔགས། མ་མ་རུ་ཏྲ་རྦད། ཏྲི་མ་དུ་རྦད། མ་མ་ཁ་ཐུན་རྦད། ནརྀ་ཏྲི་ནརི་རུ་མ་ལ་རྦད། རཀྟ་ཙིཏྟ་མུགས་རྦད། མ་མ་ཙིཏྟ་ལ་རྦད། མ་མ་ཙིཏྟ་ཁ་ལོང་རཀྟ་ཐུན་བྷྱོ། ཞེས་ལིང་ག་ཀླུ་རྦལ་གྱི་རྐེ་རུ་གདགས་དེ་གླང་རུའི་ནང་དུ་བཅུག་སྟེ་གནན་པ་བྱའོ། མ་མོ་ཟླ་གསང་ལས། རཀྟ་ཙམ་མུ་ནྟ་བསྒྲུབ་པའི་སྐབས་སོ།། དེ་ནས་དུར་ཁྲོད་ཀྱི་མ་མོ་ཤི་རི་རྩ་མོནྟི་བསྒྲུབ་པའི་དྲག་སྔགས་འདི་གསུངས་སོ། ། དུར་ཁྲོད་རོ་རས་དག་ལ་ནི། མཐུན་པར་མ་མོའི་ཞལ་བྲིས་ཏེ། འཁོར་ལོ་བརྒྱད་ལ་རྩ་བའི་སྔགས། དབུས་སུ་ལིང་ག་བྲི་བར་བྱ། ཡི་གེ་བཅུ་བདུན་ཧཱུ~ཾ་ནི་ལིང་གའི་དཀྱིལ། འཁོར་ལོ་རྩིབས་མཆན་ཡིག་འབྲུ་བཅུ་དྲུག་པོ། གསད་པ་གྲུབ་པ་གདོན་མི་ཟ། དེ་ཡི་ཐུན་རྫས་བསྟན་པ་ནི། སྐྱེས་པ་དར་མའི་དབང་པོ་ལྔ། ན་ཆུང་དར་མའི་གསོན་ཁྲག་དང། སྐྱེས་པ་དར་མའི་གསོན་ཁྲག་དང། རྣལ་འབྱོར་སྲིན་ལག་གཡོན་པའི་ཁྲག་གསང་སྣོད་དུ་བླུག་པར་བྱ། དྲག་སྔགས་འདི་ཡིས་བསྒྲུབ་པར་བྱ། ཧཱུ~ཾ་མ་མ་ཏྲག་རགྴ་ཁ་མུ་ནྟ་མ་མ་རུ་ལུ་རུ་ལུ་མ་བྷྱོ། མ་མོ་ཟླ་གསང་ལས། དུར་ཁྲོད་ཀྱི་མ་མོའི་ཤི་རི་རྩ་མུ་ནྟའི་སྐབས་སོ། ། དེ་ནས་ལྷ་མོ་ནག་མོའི་སྨོད་སྔགས་བདུན་པ་འདི་གསུངས་སོ། དུར་ཁྲོད་རོ་རས་དག་ལ་ནི། བརྣག་པའི་ལིང་ག་བྲིས་ནས་སུ། རྫས་ཆེན་ཉུངས་ཀར་མཚོན་ཆ་ལ། དྲག་སྔགས་འདི་ཡིས་རྦད་བར་བྱ། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུ~ཾ་མ་བྷྱོ་ཛ་ཛ། མ་མ་ཏྲག་རག་ཤ་མ་རེ་མ་ཏི་ཙིཏྟ་ཁ་ལ་རག་མོ།། བ་བཾ་ཛ་ཛ། རགྴ་ར་མ་ཏི་ཤ་ན་མུ་རུ་མུ་རུ། དགྲ་བོ་ནརྀ་མ་ར་ཡ་སོད་སོད། ཅེས་བསད་པའི་ལས་གདོན་མི་ཟ་བའི་སྐབས་སོ། མཉམ་ས་དག་ན་རྙེད་པར་འགྱུར། དམ་ཚིག་གཙང་ན་དངོས་གྲུབ་ཐོབ། གསུང་གི་རྒྱུད་མ་མོའི་ཟླ་གསང་གི་སྐབས་བཅུ་པའོ། གསུང་གི་རྒྱུད་མ་མོ་ཟླ་གསང་ཞེས་བྱ་བ་རྫོགས་སོ།། རྒྱ་གར་སྐད་དུ། ཨེ་ཀ་ཛི་ཏི་མན་ཀཱ་ལ་ནཱ་མ་ཏ་ནྟྲ། བོད་སྐད་དུ། རལ་གཅིག་མ་འདུས་པ་ནག་པོའི་རྒྱུད་ཅེས་བྱ་བ། དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ཡ་མནྟ་ཀས། ཕྱག་ན་རྡོ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཉོན་ཅིག་ལྷ་མོ་ཨེ་ཛ་ཏི་ནི་ལྟ་བ་དང་ལྡན་པས་བསྒྲུབ་པར་བྱའོ། ལྟ་བ་དང་མི་ལྡན་ན་བརྩེ་ལོག་ཆེ། གདུག་པ་ཆེ། དགྲ་ལ་རྦད་ནས་གུས་པ་བླང་དུ་མི་འདོད་མི་བཏུབ་པས། ལྟ་བ་མི་དམིགས་པ་གསུམ་དང་ལྡན་ན་གུས་པ་བླང་དུ་བཏུབ་པའོ། ། འཁོན་ནག་རང་སར་གཞག་ན་གུས་པ་བླང་དུ་བཏུབ་པའོ། དགྲ་ལ་རྦད་ཙ་ན་ཆེ་གེ་མོ་སོད་ཅིག་ཅེས་བརྗོད་པ་ལས་རྩད་ནས་ཆོད་ཅིག་མ་བྱས་ན་གུས་པ་བླང་དུ་བཏུང་པོ།། དེ་གསུམ་དང་ལྡན་ནས་གུས་པ་བླང་བར་བྱའོ། དེ་ལ་མི་དམིགས་པ་གསུམ་ནི་བདག་ཀྱང་མི་དམིགས་པས་སྟོང་པ་ཉིད་དུ་བསྒོམ་སྟེ། ཨོཾ་བཛྲ་ཤུ་ནྱ་ཏ་ཛྙཱ་ན་ཧཱུ~ཾ། ཞེས་བརྗོད་དོ། གུས་པའི་གཟའ་ནོར་ཡང་མི་དམིགས་ཏེ། ཨོཾ་བཛྲ་སྭ་བྷ་བ་བི་ཤུད་ངྷོ་ཧཱུ~ཾ། ཞེས་བརྗོད། དགྲ་ལ་འཁོན་ཡང་མ་དམིགས་སྟོང་པ་ཉིད་དེ། ཨོཾ་བཛྲ་སརྦ་ཤུད་ངྷོ་ཧཱུ~ཾ། ཞེས་བརྗོད་པས་ཐམས་ཅད་མི་དམིགས་པའོ། དེ་བཞིན་དུ་མ་མོ་ཡང་མི་དམིགས་པ་ཆོས་ཉིད་དུ་བསྒོམ་མོ། ཞེས་གསུངས་སོ། ལེའུ་དང་པོའོ།།།། དེ་ནས་འཁོན་ནག་རང་སར་བཞག་པ་ནི། འཁོན་འགྲས་རང་སར་བཞག་ཅེས་བྱ་བ་ཡོད་མ་མྱོང། འཁོན་འདྲས་ཡོད་མི་སྲིད། ཐམས་ཅད་ཆོས་ཉིད་རོལ་པ་ཡིན། གལ་ཏེ་ཡོད་ན་ཡང་དམ་ཉམས་ཁོ་རང་སྡིག། བདག་དང་མ་མོ་ཡང་ཡེ་གདོད་ནས་ཡོད་མ་མྱོང་སྙམ་ལ་རང་སར་བཞག་གོ། དེའི་སྔགས་ན། ཨོཾ་ཨི་ཧོ་ཤུད་དེ། བི་ཧོ་ཤུད་དེ་ཤུད་དེ་རཾ་ཧོ་ཡང་ཤུད་དེ་ཤུད་དེ་ཨ་ཧི་རཾ་བཾ་ན་རཾ་ཨཱ་ཨ་ཨ་སྭཱ་ཧཱ། ཞེས་བཟླས་ནས་ཁོང་རང་ལ་དགོས་པར་བསམ་མོ། བདག་དང་མ་མོ་ལ་མགོས་པར་བསམ་མོ། ཞེས་གསུངས་སོ། ལེའུ་གཉིས་པའོ།།།། དེ་ནས་དགྲ་བོས་རྒྱལ་དང་གུས་པ་བྱས་པའི་ཡོ་བྱད་ཐམས་ཅད་སྤུངས་ལ། གང་གི་ཨི་ཧོའི་སྔགས་དེ་ལན་བདུན་བཏབ་ལ་བདུད་རྩི་གཏོར་ལ་ཆ་གཅིག་དཀོན་མཆོག་ལ་འབུལ། ཆ་གཅིག་ལྷ་དང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཚོགས་ལ་དབུལ། ཆ་གཅིག་འགྲོ་བ་ལ་བསྔོ། ཆ་གཅིག་ཆེར་བྱས་ལ་རྣལ་འབྱོར་བ་སྤྱད་ན་ཅི་ཡང་ཉེས་པ་དང་སྐྱོན་མི་ཡོང་ཞེས་དཔལ་ཆེན་པོ་ཡ་མན་ཏ་ཀས་བཀའ་སྩལ་ནས། ཕྱག་ན་རྡོ་རྗེ་ཡི་རང་ངོ། ལེའུ་གསུམ་པའོ། །།། འདུས་པ་ནག་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། སམཐ།། དེ་ནས་ཡང་དཔལ་ཡ་མན་ཏ་ཀས། ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། སྤྱིར་དྲེགས་པ་སྒྲུབ་པ་ལ་ཕོ་མོ་གཉིས་ཡིན་ཏེ། ཐབས་དང་ཤེས་རབ་ཀྱི་ཚུལ་ལོ། ། ཕོའི་རང་བཞིན་ཅད་ལ་བཙན། ཆགས་པ་ཆུང། མོའི་རང་བཞིན་ཆགས་པ་ཆེ། ཟ་ལ་དགའ། འཁུ་ལྡོག་ཆེ་བ་ཡིན། དེས་ནམ་མོ་ཙམ་སྒྲུབ་པའི་དུས་སུ། མི་དམིགས་པས་ཟིན་པ་དང་འཁོན་ནག་རང་སར་བཞག་པ་ནི་ཤིན་ཏུ་ཡང་གནད་ཆེ་སྟེ། ཐམས་ཅད་ཀུན་ལ་རྒྱུག་ཅིང་གནད་དུ་འགྲོའོ།། ཕོ་སྒྲུབ་ཀུན་ལ་ཡང་ཕན་པར་འགྱུར་བ་ཡིན་ནོ།། ཞེས་གསུངས་སོ། ལེའུ་བཞི་པའོ།།།། དེ་ནས་ཡང་བཀའ་སྩལ་པ། བྲས་པ་ལེན་པའི་དུས་སུ་གོང་ལྟར་ཤེས་ཀྱང་འདི་ལྟར་བྱ་བ་གནད་ཡིན་ཏེ། དགྲའི་སྲོག་དབུགས་བསྡུ་བ་ཞེས་བྱ་བ། ཁོའི་གོས་བྱུང་བ་ཐམས་ཅད་དགྲའི་པགས་པར་བསྒོམ། ཟས་བྱུང་བ་ཐམས་ཅད་དགྲའི་ཤ་ཡི་རང་བཞིན་དུ་བསམ། སྐོམ་དྲངས་པ་ཐམས་ཅད་དགྲའི་སྙིང་ཁྲག་ཏུ་བསམ། བདག་ཡི་དམ་ལྷར་བསམ། ཐུགས་ཁར་ཉི་མའི་སྟེང་དུ་ཛ་བསམ། དེ་ལ་འོད་འཕྲོས་པས་ཐུགས་ཉི་མའི་སྟེང་དུ་དགྲ་བོའི་ཚེ་སྲོག་བཀུག་ལ་གོས་དང་བཏུང་བ་དང་ཟས་ལ་བསྟིམ། དེའི་སྔགས་ལ་ཡི་དམ་ལྷ་གང་རུང་གསལ་བས་ནརྀ་ཛ་ཨཱ་ཡུ་པ་ལ་ཛཱ་ཛ། ཞེས་ཤིང་བུར་བཟློས་སོ། ཡི་དམ་ལྷ་ལ་ཕུལ་བས་དགེས། བདག་གི་གསོལ་བས་ཚེ་དང་ལྡན། མཁའ་འགྲོ་ཆོས་སྐྱོང་ལ་ཕུལ་བས་མཉེས་པར་བསམ། དེས་དགྲ་ལ་ཡང་ཁ་བསྟན་དུ་འགྲོ་བ་ཡིན་ཏེ་ཐམས་ཅད་ཀྱི་མན་ངག་གོ། ཞེས་གསུངས་སོ། ལེའུ་ལྔ་པའོ།།།། དེ་ནས་ཡང་བཀའ་སྩལ་པ། བསྟན་པ་བསྲུང་བར་འདོད་པས། བརྣག་པ་བསྲུང་བར་འདོད་པས། བརྣག་པའི་དགྲའོ་ཤི་ན་གཏང་རག་གཏང་བ་ལ། དགྲ་དེ་ཚན་ཆེ་སྟོབས་དྲག་རྗེས་དྲུང་པ་དྲག་པ་མང་བ་ཡོད་ན་ལྷས་མཐོང་བའི་གཏང་རག་བྱས་ལ། ཡི་དམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ་རང་རང་གི་གང་ལྟར་དགོས་པའི་མཆོད་པ་བྱ། དར་ཕག་ཏུ་ཕྱར། ཁ་ཚགས་དམ་པར་བྱ། དགྲ་དེ་སྟོབས་ཆུང་བ་རྩད་ཞན་པ་རྗེས་མེད་པ་ཡོད་ན་གཏང་རག་མིས་མཐོང་བ་བྱས་ལ་སྔོན་དུ་དར་ཕྱར་བ་ལ་སོགས་བྱའོ། ཞེས་གསུངས་སོ། ལེའུ་དྲུག་པའོ།།།། དེ་ནས་ཡང་བཀའ་སྩལ་པ། རྣལ་འབྱོར་པ་ལ་བསྟན་པ་སྲུང་བར་བྱེད་པའི་དུས་སུ། དགྲ་དེ་ལ་འབྲེལ་པ་གང་ན་ཡོད་པ་དང་རྩད་གང་ན་ཡོད་དྲིས་ཏེ་བཏགས་ལ་རང་གི་བག་ཟོན་ཆེ་བར་བྱ་སྟེ། སྙིགས་མའི་དུས་སུ་གལ་ཆེའོ། ཞེས་གསུངས་སོ། ལེའུ་བདུན་པའོ།།།། ཡང་བཀའ་སྩལ་པ། སྤྱིར་རྣལ་འབྱོར་པ་ལྷ་མོ་རེ་མ་ཏི་བསྒྲུབ་པར་འདོད་ན། དམ་སྲི་བརྡུང་བ་དང་བསྐྲད་པ་གཙོ་བོར་བྱེད་དགོས། དེ་ནི་ལས་ཀྱི་ཉུལ་བ་ཡིན་ནོ།། ཡང་དཔལ་མགོན་པོ་དང་སྦྲེལ་ན་བཀྲ་ཤིས་སོ། ཞེས་གསུངས་སོ། ལེའུ་བརྒྱད་པའོ། །།། དེ་ནས་ཡང་བཀའ་སྩལ་བ། སྦྱིར་དམ་ཅན་དང་ཆོས་སྐྱོང་སྒྲུབ་པ་ལ། ཕོ་དང་མོ་མ་སྦྲེལ་བར་མོ་རྐྱང་དུ་བསྒྲུབས་ན། དེ་ནང་ཟན་བྱེད་པའི་ཁྱི་མོ་དང་འདྲའོ།། མོ་དང་མ་སྦྲེལ་བར་ཕོ་རྐྱང་དུ་བསྒྲུབ་ན། རྗེ་བོས་མ་ཆུན་པའི་འཁོར་པོ་དང་འདྲའོ། དེ་བས་ན་ཐབས་ཤེས་རབ་ཟུང་དུ་སྦྲེལ་ལ་བསྒྲུབ་པར་བྱའོ།། ཞེས་གསུངས་སོ།། ལེའུ་དགུ་པའོ།།།། དེ་ནས་འཇམ་དཔལ་ཡ་མན་ཏ་ཀས་གསང་བདག་ལ་བཀའ་སྩལ་བ། ཉོན་ཅིག་རྒྱུད་འདི་ནི་འདུས་པ་ནག་པོ་གསང་བའི་རྒྱུད་བྱ། ཤིན་ཏུ་གསང་བ་རྣལ་འབྱོར་པ་བདེ་བ་དང་ལྡན་པར་བྱ་བའི་ཐབས་ཁྱད་པར་ཅན་ཡིན་ཏེ། ཡོད་ཅེས་ཀུན་ལ་མི་བསྟན་པར་སེམས་ལ་བཅང་ཞིང་གཟུང་བར་བྱ། ཤིན་ཏུ་གསང་བ་རྣལ་འབྱོར་བ་བདེ་བ་དང་ལྡན་པར་བྱ་བའི་ཐབས་ཁྱབ་པར་ཅན་ཡིན་ཏེ། ཡོད་ཅེས་ཀུན་ལ་མི་བསྟན་པར་སེམས་ལ་བཅང་ཞིང་གཟུང་བ་བྱ། ཡོད་ཅེས་གྲགས་པས་མི་ངོམ། བློ་ལ་བླངས་ལ་རི་དང་རྫ་འམ་བྲག་ལ་རྦའོ། ། ཞེས་དཔལ་ཡ་མན་ཏ་ཀས་གསུངས་པ་དང། གསང་བའི་བདག་པོ་ཡི་རངས་ནས་མངོན་པར་བསྟོད་པར་གྱུར་ཏེ། ལེའུ་བཅུ་པའོ།།།། རལ་གཅིག་ནག་མོ་འདུས་པ་ནག་པོའི་རྒྱུད་བྱ་བ་རྫོགས་སོ། །།། !་རྒྱུད་འདི་སློབ་དཔོན་རོམ་བུ་གྷུ་ཡ་དེ་བ་ཙན་ཏྲས་རྡོ་རྗེ་གདན་གྱི་བྱང་ངོས་ནས་བྲག་ཕུག་སྒོ་ང་རང་འཁྲུངས་ཀྱི་ནང་ནས་བཏོན་ཏེ། བོད་ཀྱི་བན་དེ་རྡོ་རྗེ་ཡང་དབང་གཏེར་ལ་གཏད་པའོ། ། ས་མཐན། རྒྱ་རྒྱ་རྒྱ། བདག་འདྲ་སངས་རྒྱས་ཡེ་ཤེས། རྒྱ་གར་མཁས་པའི་ཞལ་བརྒྱུད་ནས། གསང་བའི་རྒྱུད་འདི་ཞུས་ནས་སྒྱུར། སྤེལ་བར་བྱ་མིན་སྙིང་དང་འདྲ། ལས་འཕྲོ་ཅན་ལ་བཙས་སུ་སྦས། དམ་ཚིག་ཅན་ལ་ཕན་ཐོགས་ཤོག། ས་མ་ཐ་རྒྱ་རྒྱ་རྒྱ་ཨཐ།། རྒྱ་གར་སྐད་དུ། ཁམས་ཐ་ཐར་ཐ་ཐཿ་བོད་སྐད་དུ། ཨེ་ཀ་ཛ་ཊི་སྙིང་ཐུན་གསང་བ་སྤུ་གྲིའི་རྒྱུད་ཅེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་རང་བྱུང་གི་རྒྱལ་མོ་རང་བཞིན་ལྷུན་གྲུབ་པའི་གནས་ནི། དཔལ་ཆེན་པོའི་བཀའ་ལས་མི་འདའ་བར། བཀའ་ཉན་ཅིང་འདུས་པའི་འཁོར་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་འཁོར་གྱི་ནང་ནས་བདེ་བྱེད་ལྷ་མོས་གསོལ། ཨེ་མ་ཧོ། དཔལ་ལྡན་རང་བྱུང་རྒྱལ་མོའི་སྐུ། ཉིད་ཀྱི་གསང་བ་སྦུ་གྲིའི་དོན། ཕྱི་རབ་དོན་དུ་བདག་ཉན་མཚལ། གདུག་བྱེད་ལྷ་མོས་བཤད་དུ་གསོལ། ཞེས་གསོལ་པས། རང་བྱུང་རྒྱལ་མོས་བཀའ་སྩལ་པ། སྤྱིར་ན་ང་ནི་སྔགས་སྲུང་སྟེ། གསང་སྔགས་བསྟན་པ་ཉན་འདོད་ན། ང་ཡི་ངང་ཉིད་བལྟ་བར་བྱ། གསང་བ་སྤུ་གྲིའི་ངན་སྔགས་འདི། ཤིན་ཏུ་ཟབ་ལ་བསྒྲུབ་ཐག་ཉེ། དེ་ཕྱིར་ང་ཡིས་རབ་བཤད་ཀྱིས། གུས་པར་ཉོན་ལ་ཡིད་ལ་ཟུང། ཞེས་བཀའ་སྩལ་ཏོ།། གླེང་གཞི་དང་གླིང་བསླང་ནས་ལན་གསུངས་པའི་ལེའུ་སྟེ་དང་པོའོ། །།། དེ་ནས་དེ་སྐད་བཀའ་སྩལ་པས། ལྷ་མོ་བདེ་བྱེད་མས་བཤད་པར་མཛད་པར་རིག་ནས། མདུན་དུ་གུས་པར་ཉོན་ཏོ།། དེ་ནས་རང་བྱུང་རྒྱལ་མོས་བཀའ་སྩལ་པ་ནི། གསང་སྔགས་སྤུ་གྲི་དོན་ཉིད་ལ། ། དང་པོ་བྲག་དམར་ཟངས་ཁ་འམ།། དུར་ཁྲོད་དབེན་པའི་གནས་འདུག་ལ།། ཕྱི་ནང་བཤག་པ་དྲག་ཏུ་བྱ།། རྒྱབ། ནི་འཇམ་དཔལ་ཕུར་ལ་བརྟེ།། ཡང་ན་ཆེ་མཆོག་དེ་བཞིན་ནོ། ཕྱི་ནང་གསང་མཚམས་རབ་ཏུ་གཅད། ། མཥྟལ་མདའ་གང་གྲུ་བཞི་ལ།། བདུད་རྩི་ལྔ་ཡི་སྐྱང་ནུལ་བྱ།། དེ་ཡི་དབུས་སུ་གྲུབ་གསུམ་བྱ།། དབུས་སུ་རག་ཏའི་ཐིག་ལེ་བྱ།། ཁྲག་ལ་རྣམ་པ་གཉིས་ཡིན་ཏེ།། ཤི་བའི་ཁྲག་དང་གསོན་པོའི་ཁྲིག། ཤི་བའི་ཁྲག་གིས་བསད་པར་བསྟན།། གསོན་པོའི་རིག་ཏས་མཆོད་པར་བྱ།། འདི་ལ་དཀྱིལ་འཁོར་བྲི་མ་བྱ།། སྟ་རྣ་གྲུ་གསུམ་དག་ལ་བརྟེན་ཏེ་བྱ།། གསང་བ་ངན་སྔགས་ཚུལ་དུ་བསྟན།། དེ་ཕྱིར་དཀྱིལ་འཁོར་ཡོངས་མ་གསུངས། ། རྫས་ནི་རྣོལ་གྲིའི་ཐོད་པ་རུ།། ཁྲག་སྣ་རྙེད་ཚད་བླུག་པར་བྱ།། གྲུ་གསུམ་སྟེང་དུ་སྒྱིད་པུ་བཞག། དེ་སྟེང་རྣེལ་མོའི་ཐོད་ཁྲག་བཞག། ལེ་བརྒན་དར་གྱིས་ཁ་བཅད་ལ། ཐལ་ཆེན་རྒྱ་རྡབ་སོལ་རིས་བྲིས། སྔོན་དམར་གཟུངས་ཐག་ལྕགས་ཕུར་བརྟོད།། འབྱུང་བ་བཞིའི་མ་མོར་བསྒོམ། ཞེས་གསུངས་སོ།། བཅའ་ཐབས་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་པ། ཉོན་ཅིག་ལྷ་མོ་བདེ་བྱེད་མ། སྙིང་ཐུན་སྤུ་གྲི་བསྒྲུབ་འདོད་པས། དེ་བཞིན་ཉིད་དང་ཀུན་ཏུ་སྣང། རྒྱུ་ཡི་ཡི་གེ་ཧཱུ~ཾ་ཉིད་ལས། རང་ཉིད་ཡི་དམ་ལྷ་རུ་གསལ། རང་བཞིན་སྤྱན་དྲངས་བསྟིམ་ཕྱག་མཆོད། དེ་ནས་མདུན་དུ་ལྷ་མོ་ནི། དྲག་ལས་སྐུ་བསྐྱེད་ཉི་སྟེང་དུ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང། གཡས་ནི་ཙིཏྟ་གཡོན་སྦྱང་མོ།། ཐུགས་ལ་སྦྱང་མོ་འཕྲོ་བར་བསམ། དེ་ནས་རང་བཞིན་སྤྱན་དྲངས་ལ། ཨོཾ་ཨེ་ཀ་ཛ་ཊི་ས་མ་ཡ་ཛཿཧཱུ~ཾ་བཾ་ཧོ། ཐུགས་དམ་དབང་གིས་བྱོན་པར་བསམས། ས་མ་ཡ་ཏི་ཥྠ་ལྷན། བསྟན་ཞིང་བཞུགས་པར་རབ་ཏུ་བསམ། མ་མ་ཨེ་ཀ་ཛ་ཊི་ན་མོ། ལྷ་མོ་སྤྲོས་ལ་ཕྱག་འཚལ་བྱ། མ་མ་ཨེ་ཀ་ཤ་ཊི་ཨ་མྲྀ་ཏ་ས་མ་ཡ་ཏ། ཞེས་པས་དམ་ཚིག་བསྲེ་བར་བྱ། ཨེ་ཀ་ཤ་ཊི་ཨ་མྲྀ་ཏ་ཏི་ལི་རམ་པ་ཁའི། ཞེས་པས་བདུད་རྩི་དབུལ་བར་བྱ། ཨེ་ཀ་ཛ་ཊི་ཨི་དམ་བྷ་ལིང། གྷྲི་ན་པ་ཡ་སྭཱ་ཧཱ། རྨད་དུ་བྱུང་བའི་གཏོར་མ་དབུལ། མ་ཧཱ་རག་ཏ་ཏི་པ་ཧོ་སྭཱ་ཧཱ་=རག་ཏའི་ཨརྒྷ~ཾ་དབུལ་བར་བྱ། དེ་ནས་གང་འདོད་འཕྲིན་ལས་མངག། ཅེས་གསུངས་སོ།། འཕྲིན་ལས་རིམ་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་བདེ་བྱེད་ལྷ་མོས་གསོལ་པ། དཔལ་ལྡན་རང་བྱུང་རྒྱལ་མོ་ཡི། གསང་བའི་ངན་སྔགས་སྤུ་གྲི་ལ། བརྟེན་པའི་དམ་རྫས་ཅི་ལ་བགྱི། གསང་བའི་སྤུ་གྲི་ངན་སྔགས་རྣམས། རང་བྱུང་རྒྱལ་མོས་བཤད་དུ་གསོལ། དེ་ནས་ལྷ་མོས་བཀའ་སྩལ་པ། མ་མོ་བརྟེན་པའི་དམ་རྫས་ནི། རྣེལ་གྲི་མོའི་སྙིང་སྲོག་རྩ། དེ་ནི་འགུལ་ཁུག་བརྟག་ཏུ་བཅང། བདུད་རྩི་རག་ཏ་གཏོར་མ་དང། ཤ་ཆེན་ཞལ་ཟས་ཚིམ་ཆེན་སྤོས། དེ་དག་བརྟེན་པའི་རྫས་སུ་གསུངས། མ་མོ་རྒྱུ་བའི་དུས་ཉིད་དུ། གསང་པའི་དམ་རྫས་གཏོར་མ་བཏབ། དཔྱིད་ར་བཅུ་བཞིའི་ཉི་ཟེར་དང། དབྱར་ར་བཅོ་ལྔའི་ཟླ་ཟེར་དང། སྟོན་ར་བཅུ་དྲུག་ནམ་གུང་དང། དགུན་ར་བཅོ་བརྒྱད་ཉིན་གུག་སྟེ།། རྒྱུ་བའི་དུས་སུ་གཏོར་མ་གཏང། བསྙེན་པ་ཟླ་བའི་སྟོད་པ་སྟེ། དྲག་པོ་མར་ངོ་དག་ལ་བྱ། ཞེས་གསུངས་སོ། དང་མ་རྫས་དང་མ་མོ་རྒྱུ་བའི་དུས་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ། སྙིང་ཐུན་སྤུ་གྲིའི་གསང་སྔགས་ལ། གཙོ་མོའི་སྔགས་དང་འཁོར་གྱི་སྔགས།། གཙོ་མོའི་སྔགས་ལ་བོད་པ་དང། རྦད་པ་ལས་ལ་གཟུང་ཅིང་བསད། དེ་ལ་བོད་པ་བསྟན་པ་ནི། ཏྲག་རཀྵ་ཁ་མུན་ཏྲ། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་བྷྱོ། དེ་ནི་བོད་པའི་ངན་སྔགས་ཏེ། ཡིག་འབྲུ་བཅོ་ལྔ་ཤིན་ཏུ་གསང། ཏྲག་རག་ཤ་ས་མ་ཡ། གཙོ་མོ་རྦད་པ་ཡིག་འབྲུ་དྲུག། དེ་ནས་ལས་ལ་གཟུད་པ་དང། གསད་པའི་སྔགས་སུ་བསྟན་པ་ནི། དགྲ་པོའི་སྙིང་ལིང་རྦུད། ལས་ལ་གཟུད་དང་བསད་སྔགས་ཏེ། དེ་རྣམས་ཅིག་ཏུ་དྲིལ་ཏེ་བཟླས། དེ་ནས་མ་མོའི་འཁོར་གྱི་སྔགས། མ་མོ་སྟོང་གི་སྟོང་རྩ་བརྒྱུད་ནི། བོད་དང་རྦད་དང་བསད་པའོ། མ་མོ་སྙིང་ཁ་རག་སྙིང་ཁ་རག། མ་མ་རག་ཤ་མ་མ་རག་ཤ། རག་མོ་སྙིང་ཁྲག་ལ་མདུན་དུན། ཏྲག་རག་ཤ་ཡ་སྙིང་ལ་ཧེ་ཀེ་མ་མ་མ་རུ་ལུ་རུ་ལུ་བྷྱོ། ཁོག་དབུགས་རོལ་ཅིག། སྙིང་ཁྲག་ལ་ས་མ་ཡ་དམ་ཛཱ་ཛཱ། འཁོར་གྱི་མ་མོ་སྟོང་རྩ་བརྒྱད། སྙིང་ཁྲག་དག་ལ་བོད་པའོ།། སྙིང་རྩ་ཕྱང་ཤིག་མ་སྙིང་ཙིཏྟ་ལ་ཐུན། སྙིང་ཁྲག་ལ་མ་ཐུན། ཤི་ཏི་སྟ་མ་སྙིང་ལ་ཡང་མ་བྷྱོ། དེ་ནི་རྦད་པའི་གསང་སྔགས་སོ།། ལས་ལ་གཟུད་ཅིང་བསད་པ་ནི། མ་མ་ཤ་ཤ་མ་མ་རྡྷྲི་རྡྷྲིང་མ་མ་ས་མ་ཡ་དགྲ་བོ་ནི་མ་ར་ཡ་སོད་སོད། མ་ཙི་ཏ་ཛཱ་ལ་རམ། སྙིང། རྩ་ལ་རོལ། ཆུཾ་ཐུཾ་རི་ལི་ལི་མ་ལས་མྱུར་དུ་མཛོད་ཅིག། དེ་ནས་བཟླས་པའི་རིམ་པ་ནི། ཀུན་ཀ་དྲིལ་ལ་བཟླས་པའམ། ཡན་རིམ་པར་རྟགས་དང་ཡང་སྦྱར་ཞིང་རིམ་པར་རྟག་ལ་བཟླས། ཐོད་པའི་ནང་དུ་ཁྲག་དང་ནི། ལིང་ག་བརྩལ་ལ་གཞག་པར་བྱ། བྱ་རྒོད་སྒྲོ་རྩ་དག་ནས་བསྔགས། ཡང་ན་ཉུངས་ཀར་དག་ལ་བསྔགས། དེ་ནས་ཁྲག་ལ་བསྣུན་པར་བྱ། རྟགས་ཀྱི་རིམ་པ་བསྟན་པ་ནི། བུད་མེད་བྱུང་ན་དངོས་གྲུབ་འཕེལ། སྐྱེས་པ་བྱུང་ན་དགྲ་ལ་མྱུར། བཙུན་པར་བྱུང་ན་འཁོར་ལ་གཟན། བྱ་ནག་ལུག་གི་ཐུགས་དམ་བསྐང།། གལ་ཏེ་བྱིང་ཞིང་འཐིབས་པ་དང། ཁྱི་རུ་བྱུང་ན་ཉམས་ཆགས་ཡོད། མདོ་དང་བཤགས་པ་བྱ་བ་ཡིན། བུད་མེད་ཆས་བཟངས་བྱུང་བ་དང། མོན་མོར་བྱུང་ན་མ་ཉིད་དངོས། ལྟོགས་ཤིང་ཟ་སྙིང་འདོད་པ་ན། བྱ་ནག་ལུག་གིས་ཐུགས་དམ་བསྐང། དེ་ནི་བོད་པའི་དུས་སུ་བྱུང། དེ་ནས་དགྲ་རྟགས་བསྟན་པ་ནི། གཡག་ཏུ་བྱུང་ན་མྱུར་བ་ཡིན། རི་དགས་བྱུང་ན་དེ་བས་མྱུར། དངོས་སུ་བྱུང་ན་དེ་བས་མྱུར། རྩ་ར་ཇག་པ་བྱེད་པ་དང། དམག་དཔུང་ཆེ་དང་འགྲོགས་ན་བཟང། འཐབ་སྟེ་མཚོན་འཐུབ་བྱེད་ན་བཟང། རྦད་པའི་དུས་སུ་འབྱུང་བའོ། ཁྲག་ཁོལ་རླངས་པ་བྱུང་བ་དང། ལིང་ཀ་འགུལ་དང་ཙཏྟི་བྱུང། དེ་ནི་ཤིན་ཏུ་གྲུབ་པའི་རྟགས། བསད་པའི་དུས་སུ་ཤེས་རབ་བྱ། མ་གྲུབ་རྟགས་རྣམས་བསྟན་པ་ནི། བཙུན་མོ་ལྟ་བུར་བྱུང་ན་ངན། ཕར་ལ་ཕྱག་འཚལ་ཤིན་ཏུ་ངན། ལུག་དང་རྟ་རུ་བྱུང་ན་ངན། སྙིང་མི་དགའ་ཞིང་འགྲོ་སྙིང་འདོད། འདི་ནི་ངན་པའི་རྟགས་ཡིན་ཏེ། རང་ཉིད་ལྷ་ཡི་ང་རྒྱལ་བྱ། མ་ཉིད་བཀའ་ཉན་ཚུལ་དུ་བསམ། གོང་དུ་སྨོས་པའི་རྫས་ཀྱིས་བསྐང། ཞེས་གསུངས་སོ། གསང་སྔགས་དང་རྟགས་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་ནི། དེ་ལྟར་རྟགས་རྣམས་བྱུང་བ་དང། དེ་ནས་སྔགས་འདི་རབ་ཏུ་བཟླས། ཨོཾ་བཛྲ་ད་ར་ལི་བ། བཛྲ་སྙིང་འགོ་ཆོད་ཅིག། ཁ་ལ་ས་མུན་ད་ལོ། དུན་སྙིང་ད་ར་ཡ་རྦད། ཨོཾ་བཛྲ་ཁྲག་ཏི་སྣར་མ་རྦད། ཨོཾ་བཛྲ་རྩ་ཏུ་ཀྲི་ཏ་ར་རྦད། ཨོཾ་བཛྲ་ཤུ་ཏྲི་ད་ར་ཏི་ཡ་བཛྲ་ཧཱུ~ཾ་ཕཊ། རྦད་དུ་རྦད་དུ། རྦད་པུ་རྦད་པུ། ད་ར་ཀ་ཡ་སྟིམ་བི་ཤི་སྟ་ས་མ་ཡ། སྙིང་དང་ལིང་ག་དག་ལ་ཡང། ལྕགས་ཕུར་སྦས་པའི་མ་མོར་བསམ། སྔགས་དེ་བཟླས་ལ་གདབ་པར་བྱ། དེ་ནས་སྙིང་དང་ལིང་ག་ཡང། གཏུབ་ཅིང་སྦྱིན་སྲེག་རབ་ཏུ་བྱ། དུག་ཤིང་ཧོཾ་ཁུང་ནང་དུ་གཟུགས། ལིང་ག་གཏུབས་ལ་བསྲེག་པར་བྱ། མེ་སྦར་མ་མོ་ཉིད་དུ་བསམ། གོང་གི་སྔགས་རྣམས་དྲིལ་ལ་བཟླས། ཞལ་དུ་སྲེག་ཅིང་དབུལ་བར་བྱ། དེ་ནས་ཐལ་བ་རླུང་ལ་བསྐུར། ཡང་ན་ཐེམ་པའི་འོག་ཏུ་མནན། དགྲ་བོའི་ཡུལ་དུ་ཁ་བལྟས་ལ། ནག་པོའི་རྒྱན་ཆ་རབ་གོན་ལ། ཐུན་ལམ་བསལ་ལ་གཏོར་མ་དང། ཐོད་པའི་ཐུན་ཁྲག་འཕང་བར་བྱ། སྤྱི་ཡི་རྒྱུན་ནས་བྱུང་བ་ཡི། བསྟོད་དང་བསྐུལ་བ་རབ་ཏུ་བྱ། དེ་ཡི་དམིགས་པ་རླག་པར་འགྱུར། ཞེས་གསུངས་སོ། ལས་ཀྱི་མཐའ་བརྟུལ་གྱི་ལེའུ་དྲུག་པའོ།།།། དེ་ནས་ལྷ་མོ་བདེ་བྱེད་མས་ཡང་ཞུས་པ། རང་བྱུང་རྒྱལ་མོ་སྲིང་པའི་བདག། ཉིད་ཀྱི་སྤུ་གྲིའི་དོན་བཤད་ན། ཉིད་ཀྱི་ལྟས་ངན་དབབ་པ་དང།། སེར་བ་དབབ་ན་ཇི་ལྟར་དབབ།། ཅེས་ཞུས་པས།། རང་བྱུངརྒྱལ་མོས་བཀའ་སྩལ་པ།། མཎྜལ་གོང་ལྟར་སྐྱངནུལ་བྱ། དབུས་སུ་འབྲུ་ནག་ཟན་ཉིད་ལ། མ་མོའི་གཟུགས་ཉིད་རབ་ཏུ་བྱ། མཐའ་ལྟར་ལྟས་ངན་གང་འདོད་གཟུགས། བསྐོར་ལ་ཏྲག་ཏྲག་ཀུར། ལན་གྱིས་ལྟས་ངན་འབེབས་པར་དབང་བསྐུར་བྱ། དེ་ནས་གསང་སྔགས་འདི་ཡིས་བསྒྲུབ། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་བྷྱོ། ཡཾ་ཀིང་ཤཾ་ལིང། མ་ཤ་ཛ་མི་ཤ་དུ་ན་ཛ་ཕོབ་ཡ། ཏྲག་ཧེ་ཧེ། མ་དུན་རྩེ་ཡ། ཀྲཾ་ཀྲཾ་ཕྲི་ལ་དུན་ཙེ་ཡ། ཀྱེང་ཀྱེང་ཕོ་ཡ། འུར་འུར། ཏྲབ་ཏྲབ། ཐིབ་ཐིབ། ཀིང་ཀིང། དུན་དུན་ཕོ་བ་ཡང། ཙི་ཕོ་པ་ལི། དུར་ཡག་ཤི། དུ་དུ་སྲི་ལ་དུན་ཙེ་ཕོབ་ཡ། རྒྱ་ཡ་ཡ་ཕོབ་ཡ། དེ་སྐད་ཅེས་ནི་རབ་བཟླས་ཏེ། རང་གི་གནས་སུ་བྱུང་བ་དང། དགྲ་ལ་རྫས་བསྟན་བསྐུལ་ཞིང་རྦད། བསྐུལ་བརྒྱུད་གཞན་དག་གནས་སུ་ཤེས། གྲུབ་ནས་རྫས་རྣམས་ལུས་ལ་བསྲེལ། གང་འདོད་ལས་སུ་གཏོར་བ་ན། ལྟས་ངན་རབ་ཏུ་འབྱུང་བར་འགྱུར། དེ་ནས་སེར་བ་དབབ་པ་ནི། ཉུངས་ཀར་ཡུངས་ནག་དག་ལ་ཡང། སྔགས་བཟླས་ལ་དགྲ་ཡུལ་གཏོར། དུད་ཕྲོ་ཀར་ཕྲོ་ཤུ་ཏི་ཕྲོ། ཡུ་ག་ཏི་སྨིན་ཏྲག་ཏུ་ཙར། ཤ་ར་ཤལ་ཏ་ཕོབ། ཏྲཾ་ཏྲཾ་ཕོབ། དྲག་ཏུ་ཕོབ་སྔ་མའི་སྔགས་ཀྱི་འཇུག་ཏུ་གདགས། ཡུལ་ལྷ་གཟིར་ཞིང་མ་མོ་རྦད། དེ་ཡིས་ཆུ་འཁྱགས་འབྱུང་བར་འགྱུར། ཞེས་གསུངས་སོ། ལས་ཀྱི་ཁ་ཚར་གྱི་ལེའུ་སྟེ་བདུན་པའོ།།།། དེ་ནས་རང་བྱུང་རྒྱལ་མོ་ལ། བདེ་བྱེད་མས་བསྟོད་པ་ནི། ཨེ་མ་ཧོ། གསང་སྔགས་བསྲུངས་མ་དམ་ཚིག་ཅན། ཉིད་ཀྱི་ཡོན་ཏན་བསམ་མི་ཁྱབ། ཐུགས་རྗེས་འགྲོ་བའི་དོན་མཛད་མ། རང་བྱུང་རྒྱལ་མོ་ཁྱོད་ལ་བསྟོད། ཅེས་བསྟོད་པ་དང། རང་བྱུང་རྒྱལ་མོས་བཀའ་སྩལ་པ་ནི། ལྷ་མོ་བདེ་བྱེད་མ་ཉོན་ཅིག། ངའི་རྒྱུད་འདི་ནི་རྒྱུད་ཐམས་ཅད་ལས་ཁྱབ་པར་འཕགས་པ་སྟེ། ཤིན་ཏུ་གསལ་བ་སྒྲུབ་ཐག་ཉེ་སྟེ། སྲོག་གི་ཡང་སྙིང་ཟློས་པའི་ཕྱིར། ངན་སྔགས་ཀྱི་རྒྱུད་སྤུ་གྲི་བྱ་བར་ཟུང་ཞིག། ངའི་རྒྱུད་ཇི་ཙམ་བསྟན་ཀྱང་འདི་ལས་ཟབ་པ་མེད་ལ། རྒྱུད་འདི་གང་ཡོད་ས་ན། རང་བྱུང་རྒྱལ་མོ་ང་ཉིད་ཡོད་ཤེས་པར་བྱའོ།། ཞེས་བཀའ་སྩལ་ཏེ། མི་སྣང་བར་གྱུར་ཏོ། རྒྱུད་གཟུང་བའི་ལེའུ་སྟེ་བརྒྱད་པའོ། །།། ཨེ་ཀ་ཛ་ཊི་གསང་བ་སྤུ་གྲིའི་རྒྱུད་ངན་སྔགས་སུ་ཕྱུང་བ། མན་སྔགས་ཀྱི་རྒྱུད་ཆེན་པོ་རྫོགས་སོ།།།། ས་མྲ་ཐ་སཾ་ཐརྒ་དུ་ཤ་ཤཾ་ཐམསཿ། !་རྒྱུད་འདི་མན་ངག་གི་རྒྱུད་ཡིན་པས། འདི་ལ་སྒྲུབ་ཐབས་མེད་ཀྱང། འདི་ཁ་ལྟར་ཉམས་སུ་བླང་དུ་བཏུབ་པ་ཡིན་ནོ།། འདི་ལ་བསྐུལ་བ་དང། བསྟོད་པ་དང། བཅུན་སྔགས་དང། གནད་ལ་དབབ་པ་དང། སྐུ་སྔོན་དུ་དབྱུང་བ་རྣམས། སྲོག་ཐིག་ལ་སོགས་པ་བསྒྲུབ་པ་རྣམས་ནས་ཁ་བསྐང་ལ་ཉམས་སུ་བླང་ངོ།། སྤྱིར་གུ་རུ་དེ་བ་ཙན་དྲས་བདག་ལ་ཇི་ཙམ་པའི་སྔགས་སྲུངས་བསྟན་ཀྱང། འདི་ལས་ཟབ་ཅིང་བསྒྲུབ་ཐག་ཉེ་བ་མེད་དེ། སུ་ལའང་སྦྱིན་པར་གཏེར་དུ་སྦས་སོ། ཧ་ཅང་གྱུར་པས་ཁ་བྱང་རྣམས་སུ་ཡོངས་མ་བསྟན་པར་བཞག་པས། ཉམས་སུ་འདི་ལྟར་བླང་ངོ།། དམ་ཚིག་ཅན་གྱི་བཙས་སུ་བཞག་པའོ།། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། ངན་སྔགས་སྤུ་གྲི་རྒྱུད་ཀྱི་མན་ངག་འདི། ཀུན་ལ་མ་བྱིན་གཏེར་དུ་འདི་སྦས་པས། ལས་འཕྲོ་ཅན་དང་འཕྲད་ནས་ཀྱང། བསྟན་པ་དར་ཞིང་རྒྱས་པར་སྨོན། གུ་རུ་དེ་བ་ཙན་དྲས་རྡོ་རྗེ་གདན་གྱི་བྱང་ངོས་ནས་བྲག་ཕུག་རང་འཁྲུངས་ནས་བཏོན་ནས་བདག་ལ་གནང་བའོ། ས་མ་ཐཿ་ཡང་དབེན་འཕྲུལ་གྱི་གཏེར་ཁ་ལ། ཁྱད་པར་གྱི་རྒྱུད་དགུའི་འདི་གཅིག་ཡིན། འདི་ལ་ཡང་དྲུག། སྤུ་གྲི་སྔ་མ། དྲག་སྔགས་འདུས་པ་ཕྱི་མ། ཕྱི་མའི་ཕྱི་མ་སྲིད་པ་འཁོར་ལོ། ཨེ་ཀ་ཛ་ཊི་གསང་བ་ཡང་སྙིང་འདུས་པའི་རྒྱུད། མ་ཚང་བ་ཁ་བསྐོངས་པ། གཞན་ཡང་སྤྱང་རྒྱལ་གྱི་རྒྱུད་སྔ་མ་ཟབ། གཞན་མཚོན་པ་ཙམ། སྲོག་ཏིག་དང། དྲང་ཀུན་ཡང་མ་ཚང་བ་ཁ་སྐོང་བའོ། ཨྠི+ྀ་ས་མ་ཐ་ན་དྲ་ཐཿ། རྒྱ་གར་སྐད་དུ། ཨེ་ཀ་ཛ་ཊི་མ་ཧཱ་གུ་ཧྱ་ཀ་ཏི་ནཱ་མ་ཏན་ཏྲ། བོད་སྐ་དུ། ཨེ་ཀ་ཛ་ཊི་གསང་བ་སྤུ་གྲིའི་མན་སྔག་ཏུ་བསྟན་པའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། འདི་སྐད་བསྟན་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད། རང་བཞིན་གྱི་གནས་ན། ཡེ་ཤེས་དང་ལས་གྲུབ་པ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་དེའི་དུས་ན། སྔགས་ཀྱི་བསྲུངས་མ་ཨེ་ཀ་ཛ་ཊིས་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས་སོ། དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་གསོལ་བ། ཨེ་མ་ཧོ། བཅོམ་ལྡན་འདས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དོན་དུ། ཨེ་ཀ་ཛ་ཊི་སྤུ་གྲི་སྒྲུབ་པའི་དོན་རྣམས་རིམ་པར་མ་གབ་མ་དཀྲུགས་པར་བཤད་གསོལ། ཞེས་གསོལ་པས། ཧེ་རུ་ཀ་དཔལ་ཉིད་ཀྱིས་བཀའ་སྩལ་པ་མ་ཨིསསིང་མ་ཨིསསིང་མ་ཨིསསིང་དང་ཐེམ་ཡིག་ལྟར་བཟླས་སོ། ། །།རྒྱ་གར་སྐད་དུ། ཏི་ལ་ཙཀྲ་ཨུ་པ་དེ་ཤ་ནཱ་མ་ཨེ་ཀ་ཛ་ཏི་ཏ་ནྟྲ། བོད་སྐད་དུ། ཨེ་ཀ་ཛ་ཏི་སྲིད་པའི་འཁོར་ལོ་མན་ངག་གི་རྒྱུད་ཅེས་བྱ་བ། དཔལ་ཧེ་རུ་ཀ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཧེ་རུ་ཀས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་དང་ཐབས་ཅིག་ཏུ་བཞུགས་ཏེ། རང་བཞིན་གནས་གསང་པའི་མཆོག་ཆེན་པོ་ན་སྲིད་པའི་མ་མོ་ཐམས་ཅད་འདུལ་པའི་ཏུང་ངེ་འཛིན་ཏུ་ཞུགས་ཏེ་བཞུགས་སོ།། དེའི་ཚེ་དེའི་དུས་ན། སྔགས་ཀྱི་བསྲུངས་མ་ཨེ་ཀ་ཛ་ཏི་ཡང་བཀའ་ཉན་པའི་སེམས་ཀྱིས་རབ་ཏུ་བཏུད་དེ། འདི་ལྟ་བུའི་སྲོག་གི་སྙིང་པོ་ཡང་ཕུལ་ལོ། ཏྲག་རག་ཤ་ཁ་མུན་ཏྲ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་བྷྱོ། ཞེས་ཕུལ་ཏེ། བསྟན་པ་བསྲུང་བའི་དམ་ཚིག་དང་ལྡན་པར་བྱས་སོ། སྲིད་པའི་འཁོར་ལོ་ལས། གླེང་གཞིའི་སྐབས་དེ་དང་པོའོ།།།། དེ་ནས་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ། སྔགས་བསྲུངས་ཨེ་ཀ་ཛ་ཏི་ལ། སྲིད་པ་འཁོར་ལོའི་མན་ངག་རྣམས། བསྟན་པ་གཉན་ཕྱིར་བཤད་དུ་གསོལ། ཅེས་གསོལ་པས། བཅོམ་ལྡན་འདས་དཔལ་ཆེན་པོས་བཀའ་སྩལ་པ། ཉོན་ཅིག་དཔལ་ལྡན་གསང་བའི་བདག། སྔགས་བསྲུངས་ཨེ་ཀ་ཛ་ཏི་ནི། སྲིད་པའི་འཁོར་ལོ་དག་ལ་ཐུག། ང་ཡི་བཤད་ཀྱིས་ཡིད་ལ་ཟུང། སྲིད་པའི་འཁོར་ལོ་ལ་ཡང་གསུམ། ཕྱི་དང་ནང་དང་གསང་བར་འདུས། མ་མོ་ཕྱི་ལྟར་འཁོར་ལོ་ནི། མ་མོའི་གཟུགས་བྱས་ཡི་གེ་བཅུ་གསུམ་བསྐོར། ནང་ལྟར་བསྟན་པ་ཐོབ་པ་ཡི། ནང་དུ་ཡི་གེ་བཅུ་གསུམ་བྲི། གསང་བ་ལྟར་ནི་བདག་ཉིད་དཔལ། ཧེ་རུ་ཀ་ཉིད་ང་རྒྱལ་ལས། མདུན་ན་མ་མོ་གནས་པ་ཡི། ཐུགས་ཀར་ཡི་གེ་བཅུ་གསུམ་ལས། མ་མོའི་སྲོག་ཉིད་བདག་སྡུད། དེ་ལྟར་ལར་དོན་དང་ལྡན་པར་བྱ། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། གླེང་བསླང་བ་དང་ཞུས་ལན་སྐབས་ཏེ་གཉིས་པའོ། །།། དེ་ནས་དཔལ་ཆེན་ཧེ་རུ་ཀ་ལ། གསང་བ་ཡི་ནི་བདག་པོ་ཡིས། གུས་དང་བཅས་པས་འདི་སྐད་གསོལ། དེ་ལྟར་ཕྱི་ནང་གསང་བའི་དོན། ཤིན་ཏུ་རྒྱས་པར་བདག་ཉན་འཚལ། དཔའ་བོ་ཆེན་པོས་བཤད་དུ་གསོལ། ཞེས་གསོལ་ཏོ། དེ་ནས་དཔའ་པོ་ཆེན་པོས་བཀའ་སྩལ་པ། སྲིད་པའི་འཁོར་ལོ་ཕྱི་ནང་གསང། དེ་ལ་ཕྱི་ལྟར་སྐོར་བ་ནི། གྲི་མོར་ཤི་བའི་ཞིང་ཆེན་ལ། སྔགས་སྲུངས་ཨེ་ཀ་ཛ་ཏིའི་གཟུགས། འཁོར་ལོ་བརྒྱད་ལྡན་བྲི་བར་བྱ། མུ་ཁྱུད་ཟླུམ་པོ་ཐོད་འཕྲེང་བསྐོར། སྦྱི་བོར་གཤན་ཡིག་མགྲིན་པར་ཏྲག། ཤར་དུ་ཤ་དགོད་བྱང་དུ་ཏྲ། ནུབ་ཏུ་མུན་དང་ཤར་ལྷོར་རག། བྱང་ཤར་མུ་དང་ནུབ་བྱང་ཁ། ལྷོ་ནུབ་ཏྲ་སྟེ་དབུས་སུ་ཧཱུ~ཾ། རུ་ནི་རྐང་གཡས་ནི་གཡོན་དགོད། ལག་གཡས་བྷྱོ་བྲི་གཡོན་པར་མིང། དེ་བཞིན་བྲི་བར་ང་ཡིས་བཤད། དེ་ཡི་དོན་ཉིད་འདི་ལྟར་བརྟགས། ཧཱུ~ཾ་ནི་སྡུད་པའི་ས་བོན་ཏེ། ཀྵན་ནི་མ་ནོར་རྒྱུ་བའི་སྔགས་ཀྱིས་དག་ཀྱང་བྲལ་པར་བྱའོ། ཨེ་ཀ་ཛ་ཏི་ཤིན་ཏིང་ཀུ་རུ་ཡེ་སྭཱ་ཧཱ། པ་ཤཾ་ཀུ་རུ་སྭཱ་ཧཱ། པུ་ཤྟིཾ་ཀུ་རུ་སྭཱ་ཧཱ། དགྲ་བོ་ཆེ་གེ་མོ་མ་ར་ཡ་ཕཊ། ཅེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། ཕྱི་ལྟར་གནད་ལ་དབབ་པའི་སྐབས་ཏེ་གསུམ་པའོ། དེ་ནས་གཞན་ཡང་བཤད་བྱ་བ། མ་མོ་ཨེ་ཀ་ཛ་ཏི་ལ། ནང་ལྟར་བསྟན་པའི་གནད་ཉིད་ལ། རྣོལ་གྲི་མོ་ཡི་ཐོད་པ་ལ། པདྨའི་རག་ཏས་ཡི་གེ་ནི། བཅུ་གསུམ་པ་ཉིད་བྲི་བར་བྱ། དེ་ཡི་དགོས་པའི་དོན་ཉིད་ནི། མ་མོ་ཐུགས་ཀྱི་རང་བཞིན་ཀྱང། ཐོད་པ་ཉིད་ལ་འཆགས་པར་འགྱུར། ཆགས་ནས་དམ་ཚིག་འདའ་མི་བྱེད། དེ་ཕྱིར་ནང་ལྟར་གནད་ལ་དབབ། གསང་ལྟར་གནད་ལ་དབབ་པ་ནི། ཏིང་ངེ་འཛིན་གྱི་རིམ་པ་སྟེ། བདག་ཉིད་ཡི་དམ་ལྷར་གསལ་བས། མདུན་དུ་མ་མོ་ཏྲག་ལས་བསྐྱེད། རང་བཞིན་སྤྱན་དྲངས་རྫོགས་པ་དང། མཆོད་པ་དབུལ་ཞིང་བཟླས་པ་བྱ། དེ་ཡི་ལས་རྣམས་མ་གྲུབ་ཅིང། འཁུ་ལྡོག་དམ་ལས་འདའ་འགྱུར་ན། གསང་བའི་དོན་ཉིད་འདི་བྱའོ། བདག་ཉིད་དཔལ་གྱི་ཐུགས་ཁ་རུ། ཧཱུ~ཾ་ལས་སྔགས་ཀྱིས་བསྐོར་བར་བསམ། དེ་ལས་འོད་ཟེར་ཞལ་ནས་བྱུང། མདུན་གྱི་མ་མོའི་སྙིང་ཁར་ཐིམ། སྔོན་གྱི་ཐ་ཚིགས་དྲན་པར་བྱས། དེ་ལས་འོད་ཟེར་ཚུར་འདུས་པས། མ་མོའི་སྲོག་གི་དང་མ་བསྡུས། རང་དབང་མེད་པར་བདག་ལ་འདུས། བདག་གིས་མ་མོ་དབང་འདུས་ནས། མ་མོའི་སྲོག་སྙིང་བདག་ལ་ཐིམ།། དེ་ལྟ་བུའི་དོན་ལྡན་ན།། མ་མོ་བཀའ་ལས་འདའ་མི་བྱེད། དེ་ལྟར་འོད་ནི་འཕྲོ་བ་ཡང། ཁ་དོག་འཕྲིན་ལས་བཞི་དང་སྦྱར།། ཞི་བ་འདོད་ནི་དཀར་པོ་འཕྲོས། མ་མོ་གདུག་རྩུབ་ཞི་བར་བསམ། ཚུར་འདུས་འོད་ཟེར་སོར་པོར་བསྡུས།། བདག་ཉིད་ཚེ་དང་དབང་ཐང་རྒྱས། དབང་ལ་འོད་ཟེར་དམར་པོར་འཕྲོས། བདག་ཉིད་དཔལ་གྱི་བཀའ་ཉན་བསམ། དེ་ནས་འོད་ཟེར་ནག་པོར་འཕྲོས། གང་འདོད་དགྲ་བོ་སྒྲོལ་བར་བསམ། ཚུར་འདུས་ཚེ་དང་བཀྲག་མདངས་བསྡུས། བདག་ཉིད་དཔལ་དང་ལྡན་པར་བསམ།། དེ་ལྟར་མ་མོར་སྣང་བ་ཡང། རང་གི་བྱང་ཆུབ་སེམས་ཉིད་ཀྱི། ཆོ་འཕྲོས་དག་ཏུ་མཁས་པས་བརྟག། མ་མོ་ལུས་དང་གྲིབ་མ་འདྲ། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། མ་མོ་ནང་དང་གསང་བ་ལྟར་གནད་ལ་དབབ་པའི་སྐབས་ཏེ་བཞི་པའོ།།།། དེ་ནས་ཡང་གསང་བདག་གིས་གསོལ་བ། མ་མོ་ཨེ་ཀ་ཛ་ཏི་ནི། སྒྲུབ་པར་འདོད་པའི་རྣལ་འབྱོར་པས། མ་མོ་སྦྲང་མ་ཆགས་པ་ལྟར། མི་འདུ་བའི་དབང་མེད་པའི། བཀྲ་ཤིས་འཁོར་འཕེལ་ཟོར་གྱི་ལས། རིམ་པར་བདག་ལ་བཤད་དུ་གསོལ། དེ་ནས་དཔལ་གྱིས་བཀའ་སྩལ་བ། མ་མོ་སྔགས་བསྲུངས་འདུ་འདོད་ན། རས་ལ་མ་མོའི་སྐུ་གཟུགས་བྲི། དབེན་པའི་གནས་སུ་བཞག་བྱས་ཏེ། བྷ་ལིང་གཏོར་མ་རྟ་རུ་གཟུང། རྣེལ་གྲི་མོ་ཡི་ཐོད་པ་རུ། རཀྟས་འཕྲིན་ལས་རྣམ་བཞི་བྲི། གྲི་མོའི་སྙིང་སྲོག་རྩ་དང་བཅས། དར་གྱིས་གྲིལ་ནས་ཐོད་པར་བཞག། རྣལ་འབྱོར་རང་གི་སྤྱོད་ཡུལ་ལས། གཞན་གྱིས་ནམ་དུའང་མཐོང་མི་བྱ། སྲོག་གི་ཡང་སྙིང་རྒྱུན་དུ་དྲང།། དོན་གྱི་རྩ་བ་དམ་ཚིག་བསྲུང། མ་མོ་གལ་ཏེ་གཡེལ་བ་དང། དམ་ལ་མི་གནས་གྱུར་པ་དང། སྲིད་པའི་འཁོར་ལོ་བསྒོམ་པར་བྱ། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། མ་མོ་གར་སྤྱིན་ལ་སྦྲང་མ་འདུ་བ་ལྟར་མི་འདུ་བའི་དབང་མེད་པའི་སྐབས་ཏེ་ལྔ་པའོ། །།། དེ་ནས་གཞན་ཡང་གསང་བདག་ཉོན། སྔགས་སྲུངས་འདི་རྣམས་འཐོན་ཏེ། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། མ་མ་ཨཱ་ཡུ་ཛྙཱ་པུཤྟི་ཀུ་རུ་སྭཱ་ཧྭཱ། དེ་བཟླས་བདག་ཉིད་འཁོར་དང་བཅས། ཚེ་དང་ཡེ་ཤེས་རྒྱས་པར་ཡང། འཕྲིན་ལས་བཅོལ་ཞིང་མཆོད་པར་དབུལ། མ་མ་ཨོཾ་ཙོ་ཏི་ཙོ་པུ་ཥྟིཾ་ཀུ་རུ་སྭཱ་ཧཱ། མ་མ་པ་ཤ་པུཥྟིཾ་ཀུ་རུ་སྭཱ་ཧཱ། མ་མ་ད་མ་སཾ་པོ་པུཥྟིཾ་ཀུ་རུ་སྭཱ་ཧཱ། གོང་མའི་རྒྱུན་ལ་རྟགས་ཏེ་བཟླས།། བཀྲག་དང་གཟི་མདངས་རྒྱས་པ་དང། དབང་ཐང་ཆུང་སྲིད་རྒྱས་པ་དང། འཁོར་དང་ལོངས་སྤྱོད་འཕེལ་རྒྱས་དང། ཚེ་དང་ཡེ་ཤེས་རྒྱས་པར་འགྱུར།། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། རྣལ་འབྱོར་བཀྲ་ཤེས་པར་བྱ་བའི་སྐབས་ཏེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། མ་མོ་སྔགས་བསྲུངས་འཕྲིན་ལས་བདག། བསྟན་པ་བསྲུང་བའི་བདག་ཚིག་ཅན། ། སྒྲུབ་པར་འདོད་པའི་རྣལ་འབྱོར་པས། ལས་ཀྱི་མཐའ་བརྟུལ་ཟོར་གྱི་བྱ།། དེ་ཡི་རིམ་པ་བསྟན་པ་ནི། བསྒྲུབས་ནས་ཐུན་ཁྲག་རྟགས་བྱུང་ན། གཟས་པའི་ཕྱོགས་སུ་ཁ་བལྟས་ལ། ཆང་གིས་རབ་ཏུ་གཟི་མདངས་བསྐྱེད། གོས་ནག་གྱོན་ལ་ཐུན་གཏོར་ཐོགས།། ཐུན་ལམ་བསལ་ལ་དཔང་ཡང་གཟུགས།། སྔགས་རྣམས་དྲིལ་ལ་འཕང་པར་བྱ། ཐོད་པ་པུབ་ན་ཤིན་ཏུ་བཟང། དེ་ཡི་དུས་སུ་བསྐུལ་བྱས་ཏེ། མཇུག་ལ་འདི་དག་ཚིག་ཀྱང་གདགས། བསྟན་པ་བཤིག་པའི་དགྲ་བོ་འདི། སྙིང་གི་དཀྱིལ་དུ་ཁྲག་མདའ་ཡ། གོང་གི་ཕུ་ལ་ཁྲག་མདའ་ཡ།། སྟེང་གི་ཁྱོ་ལ་ཁྲག་མདའ་ཡ། འོག་གི་ཆུང་ལ་ཁྲག་མདའ་ཡ། མཆན་གྱི་བུ་ལ་ཁྲག་མདའ་ཡ། སྒོ་ཡི་ནོར་ལ་ཁྲག་མདའ་ཡ། ཡུལ་མཁར་ཁྱིམ་ལ་ཁྲག་མདའ་ཡ།། རྩ་བརྒྱུད་བཅས་པ་རྡུལ་དུ་རློགས།། ཅེས་པ་བརྗོད་ཅིང་དྲག་ཏུ་འཕང།། རང་ཉིད་ཁྲོས་པའི་ཐབས་སུ་བྱ། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། ། ཟོར་གྱི་སྐབས་ཏེ་བདུན་པའོ།།།། དེ་ནས་དཔལ་ཆེན་པོས། གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཀྱེ་གསང་བའི་བདག་པོ།། སྤྱིར་ཨེ་ཀ་ཛ་ཏིའི་རྒྱུད་ཇི་ལྟར་མང་དུ་བསྟན་ཀྱང། པས། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས། བཀྲ་ཤིས་ཤིང་བསྟན་པ་བསྲུང་པའི་དོན་དུ་རྒྱུད་འདི་ཡོངས་སུ་གཟུང་བར་བྱའོ།།།། ཞེས་གསུངས་སོ། སྲིད་པའི་འཁོར་ལོ་ལས། རྒྱུད་ཡོངས་སུ་བཟུང་པའི་སྐབས་ཏེ་བརྒྱད་པའོ།།།། ཨེ་ཀ་ཛ་ཏི་སྲིད་པའི་འཁོར་ལོ་མན་ངག་གི་རྒྱུད་ཅེས་བྱ་བ། ཤིན་ཏུ་གསང་བ་མན་ངག་གི་རྒྱུད་རྫོགས་སོ།།།། སློབ་དཔོན་རུམ་བུ་གུ་ཡ་ལས་ཞུས་ཏེ། གུ་རུས་དང་པོ་མ་གནང་བ་ལ། མཁའ་འགྲོ་དང་ཡི་དམ་ལྷས་ལུང་བསྟན་ཏེ། མནྚལ་ལ་གསེར་སྲང་གསུམ་བཀྲམ་སྟེ། བདག་གི་སྲིད་པའི་འཁོར་ལོ་མེད་ན་བསྟན་པ་ཇི་ལྟར་བསྲུངས་ཨེ་མ་ཧོ། ཞེས་མཆི་མ་ཕྱུང་པས། འུང་ནས་བདག་ལ་གུ་རུས་གནང་ངོ།། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། བླ་མ་མཉེས་བྱས་རྒྱུད་འདི་གནང། ཀུན་ལ་མ་སྤེལ་གཏེར་དུ་སྦ།། དམ་ཚིག་ཅན་དང་འཕྲད་པར་ཤོག། ། སམཐནད།།།། རྒྱ་གར་སྐད་དུ། ཨེ་ཀ་ཛ་ཏི་ཅིཏྟ་ས་མན་ཏནྟྲ་ནཱ་མ།། བོད་སྐད་དུ། ཨེ་ཀ་ཛ་ཏི་ཡང་སྙིང་འདུས་པའི་རྒྱུད་ཅེས་བྱ་བ། དཔལ་ཡ་མན་ཏ་ཀ་རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། འདི་སྐད་བསྟན་པའི་དུས་ན། དཔལ་ཡ་མན་ཏ་ཀ་རྡོ་རྗེ་ཧེ་རུ་ཀའི་འཁོར་ན།། མ་མོ་ཨེ་ཀ་ཛ་ཏི་བཀའ་སྙན་པའི་རང་བཞིན་རྣམ་པས་དྲུང་དུ་འཁོད་པར་གྱུར་ཏོ། དེ་ནས་དཔལ་ཕྱག་ན་རྡོ་རྗེས། དཔལ་ཡ་མན་ཏ་ཀ་རྡོ་རྗེ་ཧེ་རུ་ཀ་ལ་གསོལ་པ། བཅོམ་ལྡན་འཇམ་དཔལ་ཁྲོ་བོ་ཉིད། སྔགས་བསྲུངས་ཨེ་ཀ་ཛ་ཏི་ཡི། མཚན་གྱི་དོན་དང་ངོ་བོ་ཉིད། ཡང་སྙིང་འདུས་པ་ཇི་ལྟར་ལགས། ཅེས་གསོལ་པས། དཔལ་ཡ་མན་ཏ་ཀས་བཀའ་སྩལ་པ། སྔགས་བསྲུངས་ཨེ་ཀ་ཛ་ཏི་ནི། ཨེ་ནི་ཆོས་དབྱིངས་རང་བཞིན་ཏེ། ཀ་ནི་འཕྲིན་ལས་བདག་མོ་ཡིན། ཛ་ནི་འགུགས་བྱེད་ཕོ་ཉ་མོ། ཏི་ནི་དཔལ་གྱི་བཀའ་ཉན་གཟུགས། དོན་གྱི་ངོ་བོ་སྐྱེ་མེད་ཉིད། ཅེས་གསུངས་སོ། ཨེ་ཀ་ཛ་ཏི་དོན་བསྟན་པའི་ལེའུ་སྟེ་དང་པོའོ། །།། དེ་ནས་གཞན་ཡང་བཀའ་སྩལ་བ། ཡང་སྙིང་འདུས་པ་འདི་ལྟ་སྟེ། ཏྲག་རག་ཤ་མ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། ཞེས་པའོ། དེ་ནི་སྲོག་གི་ཡང་སྙིང་སྟེ། ཐམས་ཅད་འདུས་པས་འདུས་པའོ། དེ་ནི་བསྒྲུབ་ཐག་ཤིན་ཏུ་ཉེ། དེ་ལྟར་ཉེ་བར་གྱུར་ཀྱང་ནི། སྲོག་གི་སྙིང་པོ་མེད་གྱུར་ན། མ་མོ་ཉེ་ཡང་ལས་ཚན་ཆུང། དེ་ཕྱིར་སྔོན་དུ་སྲོག་གི་ནི། སྙིང་པོ་སུམ་ཅུ་རྩ་གསུམ་ཟླས། དེ་བཟླས་ཤིན་ཏུ་ཚན་ཆེ་སྟེ། སྲིད་པ་གསུམ་ཡང་འདུལ་བར་བྱེད། ཏྲག་རག་ཤ་ཁ་མུན་ཏྲ། མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། རག་མོ་ཏེ་ཀེ་མ་ཛ་ཛ་ཁ་ལ་མ་ཧི་བྷྱོ། རུ་ལུ་རུ་ལུ་མ་ཧིང་བྷྱོ། དེ་ནི་སྲོག་གི་སྙིང་པོ་ཉིད། ། མ་མོ་གནས་ནས་གཡོ་པའོ།།།། ཞེས་གསུངས་སོ།། ཨེ་ཀ་ཛ་ཏིའི་སྲོག་གི་ཡང་སྙིང་དང་སྙིང་པོ་བསྟན་པའི་ལེའུ་སྟེ་གཉིས་པའོ། དེ་ནས་ཡང་ཕྱག་ན་རྡོ་རྗེས་གསོལ་པ། མ་མོའི་སྲོག་གི་སྙིང་པོ་རྣམས། བཟླས་ནས་ལས་རིམ་ཇི་ལྟར་བགྱི།། ཞེས་གསོལ་པས། མ་མོ་སྔགས་སྲུངས་དམ་ཅན་མ། དང་པོ་སྲོག་གི་སྙིང་པོ་དྲང། དེ་ནས་ཡང་སྙིང་བཟླས་བྱ་ཞིང། མ་མོ་སྟོང་དང་རྩ་བརྒྱད་ཀྱི།། དྲག་སྔགས་སྙིང་ཐུན་སྤུ་གྲིའི་རྒྱུད། དེ་ཡིས་འཕྲིན་ལས་བསྒྲུབ་ན་མྱུར། ཤིན་ཏུ་ཟབ་པས་རྒྱུད་འདི་སྤའོ།།།། གཞན་དུ་ཉུངས་ཐུན་དུག་ཐུན་དང། ཕུར་ཐུན་མཁར་བསྒྲུབ་ལས་རིང་པས། དེ་ལྟར་དམ་ཅན་རྣམས་ཀྱིས་བསྒྲུབ། ཞེས་གསུངས་སོ། མ་མོ་ལས་མཐའ་གང་དུ་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ། ཉོན་ཅིག་གིས་གསང་བའི་བདག་པོ་ཁྱོད། མ་མོ་ཨེ་ཀ་ཛ་ཏི་ནི། མ་མོ་སྟོང་གི་གཙོ་མོ་སྟེ། ། ཁྱད་པར་རེའུ་མ་ཏིའི། གཅོ་མོ་ཡིན་པས་འདི་བསྒྲུབས་ན། རེའུ་མ་ཏི་བཀྲ་ཤིས་འགྱུར། སྲོག་བསྒྲུབ་དཔོན་གཡོག་མཆེད་བཞི་དང། སྐུ་གཅིག་མ་ལ་སོགས་པ་ཡི། སྒྲུབ་ཐབས་གང་དང་སྦྲེལ་ཡང་རུང། བཀྲ་ཤིས་ལས་གྲུབ་འཕྲིན་ལས་བསྒྲུབ། ། དེ་བཞིན་འཁོར་གྱི་མ་མོ་ནི། བལ་མོ་ནག་མོ་ཀུན་དུ་ག་མ། མོན་མོ་ནག་མོ་རྣ་ཆ་ཅན། སྲིན་མོ་ནག་མོ་རོ་བཤལ་མོ། གང་ལྟར་བསྒྲུབས་ཀྱང་ཚན་ཆེ་སྟེ། ལས་མྱུར་འཕྲིན་ལས་འགྲུབ་པར་གསུངས། ཞེས་གསུངས་སོ། མ་མོ་ལ་འཁོར་བཏགས་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་གཞན་ཡང་བཤད་པ་ནི། མ་མོ་སྔགས་སུ་བསྲུངས་སྒྲུབ་པ་ལ།། ཕོ་མཆོང་བཏགས་ན་ལས་ཚན་ཆེ། དེ་ཡང་སྔགས་པ་ནང་ཐུག་ནའོ། སྤུ་གྲི་རྒྱུད་ནས་བཤད་པ་ཡི། ཐུན་སྦྱོར་གིང་བསྟགས་ན་ཤིན་ཏུ་ལེགས། མ་མོ་འདི་ཡི་ཡོན་ཏན་ནི། དཔག་མེད་ནམ་མཁའ་ལྟ་བ་དང། རི་རབ་ས་གཞི་ལྟ་བུར་བཤད།། དེ་ཕྱིར་རྒྱུད་འདི་གཟུང་བ་དང། སྤ་ཞིང་སེམས་ལ་བཅང་བར་བྱ། ཞེས་གསུངས་སོ། ལས་ཚན་སྐྱེད་པ་ཡོན་ཏན་དང་བཅས་པས་རྒྱུད་འདི་གཟུང་ཞིང་སྦ་བར་བྱ་བའི་ལེའུ་སྟེ་ལྔ་པའོ།།།། ཨེ་ཀ་ཛ་ཏི་ཡ་སྙིང་འདུས་པའི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། བ་སུ་ངྷ་རས་བདག་རྡོ་རྗེ་ཡང་བ་གཏེར་ལ་བྷ་ས་ཡའི་དགོན་པར་གནང་པའོ། སྤུ་གྲི་ཆ་རྐྱེན་ཨྠི+ྀ།།།། རྒྱ་གར་སྐད་དུ། ཨེ་ཀ་ཛ་ཏི་ཡ་གུ་ཡ་ཙིཏྟ་ས་མ་ཛ་ནཱ་མ་ཏན་ཏྲ། བོད་སྐད་དུ། ཨེ་ཀ་ཛ་ཏི་གསང་བ་ཡང་སྙིང་འདུས་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། འདི་སྐད་བསྟན་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཆེན་པོ་ཉིད་ཡུལ་ཀྲོ་ངྷི་ཤཱ་རི་དང་གཉིས་སུ་མེད་པར་རང་བཞིན་ཡེ་ཤེས་ཀྱི་གནས་ན། བདེ་བ་ཆེན་པོའི་ངང་ལ་བཞུགས་སོ།། དེ་ནས་སྔགས་སྲུངས་ཨེ་ཀ་ཛ་ཏི་ཞེས་བྱ་བས། དཔལ་ཆེན་པོ་ཧེ་རུ་ཀ་ལ་བཏུད་དེ་བཀའ་ལྡན་དཔལ་ཆེན་ཧེ་རུ་ཉིད། སྔགས་སྲུངས་ཨེ་ཀ་ཛ་ཏི་ནི།། གསང་སྔགས་གཉན་གྱི་སྲུངས་མ་སྟེ། བསྒྲུབ་པར་བྱ་བའི་རིམ་པ་དང། ཕོ་མཆོད་མོ་མཆོད་གདགས་པ་དང། སྔགས་ཀྱི་གནད་ཀྱི་མན་ངག་རྣམས།། རིམ་པར་གདགས་ལ་བཤད་དུ་གསོལ།། ཞེས་གསོལ་པས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། ཨེ་ཀ་ཛ་ཏི་ལ་དམིགས་ཏེ། ལྷ་མོ་བདེ་བྱེད་མ་ལ་བཀའ་སྩལ་པ། ཉོན་ཅིག་ལྷ་མོ་བདེ་བྱེད་མ། སྔགས་སྲུངས་ཨེ་ཀ་ཛ་ཏི་ནི།། ཨེ་ནི་ཆོས་དབྱིངས་རང་བཞིན་ཏེ། ཀ་ནི་འཕྲིན་ལས་བདག་མོ་ཡིན།། ཛ་ནི་འགུགས་པར་བྱེད་པ་སྟེ། ཏི་ནི་དཔལ་གྱི་བཀའ་ཉན་གཟུགས། འདི་ཉིད་བསྒྲུབ་པར་འདོད་པ་ཡི།། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས།། བྲག་དམར་ཆོས་བཟང་འདྲ་བ་འམ། ཡང་བ་དབེན་པའི་གནས་ཉིད་དུ།། ཕྱི་ནང་བཤགས་པ་ཚུལ་བཞིན་བྱ།། རྒྱབ་ནི་འཇམ་དཔལ་ཕུར་ལ་བརྟེན། ། ཡང་ན་ཆེ་མཆོག་ཧེ་རུ་ཀའོ། ཞེས་གསུངས་སོ།། ཡང་སྙིང་འདུས་པའི་རྒྱུད་ལས་ལེའུ་དང་པོའོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ། དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། བདུད་རྩི་ལྔའི་ཆག་ཆག་གདབ། ། འཕྲིན་ལས་བཞི་ཡི་དཀྱིལ་འཁོར་ལ།། སྐྱེར་བའི་འགོ་ལིང་ལྔ་པ་ཡི།། སྐུ་རྟེན་མཁར་བ་གཟུགས་པར་བྱ།། མ་མོར་བསྐྱེད་ལ་དབང་ཡང་བསྐུར།། ཡང་ན་རཀྟའི་གྲུ་གསུམ་སྟེ། ། རྣོལ་ཐོད་ནང་དུ་རཀྟ་བཤམ།། སྨན་གཏོར་རཀྟ་བཤམ་པར་བྱ།། ཏིང་འཛིན་རྣམ་གསུམ་གཞལ་ཡས་བཅས།། གདན་སྟེངས་བདག་བསྐྱེད་མ་མོ་བདུན།། རང་བཞིན་སྤྱན་དྲངས་བསྟིམ་མཆོད་དབུལ། དེ་ནས་གསང་སྔགས་འདི་ཉིད་བཟླས། ། ཏྲག་རག་ཤ་ཁ་མུན་ཏྲ། མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། རག་མོ་ཏེ་ཀེམ་ཛ་ཛ་ཁ་ལ་མ་ཧི་བྷྱོ། རུ་ལུ་རུ་ལུ་མ་ཧྲི་བྷྱོ། ཡིག་གེ་སུམ་ཅུ་རྩ་གཉིས་པ། མ་མོ་སྲོག་གི་སྙིང་པོ་སྟེ།། འདི་ལ་ནན་ཏན་བྱས་གྱུར་ན། ། མ་མོ་ལུས་དང་གྲིབ་བཞིན་འགྱུར།། དེ་ནས་རྣོལ་གྲི་ཐུན་ཁྲག་ལ།། ཡང་སྙིང་བཅོ་ལྔས་སྣ་གྲངས་ཏེ།། སྟོང་གུ་རྩ་བརྒྱད་ཐུན་ལ་བསྒྲུབ།། ཏྲག་རག་ཤ་ཁ་མུན་ཏྲ།། ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ།། ཏྲག་རག་ཤ་ས་མ་ཡ་དགྲ་བོ་སྙིང་ལིང་རྦུད་དམ། ཞེས་ནི་མ་མོ་ཉེ་སྙིང་ངོ།། མ་མ་སྙིང་ཁ་རག་ཅེས་པའི་སྤུ་གྲིའི་རྒྱུ་ནས་གསུངས་པ་ལྟར། བཟླས་ལ་བྱ་རྒོད་སྒྲོ་རྩས་མངག། རྒྱ་ཞིག་ཙིཏྟ་བྱུང་ན་གྲུབ་པའི་རྟགས། ། ཁྲག་ཁོལ་རླངས་པ་བྱུང་ན་གྲུབ་པའི་རྟགས།། ཙིཏྟ་དངོས་སུ་བྱུང་ན་དབང་བསྐུར་དགོངས་པ་བྱ།། དེ་ནས་མ་བཞིའི་ཕུར་པས་གདབ།། ལིང་ག་ཧོ་ཏུ་བསྲེག་པར་བྱ།། ཁྲག་ནི་དགྲ་ལ་འཕངས་གྱུར་ན། ། མྱུར་བར་དགྲ་བོ་སྒྲོལ་བར་ངེས།། ཞེས་གསུངས་སོ།། ཨེ་ཀ་ཛ་ཏི་གསང་བ་ཡང་སྙིང་འདུས་པའི་རྒྱུད་ལས་ལེའུ་གཉིས་པའི་སྐབས་སོ།།།། དེ་ནས་གཞན་ཡང་བཀའ་སྩལ་པ།། དེ་ལྟར་སྒྲུབ་པའི་དུས་ཉིད་དུ། ། རྒྱུད་གཞན་དག་ནས་བྱུང་བ་ཡི།། བསྟོད་དང་འཕྲིན་ལས་རྣམ་བཞི་ནི།། ལྷུན་གྱིས་གྲུབ་ཅེས་བསྐུལ་པར་བྱ།། སྒོ་བཞི་འབྱེད་པའི་ཕོ་ཉ་གཏང།། མ་མོ་ཨེ་ཀ་ཛ་ཏི་ཡི། སྦྱོར་གིང་དྲང་ཀུན་ནག་པོ་ནི། ། བསྒྲུབས་ན་བཀྲ་ཤིས་ལས་མྱུར་ཏེ།། བུད་མེད་འཁོར་ལ་ཤིས་པར་གསུངས།། གནོད་སྤྱིན་ལོ་ཏི་ནག་པོ་ཡང། ཉུར་བས་བླ་ཀུན་དག་ཏུ་རྦད།། མིང་པོ་གིང་དང་སྦྲེལ་བ་ནི།། དགྲ་བོ་སྨྱོ་འབོག་དག་ཏུ་འཆི། ། སྲོད་ལ་བདུད་དང་སྦྲེལ་ལ་བྱ།། ནམ་གུང་གནོད་སྦྱིན་བླ་རྐུན་བསྐུལ།། ཐོ་རངས་མིང་པོ་གིང་ཡང་བསྐུལ།། དེ་ཡི་ཡོན་ཏན་འདི་ལྟ་སྟེ།། ཁྱོ་ཉིད་བསྒྲུབས་པས་བཀྲ་ཤིས་ལ། དགྲ་ལ་ཉུང་ཞིང་པ་རྣོ་བར་བྱེད། ། མིང་པོ་གིང་ནི་བསྒྲུབས་བརྟགས་ན། རྣལ་འབྱོར་གཤེས་ངན་འཆི་མི་འགྱུར།། དགྲ་ལ་ཉུར་ཞིང་སྨྱོ་འབོག་འོངས།། བུ་ཉིད་གནོད་སྦྱིན་བསྒྲུབས་པ་ཡིས།། དགྲ་ཡི་བླ་ཀུན་ཉུར་བར་བྱེད།། དེ་ཕྱིར་ཤས་ཙམ་བཏགས་ཤིང་སྒྲུབ། ། དེ་རྣམས་གནོད་སྤྱིན་མ་ཡིན་པ། དྲང་ཀུན་ཤན་པའི་རྒྱུད་དང་ནི།། སྲོག་ཐིག་རྒྱུད་དུ་བཤད་པར་སྦྱར།། ཞེས་གསུངས་སོ།། ཨེ་ཀ་ཛ་ཏི་གསང་བ་ཡང་སྙིང་འདུས་པའི་རྒྱུད་ལས།། ཕོ་མཆོད་གདགས་པའི་ལེའུ་གསུམ་པའི་སྐབས་སོ། ། གཞན་ཡང་དེ་ནས་གསུངས་པ་ནི།། ཞང་པོ་ཀླུ་ལ་གཏད་པ་ནི།། ཀླུ་གཉན་ས་བདག་རིགས་ལྔ་ཡང།། མ་མོ་ཉིད་ཀྱི་ཞང་པོར་མཉམ། གང་ལྟར་གཏད་ཀྱང་ལས་གྲུབ་སྟེ། ། དཔེའུ་ཆུང་སྦྲུལ་གྱིས་བསྐོར་བ་ཡི། མན་ངག་གཏད་ཆུང་བཞིན་དུ་བྱ།། བསྲུང་བ་རྫས་བསྲུངས་སྦྱིར་སྦྱར་ལ། མ་མོ་ལ་ནི་གཉེར་གཏད་པས།། མི་ལྷོག་འགྲུབ་པར་བཤད་པ་ཡིན།། ཞེས་གསུངས་སོ།། ཨེ་ཀ་ཛ་ཏི་གསང་བ་ཡང་སྙིང་འདུས་པའི་རྒྱུད་ལས། ། ཞང་པོ་ཀླུ་ལ་གཏད་པའི་ལེའུ་སྟེ་བཞི་པའི་སྐབས་སོ།། དེ་ནི་རིམ་པར་བཀའ་སྩལ་པ།། རང་བྱུང་རྒྱལ་མོ་ཛ་ཏི་མ།། མ་མོ་ཉི་ཀྱི་ཤམ་བུ་རུ།། འཁོར་གྱི་མ་མོ་མཆོད་བཞི། ། གདགས་པར་བྱ་བའི་རིམ་པ་ནི།། བལ་མོ་ནག་མོ་ཀུན་དུག་མ།། ལས་ལ་བསྐོལ་བར་བྱ་བ་ནི།། བུད་མེད་ཀྱི་ནི་སྙིང་ནང་དུ། སྣ་ཚོགས་སྙིང་གི་ཕྱེ་མ་བླུགས།། ལིང་ག་འབྲུབ་ཁུང་ནང་བཅུག་ལ།། མ་མོ་ཐུན་མཚམས་སྦྱར་བ་ནི། ། རག་མོ་བཛྲ་ཛ་མ་དུན་བྷྱོ།། ཏྲག་རག་ཤ་ཁ་མུན་ཏྲ་མུ་རུ་ལུ་རུ་བྷྱོ།། བོད་པའོ།། ཏྲག་རག་ཤ་ས་མ་ཡ་ཏིག་སྣ་བྷྱོ།། ཨེ་ཀ་ཛ་ཏི་སྙིང་ཁ་རག་བམ་རིལ་སྲོག་མོ་ཡཱ་ལ་བཾ་རིལ་བྷྱོ། རྦད་པའོ།། ཨ་ཀར་ནག་མོ་རག་མོ་ཡག་ཤ་སྙིང་ལ་བྷྱོ། ། ཨེ་ཀ་ཛ་ཏི་མི་དར་ལིག་སྙིང་ཁ་རག་སྙིང་ཐིང་ལིང་རྦུད་ཡག་ཤ་སྙིང་ཏེ་ཀེ་མ་རྦད་པུ་རྦད་ད་ར་ཡ་རྦད།། ཏྲག་རག་ཤ་ས་མ་ཡ་སྙིང་ལིང་བུད།། གསད་པའོ། ། དེ་རྣམས་དྲིལ་ལ་ཐུན་བྲབ་ཅིང།། སྔར་གྱི་སྙིང་ཕྱེ་གཏོར་མ་ལ།། དབུལ་ཞིང་རྦད་ན་མྱུར་དུ་འགྲུབ།། ཅེས་གསུངས་སོ།། ཨེ་ཀ་ཛ་ཏི་ཡང་སྙིང་འདུས་པའི་རྒྱུད་ལས་ལེའུ་ལྔ་པའི་སྐབས་སོ།།།། དེ་ནས་ཡང་ནི་ངེས་གསུངས་པ། ། མོན་མོ་ནག་མོ་རྣ་ཆ་ཅན།། གཏོར་མར་རཀྟ་ཏ་སྦྲེང་ཞིང་སྦད།། ཏད་ཡ་ཐཱ་ད་ཧཱུ་དེ་ཧཱུ་ཏྲིག་མ་རུ་ཤི་ཛ་ཛ་བྷྱོ།། བོད་པའོ། ར་ཧཱུ~ཾ་ཤ་ཙི་ཏ་བཾ་ཤིག་ཐུམ་བདུག་ལིང། ཡེར་ཡེར་སོད་མུག་སྟི་རི་རྒྱོབ། ། ས་མ་ཡ་དགྲ་ལ་བྷྱོ།། རྦད་པའོ།། ར་ཧཱུ་ཤ་སེན་རེའུ་ཏྲི་མ་ཤུ་ཤུ་རྦད།། ཙིཏྟ་མི་ལ་རཀྟ་ཐུན་བྷྱོ།། གསང་པའོ།། དྲིལ་ལ་ཐུན་བྲལ་རྦད་པར་བྱའོ།། དེ་ཡིས་ཚན་ཆེ་མྱུར་བར་སྒྲོལ།། དེ་ནས་སྲིན་མོ་རོ་བཤལ་མ། ། སྒྲུབ་ཅིག་གདགས་ན་མནྚལ་ལ།། གྲུ་གསུམ་མཐིང་ནག་བྲིས་བྱས་ལ། གཏོར་མ་རྣོལ་སྙིང་དབང་པོ་རྣམས།། བསོ་ཅིང་གཏོར་མར་བརྡར་ལ་དབུལ།། སྲིན་མོ་རོ་བཤལ་གཟུགས་བྲིས་ལ།། གྲུ་གསུམ་རྩིའི་གྲཝ་ལ་བཞག། ། རུ་ཏི་ཛ་རོ་རྩ་རྩ་རྩི་རྩི་ཏྲག་རག་ཤ་ཁ་མུན་རྩི་བྷྱོ།། བོད་པའོ།། རྟགས་ནི་འོད་དང་སྤྱུགས་པ་འབྱུང། ཏྲིག་ཏྲི་ལིང་གི་ཤག་དུ་ཡ་ཏྲི་ཛ་ཏྲིང་ལིང་ཧས་བྷྱོ།། རྦད་པའོ།། དྲིག་ཏྲིག་རག་ཤ་མུ་རུ་སྲིན་ཀི་པ་ལི་ཁ་ས་རྦད། ། ཅེས་གསད་པའོ།། དྲིལ་ལ་ཐུན་བྲབ་རྦད་བྱས་ན། དགྲ་བོ་མྱུར་དུ་སྒྲོལ་བར་ངེས།། དེ་ནས་ལྷ་མོ་ནག་མོ་ནི།། རེའུ་མ་ཏི་ཞེས་བྱ་བ།། མ་མོ་སྔགས་སྲུངས་བཀའ་ཉན་ཏེ།། སྒྲུབས་ཐབས་གང་ལྟར་བྱས་གྱུར་ཡང། ། མ་མོ་སྔགས་སྲུངས་ཉིད་ཀྱི་ནི།། སྔོན་དུ་བསྙེན་བྱས་བཀྲ་ཤིས་ལ།། དགྲ་ལ་མྱུར་ལ་སྒྲོལ་པར་འགྱུར།། དེ་ཡང་བསྡུས་ན་འདི་ལྟར་བྱ།། མནྚལ་ལ་ནི་གྲུ་གསུམ་བྲི།། ནལ་བུའི་སྙིང་དང་དབང་པོ་རྣམས། ། ཐོད་པར་སྩལ་ལ་དར་བཀབ་ལ། རྨ་བྱའི་རྒྱལ་མཚན་རུ་དར་དང།། ཚིལ་ཆེན་སྤོས་དང་མར་མེ་ལྷང།། གཏོར་མར་དབུལ་ཞིང་རྦད་པར་བྱ།། ཨོཾ་ཏད་ཡ་ཐ།། རུ་རུ་བོ་རུ་ཧོཾ་ཏི་བ་ཏོ་སི་སྙིང་ཛ་ཛ།། དུན་དུན་སྙིང་སྙིང་ཁ་རག་མ་བྷྱོ་བྷྱོ། ། བོད་པའོ།། མ་མ་ནག་མོ་དུང་དུན་ཏིང་མ་ལས་ལ་ཡཾ།། ནག་མོ་ཧར་ཧཱུ་མུ་ཁ་ལེ་ཆོ་ཆོ་མ་ར་ཛ་ཛ། རྦད་པའོ།། ནག་མོ་ནི་ཤ་ཀུ་རུ་ཐུཾ་ཐུཾ་རྦད་རྦད་མ་ཏ་ཡ།། མྱོས་མྱོས་ལོང་ལོང་རྦད་རྦད་ཧཾ་ཧཾ་ཡེད་ཡེད་ཐུམས་ཐུམས་ལིང་ལིང་དགྲ་བོ་མ་ར་ཡ་ཛ། གསད་པའོ། དེ་རྣམས་དྲིལ་ལ་ལིང་ག་ལ།། ཉུངས་ཀར་རག་བྲབ་བར་བྱ།། ཚན་ཆེ་དགྲ་བོ་མྱུར་པར་སྒྲོལ།། ཞེས་གསུངས་སོ།། མ་མོ་ཨེ་ཀ་ཛ་ཏི་ཡང་སྙིང་འདྲེས་པའི་རྒྱུད་ལས་མོ་མཆོད་གདགས་པའི་ལེའུ་སྟ་སྐབས་དྲུག་པའོ། །།། དེ་ནས་ཡང་དག་གསུངས་པ་ནི།། བདུད་དང་མ་མོའི་བུ་ཉིད་ནི།། ལོ་ཏི་ནག་པོ་ཞེས་བྱ་བ།། སྒོ་རྒྱུད་མེད་སྟེ་འདི་ལྟར་སྦྱར། ཁ་ན་སྒྲོག་པའི་བྱ་ཤ་ཡིས། ། གཏོར་མ་བརྒྱན་ལ་དབུལ་བར་བྱ།། ནམ་གུང་བོད་ཅིང་རྦད་པར་བྱ།། ཀུ་ཧི་ཀུ་ཧི་ཁུག་ཆུབ་དུན་ཏྲི་ཧལ་འབར་བདུན་དུན་ཧབ་ཧབ།། བོད་པའོ།། དགྲ་བོའི་བླ་ལ་ཛ་ཐུན་ཡ།། རྦད་པའོ། དགྲ་བོ་མ་ར་ཡ་ལྷང་ལྷང་ཆར་ཆར་ལོ་ཏི་ནག་པོ་དགྲ་བོ་མྱུར་དུ་སོད། བསད་པའི།། དྲིལ་ལ་ལིང་ག་དག་ལ་བརྟེན།། དེས་ནི་མྱུར་དུ་བླ་རྐུན་འགྱུར།། ཞེས་གསུངས་སོ།། ཨེ་ཀ་ཛ་ཏི་ཡང་སྙིང་འདུས་པའི་རྒྱུད་ལས། བུ་གནོད་སྤྱིན་གྱི་ལེའུ་སྟེ་སྐབས་བདུན་པའོ།།།། དེ་ནས་གཞན་ཡང་བཤད་བྱ་བ།། མ་མོ་ཨེ་ཀ་ཛ་ཏི་ནི།། རྣལ་འབྱོར་ཀུན་གྱི་སྲུངས་མ་སྟེ།། མ་མོའི་འཕྲིན་ལས་གང་བྱེད་ཀྱང།། སྔོན་དུ་སུམ་ཅུ་རྩ་གཉིས་པ། ། བཟླས་ན་ཚན་ཆེ་བཀྲ་ཤིས་ཏེ།། ཛཱ་ཛཱ་ཙ་ཛ་ཙ་ཙ་དང།། ཏེ་ཀུཾ་ཏེ་ཀེ་མ་ཏི་ཀིཾ་དང།། མ་ཏིང་མ་ཧིང་མ་ཧྲིར་རྣམས།། རྦོད་རྦོད་གསད་བར་སྦྱར་བྱས་ལ།། སྔོན་དུ་མ་ཡེངས་གྲུབ་པར་སྦྱར་བྱས་ལ།། སྔོན་དུ་མ་ཡེངས་གྲུབ་པར་བཟླས། ། མ་མོ་ལུས་དང་གྲིབ་བཞིན་འགྱུར། ཏྲག་དང་ཏྲའི་ཐོག་མཐའ་ཅན།། རང་དམ་སྲོག་གི་སྙིང་པོ་ཡིན།། འདི་མེད་མ་མོ་ཡེ་མི་འགྲུབ།། ཏྲག་རག་ཤ་ཁ་མུན་ཏྲ།། ཞེས་པའོ།། མུ་དང་ཧཱུ~ཾ་གི་ཐོག་མཐའ་ཅན། ། ཡི་གེ་འབྲུ་ནི་བརྒྱད་པའོ།། གྲུབ་བརྟགས་ཀྱི་སྙིང་པོ་ཡིན།། འདི་མེད་མ་མོ་དབང་མི་འདུས།། མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ཞེས་པའོ།། རག་དང་བྷྱོ་ཡི་ཐོག་མཐའ་ཅན། ཡི་གེ་འབྲུ་ནི་བཅུ་གཅིག་པ། ། སྟོང་གསུམ་ཟ་བྱེད་སྙིང་པོ་ཡིན། འདི་མེད་ཕ་རོལ་པོས་བཟློག་བཟླའོ།། རག་མོ་ཏེ་ཀིཾ་ཛཱ་ཛཱ་ཁ་ལ་མ་ཧི་བྷྱོ།། ཞེས་པའོ།། རུ་དང་བྷྱོ་ཡི་ཐོག་མཐའ་ཅན། ཡི་གེ་འབྲུ་ནི་བདུན་པས་ཏེ།། གདུག་པ་འདུལ་བྱེད་སྙིང་པོ་ཡིན། ། འདི་མེད་དགྲ་བགེགས་མི་སྒྲོལ་པའོ།། རུ་ལུ་རུ་ལུ་མ་ཧྲིང་བྷྱོ།། ཞེས་པའོ།། ཡི་གེ་སུམ་ཅུ་རྩ་གཉིས་ལས།། མངན་འོ་མ་ཆུས་སླད་འདྲ།། ཉུང་ན་མཆོན་ཆ་ཁ་སྙོལ་འདྲ། དེ་ཕྱིན་ཅེས་པས་སྔོན་བཟླས་ན། ། སྙིང་ཐུན་ཁྲག་ཐུན་ལ་སོགས་པ།། བསྒྲུབས་ན་དངོས་གྲུབ་ཐོབ་པར་གསུངས།། མ་མོའི་རྟགས་བྱུང་གྱུར་པ་ན།། གསང་ཐུབ་ལྷ་ནི་མི་བསྐྱེད་འགྱུར།། སྨྲས་ན་ལྷ་རྟགས་ཡེལ་བར་འགྱུར།། དེ་བས་གསང་ན་དངོས་གྲུབ་ཐོབ། ། ཅེས་གསུངས་སོ།། ཨེ་ཀ་ཛ་ཏི་ཡང་སྙིང་འདུས་པའི་རྒྱུད་ལས།། སྔགས་ཀྱི་མན་ངག་གི་ལེའུ་སྟེ་སྐབས་བརྒྱད་པའོ།།།། དེ་ནས་ལྷ་མོ་བདེ་བྱེད་མས།། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་མཆོད་པ་དང་བསྟོད་པ་སྣ་ཚོགས་བྱས་པ་དང། ། དཔལ་ཧེ་རུ་ཀས་བཀའ་སྩལ་པ། ལྷ་མོ་བདེ་བྱེད་མས་རང་བྱུང་རྒྱལ་མོའི་རྒྱུད་འདི་ཉིད་གཟུང་ཞིང་བཅང་པར་བྱ། དམ་མེད་ལ་སྦ་བར་བྱའོ།། ཞེས་བཀའ་སྩལ་པ་དང། ལྷ་མོ་བདེ་བྱེད་མ་རྗེས་སུ་ཡི་རང་བར་གྱུར་ཏོ།། ཨེ་ཀ་ཛ་ཏི་གསང་བ་ཡང་སྙིང་འདུས་པའི་རྒྱུད་ལས། རྒྱུད་གཟུང་བ་དང་བཅང་བར་བྱ་བའི་ལེའུ་སྟེ་དགུ་པའོ།།།། ཨེ་ཀ་ཛ་ཊི་གསང་བ་ཡང་སྙིང་འདུས་པའི་རྒྱུད་འདུས་པའི་རྒྱུད་ཅེས་བྱ་བ་རྫོགས་སྟེ། ། གུ་རུ་བ་སུ་ངྷ་རས་རྡོ་རྗེ་ཡང་དབང་གཏེར་ལ་གནང་བའོ།། ས་ཐཾ་རྒྱ་རྒྱ་རྒྱ། ཨྠི+ྀ།། རྒྱ་གར་སྐད་དུ། ཨེ་ཀ་ཛ་ཏི་ཨེ་མན་ཏྲས་ཆེན་ཏ་ཏན་ཏྲ། བོད་སྐད་དུ། རལ་གཅིག་མའི་དྲག་སྔགས་འདུས་པའི་རྒྱུད་ཅེས་བྱ་བ། དཔལ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བསྟན་པའི་དུས་ན། དཔལ་རང་འབྱུང་རྒྱལ་མོས། དཔལ་ཆེན་ཧེ་རུ་ཀའི་གཟུངས་མ་མཛད་དེ། འཁོར་རྣམས་དང་ཐམས་ཅད་ཏུ་བཞུགས་སོ། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་རང་བྱུང་རྒྱལ་མོ།། ལྷ་མོ་བདེ་བྱེད་མ་ལ་བཀའ་སྩལ་བ། ང་ནི་འཕྲིན་ལས་བདག་མོ་སྟེ།། ཞི་རྒྱས་གཉིས་ཀྱི་གསོ་བར་བྱ། ། དབང་དྲག་གཉིས་ཀྱིས་གསང་པའོ།། གཞན་ཡང་འཕྲིན་ལས་བསམ་མི་ཁྱབ།། ང་ཡིས་བཤད་ཀྱིས་ཡིད་ལ་ཟུང།། ཞི་བའི་ལས་ནི་བྱེད་འདོད་ན།། བཀྲ་ཤིས་ཡིད་འོང་གནས་ཉིད་དུ།། སའི་དཀྱིལ་འཁོར་ཟླ་བ་ཉའི་དབྱིབས། ། ཁ་དོག་དཀར་ལ་ཟླུམ་པའོ།། དབུས་སུ་ཟླུམ་པོ་ཆག་གང་བྲུ།། བྱང་ཆུབ་སེམས་ཀྱིས་ཆག་ཆག་གདབ།། དཀར་ནི་ཀ་ཡི་ཁུ་བ་ཡིས།། དཀར་ལ་འཚེར་བའི་ཏྲག་གཅིག་བྲི།། དཀར་དམར་ཁུ་བས་གཏོར་བྱ་ཞིང། ། ཏྲག་ཅེས་ཞི་བའི་ངག་གིས་བརྗོད་པས།། བུད་མེད་དཀར་མོ་གཡུའི་རལ་པས་ས་གཞི་ཁྱབ་པ་ཅིག།། ཤིན་ཏུ་འཛུམ་པའི་ཆ་བྱད་ཅན་ཅིག།། ལངས་ནས་འོང་སྟེ།། མི་གཏང་ཞིང་མ་ཡེངས་པ་བྱའོ། ། དེ་མངོན་དུ་གྱུར་པ་དང། ཞི་བའི་རྫས་ཀྱིས་མཆོད་ཅིང་སྔགས་འདི་རྒྱུན་དུ་བཟླས་སོ།། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི། སྙིང་ཁ་རག་མོ་བྷྱོ་སརྦ་ཤིན་ཏིང་ཀུ་རུ་སྭཱ་ཧཱ། མངོན་དུ་གྱུར་བ་དང། ཇི་ལྟར་བསམས་པའི་ལས་གྲུབ་པར་འགྱུར་རོ་ཞེས་གསུངས་སོ། ། ཞི་བའི་འཕྲིན་ལས་ཀྱི་ལེའི་སྟེ་གཉིས་པའོ།།།། དེ་ནས་རྒྱས་པའི་ལས་ཉིད་ལ།། རི་བོ་རྩེ་ཤིང་ནགས་ཚལ་རྒྱས་པ་འམ།། གྲུ་བཞི་ལམ་པའི་གནས་ཉིད་དུ། ། ས་ཡི་མནྚལ་གྲུ་བཞི་བརྩིག། ཡང་བའང་ལྡོང་རོས་ཆག་ཆག་གདབ།། དབུས་སུ་གྲུ་བཞི་ཆག་གང་ཐུར་དུ་བྲུ།། ཁ་ཁྱེར་ཐོད་པ་སེར་པོས་བསྐོར།། དབུས་སུ་རིན་ཆེན་གསེར་གྱི་ཏྲག་གཅིག་བྲི།། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་སྙིང་ཁ་རག་མ་བྷྱོ། ས་རྦ་པུ་ཥྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཆང་ཕུད་དང་ཨ་མྲི་ཏ་སྦྱར་ལ་གཏོར་ཞིང། གོང་བཞིན་གསལ་པར་གྱུར་པ་དང།། ཐམས་ཅད་རྒྱས་པའི་ལས་བྱའོ།། ཞེས་གསུངས་སོ།། རྒྱས་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་དབང་གི་ལས་ཉིད་ནི།། བྲག་དམར་ཆོས་བཟང་འདྲ་བ་རུ།། དབང་གི་མནྚལ་ཟླ་གམ་བརྩིག།། དབུས་སུ་ཟླ་གམ་ཆག་གང་ཐུར་དུ་བྲུ།། ཤེས་རབ་རཀྟས་ཆག་ཆག་གདབ། ། ཟངས་ཀྱི་ཁུ་བའི་སྙིང་ཁྲག་གིས།། རག་མ་བྷྱོ། སརྦ་བ་ཤཾ་ཀུ་རུ་ཧཱུ~ཾ། ཞེས་དེ་སྔོན་དུ་གྱུར་པ་དང། དབང་གི་ལས་ཇི་ལྟ་བ་བཞིན་ནོ། ཞེས་གསུངས་སོ། དབང་གི་ལེའུ་སྟེ་བཞི་པའོ།།།། དེ་ནས་དྲག་པོའི་ལས་བྱེད་ན། ། དུར་ཁྲོད་དམ་ནི་ཕུང་ཤུལ་གྱི་གནས་སུ།། ས་ཡི་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་བྱ།། དུག་དང་རོ་བསྲེགས་ཐལ་བས་ཏྲག་བྲིའོ།། གྲུ་གསུམ་ཁ་ཁྱེར་ཐོད་པས་བསྐོར།། སྙིང་ཁྲག་ཆང་ཕུང་ཨ་མྲི་ཏས། ། གཏོར་ཞིང་སྔགས་བཟླས་སྔོན་གྱི།། ཐུགས་དམ་རྗེས་སུ་དྲན་པར་བྱ།། ཏྲག་རག་ཤ་ཁ་མུན་ཏྲ།། ཨེ་ཀ་ཛཱ་ཏི་སྙིང་ཁ་རག་མ་ས་མ་ཡ་བྷྱོ། སརྦ་མཱ་ར་ཡ་བྷྱོ། སརྦ་མཱ་ར་ཡ་ཕཊ། སཝ་ལས་མངོན་དུ་གྱུར་པ་དང། ལས་ཐ་དད་པ་དེ་བཞིན་ནོ།། ཞེས་གསུངས་སོ། དྲག་པོའི་ལེའུ་སྟེ་ལྔ་པ་འོ།། དེ་ནས་བཟློག་པའི་འཕྲིན་ལས་ནི།། སེ་གོལ་བརྡབ་ཅིང་སྔགས་འདི་བཟླས། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛཱ་ཏི་སྙིང་ཁ་རག་མ་བྷྱོ། ཨོཾ་རྒ་གི་ཤ།། ཁིར་ཚིན་ངྷ། རྐ་རྒ་ཁ་རྒ་རྒ་ཨུཾ་པ་སྭཱ་ཧཱ། ཞེས་སྔགས་དེ་ལན་བརྒྱ་རྩ་བརྒྱད་ཟླས་ཏེ།། སེ་གོལ་བརྡབས་ན་བྱད་དང། མི་ཁ་དང། ངན་དགུ་ཤོམས་པ་དང། རྨི་ལམ་ངན་པ་དང། ངན་སྔགས་ཐམས་ཅད་ཟློག་པར་འགྱུར་རོ། ། ཞེས་གསུངས་སོ།། བྱང་མི་ཁ་ཟློག་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་གསོ་བའི་ལས་བྱེད་ན།། བུད་མེད་བུ་ཚ་མི་སོས་པ།། སོས་པར་བྱ་བའི་ལས་ཉིན་ནི།། བུད་མེད་གོས་ལ་སྔགས་པ་འམ་ཏྲག་རག་ར་ཁ་མུན་ཏྲ། ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ།། ཨོཾ་མ་ནི་དེ་ར་ནི་མ་ཧཱ་པྲ་ཏི་སྭ་རེ་ཡེ་སྭཱ་ཧཱ། ཞེས་སྔགས་མདུད་ལ་སྟོང་ངམ་འབུམ་ཟླས་ནས་བུད་མེད་ལ་གདགས་སོ།། དེ་ནས་བུ་བཙས་པ་དང་བུ་ལ་གདགས་སོ། ། མོ་ལས་ཕོར་འགྱུར་ཏེ་སོས་པར་ངོས་སོ།། ཞེས་གསུངས་སོ།། སྲིའུ་གསོ་བའི་ལེའུ་སྟེ་བདུན་པའོ།། དེ་ནས་ཡང་དག་བཤད་པ་ནི།། གང་ཡང་ཐུབ་པའི་གསང་སྔགས་ནི།། བདག་གི་ཐུགས་ཀར་ཧཱུ~ཾ་ལས་ནི། ། འོད་བྱུང་ལྕགས་ཀྱི་རྡོ་རྗེར་གྱུར།། དེ་ལས་འོད་ཟེར་ཕར་འཕྲོས་པས།། བདག་ལ་སྦྱོར་གཏོད་ལྟས་ངན་དང།། ནད་ལ་སོགས་པ་འཇོམས་པར་བསམ།། ཏྲག་རག་ཤ་ཁ་མུན་ཏྲེ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་བྷྱོ། ། སོད་ཀུ་རུ་ནན།། ཏིང་ཤི་ཀུ་རུ་ན་ན། པྲ་མ་ཤི་ཀུ་རུ་ནན།། ཞི་ཞི་ཀུ་རུ་ནན། རུ་རུ་ཀུ་རུ་ནན། ཞེ་བཟླས་ན་ཅི་ཡང་ཐུབ་པར་འགྱུར་རོ། ཞེས་གསུངས་སོ།། གང་ཡང་ཐུབ་པའི་ལེའུ་སྟེ་བརྒྱད་པའོ། ། དེ་ནས་ཡང་བཅིངས་པའི་ལེའུ་བྱེད་ན། མི་གོད་བྱད་དུ་གཞུག་པའི་ལས།། ཏིང་འཛིན་གྱི་ལྷ་བསྙེན་རྒྱུན་དུ་བྱ། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། ངྷི་ཏྲ་མི་ཏྲ་སྟ་བན་ཏ། སི་ཏ་ཀ་ར་ཀ་རཱ། མ་ཧཱ་པ་ལ་ཐ། ཞེས་བཟླས། འདི་བསྙེན་པ་ནི་ཟླ་བ་ཉི་ཤུར་དུས་དྲུག་ལ་བར་མ་ཆད་པར་བཟླས། དེ་ནས་བདག་ཉིད་ཏིང་ངེ་འཛིན་གྱི་ཆས་སུ་ཞུགས་ལ།། སྡིགས་འདི་བཟློས་སོ།། མི་རྒོད་མ་བྱུང་གི་བར་དུ་ལག་པ་གཡས་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་གདབ་པོ། མི་རྒོད་བྱུང་ཙ་ན་ཕྱག་རྒྱ་བཅས་ཏེ་མཐེ་བོང་སོར་མོ་གཞན་གྱིས་མནན་ན། བདག་གིས་མ་གཏང་གི་བར་ལ་འགྲོ་མི་ཤེས་སོ།། ཞེས་གསུངས་སོ།། མི་རྒོད་བཅིང་བའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་འདི་གསུངས་སོ།། ཚེའི་ལས་བྱ་ན། བཀྲ་ཤིས་པ་མཚན་དང་ལྡན་པའི་ཐོད་པ་ལ་ཚེའི་གའུ་བྱས་ལ། སྨན་དང། སྤོས་དང། དྲི་བཟང་པོས་བྱུགས་ལ། རྫས་དང་དགོངས་པ་སྤྱི་དང་མཐུན། སྔགས་ནི་ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། ཨཱ་ཡུ་ཛྙཱ་ན་ཡུ་ཚེ་ཨ་པ་ན་ཡ་བྲུཾ་སྭཱ་ཧཱ། ཞེས་བཟླས་ན་ཇི་ལྟ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ།། ཞེས་གསུངས་སོ། ཚེའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་བགེགས་བསྐྲད་པའི་ལས་ནི། ཉུངས་ཀར་རྒྱལ་པོ་ལ་བསྔགས་ནས་བགེགས་གང་དུ་གནོད་པ་ལ་བཏབ་ན་འབྲོས་པར་འགྱུར་རོ།། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁར་རག་མ་བྷྱོ། ར་ཙ་བི་ར།། ཙ་ཀྲ་ཨ་པ་ན་ཨ་སྭཱ་ཧཱ། ཞེས་གསུངས་སོ། བགེགས་བསྐྲད་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་མེད་དགྲ་བཟློག་ན་སྔགས་སེང་ལྡེང་མཆོག་ཕུར་ལ་རྒྱུན་དུ་བཟླས་ཏེ་དགོངས་པ་དང་མི་འབྲལ་བར་བྱའོ། ། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། ཨག་ནེ་མ་ར་ཡ་རྦད། པ་ནི་མཱ་ར་ཡ་རྦད། ཅེས་བཏབ་ན་མེ་དགྲ་དང་ཆུ་དགྲ་བཟློག་པར་འགྱུར་རོ། ཞེས་གསུངས་སོ།། མེ་དགྲ་དང་ཆུ་དགྲ་བཟློག་པའི་ལེའུ་སྟེ་བཅུ་གཉིས་པའོ། དེ་ནས་གཞན་ཡང་བཤད་བྱ་ནི།། བགེགས་ཀྱི་འགྲུལ་ཐག་གཅད་པའི་ལས་བྱ་ན། མཆོག་གམ། སེང་ལྡེང་ངམ། དྲག་པོའི་ཤིག་ལ་ཕུར་བ་སོར་བརྒྱད་པ་བྱས་ལ། བྱིན་གྱིས་བརླབས་གུ་གུལ་དུད་པས་བདུད། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། ལྷ་བྱིན་མ་ར་ཡ་རྦད། ཅེས་འགྲུལ་ཐག་འཆད་པར་འགྱུར་རོ།། ཞེས་གསུངས་སོ། ། བགེགས་ཀྱི་འགྲུལ་ཐག་གཅད་པའི་ལེའུ་སྟེ་བཅུ་གསུམ་པའོ། དེ་ནས་དམ་སྲིད་གདུལ་ན་གོང་ལྟར་ཕུར་བུ་བྱས་ལ། ཞིང་ཆེན་ལ་དམ་སྲིའི་གཟུགས་བྱས་ལ། དེ་ལ་དགུག་གཞུག་དྲག་ཏུ་བྱས་ལ། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། དམ་སྲི་ཏྲི་མ་ར་ཡ་རྦད། ཅེས་བསྟན་ནས་བརླག་པར་འགྱུར་རོ།། དེ་ནས་འཇུག་ཐོད་པར་བཅུག་ལ་ལམ་རྒྱ་གྲམ་དུ་མནན་ནོ།། ཨོཾ་ཧན་བི་སྦོ་ཏ་ཡ་ནན། ཞེས་བཟླས་སོ། ཞེས་གསུངས་སོ།། དམ་སྲི་གདུལ་བའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་དག་བཤད་ཀྱི་ཉོན། ལས་དེ་དག་བྱ་བ་ཡང། གོང་དུ་སྐུ་གསུང་ཐུགས་ཀྱི་བསྙེན་པ་འམ།། སུམ་ཅུ་རྩ་གཉིས་པའམ།། ཡང་ན་ཡི་གེ་བཅུ་བདུན་པས། ། མ་མོ་མངོན་དུ་བསྒྲུབས་བྱས་ལ།། དེ་ནས་ལས་རྣམས་གང་བྱས་ཀྱང། འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད།། མ་མོ་བསྙེན་པ་མ་རྫོགས་ན།། ལས་རྣམས་འགྲུབ་པར་མི་འགྱུར་རོ།། དེ་བས་བསྙེན་བསྒྲུབ་དང་དུ་བླང། ། ཞེས་གསུངས་སོ།། མན་ངག་དམ་པའི་ལེའུ་སྟེ་བཅོ་ལྔ་པའོ།། དེ་ནས་ཡང་འདི་གསུངས་སོ། སྙིང་པོ་དྲག་ཞན་བཤད་པ་ནི།། ཕོ་དང་མོ་དག་མ་ནིང་དང། རིང་པོ་དང་ནི་ཐུང་དུ་དང། ། དྲག་པ་དང་ནི་དལ་བ་ལས། དྲག་པོ་དང་ནི་དྲག་ཏུ་དྲག། དེ་རི་རིམ་པ་བཤད་པ་ནི།། མ་ནིང་བས་ནི་མོ་ཡིག་དྲག། མོ་བས་ཕོ་ཡིག་རབ་ཏུ་དྲག། རིང་བ་བས་ཀྱང་ཐུང་དུ་དྲག་བསད་པའི་དྲག་སྔགས་དལ་བ་ལས། དམོད་པའི་དྲག་སྔགས་རབ་ཏུ་དྲག། རིང་པོ་ཐམས་ཅད་དལ་བ་ལས།། བསྙེན་པ་ཉེ་བསྙེན་དུས་སུ་བཤད།། ཐུང་དུ་ཐམས་ཅད་དྲག་པ་ལས།། སྒྲུབ་དང་ལས་ལ་སྦྱོར་ཁར་བཤད།། རབ་ཏུ་དྲག་པོ་སྨོད་པའི་སྔགས། ། རྦད་དང་བསང་ཀྱིས་མཆོད་ན་ཟབ།། ཧྲི་དང་ཕཊ་ཀྱིས་མཆོད་ན་ཟབ།། བརྡོལ་པའི་སྔགས་ལ་གཅེར་བུར་བྱུང། མཱ་ར་ཡ་དང་ཛ་ཡིས་ཆོད།། ཐུམ་དང་སྤུད་ཀྱིས་ཆོད་ན་ཟབ། རག་དང་ཀཾ་གྱིས་ཆོད་ནས་ཟབ། ། བཾཾ་དང་རིལ་དང་ཧ་ར་ཟབ། དེ་བཞིན་རབ་ཏུ་དྲག་པ་རྣམས།། སྨོད་པའི་སྔགས་ཏེ་རབ་ཏུ་ཟབ།། ཅེས་གསུངས་སོ།། ཡི་གེའི་གནད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་འདི་གསུངས་སོ། ། འཕྲིན་ལས་བྱ་བའི་རིམ་པ་ནི།། ཐོག་མར་རྡོ་ལས་ལྕགས་སུ་བཞུ།། ལྕགས་ལས་གོ་དང་མཚོན་དུ་བརྡུངས།། གོ་མཚོན་ཞུ་ཐར་ཐོ་བར་བྱས།། མཚོན་ལས་ཏི་ལ་མར་ངར་གྱིས་བཏགས། མཚོན་ཆ་དཔལ་ཆེན་ལག་ཏུ་གཏད། ། དཔའ་པོས་ཕ་རོལ་གཡུལ་ངོ་བཟློག་དེ་ཡི་དོན་རྣམས་བཤད་པ་ནི།། རྡོ་ལས་ལྕགས་སུ་བཞུ་བ་ལྟར། སྔོན་དུ་འགྲོ་བའི་བསྙེན་པ་བྱ།། ལྕགས་ལས་གོ་མཚོན་བརྡུངས་པ་ལྟར།། མ་མོ་ཉེ་བའི་བསྙེན་པ་བྱ། ། གོ་མཚོན་ཞུན་ཐར་ཐོ་བ་ལྟར། མ་མོ་དེ་ཉིད་བསྒྲུབ་པར་བྱ།། དེ་ལ་ཏིལ་མར་ངར་བླུད་ལྟར། དེ་ཉིད་མངོན་དུ་བསྒྲུབ་པར་བྱ།། དཔའ་བོའི་ལག་ཏུ་བསྐུར་བ་ལྟར། བསྙེན་པ་རྫོགས་པའི་རྣལ་འབྱོར་པས། ། དཔའ་བོས་གཡུལ་ངོ་བཟློག་པ་ལྟར།། འཕྲིན་ལས་སྦྱོར་བ་སོ་སོར་བྱ།། དེ་བཞིན་རིམས་ཀྱིས་བཤད་པ་ནི།། མ་མོ་རིམས་ཀྱིས་བསྒྲུབས་པའི་ཐབས། རིམ་པའི་ལས་རྣམས་རྫོགས་པ་ནི།། མ་མོའི་དངོས་གྲུབ་ཐོབ་པར་བཤད། ། ཅེས་གསུངས་སོ།། རིམས་ཀྱི་བསྒྲུབས་པའི་ལེའུ་སྟེ་བཅུ་བདུན་པའོ། དེ་ནས་ལྷ་མོ་བདེ་བྱེད་མས།། རང་བྱུང་རྒྱལ་མོ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་གིས་རྒྱུད་འདི་ཇི་ལྟ་བུ་ལ་བསྟན་ཅིང་གཟུང་བར་བགྱི་ཞེས་གསོལ་བ་དང། རང་འབྱུང་རྒྱལ་མོས་བཀའ་སྩལ་པ། རྒྱུད་ནི་ཨེ་ཀ་ཛ་ཏི་ལས་ཐམས་ཅད་པའི་རྒྱུད་ཅེས་བྱ་བར་ཟུང་ཞིག། མ་འོངས་པའི་དུས་སུ་རྣལ་འབྱོར་པ་དམ་ཚིག་དང་ལྡན་པ། གཞན་གྱི་བསྐུར་བའི་གནས་སུ་མི་འགྱུར་བར་ཉམས་སུ་ལེན་པ་རྣམས་ལ་བསྟན་པར་བྱའོ།། ཞེས་བཀའ་སྩལ་པ་དང། འཁོར་རྣམས་རྗེས་སུ་ཡི་རངས་པར་གྱུར་ཏོ།། རྒྱུད་ཡོངས་སུ་བཟུང་བའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། ཨེ་ཀ་ཛ་ཏི་དྲག་སྔགས་འདུས་པའི་རྒྱུད་ཅེས་བྱ་བ། ཤིན་ཏུ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ། རོམ་བུ་གུ་ཡས་དེ་བ་ཙན་དྲ་ལ་ཞུས་ཏེ་གནང་བའོ།། རྫོགས་སོ།།།། སམཐ། སཾཐནརྱགཐམསཿ་ཨཱིཐི། རྒྱ་རྒྱ་རྒྱ།།།། སློབ་དཔོན་ཆེན་པོ་རུམ་བུ་གུ་ཡ་དེ་བ་ཙན་ཏྲའི། ཐུགས་ཀྱི་ངན་སྔགས་ཀྱི་བསྒྲུབ་པ་མང་པོའི་སྙིང་ཐུན།། དུར་ཁྲོད་དམ། བྲག་དམར་ཟངས་ཀྱི་ཁ་འདྲ་འམ། ཡང་ན་ཉམས་དགའ་བ་འམ་ཡིད་དུ་འོང་བའི་གནས་སུ། ཕྱི་ནང་བཤགས་བྱ་ཞིང་མཚམས་གཅད་དཀྱིལ་འཁོར་མདའ་གང་པའི་གྲུ་བཞི་ལ། མཐིང་ནག་གྲུ་གསུམ་གཅིག་བྲིས་ཏེ། མཁའ་རྐོངས་གསུམ་གྱི་སྒྱེད་བུའི་ཁ་ལ། རྣོལ་གྲི་མོའི་ཐོད་པའི་ནང་དུ་པདྨའི་རག་ཏ་དང། ཁྱི་རྒྱ་བོའོ་སྙིང་ཁྲག་དང། བལ་གྱི་སྙིང་ཁྲག་དང། ཁྲག་སྣ་འབྱོར་ཚད་བླུགས་ལ། ཁ་དར་ལེ་བརྒན་གྱིས་གཅད། ཚོན་སྐུད་ཀྱིས་བཅིངས་ཏེ་མི་འགྱུར་པའི་གཡུང་དྲུང་གིས་རྒྱས་གཏབ། གཟུངས་ཐག་འུང་ནས་སྣོད་མེད་གཏེར་དུ་སྦས། ཆོས་ལྡན་ཁ་སྨན་ཅིག་དང་འཕྲད་པར་ཤོག།།། རྒྱ་གར་སྐད་དུ། སམྲཐཁགརྐསམཐ། བོད་སྐད་དུ། སྲོག་ཐིག་ནག་པོའི་རྒྱུད་ཅེས་བྱ་བ། རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐབས་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཧེ་རུ་ཀ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་བཞེངས་ཏེ། ལོག་འདྲེན་ཅན་འདུལ་བའི་ཕྱིར། བྱིན་གྱི་རླབས་ཀྱི་སྔགས་འདི་གསུངས་སོ། ཧཱུ~ཾ་ཀྵན་ཏྲག་རག་ཤ་ཁ་མུན་ཏྲ་བཛྲ་རུ་ནི་བྷྱོ། ཞེས་གསུངས་པས། འཇིག་རྟེན་པའི་དྲེགས་པ་ཅན་ཐམས་ཅད་ཤིང་རྩ་བ་ནས་བཅད་པ་བཞིན་དུ་བརྒྱལ་ལོ། ། དེའི་ཚེ་དེའི་དུས་རི་རབ་ཀྱི་བྱང་ཤར་ན་གནས་པའི་སྲོག་གིབདུད་མོ་ཨེ་ཀ་ཛ་ཏི་མ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ག་ལ་བ་དེར་འོངས་ཏེ། མོས་པའི་ཚུལ་དུ་གནས་སོ།། དེའི་མིང་པོ་སྲོག་བདག་རྒྱལ་བ་སྦྱན་གཅིག་པ་ཞེས་བྱ་བ་ཡང། མོས་ཤིང་སྤྲིང་དེ་གནས་སོ།། སྲོག་ཐིག་ནག་པོའི་རྒྱུད་ལས་གླེང་གཞི་གླེང་བསླང་པའི་ལེའུ་སྟེ་དང་པོའོ།། དེ་ཕྱིར་བརྒྱལ་བ་སངས་ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གི་རིག་པ་འདི་བཞེས་སུ་གསོལ། ཏྲག་རག་ཤ་ཁ་མུན་ཏྲ། མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། རག་མོ་ཏེ་ཀེ་མ་མ་ཛ་ཁ་ལ་མ་ཧི་བྷྱོ། རུ་ལུ་རུ་ལུ་མ་ཧྲིང་བྷྱོ། ཨོཾ་བཛྲ་གིང་རྩ་ར་ཡ་མང་ཤོ་བྷྱོ། ཞེས་རང་རྟགས་སྲོག་གི་སྙིང་པོ་མདོང་གསོལ་དུ་ཕུལ་ནས། སྔགས་ཀྱི་བསྲུང་མར་དབང་བསྐུར་རོ།། སྲོག་སྙིང་ཕུལ་པའི་ལེའུ+ི་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཁྱེད་མིང་སྲིང་གི་གནས་ནི་གང་ཡིན། མིང་ནི་ཇི་སྐད་ཡིན། དམ་རྫས་ཅི་ལ་བརྟེན་ཞེས་གསུངས་པས། འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གི་གནས་ནི་མི་མཐུན་ཏེ། མིང་པོའི་གནས་ནི་རི་རབ་ཀྱི་རྩེ། དཔག་བསམ་གྱི་ཤིང་གི་སྐེད་པ་ན། དུང་ཁང་གསེར་གྱི་ཁ་བད་ཅན་ན་གནས་སོ།། སྲིང་མོ་ནི་རི་རབ་ཀྱི་བྱང་ཤར་ན་གནས་སོ།། སྲིང་མོའི་མིང་ནི་ཨ་ཀ་ཛ་ཏི་མ་ཞེས་བྱའོ། ། མིང་པོའི་མིང་ནི་སྲིད་པ་སྲོག་གི་བདག་པོ་ཞེས་བྱའོ། སྲིང་མོ་རྟེན་པའི་རྫས་ནི་ཁྱད་པར་གྱི་གཏོར་མ། བྱ་ལུག་སྨུག་ནག་ཛ་གད་དང་བདུད་རྩིའོ། མིང་པོའི་དམ་རྫས་ནི་བྱང་དཀར་མོའི་སྙིང་དང་སྨྱུག་མ་ཚིགས་ལྔ་པ་ལ་དར་གྱི་རྒྱལ་མཚན་ལྔ་གདགས། རྩེ་ལ་ནམ་མཁའ་དཀར་པོ་ལ་བྱ་རྒོད་ཀྱི་སྤུས་བརྒྱན། རྩེ་ལ་སྲོག་སྙིང་བཏགས་ཏེ་བཞག། དེའི་དྲུང་དུ་གསང་བའི་ལིང་ག་བཞག་དྲིས་དང་ལན་གྱི་ལེའུ་གསུམ་པའོ། །།། ཡང་བཀའ་སྩལ་བ། ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ཡིན་ཞེས་པས། ཡང་འདི་སྐད་ཅེས་གསོལ་ཏོ།། དབུས་སུ་གྲུ་གསུམ་མཐིང་ནག་གྲུབ་གསུམ་དབྱིབས། སུམ་བརྩེགས་དག་ཏུ་བྲི་བར་བྱ།། ཟླ་གམ་གསུམ་ནི་དམར་པོ་བྱ། ། ཐོད་འཕྲེང་གནག་ལ་གྲུ་ཆད་ལྗང།། སྒོ་བཞི་སྒོ་ཁྱམས་གནག་ལ་མི་སྲིད་རྫས།། ཞེས་གསུངས་སོ། དཀྱིལ་འཁོར་ལེའུ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དྲག་པོའི་རྫས་སུ་བྱ་བ་ནི། ། བྱང་ཕྱོགས་གྲུབ་གསུམ་ཟླ་གམ་ལ།། དམ་ཉམས་དགྲ་བོའི་བླ་རྡོ་ནི།། འཁར་རྐོངས་སྲིན་ཅན་གསུམ་གཞག་ལ།། སྟེང་དུ་མོའི་བླ་རྡོ་ནི།། རྣོལ་གྲི་མོ་ཡི་ཐོད་པ་གཞག། དེ་ནང་ཁྲགས་སྣ་རྣམས་ཀྱིས་དགང། ། ལེ་བརྒན་རྒྱས་བཅིང་དར་ལམ་སྐར་ཁུང་བཏོད།། ཐུན་གྱི་དྲག་སྔགས་དེ་ལ་བསྟིམ།། བྱ་ཕོ་དཀར་པོའི་ཐོད་པ་རུ། བརྣག་པའི་མིང་རུས་སྲོག་སྔགས་བྲབ།། སྐྱེར་པའི་འགོ་ལིང་མཁར་པ་སྟེ།། ལིང་ག་བཏགས་ལ་དབུས་སུ་གཟུགས། ། ཡུངས་ཀར་ཡུངས་ནག་སྐེ་ཚེ་ལ།། སྔགས་ཅིང་ལིང་ག་དག་ལ་བྲབ།། ཅེས་གསུངས་སོ།། དྲག་པོ་རྫས་ཀྱི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡི་གེ་བཅུ་གསུམ་གནད་ཀྱི་ཙཀྲ་སྟེ། ། ཕྱི་ནག་གསང་བ་གསུམ་དུའོ། ཧཱུ~ཾ་ཀྴན་རག་ཤ་མུ་ཁ་མུན་ཏྲ་བཛྲ་རུ་ནི་བྷྱོ། ཕྱི་ལྟར་གནད་ལ་དབབ་པ་ནི།། མ་མོའི་གཟུགས་ལ་ཡི་གེ་བཅུ་གསུམ་འཁོར་ལོའི་བསྐོར།། ནང་ལྟར་གནད་ལ་དབབ་པ་ནི། ། ཐོད་པའི་ནང་དུ་ཡི་གེ་བཅུ་གསུམ་བྲི།། གསང་བའི་གནད་ལ་དབབ་པ་ནི།། བདག་ཉིད་དཔལ་གྱི་ཐུགས་ཡི་གེ་བཅུ་གསུམ་པོ།། མ་མོའི་ཁོང་པ་འཁྲུག་པའོ། དེ་ནས་དོན་ཡོད་བྱ་བ་འདི་གསུངས་སོ། ། ཏྲག་རག་ཤ་ཁ་མུན་ཏྲ། སྙིང་ཁ་རག་སྲོག་རྩ་རྦད་ཙཏྟི་ལོང། རག་ཏ་ཐུན་བྷྱོ་ཆུམ་ཐུམ་རི་ལི་ལི་རྦད། ཏྲག་རག་ཤ་བཛྲ་ཁ་ཆུང་ཐུམ་རི་ལི་ལི་རྦད་བྷྱོ། པྲ་ཏི་ས་མན་ཏ། སྨུག་པྲ་ཏི་ས་མན་ཙེ་ནི་ཁམ་མྱག་ཁུམ་ཁུམ་མྱག་མྱག་ཆོད་ཆོད། ། གསང་པར་བྱ་བའི་འདི་གསུངས་སོ།། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཏི་ཡང་ཁ་ཏེ་ཁུམ་མར་ཡ་སད་ནི་སོད་ནི་ཤི་མཱ་ར་ཡ་རྦད། ཐུན་སྔགས་འདི་གསུངས་སོ།། མ་མ་སྙིང་ཁ་རག་མ་མ་སྙིང་ཁ་རག། མ་མ་རག་ཤ་མ་མ་རག་ཤ། ། རག་མོ་སྙིང་ཁྲག་ལ་མ་དུན་དུན།། ཏྲག་རག་ས་ཡ་སྙིང་ལ་ཧེ་ཀིཾ། མ་མ་རུ་ལུ་རུ་ལུ་བྷྱོ། ཁོག་སྦུབས་རོལ་ཅིང། སྙིང་ཁྲག་ལ་ས་མ་ཡ་དཾ་ཛ་ཛ། སྙིང་རྩ་ཕྱུང་ཤིག། མ་མ་སྙིང་ཙིཏྟ་ལ་ཐུན། ཤི་ཏི་སྠ་སྙིང་ལ་ཡ་མ་བྷྱོ། མ་མ་ཤ་ཤ་མ་མ་ཧྲིང་ཧྲིང་མ་ས་མ་ཡ། དགྲ་བོ་མ་དེ་ར་ཡ་སོད། མ་རྩི་ཏ་ཛྭ་ལ་རཾ། སྙིང་རྩ་ལ་རོལ་ཅིག། ཐུཾ་རི་ལི་ལི་མ་ལས་མྱུར་དུ་མཛོད་ཅིག། སྙིང་གོང་གཅད་པའི། ཨོཾ་བཛྲ་དར་ལིག། ཨོཾ་བཛྲ་སྙིང་གོང་ཆོད་ཅིག། ཁ་ལ་ཛ་མུན་ད་ལོ་དུན་ཏིང་ད་ཡ་རྦད། ཁྲག་ཏིག་སྣར་མ་རྦད། བཛྲ་ཙ་དུ་ཀྲི་ར་ཏི། ཏ་ཡ་བཛྲ་ཧཱུ~ཾ། རྦད་དུ་རྦད་དུ། རྦད་བུ་རྦད་བུ། ད་ར་ཀ་ཡ་བསྟིམས། པི་སྟངས་ས་མ་ཡ། ཞེས་གསུངས་སོ།། རང་ལ་མི་ཟློག་པའི་སྔགས། ར་ཙ་ཐུམས་ཡ་ཏི་རྦད། ནོར་ཕྱུགས་བུ་སྨད་བསྲུངས་པ་ནི།། ཤཱཀྱ་ཐུབ་ཁང་ཀྲི་ནན། སློབ་དཔོན་ཉེ་འཁོར་བསྲུངས་པ་ནི།། ར་ཙ་ཏ་ཏི་ཕྲ་ཏི་ཏི་མན་སད་གཟས་པའི་བླ་སེམས་དགུག་པ་ནི། ། ཨོཾ་བཾ་མྲ་ཏ་ཧ་དགྲ་བོ་ཕུར་བར་བྱ་བ་ནི།། པ་སུམ་ཏྲི་ཧ། ཧཱུ~ཾ་བཛྲ་ཧ་ན་ཧ་ན་ཏི་ཏ་ཙ་ཀྲ་མ་ར་པྲ་ཧཱུ~ཾ་ཕཊ། ཏི་ཡ་ར་ཧཱུ~ཾ་ཕཊ། ལུས་སྲོག་དབྱེ་བ། ཨོཾ་བཾ་ཤཾ་ཀ་བེ་ཤཾ། རུ་པ་ཤ་ག་ཐུམ་བྷྱོ། བྷྱོ་ཕྲོཾ་ན་སོད། བཛྲ་ཧ་ན་ཧ་ཏིབ་ཏ་ཙ་ཀྲ་མཱ་ར་ཡ་ཧཱུ~ཾ་ཕཊ། དྲག་པོ་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། སྤྱིན་སྲེག་བྱ་བའི་ལས་དག་ནི།། དུག་ཤིང་དག་དང་གདུག་པའི་ཤིང།། ཧོཾ་ཁུང་ཟུར་གསུམ་ནང་དུ་བསྲེག། ལིང་ག་གཏུབས་པའི་དུམ་བུ་དང།། མ་ས་རགྟ་བཅས་པ་དབུལ།། ཧཱུ~ཾ། རབ་ཏུ་མི་སྒྲུངས་ཤིན་ཏུ་གཏུམ་པའི་སྐུ།། ཞལ་ནས་གདུག་པའི་མེ་བྱུང་སྲིད་གསུམ་སྲེག། རྐན་སྒྲ་བརྡབས་པས་བདུད་བཞི་བརྒྱལ་བར་མཛད། ། དམ་ཉམས་ཤ་རུ་བཅས་པ་རོལ་ཅིག་ཁ་རམ་ཁཱ་ཧི།། ཏྲག་རག་ཤ་ཁ་མུན་ཏྲ་མུ་རམ་སུ་ཡམ་པི་རི་ཤག་བྲ་བེ་ཤ་ཕཊ།། ཏྲག་རག་ཤ་ས་མ་ཡ་དུན་བྷྱོ།། སྙིང་སྙིང་ཁྲག་ཁྲག་ཤ་ལ་དུན་བྷྱོ།། མ་ཏ་ཏི་སྟ་ཛཱ་ལ་རམ། ། མ་མ་ཨེ་ཀ་ཛ་ཏིའི་ཞལ་དུ་ཁཱ་ཧི་ཁཱ་ཧི། སྤྱིན་སྲེག་གི་ལེའུ་སྟེ་བདུན་པའོ།། དེ་ནས་བསྐུལ་ཏེ།། ཧཱུ~ཾ། མི་མངོན་མཁའ་དབྱངས་ཕོ་བྲང་ནས།། སྔགས་ཀྱི་སྲུངས་མ་མཐུ་མོ་ཆེ། ཨེ་ཀ་ཛ་ཏི་གསང་བའི་ཡུམ་ཅིག་མ། ། སྐུ་མདོག་མཐིང་ནག་འབར་པ་ལ།། གཡུ་ཡི་རལ་པ་ཐོར་ཚུགས་གཅིག་ཏུ་བཅིངས།། མཛེས་པ་གཡུ་ཡི་སྨིན་མ་ཁྱུག་སེ་ཁྱུགས།། ཁྲག་གི་མཆི་མ་ཤ་ར་ར། བསེ་ཡི་སེན་མོ་ཟངས་སེ་ཟངས།། དུང་གི་མཆེ་བ་ཐམས་སེ་ཐམས། ། གཡས་ཀྱི་ཕྱག་ན་ཞེ་སྡང་ཙིཏྟ་དགུ་བརྒྱ་བསྣམས།། གཡོན་གྱི་ཕྱག་ན་གཡུའི་སྤྱང་མོ་དགུ་འབུམ་བསྣམས།། བ་སྤུ་ལྕགས་ཀྱུ་རྩེ་དགུ་ཡིས།། དགྲ་བོ་འཛིན་ཤེས་གཏོང་མི་ཤེས།། བཅོལ་པའི་འཕྲིན་ལས་དུས་ལ་དབབ། ། ཅེས་གསུངས་སོ།། ཕོ་གནད་ལ་དབབ་པ་འདི་གསུངས་སོ།། སྟེ་ཕྱོགས་རྣམ་དག་འཕྲུལ་གྱི་གཞལ་ཡས་ནས།། འགྲོ་བའི་དོན་ཕྱིར་རྒྱུད་དྲུག་གནས་སུ་གཤེགས།། གདུལ་པ་འདུལ་མཛད་འཕྲོས་པའི་ཚུལ་སྟོན་ཅིང། ། ཐུགས་རྗེའི་ངང་ཉིད་སྣང་སྲིད་མཐའ་ལ་གཟིགས།། ཀུན་རྫོབ་དོན་དུ་ཞིང་ལྤགས་གཡང་གཞི་གསོལ།། ཞེ་སྡང་སྦྲུལ་གྱི་ཆུན་པོ་དབུ་ལ་བཅིངས། རུ་དཔོན་ཚུལ་དུ་སྟག་གི་རྒྱལ་མཚན་བསྣམས། ། འཇིགས་པའི་ཚུལ་དུ་བེར་སྨུག་དགུ་བརྩེགས་གསོལ།། རྔམ་པའི་ཚུལ་དུ་ཞལ་གདངས་ཧ་ཧར་བཞད།། ཁྲོས་པའི་ཚུལ་སྟོན་སྡང་མིག་ཕྱོགས་བཅུར་བགྲད།། ཟ་བྱེད་རྔམ་པའི་རྟགས་སུ་སྟག་གི་རྒྱལ་མཚན་བསྣམས། ། ཞི་བའི་ངང་ལས་མི་བཟད་ཁྲོ་ཚུལ་ཅན།། ཨག་ཚོམ་ཁམ་ནག་བསྐལ་བའི་མི་ལྟར་འབར།། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ་ཡི།། ཉི་ཟླ་ཐོད་འཕྲེང་ཅན་ཡང་དབང་དུ་སྡུད། ། ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས་པ་ནི།། ཀླུ་ཡི་རྒྱལ་པོའི་ཁམས་ཀུན་དབང་དུ་སྡུད། ཕྱག་མཚན་ཞིང་གི་དབྱུག་ཏོ་འཕྱར་བ་ཡིས།། ལོག་པར་ལྟ་བའི་དགྲ་བགེགས་རྡུལ་དུ་རློག། ཅེས་གསུངས་སོ། ། འཕྲིན་ལས་བསྐུལ་བའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་དམ་ཚིག་ཆེད་དུ་བརྗོད་པ་འདི་གསུངས་སོ།། ཁྱི་དང་བུད་མེད་བརྟེན་མི་བྱ།། མཆོག་ཏུ་སྲོག་གི་དམ་ཚིག་གཅེས།། ཁྱད་པར་དོར་ན་མཆོག་ཏུ་ཉམ། ། འདོད་ཆགས་བྱ་ལ་རྫས་མི་བསྟན།། རྫས་ཀྱིས་དུས་དང་རྟག་ཏུ་མཆོད།། སྲོག་གི་སྙིང་པོ་རྒྱུན་ཏུ་གྲངས།། ལས་ལ་སྦྱོར་ན་མི་དང་འཕྲད་པ་སྤང།། མཆོག་ཏུ་སྤྱི་ཡི་དམ་ཚིག་གཅེས།། ཞེས་གསུངས་སོ། ། སྲོག་ཐིག་ནག་པོའི་རྒྱུད་ལས།། བསྲུངས་པ་དམ་ཚིག་གི་ལེའུ་སྟེ་དགུ་པ་ནས་གཏད་པ་ཡོངས་སུ་མི་ནུབ་པ་འདི་གསུངས་སོ།། ཡག་ཤ་དམ་ཅན་ཁོང་སྙིང་དྲན་པ་འདི།། མ་འོངས་སྔགས་པ་དམ་མེད་ལ། ། གསང་ཞིང་མཆོག་ཏུ་སྦ་བར་བྱ།། གལ་ཏེ་འདི་དག་བསྒྲགས་པ་ན།། ཉིད་ཀྱི་མཚང་ཚིག་བསྒྲགས་ཟེར་ནས།། ཆད་པ་སྔོན་དུ་གཅོད་པར་བྱེད།། དེ་ཕྱིར་མི་བསྟན་སྦ་བར་བྱ། ཞེས་གསུངས་སོ།། སྲོག་ཐིག་ནག་པོའི་རྒྱུད་ལས། ། ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་པའོ།།།། སྲོག་ཐིག་ནག་པོའི་རྒྱུད།། གསང་པའི་དྲག་སྔགས་སྲུངས་ལྕམ་དྲལ་གྱི་མཚང་ཚིག། གདུག་པའི་མཚོན་ཆ་རྫོགས་སོ། ཨྠི+ྀ།།།། དེ་ནས་ཡང་གསུངས་པ་གལ་ཏེ་རང་ངམ་འཁོར་ལ་གནོད་ཅིང་འཁུ་ལྡོག་བྱེད་པ་དང། ། རྟགས་བྱུང་ནས་ལས་བྱེད་དུ་མ་འདོད་ན།། གཅུན་སྔགས་བསྟན་ཏེ། མ་མ་ཨ་ཀ་ཛ་ཏི་ཡ། ཏྲག་རག་ཤ་ས་མ་ཡ།། སྲོག་འདུས་མ་མ་དགྲ་བོའི་སྙིང་རྦུད། སྲོག་དྲོལ་ད་ར་ཁུག་ལ་ཡ་ཕུབ་ཙིཏྟ་རྦད།། སྲོག་ཐུམ་རི་ལི་ལི་མ་བྷྱོ་ཛ།། འདི་མེད་ན་མོ་དབང་དུ་མི་འདུས་པས།། དེས་ན་ཐུགས་ལ་བརྣག་པར་བྱའོ།། ཞེས་གསུངས་སོ།། བསྐལ་པ་དུམ་བུར་ཕྱུང་པའི་ལེའུ་རྫོགས་སོ། ། ཨྠི+ྀ་རྒྱ་རྒྱ།།།། མ་མོའི་རྟགས་ནི་བུད་བཙས་བཟང་མོ་ཕྱག་འཚལ་བ་བཟང་ངོ།། བཙན་མོའི་རྫས་མོ་འམ་ཕར་ལ་ཕྱག་འཚལ་བ་བྱུང་ན་སྲོག་ཐིག་ནས་བྱུང་བའི་གཅུན་སྔགས་བཟླས། ། མོན་མོར་བྱུང་ན་མ་ཉིད་དངོས།། སྐྱེས་པར་བྱུང་ན་དགྲ་ལ་མྱུར།། གསད་པའི་དུས་ན་རི་དགས་གསད་ཅིང་རྨི་ན་བཟང།། ཐུན་ཁྲག་ཁོལ་བ་དང།། དགྲའི་ཙིཏྟ་དངོས་སུ་འོང།། ཙིཏྟ་བྱུང་ན་ཞལ་དུ་རྔུབ་བོ། ། ཐུན་སྔགས་བྱུང་ན་བཅུ་དྲུག་པའོ།། བཛྲ་དར་ལའི་དྲུག་ཅུ་པའོ།། སྲོག་ཐིག་ནས་དཀར་པོ་གདགས་པར་གསུངས་ཏེ།། ནག་པོ་བཏགས་ན་དངོས་གྲུབ་མྱུར།། ཞེས་གུ་རུ་དེ་བཙན་ཏྲས་གསུང་ངོ། རྒྱ་རྒྱ་རྒྱ།།།། !་བོད་སྐད་དུ།། ཚ་བ་ཡང་གཏེར་གྱི་རྒྱུད།། དཔལ་ཟངས་ཏོག་རྒྱལ་པོ་ལ་ཕྱག་འཚལ་ལོ། སྔོན་སྲིད་པའི་རྒྱལ་པོ་མིང་ཙམ་ཡང་མི་སྲིད་པའི་སྔོན་རོལ་དུ།། ཆོ་འཕྲུལ་ཆེན་པོ་འབྱུང་བའི་གཞི། ། ཉི་མ་ལྷོ་ནུབ་ཀྱི་མཚམས་ན།། དུག་མཚོ་མེར་བའི་ནང་ན།། བསེ་དོང་ཁྲ་བོ་རི་རབ་དང་མཉམ་པ་གཅིག་སྐྱེས་སོ།། དེའི་ཁ་ལྕགས་འཁར་འོད་འཕྲོ་བ་རང་ཆས་སུ་གྲུབ་པ་གཅིག་བྱུང་ངོ།། ལྕགས་མཁར་འོད་འཕྲོ་བའི་ནང་ནས། ། དཔལ་ཟངས་ཏོག་རྒྱལ་བསེའི་རལ་པ་ཅན་ཞེས་བྱ་བ།། དབུ་རྒྱ་མདུད་འཁོར་ལོ་ལྔས་བརྒྱན་པ།། དབུས་སུམ་ཅུ་རྩ་གསུམ་གྱི་གནས་སླེབ་པ།། ཉི་ཟླ་རྐེད་པ་ནས་འཆར་བ།། རྣ་བ་གཡས་པ་ནས་གསེར་གྱི་ལྕགས་ཀྱུ་དང་རྣ་བ་གཡོན་པ་ནས་གཡུའི་ཞགས་པས་བརྒྱན་པ། ། མིག་གཉིས་ནས་མེའི་ཚ་ཚ་བདུན།། འབུམ་འདུན་འཕྲོ་བ། ཁ་ནས་གནས་ལྕགས་ཀྱི་མཆེ་བ་དགུ་བརྒྱས་གཏམས་པ།། སྣ་ནས་སྔོ་དམར་གྱི་འཇའ་འབྱུང་བ། ། ཕྱག་གཡས་པ་ན་གསེར་གྱི་རལ་གྲི། གཡོན་པ་ན་བསེའི་མདུང་དམར།། དེ་ལ་སོགས་ཏེ་གདུག་པའི་མཚོན་ཆ་སྣ་ཚོགས་ཕུར་བུས་འཕེན་པ། སྙན་གཡས་གཡོན་ནས་ཕོ་སྤྲེའུ་དང་མོ་སྤྲེའུ་འཐབས་པ། སྟ་ཟུར་གཡས་ནས་ཕོ་སེང་སྡོང་མོ་སེང་སྡོང་འཐབས་པ།། དེ་ལྟ་བུ་ནི་ཡབ་བོ།། ཡུམ་གནོད་སྤྱིན་བསེ་གདོང་ཟངས་མགྲིན་མོ་མདོག་སྔོན་དམར་མགོ་མིག་གི་གང་པ་སྦྲུལ་ནག་གི་རལ་པ་ཅན།། ལྟེ་བ་ཡན་ཆད་ནུ་མས་བརྒྱན་པ། ། ཁ་རླངས་སྔོན་དམར་དུ་འཁྲིག་ཅིང།། ལག་པ་གཡས་པ་ན་མཚོན་གྱི་གྲུ་གུ་སྔོ་དམར་ཡོད་པ།། གཡོན་ནད་ཀྱི་རྐྱལ་པ་ཁ་སྦྲུལ་གྱིས་བཅིགས་པ་ཐོགས་པ།། འཁོར་ཆུ་སྲིན་དང་ནུས་སྦལ་ཁ་འཐབ་སྟོང་གིས་བསྐོར་བ་གཅིག་གོང་རོལ་ནས་ཆགས་ནས་ཡོད་དོ། ། དེ་ནས་ཨ་ཏི་ཡང་ཏི་རག་ཤ་ཧོ།། ཞེས་སྒྲ་རང་རྒྱུད་དུ་གྲགས་པ་ལས།། དཔལ་གནོད་སྤྱིན་ཟངས་ཏོག་གི་རྒྱལ་པོ་ཡུམ་ཆགས་པའི་ཡིད་གཡོས་པས། ཐབས་ཀྱི་སྦྱོར་བ་བྱས་པ་ལས། བྱང་ཆུབ་སེམས་ལས་བསེའི་གྲོད་པ་སྔོན་དམར་དུ་འདུག་པ་གཅིག་སྐྱེས་ཏེ།། སད་ཏེ་ཕྲ་ཡིན་ཕྲི་སྐུར་སྐུར་ཞེས་སྒྲ་རང་རྒྱུད་དུ་གྲགས་པ་ལས།། ནམ་མཁའ་ལ་བསེའི་སྤྲིན་སྦྱིན་ཆགས། ། འོད་ཟེར་གྱི་གྲོད་པ་ལ་ཕོག་པས།། གྲོད་པ་ཁ་མེད་རྡོལ་བའི་ནང་ནས་ཚན་འགྱུར་ཆེན་པོ་བདུན་བྱུང།། དེས་རི་ནི་ཆག། མཚོ་ནི་ཁོལ།། མཚོ་དེའི་ནང་ནས་ཚ་འགྱུར་བ་བསེ་མོ་གཤོག་པ་ཅན་བཞི། ། སྲོག་གཤེད་མ་བཞི།། འདྲེ་སྐྱེ་མ་བཞི།། སྲོག་ཟན་མའི་ལྷ་མོ་བཞི།། སྲོག་ལེན་མ་བཞི།། བསེ་མོ་ཕུང་བྱེད་མ་བཞི། སྲིང་མོ་བྱ་ཐུལ་ཅན་འབྱུང་པོ་སྣ་ཡོན་དང་བཅས་པ་བྱུང་ནས།། འཇིག་རྟེན་ཕུང་བར་བྱེད་པ་ལས། དེ་ནས་དཔལ་རོ་ལངས་ཆེན་པོས་ལྟས་ཤིང་གཟིགས་པ་ལས།། གོང་དུ་བསྟན་པ་དེ་རྣམས་ནམ་མཁའ་ནས་སེམས་ཅན་ལ་གནོད་པ་བྱེད་པའི་རྫུ་འཕྲུལ་སྟོན་དེ།། བསེ་འབྲུག་ལྡིར་བ་ནི་སྒྲོགས། ། བསེ་གློག་ཁྲ་བོ་ནི་འགྱུ།། ཐོག་ཆར་བཞིན་དུ་འབབ།། སེར་བ་ལུག་ཙམ་བབས་པས།། སེམས་ཅན་ཐམས་ཅད་ཕུང་པར་བྱས་ནས།། བར་དུ་དུག་མཚོ་ཁོལ་མའི་ནང་དུ་བྲོས་ནས་འགྲོ་བ་དེ་ལ་ཐུགས་རྗེ་ཆེན་པོ་བསྐྱེད་དེ། ། བདག་ཉིད་དཔལ་ཆེན་པོའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམས་ནས། ཡུངས་ཀར་འབྲུཾ་བུ་བདུན་གནམ་དུ་གཏོར་ཏེ།། མ་ཚོགས་མཁའ་འགྲོ་དབང་ཕྱུག་ཐམས་ཅད་ར་མདའ་བཟློག་ནས། ཐད་ཀར་དུག་མཚོ་མེད་བ་དེ་མེ་དཔུང་འབར་བ་ཅིག་ཏུ་བསྒོམས་པས། དུག་མཚོ་ཁོལ་བས།། གདུག་བྱེད་མ་རྣམས་མ་ཚུགས་ཁར་བྱུང་བས། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་མདུན་དུ་བཀུག་སྟེ།། རྡོ་རྗེ་ཁྱུང་གཤོག་གི་ཕྱག་རྒྱས་ཟིལ་གྱིས་མནན། བཀའ་འོག་ཏུ་བསྡུས་ཏེ། འདར་ཕྲི་ལི་ལི་འཁོར་པ་སལ།། དེར་བདེ་བ་ཆེན་པོས་ཁྱེད་རྣམས་སུ་ཞིག་ཡིན་ཞེས་དྲིས་པས།། བདག་ཅག་ནི་བསེ་མོ་གདུག་བྱད་སུམ་བརྒྱ་དྲུག་ཅུའི་གཙོ་མོ་ལས་གྲུབ་པའི་དྲེགས་པ་ཅན་ལགས་ཏེ། ། ཤིན་ཏུ་འདུལ་དཀའ་བ་ལགས་ན།། ཅི་བཀའ་སྩལ་ཞེས་ཟེར་བས། དེར་ཤིན་ཏུ་ཡང་དབང་དུ་འདུས་ནས། ལག་ཏུ་རྡོ་རྗེ་བྱིན། ལྕེ་ལ་བདུད་རྩི་བཞག། ཆོས་སྐྱོང་བའི་སྲུང་མར་དམ་བཅས་ནས། དེར་ཕུང་བྱེད་མ་རྣམས་ཀྱིས་ཀྱང།། རང་རང་གི་སྲོག་སྙིང་གི་ཡང་སྙིང་ཕུལ་ནས། བསྟན་པ་བསྲུང་པར་དམ་བཅའ། སྨོད་པོར་རོ། ཚ་བ་ཡང་གཏེར་གྱི་རྒྱུད་ལས་ལོ་རྒྱུས་དང་གླེང་གཞིའི་ལེའུ་སྟེ་དང་པོའོ། ། དེ་ལ་དང་པོ་གཞུང་དང་མཐུན་པའི་གནས་བྲག་དང་ཆུ་འཐབ་པ་འམ། དེའུ་མགུལ་ཆད་དམ།། བྲག་དམར་བཟང་པོ་ཁ་ལྷོ་རུ་བལྟས་པ་བཙལ།། བསྙེན་པ་དང་སའི་ཎོ་ག་གཞུང་བཞིན་བྱས་ནས། གནས་བཅས་ཏེ། སྟེགས་བུ་བརྩིགས་ཆག་ཆག་རྣམས་པ་གསུམ་གདབ།། དེ་ནས་ཐིག་གདབ་པ་དང།། དབྱི་དཀོར་བྱ། ཚོན་ནུ་དུར་ཁྲོད་གནས་ནས་བླང།། གཞུང་བཞིན་དུ་ནི་བྱིན་གྱིས་བརླབས།། དེ་ལ་དབུས་སུ་གྲུ་གསུམ་པ། ། མཐའ་མ་ཟླ་གམ་གྱིས་བསྐོར་ལ།། དེ་ལ་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བརྒྱད།། མུ་ཁྱུད་ཟླུམ་པོ་གྲུ་ཆད་གློ་འབུར་དང་བཅས་པ།། སྒོ་བཞི་དང་ལྡན་པར་བྲིས་ལ།། གྲུ་གསུམ་ལ་དཔལ་གནོད་སྤྱིན་ཟངས་ཏོག་གི་རྒྱལ་པོ་ཡབ་ཡུམ་དགོད། ། ཟླ་གམ་ལ་ཚ་འགྱུར་མ་བཞི་དགོད།། འཁོར་ལོའི་ཕྱོགས་བཞི་ལ་སྲོག་གི་གཤེད་མ་བཞི་དགོད།། མཚམས་བཞིར་བལ་མོ་འདྲེ་ཁྱེར་མ་བཞི་དགོད།། གློ་འབུར་ཟླ་གམ་བཞི་ལ་སྲོག་ཟན་མའི་ལྷ་མོ་བཞི་དགོད། ། མཚམས་བཞིར་སྲོག་ལེན་མའི་བདུད་མོ་བཞི་དགོད།། སྒོ་བཞིར་བསེ་མོ་ཕུང་བྱེད་མ་བཞི་དགོད། སྲིན་མོ་ཐུལ་ཅན་བྱ་ཕུར་ཅིག།། འབྱུང་པོ་སྣ་ཡོན་ལ་སྐེ་ཚེ་ལྕགས་ཆེ་དུག་བསྲེས་ལ་བྲབ། ། གཙོ་བོ་ཡབ་ཡུམ་ལ་བན་ངྷ་དུག་དང་ཁྲག་གིས་བཀང་བའི་ནང་དུ། མདའ་འུག་པ་མ་སྒྲོ་གསུམ་པ་ཁྲུ་གང་བ་གཅིག་ལ་ཡབ་ཀྱི་སྙིང་པོ་བྲི།། དེའི་རྩར་རྩང་གཅིག་ལ་ཡུལ་གྱི་སྙིང་པོ་བྲིས་ལ་དགོད། ། གཞན་ཀུན་གྱི་རྩང་ལ་མིང་བྲིས་ལ་དགོད།། དར་མཐིང་ནག་གི་གུར་ཕུབ།། འོ་མ་དང་ཁྲག་བསྲེས་པའི་བན་ངྷ་བཞི་ཕྱོགས་བཞིར་དགྲམ།། ཤ་ཁྲག་གི་གཏོར་མ་བདུད་རྩི་དང་བཅས་པ་དགོད། ལྷོ་ནུབ་མཚམས་སུ་འབྲུབ་ཁུང་གྲུ་གསུམ་བཅའ། ནང་སོལ་བས་བཀང་པའི་ཐོག་ཏུ་དགྲ་པོའི་ལིང་ག་བཅས་པའི་ཕྱི་རོལ་ལྟས་ངན་གྱི་བྱ་སྣ་ཚོགས་པའི་མགོ་བོས་བསྐོར་རོ།། བུད་མེད་ཀྱི་ཞབས་མས་བཀབ་ལ་བཞག། དེ་ནས་ལྷ་དང་དབྱེ་བའི་ལས་གཞན་དང་མཐུན་པར་བྱ། ། ཚེས་བཅུ་དགུ་ལ་དབུ་གཟུགས།། ཉི་ཤུ་དགུ་ལ་གདོན།། གཏོར་མ་ཡང་ཉི་མ་དམར་ཐག་ཆད་པ་ལ་ཕྱོགས་སུ་གཏང།། བདག་ཉིད་དཔལ་ཆེན་པོའི་སྐུར་བསྒོམས་ལ། སྙིང་པོ་ནུས་ཚད་དུ་བཟླ། ཡུངས་ཀར་དང་ལྕགས་ཕྱེ་བསྲེས་པས་མིང་ཁ་བྲབ།། ཐ་མ་ཐོན་པའི་ནུབ་མོ་ནམ་ཕྱེད་ནས་དབུས་ཀྱི་མདའ་ན་མར་རྩང་ཀུན་ལིང་ག་ལ་གདབ་པོ།། ཚ་བ་ཡང་གཏེར་གྱི་རྒྱུད་ལས། ལས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་རོ་ལངས་བདེ་བ་ཆེན་པོ་ཡིས། དཔལ་ཟངས་ཏོག་གི་རྒྱལ་པོ་ལ་སོགས་པ་གདུག་པ་ཅན་ཀུན་དབང་དུ་བསྡུས་ནས་བཀའ་དང་དམ་ལ་བཏག་ཏེ། ། བསྟན་པ་བསྲུང་པར་གཉེར་ཕོག།། རང་དམ་སྲོག་གི་སྙིང་པོ་ཕུལ་པ་འདི་སྐད་དོ།། ཨ་ཏི་ཡང་རི་རག་ཤ་ཧོ། དེ་མ་རག་ཤ་མ་དུ་བྷྱོ།། སུ་ཏྲི་བ་ཡ་རཾ། བ་ར་ཙི་ཏ་རཾ། ཡི་གེ་ཤོ་རི་ར་མ།། ཡ་མ་ཏི་ཙ་རཾ། ཙ་ཏ་ཁ་ལ་མང། ཀ་ར་ཡ་ཏི་ཡ་མཾ།། མ་རུ་ཙི་ཏ་མ།། མ་རུ་ཁ་ལ་མཾ། རུ་ཤ་ཙི་ཏ་ཁ་ཏ་ན་ར་ཏི་ཁ།། ཨུ་ར་པི་ཏི་ཁ་ན་བི་རུ་ཏི་ཁ།། ཤུ་ལ་ད་ར་ཛི། ཀང་ཀཾ་ད་ར་ཛི། ཙ་མུན་ད་རི་ཛ། པུ་ཀ་ད་རི་ཛ། གེ་ར་མ་ཡུ་ཡཾ། མུ་བེར་ཙ་ད་ཨུ་ཡཾ། སད་དེ་པྲ་བ་ཡཾ། ཨར་ཏ་པྲ་བ་ཡཾ། པྲ་ཧུད་ཛ་ཧད་བྷྱོ། མ་ཏུ་ད་ར་བྷྱོ། ཧ་ལ་དུ་ང་བྷྱོ། ཧ་ཧ་ར་ར་དུ་ང་བྷྱོ། མ་ཡཾ་གྲོ་ང་ཛ་ཡ་སྨེ་ཏི་ཕཊ། ཁ་རུག་པ་ཙཾ་མ་ཏི་ཕཊ། གསད་པའི་ཡང་སྙིང་སྤྱིར་བསྡུས་ཏེ་བྲབ་པ་ནི། གྲི་ཙ་ར་ཡ་དུ་ཡ་དུ་ཡ། སྣི་ར་སྣི་ར། ཁ་རག་དུ་ཤ་རག་རྦད། ཁ་དུན་བྷྱོ་ཁ་ལ་མ། ཧ་མཱི་ར་ཡ་ཕཊ། ཆེ་གེ་མོའི་སྲོག་རྩ་ལ་གཏིང་ཅིང་སྦྲིང། མྱུར་བར་གསད་པའི་སྔགས། མི་རི་ཀུན་ད་ར། ཁྲག་སྨ་ར་ཡ་ཕཊ། ཛ་སྙིང་ཁ་རག་རག་མོ་ཕུར་པ་ཚལ་བྷྱོ། ཁ་ཐམ་མ་མ་ཧུར་བྷྱོ། མདའ་ཐུག་ཁོལ་མ་འུར་བྷྱོ། དབྱི་དུག་ཞུན་མ་འུར་བྷྱོ། ལྕགས་ཀྱི་མ་མར་འུར་བྷྱོ། སྲིན་མོ་བྱ་ཐུལ་ཧུར་བྷྱོ། འབྱུང་པོ་སྣ་ཡོན་དུ་བྷྱོ། སྲོག་ཆོད་དབུགས་ལོང་ཐུན་ལ་ཡ། ཚ་བ་ཡང་གཏེར་གྱི་རྒྱུད་ལས་སྙིང་པོ་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། དེ་ནི་ཐུགས་དམ་བསྐུལ་ཞིང་འཕྲིན་ལས་བཅོལ་བ། རྟ་གས་སུང་གཏང་ཞིང་ཆང་སྣ་ཚོགས་སྦྲེང། ཁྲག་སྣ་ཚོགས་པ་བརླབ་ཅིང། བརྣག་པའི་ལས་བཅོལ་ཏེ། ཕྱོགས་ཕྱོགས་དེ་ནི་ཕ་གི་ན། ཉི་མ་ལྷོ་ནུབ་ཕྱོགས་མཚམས་ཤེད་ན།། ཞེ་སྡང་དུག་མཚོ་མེར་པའི།། བསེ་གདོང་ཁྲ་བོའི་ཁ་ལ་ནི།། ལྕགས་མཁར་གསོང་པོའི་ནང་ཤེད་ན། ། གནོད་སྤྱིན་ཟངས་ཏོག་རྒྱལ་པོ་བཞུགས།། སྐུ་མདོག་དམར་ནག་འཇིགས་པའི་སྐུ།། དབུ་ལ་མདུང་རྒྱ་འཁོར་ལོས་བརྒྱན།། སྤྱན་ལ་མེ་ཡི་ཕུང་པོ་འཕྲོ།། རྔམ་པའི་ཞལ་ནི་བགྲད་པ་ལས།། མཆེ་བ་གནམ་ལྕགས་དགུ་བརྒྱས་གཏམས། ། གསེར་གྱི་རལ་གྲི་གློག་ལྟར་འཁྲུག།། འོད་ཟེར་ཚ་ཚ་སྐར་ལྟར་འཁྲུག།། བསེ་ཡི་མདུང་དམར་ཆེམས་ཆེམས།། བ་དན་དམར་པོ་ཕྱོགས་བཅུར་འཕྲོ།། འོད་ཟེར་མཚོན་ཆ་ཆར་དུ་འབེབས། ། འཇིགས་སུ་རུང་བའི་ཆ་བྱད་ཅན།། སྔོན་ཡང་ཞེ་སྡང་ལས་ལས་འཁྲུངས།། ད་ལྟར་དྲག་པོའི་འཕྲིན་ལས་མཛོད།། ཁྱེད་ཀྱི་འཕྲིན་ལས་རྒྱུད་བསྐུལ་ན།། སྔོན་གྱི་ཐུགས་དམ་བསྙེལ་ལམ་ཅི།། ཐུགས་དམ་གཉན་པོའི་དུས་ལ་བབ། ། དམིགས་པའི་དམ་ཉམས་ཆེ་གོ་མོ།། སྲོག་གི་བར་ཆད་དུས་ལ་བབ།། སྲོག་ལ་ཧུར་འདུས་དུས་ལ་བབ།། བཅོལ་བའི་ལས་ལ་དོན་མ་ཆུང།། དེ་ཡི་ཡུམ་ཆེན་གཏུམ་མོ་ནི།། བསེ་གདོང་ཟངས་མགྲིན་རྫུ་འཕྲུལ་ཅན། ། སྔོན་དམར་ལུས་ལ་མིག་བརྒྱ་པ།། གཡས་ན་སྔོན་དམར་ཞགས་པ་འཕེན། གཡོན་ན་ནད་ཀྱི་རྐྱལ་པ་རྡེགས།། དལ་དང་རིམས་ཀྱི་མངའ་བདག་མོ།། ཁ་རླངས་སྡོང་དམར་དུ་བར་འཁྲིལ། ། སྤྲུལ་པའི་འོད་ཟེར་བསམ་མི་ཁྱབ། འཇིགས་པའི་རྐན་སྒྲ་ཕྱོགས་བཅུར་སྒྲོགས།། གནོད་སྦྱིན་རྒྱལ་མོའི་དུས་ལ་བབ།། དམིགས་པའི་དགྲ་བོའི་ཚེ་སྲོག་ལ།། ནད་ཀྱི་རྐྱལ་པ་བརྡབ་རེ་རན།། མཚོན་གྱི་གྲུ་གུ་བརྐྱང་རེ་རེ་ན། ། དུས་ལ་བབ་པོ་ས་མ་ཡ།། བཅོལ་བའི་ལས་ལ་དོན་མ་ཆུང།། ད་ནི་ཚ་འགྱུར་མ་བཞི་བསྐུལ་ཏེ།། མེ་དཔུང་འབར་བའི་དཀྱིལ་འཁོར་ནས།། བསེ་ཡི་མི་མོ་ཁྲག་མིག་མ།། དྲིལ་བུ་སྙན་ཚོགས་སི་ལི་ལི། ། ཆིབས་སུ་བསེ་ཡི་འབྲུག་ལ་ཆིབས།། དུང་མོ་བདུང་ཤིང་ཕུར་འདྲིལ་མ།། སྣང་སྲིད་སྲེག་པའི་མཐུ་མོ་ཆེ།། དམ་ཉམས་དགྲ་བོ་འདུལ་བའི་ཕྱིར།། འབྲུག་མོ་ཆིབས་ཏེ་ད་ཚུར་སྤྱིན།། མདུང་ཕུར་དགྲ་བོའི་སྙིང་ལ་ཡ། ། མི་ཤེལ་དཀར་པོའི་གཞལ་ཡས་ནས།། བསེ་ཡི་མི་མོ་གདོང་རིངས་མ།། རལ་པ་དམར་ནག་སྤྲིན་ལྟར་གཏིབས།། ཆིབས་སུ་བསེ་ཡི་འབྲུག་ལ་ཆིབས།། རྣ་ཆ་གསེར་གྱི་དྲིལ་བུས་བརྒྱན།། ལག་ན་རལ་གྲི་ཕུར་འདེབས་མ། ། དམ་ཉམས་དགྲ་བོ་བསྒྲལ་པའི་ཕྱིར།། བསེ་འབྲུག་བཅིངས་ཏེ་ད་ཚུར་སྤྱིན།། རལ་གྲི་ཕུར་འདེབས་ཚ་ལ་ཡ།། ཚ་འགྱུར་ཉི་མའི་གཞལ་ཡས་ནས།། བསེ་ཡི་མ་མོ་དཀར་མིག་མ།། བསེ་ཡི་རལ་པ་དུག་འཕྲུལ་མ། ། སྙན་ནས་གཡུ་ཡི་དྲིལ་བུ་འཁྲུལ།། དུར་མོ་ཆུ་གྲོ་ཕུར་འདེབས་མ། གཡུ་འབྲུག་བཅིབས་ཏེ་ད་ཚུར་སྤྱོན།། ཆུ་གྲི་ཕུར་འདེབས་དགྲ་ལ་ཡ།། ཚ་འགྱུར་ཉི་མའི་གཞལ་ཡས་ནས།། ལྕགས་ཀྱི་མི་མོ་གདོང་རིང་མ། ། ཉི་མའི་མིག་ལ་ཟངས་སྡེར་ཅན།། ལག་ནག་ནམ་ལྕགས་ཕུར་འདྲིལ་མ།། སྙན་ཆ་དུང་གི་ཆུན་འཁོར་ཅན།། ལྕགས་འབྲུག་བཅིབས་ཏེ་ད་ཚུར་སྤྱོན།། གནམ་ལྕགས་ཕུར་འདྲིལ་དགྲ་ལ་ཡ། ཚ་འགྱུར་མེ་ཡི་དུས་ལ་བབ།། ཁྲག་འཐོར་ཆེན་མོའི་དུས་ལ་བབ།། མཚོན་གྱིས་བསྐལ་པ་གཏང་པའི་དུས།། བཅོལ་པའི་ལས་ལ་དོན་མ་ཆུང། ཞེས་བརྣག་པའི་ལས་བཅོལ་ལོ། ད་ནི་སྲོག་གི་གཤེད་མ་བཞི་བསྐུལ་ཏེ། ། རི་རབ་ཆེན་པོའི་རྩེ།། ནས་སྤོག་གི་བཤེད།། བསྐྱོད་རེ་རེ་ན།། ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས།། སྲིན་པོའི་ཚོགས་ཀྱི་རྒྱལ་པོ་ནི།། བསེ་མཁར་དམར་པོའི་ནང་ནས་བསྐྱོད།། བསེའི་གྱི་ང་ཆེན་ཕུར་བུའི་ལྷ། ། བསེ་ཡི་རལ་པ་གྱེན་དུ་བརྫེས།། བསེ་ཡི་ཚེམ་ཁྲག་སི་ལི་ལི།། བསེ་ཁྲབ་འབར་བའི་གོ་མི་གནས།། བསེ་ཡི་ཐེ་ཐུང་ཤ་ར་ར།། ཁོང་ནས་བསེ་ཡི་གཞུ་བདུངས་ཤིང།། བསེ་མདའ་དམར་པོ་དགྲ་ལ་འཕེན། ། བསེ་ཡི་དམར་ཤོར་སྙིང་ལ་བརྡེག།། བསེ་ཡི་གྱི་ལིང་ཆིབས་ཏེ་བྱོན།། ཉམས་པའི་སྲོག་ལས་མ་ཡ།། གཤིན་རྗེ་དྲེགས་པའི་ཡུལ་རྩེ་ནས།། ལྷ་འདྲེའི་རྒྱལ་པོ་སྟག་ཐབས་ནི།། རལ་བ་དམར་སྨུག་གྱེན་དུ་བརྫེས། ། ལྕགས་ཀྱི་ཆམ་ཁྲབ་སི་ལི་ལི།། བསེ་ཁྲབ་འབར་བའི་གོ་མི་གནས།། ལྕགས་ཀྱི་མེ་ཐུང་ཤ་ར་ར།། ཁོང་ནས་ལྕགས་ཀྱི་གཞུག་ཅིག་བདུངས།། ཁ་ནས་ལྕགས་མདའ་སྔོན་པོ་འཕེན།། ལྕགས་ཀྱི་མདའ་ཟེར་སྙིང་ལ་ཐིག། ཁྱུང་ཆེན་ཆིབས་ཏེ་ད་ཚུར་སྤྱོན།། དགྲ་བོའི་སྙིང་ལ་ས་མ་ཡ།། ཡ་བདུན་དྲེགས་པའི་ཡུལ་རྩེ་ནས།། བསེ་མཁར་རྩེ་དགུའི་ཁྱད་ཆེན་ནི།། བསེ་ཡི་སོག་པོ་སྨིན་རིང་ལ།། རལ་པ་དམར་པོར་གྱེན་དུ་བརྫེས། ། བསེ་ཁྲག་དམར་པོ་སི་ལི་ལི།། ཚེ་མ་ཁྲབ་འབར་བའི་གོ་མྀག་ནས།། ཁྲག་གི་མདེ་ཐུང་ཤར་ར།། ཁྲག་མདའ་མང་པོ་སྲོག་ལ་ཐིམ།། ཁོང་ནས་མདའ་ཡིས་གཞུ་གཅིག་བདུད།། ཁ་ནས་ཁྲག་གི་ཟོར་གཅིག་འཕེན། ། སེའི་བྱ་ལ་ཆིབས་ཏེ་སྤྱོན།། དགྲ་བོ་ཉམས་པའི་སྲོག་ལ་ཡ།། གནོད་སྤྱིན་དྲེགས་པའི་ཡུལ་རྩེ་ནས།། བསེ་ཡི་སོག་པོ་གདོང་རིང་ལ།། རལ་པ་དམར་པོ་ཧ་ར་མིག།། ཟངས་ཀྱི་སོ་འདར་ཁྲིགས་སེ་ཁྲིགས། ། གསེར་གྱི་ཚེམས་ཁྲབ་སིལ་ལི་ལི།། ཚེམ་ཁྲག་འབར་བའི་གོ་མིག་ནས།། དུག་གི་མདེ་ཐུང་ཤ་ར་ར།། ཁོང་ནས་སྦྲུལ་གྱི་གཞུ་གཅིག་གདུངས།། ཁ་ནས་དུག་གི་མདའ་གཅིག་འཕེན།། བསེ་གཡག་ཆིབས་ཏེ་ད་ཚུར་སྦྱོན། ། དགྲ་བོ་ཉམས་པའི་སྙིང་ལ་དུག་མདའ་ཡ།། ཟོར་གྱི་རྒྱལ་པོ་བསྐྱོད་ཙ་ན།། རི་རབ་བསྒྱེལ་བའི་དུས་ལ་བབ།། རྒྱ་མཚོ་བསྐམས་པའི་དུས་ལ་བབ།། བསེ་ཡི་སྤྱན་མོ་དུར་ཞིང་གཟུགས།། བསེ་ཡི་བྱན་ལག་ལྡིང་ཞིང་འཇུམས། ། བསེ་ཡི་སོག་པོ་ལག་རིང་བརྒྱད།། ཆག་གང་ཙམ་གྱི་གནམ་མ་སླེབ།། ཁྲུ་གང་ཙམ་གྱི་ས་མ་སླེབ།། ཉི་ཟེར་ཟླ་ཟེར་འོད་ལ་རྒྱུ།། ལག་ན་སྲོག་གི་ཞགས་པ་ཐོགས།། བསེ་སྤྲེ་ཟང་སྤྲེ་ཏ་ར་ར། ། ཨ་ཀོ་དུ་ནི་སྲོག་ལ་ཡ། ཞེས་བརྣག་པའི་ལས་བཅོལ་ལོ།། ད་ནི་བ་ཡུལ་ཕུང་པའི་འདྲེ་སྐྱེ་མ་བཞི་བསྐུལ་བ་འདི་སྐད་དོ།། དྲག་གཏུམ་གདོང་གི་འདྲེ་སྐྱེ་མ།། བསེ་ཡི་མོན་མོ་སྦལ་མགོ་ཅན། ། དྲེད་ཐུལ་ནག་མོ་གཉའ་ཟེ་སྐོར།། ཁ་ནས་འབྲུམ་བུའི་ཁྲག་འཐོར་མ།། ཞེ་སྡང་ནག་པོའི་མཐའ་སྡེར་ནི།། སུ་དང་འཕྲད་པའི་སྲོག་ལེན་མ།། དགྲ་བོའི་བླ་ལ་གནོད་མ་ཆུང།། བྲག་དཔལ་དུན་གྱི་འདྲེ་སྐྱེ་མ། ། མོན་མོ་ལུས་ལ་འུག་པའི་མགོ། ཞིང་ལྤགས་རློན་པའི་ཐོད་ཐུལ་ཅན།། སྤྱུགས་གླུ་ལེན་པའི་བླ་རྐུ་མ།། རལ་གྲི་གཏེར་མའི་དཔལ་རྩེ་ནི།། དམ་ཉམས་དགྲ་བོའི་སྲོག་གཅོད་མོ།། ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། ། དགྲ་བོའི་ལྔ་ཕུང་གཞོམ་དུ་གསོལ།། ད་ནི་སྲོག་ཟན་མའི་ལྷ་མོ་བཞི་བསྐུལ་ཏེ།། དེ་ཡང་དམ་རྫས་དུག་དང། སྦྲང་རྩི་དང།། ཁྱིའི་སྙིང་ཁྲག་དང། རི་བོང་རིལ་མ་སླང་ང་ལ་བརྔོས་པ་དང།། ཐལ་ཆེན་ཡུངས་ཀར་རྣམས་ཞིབ་མོར་བཏགས་ཏེ་བསྲེས་ལ། ། བདག་ཉིད་དབང་ཆེན་རྒྱལ་པར་བསྒོམ།། ཕུར་བུ་ཡང་བསེ་ཡི་མདུང་དམར་དུ་བསྒོམས་ལ་ཐུགས་དམ་བསྐུལ།། བསེ་མོ་བཞི་ཡི་སྔགས་འབུམ་ཚར་གཅིག་བཟླས་ལ་གང་ལ་བྱ་བའི་ལུས་ལ་ཕོག་ན་གདོན་མི་ཟོའོ། ། ཡང་ན་ཁང་པ་ལ་བརྡེག་གོ།། བསྐུལ་བ་ནི།། ཕྱོགས་ཕྱོགས་དེ་ནི་ཕ་གི་ན།། བསེ་རླུང་འཁྲུགས་པའི་ཡུལ་ཁམས་ན།། གཟའ་བརྒྱད་ཤར་བ་ཟངས་ཀྱི་གཟའ།། བསེ་ཡི་སྒུང་མཁར་གྲུ་བཞི་ལ། ། ཟངས་དང་བྱུ་རུའི་ཀ་གདུང་འཁྲོལ།། བསེ་སྒོ་ཁྲ་བོ་ཐབས་སེ་ཐབས།། བསེ་ཡི་རྔམ་ཁྲི་འབར་བ་རུ།། སྲིན་པོ་ཕོ་མོའི་གདན་སྟེངས་སུ།། ཅིག་དང་འདྲའི་མཆེད་དེ་བཞུགས།། གཅིག་ནི་བསེ་ཡི་རྣ་ཆ་ཅན། ། བསེ་ཡི་ཐུལ་བ་སྐུ་ལ་གསོལ།། གཅིག་ནི་བྱུ་རུ་མདངས་རལ་ཅན།། ཁྲག་གི་རལ་ཆུང་སྐུ་ལ་གསོལ།། གཅིག་ནི་རྨ་བྱའི་ཐུལ་པ་ཅན།། ཟངས་ཀྱི་རྣ་ཆ་ཁྲལ་ལ།། བསེ་བ་གཅིག་ནི་བསེ་ཡི་རྔེའུ་ཆུང་ཅན། དུངགི་རལ་པ་ཤ་ར་ར། མི་ལྤགས་ཐུལ་ཆུང་གཉའ་ཟ་གྱོན།། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་མ། བསེ་ཡི་ཕུར་པ་བརྒྱ་བརྒྱ་འཕྲོལ། རལ་པའི་ནས་མེ་འབར་མ།། རལ་བའི་རྩེ་ལ་སྐར་འབྲུལ་མ།། ཁྲག་མིག་ལྕི་རིང་སོ་འདར་ཁྲིག། བསེ་ཡི་རྣ་ཆ་ཁྲ་ལ་ལ།། བསེ་ཡི་རྔེ་ཆུང་འདི་རི་རི།། བསེ་ཡི་ཕུར་བུ་སི་ལི་ལི།། ཟངས་ཀྱི་མདུང་ཚཽགས་ཆེམས།། དར་ནག་མདུང་ཚོགས་པུ་རུ་རུ།། ཨ་བི་ཙི་ར་མཐུ་པོ་ཆེ།། མཐུ་ཆེ་ཆེས་ནས་སོ་སོར་བཞག། གཅིག་ནི་བ་ཡུལ་གཏིང་ན་བཞུགས།། གཅིག་ནི་ཚ་བའི་རོང་ན་བཞུགས།། གཅིག་ནི་མང་ཡུལ་བསེ་ན་བཞུགས།། གཅིག་ནི་སྙེ་ནམ་འགྲམ་ན་བཞུགས།། དེ་ལ་གསང་པའི་མཚན་བཏགས་པ། ། གཅིག་ནི་ཡ་བྱིན་ཆེན་མོས་བྱ།། གཅིག་ནི་དེ་བྱིན་ཆེན་མོས་བྱ།། གཅིག་ནི་ཅི་བྱིན་ཆེན་མོས་བྱ།། གཅིག་ནི་བག་བྱིན་ཆེན་མོས་བྱ།། ཡ་བྱིན་འཁྲུལ་མོ་ཆེ།། ཀུན་ལ་དབང་མཛད་མ།། ཐུགས་ཀྱི་སྤྲུལ་པ་ཡིས། ། དགྲ་བགེགས་རྡུལ་དུ་རློག། མ་ཐོགས་མྱུར་དུ་སྤྱོན།། ཤུ་ལན་ད་ར་ད་ཚུར་སྤྱོན།། བསེ་བྱིན་ནི་རྫུ་འཕྲུལ་ཅན།། འཕུར་བྱེད་ནི་རླུང་བས་མགྱོགས།། ལྟ་རྣམས་ནི་དབང་དུ་སྡུད།། བདུད་ཀྱི་ནི་གོང་ཞགས་འཕེན། ། མ་ཐོགས་ནི་མྱུར་དུ་སྤྱོན།། ཀང་ཀང་རི་དུས་ལ་བབ།། རྩི་བྱིན་ནི་དབང་མོ་ཆེ།། སྐུ་མདོག་ནི་འཇའ་ཚོན་འདྲ།། ཉི་ཟླ་ནི་ཆིབས་སུ་ཆིབས།། ཕྱག་ན་ནི་ལྕགས་ཀྱུར་བསྣམས།། ཡག་ཤ་ནི་སྙིང་འདྲེན་མ། ། མ་ཐོགས་ནི་ད་ཚུར་སྤྱོན།། ཙ་མུན་ད་རའི་དུས་ལ་བབ།། ཕག་བྱིན་ནི་མཐུ་མོ་ཆེ།། སྐུ་མདོག་ནི་དམར་ནག་ལ།། ཞལ་གསུམ་ནི་རྔམས་ལ་འཇིགས།། སྦྱན་གསུམ་ནི་སྡང་མི་འགྱུར།། ལྗགས་འདྲིལ་ནི་ཚེམས་བར་ནས། ། ཁྲོ་བོའི་སྐུ་གཟུགས་སྟོན།། བྱུ་རུའི་ཕུར་བུས་བརྒྱན།། དགྲ་བགེགས་ཀྱི་གཉེན་པོ་ཆེ།། མ་ཐོགས་ནི་མྱུར་དུ་སྤྱོན།། དཀར་ནག་གི་མཚམས་སུ་ཡ།། བུ་ཀ་ད་རའི་དུས་ལ་བབ།། ཅེས་བརྣག་པའི་ལས་བཅོལ་ལོ། ། ད་ནི་སྲོག་ལེན་མའི་བདུད་མོ་བསྐུལ་ཏེ། བདུད་ཡུལ་ཏེ་ལ་པའི་མུན་ནག་ནས།། ནག་པོ་ཕེ་ལེན་བུ་མོ་ཡིན། ལྕགས་ཀྱི་མི་མོ་སྤྱི་རིངས་མ།། མིག་གི་ཟེར་ལ་ཉི་ཟླ་རྒྱུ།། མཐིང་ནག་རལ་པ་ཤ་ར་ར། ། གསེར་གྱི་སོ་འདར་ཁྲིགས་སེ་ཁྲིགས།། གསེར་གྱི་རྣ་ཆ་ཝངས་སེ་ཝངས།། ཐིག་ནག་བེར་ཆེན་སྤུ་རུ་རུ།། དབང་གི་བསེ་ཁྲབ་སི་ལི་ལི།། ཕྱག་ན་བསེ་ཡི་ཕུར་བུ་འདྲིལ།། གཡོན་ན་གསེར་གྱི་སོར་བ་ཐོགས། ། བདུད་རྟ་ཞགས་པ་ནག་པོ་རྒྱན།། བདུད་བྱ་ནག་པོ་ལིང་ཞིང་འཛུམ།། འཆི་བདག་བདུད་མོ་སྟོང་གིས་བསྐོར།། སྲོག་ཟནམ་ཆེན་མོའི་དུས་ལ་བབ།། དམ་ཉམས་འདི་ཡི་སོག་ལ་ཡ།། གཟའ་ཡུལ་རྡུལ་བྲག་སྟེང་ཤེད་ན། ། གཟའ་ཆེན་ཡག་པའི་བུ་མོ་ནི།། བསེ་ཡི་མོན་མོ་སྤྱི་རིངས་མ།། མིག་ནས་བསེ་ཡི་ཉི་ཟླ་འཆར།། བསེ་ཡི་སོ་འདར་ཁྲིགས་སེ་ཁྲིགས།། སྨུག་ནག་རལ་པ་ཤ་ར་ར།། བསེ་ཡི་རྣ་ཆ་ཝངས་སེ་ཝངས། ། སྨུག་ནག་བེར་ཆེན་སྤུ་རུ་རུ།། དབང་གི་བསེ་ཁྲབ་སི་ལི་ལི།། གཡས་ན་བསེ་ཡི་ལྕགས་ཀྱུ་ཐོགས།། གཡོ+ིན་ན་དྲ་བ་དགུ་བསྒྲིལ་དུ། སེམས་ཅན་ཀུན་གྱི་སྲོག་སྡུད་མ།། གཟང་རྟ་ཞུར་པོ་ཞགས་པས་བརྒྱན། ། གཟའ་བདུད་ནག་པོ་སྟོང་གི་བསྐོར།། ཀེའུ་ཀང་ཀར་མ་སྲོག་ལ་ཚུམས།། སྲོག་ལེན་མའི་དུས་ལ་བབ།། དགྲ་བོ་འདི་ཡི་སྲོག་ལོང་ཞིག། བཙམ་ཡུལ་ཟླ་འོན་རླུང་སྟེགས་ནས།། སྐྱེས་བུ་ལོང་བཙན་བུ་མོ་ནི། ། ཟངས་མའི་མོན་མོ་སྤྱི་རིང་མ།། མིག་ནས་ཟངས་ཀྱི་ཉིད་ཟླ་རྒྱུ།། ཟངས་ཀྱི་སོ་འདར་ཁྲིགས་སེ་ཁྲིགས།། ཟངས་ཀྱི་རྣ་ཆ་ཁྲ་ལ་ལ།། དམར་ནག་རལ་པ་ཤར་ར།། ལེ་བརྒན་པེར་ཆེན་སྦུ་རུ་རུ།། དབང་གི་བསེ་ཁྲབ་སི་ལི་ལི། ། གཡས་ན་ཟངས་ཀྱི་ལྕགས་ཀྱུ་འཕྲོ།། གཡོན་ན་ཟངས་ཀྱི་མདུང་དམར་འདེབས།། བཙན་རྟ་དམར་པོ་ཞགས་པས་བརྒྱན།། འཆི་བདག་ཆེན་པོ་སྟོང་གིས་བསྐོར།། དགེ་བསྙེན་དཀར་དམར་སྲོག་ལ་རྒྱུག། སྲོག་ལེན་མའི་དུས་ལ་བབ།། དགྲ་པོ་འདི་ཡི་སྲོག་ལོང་ཞིག། ཕོ་བྲང་ཆུ་བོ་ཀླུ་ཡུལ་ནས།། ཆུ་སྲིན་རྒྱལ་པོའི་བུ་མོ་ནི།། གཡུ་ཡི་མོན་མོ་སྤྱི་རིང་མ། མི་གནས་གཡུ་ཡི་ཉི་ཟླ་རྒྱུ།། གཡུ་ཡི་སོ་འདར་ཁྲིགས་སེ་ཁྲིགས། མཐིང་གི་རལ་པ་ཤར་ར་ར།། གཡུ་ཡི་རྣ་ཆ་ཝངས་སེ་ཝངས།། ཆུ་དར་བེར་ཆེན་སྤུ་རུ་རུ།། དབང་གི་གཡུ་ཁྲབ་ལམ་སེ་ལམ།། གཡས་པ་བརྒྱ་ནི་ལྕགས་ཀྱུ་འདེབས།། གཡོན་པ་བརྒྱ་ནི་ཞགས་པ་སྡོག། ། གཡུ་རྟ་སྔོན་མོ་སྦྲུལ་གྱིས་བརྒྱན།། ཀླུ་བདུད་དམར་པོ་སྟོང་གི་བསྐོར།། ཆུ་སྲིན་བུ་མོ་སྲོག་ལ་རྒྱུག།། སྲོག་ལེན་ཆེན་མོའི་དུས་ལ་བབ།། ཉམས་པ་འདི་ཡི་སྲོག་ལོང་ཞིག། ཅེས་བརྣག་པའི་ལས་བཅོལ་ལོ། ། ཚ་བ་ཡང་གཏེར་གྱི་རྒྱུད་ལས།། བརྣག་པའི་ལས་བཅོལ་བའི་ལེའུ་སྟེ་བཞི་པའོ།།།། དེ་ནི་བསེ་མོ་ཕུང་བྱེད་མ་བཞི་བསྐུར་ཏེ། དམར་ནག་འབེར་བའི་དཀྱིལ་འཁོར་ནས། རྨུ་བདུད་མོག་སེ་བུ་མོ་ནི། ། ཟངས་ཀྱི་མི་མོང་མདུང་རྩེ་རྐང།། ཕུར་བུའི་སྐྲ་ལ་ཟངས་ཀྱི་སོ། ཟངས་ཀྱི་ཚེར་ཁྲག་སི་ལི་ལི།། ཟངས་ཀྱི་རྣ་ཆ་ཝངས་སེ་ཝངས།། ཟངས་ཀྱི་རྔེ་ཆུང་ལྡི་རི་རི།། ཟངས་ཀྱི་མདུང་དམར་ཆེམས་སེ་ཆེམས།། ཟངས་ཀྱི་དྲི་ཞོན་ཤ་ར་ར། ། རྨུ་བདུད་འཁོར་ཚོགས་དུས་ལ་བབ།། ཉམས་པའི་དགྲ་བོའི་སྙིག་ལ་ཡ།། མུན་ནག་འབར་བའི་དཀྱིལ་འཁོར་ནས།། ཁུ་ལེ་ནག་རྒྱ་བུ་མོ་ནི།། བསེ་ཡི་མོན་མོ་མདུང་རྩེ་རྐང།། བསེ་ཡི་རྣ་ཆ་ཝངས་སེ་ཝངས། ། བསེ་ཡི་ཚེམ་ཁྲག་སི་ལི་ལི།། བསེ་མདུང་རུ་མཚོན་སྤུ་རུ་རུ།། བསེ་ཡི་རྔེ་ཆུང་ལྡི་རི་རི།། བསེ་ཡི་དྲེ་རྒོད་ཤ་ར་ར།། ལག་དགུ་འཁོར་ཚོགས་དུས་ལ་བབ།། དམ་ཉམས་འདི་ཡི་སྙིང་ལ་ཡ། ། ལྗང་ནག་འབར་བའི་དཀྱིལ་འཁོར་ནས།། གནོད་སྦྱིན་གོང་སྔོན་བུ་མོ་ནི།། ལྕགས་ཀྱི་མོན་མོ་མདུང་རྩེ་རྐང།། ཕུར་བུ་སྐྲ་ལ་ལྕགས་ཀྱི་སོ།། ལྕགས་ཀྱི་རྣ་ཆ་ཝངས་སེ་ཝངས།། ཁྲོ་ཆུའི་ཚེམས་ཁྲབ་སི་ལི་ལི། ། ལྕགས་མདུང་རུ་མཚོན་སྤུ་རུ་རུ།། ལྕགས་རྔ་བརྡུང་ཞིང་དར་ནག་གཡོག།། ལྕགས་ཀྱི་དེའུ་རྟ་ཤར་ར།། གནོད་སྤྱིན་འཁོར་ཚོགས་དུས་ལ་བབ།། དམ་ཉམས་འདི་ཡི་སྲོག་ལ་ས་མ་ཡ།། ཞེས་བརྣག་པའི་ལས་བཅོལ་ལོ། ། ད་ནི་སྲིན་མོ་བྱ་ཐུལ་ཅན་བསྐུལ་བ་འདི་སྐད་དོ། སྲིན་མོ་བྱ་ཐུལ་དཀར་མོའི་ཚོགས།། སྲིན་མོ་བྱ་ཐུལ་དམར་མོའི་ཚོགས།། སྲིན་མོ་བྱ་ཐུལ་སེར་མོའི་ཚོགས།། གཟེར་ཐབས་མ་དང་སྨྱོ་བྱེད་མ།། ཁམས་གསུམ་ཀུན་ཏུ་དབུགས་ལེན་མ། ། འབྱུང་པོ་རེ་ཡི་དབྱུག་ཏོ་མ།། ཤར་ལྷོ་མཚམས་ཀྱི་དཀར་མོ་བདུན།། སྟོད་ནི་ཞལ་གསུམ་རྔམ་ལ་འཇིགས།། སྨད་ནི་ཟུར་གསུམ་སྤུ་གྲིའི་སོ།། མི་ལྤགས་དགུ་ཡི་གོས་གྱོན་མ།། མི་སྙིང་དགུ་ལ་རྩེ་ཞིང་རོལ། ། དགྲ་འདུལ་ཆེན་མོའི་དུས་ལ་བབ།། རྒྱ་གར་ཡུལ་གྱི་འགྲོན་གཅིག་མ།། བལ་པོ་ཡུལ་གྱི་ཁ་བཀྲགས་མ།། སྲིན་མོར་རྫུས་ཀྱི་མགོ་འཕྱངས་མ།། མོན་མོར་རྫུས་ཀྱི་རག་ཤ་མོ།། སྤུམ་པོར་ཁམས་ཀྱི་མངའ་བདག་མོ། ། ངང་ཚང་ཅན་གྱི་ཕུག་སྟག་མོ།། སྐྲ་མཚམས་བར་དུ་མིག་སྡུག་མ།། ཟངས་ཀྱི་དཀར་ཆེན་འཁྲིགས་པ་འདྲ།། མ་བྲན་མང་པོ་ཐུན་ལ་ནོན།། སྐུ་ལ་ཤིང་གོས་གྲོ་བོ་གསོལ། ། གཡས་ནས་གསེར་གྱི་ཐོ་ལུམ་འཕེན།། གཡོན་ན་ཟངས་གྲི་ཕུར་ཆུང་བསྣམས།། གསེར་གྱི་སྟག་མོ་ཡིད་འགྲོ་ཆིབས།། སྟག་མོ་ཆིབས་ལ་མྱུར་དུ་བྱོན།། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ།། ཉམས་པའི་བླ་སྲོག་དབང་དུ་སྡུས། ། དུས་ལ་བབ་པོ་ས་མ་ཡ།། དེ་ཡི་མིང་པོ་སྲོག་ཟན་ནི།། འབྱུང་པོ་ཆེན་པོ་སྣ་ཡོན་ཡོན།། རལ་པ་ཁ་མ་ནག་ཧ་ར་མིག།། མཆེ་བ་ཟངས་ཀྱི་ཆུ་གྲིས་གཏམས།། ལག་ན་ཟངས་ཀྱི་དྲ་བ་ཐོགས། ། ཟས་སུ་གློ་སྙིང་ནང་ཁྲོལ་ཟ།། སྐོམ་དུ་མི་ཁྲག་དྲིན་མོ་འཐུང།། ལམ་ཆེན་རྒྱ་གྲམ་དག་ན་སྡོད།། སུ་དང་འཕྲད་པའི་སྙིང་དུ་འཇུག། ཕུང་ལས་སྣ་ཚོགས་བྱེད་དུ་འདུད།། རྔམ་པས་ས་བདག་ཀླུ་ལ་སྔོ།། བྱ་རུ་མི་རུང་སྣ་ཚོགས་བྱེད། ། ལོག་འདྲེན་ཞེས་ཀྱང་དེ་ལ་བྱ།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ཉམས་པའི་སྲོག་ལ་ས་མ་ཡ།། ཞེས་བཅོལ་ན་མི་འགྲུབ་མི་སྲིད།། ཚ་བ་ཡང་གཏེར་གྱི་རྒྱུད་ལས།། བསྐུལ་བའི་ལེའི་སྟེ་ལྔ་པའོ། །།། ད་ནི་མན་ངག་སྒྲུབ་ཐུན་གྱི་དོན་བསྟན་བཞི།། དེ་ཡང་ཚན་འགྱུར་མ་བཞིའི་ཐུན་ལ་གྲོ་ག་འམ་ཤོག་ཤོག་ལ།། དགྲ་བོའི་ལིང་ག་བཅས་ལ།། མེ་ཆ་ཙང་པ་གཅིག་དང་རེ་བའི་ཐུམ་བུ་གཅིག་ཏུ་བཅུག། སྔོན་དམ་གྱིས་གྲིལ།། གོང་དུ་སྔགས་ཁྲི་ཁྲི་བཟླས་ནས།། ཚེས་ཉི་ཤུ་དགུའི་ནུབ་མོ་ཧོཾ་ཁུང་གྲུ་གསུམ་དུ།། བྲ་བ་ཧོཾ་ཁུང་བཅས་ཁྲུ་གང་བ་གཅིག་བཅས་ལ་ཐུགས་དམ་བསྐུལ།། དམིགས་པས་བཀུག་ནས་མེ་སྤར་ཏེ་ལིང་ག་བསྲེགས་ན་གང་ལ་བྱ་བ་གདོན་མི་ཟ་པའི་ཐུན་ནོ། ། སྲོག་གི་གཤེད་བཞིའི་ཐུན་ནི།། མདའ་འུག་པ་མ་བཞི་སྒྲོ་ཡིས།། སྒྲོ་པའི་བར་རེ་རེར།། གཤེད་བཞིའི་སྔགས་ཚང་བ་རེ་རེ་ཁྲག་གསི་བྲི། རྩ་གཟུགས་ལ་དགྲ་པོའི་ལིང་ག་བཅས། ། ཁོག་པར་དགྲའི་མིང་རུས་གཞུག།། རྗེས་དང་གོས་ལ་སྐྲ་ཤད་ཀྱིས་བརྒྱན་ལ།། གྲུ་གསུམ་གཅིག་ཏུ་དུག་ཤིང་གི་ཧོཾ་ཁྲུ་གང་པ་གཅིག་བཙུགས། དང་ལ་ཉམས་པ་རྒྱབ་དང་དབྲལ། དེ་ནས་ཕོ་ཉས་དགུག།། ལིང་ག་ལ་བསྟིམ། སྔགས་ནུབ་རེ་ལ་སྟོང་རྩ་བརྒྱད་ཚར་རེ་བཟླས་ཏེ་ཐུགས་དམ་བསྐུལ་ཞིང་སྙིང་ཁར་བརྡེག། དེ་བཞིན་དུ་བཞི་ཆར་ཐོན་པ་དང། རྩ་གཟུགས་ལ་ཧོམ་སྦར་ཏེ་བསྲེགས་ན་མི་འགྲུབ་མི་སྲིད་དོ། ། ཚ་བ་ཡང་གཏེར་གྱི་རྒྱུད་ལས།། དྲག་པོ་ཧོཾ་གྱི་ལེའུ་སྟེ་དྲུག་པའོ།།།། བལ་མོ་འདྲེ་སྐྱེ་མ་བཞིའི་ཐུན་ནི། ལྕགས་ཀྱི་ཕུར་པ་སོར་བཞི་ལ། རང་རང་སོ་སོའི་སྙིང་པོ་འབུམ་འབུམ་མ་ནོར་བར་བསྔགས་ནས། ། ལས་ལ་སྤྱོར་ཀ་བུད་མེད་ཀྱི་སོག་པ་བཞི་ལ་དགྲ་བོའི་ལིང་ག་བཅས།། ཨེ་གྲུ་གསུམ་བཞིར་རེ་རེ་བཅུག་སྟེ་ཐུགས་དམ་བསྐུལ་ཕོ་ཉས་བཀུག་ནས། རེ་མོས་བསྐུལ་ཚིག་དང་བཅས་པས་སྙིང་ཁར་རེ་རེ་གདབ། དེ་ནས་ལིང་ཁ་ཞིབ་མོར་གཏུབས་ནས། ས་འཇིམ་ཐལ་བ་དང་སྦྱར་ནས།། གོང་གསུམ་གྱི་རླུང་ལ་ཕྱར་ཏེ་བཏང་ན་མི་འགྲུབ་མི་སྲིད་དོ།། མཐའ་ཕུང་སྟེ་འགྲོ་ངེས་སོ། ། སྲོག་ཟན་མའི་ལྷ་མོ་བཞིའི་ཐུན་གོང་དུ་བསྟན་པར་བས་སོ།། སྲོག་ལེན་མ་བདུད་མོ་བཞིའི་ཐུན་ལས།། སྐྱུང་ཀའི་སྙིང་དང།། སྲིན་བྱའི་སྙིང་དང།། འུག་པའི་སྙིང་དང། སྲེག་པའི་སྙིང་རྣམས་གྲིབ་མ་ལ་བསྐམས་ལ། ། ཕྱེ་མར་བཏགས་ལ། ཁྲག་སྣ་ཚོགས་པར་སྦྱར་ནས།། སྐྱེས་བུ་དར་མའི་ཐོད་པ་སྲིལ་པོ་གཅིག་ཏུ་མིང་བྱང་དང་བཅས་ཏེ་བཅུག་ནས། དེར་དམར་ནགས་གྲི་ལི་སྔོན་དམར་གྱི་གཏགས་ཏེ།། ཚེས་བཅུ་གསུམ་པ་བཙུགས་ནས་བཅོ་ལྔའི་ནམ་ཕྱེད་ཙམ་ན། ། དགྲ་བོའི་ཁང་པ་ཉེ་ན་བརྡེག། རིང་ན་ཡུལ་ཕྱོགས་སུ་འཕང།། སྔགས་པས་དར་ནག་པོ་ཐོད་དུ་བཅིངས་ལ། ཐོད་པ་ཐོགས་ལ། སྔགས་གཡོག་གིས་ཐོད་པ་མདའ་ནས་བཟུང་སྟེ། ཆཽ་དྲང་བསྐུལ་ཚིག་དང་བཅས་ཏེ་འཕངས་ནས་ཐོགས་ཀྱང་ཟླ་བ་གསུམ་ན་རྟགས་འོང།། ཚ་བ་ཡང་གཏེར་གྱི་རྒྱུད་ལས།། རྟགས་བསྟན་པའི་ལེའུ་སྟེ་བདུན་པའོ།། བསེ་མོ་ཕུང་བྱེད་བཞིའི་ཐུན་ལ་ཁྲག་སྣ་ཚོགས་པ་དང་དུག་སྣ་ཚོགས་པ་ཟངས་པོར་སྦྱར་ནས་སྐེ་ཚེ་ཡུངས་ནག་གིས་བྲབ་ཅིང་སྙིང་པོ་ཐོན་ཚད་དུ་སྟོན་ནས། ། ཟླ་བ་ཉ་ཁ་མར་ལ་དྲི་གསུམ་གྱི་རྩེ་མོར་སོང་ལ། སྔགས་པ་རང་སྐྲ་སྤྱི་བོར་བརྫེས་ལ་གདོང་པ་ཁྲག་གིས་བྱུག། ཆས་གོས་དམར་ནག་གིས་བརྒྱན། དབང་གི་ཏིང་ངེ་འཛིན་དུ་ཞུགས་ལ། སྔགས་གཡོག་གཉིས་ཀ་ལ་དར་མདུང་རེ་རེ་བསྐུལ་ནས་དགྲའི་ཕྱོགས་སུ་ཁ་བལྟས་ཏེ་མདུན་དུ་ཚང་བུ་བཞག། ། ཐོད་པའི་གྱོ་ཚལ་ལག་ཏུ་ཐོགས་ཏེ་བྲག་གཏོར་ཞིང་ཐུགས་དམ་བསྐུལ། སྙིང་པོ་བཟླས་པ་རྣག་པ་བཅོལ། མདུང་ཚོམས་དང་སྒེག་འགྲོས་བྱ།། བྷྱོ་བྷྱོ་ཞེས་པས་གདབ། མ་ཉེས་མ་ཡོ་བའི་དཔང་གཟུགས། ། ལོ་དུས་ཟླ་དུས་ཞག་དུས་གཏབ་ན་མངོན་རྟགས་མྱུར་དུ་འོང་བའི་ཐུན་ཟོར་རོ།། ཚ་བ་ཡང་གཏོར་གྱི་རྒྱུད་ལས། ཟོར་གྱི་བཅའ་བཞིའི་ལེའུ་སྟེ་བརྒྱད་པའོ།།།། སྲིན་མོ་བྱ་ཐུལ་ཅན་ལོག་འདྲེན་དང་བཅས་པའི་ཐུན་ནི། ། ཚེས་བཅུ་དྲུག་ཉི་ཤུར་སྒྲུབ་པ་བསྟན་ཁྱད་པར་གྱི་མཆོད་པ་ཕུལ་ནས་རྟོལ་ཕོ་རིལ་པོ་ཅིག་གི་ཐོད་པ་ལ། དགྲ་བོའི་མིང་རུས་ཁྲག་སྣ་གསུམ་གྱིས་བྲི། བུད་མེད་ཀྱི་ཞབས་མས་གཏུམས་དྲིལ་ལ། ཁར་ནག་གིས་བཏགས་ནས་སྔགས་བཟླ་ཞིང། ཤིང་སྲི་ཤའི་ལྕག་གིས་བྲབ། ར་ཐུག་ལུག་ཐུག་གི་སྒྲོམས་ནས་དབྱུང། གུ་གུལ་དང་ཁྱི་ལུད་ཀྱི་དུད་པས་བདུགས་ཏེ། ཚེ་ཉི་ཤུ་དགུའི་ནུབ་མོ་ནམ་ཕྱེད་ཙམ་ན་ལམ་རྒྱ་གྲམ་དུ་འགལ་པ་སྣ་དགུ་དང། བཅས་པ་མནོན་པའི་ལས། དྲག་པོ་བྱས་ན་མི་འགྲུབ་མི་སྲིད་དོ།། ཚ་བ་ཡང་གཏེར་གྱི་རྒྱུད་ལས། མན་ངག་ཐུན་སྒྲུབ་ཀྱི་ལེའུ་སྟེ་དགུ་པའོ།།།། ད་ནི་སྦྲུལ་བ་མདའ་ཟོར་འཕང་བའི་མན་ངག་བསྟན་ཏེ། ལྷོ་སྨྱུག་ཚིགས་གསུམ་པ་གཅིག་ལ། བྱ་རྒོད་དང། ཁྲ་དང། འུག་པ་དང་ཕ་རོག་བཞིས་བསྒྲོན་ལ། སྒྲོའི་བར་དུ་བཛྲ་སུ་མ་རེ་ཏི་ཀཾ་ཕཊ། བྷྱོ་བྷྱོ་བྱ་བ་བཞི་ཁྲག་གིས་བྲི། མདའ་རངས་པ་ཁྲག་གིས་བྱུག། དུག་ཤིང་ཚེར་མ་ཅན་ལས་བྱས་པའི་མདེའུ་ཟུར་གསུམ་པ་གཅིག་གཞུག། སྒྲོ་རྩར་བུག་པ་ཕུག་ལ་མིང་རུས་གཞུག། སྔགས་རྫས་བཙལ། ར་སོགས་མ་རབ་ཆད་ཀྱི་སོག་པ་ལ་དགྲ་བོའི་གཟུགས་བཅས་ཏེ་ཨེ་ལ་བཞག་ལ། ཟོར་མདའ་སྙིང་ཁར་བཞག་སྟེ། བདག་དབང་ཆེན་གྱི་ཏིང་ངེ་འཛིན་དུ་ཞུགས་ལ་སྲིད་པའི་ལྷ་འདྲེ་ལ་དཔང་གཟུགས། དེ་ནས་དགྲའི་ཤེས་པ་ཕོ་ཉས་ལིང་ག་ལ་བསྟིམ། བསེ་མོ་སྙིང་ཟན་མའི་ངན་སྔགས་བསྙེན་པ་ཞག་གསུམ་བཙུགས་པའི་ནམ་ཕྱེད་ཙམ། བདག་གོས་དམར་ནག་གིས་བརྒྱན། སྟག་གི་ཧོར་ཤུག་དང་བསེའི་ལག་ཕྲག་བཅུག་ལ། དཔྲལ་བར་མེ་ལོང་བཏགས་ལ།། ཚེ་མཁན་ཅིག་གིས་ཐོད་མདའ་ནས་བཟུང་ལ་ཚེ་དྲངས་ལ། ཟོར་གྱི་སྲུངས་མར་བསེ་མོ་སྙིང་ཟན་མ་བཞི་བསྐུལ་ཏེ། དམ་རྫས་སྦྲང་རྩི་དང། འོ་མ་དང། མར་ཁུ་དང། རག་ཏ་རྣམས་ཐོགས་ལ་འདི་སྐད་དོ། ཧཱུ~ཾ་སློབ་དཔོན་རོ་ལངས་བདེ་བ་དང། ། སློ་མ་པདྨ་འབྱུང་གནས་ཀྱིས།། བཀའ་ལ་བཏགས་པའི་བཀའ་ཉན་མ།། དམ་ལ་བཏགས་ལ་དམ་ཅན་མ།། ལྷ་མོ་བཞི་ཡི་དུས་ལ་བབ།། ཧཱུ~ཾ་དཔལ་གྱི་ལྷ་མོ་མཆེད་བཞི་དེ།། གཅིག་ནི་བལ་ཡུལ་གཏིང་ན་ཞུགས། ། སྦྲང་རྩིའི་མཚོ་ལ་གནས་བཅས་ཤིང། མཐིང་གི་རལ་པ་ཤར་ར།། རལ་པ་རེ་ལ་ཕུར་པ་རེ།། དབང་གི་བསེ་ཁྲབ་སི་ལི་ལི།། དབང་གི་རྟ་ཕོ་ཕྱ་ལ་ལ།། གསེར་གྱི་རྣ་ཆ་ཝངས་སེ་ཝངས། ། ཁྱོད་ནི་བདུད་ཀྱི་བུ་མོ་ཡིན།། ཆིབས་སུ་བདུད་རྟ་ནག་པོ་ཆིབས། ན་བཟའ་ལྗང་ནག་བེར་ཆེན་གསོལ།། བརྡ་ནི་མི་ཕྲད་ལྷོ་བམ་མོན།། སྐད་ནི་མི་གཅིག་བདུད་ཀྱི་སྐད།། རག་ཤ་ཁའི་སྒྲ་སྒྲོགས་མ། ། གཟུགས་ནི་མི་སྡུག་ལག་བརྒྱ་པ།། གཡས་པ་བརྒྱ་ནི་ཞགས་པ་འཕེན།། གཡོན་པ་བརྒྱ་ནི་ཕུར་བུ་འདྲིལ།། ཞགས་པས་ཟུང་ལ་ཕུར་བུས་ཐོབ།། ཁྱོད་ནི་བདུད་འདུལ་ཆེན་མོ་ཡིན།། ཟོར་གྱི་སྲུངས་མ་གཤེགས་སུ་གསོལ། ། མདའ་ཟོར་འཕང་པའི་དུས་ལ་བབ། ཧཱུ~ཾ་གཅིག་ནི་ཚ་བའི་རོང་ན་བཞུགས།། མར་ཁུའི་མཚོ་ལ་གནས་བཅས་ཤིང།། མཐིང་གི་རལ་པ་ཤ་ར་ར།། རལ་པ་རེ་ལ་ཕུར་པ་རེ།། དབང་གི་བེས་ཁྲབ་སི་ལི་ལི། ། མཐིང་ནག་ཅོད་པན་པུ་རུ་རུ།། གསེར་གྱི་རྣ་ཆ་ཝངས་སེ་ཝངས།། ཁྱོད་ནི་གཟའ་ཡི་བུ་མོ་ཡིན། ཆིབས་སུ་གཟའ་རྟ་ཞུར་པོ་ཆིབས།། ན་བཟའ་བེར་ཆེན་ལེ་བརྒན་གསོལ།། བརྡ་ནི་མི་ཕྲད་ལྷོ་བལ་མོན། ། གཟུགས་ནི་མི་སྡུག་ལག་བརྒྱ་མོ།། གཡས་པ་བརྒྱ་ནི་ཞགས་པ་འདེབས།། གཡོན་པ་བརྒྱ་ནི་ཕུར་བུ་འདྲིལ།། སྐད་ནི་མི་གཅིག་གནོད་སྤྱིན་སྐད།། ཡཀྵ་ཀའི་སྒྲ་སྒྲོགས་མ།། ཁྱོད་ནི་གཟའ་བདུད་ཆེན་མོ་སྟེ། ། ཟོར་གྱི་སྲུངས་མར་གཤེགས་སུ་གསོལ།། མདའ་ཟོར་འཕང་པའི་དུས་ལ་བབ།། གཅིག་ནི་མང་ཡུལ་བསེ་ན་བཞུགས། རག་ཏའི་མཚོ་ལ་གནས་བཅས་ཤིང། ཁྲག་གི་རལ་པ་ཤ་ར་ར།། རལ་པ་རེ་ཕུར་པ་རེ། ། དབང་གི་བསེ་ཁྲབ་སི་ལི་ལི།། གསེར་གྱི་རྣ་ཆ་ཝངས་སེ་ཝངས།། ཁྱོད་ནི་བཙན་གྱི་བུ་མོ་ཡིན།། བཙན་རྟ་དམར་པོ་ཆིབས་སུ་ཆིབས།། ན་བཟའ་བེར་ཆེན་དམར་ཁྲབ་གསོལ།། བརྡོ་ནི་མི་ཕྲད་ལྷོ་བལ་མོན། སྐད་ནི་མི་གཅིག་བཙན་གྱི་སྐད།། གཟུགས་ནི་མི་སྡུག་ལག་བརྒྱ་མ།། གཡས་པ་བརྒྱ་ནི་ཞགས་པ་འདེགས།། གཡོན་པ་བརྒྱ་ནི་ཕུང་བ་འདྲིལ།། ཁྱོད་ནི་བཙན་འདུལ་ཆེན་མོ་ཡིན།། ཟོར་གྱི་བསྲུང་མར་གཤེགས་སུ་གསོལ། ། མདའ་ཟོར་འཕང་པའི་དུས་ལ་བབ།། གཅིག་ནི་སྙེ་ནམ་འགྲམ་ན་བཞུགས།། འོ་མའི་མཚོ་ལ་གནས་བཅས་ཤིང།། མཐིང་གི་རལ་པ་ཤ་ར་ར།། རལ་པ་རེ་ལ་ཕུར་པ་རེ།། དབང་གི་བསེ་ཁྲབ་སིལི་ལི། ། གསེར་གྱི་རྣ་ཆ་ཝངས་སེ་ཝངས།། ཁྱོད་ནི་ཀླུ་འདུལ་ཆེན་མོ་སྟེ།། ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས།། ན་བཟའ་བེར་ཆེན་སྔོ་བཀྲ་གསོལ།། བརྡ་ནི་མི་ཕྲད་ལྷོ་བལ་མོན།། སྐད་ནི་མི་གཅིག་ཀླུ་ཡི་སྐད།། ནཱ་གཱ་ཀླུའི་སྒྲ་སྒྲོགས་མ། ། གཟུགས་ནི་མི་སྡུག་ལག་བརྒྱ་མོ།། གཡས་པ་བརྒྱ་ནི་ཞགས་པ་འདེབས།། གཡོན་པ་བརྒྱ་ནི་ཕུར་བུ་འདྲིལ།། ཁྱོད་ནི་ཀླུ་འདུལ་ཆེན་པོ་སྟེ། ཟོར་གྱི་སྲུང་མར་གཤེགས་སུ་གསོལ།། མདའ་ཟོར་འཕང་པའི་དུས་ལ་བབ། ། བསྟན་པ་སྲུང་བའི་དུས་ལ་བབ།། ཅེས་དམ་རྫས་ཀྱིས་མཆཽད་ཅིང་བོས་ནས།། དེ་ནས་ལངས་ཏེ་མདའ་ཐོགས་ལ་འདི་སྐད་དོ།། མིང་པོ་རྡོ་རྗེ་གོ་གོན་ན།། སྲིང་མོ་དམ་ཙན་མཚན་ཐོགས་ཅིག། མིང་པོ་རྡོ་རྗེ་གཡུལ་ཤོམ་ན།། སྲིང་མོ་དམ་ཅན་དམག་དྲོངས་ཅིག། དགྲ་བོའི་ཡུལ་དུ་དམག་འདྲེན་ན།། དགྲ་ལྷ་རྒྱལ་མོ་དར་ལ་འདུ།། བདུད་ཀྱི་ཡུལ་དུ་ཟོར་འཕེན་ན།། དམག་གི་རྒྱལ་མོས་ཟོར་སྣ་དྲོངས། ད་ནི་འཕང་བའི་དུས་ལ་བབ།། སྟེང་གི་ལྷ་ལ་ཟོར་མི་འཕེན།། སྟེང་གི་ལྷ་རྣམས་དཔང་མཛོད་ཅིག། ཕོ་ལྷ་གཉན་དང་དགྲ་ལྷ་གཉན།། བར་གྱི་ལྷ་ཡང་དཔང་མཛོད་ཅིག། དུར་གྱི་མཚུན་རྣམས་དཔང་མཛོད་ཅིག། སྲུང་མ་རྣམས་ལ་ཟོར་མི་འཕེན།། ཟོར་འཕེན་སྡང་བའི་དགྲ་ལ་འཕེན།། ཟོར་འཕེན་གནོད་པའི་བགེགས་ལ་འཕེན།། དམིགས་པའི་དགྲ་བོ་འདི་ལ་འཕེན།། བསེའི་དེ་ནི་རྟེལ་བུ་ལ།། གསེར་གྱི་དེ་ནི་བཤུལ་ཅིག་བཏང། ། ལྕགས་ཀྱི་མཆོག་མ་ལ།། ཟངས་ཀྱི་ནན་མས་བསྡམས།། འབྲོང་རྒོད་རྒྱུས་ཀྱིས་སྦྲེངས།། དབང་གི་ཟོར་གཞུར་བྱས།། ལྷོ་ཀ་མོན་ཡུལ་ནས།། གསེར་སྨྱུག་ལྡེམ་པར་བཅད།། ལྕགས་པྲག་གསེར་ཤོད་ནས། ། བྲག་བྱ་འུར་པ་དང།། རིག་པའི་ཕོ་རོག་བསད།། མདའ་ལ་སྒྲོ་ཡིས་བསྐྱོན།། འབྲོང་བུའི་སྤྱིན་གྱིས་གདམས།། དུག་ཤིང་ཚེར་མ་ཅན།། ཟུར་གསུམ་ནི་རྣོན་པོ་བཞོགས།། མདའ་ཡི་མདེའུ་བཅུག།། སེག་མདར་རྒྱུད་ཀྱིས་དཀྲོས། ། བསེ་ཡི་སྐྱེས་བུའི་ཕྱག་ཏུ་གཏད།། མདའ་ཟོར་འཕང་པའི་དུས་ལ་བབ།། སྡང་བའི་དགྲ་ལ་མདའ་ཟོར་ཡ།། དམིགས་པའི་དགྲ་ལ་མདའ་ཟོར་ཡ།། ཁ་ལ་རག་ཤ་མ་བྷྱོ། ། བཛྲ་ནགས་ཁྲི་དུང་བྷྱོ།། བྷྱོ་མདའ་གཅིག་ཀ་ན་བྱ་རྒོད་མ།། ཀྲི་ཏ་མུག་ཀའི་དུས་ལ་བབ།། རྫུ་འཕྲུལ་ཆེན་མོ་མཐུ་མོ་ཆེ།། ནམ་མཁའ་ཡི་ནི་མཁའ་ལ་འགྲོ།། སྣང་སྲིད་ཐམས་ཅད་གསལ་བྱེད་མ།། སྡང་པའི་དགྲ་བོ་འདི་ལ་ཡ། ། ཀྲི་ཏ་མུ་ཀ་དགྲ་ལ་བྷྱོ།། མདའ་ཅོག་ཁ་ན་མཁའ་འགྲོ་མ།། ཟ་བྱེད་འབར་བའི་ཚོགས་ཆེན་མོ།། ཁམས་གསུམ་མ་ལུས་སྒྲོལ་བྱེད་མ།། གསོད་བྱེད་ཆེན་མོ་ཧོར་པ་མོ། ཧོར་མོ་ཆེན་མོའི་དུས་ལ་བབ། ། ཤ་ཟ་ཆེན་མོའི་དུས་ལ་བབ།། མདའི་ཡུག་ཅིག་འུག་པ་མ།། ལྟས་ངན་རྒྱལ་མོའི་དུས་ལ་བབ།། སྐུ་མདོག་སེར་ལ་རྔམ་པའི་མདོག།། ཟ་འོག་ཐུལ་པ་སྐུ་ལ་གསོག།། རྐན་སྒྲ་སྟོང་གསུམ་རྔམ་བྱེད་མ།། ཧུ་ལུ་མུ་ཀ་དགྲ་ལ་བྷྱོ། ། ཡེ་ཤེས་སྤྱན་དང་ལྡན་པ་ཡི།། ནམ་ཕྱེད་དགྲ་བོའི་སྲོག་གཅོད་མ།། འཕྲ་མེན་ཆེན་མོ་དགྲ་ལ་ཡ།། མདའི་ཡུད་ཅིག་བྱ་རོག་མ།། ཡོན་ཏན་བརྗིད་ལྡན་མཐུ་མོ་ཆེ།། སྟོང་གསུམ་ཐུགས་ཀྱི་ཀུན་གསལ་མ། བརྡ་སྐད་སུམ་བརྒྱ་དྲུག་ཅུ་མཁན།། ཚེ་གསུམ་དམ་བྱེད་དུས་ལ་བབ། འབྲས་བུ་ཕྱུང་ཤིག་བྱ་རོག་མ། ཁ་ཁ་མུ་ཁ་དགྲ་ལ་བྷྱོ།། དམིགས་པའི་དགྲ་བོ་ཆེ་གེ་མོ།། དཀར་ནག་མཚམས་སུ་མདའ་ཟོར་ཡ། ། ད་ནི་འཕང་པའི་དུས་ལ་བབ།། བསེ་ཡི་སྐྱེས་བུའི་དུས་ལ་བབ།། དགྲ་བོའི་སྙིང་ལ་མདའ་ཟོར་ཡ།། བསེ་ཡི་སྐྱེས་བུ་གདུག་པ་ཅན།། ཆིབས་སུ་བསེ་རྟ་དམར་པོ་ཆིབས།། སྐུ་ལ་བསེ་ཁྲབ་སྨུག་པོ་གསོལ། ། དབུལ་བསེ་ཡི་རྨོག་ཞུ་གསོལ།། ཕྱག་ན་བསེ་ཡི་མདའ་གཞུ་བསྣམས།། ཁེངས་པར་ཁོང་ལ་ཕོག་པར་རྒྱོབ།། རྣམ་ཤེས་བརྒྱད་ལ་གཟེར་ཆེན་ཐོབ།། གཞུ་མོ་རྒྱུད་དུ་སྤྲུགས་པའི་ཚེ།། ཉམས་པའི་སྙིང་ལ་གཟེར་ཆེན་ཐོབ། ། དེ་ཡི་ཡུམ་ཆེན་གཏུམ་མོ་ནི།། ནམ་མཁའི་ཁམས་ཀྱི་དབང་ཕྱུག་མ།། རི་རབ་ངོས་ལ་སྐུ་རྟེན་འཆའ།། ཕྱག་གིས་སྟོང་ཁམས་ཀུན་ཏུ་ཉུལ།། ཚེ་དང་སྲོག་གི་བདག་མོ་སྟེ།། ཞབས་ནི་རྒྱལ་མཚོའི་གཏིང་དུ་སྐྱོང། ། ཀླུ་བྲན་ཀུན་གྱིས་དགྱེས་སྡེ་མོ།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། བྷྱོ་ཞེ་སྡང་རྡོ་རྗེ་མཐུ་མོ་ཆེ།། འཕྲུལ་གྱི་མེ་ལོང་སྤྱན་མ་བཏུལ།། སྟག་གི་ཧོར་ཤུབས་འཐེབས་མ་ཞན།། བསེ་ཡི་གཞུ་སྒྲ་འུ་རུ་རུ། ། ལྕགས་ཀྱི་མདའ་སྒྲ་ཤ་ར་ར།། གཞུ་རྐང་རྒྱུད་དུ་མ་ཆད་ཅིག།། མདའ་འཕངས་སླར་ལ་མ་ལྡོག་ཅིག་མདེའི་རྩེ་ལ་མེ་སྦར་བས།། སྒྱུ་མའི་ཕུང་པོ་གཏན་ནས་གཞིག།། སྡང་བའི་དགྲ་ལ་མདའ་ཟོར་ཡ།། གོ་བར་བྱེད་པ་སྙིང་ཡིན་གྱིས། ། སྙིང་གི་དཀྱིལ་དུ་མདའ་ཟོལ་ཡ།། འགྲོ་བྱེད་རྐང་ལ་མདའ་ཟོར་ཡ།། ཉུག་བྱེད་ལག་ལ་མདའ་ཟོར་ཡ།། སྲིད་པའི་སྟེ་བ་ཞུང་ཏུ་རྒྱོབ།། ཆགས་པའི་གཞི་མོ་དྲུངས་ནམ་ཕྱུང།། དཔྲལ་པའི་སྐྲ་འཚམས་དཀྱིལ་དུ་འཁྱིལ། ། ཚེ་ཡི་ཕུང་པོ་གཏན་ནས་ཤིག།། སྟེང་གི་ཁྱོ་ལ་མདའ་ཟོལ་ཡ།། འོག་གི་ཆུང་ལ་མདའ་ཟོལ་ཡ།། མཆན་གྱི་བུ་ལ་མདའ་ཟོར་ཡ།། ཡུལ་མཁར་ནོར་མ་མདའ་ཟོར་ཡ། ། ཁྱད་པར་དམིགས་པའི་དགྲ་བོ་འདི་ལ་ཡ། མདེའི་ལ་མེ་ཆེན་སྤར་བས་སྒྱུ་མའི་ཕུང་པོ་གཏན་ནས་སྲོག་གོ།། བསེ་མོ་སྙིང་ཟན་མའི་སྔགས་བཏབ་སྟེ་ཀུན་གྱིས་བྷྱོ་བཏབ་ལ།། དགྲ་བོའི་ཡུལ་ཕྱོགས་སུ་འཕང་ངོ། ། སླར་ལ་གནས་ཚེ་ཆོག་དྲག་ཏུ་བྱའོ།། དེ་ལྟར་བྱས་ཀྱང་གདོན་མི་ཟ་བར་གྲུབ་པའི་མན་ངག་གོ།། ཚ་བ་ཡང་གཏེར་གྱི་རྒྱུད་ལས།། ཆོ་འཕྲུལ་ཟོར་འཕང་པའི་ལེའུ་སྟེ་བཅུ་པའོ།།།། སྤྱད་ཐབས་ཀྱི་ཡོན་ཏན་དང་སྐྱོན་ལ་བརྟག་པ་ནི། ། འདི་དག་བཤད་པར་བྱ་བའི་ཐབས་ཀྱང།། དང་པོ་དམ་ཚིག་ནོས་པ་ལས།། མ་ཉམས་གཞུང་དུ་སྤྱོད་པ་དང།། རྡོ་རྗེ་སློབ་དཔོན་བླ་མ་དང།། དབང་རྣམས་རིམ་པར་མནོས་པ་ཡིས། ། སྤྱད་ན་གྲུབ་ལ་བཀོལ་ན་ཉན།། ཇི་ལྟར་བསམ་པ་བཞིན་དུ་འགྲུབ།། རབ་ཏུ་དབེན་བའི་གནས་དག་ཏུ།། གཞུང་དང་མཐུན་པའི་རྫགས་བསགས་ལ།། འདུ་འཛི་གཡེང་བར་མི་གཏང་བར།། མ་ཡེངས་བརྩོན་པས་བསྒྲུབས་པ་ཡིས། ། ཇི་ལྟར་བསམ་པ་བཞིན་དུ་འགྲུབ།། སྣོད་དང་མི་ལྡན་གང་ཟག་ནི།། ཡོན་ཆོག་འཕངས་ཏེ་མི་དབུལ་བར།། དཔེ་རྐུ་འོག་བྲུས་ནས་ནི། མན་ངག་གཏིང་ནས་མ་ཐོབ་པར།། གཞན་ལ་ངོམ་ཞིང་ཆེ་འབྱིན་པས། ། བསྒྲུབས་ཀྱང་འགྲུབ་པར་ཡོངས་མི་འགྱུར།། མན་ངག་གཏིང་ནས་མ་ཐོབ་པར།། དབེན་པའི་གནས་སུ་མི་སྒྲུབ་པར།། མཐུན་པའི་དམ་རྫས་མ་འཚོགས་ཏེ།། ལེ་ལོ་གཡེང་བའི་ཁར་གཏོང་བས། ། བསྒྲུབས་ཀྱང་མི་འགྲུབ་མྱ་ངན་སྣོད།། སེམས་ཅན་རྐྱེན་དབང་ལས་དབང་གིས།། ཕ་རོལ་ཕུང་བར་གྱུར་པ་ལ།། དེ་ནི་ང་ཡི་མཐུ་ཡིན་ཞེས།། ཀུན་ལ་ངོམས་ཤིང་གཞན་ལ་བསྡིགས།། རང་གི་སྲོག་ལ་བདུད་འབོད་པ། ། དེས་ནི་དཀོན་མཆོག་ཞབས་ནས་འདྲེན།། རྣལ་འབྱོར་དབུ་སྨོད་ཉམས་པར་འགྱུར།། སངས་རྒྱས་བསྟན་པ་གཉན་པོ་ལ། དཀོན་མཆོག་དབུ་འཕངས་བསྟོད་པའི་ཕྱིར།། མན་ངག་གཏིང་ནས་མི་འགྲུབ་པར། ། འཇིག་རྟེན་འདི་ཡི་སྒྲ་འདོད་པས།། བསྒྲུབས་ཀྱང་མི་འགྲུབ་དམྱལ་བའི་རྒྱུ།། སྔགས་པ་གཞུང་དང་མི་ལྡན་པ།། ཁ་ལོ་བདུད་ཀྱིས་བསྒྱུར་བྱས་ཏེ།། བསྒྲུབ་པའི་འབྲས་བུ་མནར་མེད་པའི།། དམྱལ་བར་འགྲོ་སྟེ་སྙིང་རེ་རྗེ། ། ཚ་བ་ཡང་གཏེར་གྱི་རྒྱུད་ལས།། སྤྱད་ཐབས་དང།། སྐྱོན་དང།། ཡོན་ཏན་དང།། རྣལ་འབྱོར་པ་སྣོད་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། ཐུགས་ཀྱི་བརྣག་པ་ཉམས་ཀྱི་མན་ངག་བཅུད་ཀྱི་ཉིང་ཁུ། ། རྫོགས་སོ།།།། རྒྱ་གར་སྐད་དུ།། ཤཱི་ག་ཎ་སརྦ་སྭ་མི་ལ་ལི་ཏ་ཏན་ཏྲ།། བོད་སྐད་དུ།། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་བའི་རྒྱུད་ཅེས་བྱ་བ། ཅོད་པན་ལ་ཞུགས་པའི་རིགས་ཀྱི་བདག་པོ་གང་དུ་སྨོས་པ་དེ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་རྫོགས་པར་མཛད་པའི་ཧེ་རུ་ཀ་ཆེན་པོ།། དུར་ཁྲོད་ཆེན་པོའི་མཁའ་གསང་གི་དབྱིངས་ན།། འཁོར་གྱི་ཚོགས་དུ་མར་རོལ་ཅིང་བཞུགས་ཏེ། ། ལག་ན་རྡོ་རྗེ་ལ་སོགས་པའི་སྤངས་པའི་འཁོར་དུ་མ་དང།། ཚོགས་ཐམས་ཅད་ཀྱི་རྗེ་མོ་ལ་སོགས་པ་འདུས་པའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོལ་ཅིང་བཞུགས་སོ།། དེ་ནས་ཧེ་རུ་ཀ་ཆེན་པོས། ལག་ན་རྡོ་རྗེ་ལ་རྣམ་པར་གཟིགས་ནས་འཛུམ་པ་མཛད་དོ།། དེ་ནས་ལག་ན་རྡོ་རྗེས་རང་གི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ།། གཡས་ཕྱོགས་ནས་ལན་དུ་མར་བསྐོར་བ་བྱས་ནས། ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་འཛུམ་པའི་མཛད་ན། ། འཛུམ་པ་མཛད་པའི་དོན་ཅི་ལགས། ཅེས་གསོལ་བ་དང།། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ།། ལག་ན་རྡོ་རྗེ་འདི་ལྟ་སྟེ།། ཁྱོད་ཀྱི་སྤོབས་པ་དགེའོ།། དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང། ། ངས་ཁྱོད་ལ་བསྟན་པར་བྱའོ།། དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ།། ཞེས་གསོལ་ཏེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང། ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ།། ལག་ན་རྡོ་རྗེས་འདི་ན་འདུས་པའི་ཚོགས་དཔག་ཏུ་མེད་པ།། འདི་ལྟ་སྟེ།། ལྷའི་ཚོགས་དང།། ལྷ་མིན་གྱི་ཚོགས་དང། ། གདུག་པའི་ཚོགས་དང།། ནོར་བདག་གི་ཚོགས་དང།། དྲི་ཟའི་ཚོགས་དང།། གདུག་པ་ཟའི་ཚོགས་དང།། མི་འམ་ཅིའི་ཚོགས་དང། བྲང་གིས་འགྲོ་བའི་ཚོགས་དང།། གྲུལ་བུམ་གྱི་ཚོགས་དང།། གཞན་ཡང་ཕྱོགས་མཚམས་གཞན་དུ་གྲགས་པའི་བདག་པོས་སོ་སོའི་ཚོགས་རྣམས་དང། ། མི་ཚོགས་གྱ་ནོམས་དང་བཅས་པ་རྣམས་དང།། གཞན་ཡང་རྣལ་འབྱོར་མ་དང། དབང་ཁྱུག་དང། རྣལ་འབྱོར་དབང་ཕྱུག་མའི་ཚོགས་དང། ། གཞན་ཡང་མཁའ་འགྲོ་མའི་རིགས། འདི་ལྟ་སྟེ། རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང། རིག་པོ་ཆེ་མཁའ་འགྲོ་མའི་ཚོགས་དང།། པདྨ་མཁའ་འགྲོ་མའི་ཚོགས་དང།། ལས་ཀྱི་མཁའ་འགྲོ་མའི་ཚོགས་དང། ། དེ་བཞིན་གཤེགས་པའི་མཁའ་འགྲོ་མའི་ཚོགས་དང།།། འདི་ལྟར་འཇིག་རྟེན་གྱི་མཁའ་འགྲོ་མ་དང། འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་དང།། མཁའ་འགྲོ་མའི་རིགས་འཛིན་མཐའ་ཡས་པ་གྲུབ་པ་དང། སྒྲུབ་པ་དང་སྒྱུ་པའི་ཚོགས་འདི་ལྟར་གསང་སྔགས་དམ་ཚིག་ཡོད་པ་ཡེ་ཤེས་དང། རིག་པ་ཡོད་པ་རྣལ་འབྱོར་གྱི་གྲལ་ན་འདུག་པ།། དམ་ཚིག་གི་བརྡ་ཡོད་པ་རིགས་ཀྱི་ཕྱག་རྒྱ་འཛིན་པ། ལུང་བསྟན་པའི་ཁྱད་པར་ཡོད་པ། ཐ་མལ་པའི་སྤོབས་པ་ཅན་ཇི་སྙེད་ཡོད་པ་འདི་རྣམས་མ་ལུས་པའི་རྗེ་མོ་ནི། ཚོགས་ཐམས་ཅད་ཀྱི་རྗེ་མོ་འདི་ཉིད་ཁོ་ནའོ།། དེ་ནས་དེའི་དུས་ན་དེར་འདུས་པའི་འཁོར་ཕལ་པོ་ཆེ་རྣམས་ཀྱིས་ཚོགས་ཐམས་ཅད་ཀྱི་རྗེ་མོ་དེ་ལ་སོ་སོའི་མཆོད་པ་དང་ཕྱག་མཚན་ལ་སོགས་པ་ཕུལ་ནས། ། ཀུན་གྱིས་དབང་བསྐུར་བ་དང།། རྒྱལ་བའི་བསྟན་པ་བསྐྱང་པར་གསོལ་ནས་སྨོན་ལམ་བཏབ་པའོ།། ཚངས་པ་ཆེན་པོས་རིན་པོ་ཆེ་དཔུང་རྒྱན་གྱི་དབང་བསྐུལ་ཏེ་ཕུལ་ལོ། ། དེ་བཞིན་དུ་ལྷ་ཆེན་པོས་ལག་ཆེའི་ཏྲི་ཤུལ་གྱིས་དང།། ཁྱབ་འཇུག་གིས་འཁོར་ལོ་ཡིས་དང། བརྒྱ་བྱིན་གྱིས་རྡོ་རྗེ་ཡིས་དང།། དགའ་བྱེད་དབང་ཕྱུག་མདུང་གིས་དང། ། བྷྲིང་གི་རི་ཏིས་ཅང་ཏེའུ་ཡིས་དང། ས་བདག་པ་ཧ་ཧས་སྟག་ལྤགས་ཀྱི་ཤམ་ཐབས་ཀྱི་དང།། དེ་ལྟར་འཇིག་རྟེན་གྱི་ལྷ་ཐམས་ཅད་ཀྱིས་རྒྱན་དང།། ཆ་ལུགས་དང། ན་བཟའ་ལ་སོགས་པ་ཕུལ་ནས། མཆོད་པ་ཁྱད་པར་ཅན་དང་སྦྱར་བས་ཡོངས་སུ་མཆོད་དེ།། དབང་བསྐུར་སྨོན་ལམ་བཏབ།། ཚིག་མཐུན་པར་འདི་སྐད་དུ།། ཀྱེ་ཀྱེ་ཚོགས་ཐམས་ཅད་ཀྱི་རྗེ་མོ།། འདི་ལྟར་མ་འོངས་པའི་དུས་ན་སེམས་ཅན་བསོད་ནམས་མ་ཡིན་པའི་ལས་ཡོངས་སུ་སྤྱོད་ཅིང། སངས་རྒྱས་ཀྱི་བསྟན་པའི་གཟུགས་བརྙན་ཉེ་བར་ནུབ་པ་ན།། ཁྱེད་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་སྲུང་དུ་གསོལ། གང་དག་བསྟན་པ་འཇིག་པ་ཐམས་ཅད་དགུག་པ་དང། གསད་པ་དང།། བསྡིགས་པ་དང།། མནན་པ་དང།། མྱོས་པར་བྱ་བ་དང། བསྐྲད་པར་བྱ་བ་དང། ཡོངས་སུ་གདུལ་ཞིང་ཚར་གཅད་པའི་འཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་བ་དང། ། དེ་ནས་དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཆེན་མོ་དེ་རྫུ་འཕྲུལ་གྱི་བོང་བུ་ལས་བབ་ཏེ། ལག་ཆ་དང་རྒྱན་ལ་སོགས་པ་རྣམས་གཡོན་ཕྱོགས་སུ་བཞག་ནས།། བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་ལན་བརྒྱ་སྟོང་དུ་བསྐོར་ཏེ། ། མཆཽད་པ་དམ་པས་ནི་མཆོད།། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ།། བཅོམ་ལྡན་འདས་ཀྱི་གདོང་གི་དཀྱིལ་འཁོར་ལ་མིག་གི་མི་འཛུམ་པར་ཡོངས་སུ་ལྟ་ཞིང་ཚིག་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གི་སླད་མའི་ཚེ་སླད་མའི་དུས་སུ་ཅི་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་གཟུང་བར་བགྱིའོ།། བདག་འདི་ལྟར་རྒྱལ་པའི་བསྟན་པ་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་པར་བགྱིད་པས། ཞིང་དུ་རྟོགས་པ་ཐམས་ཅད་མྱུར་དུ་གཏུལ་བར་བགྱི་སྟེ།། གང་དག་དམ་ཚིག་ཡོད་པ་རྣམས་ཀྱི་ཇི་ལྟར་འོས་པ་དང་དེ་ལྟར་ཤེས་པར་འགྱུར་བ་དང།། དེ་ཡིས་ཡོངས་སུ་འདུལ་བ་བདག་གིས་མིང་ཐོས་ནས་ཀྱང་དང། ། གདུལ་བའི་རིགས་ཕུད་པར་འགྱུར་པ་དང།། བྱིན་གྱིས་བརླབ་ཏུ་གསོལ།། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚོགས་ཐམས་ཅད་ཀྱི་རྗེ་མོ་ལ་འདི་སྐད་ཅེས་གསུངས་སོ། ། རིགས་ཀྱི་བུ་མོ་འདི་ལྟ་སྟེ། ཁྱོད་ནི་དུས་གསུམ་གྱི་སངས་རྒྱས་དཀོན་མཆོག་གི་བསྟན་པ་བསྲུང་བར་བྱིན་གྱིས་བརླབ་པ་དང།། རློབ་པ་དང། རློབ་པར་འགྱུར་བས། ད་ལྟར་བདག་གིས་བྱིན་གྱིས་བརླབ་མི་དགོས་ཀྱང་ངའི་བསྟན་པ་ཆེད་དུ་གནས་པའི་ཕྱིར་གནང་བའི་ཕྱིར་གནང་བར་བྱ་སྟེ། ། གང་གི་ཚེ་ཁྱོད་ཀྱིས་ཡོངས་སུ་འདུལ་བ་དེའི་ཚེ་ཁྱོད་ཀྱི་མིང་བརྒྱ་དང་སྟོང་ལ་སོགས་པས་ཞིང་དུ་གྲགས་པར་གྱུར་ཏེ། གནས་སྐབས་ལ་སོགས་པས་བཏགས་པའི་མིང་དེ་དག་ཀྱང། འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་གནང་ངོ།། ངས་ཀྱང་ད་ལྟར་བྱིན་གྱིས་བརླབ་སྟེ། མ་འོངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབ་པར་འགྱུར་རོ། ། དེ་ལྟར་ཁྱོད་ཀྱིས་ཀྱང་བསྟན་པའི་གཟུགས་བརྙན་གནས་པའི་ཚེ་བསྟན་པ་ཡུན་རིང་དུ་གནས་པར་བྱ་བ་གྱིས་ཤིག། ཅེས་གསུངས་སོ།། དེ་ནས་དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོས་དེ་ཉིད་དེའི་ཚེ་དེ་བཞིན་གཤེགས་པའི་གནང་བ་ཐོབ་པས་ཡོངས་སུ་མགུ་ཞིང་ཚིམ་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་ཏེ། ཞབས་ལ་སྤྱི་གཙུག་གི་ཕྱག་འཚལ་ནས། རང་གི་གནས་སུ་འཁོར་དང་བཅས་པར་འཁོར་པར་གྱུར་ཏོ།། དེའི་ཚེ་འཁོར་དེར་འདུས་པ་ཐམས་ཅད་བཅོམ་ལྡན་འདས་ལ་ཡོངས་སུ་མཆོད་དེ།། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཉིད་ལ་རྣམ་པར་ལྟ་ཞིང་ཡོངས་སུ་འདུད་པར་གྱུར་ཏོ། ། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ཅེས་བྱ་བ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གསང་སྔགས་འཕྲེང་བ་བརྗོད་པར་བྱ། ། དང་པོ་གཉིས་པས་ཅོད་པན་བྱ།། ལྔ་གཉིས་འོག་ཏུ་གསུམ་པའི་ལྔ།། གསུམ་པའི་དང་པོ་གྲུ་གསུམ་སྒྲ།། ལྔ་ཡི་གསུམ་བཞི་ལྡན་པའོ།། དེ་བཞིན་གསུམ་དྲུག་དང་པོ་གསུམ།། བཞི་པའི་དང་པོ་གྲུ་གསུམ་སྒྲ། ། དང་པོའི་གསུམ་པ་ཡང་དག་ལྡན།། དྲུག་པའི་དང་པོ་གསུམ་པར་འཕྲེལ།། བདུན་པའི་ལྔ་པ་ཡང་དག་ལྡན།། དྲུག་པའི་གསུམ་པ་བཞི་དང་ལྡན།། དབྱངས་ཡིག་ཡིན་པ་ལྔ་དྲུག་མིག་གི་ཚད།། བཅུ་པ་ལྔ་ཡི་དབྱངས་ཡིག་ཅན། ། དང་པོའི་ཅོད་པན་དབྱངས་ཡིག་གཉིས།། བདུན་གསུམ་དྲུག་བཞིའི་དབྱངས་ཡིག་གསུམ།། དྲུག་པའི་གསུམ་པ་འདས་པའི་ཚད།། ཅོད་པན་འོག་མ་འདས་པའི་སྒྲ།། བཞི་པའི་གསུམ་པ་དབྱངས་ཡིག་ལྔ། ། དྲུག་པའི་གསུམ་པ་ཡང་དག་ལྡན།། བློ་རེས་སྒྲ་ཡིས་རྣམ་པར་མཛེས།། ལྔ་པའི་ལྔ་པ་དེ་ཉིད་དང།། བཞི་པའི་གསུམ་པ་དབྱངས་ཡིག་ལྔ།། དང་པོ་ལྔ་པ་ཡང་དག་གཞག། ལྔ་པའི་བཞི་བ་དབྱངས་ཡིག་དགུ། ། རིང་པོའི་སྒྲ་ཡིས་རྣམ་པར་མཛེས།། གསང་སྔགས་ཡང་དག་གང་ཡིན་པ།། མཁས་པ་ལ་ནི་མཛེས་པས་བླངས།། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ།། ཡོངས་སུ་རོལ་བའི་རྒྱུད་ཅེས་བྱ་བ་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གསང་སྔགས་གྲངས་ནི་བདུན་འབུམ་གྱིས།། གང་གིས་དངོས་གྲུབ་རྫོགས་པར་འགྱུར།། དེ་ཚེ་བདག་ཉིད་ཆེན་མོ་ཡི། ངང་བཞིན་དུ་བདག་གནས་པས།། དེ་ཡི་མཚན་ཉིད་རྟག་ངེས་པའ།། རྣལ་འབྱོར་ཉིད་ལས་བརྩོན་པར་བྱ།། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ཅེས་བྱ་བ་ལས།། གསང་སྔགས་གྲངས་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། གནམ་བྱའི་རིགས་དང་གནམ་བྱེད་སྔགས།། ས་བོན་འཕྲེང་བས་བཅས་པ་ཡིས། རྩ་བའི་སྔགས་ནི་དང་པོར་སོང། བསྐུལ་ཚིགས་གསང་སྔགས་གཟུགས་མདོས་རྫས། ། དུས་དང་ཐབས་རྣམས་རབ་ལྡན་ན།། མྱུར་དུ་འཆི་པར་ངེ་པ་ཡིས།། གནན་པའི་ཚོགས་རྣམས་བཤད་པར་བྱ།། ལམ་ནས་བྱུང་བའི་སོ་མར་གྱིས།། གྲོ་བའི་ཁ་དོག་དམར་པོར་བྱས། ། ཁ་བྲག་ཟླུམ་པོ་སྐད་ལྟེབ་སྡེར།། རི་རབ་གཟུགས་ཀྱི་འོག་ཏུ་གནམ།། ལམ་གྱིས་གཟུགས་རྒྱ་རྐྱེགས་མདོག།། དུར་ཁྲོད་ཤིང་ལེབ་འོག་ཏུ་མནན།། བྱས་བཅག་ཤིང་ལེབ་འོག་ཏུ་གནན།། ལན་གསུམ་པར་ཟུར་གསུམ་སྡོས། ། སྐང་བཞིའི་ས་གཟུགས་ཁྲག་གི་མདོག། གླང་ཆེན་ཐོད་པས་བཞི་མདོར་གནན།། སྲིན་བུས་བརྐོས་པའི་ས་གཟུགས་ལ། མེ་ཏོག་དམར་པོ་ཁ་དོག་ཅན།། དུར་ཁྲོད་གཡམ་པའི་རི་རབ་ཀྱིས། ། འདུས་པའི་ལམ་དུ་ཡང་དག་གནན།། དུར་ཁྲོད་རས་ལ་གཟུགས་ནི་མཚལ།། དུས་ཀྱི་ལམ་དུ་ཕོག་ཐོད་གནན།། བཀྲ་མི་ཤིས་པའི་ས་གཟུགས་ནི།། སྲན་པའི་མེ་ཏོག་དག་གི་མདོག།། རྐང་རྗེས་བཞི་ཡིས་རི་རབ་ཀྱིས། ། རྟགས་པའི་ལམ་སྙིད་དག་ཏུའོ།། སྤྱིན་སྲེག་དྲག་པོའི་ཐལ་བ་ལ།། བསྒྲུབ་བྱའི་གཟུགས་ནི་ལི་ཁྲིའི་མདོག། དུར་ཁྲོད་ཤིང་ལེབ་རི་རབ་ཀྱིས།། ཤིང་ལེབ་ཆེན་པོའི་ཕྱོགས་སུ་གནན།། ཆུ་སྲེགས་གཟུགས་བརྙན་ནི། ། བོང་བུའི་ཁྲག་གིས་བྱུགས་ནས་ཀྱང། སྦལ་པའི་གཟུགས་ཀྱིས་ཡང་དག་གནན།། ཆུ་མིག་ཁྲག་ཆུ་ཆེན་པོའི་ལམ།། མཁར་གོང་ལ་ནི་བཙག་གི་མདོག།། བྲག་ལམ་དུར་ཁྲོད་གཡམ་པས་གནན། ། ལམ་གྱི་ས་སྟ་ཁྲག་གི་མདོག།། གཡམ་པའི་རི་རབ་རྒྱལ་པོའི་ལམ།། གནམ་ལྕགས་ལྟུང་པའི་ཤིང་བུ་ལ།། གླང་ཁྲག་མདོག་ནི་ལྷ་ཁང་གི།། ལམ་དུ་རྡོ་རྗེ་རྒྱ་གྲམ་གནན།། མེས་ཚིག་ཁྱིམ་གྱི་ས་ལས་ནི། ། གཟུགས་ནི་བསྐུལ་པའི་ཁྲག་གི་མདོག། རྟ་ཡི་ཐོད་པས་ཡང་དག་གནན།། མཁར་གྱི་ལམ་དུ་བྱ་རོག་འུག། ཤ་སོགས་གཟུགས་བྱས་མི་ཐོད་གནན།། གཅན་གཟན་གྱིས་བསད་པའི་རུས་པ་ལ།། གཟུགས་ནི་གཅན་གྱི་ཁྲག་གི་མདོག། གཅན་གཟན་ལམ་དུ་གཅན་གྱི་མདོག། རིགས་དྭགས་ཀྱི་ནི་བསད་པ་ཡི། ཚུལ་ནི་དེ་ལྟར་ཡང་དག་ཡིན།། རྡོལ་བའི་ཐོད་པ་ལས། འདབ་ཆགས་ནག་པོའི་ཁྲག་གི་མདོག། ཡི་དྭགས་རྒྱུ་བའི་ལམ་ཀ་རུ།། རི་རབ་གཟུགས་ཀྱིས་གནན་པ་བྱ།། དམངས་རིགས་ལ་བྱེད་ལ་ཀ་རུ། གུར་ཀུམ་མདོག་ནི་ཤིང་གི་གཟུགས།། རྗེས་བཞིའི་རི་རབ་འོག་ཏུ་གནན།། རྒྱ་མཚོའི་འགྲམ་གྱི་ས་དང་ནི། ། རུས་པ་ཤིན་ཆེ་གྲོག་ས་ལ།། མདོག་ནི་འབྲེ་མོག་རང་བཞིན་ཏེ། ཚོངས་པའི་ལམ་དུ་གནས་པ་ནི།། རི་རབ་མོ་གཤམ་ཐོད་པས་གནན།། དགོན་པ་དང་ནི་ཆུ་འགྲམ་གཉིས། ས་སྨན་མེ་ཏོག་དམར་པོའི་མདོག། རི་རབ་འོག་ཏུ་གནན་པ་བྱ།། མི་རྒོད་ལམ་དུ་ཐོག་གིས་ཀྱང།། ཕོག་པའི་རྫས་ལ་དུག་གིས་ནི།། མེ་ཏོག་དམར་པོས་རབ་ཏུ་གསལ།། བོང་བུའི་ཐོད་པར་བཞག་ནས་ཀྱང།། རི་རབ་གཟུགས་ཀྱིས་གནན་པར་བྱ། ། རི་རབ་རྡོ་རྗེ་ལ་སོགས་གཟུགས།། གང་གིས་ཀུན་ལ་ཤེས་ཀྱང་བསྔགས།། ལམ་གྱིས་ས་ལ་གསེར་དངུལ་ཟངས།། ལྕགས་དང་བྱི་རུ་དུང་དང་ནི།། མུ་ཏིག་ཚོགས་ཀྱིས་ཀུན་ནས་མཆོད།། སྦྱོར་བ་རྫོགས་པར་ཤེས་པ་དང། འཆི་བདག་གང་ཡིན་སྐར་མ་ལ།། གང་གིས་སྤྱོར་བས་ལྷ་ཡང་གནོན།། དེ་ནས་ཡང་དག་བཤད་བྱ་བ།། འབྱུང་བ་བཞི་ལ་མཁས་པས་གནན།། ས་གཟུགས་སེར་པོར་བྱས་པ་དེ།། ཁམ་པའི་རྫ་ཡི་གའུར་གཞག། རི་བོའི་རྨང་དུ་མཁས་པ་ཡིས།། བརྡ་དང་བཅས་པས་གནན་པར་བྱ།། ཡང་ནི་ལྕགས་ལས་བྱས་པ་དེའི། རྔ་སྐུ་ཀྱི་ནི་དམ་བྱས་ཏེ།། ཆུ་ཡི་གཏིང་དུ་རྡོ་དང་སྦྲགས།། མཐའ་མ་ཕུར་པ་ཡང་དག་ཤིག། ཟངས་མའི་བྱང་བུ་ལ་སོགས་ལ།། མཁས་པས་གྱོ་མོའི་ནང་དུ་གཞག། སྤྱིན་སྲེག་མཁན་དང་རྫ་མཁན་གྱི།། ཐལ་ཕུང་མེ་ཐབས་ནང་དུ་བཞག། རི་ནི་རྣོ་ལ་བསྲུངས་པའི་རྩེར།། ལྷོ་བྱང་གཉིས་ལ་ཕུབ་པ་ཅན། ། རླུང་ནི་ལྷོ་ནས་འབྱུང་པའི་སྒོར།། ཤ་བ་ལ་ནི་བསྐྱོན་པའི་གཟུགས།། རས་ལ་བྲིས་ལ་དམ་དུ་འཕྱར།། ཤིང་གི་ཆོ་ག་བཤད་བྱ་སྟེ།། ཤིང་ནི་སྟ་རེས་བཅད་པ་ཡི།། རྩ་པ་ཕྱུག་པའི་ཕུང་ཤུལ་དུ།། དུར་ཁྲོད་གཡམ་པས་རྣམ་པར་གནན། ། གནམ་ལྕགས་ལྷུང་བའི་ཤིང་ཚིག་ལ།། མིང་རུས་བརྡ་དང་བཅས་པར་བྲི།། འདག་པས་བསྣུན་པར་བྱ་བ་ཡིན།། རོ་ནི་བསྐལ་པའི་ཤིང་རྩེ་ལ། ཤིང་ལོ་ལ་ནི་གཟུགས་བྲིས་ཏེ།། གའུ་འཕྱང་ན་བཞག་པ་ནི། ། འགྱེགས་ཏེ་ཤི་བའི་ཤིང་གི་རྩར།། ལུག་གི་ར་བ་དེ་གཟུགས་ཡིན།། མཁས་པས་གནན་ན་གདོན་མི་ཟ།། རླུང་གིས་བསྐྱེལ་པའི་ཤིང་ཤུལ་དུ།། གཟུགས་ནི་གཡམ་པས་ལེགས་གནན་པ། ། མཁས་པའི་ལས་ནི་ཆུང་མི་ཟ།། ཤིང་རློམ་པར་སྐྱེ་པའོ།། སྲུབས་སུ་ཤིང་བྱ་ཉིད་ལ་ལྗང།། དེ་ནི་དེའི་གདོན་མི་ཟ།། སྡོང་པོ་སྙིང་པོ་རུལ་པ་ཡི།། རྩ་བར་ལེགས་གནན་པའི་མཆོག། སྦྲུལ་གྱི་ཚང་བཅས་ཤིང་གི་རྩར། ། དམ་དུ་སྦས་ན་རྣམ་པར་འཕམ།། བྱ་རོག་དག་གི་ཚང་ཡོད་པའི།། ཤིང་གི་རྩ་བར་གནན་པ་ཡིན།། ཤིང་ནི་གཅིག་པོར་གནས་པ་ཡི།། ཤ་བའི་ཐོད་པའི་ནང་དུའོ། དེ་ནས་ཡང་ནི་བྲག་གི་སྟེང། ། གནས་དེར་གནན་པ་བྱ་བ་བསྟན།། གནམ་ལྕགས་ལྷུང་པའི་བྲག་བར་འོག། གནན་ན་དཔའ་པོའི་ལས་རྣམས་འགྲུབ།། བྲག་གི་བྲག་ལས་ཆད་པ་ཡི།། དུམ་བུ་ལ་ནི་བྲིས་ཏེ་གནན།། བྲག་ནི་རལ་གྲིས་གཤགས་འདྲ་བ། ། བར་གྱི་འོག་ཏུ་ཚུལ་བཞིན་གནན།། རྐང་ལག་མང་པོར་བཞག་པ་ཡི།། གྲོ་ག་ལ་ནི་མིང་བྲིས་གནན།། གཏོག་པར་བྱེད་པའི་རྡོ་བ་ལ།། བྲིས་པས་ཡང་དག་གནོད་པར་བཤད།། དམྱལ་བ་དུད་འགྲོའི་གཟུགས་གནས་པ། ། དེ་འདྲའི་རྡོ་བས་ཡང་དག་གནན།། རོ་ཡི་ཁ་གབ་བྱས་པ་འམ།། རོ་འོག་ཆུད་པའི་གཡམ་པ་ལ།། བྲིས་ནས་ཕ་བོང་སྟེང་དུ་གནན།། སེར་ཀ་སྙིང་པ་ཡོད་པའི་བྲག། བར་དུ་དེ་བཞིན་གནན་པར་བྱ། ། ཕ་འོང་ཆེ་བྲག་ཕུང་དང་བྱུང།། ཤུལ་དུ་ཚལ་འབྱུང་མཐུན་པར་གནན།། མེ་ཡིས་ཚིག་པའི་ཕ་བོང་འོག། མཁས་པས་ཚུལ་དང་མཐུན་པར་གནན། ཐམས་ཅད་ཡང་གནོད་པར་བཤད།། དེ་ནས་ཡང་དག་བཤད་བྱ་བ། ། རོ་ཡི་ཤུལ་དུ་གཞག་པར་བྱ།། དམར་སེར་མེ་ཡྀ་དབུས་གནས་པ།། ཚ་བའི་ནད་ཀྱིས་ཤི་བ་ཡི།། རོ་ཡི་ཤུལ་ལམ་འོག་ཏུ་གནན། འཁྱགས་ཏེ་ཤི་བའི་འོག་ཏུ་ནི།། ལྗང་ཀུ་ལ་ཡང་གནན་པར་བྱ། ། ཤ་བའི་རཱ་ལ་ནག་པོའི་གཟུགས།། བྲིས་ཏེ་སྨྱོན་པའི་ཐོད་པར་གནན།། ཚ་བས་གཟུགས་བརྙན་བྱས་པ་དེ།། མེ་ཡིས་དུས་བྱས་འོག་ཏུ་ཡིན།། དུག་གི་ཁུ་བས་བརླབས་པའི་གཟུགས། གཡང་ལས་ལྷུང་པའི་འོག་ཏུ་ཡིན། ། ལུག་གི་རཱ་ལས་བྱས་པ་ཡིས།། གཟུགས་ནི་སྡིབ་པ་དེ་ལའོ། ཀླུ་ཡི་ཁྱིམ་གྱི་ས་ལ་ནི།། མཛེ་ཡིས་གང་ཤིའི་ཐོད་པར་རོ།། ཆུ་ཡིས་ཤི་བའི་ཐོད་པ་ལ།། ཐོད་པ་ཤཱི་ཡ་སྣ་ལ་གནན།། གང་དག་མཚོན་གྱིས་མྱུར་དུ་ཤིང། ། གཟུགས་ནི་མཚོན་པ་ཉིད་དང་འབྲེལ།། ཐོད་པར་བཅས་པ་དམག་དཔུང་གི།། དུ་མ་ཤི་བའི་གནས་སུ་སྦ། བྱོལ་སོང་གི་ནི་རུས་པ་ལ། དེ་ཡི་བསད་པའི་ཐོད་པར་ཤིས།། བུ་ཡི་ནད་ཀྱིས་ཤི་བ་ཡི། ། སོགས་པ་ལ་ནི་མིང་གཟུགས་སོགས།། དེ་ཡིས་ཐོད་པར་ཡང་ནའོ།། བུང་བས་བྲུས་པའི་ས་གཟུགས་ལ།། སྣངས་ཏེ་ཤི་བའི་འོག་ཏུ་སྦའོ།། སྲིན་པོ་ཡི་ནི་ལག་སྒྲེལ་དུ།། དམར་པོ་སྔགས་ཏེ་ཤི་བ་ཡི།། རོ་ཤུལ་འམ་ནི་འོག་ཏུ་འམ། ཀུང་ན་དེ་ཡི་ཐོད་པར་གནན།། ཁོང་པ་ཆུ་ཡིས་ཁེབས་པ་ཡི།། རུས་པ་ལ་ནི་བྲིས་ཏེ་ཡང།། རོ་དང་ཡང་ན་ཐོང་པར་ཤིས།། སྐྲངས་ཏེ་ཤི་བའི་རོ་ཤུལ་དུ།། དུར་ཁྲོད་རས་ལ་བྲིས་ཏེའོ།། ཤིང་ཤུན་དང་ནི་ལོ་མ་ལ། ། དུང་དཀར་བྲིས་པ་རྩ་བ་གནག། གཅན་གྱི་བཟོས་པའི་རོ་ཤུལ་དུ།། བོང་བུའི་གཅིག་ལ་བྱས་པས་གནན།། བཙན་གྱི་སོགས་པའི་གཟུགས་དང་ལྡན།། ལྕེབས་པའི་རོ་ཤུལ་དེ་ཉིད་དུའོ།། དུག་གིས་བྱུགས་པའི་གཟུགས་བརྙན་ལ། ། དུག་གིས་ཤི་བའི་འོག་ཤུལ་གནན།། ལྷོགས་ཏེ་ཤི་བའི་རོ་ཤུལ་དུ།། སྤྱིན་སྲེག་ཐལ་བ་བྱས་པས་གནན།། མཐིང་ནག་ལུག་གི་སྲོག་པ་ལ།། བྲིས་ཏེ་ལྐོགས་པའི་སོགས་པས་གནན། སྦྲུལ་ཚང་བཅས་པའི་ཤིང་ལས་གཟུགས།། མུ་སྟེགས་དཀའ་ཐུབ་ཅན་དུ་བྲི།། དམུགས་ལོང་གི་ནི་ཐོད་པ་ལ།། དུར་ཁྲོད་རས་ཀྱི་ཤིང་དཀྱིལ་གནན།། འུག་པའི་མགོ་ལ་གྲོད་པས་བྲིས། ། དམངས་ཀྱི་རོ་ཤུལ་འོག་ཏུ་འོ།། སྤྱང་ཁུའི་ཐོད་པར་དུར་ཁྲོད་རས།། རྒྱལ་རིགས་འོག་ཏུ་གཞག་པར་བྱ།། གླིང་གི་རུས་པ་རྗེའི་རིགས་འོག། སྦྲུལ་ཤུལ་སྤྲེའུ་ཐོག་བྲམ་ཟེའུ་ཤུལ།། ཤི་བའི་ཐོད་པར་ཡང་དག་པའོ། ། གལ་ཏེ་ཤུལ་ལ་སོགས་པར་ཡིན།། དེ་ནས་ཡང་དག་གནན་པའི་ཚོགས།། ཀླུ་ཡི་ཁྱིམ་དང་གནས་སུ་བསྟན།། དཀོན་མཆོག་གསུམ་ལ་གནོད་ན་འཐད།། གཞན་དུ་ཡང་དག་རྣམ་པར་བཀག།། ཤར་དུ་བལྟས་པའི་ཁྱིམ་དུ་ནི། ། དུང་གི་འཕྲེང་བའི་སྣ་ལ་ཡང།། ཤིང་གི་བུ་དཀར་པོའི་མདོག། ཁྱིམ་ནི་ལྷོ་རུ་བལྟས་པ་དེར།། གེ་སར་གྲུ་བཞིའི་དབྱིངས་ལ་ནི།། བསྒྲུབ་བྱའི་མིང་གཟུགས་ཡང་དག་གླ་ན།། རྫ་ཡི་ག་འུ་ཡང་དག་ཤིས། ། གདུག་པའི་གནས་ནི་ནུབ་ཏུ་ཕྱོགས།། མཚལ་ནི་རྫ་ཡི་གའུ་སྟེ།། བྱང་དུ་བལྟས་པའི་ཁྱིམ་ལ་ནི། གུ་གུལ་ནག་པོའི་སྦྲུལ་གྱི་གཟུགས།། ཤེར་ཤིང་ལ་ནི་མིང་གཟུགས་ཏེ།། ཁྲག་ཞག་ལྕགས་ཀྱི་ཕུར་པས་གདབ། ། གཏོར་མ་ལ་སོགས་རིགས་དང་མཐུན།། རིགས་བཞི་དང་པོར་ཡང་དག་བརྗོད།། དེ་ནས་ཡང་དག་གདུག་པའི་ཚོགས།། རིགས་ནི་རྣམ་པ་དྲུག་ཏུ་བཤད།། ཀླུ་ནད་རྣམས་ལས་ཐར་བྱའི་ཕྱིར།། གསོ་བ་སྨན་དང་ནོར་ལ་སོགས། ། པར་བུ་ཆུ་ལས་བསྟན་པ་ནི།། ཀུན་ལ་ཡང་དག་བསྒྲུབ་བྱར་བཅས།། ནོར་བྱིན་རིགས་ནི་མ་ཡིན་པར།། གཞན་ནི་ཆུ་འམ་ངེས་པར་རོ།། ལྷ་ཡི་གཟུགས་བརྙན་སྨན་དང་བཅས།། ངེས་པའི་གནས་སུ་ཡང་དག་གཞག། ། དེ་བཞིན་མི་ཡི་རིགས་ལ་གཟུགས།། ཡང་དག་བདེན་ན་དེ་གནས་སོ།། གདུག་པའི་སེམས་ཅན་རིགས་ལ་ཡང།། གཟུགས་བརྙན་བསྒྲུབ་བྱ་གནས་དང་བཅས།། ཀླུ་སྲིན་གཟུགས་ནི་གཟུགས་དང་བཅས། ། ཡང་དག་གནས་སུ་གནན་པར་བྱ།། བྱོལ་སོང་རིགས་ཀྱི་བསྒྲུབ་བྱ་ལ།། བསྒོར་ཏེ་གཞག་པ་ངེས་པའི་གནས།། ཀླུ་ཡི་རིགས་ལ་གནོད་སྤྱིན་ཏེ།། སྔོན་ནས་ཡང་དག་གནས་སུའོ།། གཞན་ཡང་ཀླུ་ནི་གཉིས་ཡོད་དེ། ། རྒན་པོ་དང་ནི་གཞོན་ནུའོ།། དམ་པའི་བཀའ་ལས་སྔོན་དུ་གྲགས།། མཐུ་དང་ལྡན་པ་གང་ཡིན་དེ།། གནས་སམ་བསྒྲུབས་ཏེ་བོད་པ་འམ།། གང་དུ་གྲགས་པའི་གཟུགས་དང་བཅས། ། བསྒྲུབ་བྱའི་མཚན་ཉིད་མཚུངས་པ་ལ།། དཀོན་མཆོག་གསུམ་ལ་མཆོད་པ་ཆེ།། རྒན་པོའི་འཁོར་དང་བཅས་པ་ལ།། མཆོད་པ་སྦྱར་ཏེ་ཡང་དག་ཏུ།། རས་སམ་གྲོ་ག་འམ་བསྒྲུབ་བྱ་ཅན།། སྦྲུལ་གྱིས་བཅངས་པའི་ཐད་དུ་ཡང། ། སྔོན་དམར་གྱིས་ནི་ཐག་པས་དཀྲིས། སྩོགས་ཏེ་གཞག་པའི་འོག་ཏུ་ཡང། སྨན་པའི་སྨན་མཆོག་གཞག་པར་བྱ།། མཁས་པས་གཞོལ་ནུ་བསྐུལ་བ་ནི།། མཚོ་འམ་ཆུ་མིག་རྙིང་བར་ནི། ། དཔའ་བོས་མངོན་དུ་ཕྱིན་ནས་ཀྱང།། གཞོན་ནུ་རོལ་མོས་མགུ་བྱས་ཏེ།། གཞོན་ནུ་སྒྲ་ཡི་རྣམ་པར་མཚོན།། ཕན་པའི་ཆོ་ག་གནན་པའི་ཐབས།། བསྒྲུབ་བྱའི་ལུས་ནི་ཆེ་བ་ལ།། ཚོར་མ་རེག་པ་རྣམ་པར་བསྒོམ། ། ཡན་ལག་ལྔ་དང་སྙིང་ཀས་ཏེ།། རི་རབ་འཁོར་དང་བཅས་གནན་བྱ།། ཡང་ནི་ཀླུ་གཉིས་རྣམ་བཤད་པ།། དཀར་པོ་དང་ནི་ནག་པོའོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་འམ།། ཉན་ཐོས་རང་རྒྱལ་མཐོང་བ་འམ། ། དེ་དག་མཐོང་དང་རིགས་སུ་སྨིན།། དཀར་པོའི་ཆོས་དང་མཐུན་པར་ནི།། དཀར་པོའི་ཆོས་ལ་གནོད་པ་གཏད།། གྲགས་པའི་གནས་སུ་འགྲོ་བར་བྱ།། གདུག་པའི་ཀླུ་ནི་གཏུམ་པོའི་ཚོགས།། ནག་པོའི་རིགས་སུ་ཡང་དག་སྨིན། ། གནས་དང་རྟེན་དུ་བཅས་པ་ཡི། གནས་དེར་དཔའ་བོ་ཡོངས་ནས་ཀྱང།། ཆོ་ག་གཉིས་དང་ལྡན་པར་ནི།། མཁས་པས་ཡང་དག་གནན་པར་ཤིས།། བསྒྲུབ་བྱ་ནག་པོའི་སྐྱོན་དང་དང་བཅས། ། དེར་གཞག་པ་ནི་ལྕགས་ཀྱི་སྣོད།། གནན་པ་གཉིས་ནི་འདིར་བཤད་པ།། ས་དང་ནམ་མཁར་གནས་པ་ཡི།། ཀླུ་ལ་ཡང་དག་གཏོད་པར་བྱ།། སྦྲུལ་གྱི་ལྷ་ནི་བྱས་པ་ཡི།། སྐར་མ་མཁན་ལ་མཛེས་པའི་ཚེ། ། མཁས་པས་མཆོད་པ་ཆེར་བྱས་ནས།། གཟུགས་བརྙན་མཁའ་ལ་བསྲེགས་གཏོར་ཏེ།། དྲིལ་ཆེན་དཀྲོལ་ཏེ་བརྗོད་པ་དང།། སྟོ་བའི་གཟུགས་ཀྱིས་གནན་པར་བྱ།། དེ་བཞིན་པ་ཡི་ཀླུ་ལ་ཡང།། ཆོ་ག་གཉིས་ནི་རབ་ལྡན་པ། ། སྦྲུལ་ཤ་ཟ་བའི་དུས་སུ་ནི།། ས་ཡི་ཀླུ་ཡང་འདིར་བཤད་པ།། དེ་ལ་རྣམ་པ་ལྔ་ཡིན་ཏེ།། དང་པོར་རི་ཡི་ཀླུ་བསྟན་བྱ།། ས་བདག་ཡོད་པར་གྲགས་པ་ཡི།། རི་ཡི་སྟེང་དུ་སོང་ནས་ཀྱང། ཀླུ་ནི་ཞག་ཏུ་བསྒྲུབ་པར་བྱ། ། མཚན་མ་གསལ་ན་མཁས་པ་ཡིས།། སྔོན་དུ་སྒྲུབ་པའི་རྫས་རྣམས་ལ། ཐ་ཚིགས་སྨྲོས་ཏེ་གནན་པ་ཡང།། གཟུགས་བརྙན་ཡོད་པ་རྡོ་བས་གནན།། ཐང་ནི་ངེས་པར་གང་ལ་གྲགས།། ཆོ་ག་གཉིས་དང་ལྡན་པ་ལ། ། བསྒྲུབ་བྱའི་གཟུགས་ལྔ་ཀླུ་ཡིས་གཟུགས།། རྣམ་པར་འཕྱང་དང་འཐེན་པར་བྲེས།། གཟུགས་བརྙན་ཡོད་པ་རྡོ་བས་གནན།། ཇི་ལྟར་ཤིང་ལ་གདུག་པ་གནན།། དེ་ཡི་རྩར་ནི་མཆོད་པ་དང།། ཆོ་ག་ལྡན་པར་ཡང་དག་སྟེ། ། ཤིང་ནི་དེ་ཡི་ཡལ་གའམ།། ཇི་ལྟར་འདུག་པའི་ཕུར་པ་དེས།། རས་ཀྱི་གཟུགས་དང་སྙིང་ལ་བསྟིམ། དུར་ཁྲོད་ཀྱི་ནི་ཤིང་ལེབ་ལ།། རི་རབ་སྲོག་བྲིས་སྟེང་དུ་བཞག། བྲག་ནི་གཏུམ་པོས་གཟུང་བས་ཏེ། ། མཁས་པས་དྲུང་དུ་གནས་ནས་ཀྱང།། ཞི་བའི་མཆོད་པ་སྔོན་ལྟར་སྦྱར།། རྡོ་བ་གཞན་ནས་འོངས་པ་ཡི། ཆུ་ཡང་གཟུགས་བརྙན་ཡོད་པ་ལ།། འོག་ན་མིང་གཟུགས་ཡང་དག་དེ།། ཆོ་ག་གཉིས་ནི་གཉིས་ནའོ། ། གཉིས་ལ་དུས་ཚོད་དམ་བཅས་ཏེ།། གལ་ཏེ་མཐུན་པའི་ཆོས་ཀྱང་བཤད།། གཙུག་ལག་ཁང་ནི་རྙིད་པ་ལ། གདུག་པ་ཡོད་པར་གྲགས་པ་ལ།། བརྐོས་པའི་གནས་དེར་ཕྱིན་ནས་ཀྱང། ། གཙུག་ལག་ཁང་ནི་ཆུང་བ་ཞིག། དུ་མའི་ཀླུ་རྣམས་མཛེས་པར་བྲི།། སྦལ་པའི་གཟུགས་ལ་བསྒྲུབ་བྱ་ཅན།། དགོན་པའི་གནས་སུ་གྲུབ་བསམ་གཞག། ཆོ་ག་གཞན་གྱི་ལུགས་དང་མཐུན་ཡང་ནི་ས་ཡི་ཀླུ་བཤད་པ། ། དེ་ཡང་རྣམ་པ་ལྔར་བཤད་བྱ། རྒྱ་མཚོ་ཆེན་པོའི་དྲུང་ནས་ཀྱང།། ས་ནི་བླངས་ཏེ་རྒྱལ་པོའི་གཟུགས།། བྲ་ཚིག་ལ་ནི་བསྒྲུབ་བྱ་ཅན།། དྲུག་གཞན་ཆོ་ག་ལུགས་དང་མཐུན།། ཡང་ན་མཚོ་ཡི་དྲུང་ནས་སུ། ། བསྒྲུབས་ཏེ་མཁས་པས་དེ་ལྟར་རོ།། གལ་ཏེ་ལྟེང་ཀའི་བདག་པོ་ལའང།། རབ་ཏུ་འབད་ན་ཆུང་མི་ཟ།། གདུག་པ་གནས་པའི་འབབ་ཆུ་ལ།། ལས་ཀྱི་སྦྱོར་བ་ཆུད་མི་ཟ།། ཆུ་མིག་ལ་ནི་གནས་པ་ཡི། ལེགས་པར་ནན་ཏན་གང་བྱས་པ། ། དོན་རྣམས་མྱུར་དུ་འགྲུབ་པ་སྟེ།། ལས་ཀྱི་མཆོག་ཏུ་བཤད་པ་ཡིན།། གལ་ཏེ་དྲག་པོའི་ལས་རྣམས་ནི།། གང་དུ་སྨོས་པའི་རྣམ་པ་ཡང།། མཁས་པས་ནན་ཏན་བྱ་བ་ཡིན།། ཞི་དང་དྲག་པོའི་ལས་རྣམས་ཀྱི། ། བསྟན་པ་འཇིག་པ་གསད་པར་བྱ།། དེ་ནས་ནམ་མཁའ་ལྡིང་ཆེན་པོས་འཁོར་དུ་མ་དང་བཅས་ཏེ་གནས་དེར་ལྷགས་ནས་འདི་སྐད་ཅེས་གསོལ་ཏོ།། ཀྱི་བཅོམ་ལྡན་འདས་བདག་གི་མ་འོངས་པའི་དུས་ན། ། བསྟན་པའི་གཟུགས་བརྙན་འཛམ་བུའི་གླིང་ན་གནས་པའི་ཚེ།། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཆེད་དུ། ཀླུ་རྣམས་ཚར་གཅད་པ་དང།། གན་པའི་ལས་འགྲུབ་པར་བྱ་བའི་སླད་དུ།། བདག་གི་སྙིང་པོ་ལྔ་པ་ཞེས་བགྱི་བ་མདོངས་གསོལ་དུ་དབུལ་བར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་འཛུམ་པ་མཛད་ནས་འདི་སྐད་ཅེས་གསུངས་སོ།། ནམ་མཁའ་ལྡིང་གི་དབང་པོ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཁྱོད་ཀྱི་སྤོབས་པ་དགེ་བས་རང་གི་སྙིང་པོ་ལེགས་པར་རྗོད་ཅིག། དེ་ནས་ནམ་མཁའ་ལྡིང་ཆེན་པོས་འདི་སྐད་ཅེས་གསོལ་ཏེ།། གཙོ་བོ་ཡི་ནི་མགུལ་བ་ན།། རྒྱལ་རིགས་ས་ལ་ཁྲི་བྱེད་བྱ།། པ་ནི་ཆུ་སྟེ་རྗེའུ་རིགས། ། ཨོཾ་ནི་མེ་སྟེ་བྲམ་ཟེར་གནས།། ས་ཞེས་རླུང་ནི་དམངས་ཀྱི་རིགས།། ནམ་མཁའི་རྒྱལ་པོ་ཧ་ཞེས་བྱ།། དཀྱིལ་འཁོར་གཡོན་ལྷ་བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་ལན་དུ་མས་བསྐོར་ཏེ།། ནམ་མཁའ་ལྡིང་ཆེན་པོ་ལ་ཚིགས་སུ་བཅད་པས་བསྟོད་པ། ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི།། ཐབས་དང་ཤེས་རབ་རྣམ་པར་སྤྲུལ་པ་ཉིད།། རྟོག་གི་རྣམས་ཀྱི་དཔགས་པས་མི་རྟོགས་ཀྱང།། དུག་ཆེན་གཞི་ལ་ཕྱིར་སྨན་མཆོག་བྱ་ཁྱུང་བསྟོད། ། ནམ་མཁའ་ལྡིང་ཡོན་ཏན་རྫོགས་པར་ནི།། དུ་མའི་སྒོ་ནས་རྣམ་པར་ཕྱེ་བཤད་ན།། ཐམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་འགྱུར་ཏེ།། རྒྱ་མཚོའི་ཐིགས་པ་བཞིན་དུ་ཅུང་ཟད་བསྟོད། ། ཐོག་མ་མེད་ནས་གཟིངས་པའི་སེམས་ཅན་རྣམས།། དུག་ཆེན་སྟོབས་ཀྱི་སྲིད་པའི་རྦ་ལ་གཡེངས།། སྦྲུལ་ལྕེས་བཅིངས་པའི་འགྲོ་བ་མཐའ་དག་ལ།། བདུད་རྩིས་གསོ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། ། བསྐལ་པ་དང་པོའི་སྔོན་རོལ་དུ།། བྱང་ཆུབ་སྤྱོད་ཚེ་འགྲོ་བ་ཀླུས་གཟིར་ལ།། མཁའ་ལྡིང་སྟོབས་ཀྱིས་དུག་ཆེན་འབྱིན་ཤོག་ཅེས། སྨོན་ལམ་གྲུབ་པའི་སྐུ་ལ་ཕྱག་འཚལ་བསྟོད། བདག་མེད་སྟོང་པ་བསྐལ་པ་སྔོན་བྱུང་ཀྱང། ། མ་རིག་སེམས་ཅན་བསྒྲལ་ཕྱིར།། ཐབས་ཀྱི་སྐུ། ཆུ་ཟླའི་རྟེན་འབྲེལ་ལྟ་བུ་མི་རྟོག་ཀྱང།། ཡེ་ཤེས་སྒྱུ་མ་དེ་ལ་ཕྱ་ག་འཚལ་བསྟོད།། རྣམ་ཐར་གསུམ་ལ་བསྐལ་པར་སྤྱངས་པས། ། མཚན་མའི་རྟོག་པ་ཅུང་ཟད་མི་སྲིད་ཀྱང།། ཀླུ་ཆེན་གདུལ་ཕྱིར་མཆུ་སྡེར་གནམ་ལྕགས་འདྲ།། ཐོགས་མེད་གཤོགས་པས་བསྐྱོད་པ་ཕྱག་འཚལ་བསྟོད།། དགེ་བ་གཟུང་འཛིན་ཆེ་ལ་གྲུབ་པ་ཡི། དུག་གི་མཐུ་ཆེན་ཀླུ་རྣམས་སྐྲག་པའི་ཕྱིར། ། སྙིང་རྗེའི་སྟོབས་ཀྱི་གཉེན་པོའི་སྐུར་སྟོན་པ།། བྱ་ཁྱུང་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད།། སྦྲུལ་ལྕེ་ཚ་བས་གཞིབས་པ་གང་ཞིག་ན།། མེ་ཡི་དུག་གིས་ཤིན་ཏུ་གདུངས་པ་ལ། ། ཟླ་བ་ལྟ་བུར་བསིལ་མཛད་གང་ཡིན་པ།། མཁའ་ལྡིང་བདུད་རྩི་དེ་ལ་ཕྱག་འཚལ་བསྟོད།། སྦྲུལ་ལྕེ་བསྟན་པས་བསིལ་བ་གང་ཞིག་ནི།། ཤིན་ཏུ་བསིལ་ཞིང་རབ་ཏུ་འདར་བ་ལས།། ཉི་མ་ལྟ་བུས་གསོ་མཛད་གང་ཡིན་པ། ། བདུད་རྩི་ཉི་མ་ཁྱོད་ལ་ཕྱག་འཚལ་བསྟོད།། སྦྲུལ་ལྕེ་བསྟ་པས་མནན་པ་གང་ཞིག་ནི།། ལྕི་ཞིང་འཐིབས་པའི་སྡུག་བསྔལ་གང་ཞིག་ནི།། མེ་ལྟར་བསྲེས་མཛད་མཁར་ལྡིང་གང་ཡིན་པ།། ས་བདག་འཇོམས་མཛད་དེ་ལ་ཕྱག་འཚལ་བསྟོད། ། སྦྲུལ་ལྕེ་གཡོ་བས་འབྱུང་བ་གང་ཞིག་ནི།། ལྕི་ཞིང་འཐིབས་པའི་སྡུག་བསྔལ་འབའ་ཞིག་ནི།། རླུང་ལྟར་བསྐྱོད་མཛད་མཁའ་ལྡིང་གང་ཡིན་པ།། རླུང་གི་དུག་འཇོམས་དེ་ལ་ཕྱག་འཚལ་བསྟོད། ། འབྱུང་བའི་དུག་གིས་གཟིར་བའི་སེམས་ཅན་ལ།། འབྱུང་བཞིའི་བདུད་རྩིས་ཀླུ་དུག་ཞི་མཛད་ཅིང།། དུག་ཆེན་བདུད་རྩིར་མྱུར་མཛད་དཔལ་དང་ལྡན།། མཁའ་ལྡིང་བླ་མ་ཁྱོད་ལ་ཕྱག་འཚལ་བསྟོད། ། འཇིག་རྟེན་འདི་ན་ལུས་ཅན་གང་ཞིག་ནི། དུག་ཆེན་སྟོབས་ཀྱིས་བཞིན་དང་བྲལ་ནས་འཆི།། ཁྱོད་ནི་དུག་ཟོས་བཞིན་བཟངས་འདབ་མ་རྒྱས་རང་གི་མཐུ་སྟོབས་རྫོགས་མཛད་དེ་ལ་ཕྱག་འཚལ་བསྟོད། ། དཔག་བསམ་རྩེ་དང་རི་རབ་སྟེང་ནས་ནི།། སྡེར་མོ་རབ་བགྲད་གཤོག་པ་རྣམས་རྒྱས་ནས།། རྒྱ་མཚོའི་གཏིང་ནས་ཀླུ་ཆེན་སྙིང་འདྲེན་པ།། མཁའ་ལྡིང་ཐོག་མེད་རྡོ་རྗེ་མཆུ་ལ་བསྟོད།། ཁྱོད་ནི་མཐོང་ཐོས་དྲན་བ་ཙམ་གྱིས་ཀྱང། ། བསྟོད་པ་བཞི་མཐོང་ཀླུ་རྒྱལ་མཐུ་ཆེན་ཡང།། སྙིང་འདར་བ་སྤུ་ལྡང་ཞིང་ཅོད་པན་འབྲུལ།། མཁའ་ལྡིང་སྟོབས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད།། རྫུ་འཕྲུལ་ཆུང་བའི་ཀླུ་གཞན་ཕལ་པ་དག། ། མཁའ་ལྡིང་རྒྱལ་པོ་མཐོང་ཐོས་དྲན་ཙམ་གྱིས།། ཁ་བུག་འགྱེལ་ནས་ཁྲག་སྐྱུགས་གས་ཏེ་འཆི།། དུག་ཆེན་གཉེན་པོར་སྟོན་ལ་ཕྱག་འཚལ་བསྟོད།། མཚན་ཐོས་ཙམ་གྱིས་འཕྲལ་དུ་འབྲོས་པ་དང། ། རྒྱུད་ཅིང་བྱེད་ནས་མགོན་སྐྱབས་འབོད་ཅིང་སྨེ།། མཚན་ཙམ་ཐོས་པའི་མཐུ་སྟོབས་འདི་འདྲ་བས།། མཁའ་ལྡིང་མཚན་མས་སྨོས་ཏེ་ཕྱག་འཚལ་བསྟོད།། འཁོར་ལོས་སྒྱུར་རྒྱལ་ལག་ན་རིན་པོ་ཆེ།། བྱ་ཁྱུང་སྙིང་ནས་གྲུབ་པའི་བཀྲ་ཤིས་ཏེ། ། ཡིད་བཞིན་ནོར་བུའི་སྙིང་དང་རབ་ལྡན་པས།། རིན་ཆེན་སྙིང་པོ་ཅན་ལ་ཕྱག་འཚལ་བསྟོད།། གང་གིས་ཁྱོད་ཀྱི་སྐུ་མཆོག་མི་མཐོང་ཡང།། བྲིས་བའི་སྐུ་ལ་བསྟེན་ཏེ་བསྟས་པ་འམ། ། མཚན་ཙམ་བསམ་ནའང་ཡོན་ཏན་ཕུན་སུམ་ཚོགས།། ཀླུ་དུག་ཞི་མཛད་དེ་ལ་ཕྱག་འཚལ་ལོ།། གང་གིས་ཤིང་ལ་བྱ་ཁྱུང་སྔགས་བཟླས་ཏེ།། མི་དེ་ཤི་ཡང་སྔགས་ཤིང་དེ་ཡིས་མཐུས།། ཀླུ་གདུག་རྫུ་འཕྲུལ་ཞི་བར་ནུས་པ་སྟེ། ། མཁའ་ལྡིང་གསང་སྔགས་མཐུ་ལ་ཕྱག་འཚལ་བསྟོད།། ཇི་ལྟ་ཇི་ལྟར་སེམས་ཅན་འདུལ་གྱུར་པ།། དེ་ལྟར་འགྲོ་བ་རྣམ་པར་ལྡང།། སེམས་ཅན་རྣམས་ཀྱི་བསམ་པའི་དབང་ལས་འབྱུང།། རྫུ་འཕྲུལ་མཁའི་ལྡིང་སྐུ་ལ་ཕྱག་འཚལ་བསྟོད། ། སྡུག་བསྔལ་གནོད་པས་ཟིན་པ་གང་ཞིག་གིས།། མཁའ་ལྡིང་རྒྱལ་པོ་མཚན་ཙམ་དྲན་པས་ཀྱང།། དུག་ཆེན་ཀླུ་ཡི་རྫུ་འཕྲུལ་སྨན་པར་ནུས།། བསྒོམ་ན་གོ་འཕང་མཆོག་ཀྱང་ཐོབ་ཕྱིར་བསྟོད། ། འཇིག་རྟེན་འདི་ན་དགེ་ལ་བར་གཅོད་པ།། གང་ལ་ཀླུ་ཡི་མཐུ་ཙམ་མ་མཆིས་པས།། གང་དག་དགེ་ལ་གནོད་བྱེད་པར་གཅོད་རྣམས།། ཐམས་ཅད་ཀུན་ཀྱང་ཟིལ་གྱིས་དེ་གནོན་མཛོད། ། མཁའ་ལྡིང་དབང་པོ་གསེར་གྱི་འདབ་མ་ཅན།། བདག་ཉིད་ཆེན་པོ་འབར་བ་རྡོ་རྗེ་མཆུ།། རིན་ཆེན་དུ་མའི་རྒྱན་ཚོགས་མགོ་ལ་སྤྲས།། དྲག་པོའི་གཟུགས་སུ་བགྱི་བར་ལྟ་ལ་བསྟོད།། གཟི་བརྗིད་ཆེན་པོ་ཀླུ་དབང་སྟན་དུ་བྱས། ། ཁྲོ་རག་གཏུམ་ཞིང་མ་རུངས་དུ་མའི་ཀླུ།། སྙིང་ཁྲག་འཐུང་ཞིང་རྡོ་རྗེ་མཆུ་ཡིས་གཅོད།། གཏན་དུ་གསོད་པར་མཛད་ལ་ཕྱག་འཚལ་བསྟོད།། དྲན་པས་སྲིན་དང་ལྷགས་རླུང་སེར་བ་འཇིག།། མེ་ཏོག་འབྲས་བུ་ནགས་ཚལ་ཡོངས་སུ་སྐྱོབ། ། བདུད་རྩི་འབྲསེ་བུ་ཡོངས་སུ་གྲུབ་པར་མཛད།། བདེ་བ་འཕེལ་མཛད་ཁྱོད་ལ་བསྟོད་པར་བགྱི།། ཁྱོད་ལ་བསྟོད་པའི་ཡོན་ཏན་གང་ཡིན་དེས།། བདག་གིས་བྱང་ཆུབ་མ་ཐོབ་པར་དུ་ནི། ། དུག་ཆེན་ཀླུ་ལ་སོགས་པའི་གནོད་པ་ཡིས།། སྐད་ཅིག་ཙམ་ཡང་བར་ཆོད་སྤང་ཕྱིར་བསྟོད།། བླ་མེད་བྱང་ཆུབ་བདེ་ཆེན་ཐོབ་ནས་ཀྱང།། ཁྱད་པར་དུ་ཡང་ཀླུ་གདུག་དུ་མའི་ཚོགས།། མཁའ་ལྡིང་དབང་པོ་ཉིད་དུ་བདག་གྱུར་ཏེ། འགྲོ་བ་རྣམས་ཀྱི་དུག་ཆེན་འབྱིན་པར་ཤོག། དེ་ནས་ནམ་མཁའ་ལྡིང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན།། བདག་གི་མིང་ཐོས་པ་ཙམ་གྱིས་ཀྱང། ། དཔག་ཚད་སྟོང་ཚུན་ཆད་དུ་ཀླུའི་དུག་མ་མཆིས་པར་བགྱི་སྟེ།། དངོས་པོ་གཞན་ཕུན་སུམ་ཚོགས་པར་བགྱིའོ།། བཅོམ་ལྡན་འདས་བདག་གི་མིང་ཙམ་བསྡུས་པའི་ངོས་ལ།། ཀླུ་རྣམས་ཀྱང་ཀླུ་རྣམས་ལ་གནོད་པར་བགྱི་ན། ། དུས་དེ་ཉིད་དུ་དེ་དག་འཁོར་དང་བཅས་པའི་སྙིང་བདག་གི་ཁ་ཟས་བགྱིའོ།། བདག་གིས་དམ་བཅས་པ་ལྟར་མ་བགྱིས་ན།། བདག་སྤོབས་པ་དང་བྲལ་བར་བགྱིས་ཏེ། དེ་རིང་དེ་བཞིན་གཤེགས་པའི་ཐད་དུ་དམ་བཅས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ།། རིགས་ཀྱི་བུ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ།། ཁྱོད་ཀྱིས་དམ་བཅས་པ་ལྟར་གྱིས་ཤིག་ཅེས་གསུངས་སོ། ། དེའི་འཁོར་དེར་འདུས་པ་གཞན་གྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་བཀའ་ལ་རྗེས་སུ་ཡི་རང་སྟེ། དེ་ལྟར་འཚལ་གྱིས་མགྲིན་གཅིག་ཏུ་བརྗོད་དོ། ། དེ་ནས་ཡང་དག་བཤད་བྱ་བ།། གནོད་སྤྱིན་ཁྱིམ་དང་གནས་སུ་བཤད།། དམར་ནག་མེ་ཏོག་ཁུ་བ་ལ།། བསྒྲུབ་བྱའི་གཟུགས་ནི་ཡང་དག་བྲིས།། འཇིགས་པའི་གཟུགས་ཅན་གནོད་སྤྱིན་ཡང། མཁས་པས་ཚུལ་དང་ལྡན་པར་བྲི། ། གཏོར་མ་ལ་སོགས་ཀུན་གྱི་མཆོད།། མི་ཡི་རྒྱུ་འགྲུལ་དཀོན་པ་ཡི། གནས་སུ་ནན་ཏན་དག་གིས་སྦ།། ཡང་ན་དབྱུག་པ་ལེགས་བྱས་པ།། དེ་ལ་རབ་གནས་ཤིས་པ་སྟེ།། གནོད་སྤྱིན་ཕོ་མོ་རྒྱུ་སྲང་དུ། ། དཔའ་བོས་ལེགས་པར་བྱ་བ་ཡིན།། ཡང་ནི་བཤད་པར་བྱ་བ་སྟེ།། གཟུགས་ནི་ལེགས་བྲིས་འོག་ཏུ་ཡང།། བསྒྲུབ་བྱ་གཞག་པར་བྱ་བའོ། གནོད་སྤྱིན་ཡོད་པའི་རི་རྩེ་ལ།། གཡམ་པས་ཁང་པ་ལེགས་བརྩིགས་ནས། ། རྡོ་རྗེ་རྒྱ་གྲམ་སྟེང་དུ་མནན།། ཡང་ན་གངས་ཀྱི་གནོད་སྤྱིན་ལ།། གཏོར་མ་ལ་སོགས་མཐུན་རྫས་བསྔོ།། ང་ལ་སོས་པོའི་ལག་པས་གནན།། ཡང་ན་ཕུག་གི་གནོད་སྤྱིན་ལ།། ཆོ་ག་ལེགས་བྱས་གནན་པའི་ཐབས། ། བུམ་པ་སྟོང་པའི་ནང་ན་སྟེ།། རི་རབ་དང་བཅས་མཁས་པས་བྱ།། ཆུ་ཡི་གནོད་སྤྱིན་ཆུ་ལ་ཡང།། གཏོར་མ་ལ་སོགས་གཏང་བར་བྱ།། ཆུ་ནི་ས་དང་བཅས་པ་ཡིས།། གཟུགས་ནི་སྦྲུལ་གྱི་གཟུགས་ཀྱིས་གནན། ། ཡང་ན་དུར་ཁྲོད་གནོད་སྤྱིན་ལ།། གཏོར་མ་ཆེན་པོ་སྔོན་དང་མཐུན། དུར་ཁྲོད་རས་ལ་ལེགས་བྲིས་པའི།། གཟུགས་ནི་དུར་ཁྲོད་གནས་སུ་གནན།། ཤིང་གི་གནོད་སྤྱིན་དག་པ་ནི།། ཆུ་ཤིང་བསྲེགས་པའི་ཐལ་བ་ལ། ། གཟུགས་བྲིས་རྡོ་བའི་འོག་ཏུ་གནན།། བེ་ཅོན་ལ་སོགས་ཆོ་ག་ནི།། མཁས་པས་ཀུན་ལ་སྦྱར་བ་ནི།། བྲག་ལ་གང་གནས་གནོད་སྦྱིན་ནི།། མཁས་པས་ཆུ་རྡོའི་གཟུགས་ལ་བྱ། རྡོའི་རི་རབ་ཆེན་པོ་ནི། ། རྡོ་བ་ཉིད་ལ་ཤེས་པར་བྱ། དེ་ནས་བླངས་ཏེ་གནོད་སྦྱིན་ལ། གཏད་ཅིང་གཞན་པར་བྱ་བ་ན།། ས་ལའི་གནོད་སྤྱིན་གཟུགས་བྲིས་ཤིང། མཆོད་པས་རབ་ཏུ་སྦྱར་ནས་ཀྱང། གཟུགས་ནི་རྣམ་པ་གཉིས་བྱས་ཏེ། བསྲེགས་པ་གང་ཡིན་གན་ལ་གཏོར།། སྔགས་ཀྱི་སྔོན་དུ་གཏོར་བ་ཡིན།། གཟུགས་ནི་རི་རྩེར་བརྩིགས་པའི་སྟེང།། ཡང་དག་གནན་པར་བྱ་བ་ཡང། འཁོར་ལོ་རྡོ་རྗེ་ལ་སོགས་ཡིན།། ད་ནས་ཡང་དག་བཤད་བྱ་བ། ། བསྒྲུབ་བྱའི་གཟུགས་ནི་རྡོ་རྗེར་རྒྱུས་ཏེ།། སེམས་ཅན་མང་པོས་ཕྱག་བྱས་ཤིང།། མཆོད་པར་བྱས་པའི་འོག་ཏུ་འམ།། གཙུག་ལག་ཁང་གི་སྒོ་གང་སྟེ།། ལྷ་ཡི་གཟུགས་བརྙན་འོག་ཏུའོ། ། ཡང་ནི་བཤད་པར་བྱ་བ་ཡོད།། འཇིག་རྟེན་པའི་འཇིག་རྟེན་ལ།། གང་ལ་ཕན་གནོད་ཅན་དུ་གྲགས།། དེ་ཡི་རང་བཞིན་གནས་སུ་ཡང།། མཐུན་པར་བྱ་འམ་འབའ་ཞིག་སྟེ།། ཆོ་ག་གཉིས་དང་ལྡན་པའམ། ། ལུས་ལ་གནས་པའི་བྱད་པ་པོས།། བསྒྲུབ་བྱ་ཡང་དག་གནན་པ་ནི། རྣལ་འབྱོར་ཆེན་པོའི་བརྟུལ་ཞུགས་ཡིན།། རྒྱལ་པས་ཞབས་མཐིལ་བཞག་པ་ཡི།། ས་ཕྱོགས་གང་དང་གང་ཡིན་དེར།། མཆོད་པ་དང་ནི་མཆོད་པ་ཆེ། ། ཆོ་ག་ཆེ་དང་ཆོ་ག་ཅན།། གནོད་པ་གནོད་པ་ཆེན་པོ་ཡིན།། ལུས་མཁས་པ་ཡི་དཔའ་བོ་དེས།། གང་བུའི་ནང་དུ་གཞག་པ་ཡང།། ཆོས་ལ་གནོད་པ་ཚར་གཅད་ཕྱིར།། བརྟུལ་ཞུགས་ཅན་གྱིས་རབ་ཏུ་འབད། ། གཞན་ཡང་གྲུབ་པར་བྱ་བའི་གནས།། རྣལ་འབྱོར་ཅན་གྱི་གྲུབ་པའི་ལས།། དགོན་པ་ཆེན་པོས་ས་ཕྱོགས་སམ།། ཡང་ན་ཐང་དང་རི་ལ་སོགས།། གལ་ཏེ་བྲག་དང་རྩི་ལ།། མཁས་པས་གནས་དེར་བྱ་བ་ནི། ། གཉིས་པོའི་ཐོད་པ་སྡུག་པའི་ཚངས།། མཚན་ཉིད་ལེགས་པར་བརྟགས་པ་ཡིན།། དབུས་སུ་བསྒྲུབ་བྱ་ཡང་དག་གིས།། མི་ཡི་པགས་པ་རྐྱེན་དང་བཅས།། བསྒྲུབ་བྱའི་རང་བཞིན་གཟུགས་སུ་བྱ། ལེགས་པར་བྱ་བ་ཡང་དག་ཡིན། ། དེ་ལ་ཐམས་ཅད་གདོན་མི་ཟ།། གནས་དང་རྫས་དང་རྐྱེན་དང་བཅས།། སོ་སོའི་ཚོགས་དང་སྤྱོར་པ་ཡང།། འདིར་ནི་སོ་སོར་བཤད་པར་བྱ།། ལུས་ལ་མཁས་པའི་དཔའ་བོ་དས།། ཐུན་མོང་དང་ནི་ཁྱད་པར་གྱི། ། ཚུལ་གྱིས་གང་དང་གང་ལ་བསྔགས།། དེ་དང་དེ་དག་ཤེས་པར་བྱ།། གནས་དང་ས་ཡི་ཆོ་ག་ཡང།། ལྡན་པའི་བར་དུ་རྐྱེན་དང་ལྡན།། འདས་པ་མ་འོངས་ད་ལྟར་གྱིས།། སྦྱོར་བ་ཚང་ན་ལས་དེས་ནི། ། ལག་ན་རྡོ་རྗེ་ཉིད་ཀྱང་ནི།། རང་བཞིན་ཉམས་པར་ངེས་གྱུར་ན།། སྐྱེ་འགྲོ་ཕྲ་མོ་སྨོས་ཅི་དགོས།། གནས་པ་ལ་སོགས་ཆོ་ག་ཡང།། སྦྱོར་བ་ཉམས་པས་གང་དུ་ནི།། རྣལ་འབྱོར་དམན་པར་གྱུར་པ་ཡི།། ཉེས་པ་དུ་མ་འབྱུང་བ་ཡིན། ། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ཅེས་བྱ་བ་ལས།། གནན་པའི་ལས་གཏད་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་རྣམ་པར་བཤད་པ་ནི།། བསྒྲུབ་བྱ་རི་གཟུགས་བརྙན་སྦྱར་པའི་ཐབས། ། རང་དང་གཞན་རྐྱེན་དྲག་པོའི་རྗེས།། དུ་མའི་ཚོགས་ནི་བསྟན་པར་བྱ།། རང་གི་རྐྱེན་ལས་གསུམ་བཤད་དེ།། ནང་གི་རྐྱེན་དང་ཕྱི་ཡི་རྐྱེན།། ཕྱི་ཡི་ལས་བྱུང་བའི་རྐྱེན།། རང་གི་རྐྱེན་ལས་སྐྱེས་པ་ཡི། དང་པོར་སྤུ་ནི་བསྒྲུབ་པར་བྱ་བ་ནི།། དེ་ཡང་རྣམ་པ་བརྒྱད་ཡིན་ཏེ།། ལུས་ལ་ཚིམ་བུར་གནས་པ་ཡི།། སྦུ་ཡི་གནས་ནི་རྣམ་པ་བདུན།། གང་དག་བསྐྱེད་པར་གནས་པའི་སྤུ།། ཐུན་མོང་གི་སྤུ་ཞེས་གྲགས། ། མཁས་པས་འདི་བརྒྱད་ཤེས་པར་བྱ།། སྲིད་པའི་རྩེ་མོའི་གནས་ནས་ཀྱང།། སྤུ་ནི་ལྕང་ལོ་ལྟ་བུ་བླང།། ཟླ་བ་ཕྱེད་པའི་དབུས་གནས་ནས།། སྤུ་ནི་ཟླ་ཚེས་ལྟ་བུ་བླང།། ཟླ་བ་བཅོ་ལྔ་མཉམ་པ་ཡི། ། དབྱིངས་ནི་དུ་མའི་མཐར་གནས་པའི།། སྤུ་ནི་རྣམ་པ་གཉིས་ཡོད་དེ།། བྱ་བྱེའུ་མཁའ་ལ་ཕུར་བ་ཡི། སྤུ་ནི་རྣམ་པ་གཉིས་ཡྀན།། སྤུ་ནི་རྣམ་པ་གཉིས་ཡིན་ཏེ། མཁས་པས་ཡང་དག་ཤེས་པར་བྱ།། སྟེང་གི་རླུང་རྒྱུའི་གནས་ཉིད་ནས། ། སྤུ་ནི་རྩའི་ཚོམ་པ་འདྲ།། འཚོ་བའི་གོ་བའི་ཁར་གནས་པའི།། སྤུ་ནི་དུ་མར་གནས་པའོ།། མཉམ་དུ་འདུག་པའི་རང་བཞིན་ལས།། གཡས་གཡོན་གཉིས་སུ་མགོ་བརྙན་པ།། རྣ་བའི་ཐད་ཀ་དག་ནས་ཀྱང། ། སྤུ་ནི་རྣམ་པ་གཉིས་ཡིན་ནོ།། བཤང་གཅིའི་གནས་ནས་མཐར་གནས་པའི།། སྤུ་ནི་ཡང་དག་ཤེས་པར་བྱ།། གཞན་གྱི་ཚོགས་རྣམས་ཐམས་ཅད་ནས།། གང་དག་གནས་པ་ཁྱེད་པ་ཡི།། དེ་ནི་ཀུན་ཏུ་ཤེས་པར་བྱ། ། དེ་ནས་ཡང་ནི་གཤེར་བ་ཡི།། གྲངས་ནི་རྣམ་པ་བཅུ་གསུམ་སྟེ།། མིག་གི་སྒོ་ནས་འབྱུང་བ་ནི།། རྙོག་མ་མེད་པའི་ཆུ་དང་ནི།། སྣག་པའི་ཚུལ་དུ་སྣང་བ་ཡིན།། སྟེང་གི་རླུང་རྒྱུ་སྒོ་ནས་ཀྱང། ། ཤེལ་དང་ཟིལ་བ་འདྲ་པ་ཡོད།། མཚོའི་སྒོ་ནས་གང་གནས་པའི།། དྭངས་པའི་ཆུ་ཡིས་རྔ་ལམ་འདྲ།། ཤལ་དང་འཚོ་བ་རླུགས་པའོ།། གཅིག་པའི་སྒོ་ནས་གཉིས་ཡིན་ཏེ།། གུར་ཀུམ་མདོག་དང་སྟེང་སྒྲོ་འདྲའི། ། བཤང་པའི་སྒོ་ནས་འབྱུང་བ་ནི།། ཡང་དག་གཤེར་བ་དེ་ཡིན་ནོ།། དེ་ནི་རྣམ་པ་བཅུ་ཡིན་ཏེ།། སོ་སོར་འབྱུང་བའི་གནས་ཤེས་བྱ།། ཁྲག་དང་རྡུལ་དང་ཐིབས་པ་གསུམ།། ཐུན་མོང་གི་ནི་གླན་དུ་གྲགས། ། བཅུ་གསུམ་གཤེར་བའི་ཆོ་ག་ལ།། མཁས་པས་ཡང་དག་ནན་ཏན་བྱ།། དེ་ནས་དྲི་མ་དྲུག་བཤད་བྱ།། སྤུའི་མཐར་གནས་དྲི་མ་དང།། རྣ་བའི་ནང་ནས་བྱུང་བ་དང།། སོ་དང་ལྕེ་ལ་གནས་པ་དང།། ལག་པའི་སོར་མོར་གནས་པ་དང། ། གང་དག་རྐང་བའི་སོར་མོར་གནས།། དེ་ནི་ཕྱི་ཡི་དྲི་མ་དྲུག། ནང་གི་དྲི་མ་དྲི་ལྡན་སོགས།། དེ་བཞིན་སྔོན་དུ་བཤད་པའོ།། རུས་པ་ཡང་ནི་བཤད་བྱ་སྟེ།། སོ་དང་སེན་མོ་རུས་པ་རྣམས། ། བྱུང་དང་བྲེགས་དང་ཕྱུག་པའོ།། རླུང་ནི་རྣམ་པ་བཞི་རུ་བཤད།། དེ་ནི་ངེས་དང་མ་ངེས་པའོ།། གཉིས་ནི་སྟེང་གི་རླུང་དང་ནི།། འཚོ་བའི་སྒོ་ལ་གང་བྱུང་བ།། བཤད་པའི་གནས་ནས་གང་བྱུང་དང།། གལ་ཏེ་རྣམ་པ་བཞི་ནས་འོང། ། མ་ངེས་པ་དང་རྣམ་བཞི་སྟེ།། དེ་ཡིས་དགོས་པའི་རྫས་དང་བཅས།། སུམ་ཅུ་རྩ་བཞི་རྫས་ཀྱི་ཚོགས།། ནང་གི་རྐྱེན་ནི་རང་ལས་བྱུང།། རྟག་ཏུ་འབྲེལ་བ་རབ་ཏུ་བསྔགས།། ད་ནི་རང་གི་ལུས་ཀྱི་རྐྱེན། ། འཚམ་པར་འབྲེལ་བར་བཤད་པར་བྱ།། དེ་ནི་རྣམ་པ་དྲུག་ཡིན་ནོ།། སྲིད་པའི་རྩེ་མོ་རྐྱེན་དང་ཡབ།། དེ་བཞིན་རྩ་བ་དག་གི་རྐྱེན།། ལུས་ཀྱི་སྨད་ནི་དཀྲིས་པ་དང།། གཟུགས་ཀྱི་ཀུན་ཏུ་དགའ་བ་དང། ། རྐྱེན་དུ་དཀྲིས་པའི་རང་བཞིན་དང།། ཇི་ལྟར་རྒྱན་དུ་གྲགས་པའོ།། རང་གི་ཕྱི་ཡི་རྐྱེན་དུ་བཤད།། དཔའ་བོས་ཡང་དག་བསྟེན་པར་བྱ།། དེ་ལྟར་རང་གི་ནང་དང་ཕྱི།། རྫས་ནི་རྣམ་པ་བཞི་རུ་བཤད། ། རང་གི་ནང་གི་རྐྱེན་ལ་ཡང།། ཕྱི་ཡི་ཕྱི་ཞེས་བྱ་བར་བཤད།། རང་དང་གཟུགས་བརྙན་གཉིས་ཀྱིས་ནི།། རྗེས་ནི་བཅུ་གཉིས་ཡང་དག་གོ།། ཡན་ལག་ལྔ་ནི་ལུས་དང་དྲུག།། རང་གི་རྗེས་ནི་དེ་བཞིན་ཏེ།། དྲི་མ་ལ་སོགས་གཟུགས་ཀྱི་ནི། ། དེ་བཞིན་རྗེས་ནི་རྣམ་པ་དྲུག།། གང་དག་གནས་དང་ཡུལ་ས་དེ།། རྣམ་པ་བཅུ་བཞི་གང་ཡིན་ཏེ།། རང་གི་ལས་དང་གཟུགས་བརྙན་གྱི།། གང་དག་དྲགས་པ་དེ་དག་སོགས།། ནང་དང་ཕྱི་དང་ཕྱི་ཡི་ཕྱི། ། རྣམ་པ་ལྔ་བཅུ་རྩ་བཞི་སྟེ།། མཁས་པས་ནན་ཏན་བྱ་བ་ཡིན།། དེ་ནས་ཡང་དག་བཤད་བྱ་བ།། གཞན་གྱི་རྐྱེན་ཞེས་བྱ་བ་ནི།། རང་གི་གཞན་དང་གཞན་གྱི་གཞན།། རྣམ་པ་གཉིས་སུ་གནས་པ་སྟེ། ། མཁས་པས་དཔའ་པོ་དག་ལ་བཤད།། རང་གི་གཞན་ཞེས་བྱ་བ་ནི།། གང་ལ་ཕ་དང་མ་ཞེས་བཏགས།། དེ་ཡི་བུ་དང་བུ་མོ་དང།། དེ་ལ་མིང་སྲིང་སྤུན་དུ་གྲགས།། དེ་ཡི་ཚ་བོ་གཉིས་ཡིན་ཏེ།། གང་དག་མེས་དང་ཕྱི་མོ་དང། ། ཕ་མའི་སྤུན་དུ་གང་གྱུར་ཏེ།། རྣམ་པ་བཅུ་གསུམ་གཉེན་གྱི་ཚོགས།། གང་དེ་གཉིས་སུ་ཡང་དག་གནས།། ཤི་བ་དང་ནི་གསོན་པོའོ།། ཤ་ཁྲག་རུས་པ་པགས་ཚིལ་ཀླད།། རོ་ཡི་ཤུལ་ལ་སོགས་པའོ། ། དེ་ལ་སོགས་པ་གསོན་པོ་སྟེ།། གང་དག་རང་ཡིན་གཟུགས་བརྙན་སོགས།། སྔོན་གྱི་ཚུལ་ལྟར་ཡང་དག་ཡིན།། དེ་དག་གཉིས་སུ་གྱུར་པ་ལ།། ཉི་ཤུ་རྩ་དྲུག་ཁོ་ནའོ།། དེ་ནི་རང་བཞིན་གཞན་ཡིན་ནོ།། གཞན་གྱི་གཞན་ཞེས་བྱ་བ་ནི། ། རྣམ་པར་ཕྱེ་སྟེ་བསྟན་པར་བྱ།། ས་ནི་ས་ལས་བྱས་པ་ཡི།། བཀྲ་མི་ཤིས་པ་དྲག་པོའི་རྗེས།། ས་ནི་ཉི་ཤུ་རྩ་གསུམ་སྟེ།། ཁྱིམ་ནི་ཀུན་ཏུ་ཕུང་པའི་ས།། རབས་རྒྱུད་མེད་པའི་ས་དང་ནི།། ཆུ་འགྲམ་དང་ནི་ཤྭ་སྣ་སྟེ། ། བྲུས་པའི་ས་ནི་བྲག་ཕྱི་སོགས།། དྲག་པོའི་སྤྱིན་སྲེག་བྱས་པ་ཡི། སེམས་ཅན་མང་དུ་བསད་པ་དང།། གནམ་ལྕགས་ལྷུང་པའི་ས་དང་ནི།། དུར་ཁྲོད་ཀྱི་ནི་ས་ཡང་བཤིས།། ཀླུ་དབང་གནས་པའི་ས་དང་ནི། ། དྲག་པོའི་རྦག་ཀྱིས་བརྐོས་པའི་ས།། གཅན་དང་སྦྲུལ་ཚང་བྲུས་པའི་ས། བྱ་རོག་འུག་པའི་ཚང་གི་ས།། སྟག་གཡག་འཐགས་པའི་ས་ལ་སོགས།། རླུང་གི་ཁྱེར་པའི་ས་ཕྱེ་སོགས།། མཚན་མ་ཅིག་དང་ཅིག་འགྲོངས། ། རྡོ་ནི་མཚན་མ་ཅན་དྲུང་ས།། གཡུལ་ཆེན་སྦྲད་པ་ལ་སོགས་ས།། རྒྱུན་སྲང་ལ་སོགས་ས་དང་ནི།། གཞན་ཡང་དྲག་པོའི་རྫས་བསྟན་པ།། ཆུ་ནི་རྣམ་པ་ཀུན་ཀྱང་སྟེ།། དྲག་པོའི་ནི་དུ་མའི་ཚོགས། ། མི་རོ་ཆུ་ཁྱེར་ས་སོགས་དང།། ཀུན་ནས་བྱུང་དང་ཆུ་མིག་སོགས།། གཅིག་ཏུ་འདས་པར་བྱ་བ་ཡིན།། ཚ་བའི་རིག་ནི་བའི་ཚོགས།། ཚ་བའི་ཚོགས་ཀྱིས་བསྒྲུབ་པར་བྱ།། གཞན་ཡང་དུག་ནི་དུག་གི་རིགས། ། རྣམ་པ་མང་པོ་བསྡུས་ནས་ཀྱང།། དུ་མའི་ཚོགས་ཀྱི་ཡང་དག་བྱ།། གཞན་ཡང་གདུག་པའི་ཤ་རྣམས་ནི།། བྱ་རོག་འུག་པ་ལ་སོགས་ཏེ།། གཉེན་པོར་འགྱུར་བའི་ཤ་རྣམས་དང།། གདུག་པའི་སེམས་ཅན་དུ་མ་རྣམས། ། དེ་ཡི་ཁྲག་ཚིག་ལ་སོགས་པ།། མཚུ་སྡེར་ལ་སོགས་སྦྱར་པར་བྱ།། དུ་མའི་ཚོགས་ཀྱིས་རྣམ་པར་སྦྱར།།། གཞན་ཡང་རྟེན་འབྲེལ་སྔགས་ཀྱི་རྫས།། མ་མོ་འདུ་བའི་ཆོ་ག་སྟེ།། གཅིང་ཟི་ལ་སོགས་གཞན་དག་ཀྱང། ། མཁས་པས་ནན་ཏན་དག་གིས་བྱ།། ཡང་ནི་གཞན་དུ་གྲགས་པ་རྣམས།། དུར་ཁྲོད་ཀྱིས་ནི་རྫས་རྣམས་དང།། རྣམ་པ་གཞན་དུ་ག་ལ་གྲགས།། གྲགས་པ་དང་ནི་གདུག་པའི་ཚོགས། ། འགོ་བའི་ལྷ་དང་བྲལ་བའམ།། དེ་དག་གཅིག་ཏུ་འདུས་ནས་ཀྱང།། དྲག་པོའི་རྫས་དག་མཁས་པས་བཙལ།། གཞན་གྱི་གཞན་ཞེས་བྱ་བ་འམ།། ཉི་ཤུ་རྩ་བརྒྱད་ཁོ་ན་ཡིན།། འདི་དག་རྣམ་པར་བཀོད་པ་ལ། ། བསྒྲུབ་པའི་གཟུགས་བརྙན་བཅའ་བའི་ཐབས།། བརྒྱ་རྩ་བརྒྱད་ཀྱི་རྣམ་པ་ཡིན།། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ།། ཡོངས་སུ་རོལ་པའི་རྒྱུད་ཅེས་བྱ་བ་ལས།། ལྷས་བྱིན་གྱི་གཟུགས་བཅའ་བའི་ཐབས་བསྟན་པའི་ལེའུ་སྟེ་ལྔ་པའོ། ། དེ་ནས་ཡང་དག་བཤད་བྱ་བ། གཟུགས་ནི་རྫས་ཀྱི་བཅའ་བ་བསྟན་ཡོན་ཏན་དང་ནི་མ་བཅས་བསྐྱོན།། དེ་དག་མདོར་བསྡུས་བསྟན་པར་བྱ།། གང་ཞིག་ཇི་ལྟར་གྲགས་པ་དང།། དེ་གཞན་སྔགས་པའི་རྫས་རྣམས་ལ། ། ཐམས་ཅད་ཀུན་ཏུ་ཚང་བ་ན།། མཁས་པའི་ལས་རྣམས་མྱུར་དུ་གྲུབ།། གང་ཞིག་དགའ་ལ་བརྟན་པས་ཀྱང།། དེ་ཡིས་ལས་རྣམས་ཤས་ཆེར་ཡིན།། གང་གིས་འགའ་ཡང་མི་ལྡན་པར། ། བརྟུལ་ཞུགས་བྱེད་པའི་དཔའ་བོ་ནི།། ནམས་ཀྱང་ངལ་བ་དོན་མེད་ཡིན།། གང་ལ་རྫས་རྣམས་གང་དག་ཚང།། དེ་ཡི་འཁོར་རྣམས་བཀྲ་ཤིས་ཤིང།། གསང་སྔགས་བདག་ལ་གནོད་མི་འགྱུར།། དེ་ལ་དེ་ཡི་རྫས་མ་ཚང། ། དེ་ཡི་འཁོར་རྣམས་བཀྲ་མི་ཤིས།། དེ་བས་གཉེན་གྱི་ཚོགས་རྣམས་ཀྱང།། གོང་དུ་བསྟན་པ་དེ་དག་གོ།། འགའ་ཞིག་འདིར་ནི་མདོར་བསྟན་པ།། ཇི་ལྟར་ལྷས་བྱིན་མིག་ལ་ནི།། མིག་གི་རྫས་ནི་མ་ཚང་ན། ། བདག་གི་མིག་ལ་གནོད་པ་ཡི།། དེ་ཡི་མིག་ཀྱང་ངལ་མི་འགྱུར།། གཞན་ཡང་ཉམས་པ་རབ་ཏུ་དཀའ།། འདོད་ལྷ་འཁོར་བཅས་འདུ་མི་འགྱུར།། སྔགས་ཀྱི་མཐུ་རྣམས་འགྱུར་ཡང་སྲིད་དེ་བཞིན་མཁས་པས་གཞན་ལ་ཡང། ལྷས་བྱིན་གྱི་ནི་གཉིས་རྣམས་དང།། གཞན་གྱི་དངོས་པོར་སྨོས་པ་ཡིས། དེ་ཡི་ནང་གྲེལ་རྣམས་ཀྱང་དེ།། མཁས་པས་ཀུན་ལ་ཤེས་པར་བྱ།། གང་ལ་རྫས་ནི་ཡོངས་ཚང་དང།། ཐན་ཤས་ཆེན་པོར་གྱུར་པ་ལ། ། དེའི་དོན་རྣམས་མ་ལུས་པ།། མྱུར་དུ་དཔའ་བོས་དོན་གྲུབ་སྟེ།། སྲེད་མེད་བུ་ཡང་ཤི་འགྱུར་ན།། འགྲོ་བ་ཕྲ་མོ་སྨོས་ཅི་དགོས།། དེ་བས་ཐབས་རྣམས་རབ་གཅེས་ཏེ།། མཁས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། ། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ཅེས་བྱ་བ་ལས། གཟུགས་བརྙན་གྱི་སྐྱོན་ཡོན་བསྟན་པ་སྟེ་ལེའུ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྫས་ལ་གཟུགས་བརྙན་བཅའ་བ་བསྟན། ། ཤེས་རབ་དཔལ་བསྟན་མཁས་པས་ཉོན། ལྷས་བྱིན་གྱིས་ནི་ཆོ་འཕྲུལ་ལ།། གཟུགས་བརྙན་བསྒྲུབ་པའི་ཡན་ལག་ནི།། རྣམ་གྲངས་བཅུ་བཞི་བསྟན་པར་བྱ།། བསྐོལ་དང་བཅའ་དང་དགུག་བསྒོ་དམིགས། ། གཏུར་དང་དབྱེ་བ་དང་བདུག་དང་སྤྲོ།། བརྡེག་དང་གཏུབ་དང་སྟོབས་ལ་སོགས།། བསྲེག་དང་ཐལ་པའི་ཆོ་གའོ།། བསྐོལ་པའི་ཆོ་ག་རྣམས་བཤད་པ།། ས་ལ་སོགས་པ་ཟུར་གསུམ་སྣོད། ། དྲག་པོའི་རྒྱེན་གྱིས་མཛེས་བྲེས་ནས།། དྲག་པོའི་ཐོད་པར་ཡང་སྟེ།། ཟུར་གསུམ་རྟེན་ནི་གནས་པའོ།། གོང་དུ་བསྟན་པའི་རྫས་རྣམས་ཀྱང། ཐམས་ཅད་བསྡུས་ཏེ་བསྲེ་བ་འམ།། བཏག་དང་སྦྱར་པ་ལ་སོགས་ཡིན། ། ཆང་ནི་ཆང་གིས་རླན་པ་ལ།། ཀུན་ཏུ་སྦགས་ཏེ་བསྲེ་བ་བྱ།། དུག་གི་ཚོགས་ནི་དུ་མ་ཡིན།། ཐམས་ཅད་ཀུན་ཏུ་སྦགས་པའོ།། དེ་ནས་དྲག་པོའི་ཕུར་པ་ཡིས།། གཡོན་གྱིས་བླུག་ཅིང་གཡས་པ་ནི།། ཉུང་དཀར་གཡས་ཀྱི་ཡང་དག་བརྟེག། གདུག་པའི་གསང་སྔགས་བཟླས་པ་ནི། ཐབས་དང་ཤེས་རབ་བརྒྱུད་ལ་བཤད།། ཡང་དག་གདུག་པ་ཚར་གཅད་ཅིང།། དྲག་པོའི་སྔགས་རྣམས་གང་ཡིན་དེ།། མཁས་པས་རྒྱུན་མི་འཆད་པར་བཟླས། ། མེ་ནི་དྲག་པོ་གནས་འོང་བ།། བཀྲ་ཤིས་མུན་པའི་ཕྱོགས་ནས་བླངས།། ཤིང་ལ་གནམ་ལྕགས་ལྷུང་བ་དང།། རུས་པའི་ཤིང་ཕྱེ་སྲིན་གྱི་བྲུས།། ཤའི་སྣ་ནས་འོང་བ་ཡིས།། ཤིང་གི་ཡང་དག་མེ་སྤས་ཏེ། ། ཐོག་ཐག་མེ་ཡི་ལས་བྱས་ཤིང།། སྲིད་པའི་མ་མོ་བསྐུལ་བ་དང།། མཁའ་འགྲོ་ཁྲོ་བཅས་བོད་པ་དང།། དམ་ཚིག་ཅན་རྣམས་དགུག་པར་བྱ།། རྒྱལ་བསྲས་དང་འཁོར་དུ་བཅས།། སྲིད་པའི་ཕོ་མོ་གདུག་པའི་ཚོགས། ། དྲག་པོའི་སྔགས་རྣམས་མྱུར་དུ་བཟླས།། རླུང་ནི་མེ་ཡིས་བསྐམས་པ་དང།། དྲག་པོའི་ཆུ་དང་ཆང་གིས་བྲན།། དེ་ནི་རྒྱལ་བ་སྲས་བཅས་དང།། ཐམས་ཅད་རང་བཞིན་གནས་ཉིད་དུ།། བསྟན་པ་གནས་པར་བྱ་བའི་ཕྱིར། ། ཕན་པའི་བློ་གྲོས་ཆེན་པོས་མཛད།། དེ་ཡི་འཁོར་ན་གནས་པ་ཡང།། ཐམས་ཅད་བསྟན་པ་བསྲུང་བ་དང།། སྔོན་གྱི་ཐ་ཚིགས་བསྒྲུབ་པའི་ཕྱིར།། རང་གི་གཉེར་རྣམས་ལེན་པར་བྱེད། ། འཇིག་རྟེན་པའི་གཏུམ་པོ་དང།། རྒྱལ་བ་མ་མཐོང་གདུག་པ་དང། ཐམས་ཅད་ཀུན་ཏུ་རྔམ་པ་དང།། གསོད་ལ་དགའ་བའི་སྦྱོར་བས་བརྩོན།། ཤ་ཁྲག་ཟ་འཐུང་བྱེད་པ་དང།། དུར་ཁྲོད་དག་ན་གནས་པ་དང། ། མཁའ་འགྲོ་མི་མེན་འཁོར་བཅས་ཀྱང།། ཐམས་ཅད་འདུ་ཞིང་དཔལ་བ་ཡིན།། ཉེས་པ་བརྗོད་ཅིང་དཔང་གཟུགས་དང།། སྔོན་འགྲོའི་ཆོ་ག་དང་བསྐལ་བའི་བཤད་པའོ།། དེ་ནས་ལྷས་བྱིན་ལིང་ག་ནི། ། གཟུགས་བརྙན་བཅའ་པ་བསྟན་པར་བྱ།། ཡོངས་སུ་བསྐོལ་པའི་རྫས་རྣམས་ལ།། མཁས་པས་གཟུགས་ནི་ལེགས་བྱས་ཏེ།། ཇི་ལྟར་གྲགས་པའི་རྫས་གཞན་དང།། ངེས་པར་འདྲ་བའི་རྣམ་པ་ཡིས། ། མཁས་པའི་ལག་པ་དཀྲིས་ཏེ་བྱ།། སྟེང་ནས་རྣམ་པར་རྒྱུ་བ་ཡིན།། རླུང་དང་སྤྱི་བོའི་དུ་བ་སོགས།། མཁས་པས་རེག་པར་མི་བྱ་སྟེ།། ཕྱི་ཡི་རླུང་ནི་མན་ངག་གོ།། དེ་ནས་གཞག་པའི་གནས་ཉིད་ཀྱང།། དྲག་པོའི་ཧོཾ་ཁུང་ཟུར་གསུམ་བྲི། ། ཁྲུ་གང་ལ་སོགས་བརྐོས་པ་ཡི།། ནང་དུ་ལེགས་པར་གཞག་པ་ཡིན།། ལུས་དང་ཡན་ལག་ཐམས་ཅད་དུ།། ལྷས་བྱིན་ཀུན་ཏུ་དཀྲིས་བར་བྱ།། ལྗང་ཀུ་ནིའི་མཐར་གནས་པར།། མིང་ཡིག་རུས་རིགས་རྟགས་སོགས་བྲི། ། སྙིང་གི་ནང་དུ་ལེགས་གནས་པ།། མཁས་པའི་ཆོ་ག་དེ་བཞིན་ནོ།། དེ་ལ་སོགས་པའི་ཆོ་ག་དང།། ཇི་ལྟར་གསུངས་པའི་ས་ལ་འབད།། འོག་ཏུ་མུན་པའི་གཡུང་དྲུང་བྲི།། མདུན་དུ་རླུང་རིས་བྲིས་ནས་ཀྱང། ། ཕྱི་རོལ་འོག་ཏུ་རལ་གྲི་དང།། རབ་ཏུ་མེ་སྟག་ཡང་དག་གོ།། མཱ་ར་ཡ་གསང་སྔགས་ལ།། བསྐུལ་ཚག་མཐར་གནས་ལྷན་པར་བྱ།། སྒྲ་ནི་བརྗོད་པའི་དུས་སུའོ།། སྔོན་དམར་སོགས་དང་རྩང་ལ་སོགས། ། མདའ་གཞུ་ལ་སོགས་མཚོན་ཆ་དང།། འབར་བའི་མེ་དང་འོག་ལྷ་དང།། ཁྲོ་བོའི་ཕྱག་མཚན་དུ་མ་ཡང། རིམ་པ་དག་ལ་མཛེས་པར་བྲི།། འཕར་སྤྱང་སྟག་གཟིག་དོམ་དྲེད་དང།། ལྕེ་སྤྱང་ལ་སོགས་མཆེ་བ་ཅན། ། དུར་ཁྲོད་གཅན་གཟན་གདུག་པའི་ཚོགས།། གཏུམ་པོ་ཤ་ཟན་དུ་མའི་ཚོགས།། གཟུགས་བརྙན་ལེགས་པར་བྲིས་པ་ཡི།། ཚོགས་ཀྱིས་ཀུན་ཏུ་བསྐོར་བར་བྱ།། དུར་བྱ་དང་ནི་དུ་མའི་ཚོགས། ། དེ་བཞིན་མཛེས་པར་བསྐོར་བར་བྱ།། འཇིག་རྟེན་འདི་དང་འདས་པ་ཡི།། འཇིག་རྟེན་གཏུམ་པོ་འདོད་ལྷའི་འཁོར།། མཁའ་འགྲོ་འཁོར་དང་བཅས་པ་ཡིས།། གཟུགས་བརྙན་ལེགས་པར་བསྐོར་བར་བྱ། ། དེ་ལ་སོགས་པའི་དངོས་པོ་ཡི།། དེ་ཡི་ཆོ་ག་ལྡན་པར་བྱ།། དུར་ཁྲོད་རས་སམ་གྲོ་ག་སོགས།། ཕོ་གཡས་མོ་གཡོན་རྣ་བ་ལ།། མ་ནི་བྲིས་ཏེ་གདགས་པར་བྱ།། སྙིང་ཁར་ཡང་ན་དེ་བཞིན་ཏེ།། ཡང་ནི་ཤང་བའི་གནས་སུ་ཡིན། ། ཕ་ནི་ཀུན་ཏུ་དུ་མར་གདགས།། གསང་སྔགས་གཞན་ཡང་དེ་བཞིན་དུ།། བླ་མ་ལ་གུས་མཁས་པས་བྱ།། དེ་ཡི་ཕྱི་དང་ནང་བར་དུ།། ཁྲག་ཚིལ་ཤ་དང་རུས་པ་དང།། པགས་པ་རྒྱུ་མ་སྙིང་དང་ནི། ། ཤ་ཟ་དགའ་བར་བྱེད་པ་ཡི།། ཆོ་གའི་ཚོགས་ཀྱིས་བརྒྱན་པར་བྱ།། དུར་ཁྲོད་རྫས་ནི་ཐ་དད་པས།། བླ་རེ་ཡོལ་བ་རྒྱལ་མཚན་སོགས།། འཕན་དང་དབྱུག་པ་ཆེན་པོ་དང།། དུ་མའི་ཚོགས་ཀྱི་བརྒྱན་པར་དགྲམ། ། སྙིང་དང་མགུལ་པ་ལ་སོགས་ཀྱི།། གདགས་པའི་ཐག་པས་གདགས་པར་བྱ། ཁྲག་ནི་ཕྱིར་བཞིན་ཕྱོགས་རྣམས་ནས།། ཀུན་ཏུ་བརླག་པར་བྱ་བ་ཡིན།། རོ་ནི་རོ་རྣམས་བཤའ་པར་བྱ།། དེ་ནས་མཁས་པས་ཡོངས་སུ་ནི། ། ཆོ་ག་ལ་ནི་ཤེས་པར་བྱ།། ཐུན་མོང་དང་ནི་ཁྱད་པར་ནི།། སྦྱོར་བ་གསང་སྔགས་སྤྱི་ཡི་ཆོ་ག་ཡང། མཁས་པས་སྤྱི་ཡི་ལས་སུ་བྱ། ལྷ་སྦྱིན་གྱི་ནི་སྲོག་དང་བཅས།། དགུག་སྟེ་བསྟིམ་པར་བྱ་བ་ཡིན། ། ཡང་དག་མཁས་པ་དེས།། ལྷ་སྤྱིན་གྱི་ནི་གཟུགས་བརྙན་ལ།། བཅའ་བའི་ཆོ་ག་མཁས་པ་ཡིན།། འདི་དག་འདི་ནི་དགོས་པ་སྟེ།། གཞན་ནི་གཞན་ལ་ཤེས་པར་བྱ།། དྲག་པོ་དང་ནི་གདུགས་པ་དང། ། གང་དག་རང་བཞིན་གནས་ཉིད་དུ།། བསམ་པར་བྱ་བ་རྣམ་གཉིས་ཏེ།། མཐོང་དང་མ་མཐོང་ཁྱད་པར་ཡིན།། མངོན་དུ་མཐོང་བའི་གནས་ཡུལ་གྲོང།། ཁང་པ་ཕྱོགས་དང་བཅས་ལ་སོགས།། བུ་དང་བུ་མོ་ཆུང་མ་ཁྱོ། ། དུར་ཁྲོད་ལོངས་སྤྱོད་པ་སོགས་ཏེ།། རང་གི་མཚན་རྟགས་དང་བཅས་ལ།། ཡོངས་སུ་བསམ་པར་བྱ་བ་ཡང།། དུས་དང་སྦྱར་བའི་རང་བཞིན་ནོ།། མངོན་དུ་མཐོང་བ་མ་ཡིན་པའི།། དོན་དེ་བྲིས་ཏེ་བསམ་པ་འམ། ། ཕྱོགས་དང་བཅའ་པའི་མིང་ལ་བརྟེན།། དེ་ནས་བདག་གི་ཏིང་འཛིན་དང།། སྔོན་དུ་འགྲོ་བ་བརྗོད་པར་བྱ། རང་ནི་རང་གི་འདོད་ལྷ་སྟེ།། ལྷག་པར་མོས་པའི་ཏིང་འཛིན་དང།། སྤྱི་དང་ཁྱད་པར་ཚུལ་གྱིས་བུ། ། བཟླས་པའི་ཏིང་འཛིན་དེ་ཉིད་ནི།། སྔོན་དུ་འགྲོ་བར་བྱ་བ་ཡིན།། ཨོཾ་རུ་རུ་རོ་རུ་ཙ་བ་ལ་ཨ་ཤུག་མེ་ཧཱུ~ཾ་བྷྱོ་ཛ་ཛ།། དྲག་པོའི་ཤམ་བུས་བསྐུལ་ཚིག་བཅས།། དྲག་ཏུ་བརྗོད་པར་བྱ་བ་ནི།། ཐོག་ཐག་ཉིན་དང་མཚན་མོའི་བར། ། བཟླས་དང་ཏིང་འཛིན་གསལ་བ་ནི།། བདག་ནི་སེམས་དཔའ་གསུམ་ལ་སྦྱོར།། ཏིང་འཛིན་སེམས་དཔའི་འཕྲོ་འདུ་ནི།། འབར་བའི་ལྕགས་ཀྱུ་འཕྲ་མོ་འདུ།། ལྷ་སྤྱིན་གྱི་ནི་སྙིང་ཁ་ནས། ། སྙིང་པོ་ལྕགས་ཀྱུས་བཟུང་བ་སྟེ།། མྱུར་དུ་འོངས་པའི་རང་བཞིན་ཡང།། གཟུགས་བརྙན་ཉིད་ལ་བསྟིམ་པར་བྱ།། དེ་ཉིད་ཡིན་པའི་ང་རྒྱལ་ནི།། འདྲ་བ་ཉིད་དུ་ཤེས་པར་བྱ།། རྡོ་རྗེ་ལྕགས་ཀྱུས་བཀུག་པ་སྟེ། ། རྡོ་རྗེ་ཞགས་པས་ཀུན་ཏུ་བཅིང།། རྡོ་རྗེ་ལྕགས་སྒྲོག་འབར་པས་ཀྱང།། དེ་ཉིད་དུ་ནི་ཀུན་ཏུ་བསྡམས།། འབར་བའི་དྲིལ་བུ་ཆེན་པོས་ཀྱང།། དེ་ནི་རྡུལ་དུ་བརླག་པ་ཡིན།། འབར་བའི་དུར་ཁྲོད་ཆེན་པོ་ནི། ། ཀུན་ཏུ་ཁྱབ་པའི་གཞལ་ཡས་སུ།། བཀུག་ནས་བསྟིམ་སྟེ་གཞག་པ་དང།། དམ་དུ་བཅིངས་སོགས་མི་འཆུག་པར།། རྟག་ཏུ་གནས་པར་བྱ་བ་དང།། འདོད་ལྷ་གདུག་པ་འཁོར་བཅས་ཀྱིས།། བསྐོར་ཏེ་རྔམ་པར་གནས་པར་བསྒོམ། ། ཤིན་ཏུ་འདྲ་བའི་རྒྱལ་བ་ནི།། མཁས་པས་ཡང་དང་ཡང་དུ་བསམ།། དགུག་དང་བསྟིམ་པ་ལ་སོགས་ཀྱང།། དེ་བཞིན་ཡང་དང་ཡང་དུ་བྱ། ཆོ་ག་དེ་ཡི་ཡང་ནི།། མཁས་པས་གཞན་དུ་གྲགས་པ་དང། ། ཇི་ལྟར་སྤྱི་ཡི་ལས་རྣམས་ཀྱང།། ལུས་དང་ངག་དང་ཡིད་ཀྱི་ལས།། དེ་བཞིན་དུ་ནི་ཡང་དག་བྱ།། སྔགས་དང་ཕྱག་རྒྱ་ཏིང་འཛིན་ཡང།། དཔའ་པོ་ཆེན་པོས་བྱས་པ་ཡིན།། ཤིན་ཏུ་དྲག་པོའི་རྫས་རྣམས་ཀྱང། ། མཁས་པས་གདུག་པའི་གནོད་དང་བཅས།། གསལ་བར་ཤེས་པའི་ཆོ་ག་དེ། དགུག་པ་ཁོ་ནར་རབ་བཤད་དེ།། ལུས་ངག་ཡིད་དང་བཅས་པར་བསམ།། དེ་ཡི་སྲོག་ནི་དེར་གནས་ཏེ།། དཔའ་པོས་ལྷས་བྱིན་མ་ཡིན་པ། ། གང་དག་གཞན་དུ་རྣལ་འབྱོར་པ།། དེ་ནས་རྣམས་དང་འགྲས།། དམ་ཆོས་བསྲུང་བ་འཁོར་བཅས་ཀྱང།། བརྙས་པས་སྲོག་ཀྱང་འཇོམས་པར་བྱེད།། དོན་རྣམས་གཞན་ཡང་འདིར་མི་འགྲུབ། ། མནར་མེད་ཁྱིམ་དུ་མྱུར་དུ་འགྲོ།། སྤྱད་དང་ཁྱད་པར་ཤེས་པ་ཡིས།། ཆོས་ལ་གནོད་པ་ཚར་གཅད་དང།། དགེ་པ་ཆེན་པོ་འཕེལ་བར་འགྱུར།། ལྷས་བྱིན་གྱིས་ནི་ཉེས་པ་རྣམས།། རྣམ་པར་བརྗོད་ཅིང་བསྒོ་བ་བཤད། ། དེ་ནས་ལྷས་བྱིན་ལེགས་པ་སོགས།། རལ་གྲི་ལ་སོགས་ཐོགས་ནས་ཀྱང།། དཀོན་མཆོག་འཁོར་དང་བཅས་པ་རྣམས།། ནམ་མཁའི་ཕྱོགས་སུ་སྤྱན་དྲངས་སམ།། རང་བཞིན་བཞུགས་པའི་གང་ཕྱོགས་སུ། ། ལྷས་བྱིན་གྱིས་ནི་རལ་གྲིས་ཀྱང། དབུ་ནི་དུ་མར་རྣམ་བཅད་དང།། ཡན་ལག་ལུས་དང་བཅས་པ་ཡི།། དུ་མ་མང་པོར་གནས་པར་བསམ།། ཕ་མ་ལ་སོགས་གང་ཡིན་ཏེ།། རིམ་པ་དེ་ལྟ་དེ་ལྟར་བྱ།། དེ་ནས་རྣལ་འབྱོར་དཔའ་བོ་ཡིས། ། ཉེས་བརྗོད་རབ་ཏུ་བསྔགས་པ་ཡི།། དུ་མར་དགུག་དང་གཞུག་པ་དང།། གཟུགས་བརྙན་གནས་པའི་ཆོ་ག་བྱ།། དེ་ཡི་སྐབས་སུ་གང་བསྔགས་པ།། ཐུན་མོང་དང་ནི་སྤྱི་ཡི་ལས།། མཁས་པས་བླ་མ་ལ་གུས་བྱ། ། ཐོགས་པ་མེད་པའི་ལས་རྣམས་ཀྱང།། དཔའ་བོས་ཡང་དག་ཉུར་ཏེ་བྱ།། སྐར་མ་ལ་སོགས་ཆོ་ག་ཡང།། མཁས་པས་རབ་ཏུ་རྣམ་སྦྱར་ན།། ཉེས་པ་བསྒོས་པའི་ཆོ་ག་ཡིས།། སྦྲང་རྩི་སྣོད་བཞིན་གནས་པ་སྟེ། ། ས་བོན་མེད་པ་དེ་ལ་མིན་གཙང་ན།། མཁས་པས་བརྗོད་པར་མི་བྱའོ།། ས་བོན་ཡོད་པའི་སྒོ་བ་ཅན།། དེས་ན་བསྒྲུབ་བྱ་ལྷ་སྤྱིན་དེས།། དཔའ་བོའི་ལས་ཀྱང་ཆུད་མི་ཟ།། སྔགས་ཀྱི་ཡང་དག་མཚོན་པར་བྱ། ། ཉེས་པ་བསྒོ་བ་མ་བརྗོད་པར།། གང་དག་དོན་ལ་རབ་ཏུ་དཔའ།། སྒྲ་ཡིས་གསང་སྔགས་ཉམས་པ་བཞིན།། སྦྱོར་བ་འཁྱུག་པ་ལ་སོགས་ཡིན།། དེ་ནས་ཡང་དག་དམིགས་པ་ནི།། ལྷ་སྦྱིན་ཉིད་དུ་དམིགས་པ་བཤད། ། རང་བཞིན་གནས་ན་ཇི་ལྟ་བར།། བསྒྲུབ་པའི་གནས་སུ་ཡང་དག་བཤད།། ཤིན་ཏུ་གསལ་བའི་ཏིང་འཛིན་ཡང།། དཔའ་བོ་དེ་ཡིས་རབ་ཏུ་བརྟག།། གཉིས་སུ་མེད་པའི་ཏིང་འཛིན་དེ།། མངོན་དུ་ཡིད་ཆེས་ཡང་དག་ཡིན། ། ཐེ་ཚོམ་ཟ་བར་མི་བྱའོ།། གལ་ཏེ་དམིགས་པ་མི་ཤེས་པར།། ལུས་དང་ངག་གི་ལས་ལ་བརྩོན།། དེ་ནི་མཁས་པ་མ་ཡིན་ཏེ།། གལ་ཏེ་ལྷ་སྦྱིན་ཉམས་སྲིད་དེ།། ངེས་པའི་ལས་ནི་མ་ཡིན་ནོ། ། དབང་པོ་ཡི་འཁོར་ལོ་ལྟར།། རང་གི་ཉམས་པ་རྒྱ་ཆེ་བས།། གནོད་པ་དེ་ནི་ཅུང་ཟད་སྲིད།། གནོད་པ་གཞན་ཡང་སྣམ་སྲིད་པས།། སྔགས་ཀྱི་ནུས་པ་ཆུད་མི་ཟ།། གལ་ཏེ་ཉེས་པ་མེད་པ་ཡིས། ། གནོད་པ་གཞན་ལ་འབྱུང་ཡང་སྲིད།། དེ་བས་མངོན་དུ་དམིགས་པ་ཡང། བླུན་པོ་རྣམས་ཀྱི་ལམ་མིན་ཞིང།། མཁས་པས་སྒོ་གསུམ་ངག་གིས་སོ།། ཏིང་འཛིན་གསལ་ཞིང་འདྲ་བ་སྟེ།། ཡིད་ཆེས་པས་ནི་མངོན་དུ་དམིགས། ། འགྱུར་བར་བརྟགས་པ་དམིགས་པའི་མཆོག།། ལྷ་སྤྱིན་རྣམ་སྨིན་ཕུང་པོ་ལ། གདུག་པའི་རེག་བྱས་གཏུར་བར་བྱ།། ཚེར་མ་ཅན་གྱི་ཤིང་རྣམས་ལས།། ཚེར་མ་འབའ་ཞིག་སྣང་བ་ནི།། སྔགས་ཀྱི་མཚོན་པ་དྲག་པོ་ཡིན། ། ངན་སྔགས་བརྒྱད་རྣམས་ལས་བཤད་དེ།། འདིར་ཡང་མདོར་བསྡུས་བཤད་པར་བྱ།། དུ་མའི་རྩེ་མོ་རྩེ་དང་བཅས།། དྲག་པོའི་སྣོད་དུ་དགང་བར་བྱ།། གུ་གུལ་ལ་སོགས་བདུག་པ་ཡིས། ། ཡང་དང་ཡང་དུ་བདུག་པར་བྱ།། དྲག་པོ་གསང་སྔགས་དུ་མ་ཡིས།། ཡང་ནས་ཡང་དུ་བཟླས་ནས་ཀྱང།། འབར་བའི་ཉུངས་ཀར་དག་གིས་ཀྱང། དེ་བཞིན་དུ་ནི་གཏོར་བར་ཤིས།། ཁྲག་དང་བཅས་པའི་རྫས་གཞན་ཡང། ། རིམ་པས་ཀུན་ཏུ་བརྗོད་པར་བྱ།། དྲོད་ཚད་དག་ལ་ཕེབས་པ་འམ། བཟླས་བརྗོད་གྲངས་ལ་ཐེག་པ་འམ།། རྫས་ནི་རྣམ་པར་བརླན་པའི་ཚེ།། མཁས་པས་གཟུགས་ལ་བསྟིམ་པར་བྱ།། མེ་ཏོག་ཅན་གྱི་རྩེ་མོས་ནི། ། དང་པོར་ཡང་དག་བསམ་པར་བྱ།། ཇི་ལྟར་མེན་མེད་པའི་གྲོགས།། ཐ་མལ་པའི་རིགས་ཀྱིས་ཀྱང།། དེ་བཞིན་དུ་ནི་ཡང་དག་པ།། དུག་ཤིང་ལ་སོགས་གནོད་པའི་རིགས།། རྩེ་མོ་རྣམ་པར་དཔའ་བས་ཀྱང། ། ཡང་དང་ཡང་དུ་གཏུར་པར་བྱ།། གནམ་ལྕགས་ལྷུང་ལ་སོགས་ཀྱི་ཤིང།། སོལ་བས་དུ་མར་བྱུགས་པས་ཤིས།། དུག་ཆུ་ཁོལ་མའི་ནང་དུ་ནི།། རྩེ་མོ་རྣམ་པར་བསྙུགས་ནས་ཀྱང།། ལྷ་སྤྱིན་ལྷ་ནི་རྣམ་པར་འཕང། ། ཆོ་ག་ཚང་བའི་ལས་རྣམས་ཀྱང།། འབད་ན་གདོན་མི་ཟ་བར་འགྱུར། ད་ནི་ལྷ་དང་དབྲལ་པ་ཡིས།། དབྱེ་བའི་རྣམ་པ་ལ་སོགས་བྱ།། ངེས་པར་དམིགས་པའི་རང་བཞིན་དེ།། འགོ་བའི་ལྷ་དང་གཟི་བརྗིད་སོགས། དབྱེ་བ་འདི་དག་བཤད་པར་བྱ།། དེ་ཡི་ལུས་ལ་གནས་པ་ཡི།། ལྷ་ཡོ་ཚོགས་ནི་དུ་མ་རྣམས།། ལྕགས་ཀྱུ་ལ་སོགས་གཟུང་བྱས་ཏེ།། ཕྱི་རོལ་དག་ཏུ་དྲང་བར་བྱ།། རང་གི་གནས་སུ་སྐྲག་པར་བྱ། ། དེ་ནས་བྱུང་སྟེ་སོང་བ་དག། གཞན་དུ་གནས་པའི་རང་བཞིན་ཏེ།། དེ་ནས་གནས་ཏེ་འགགས་པ་དང།། མཚམས་སུ་རྣམ་པར་བཅད་པར་བསམ།། གསང་སྔགས་དབྱེ་བའི་ལས་རྣམས་བྱ།། བྱེ་བའི་ཆོ་ག་དག་ཡིན་ཏེ། ། དེ་ནི་སྤྱི་ཡི་ལས་སུ་བྱ།། གུ་གུལ་དང་ནི་གུ་གུལ་ཆེ།། ཡོངས་སུ་སྦྱར་བས་བདག་པ་ཡིན།། གཞན་བདུག་པའི་ཚོགས་རྣམས་ཀྱང།། ལྷ་སྤྱིན་ལྷ་ནི་འབྲོས་པར་བྱ།། གང་ལ་གང་འོས་མཆོད་པའི་ཚོགས། ། ཅི་རིགས་རྫས་དང་བཅས་པ་རྣམས།། འགོ་བའི་ལྷ་དེ་ཚིམ་པར་བྱ།། དེ་ཡི་རྟེན་དང་གནས་ཡུལ་ལམ།། དབབ་པའི་རྫས་ཀྱང་རབ་ཏུ་སྦྱར།། ཚིགས་སུ་བཅད་པ་དག་གིས་ཀྱང།། ལས་ཀྱི་བྱེ་བྲག་ཕྱེད་པར་བྱ། ། དེ་ལ་སོགས་པའི་ལས་རྣམས་ནི།། གང་དུ་གྲགས་པའི་ལས་རྣམས་ཀྱང།། ལྷ་བྱིན་དབྱེ་བའི་ཐུན་མོང་ལས།། མདོར་བསྡུས་རྣམ་པ་བདུན་ཡིན་ཏེ།། སྤྱི་དང་ཁྱད་པར་ལས་ཀྱིས་ཀྱང།། དབྱེ་བ་བྱེད་པའི་ལས་རྣམས་འགྲུབ། ། དབྱེ་བ་རབ་ཏུ་མི་ཤེས་པར།། ལྷ་སྤྱིན་དབྱེ་བར་མི་ཤེས་པར།། སྤྱོར་བ་བརྩོན་པ་གང་འབད་ལ།། དབྱེ་པའི་ཚོགས་ལ་འབད་པ་ཡིས།། མར་ནི་འབྱུང་བར་འདོད་པ་ཡིན།། དབྱེ་བ་མེད་པའི་ལས་ཀྱིས་ཀྱང། ། བདག་ལ་གནོད་པ་ལ་སོགས་པའི།། ཉེས་པ་རྣམ་པ་དུ་མ་དང།། དོན་ཡང་འགྲུབ་པར་མི་འགྱུར་རོ།། ད་ནི་བདུག་པའི་ལས་རྣམས་ཀྱང། མཁས་པས་མདོར་བསྡུས་བཤད་པར་བྱ།། གུ་གུལ་ཆེན་པོའི་ཆོ་ག་ནི། ། མཁས་པས་ནན་ཏན་དག་གིས་བྱ།། རྐང་དྲེག་ཀྱི་ཡི་སྣང་མཛད་དང། རང་གི་ཤ་ལ་སོགས་པ་ཡི།། དབྱེ་བའི་བདུག་པ་མྱོས་པའི་རྫས།། ཀུན་ཏུ་བདུག་པར་བྱའོ།། སྔོན་དུ་དགུག་པ་རབ་སྦྱར་ནས། ། བདུག་པ་ལ་སོགས་འབད་པ་ནི།། དཔའ་བོ་རྣམས་ཀྱི་ལས་ཀྱི་མཆོག། དེ་ནས་ཀུན་ཏུ་བདུག་པ་ནི།། ལས་རྣམས་ཀུན་གྱི་གཙོ་བོ་སྟེ།། ཤེས་པ་རྨུགས་ཤིང་དབང་པོ་ཉམས།། གང་གི་ལུས་ནི་སྡུད་པར་བྱའོ། ། ཚོར་བ་ཉམས་ཤིག་གཟི་མདངས་འཕྲོག།། བདུད་རྩི་འཕྲོག་པར་བྱེད་པ་དང།། དུག་གིས་རྒྱས་པར་བྱེད་པ་སྟེ།། དེ་ཡི་ཤིན་ཏུ་ཉམས་འགྱུར་བས།། རབ་ཏུ་སྨན་པར་བསམ་པའོ།། དེ་ནས་སྦྲོ་བའི་ལས་བཤད་དེ། ། དྲག་པོའི་དྲོག་ནི་བསྟན་པར་བྱ།། དེ་ནི་རྣམ་པ་བརྒྱད་ཡིན་ཏེ།། རླུང་གིས་བསྒྱེལ་བའི་ཤིང་དང་ནི།། ཤྭ་ཡིས་བདས་པའི་ཤིང་དང་ནི།། མདའ་དང་མདུང་གིས་བསད་པའི་རིགས།། ཚེར་མ་ཅད་གྱི་ཤིང་དང་ནི། ། གནམ་ལྕགས་ལྷུང་བའི་ཤིང་བུ་དང།། དུག་ཤིང་དུར་ཁྲོད་དག་ནས་བླངས།། དུར་ཁྲོད་ཀྱི་ནི་ཤིང་དག་གོ།། དང་པོར་རླུང་གིས་བསྒྱེལ་བའི་ཤིང།། ཟླ་ཁམ་དག་ཏུ་བཞོགས་ནས་ཀྱང།། ནུབ་བྱང་མཚམས་ན་གནས་པ་ཡི། ། གཏུམ་པོའི་ཁྱིམ་ནས་མེ་བླངས་ཏེ། ནུབ་བྱང་མཚམས་ནས་དྲོས་པར་བསྲོ།། ཤ་སྣའི་ཤིང་ལ་རྣམ་བཤད་དེ།། ཤར་དུ་རྣམ་པར་དབུད་པ་ནི།། མེ་དེ་མུ་སྟེགས་ཁྱིམ་ནས་བླང།། དེ་ནས་མི་བསད་མདའ་ཡིས་ནི། ། ཤར་ལྷོར་ཡང་ནི་གནས་པ་ཡིས།། གྲོང་ཁྱེར་ཚིག་མའི་མེ་བླངས་ལ། ཇི་ལྟར་མདུང་ལ་དེ་བཞིན་ཏེ།། བསད་པའི་མཚན་མ་གཏུབས་ནས་ཀྱང། ལྷོ་ཡི་ཕྱོགས་ནས་འབད་པར་བྱེད།། དེ་ནས་ཚེར་མ་ཅན་གྱི་ཤིང། ། དུ་མའི་ཚོགས་ནི་བསྡུས་ནས་ཀྱང།། བྱང་ཕྱོགས་སུ་ནི་རྒྱུན་དུ་བསྲོ།། མེ་དེ་གཤན་པའི་ཁྱིམ་ནས་བླང།། གནམ་ལྕགས་ལྷུང་བའི་ཤིང་བཤད་དེ།། དུ་མའི་ཤིང་ནི་དུ་མར་གཏུབས།། དུ་མའི་དབྱིངས་ལས་བྱས་པ་ཡི། ། མེ་ནི་གཏུམ་པོའི་ཁྱིམ་ནས་འོང།། ནུབ་ནས་རྟག་ཏུ་བསྲོ་བར་བྱ། དུར་ཁྲོད་སྐྱོད་རྩོགས་དུག་ཤིང་ནི། ཐམས་ཅད་ཚོགས་ནི་བསྡུས་ནས་ཀྱང། མེ་ནི་རིགས་ངན་ཁྱིམ་ནས་བླང། བྱང་ཤར་ནས་ནི་ཀུན་ཏུ་བསྲེ། དུར་ཁྲོད་ཀྱི་ནི་ཤིང་པུ་ལས།། མཁས་པས་ནན་ཏན་བྱ་བ་ནྀ།། ཟུར་གསུམ་དབྱིབས་སུ་གནས་པ་ཡི།། དུར་ཁྲོད་སོལ་བས་བྱུགས་ནས་ཀྱང།། དུར་ཁྲོད་མེ་ཡིས་སྦར་བྱས་ཏེ།། སྲིན་པོའི་ཁྱིམ་དུ་ཀུན་ཏུ་བསྲོ། ། གསང་སྔགས་སུམ་ཅུ་ལ་སོགས་ཏེ།། དྲག་པོའི་སྔགས་རྣམས་རྒྱུན་མི་འཆད།། ཧ་ཅང་ཚིག་པ་མ་ཡིན་ཏེ།། ཇི་ལྟར་དྲག་པ་སྤང་པའོ།། ཇི་རན་མཁས་པས་སྤྲོ་བའི་ལས།། ལྷ་སྦྱིན་ཐེ་ཚོམ་མེད་པར་འགྱུར། ། ཚ་བ་གསུམ་ལ་སོགས་པ་དང།། དུག་དང་སྐེ་ཚེ་ལ་སོགས་པ།། ཚ་བའི་རྣམ་པ་དུ་མ་དང།། དུག་དང་ཁྲག་རྣམས་ཏིལ་མར་གྱིས།། སྔོན་དུ་ཀུན་ཏུ་བྱུགས་པར་བྱ།། དེ་ནས་རྒྱུན་དུ་བརྟེན་པ་དེས། ། མཁས་པའི་ཐབས་རྣམས་ཆུད་མི་ཟ།། སྤྱི་དང་ཁྱད་པར་ཞེས་བྱའོ།། དེ་ནས་ལྷས་བྱིན་གཟུགས་བརྙན་ལ།། བརྡེག་ཐབས་ཆོ་ག་བཤད་བྱ་སྟེ།། མདའ་དང་རྡོ་རྗེ་ཕུར་པས་བརྡེག། གྲི་ཡི་རིགས་དང་མདུང་གི་རིགས། །། ཐོ་བ་དགྲ་སྟ་ལ་སོགས་ཏེ།། དུག་ཆུ་ཁོལ་མ་བརྡེག་པར་བྱ།། གནམ་ལྕགས་ལྷུང་བའི་ཤྭ་རྡོ་ནི།། མཁས་པས་སྔགས་དང་བཅས་པས་བརྡེག།། འཇིག་རྟེན་འདས་པའི་རྒྱལ་པ་རྣམས།། རྟགས་ཀྱི་ཕྱག་མཚན་བརྡེག་པར་བྱའོ། ། གཏུམ་པོའི་འཇིག་རྟེན་འཛིན་པ་ཡི།། ལག་པ་མཚོན་ཆར་གྱུར་བས་བརྡེག།། སྔགས་ཀྱིས་མཚོན་པའི་དྲག་པོའི་རྗེས།། ཐམས་ཅད་མྱུར་དུ་བརྡེག་པ་ཡིན།། དཔའ་བོ་འཁོར་དང་བཅས་པ་ཡིན། ། བདུད་དང་སྔོན་པོ་གཤིན་རྗེ་སོགས།། མ་མོའི་ཆས་སུ་ཞུགས་ནས་ཀྱང།། བོད་པ་རྦད་པ་གསད་པའམ།། མ་ར་ཡ་ཡི་ཤམ་བུ་ལ།། ཐུན་གྱི་སྒྲ་ཡིས་མཚན་མ་བརྗོད།། སྔོན་གྱི་སྔགས་ལ་སོགས་པ་ཡིན། ། གང་དུ་དྲག་པོར་གསང་སྔགས་ཤིས།། དེ་ནི་ཀུན་ཏུ་བརྗོད་པ་ཡིན།། གང་དང་གང་དུ་བརྡེག་པར་བསྔགས།། དེ་ནི་ཡང་དག་འདིར་བཤད་དེ།། མཁས་པས་མདོར་བསྡུས་ཤེས་པར་བྱ།། དེ་ནི་ལྷ་སྦྱིན་རང་བཞིན་དང། ཀུན་ཏུ་གཏུབས་པར་བྱ་བར་བཤད།། བསྒྲུབ་བྱ་དེ་ནི་ཕོ་དང་མོ།། གཡས་དང་གཡོན་གྱི་སྦྱོར་བ་ཡིས།། དང་པོར་རལ་གྲིས་གཤགས་པ་ཡིན།། གཡས་གཡོན་ལག་པས་གཏུབས་བྱས་ནས།། རྐང་པ་གཉིས་ཀྱང་དེ་བཞིན་ཏེ། ། མགྲིན་པར་གཅད་པར་བྱ་བ་སྟེ།། ལྟེ་བའི་དཀྱིལ་འཁོར་དུ་རྣམ་པར་བྲེག་དུམ་བུ་བདུན་རུ་གནས་པ་ཡིས།། གཟུགས་ནི་དུ་མ་དུ་མའི་ཚོགས། འབར་བར་བྱ་བའི་རལ་གྲིས་ནི།། གསང་བའི་ལག་ནས་འོངས་པས་གཤག། ། གཤག་དང་རྦད་ཀྱི་གསང་སྔགས་ཀྱིས།། དཔའ་པོས་ཡོངས་སུ་གཏུལ་བར་བྱ།། དེ་ནི་གཟུགས་ཀྱི་དུམ་བུ་རྣམས།། འབར་བའི་ལྷ་ལ་གཏད་པར་བྱ།། གཞོན་པ་མྱུར་དུ་ཤི་བའི་རོ། ། བླངས་ཏེ་གཏུབས་ནས་དུ་མར་གཡེང།། ནང་གི་ཤ་དང་ཕྱི་རོལ་ཤ།། རུས་པའི་ཚོགས་རྣམས་ཐམས་ཅད་དང།། ཁྲག་ཚིག་ཀླད་པ་རྒྱུས་པ་རྣམས།། དུམ་བུ་མང་པོར་གཏུབས་ནས་ཀྱང། ། ལྷ་སྤྱིན་གཟུགས་ཀྱི་དུམ་བུ་དང།། ཐོགས་ཏེ་ལག་པ་གཡེང་བ་དང།། ཕྱོགས་ཀུན་ཏུ་ནི་དགྲམ་པར་བྱ།། མ་ཉམས་པ་ཡི་རོ་ཉིད་ཀྱང།། ཕོ་དང་མོ་ཡི་བདག་ཉིད་ཅན།། ཁྲག་ཆེན་དག་གིས་བྱུགས་པ་འམ། ། དུར་ཁྲོད་སོལ་བ་ལ་སོག་ཀྱིས།། བྱུགས་ནས་ལྷས་སྦྱིན་ཁར་བཙང་སྟེ།། བམ་རིལ་ཉིད་དུ་བཏབ་པ་ཡང།། ཕྱོགས་མཚམས་ཀུན་ནས་བསྐོར་བ་དང། རྡོ་རྗེ་སྟབས་ཀྱིས་འགྲོ་ཞིང་མཆོང།། ཐུན་མོང་དང་ནི་ཁྱད་པར་གྱིས། ། འདོད་ལྷ་འཁོར་དང་བཅས་པ་ལ།། ཚིགས་སུ་བཅད་པ་ཡོངས་སུ་བརྗོད། ཟོ་དང་སོལ་བའི་སྒྲ་ཡོད་པའི།། སྔགས་ཀྱིས་ཡང་དང་ཡང་དུ་བཏབ།། ཟ་ཞིང་གསོལ་བ་ལ་སོགས་པའི།། ཏིང་འཛིན་འབད་དེ་བྱ་བ་ཡིན། ། ལུས་དང་ངག་དང་ཡིད་ཀྱི་ལས།། ཀུན་ཏུ་བརྗོད་པ་སྤང་པའོ།། བཏབ་ཆེན་པའི་ལས་ཀྱིས་ཀྱང།། ལྷ་སྦྱིན་རྣམ་སྨིན་ཕུང་པོ་ལ།། རྡུལ་བ་ཙམ་ཡང་མི་གནས་པར།། ཐམས་ཅད་ཟས་འགྱུར་ཐེ་ཚོམ་མེད། ། དེ་ནས་གཟུགས་ཀྱི་རྗེན་ཤུལ་རྣམས།། ཐམས་ཅད་འབར་བའི་མེ་ལས་བསྲེགས། གཟུགས་ནི་རྣམ་པ་དུ་མའི་ཚོགས།། དུར་ཁྲོད་རས་སམ་གྲོ་ག་ལ།། ལྷ་སྤྱིན་དུ་མར་བསྐྱར་དེའི།། འདས་པའི་ཚོགས་ནི་རྫས་ཀྱི་ཚོགས། ། ལྷ་སྤྱིན་གཟུགས་ཀྱི་དུམ་པ་ནི།། འབར་བའི་ཐབ་ཁུང་ནང་དུ་བསྲེག།། མེ་ཡི་རང་བཞིན་ཤེས་པ་ཡིས།། མེ་ཡི་ཆོ་ག་ཡང་དག་བྱ། ཧོཾ་དང་འབར་བའི་བཅས་རྣམས་བྱ།། དཔའ་བོའི་ཆས་དང་རྒྱན་ལ་སོགས། ། མཁས་པས་སྤྱིན་སྲེག་ལས་རྣམས་བྱ།། ཇི་ལྟར་དངོས་པོའི་རྫས་རྣམས་ཀྱང།། ལས་ཀྱི་དམིགས་ཀྱིས་ཤར་བར་བྱ།། མཆོད་པའི་གསང་སྔགས་རབ་བརྗོད་ཅིང།། ཇི་ལྟར་ཤེས་པའི་དུས་སུ་བྱས།། སྔགས་དང་རྫས་སུ་བཅས་པ་ཡིས། ། སྤྱིན་སྲེག་གཟུགས་ཀྱི་དུམ་བུ་དང།། གཟུགས་ནི་ཚང་བ་གཞག་པ་རྣམས།། སྤོམ་པོ་དང་ནི་དབང་པོའམ།། ཟུར་གསུམ་དབྱིབས་དང་སྦར་ཐབས་ཀྱིས།། འབུམ་ཕྲག་ལྔ་ཡི་གྲངས་ཚད་བྱ། ། ཇི་ལྟར་འོས་པའི་ལས་རྣམས་ཀྱང།། དཔའ་བོས་འབད་དེ་བྱ་བ་ཡིན།། མེད་པ་མཁས་པས་ཞིབ་ཏུ་རྟགས།། རྫས་རྣམས་ཚང་པའི་ཆོ་ག་ཡིས།། ལྷ་སྦྱིན་མྱུར་དུ་ཉམས་པར་འགྱུར།། མཇུག་ཏུ་གདགས་པའི་ཆོ་ག་ཡང། ། ཡི་གེ་མང་པོའི་ཚོགས་རྣམས་ཤིས།། གང་དག་བསྲེག་པར་མི་ཤེས་བར།། རྣམ་པ་གཞན་ལ་འབད་པ་ནི།། འབྲས་བུ་ཡོད་པར་རབ་ཏུ་དཀའ།། དེ་ནི་མཁས་པས་རབ་ཏུ།། དེ་བས་སྔགས་པའི་རང་བཞིན་ནི། ། ཆོ་ག་ཆེན་པོ་བསྲེག་པ་ཡིན།། ཇི་ལྟར་བསྲེགས་པའི་ཐལ་བ་དེ། ཆོ་ག་རྣམ་པ་བདུན་གྱིས་བསྟན།། གཏོར་མ་ཆེན་པོའི་བླུགས་པ་དང།། ཆུ་བོའི་གཞུང་དང་ཆུ་མིག་སྟེ།། ཤིང་གི་རྩེ་དང་རླུང་ལ་འཕྱར།། ཇི་ལྟར་གནས་སུ་གནས་པའོ། །།། གཏོར་མ་ཆེན་པོའི་བཏབ་པ་ནི།། སྣ་ཚོགས་ཤ་ཡིས་ཕྱེ་མ་དང།། བསྲེགས་ཏེ་སྣ་ཚོགས་ཁྲག་ལ་སྦ།། སྦྲེང་ཞིང་གསང་སྔགས་རབ་ཏུ་བརྗོད།། ཆུ་བོ་འདུས་པའི་གཞུང་ལ་ཡང། ། དྲག་པོའི་ཆས་སུ་ཞུགས་ནས་ཀྱང།། ཐོད་པ་མཚན་མ་ངན་པ་དང།། བཅས་ཏེ་ཡང་དག་འབད་པར་བྱ།། ཀླུ་ནི་ངེས་པར་ཡོད་པ་ཡི།། ཆུ་མིག་གི་ནི་འབབ་ཞོལ་དུ།། སྔགས་དང་བཅས་པའི་ལས་རྣམས་ནི། ། དཔའ་བོས་འདམ་དུ་སྦེས་པ་ཡིན།། གདུག་པའི་སེམས་ནི་གཟུགས་དང་བཅས།། ཐལ་བ་བསྲེགས་ཏེ་བཏང་པར་བྱ།། ཤིང་ནི་གཅིག་པུར་གནས་པ་ཡི།། འབྱུང་བ་གནས་པའི་རྩེ་མོ་ལ།། དུར་ཁྲོད་རས་ཀྱིས་གཏུམས་པ་དེ། ། སྔགས་དང་བཅས་པ་འཕྱང་དུ་གཞུག།། གསང་སྔགས་མང་པོར་བསྲེག་པ་ཡི།། ཐལ་བ་དུ་མར་བསྡུས་པ་དང།། བརྗོད་པའི་སྔགས་ཀྱིས་ཀུན་ཏུ་བསྲེག།། རིགས་གསུམ་རྫོང་གི་རྩེར་སོར་ནས། ། བདུད་ཀྱི་ཆས་སུ་ཞུགས་ནས་ཀྱང།། འཇིག་རྟེན་པ་རྣམས་ཚིམ་བྱས་ནས།། ངེས་པ་བརྗོད་པ་ལ་སགོས་བྱ།། དེ་ནས་དྲེའུ་དང་བོང་ཞོན་པའི། ཕྱིན་ཕྱོགས་ཞོན་པའི་སྟེང་ནས་ཀྱང།། བཅེར་བུ་ཐལ་བས་བླུགས་པ་ཡི། ། སྔགས་དང་བཅས་པ་རླུང་ལ་ཕྱར།། འདས་པའི་ཆོ་ག་མ་ཚང་བར།། ཐ་མལ་པ་ཙམ་བསོག་པ་ཡི།། ལས་ཀྱིས་ཀྱང་ནི་དོན་མྱུར་ན།། རབ་ཏུ་སྔགས་པ་རྣམས་ཀྱི་ལས།། མནན་པ་རྣམས་དང་བཅས་པ་ཡིས། ། ཐལ་བ་འདིས་ནི་གདོན་མི་ཟ།། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ཅེས་བྱ་བ་ལས། ལྷ་སྦྱིན་གཟུགས་བཅའ་བའི་ཐབས་མཆོག་དང་བཅས་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། གང་གིས་ལས་དང་རྫོགས་ནས་ཀྱང།། མཐར་བསྟན་པའི་ལས་འདི་བརྩམ།། ལྷ་སྤྱིན་གཟུགས་དང་རྫས་སུ་བཅས།། སྔོན་དུ་བརྗོད་པ་དེ་དག་རྣམས།། ཞི་བའི་སྲེག་པར་བྱ་བ་འམ།། རིགས་སྔགས་ཆོ་གས་བཀུག་པ་དང། ། དགོན་པ་གཙང་མའི་ས་ཕྱོགས་སུ།། མཆོད་པའི་དོན་དུ་གང་བསྔགས་པ།། དཀོན་མཆོག་གསུམ་གྱི་གཟུགས་བརྙན་གཞག། སྡིག་པ་ཞི་བྱེད་སྔགས་ལ་སོགས།། དུ་མར་བརྗོད་ཅིང་དབང་བསྐུལ་ནས། ། རང་བཞིན་གནས་ན་གང་བཞུགས་པ།། དེ་ལ་རབ་ཏུ་གནས་པར་བྱ།། དཔལ་ལྡན་ཚོགས་རྣམས་ཀུན་གྱི་རྗེ།། དུ་མར་བཅས་པའི་འཁོར་གཉིས་ཏེ། གཏོར་མ་ལ་སོགས་མཆོད་པ་གཏང།། ཞི་བའི་ཏིང་འཛིན་ལ་སོགས་པའོ། ། རྒྱུན་གྱི་ཏིང་འཛིན་ཡང་དག་སྦྱོར།། ཚོགས་ཀྱི་འཁོར་ལོ་ཆེན་པོ་དང།། སྦྱིན་པ་ཡང་དག་གང་བསྔགས་པ།། ཀུན་ལ་ཐོགས་པ་མེད་པར་གཏང།། དེ་ལ་སོགས་པའི་ཆོ་ག་ལ། ། མཁས་པས་དོན་རྣམས་མྱུད་དུ་འགྲུབ།། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ལས། མཐར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། དེ་ནས་ཡང་དག་འདིར་བཤད་པ།། དཔའ་པོས་དམ་ཚིག་བསྲུང་བར་བྱ། ། དངོས་པོར་བསྐྲད་པ་མ་ཡིན་ཞིང།། རང་བཞིན་གནས་པའི་དོན་ཅིག་ལ།། གང་གིས་ཤེས་རབ་སྐྱེ་བ་དེ།། ཐམས་ཅད་མཅོད་ཕྱིར་དམ་ཚིག་མཆོག།། སྒྱུ་མའི་རོལ་པས་མཁས་པར་བྱ། ། འགྲོ་བ་རྣམས་ཀྱི་རིན་ཆེན་ལ།། རྣམ་པར་འཚེ་བ་ཀུན་སྤང། གསང་བ་གསང་བའི་ལས་དང་བཅས།། མཁས་པས་ཐུན་མོང་མེད་པར་བྱ།། མཁའ་འགྲོ་དགའ་བར་བྱེད་པ་ཡི།། ཆོ་ག་རྣམས་ལ་འབད་པར་ཤིས། ། གསང་བའི་དམ་རྫས་ཤེས་པ་དང།། ལས་ལ་ཀུན་ཏུ་མཁས་པར་བྱ།། རྩེ་གཅིག་པའི་ཏིང་ངེ་འཛིན་ཅན།། དམ་ཚིག་ཡོད་དང་མེད་པ་དང།། དེ་བཞིན་འདྲེས་དང་མ་འདྲེས་པ།། ཐ་མལ་པ་ལ་སོགས་པ་དང། ། བླ་མ་དང་ནི་རྡོ་རྗེ་མཆེད།། རིམ་པ་བཞིན་དུ་ཐམས་ཅད་ལ།། དངོས་པོའི་ཚོགས་རྣམས་ཤེས་པར་བྱའོ།། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ལས།། དཔའ་བོའི་དམ་ཚིག་བསྟན་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། དེ་ནི་ཡང་དག་ལྟ་བའོ།། མཁས་པ་ལ་ནི་གང་གྲགས་པ།། དེ་ནི་བླུན་པོ་རྣམས་ལ་བརྗོད།། རྒྱལ་བས་ཡང་དག་གང་གསུངས་པ། རང་བཞིན་གནས་པའི་ཐིག་ལེ་སྟེ། ། བརྗོད་པ་རྣམས་དང་བྲལ་བ་ནི།། སྐྱེ་བོ་གཞན་ལ་བརྗོད་པར་སྣང།། རང་བཞིན་གནས་པའི་དེ་ཉིད་ནི།། མཁས་པས་ཡང་དག་བླང་བར་བྱ།། རྟོག་པ་རྣམས་དང་བྲལ་བ་ནི།། རྒྱལ་པའི་བླ་མེད་མཉམ་པ་ཉིད། ། སྐྱེ་བོ་རྣམས་ལ་མངོན་ནས་རྫོགས།། མཐར་ནི་མངར་དུ་གང་གྱུར་ལ།། ཐོབ་པའི་ཆོས་རྣམས་སྤང་བ་སྟེ།། ཟག་པ་ཟད་པའི་རང་བཞིན་ནོ།། གཉེན་པོ་སྐྱེས་པའི་རྒྱབ་ནས་ནི།། གདུལ་བྱ་ཕྱུང་བ་མ་ཡིན་ནོ། ། མུན་པ་ལ་ནི་སྣང་བ་ཡིན།། མེད་པར་སྨྲ་བ་ཐམས་ཅད་ནི།། ཤིན་ཏུ་ཉམས་པ་ཆེན་པོ་ཡིན།། ཆོས་རྣམས་རྫས་སུ་འདོད་པ་ཡང།། འགའ་ལ་རིང་བའི་ལམ་དུ་སྣང།། འབད་པ་མེད་པ་ཚོགས་ཀྱི་མཆོག། ། སྒྱུ་མའི་རོལ་པ་མ་རྟོགས་པ། ཐམས་ཅད་སྤང་པ་རྣལ་འབྱོར་ཡིན།། ཕྱོགས་ལ་རང་བཞིན་གང་རྙེད་པ།། རང་བཞིན་ཀུན་ལ་མཁས་པས་བཤད།། ཟབ་མོའི་ཆོས་རྣམས་མི་རྟོགས་ཤིང།། གཞན་གྱི་འདུལ་པའི་སྐྱེ་བོ་ལ། ། བསྟིམ་ནས་དོན་དུ་དུ་མ་གསུང།། བླ་མེད་ཁྱད་པར་གང་ཡིན་ཏེ།། གཞན་གྱི་དོན་དུ་མཁས་པས་དབང།། དེས་ནི་གཞན་གྱི་བསམ་པ་ཡིན།། དབང་ལས་དུ་མར་སྣང་བ་སྟེ།། ཇི་ལྟར་རིན་ཆེན་སེམས་བཞིན་ནོ། ། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ལས།། ཐམས་ཅད་ཀྱི་ལྟ་བ་བསྟན་པ་སྟེ་ལེའུ་བཅུ་པའོ།།།། དེ་ནས་ཚོགས་ཐམས་ཅད་ཀྱི་བདག་པོས། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ལ་མཆོད་པ་ལ་སོགས་པ་སྦྱར་ཏེ། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པ།། ལྷ་མོ་ནག་མོ་རེ་མ་མཐུ་མོ་ཆེ།། མིང་ཅིག་མ་ལས་མཁན་སྟོང་མ།། མདོག་བཟང་ནག་མོ་རལ་པ་ཅན།། རལ་པའི་ཟུར་བུ་མུན་ལྟར་གཏིབས། ། མ་མོ་ཀུན་གྱི་ཕྱག་བརྙན་མོ།། སྨན་མོ་ཀུན་གྱི་ཡང་རྗེ་མོ།། མ་བདུད་ཆེན་མོ་ཞེས་ཀྱང་གྲགས།། སྐྱེ་འགྲོའི་སྲོག་དང་དབུགས་འཆང་མ།། རྐང་གདུབ་ལྕགས་ཀྱི་ལྷམ་གྱོན་མ།། སྐུ་ལ་རེ་ལྡེ་མཛེས་པ་གསོལ། ། མི་མགོ་རྟ་མགོ་མཁར་དུ་བརྩིགས།། ཐོད་པ་དགུ་བརྩེགས་གཞལ་ཡས་ཁང།། ནག་མོ་ཚོགས་ཀྱི་དབུས་ན་འགྱིང།། ཁམས་གསུམ་སྲིད་གསུམ་ཐམས་ཅད་ན།། དམ་ཚིག་བསྲུང་བ་རེ་མང་ཡང། ། ཡལ་གཾ་ཅན་ནི་གྷ་གྷ་ཙཾ། ཁམས་གསུམ་སྲིད་གསུམ་འཛམ་གླིང་ན།། འགྲོ་དོན་མཛད་མཛད་མ་ཅིག་འོ་རེ་བརྒྱལ།། བདག་གིས་གདུངས་ནས་རབ་བསྐྱོད་བསྐུལ་བའི་ཚེ།། གདུང་བའི་ཤུགས་ཀྱིས་མ་ཐོགས་ད་ཚུལ་སྤྱོན། ། ངའི་བུ་གཅིག་སྦུ་གུ་མ་ཉམས་སེམས།། འབྲས་བུ་མི་དབང་མཚལ་ཐིག་འདི།། མ་ལ་འབུལ་ལོ་ཟ་ཟམ་གཅིག་མ།། བདག་གི་བརྣག་པའི་ལས་རྣམས་མཐར་ཕྱུང་ཞིང།། བདག་གི་ལས་འདི་འབྲས་བུ་མཆིས་པར་མཛད། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ལས་ཚོགས་རྣམས་ཀྱི་བདག་པོས་བསྟོད་པ་སྟེ་ལེའུ་བཅུ་གཅིག་པའོ།།། དེ་ནས་དེའི་ཚེ་དེའི་དུས་ན།། ལག་ན་རྡོ་རྗེ་ལ་སོགས་པས། དཔལ་རྡོ་རྗེ་འཛིན་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་མ་འོངས་པའི་ཚེ་གསང་པའི་རྒྱུད་འདི་ཡོངས་སུ་གཟུང་ལ།། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བགྱི་བ་དང།། བསྲུངས་ཏེ་བརྟན་ཞིང་མི་ནུབ་པར་བགྱི་པའི་སླད་དུ། ། དམ་པའི་ཆོས་འདི་ལས་ཡོངས་སུ་འཕེལ་ཞིང་དར་བགྱིའོ།། གང་དང་གང་ཚུལ་བཞིན་དུ་འཛིན་པ་མཆིས་ན།། དེའང་བདག་ཅག་གིས་ཡོངས་སུ་བསྐྱང་བར་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ།། རྡོ་རྗེ་ཕ་ལམ་འདྲ་བ་ཡིས།། སྔགས་ཀྱི་མཚོན་པ་འདི་ཡིན་ཏེ།། དམ་ཚིག་ཅན་ནི་ལུག་རུ་བཞིན།། མཐིང་ནག་གྲུ་གསུམ་ཐ་མ་ལ། དམ་ཚིག་ཡོད་པའི་མ་མོ་བཞག། ཕན་གནོད་ལས་ནི་གང་འདོད་བསྒྲུབ།། དབང་རྣམས་རྫོགས་པས་དབང་རྣམས་སྤྱིན།། ལྷོ་ནུབ་འཇིགས་པའི་གྲོང་ཁྱེར་ནས།། འཇིགས་པ་གྱོན་པའི་སླག་པ་གྱོན།། འགྲོ་བ་འབྲིང་བོའི་རང་བཞིན་ཞྭ། གྱོན་ཏེ་ལིང་ལག་བསྒྲང་པར་བྱ།། མཁའ་འགྲོ་ཡི་ཟ་རྒྱུན་ཏུ་བསྲེ།། རྩང་པོའི་གབུར་བཏང་སྙོམས་གཟུགས།། མི་ཡི་རང་བཞིན་ས་བོན་ཆེ།། ཤེལ་གྱི་ཅོད་པན་ལས་ལ་ཡོད།། དེ་ལས་གཞན་པ་རང་གི་རིགས། ། རུས་བསྲེགས་པའི་སོལ་ཕྱེ་དང།། མཆི་སྡེར་མཆེ་བ་སེན་མོ་སོགས།། བསྒྲུབ་དང་བསྙེན་པའི་རྫས་སུ་གཞག། ལས་རྣམས་བསམ་གྱིས་མི་ཁྱབ་པ།། མཁས་པས་ཀུན་ཏུ་ཤེས་པར་བྱ།། རིགས་ཀྱི་བུ་ཇི་ལྟར་ཁྱེད་ཀྱིས་སྨྲས་པ་དེ་དེ་བཞིན་ཏེ། ། དེ་དེ་བཞིན་ནོ།། ཇི་ལྟར་ཁྱེད་ཁྱེད་ཀྱིས་དམ་བཅས་པ་ལས་མ་ཉམས་པ་བྱ་བའི་ཕྱིར།། འདི་ཁྱེད་ཀྱི་ལག་ཏུ་གཏད་ཀྱིས།། དེ་བཞིན་གཤེགས་པའི་དགོངས་པ་དང།། བསྐང་དང། འགྲོ་བའི་དེད་དཔོན་བསྐུར་བའི་ཕྱིར།། ཁྱེད་ཀྱིས་དེ་བཞིན་དུ་ཡོངས་སུ་ཤེས་པར་བྱོས་ཤིག། དཔལ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། དཔལ་ལྷ་ཚོགས་ཐམས་ཅད་ཀྱི་རྗེ་མོ་ཡོངས་སུ་རོལ་པའི་རྒྱུད་ལས། རྣམ་པར་བརྟག་པ་རྫོགས་སོ།། རྒྱ་གར་སྐད་དུ།། ཁཾ་མ་ཧཱ་སུ་ཏྲ་ཏན་ཏྲཿ་བོད་སྐད་དུ།། ནམ་མཁའ་པྲ་ཁྲིད་ཀྱི་རྒྱུད། རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྡོ་རྗེ་ཧེ་རུ་ཀ་ཆེན་པོ། རི་དྭགས་ཤིང་ཏ་ལའི་ཚལ་ན་བཞུགས་པའི་ཚེ།། ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ནས་བཞུགས་སོ།། དུས་དེར་ལྷ་སྲིན་སྡེ་བརྒྱད་འཁྲུགས་ནས། འཇིག་རྟེན་དུ་མི་བདེ་བ་དང།། ནད་རྣམ་པ་སྣ་ཚོགས་བྱུང་ནས། དུས་མ་ཡིན་པར་འཆི་བ་དང། མ་ལ་སོགས་པ་གཅིག་གི་གླུད་དུ་གཅིག་གཏོང།། ཧེ་རུ་ཀ་ཐུགས་རྗེ་ཆེན་པོ་དང་ལྡན་པས་དགོངས་ནས། ལྷ་སྲིན་སྡེ་བརྒྱད་པོ་འདི་དག་དམ་ལ་བཏགས་ན། ངའི་འཁོར་དང་སེམས་ཅན་གཞན་ཡང་མི་བདེ་བ་འོང་བ་ཐུགས་ལ་དགོངས་ནས་བཞུགས་པ་ལས།། དེའི་ཚེ་ལྷ་གནོད་འདུལ་སྟན་ལས་ལངས་ཏེ། ། ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ།། ལྷ་སྲིན་སྡེ་བརྒྱད་འདི་དག་ནི།། ཐུགས་རྗེས་དམ་ལ་མ་བཏགས་ན།། ཧེ་རུ་ཀ་ཡི་འཁོར་དང་ནི།། སེམས་ཅན་རྣམས་འཁྱུགས་སྤྱོད་ལམ་འཚལ།། མི་མཐུན་ནད་རྣམས་འབྱུང་བར་འགྱུར། ། དེ་སྐད་ཅེས་གསོལ་བ་དང།། ཧེ་རུ་ཀ་ཏིང་ངེ་འཛིན་ལས་བཞེངས་ཏེ།། ལྷ་སྲིན་སྡེ་བརྒྱད་པོ་རྣམས་ལ་ནི།། གཏོར་མ་རྣམ་པ་གསུམ་གྱིས་དམ་ལ་བཏོགས།། ལ་ལ་ནི་ཏིང་ངེ་འཛིན་གསུམ་གྱིས་དམ་ལ་བཏགས། ། ལ་ལ་ནི་སྤྱིན་གཏོར་གསུམ་གྱིས་དམ་ལ་བཏགས།། ལ་ལ་ནི་མ་ཧཱ་ཤན་ཏིང་གི་དམ་ལ་བཏགས།། དེ་ནས་ཧེ་རུ་ཀའི་འཁོར་ན་རིགས་དྲུག་གི་སེམས་ཅན་རྣམས་ལ་གནོད་མི་བྱེད་པར་གནས་སོ། ། ནམ་མཁའ་བྲ་ཁྲིད་ཀྱི་རྒྱུད་ལས།། ཕོ་རྒྱུད་དམ་ལ་བཏགས་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་སྣང་སྲིད་ཀྱི་བུད་མེད་འཁྲུགས་ནས།། འཇིག་རྟེན་དུ་ནད་སྣ་ཚོགས་བྱུང་ནས། མི་བདེ་བར་གནས་པ་ལས། ། ཧེ་རུ་ཀ་ཆེན་པོས་བྱམས་པ་དང།། སྙིང་རྗེ་དང།། དགའ་བ་དང།། བཏང་སྙོམས་དག་གིས་དམ་ལ་བཏགས་ཀྱང་ཐོགས་ནས།། སེམས་ཅན་གཅིག་གི་གླུད་དུ་གཅིག་གཏོང་བར་གནས་པ་ལས།། ཡང་དེའི་ཚེ་འཁོར་གྱི་ནང་ནས་ལྷ་གནོད་འདུལ་འོངས་ནས། ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ།། སྣང་སྲིད་བུད་མེད་འཁྲུགས་པ་འདི་རྣམས་ལ།། དམ་ལ་བཏགས་ཀྱང།། མཐུན་པའི་རྫས་ཀྱིས་མ་བསྐངས་ན།། བཞིན་མི་ཉན་ནོ། ཞེས་གསུངས་པ་དང། ཧེ་རུ་ཀས་དེའི་མཐུན་རྫས་གང་གིས་བསྐང་ཞེས་གསུངས་པ་དང།། གནོད་འདུལ་གྱིས་འདི་སྐད་གསུངས་སོ།། དེའི་མཐུན་རྫས་ནི་ནམ་མཁའ་ཞེས་བྱ་བ་ཡོད་པས།། ནམ་མཁས་དམ་ལ་གདགས་སོ། ། ཞེས་གསུངས་པ་དང།། ཧེ་རུ་ཀས་འདི་སྐད་ཅེས་གསུངས་སོ།། ནམ་མཁའ་ཞེས་བྱ་བ་གང་ན་ཡོད།། ནམ་མཁའ་རྒྱུ་ཅི་ཡིན།། ནམ་མཁའ་དེ་གང་ན་གནས།། ནམ་མཁའ་དེ་ཆོས་ཉིད་ཡིན་ནམ་སེམས་ཉིད་ཡིན། ། དབྱིངས་ཉིད་ཡིན་ནམ་ཞེས་གསུངས་པ་ལས། ཡང་གནོད་འདུལ་གྱིས་གསུངས་པ།། རྟོགས་པ་ཁྱད་པར་ཅན་རྣམས་ལ།། ནམ་མཁའ་ཆོས་ཉིད་ཆོས་ཉིད་སེམས་ཉིད། དབྱིངས་ཉིད་ཀུན་ལ་ཁྱབ་པའི་དོན་ལས་མ་འདས་པའོ།། མ་རྟོགས་པ་རྣམས་ལ་ནི་ཆོས་ཉིད་སེམས་ཉིད་དབྱིངས་ཉིད་དང།། ཀུན་ལ་ཁྱབ་པའི་ནམ་མཁའ་ནི་མ་ལགས་སོ།། རྟོགས་པ་ཅན་ལ་ནི། ཏིང་ངེ་འཛིན་དང། ། ཡི་གེའི་འཕྲོ་འདུ་ལས་ནམ་མཁའ་མིང་དུ་བཏགས་པ་ཙམ་དུ་འབྱུང་སྟེ།། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཀྱིས་ཅེས།། ཧེ་རུ་ཀས་ཡི་གེ་གཉིས་ཀྱི་བྱིན་གྱིས་བརླབས་ཏེ། ཐུགས་ཁའི་ས་བོན་ལས། ཡི་གེ་ཁཾ་སྔོན་པོ་གཅིག་གི་འཕྲོ་འདུ་བཏང་བ་ལས།། རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏོ།། ཡང་ཐུགས་ཁའི་ས་བོན་ལས། ཡཾ་ལྗང་ཁུའི་འཕྲོ་འདུ་ལས།། ཤར་ལྷོ་ནུབ་བྱང་བཞི་ནས་སྲིད་པའི་རླུང་གི་རྒྱ་མཚོ་དེ་དཀྲོགས་པ་ལས། ། སྣང་དུ་རུང་པའི་སྒོ་ང་ཅིག་བྱུང།། སྒོ་ང་དེ་ཤར་དཀར་པོ།། ལྷོ་སྔོན་པོ།། ནུབ་དམར་པོ།། བྱང་སེར་པོ། དཀྱིལ་ནག་པོ་ཅིག་བྱུང།། སྒོ་ང་དེ་ཕྱོགས་བཞི་དབུས་དང་ལྔར་བྱུང་ལ།། སྒོ་ལྕགས་ཁ་འདྲ་བ་ལ་གདངས་པ་མེད་པ་ཅིག་བྱུང་ངོ། ། དེའི་ནང་ནས་ང་ཞེས་བྱ་བའི་སྒྲ་སྒྲོགས་པ་ཅིག་བྱུང་བས།། སྒོ་ངའོ།། ཡི་གེའི་འཕྲོ་འདུ་ལས་སྒོ་ང་འབྱུང་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་སྒོ་ང་དེ་བརྡོལ་པ་ལས།། དབུས་ཞེས་བྱ་སྟེ། ། སྟེང་ན་ཡར་ལ་བརྟོལ་བས་ལུག་ནག་པོ་གདོང་པ་སྣ་ཚོགས་ཅན་ཅིག་བྱུང་ངོ།། ཤར་བརྟོལ་བ་ལས་ལུག་དཀར་པོ་མཚལ་གྱི་གདོང་པ་ཅན་བྱུང།། ལྷོ་བརྟོལ་པ་ལས་ལུག་སྔོན་པོ་གསེར་གྱི་གདོང་པ་ཅན་ཅིག་བྱུང། ནུབ་བརྟོལ་པ་ལས་ལུག་དམར་པོ་དུང་གི་གདོང་པ་ཅན་ཅིག་འབྱུང།། བྱང་བརྟོལ་བ་ལས་ལུག་སེར་པོ་གཡུའི་གདོང་པ་ཅན་ཅིག་བྱུང།། དང་པོ་སྒོ་ང་ལས་ལུག་པས་ལུག་ཅེས་བྱའོ།། ལུག་གི་བྱུང་ཁུངས་ཀྱི་ལེའུ་གསུམ་པའོ། །།། སྟེང་དུ་ལུག་ནག་མོས།། ཀུན་ཏུ་བཟང་མོ་ལ་སོགས་ཏེ། ནག་མོའི་ཚོགས་ཀྱི་ཐུགས་དམ་བསྐང་ངོ།། ཤར་གྱི་ལུག་དཀར་མོས།། རྣམ་སྣང་གསལ་ལ་སོགས་ཏེ། དཀར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་ངོ། ལྷོའི་ལུག་སྔོན་ནོ། སྔོན་མོའི་ཚོགས་ཀྱི་ཐུགས་དམ་བསྐང་ངོ། ནུབ་ཀྱི་ལུག་དམར་པོས།། དམར་པོའི་ཚོགས་ཀྱི་ཐུངས་དམ་བསྐང་ངོ། བྱང་གི་ལུག་སེར་མོས།། སེར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་ངོ། ། བལ་ཚོན་སྣ་ལྔ་ཡི་དེ་ལས་བྱུང་ངོ།། དེ་ཙམ་ན་ལུག་ལ་བལ་སུས་པ་ལ། འཕྲུལ་ལྕམ་གྱི་བུ་མོའི་བལ།། རྨལ་བ་སུ་ཡིས་རྨལ།། ཀླུ་ལྕམ་བྲ་མས་རྨལ།། བལ་བཀལ་སུ་ཡིས་བཀལ།། ཕྱའི་བ་མོ་ནམ་མཁའི་བུ་མོ་སྐར་མིག་མས་བཀལ། ། གྲུ་གུ་སུ་ཡིས་བཏུལ་ན།། ལྷ་མོ་དེ་མ་དེ་ཡིས་བཏུལ་ལོ།། སྨྱུག་མ་གང་ནས་བྱུང་ན་ལྷོ་རི་ནགས་ཚལ་འཐུག་པོ་ནས། སློབ་དཔོན་མི་ཐུབ་ཟླ་བས་སུ།། རྒྱ་སོར་ཁུག་པ་ཡིས། ། ལྡོག་ལྡེམ་རྩད་ནས་བཅད།། སྣ་ལྔ་ཞབས་ཀྱིས་དྲངས།། ལྷ་གནོད་འདུལ་གྱི་ཕྱག་ཏུ་ཕུལ།། ལྷའི་སྨྱུག་མ་རིང་རིང་དབུས་སུ་བསྐུམ།། ཐུང་ཐུང་ཚད་དུ་བཞག།། ཡར་ཚད་འདོམ་གང་ཚད།། མར་ཚད་ཁྲུ་གང་ཚད། ། སྨྱུག་བརྩལ་དེར་བརྩལ་ཀྱང།། ནམ་མཁའི་འབྲི་བའི་མི་མ་མཆིས།། ནམ་མཁའ་སུ་བྲིས། གནོད་འདུན་ལྷ་ཡིས་བྲིས། ནམ་མཁའི་དཔེ་ནི་ཅི་ཡི་བླངས།། འཇའ་ཚོན་སྣ་ལྔ་སྤེལ་བ་བཞིན།། ནམ་མཁའ་རྣམས་ཀྱང་དེ་བཞིན་བྲིས། ། ནམ་མཁའ་བྱུང་ཁུངས་ཀྱི་ལེའུ་སྟེ་བཞི་པའོ།། དེ་ནས་ཡང་ལྷ་གནོད་འདུལ་གྱིས་གསུངས་པ།། མུ་ཁ་ལེ་ལ་སོགས་ཏེ་ཆོས་ཀྱི་སྐུའི་མ་མོ་རྣམས་དང། སྲིད་དང་བདེ་འགྲོ་ལ་སོགས་ཏེ་ལོངས་སྐུའི་མ་མོ་རྣམས་དང། ། སྲིད་པ་ཆགས་བྱེད་ལ་སོགས་ཏེ་སྤྲུལ་སྐུའི་མ་མོ་རྣམས་ནི།། འཇིག་རྟེན་དུ་གནོད་པ་མི་མཛད་དེ།། དེ་རྣམས་དང་ཆ་མཐུན་པའི་འཇིག་རྟེན་ལས་གྲུབ་པའི་མ་མོ་རྣམས་དམ་ལ་བཏགས་པའི་ཕྱིར། ། འཇིག་རྟེན་པའི་མ་མོ་དང།། མུ་ཁ་ལེ་ལ་སོགས་པའི་མཐུན་རྫས་བྲི་ཞིང་གསག་པར་བྱའོ།། དེ་ལ་མུ་ཁ་ལེའི་མཐུན་རྫས་ནི།། ནམ་མཁའི་དབུས་ན་སྐུ་ལ།། ཤར་དཀར་པོ།། ལྷོ་ནུབ་སྔོན་པོ། ། ནུབ་དམར་པོ།། བྱང་སེར་པོ།། དེ་ནི་ཞལ་ལྔ་ཡོད་པའི་དོན་དོན་ཏོ། དེའི་ཕྱིར་རིམ་ནག་པོ།། དེའི་ཕྱི་རིམ་དཀར་པོ།། དེའི་ཕྱི་རིམ་སྔོན་པོ།། དེའི་ཕྱི་རིམ་དམར་པོ།། དེའི་ཕྱི་རིམ་དཀར་པོ།། དེའི་ཕྱི་རིམ་སེར་པོས་བསྐོར་བ་ནི། ། ཞབས་བརྒྱད་ཡོད་པའི་དོན་ཏོ།། དེ་ལྟ་བུ་ནི་ཀུན་ཏུ་བཟང་མོའི་འཐུན་རྫས་སོ།། ནམ་མཁའི་དེའི་རྩར།། དབུས་སུ་གཡུ་མིག་མཚལ་གྱིས་སྤྲས།། ཚོན་སྣ་ལྔ་ཡིས་རྒྱན་དུ་སྤྲས།། གཡས་སུ་དུང་མིག་མཚལ་གྱིས་སྤྲས། ། གཡོན་དུ་མཚལ་མིག་དུང་གིས་སྤྲས།། དེ་གཉིས་ཀྱང་ཚོན་སྣ་ལྔ་ཡིས་དེ་བཞིན་སྤྲས།། ཀུན་ཏུ་བཟང་མོའི་མཆོད་རྫས་སོ།། འཁོར་དེ་ཡི་ཤར་ཕྱོགས་སུ། དུང་མིག་མཚལ་གྱི་སྤྲས་པ་ལ། ཚོན་སྣ་ལྔ་ཡི་དེ་བཞིན་བརྒྱན། རྣམ་སྣང་གསལ་གྱི་མཆོད་རྫས་སོ།། འཁོར་ལོ་དེ་ཡི་ལྷོ་ཕྱོགས་སུ།། གཡུ་མིག་མཚལ་གྱིས་སྤྲས་པ་ལ། ཚོན་སྣ་ལྔ་ཡིས་དེ་བཞིན་བརྒྱན། འོད་གསལ་འབར་གྱི་མཐུན་པའི་རྫས་འཁོར་ལོ་དེ་མི་ནུབ་ཕྱོགས་སུ། ། མཚལ་མིག་དུང་གི་སྤྲས་པ་ལ།། ཚོན་སྣ་ལྔ་ཡིས་བརྒྱན་པ་ནི།། མཉེན་གསལ་འབར་གྱི་མཐུན་པའི་རྫས།། འཁོར་ལོ་དེ་ཡི་བྱང་ཕྱོགས་སུ།། གསེར་མིག་གཡུ་ཡིས་སྦྲས་པ་ལ།། ཚོན་སྣ་གསུམ་གྱིས་བརྒྱན་པ་ནི། ། བཀྲག་གསལ་མཉམ་གྱི་མཐུན་པའི་རྫས།། དེ་རྣམས་ནི་ཡུམ་དྲུག་གི་འཐུན་པའི་རྫས་སོ།། དཔག་བསམ་ཤིང་གི་རྐེད་པ་ལ།། གསེར་མིག་བཞི་ལ་གཡུ་ཡིས་སྤྲས།། ཚོན་སྣ་གསུམ་གྱིས་དེ་བཞིན་སྤྲག། དུས་བཞི་རྒྱལ་མོའི་མཐུན་པའི་རྫས།། པག་བསམ་ཤིང་གི་རྩ་བ་ལ། མཚལ་མིག་བཞི་ལ་གཡུ་ཡིས་སྦྲས།། དེ་བཞིན་ཚོན་སྣ་གསུམ་གྱིས་བརྒྱན།། དབྱིངས་ཕྱུག་མཆེད་བཞིའི་མཐུན་པའི་རྫས། ། དེ་བརྒྱད་ནི་དཔག་བསམ་ཤིང་ལ་གནས་པའི་མ་མོའི་རྫས་སོ།། གཡུ་མིག་དུང་གིས་ཏྲས་པ་ལ།། ཚོན་སྣ་གསུམ་གྱི་དེ་བཞིན་བརྒྱན། སྲིད་པའི་བདེ་འགྲོ་མཐུན་པའི་རྫས།། དུང་མིག་གསེར་གྱི་སྤྲས་པ་ལ། ། ཚོན་སྣ་གསུམ་དེ་བཞིན་བརྒྱན། ཁྲོས་པའི་མ་བཞིའི་འཐུན་པའི་རྫས།། དུང་མིག་ལྕགས་ཀྱིས་སྤྲས་པ་བཞི།། ཚོན་སྣ་གསུམ་གྱིས་དེ་བཞིན་སྤྲས།། སྦས་པའི་མ་བཞི་མཐུན་པའི་རྫས།། དུང་མིག་གསེར་གྱིས་སྤྲས་པ་དང། ། གསེར་མིག་དུང་གིས་སྤྲས་པ་དང།། གཡུ་མིག་མཚལ་གྱིས་སྤྲས་པ་དང།། མཚལ་མིག་གཡུ་ཡིས་སྤྲས་པ་བཞི།། ཚོན་སྣ་ལྔ་ཡིས་དེ་བཞིན་བརྒྱན།། ཐུགས་ཀྱི་དགེ་སྡེ་བཞིའི་འཐུན་རྫས་སོ།། དེ་རྣམས་ནི་ཡེ་ཤེས་ཀྱི་རྗེ་མོ་བཅུ་བཞིའི་རྫས་སོ། ། དཀར་མོ་ཟང་ཡིག་མཚལ་གྱི་ཆུན་འཁོར་ཅན།། དཀར་མོའི་ཚོགས་ཀྱི་མཐུན་རྫས་སོ། སྨུག་མོ་ཟང་ཡིག་དུང་གི་ཆུན་འཁོར་ཅན།། སྨུག་མོའི་ཚོགས་ཀྱི་མཐུན་རྫས་སོ། ། ནག་མོ་ཟང་ཡིག་གསེར་གྱི་ཆུན་འཁོར་ཅན།། ནག་མོའི་ཚོགས་ཀྱི་མཐུན་རྫས་སོ།། དེ་རྣམས་མ་མོ་ནག་མོ་སྨུག་མོ་གསུམ་གྱི་མཐུན་རྫས་སོ།། ལྕགས་མིག་གཡུ་ཡིས་སྤྲས་པ་ལ།། མཐའ་མ་དུང་གི་ཆུན་འཁོར་ཅན། ། སྲིད་པ་ཆགས་བྱེད་མཐུན་པའི་རྫས།། གཡུ་མིག་ལྕགས་ཀྱིས་སྤྲས་པ་ལ།། མཐའ་མ་གསེར་གྱི་ཆུན་འཁོར་ཅན། སྲིད་པ་ཆ་སྙོམས་མཐུན་གྱི་རྫས། དཀར་པོ་དྲུག་ལ་མཚལ་གྱི་ཆུན་འཁོར་ཅན།། ཨེ་ཀ་ཛ་ཊི་སྤུན་དྲུག་གི་མཐུན་པའི་རྫས་སོ། ། ནག་པོ་བདུན་ལ་དུང་གི་ཆུ་འཁོར་ཅན།། མ་བདུན་ཆེན་མོའི་མཐུན་རྫས་སོ། ལྕགས་མིག་དུང་གིས་བཀང་བ་དང། གཡུ་མིག་གསེར་གྱིས་བཀང་བ་དང། གསེར་མིག་གཡུ་ཡིས་བཀང་བ་གསུམ། འདོད་ཁམ་སྤུན་གསུམ་མཐུན་རྫས་སོ།། དུང་མིག་གསེར་གྱིས་བཀང་བ་དང། མཚལ་མི་ག་གཡུ་ཡིས་བཀང་བ་གཉིས།། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང།། མདྨ་གར་གྱི་དབང་ཕྱུག་མ་གཉིས་ཀྱི་མཐུན་རྫས་སོ། ། དཀར་མོ་བཞི་ལ་གཡུ་ཡི་ཆུན་འཁོར་ཅན།། དམག་གི་རྒྱལ་མོ་བཞི་ཡི་མཐུན་རྫས་སོ།། དུང་མིག་མཚལ་གྱིས་བཀང་བ་དང།། གཡུ་མིག་གསེར་གྱིས་བཀང་པ་དང།། གསེར་མིག་གཡུ་ཡིས་བཀང་བ་དང། ། མཚལ་མིག་དུང་གིས་བཀང་བ་བཞི།། གྲུ་འདེགས་བཞི་ཡི་མཐུན་རྫས་སོ།། གཡུ་མིག་དུང་གིས་སྤྲས་པ་བཞི། སྲིང་མོ་བཞི་ཡི་ཐུན་རྫས་སོ།། དཀར་མོ་བདུན་དང་སྔོ་མོ་བདུན།། དམར་མོ་བདུན་དང་སེར་མོ་བདུན། ། དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཐུན་རྫས་སོ།། དེ་རྣམས་ནི་འཇིག་རྟེན་ལས་འདས་པའི་མ་མོ་རྣམས་དང་ཆ་མཐུན་པ་རྣམས་ཀྱི་མཐུན་རྫས་སོ།། འཇིག་རྟེན་པའི་མ་མོ་རྣམས་ཀྱི་འཐུན་རྫུས་ནི།། བདུད་མོ་སྤུན་དགུའི་ནམ་མཁའ་ནག་མོ་ལ་ཐ་མ་སེར་པོས་བསྐོར་བ་དགུ། ། ཕུག་བདག་མོ་སྤུན་དགུ་ལ།། ནམ་མཁའ་སྔོན་པོ་ལ་ཐམ་སེར་པོས་བསྐོར་བ་དགུ། གསེན་མོ་བཞི་ལ།། ནམ་མཁའ་དཀར་པོ་ལ་སོགས་པ་བཞིའོ། ། དེ་རྣམས་ནི་འཇིག་རྟེན་པའི་མ་མོ་རྣམས་ཀྱི་འཐུན་རྫས་སོ།། དེ་ནས་ཧེ་རུ་ཀ་ཆེན་པོས།། འདི་སྐད་ཅེས་གསུངས་པ།། ནམ་མཁའ་ཞེས་པའི་དོན་ཇི་ལྟར་ལགས། ནམ་མཁའ་གྲུ་བཞིར་འདུད་པའི་གཏན་ཚིགས་ཇི་ལྟར་ལགས། ། ཚོན་སྣ་ལྔ་ཡིས་བརྒྱན་པ་ཇི་ལྟར་ལགས།། ཡན་ལག་བཞི་དང་ལྡན་པ་ཇི་ལྟར་ལགས།། རྨ་བྱ་ལ་སོགས་བྱ་སྤུ་ལྔ་ཡིས་བརྒྱན་པ་ཇི་ལྟར་ལགས།། སྨྱུག་མ་ཚིགས་དགུ་བཙུགས་པ་ཇི་ལྟར་ལགས། ། ནམ་ཞེས་བྱ་བ་ཇི་ལྟར་ལགས།། མཁའ་ཞེས་བྱ་བ་ཇི་ལྟར་ལགས།། ཆོས་ཉིད་སེམས་ཉིད་དབྱིངས་ཉིད་དང།། ནམ་མཁའི་དོན་ཇི་ལྟར་སྦྱོར།། ཡོན་བདག་ལུས་ངག་ཡིད་གསུམ་གྱི།། ནམ་མཁའ་གང་གི་གླུད་དུ་ཇི་ལྟར་གཏོང། ། མདའ་འཕང་གང་གི་གླུད་དུ་གཏོང། རི་རབ་གང་གི་གླུད་དུ་གཏོང།། གླིང་བཞི་གླིང་ཕྲན་གང་གི་གླུང་དུ་གཏོང།། གཟུགས་བརྙན་སྣ་ཚོགས་གང་གི་གླུང་དུ་གཏོང།། དར་སྣ་ལྔ་བརྒྱན་པ་ཇི་ལྟར་བྱ། ། འབྲུ་སྣ་ལྔ་ཡིས་བརྒྱན་པ་ཇི་ལྟར་བྱ།། མདོར་ན་ནམ་མཁའ་ལྡིང་ཞིང་ཆུ་ལ་གནས་པ་དང།། ས་ལ་སྐྱེ་ཞིང་འགྲོ་དྲུག་གནས་པ་དང།། གཟུགས་སྒྲ་དྲོ་རོ་རེག་ལ་སོགས།། ཁ་དོག་དབྱིབས་སུ་སྣང་བ་འདི་དག་ཀུན། ། དོན་དང་གཏན་ཚིགས་ཇི་ལྟར་ལགས། ཅེས་གསུངས་པ་དང།། གནོད་འདུལ་ལྷ་ཡིས་གསུངས་པ།། ནམ་མཁའ་ཞེས་བྱ་བའི་དོན་ནི།། ཡངས་ཤིང་རྒྱ་ཆེ་བས་ཀུན་ལ་ཁྱབ་པོ།། ནམ་མཁར་གྲུབ་བཞིར་འདུག་པ་ནི། དུས་བཞི་དང་ལྡན་པའི་རྟགས་སོ།། ཚོན་སྣ་ལྔས་བརྒྱན་པ་ནི།། ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སོ།། ཡན་ལག་བཞི་དང་ལྡན་པ་ནི།། ཚད་མེད་བ་བཞིས་འགྲོ་བའི་དོན་མཐར་ཕྱིན་པའི་རྟགས་སོ། རྨ་བྱའི་སྒྲོས་བརྒྱན་པ་ནི། རོལ་པ་དྲུག་དང་ལྡན་པའི་རྟགས་སོ།། བྱ་རྒོད་ལ་སོགས་བྱ་དཀར་ཚོགས་ཀྱི་སྤུས་བརྒྱན་པ་ནི།། མ་མོ་དཀར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་བ་དང།། མེ་ལོང་ལྟ་བུའི་ཡེ་ཤེས་དོན་དང་ལྡན་པའོ། ། བྱ་དཔལ་ལ་སོགས་སྔོན་མོ་ཚོགས་ཀྱི་སྤུས་བརྒྱན་པ་ནི།། མ་མོ་སྔོན་མོའི་ཚོགས་ཀྱི་ཐུགས་དམ་བསྐང་བ་དང། མཉམ་པ་ཉིད་ཀྱི་དོན་དང་ལྡན་པའི་རྟགས་སོ།། ཟེར་མོ་ལ་སོགས་དམར་མོའི་སྤུས་བརྒྱན་པ་ནི། ། མ་མོ་དམར་མོའི་ཐུགས་དམ་བསྐང་བ་དང་སོ་སོར་རྟོག་པའི་ཡེ་ཤེས་དོན་དང་ལྡན་པའི་རྟགས་སོ།། ངུར་པ་ལ་སོགས་སེར་པོས་སྤུས་བརྒྱན་པ་ནི།། སེར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་བ་དང། ། བྱ་བ་ནན་ཏན་དོན་དང་ལྡན་པའི་རྟགས་སོ། བྱ་རོག་ལ་སོགས་ནག་པོའི་སྤུ་ཡིས་བརྒྱན་པ་ནི།། མ་མོ་ནག་མོའི་ཐུགས་དམ་བསྐང་བ་དང།། ཆོས་དབྱིངས་ཡེ་ཤེས་དོན་དང་ལྡན་པའི་རྟགས་སོ།། འུག་པ་ལ་སོགས་ལྟས་ངན་སྤུས་བརྒྱན་པ་ནི། ། ལྟས་ངན་སྣ་ཚོགས་དགྲ་ལ་གཏོང་བའི་དོན།། བྱ་བང་བོན་པོའི་སྤུས་བརྒྱན་པ་ནི།། བདག་གི་ངག་སྡིག་སེལ་བའི་རྟགས་སོ།། སྨྱུག་མ་ཚིགས་དགུ་བཙུགས་པ་ནི། ། ཐེག་པ་རིམ་དགུ་རྫོགས་པའི་རྟགས་སོ།། ནམ་ཞེས་བྱ་བ་མི་འགྱུར་བའོ།། མཁའ་ཞེས་བྱ་བ་ཡངས་པའོ།། ནམ་མཁའ་སྐྱེ་འཇིག་མེད་པས་ཆོས་ཉིད་དོན་དང་ལྡན།། ནམ་མཁའ་སྟོང་པའི་དབྱིབས་ཉིད་དོན་ང་ལྡན། ། ནམ་མཁའ་ངག་དང་ཞལ་གྱི་གླུད་དུ་གཏང།། རྨ་བྱ་མདངས་ཀྱི་གླུད་དུ་གཏང།། མདའ་ཕོ་ཡི་གླུད་དུ་གཏང།། འཕང་མོ་ཡི་གླུད་དུ་གཏང།། རི་རབ་མཁར་གྱི་གླུད་དུ་གཏང།། གླིང་བཞི་ཡུལ་གྱི་གླུད་དུ་གཏང། ། གཟུགས་བརྙན་ནོར་རྫས་གླུད་དུ་གཏང།། དར་ཚོན་གོས་ཀྱི་གླུད་དུ་གཏང།། འབྲུ་སྣ་ཕུང་པོའི་གླུད་དུ་གཏང།། མདོར་ན་རི་རབ་ལྷུན་པོ་ཡང། དཔག་བསམ་ཤིང་དང་གླུང་བཞི་གླིང་ཕྲན་དང།། སྣང་སྲིད་སེམས་ཅན་གཟུགས། ། རིན་ཆེན་ནོར་དང་རྫས།། གནོད་འདུལ་ལྷ་ཡིས་ནི།། སྣང་སྲིད་མ་མོ་ཐམས་ཅད་ལ།། འགྲོ་དྲུག་སེམས་ཅན་གླུད་དུ་འབུལ།། དུས་མིན་འཆི་ལས་བཟློག་པའོ།། དེ་ཕན་ཆད་སེམས་ཅན་པ་ལགས་སོ། ། ནམ་མཁའ་པྲ་ཁྲིད་ཀྱི་རྒྱུད་ལས།། ནམ་མཁའི་མཚན་ཉིད་བསྟན་པ་དང།། གཏན་ཚགས་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། ནམ་མཁའ་པྲ་ཁྲིད་ཀྱི་ཏན་ཏྲ་རྫོགས་སོ།།།། རྒྱ་གར་སྐད་དུ།། ཤྲཱི་སརྦ་སིངྔྷི་ཏི་སྟི་ཨ་བ་ལོ་ཀ་མ་ཧཱ་ཏནྟ་རཱ་ཛ།། བོད་སྐད་དུ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་གྱི་ཏིང་ངེ་འཛིན་མི་གཡོ་བར་སྣང་བ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚོགས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང། ཡུམ་གྱི་བྷ་ག་རྣམ་པར་དག་པའི་དབྱིངས་ན་བཞུགས་པའི་ཚོགས།། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དབུ་མ་རྣམ་པར་རོལ་པའི་ཚོགས་དང། ། དེ་བཞིན་གཤེགས་པ་རྡོ་རྗེ་འདུས་མ་བྱས་པའི་ཚོགས་དང།། དེ་བཞིན་གཤེགས་པ་དོན་དམ་པའི་ཡོན་ཏན་རྩོལ་པས་མ་བསྐྱེད་པར་སྣང་བའི་ཚོགས་དང།། དེ་བཞིན་གཤེགས་པ་ཡུལ་རྣམ་པར་དག་པ་ཡེ་ཤེས་ཀྱི་ཚོགས་དང། ། དེ་བཞིན་གཤེགས་པ་སྨོན་པ་མེད་པའི་རྣམ་པར་ཐར་བས་རང་བཞིན་གཅིག་པས་མུན་པ་འཇོམས་པའི་ཚོགས་སོ། བྱང་ཆུབ་སེམས་དཔའ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་སོགས་པ་དང། ། སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་རྣམས་ཀྱང་འདུས་པར་གྱུར་ཏོ།། དེ་ནས་འདི་སྐད་གསུངས་སོ།། ཆོས་ཉིད་ཁོ་ནའི་ཡོན་ཏན་ནི།། གཟུགས་སྐུ་དཔག་མེད་གང་དང་གང།། དབུ་མ་འདུས་མ་བྱས་པའི་དོན། ། ཡུལ་ཉིད་དབྱིངས་ཉིད་སྨོན་པ་མེད། སྐུ་གསུམ་ཡེ་ཤེས་ཁྱད་པར་ཆེ།། སངས་རྒྱས་ཡོན་ཏན་ཀུན་གྱི་གཞི།། འདི་ལྟར་དེ་བཞིན་གཤེགས་པ་དང།། དེ་བཞིན་གཤེགས་པའི་ཚོགས་ཀྱིས། ། བྱང་ཆུབ་ཀྱི་སེམས་སྨོན་ལམ་གྱི་ཏིང་ངེ་འཛིན།། མི་གཡོ་བར་སྣང་བ་ཉིད་ལ་དབང་བསྐུར་ཏེ།། ཡུལ་རྣམ་པར་འདུས་པར་གྱུར་ཏོ།། དེ་ལྟར་དེ་བཞིན་གཤེགས་པའི་ཚོགས་དང།། ཚོགས་ཆེན་པོ་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་གཟིགས་པ་དང། ། རབ་ཏུ་གཟིགས་པ་དང།། ཆེར་གཟིགས་པར་གྱུར་ཏོ། བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱང།། དེ་བཞིན་གཤེགས་པའི་མཐུས་འཛུམ་པར་གྱུར་ནས།། དེ་བཞིན་དུ་ཡན་ལག་དང་ཉིང་ལག་ལས་འོད་ཀྱི་དྲ་བ་འཇིག་རྟེན་གྱི་ཁམས་སུ་བཀྱེ་བས། ། འདི་ལྟར་སེམས་ཅན་དམན་པར་སྣང་བ་ཐམས་ཅད་སེམས་ཀྱི་དྲི་མ་བསལ་བའི་ཕྱིར།། དེ་བཞིན་གཤེགས་པས་དབང་བསྐུར་པ་དང།། རྫུ་འཕྲུལ་གྱི་སྤོབས་པ་བསྟན་ཏེ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནམ་མཁའི་དཀྱིལ་འཁོར་ཞབས་ཀྱིས་མནན་ཏེ། དེ་བཞིན་གཤེགས་པས་དབང་བསྐུར་བ་དང།། རང་གི་སྨོན་ལམ་ལས་གྲུབ་པས། ། ཁྲོ་བོ་ཆེན་པོ།། རྣམ་པར་སྣང་མཛད་ཅེས་བྱ་བར་གྱུར་པ།། འདི་ལྟ་སྟེ།། སངས་རྒྱས་ཉིད་དང། དམ་པའི་ཆོས་ཆེན་པོ་དང།། དགེ་འདུན་དག་པ་དང།། སྣ་ཚོགས་རྡོ་རྗེ་ལ་སོགས་པ་དང།། སྣ་ཚོགས་འཁོར་ལོ་ལ་སོགས་པ་དང། ། སྣ་ཚོགས་རིན་པོ་ཆེ་ལ་སོགས་པ་དང།། སྣ་ཚོགས་པདྨ་ལ་སོགས་པ་དང།། སྣ་ཚོགས་རྒྱ་གྲམ་ལ་སོགས་པ་བསྣམས་པ།། རང་གི་ཡོན་ཏན་སྐུ་དང་ཡེ་ཤེས་ལ་སོགས་པའི་ཕྱག་མཚན་དང། ། འགྲོ་བ་ཡོངས་སུ་འདུལ་བའི་ཕྱག་མཚན་ཐུགས་རྗེ་དང།། སྨོན་ལམ་གྱི་འཁོར་ལོ་གཉིས་ཀ་རྣམ་པར་སྨོན་པར་གྱུར་པ།། གྲོ་བ་དང་འགྲོ་བ་རྣམས་ཀྱི་དོན་མཛད་པ།། དངོས་གྲུབ་དང་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། ཁྲོ་བོ་ཆེན་པོ་དེས་ཀྱང་ཉིད་ཀྱི་སྐུའི་ཡན་ལག་ལས།། འོད་ཟེར་གྱི་དྲ་བ་ཐ་དད་པས་འཇིག་རྟེན་དག་པར་བྱས་སོ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་རྫོགས་པའི་སྐུ་འདི་བསྟན་ཏོ།། གསུང་ངོ།། འབྱུང་བར་འགྱུར་བ་འདི་ལྟ་སྟེ།། དངོས་གྲུབ་ཀུན་གྱི་མཆོད་ཆེན་པོ།། ནམ་མཁའི་དཀྱིལ་འཁོར་ཇི་བཞིན་དུ། ། རྣམ་པར་སྣང་མཛད་ཁྲོ་བོ་ཡི།། སྐུ་ནི་ནམ་མཁའི་མཐའ་འདྲ་སྟེ།། རྣམ་པར་གསལ་བའི་དབུ་བཅུ་མཛེས།། ཕྱ་ནི་བཅོ་བརྒྱད་ཕྱག་མཚན་སྟོང།། སུམ་ཅུ་རྩ་གཉིས་ཞགས་ཀྱིས་མཛེས། ། དེ་བཞིན་གནན་ཁྲི་སུམ་ཅུ་གཉིས།། སྐུ་ནི་ལྗང་ཁུ་མཛེས་པའི་མཆོག། དང་པོའི་དབུ་ནི་བྱང་ཆུབ་སེམས།། གཉིས་པ་ཉན་ཐོས་ཞི་བའི་དབུ།། གཡོན་པ་རང་རྒྱལ་སྐྱེས་པས་དབུ།། དབུ་མའི་སྟེང་ན་སྤྲུལ་པའི་དབུ། ། དེ་ཡི་ལོངས་སྤྱོད་གཡས་པ་དང། འདི་ལྟར་གཡོན་ན་ཆོས་ཀྱི་དབུ།། དེ་སྟེང་དབུ་མ་གསང་སྔགས་དང།། གཡས་པ་རིག་སྔགས་ཐབས་ཀྱིས་མགོན།། ཤེས་རབ་གཟུངས་སྔགས་གཡོན་པར་མཛེས། ། ཀུན་གྱི་སྟེང་ན་ཟབ་མོའི་དབུ།། ཞི་བ་མཉམ་ཉིད་དཔག་པར་དཀའ།། དཀར་པོ་དམར་དང་སེར་བའི་ངང།། དམར་པོ་སེར་དང་ཤིན་ཏུ་སྔོ།། དུད་ཀ་ལྗང་ཁུ་དམར་ལ་བརྗིད།། ཤིན་ཏུ་གནག་པའི་ངང་ཚུལ་ཅན། ། རྣམ་པར་འཇིགས་པའི་དབུ་བཅུ་སྟེ།། སངས་རྒྱས་རྣམས་ཀྱི་ཡུལ་ན་གསལ།། བརྗིད་པའི་ཞབས་ནི་སུམ་ཅུ་གཉིས།། ཁམས་གསུམ་གནོན་པའི་ཐབས་མཆོག་སྟེ།། དམྱལ་བ་ཡི་དྭགས་དུད་འགྲོ་དང། ། མི་རྣམ་དང་ལྷ་རྣམས་གོ་རིམ་བཞིན།། གཡས་པའི་ཞབས་ནི་བཅུ་དྲུག་དང།། གཡོན་དུ་བརྐྱང་པ་བཅུ་དྲུག་གོ།། གཡས་པས་ཇི་བཞིན་གནོན་པ་ནི།། ཚ་བའི་མེ་དང་གྲང་བའི་ཆུ།། གནོན་པར་ཡུལ་སྣང་ཡི་དྭགས་པ། ། སེམས་དཔའ་མེད་པའི་བཀྲེས་པ་གནོན།། དུད་འགྲོ་རྣམ་པ་བཞི་མནན་པ།། འདབ་ཆགས་ལ་སོགས་མཁའ་འགྲོ་དང།། ཉ་ལ་སོགས་པ་ཆུ་ལ་གནས།། སྲིན་བུ་རྡུལ་གྱི་ནང་པ་དང།། སེང་གེ་ལ་སོགས་ས་སྟེང་གནོན། ། མི་རྣམས་ཞབས་ཀྱིས་མནན་པའི།། དཀར་པོ་ཟླ་གམ་ལུས་འཕགས་དང།། སྔོན་པོ་སོག་ཀ་འཛམ་བུ་གླིང།། དམར་ཞིང་ཟླུམ་པ་བ་གླང་སྤྱོད།། སྒྲ་མི་སྙན་ལྗང་ཁུ་གྲུ་བཞི་གདན།། དེ་བཞིན་ཞབས་ཀྱིས་བར་རིམ་ལྷ། སུམ་ཅུ་རྩ་གསུམ་རི་རབ་དང།། འཐབ་བྲལ་དགའ་ལྡན་རྣམ་པར་གནོན།། གཡོན་པའི་ཞབས་ཀྱིས་གོ་རིམ་ལྟར། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང།། ཚངས་པའི་ཞིང་ཁམས་དང་བོ་དང། དེ་བཞིན་གཉིས་དང་གསུམ་པ་དང། བཞི་པ་ཡང་དག་དེ་མནན་པ།། གཟུགས་ཆེན་འདུ་ཤེས་མེད་པ་དང།། མི་ཆེ་གནོན་ཅིང་མི་གདུང་པས།། གྱ་ནོམ་དང་ནི་ཤིན་ཏུ་གནོན།། གཟུགས་ཅན་ཀུན་གྱི་བླ་མ་གནོན། ། ནམ་མཁའ་མཐའ་ཡས་བསམ་པ་དང། རྣམ་ཤེས་དང་ནི་ཅི་ཡང་མེད།། ཡོད་མིན་མེད་མིན་ཞབས་ཀྱིས་གནོན།། ཇི་ལྟར་གཟུགས་དང་ཁ་དོག་དང།། རང་གི་མཚན་ཉིད་ཅི་འདྲ་བར།། སོ་སོར་ཞབས་ཀྱིས་རྣམ་པར་གནོན། ། རང་གི་སྟེང་ན་པདྨ་སྟེ།། ཞབས་ཀྱི་འོག་ན་ཟླ་བ་དཀར། སེམས་ཅན་གང་དག་སྨིན་ཕྱི་རུ།། སྲིན་ནམ་ཞབས་ཀྱིས་མཁའ་ལྟར་བརྫིས།། འཇིག་བྱེད་ཆེན་པོ་རྣམ་སྣང་མཛད།། རྣམ་པ་སྟོང་གི་ཕྱག་གི་མཚན། ། མདུན་དུ་བཞག་པའི་ཕྱག་རྒྱ་དང།། མདུན་དུ་བསྒྲེང་པའི་ཕྱག་རྒྱ་སྟེ། མདུན་དུ་བརྐྱང་བའི་ཕྱག་རྒྱ་དང།། ཐུར་དུ་བཞག་པའི་ཕྱག་རྒྱ་དང།། ཐུང་དུ་བརྐྱང་པའི་ཕྱག་རྒྱ་ཉིད།། ཟུར་དུ་ཕབ་པའི་ཕྱག་རྒྱ་ནི། ཟུར་དུ་བརྐྱང་བའི་ཕྱག་རྒྱ་སྟེ།། ཟུར་དུ་བསྒྲེང་བའི་ཕྱག་རྒྱ་དང།། སྟེང་དུ་བཀན་པའི་ཕྱག་ཀྱང་རྒྱ།། རྣམ་པ་བཅུ་ནི་སྟོང་དུ་བརྐྱང།། ཕྱག་གི་མཚན་མ་རྣམ་པ་བཅུ།། གཡས་དང་གཡོན་གྱི་རིམ་པ་ཡས། རྣམ་པ་ལྔ་བཅུར་གྱུར་པ་ཉིད། ། མདུན་དུ་མཉམ་གཞག་གཡས་གཡོན་ཕྱག།། ཟླ་བ་གི་སྟེང་གནས་པའི།། ཐུགས་ཁར་སྐུ་བཞུགས་སངས་རྒྱས་ཡིན།། མཉམ་གཞག་གཉིས་པ་དམ་ཆོས་འཛིན།། འདི་ལྟ་གསུང་བའི་དགེ་འདུན་ཆེ། ། བཞི་པ་ཉིད་ན་ཨ་ལིའི།། ལྔ་པ་འབའ་ཞིག་ཉི་མ་ཀ།། དེ་ནས་དྲུག་པ་འཁོར་ལོ་བསྣམས།། བདུན་པ་ལ་ནི་རྡོ་རྗེ་དང།། བརྒྱད་པ་འདི་ལྟར་རིན་པོ་ཆེ།། པདྨ་བཞག་པ་དགུ་པ་སྟེ།། བཅུ་པ་རྒྱ་གྲམ་མདུན་དུ་བཞུག། ། འཁོར་ལོ་ལ་སོགས་སྣ་ཚོགས་ཡིན།། དགུ་ནི་ཟླ་བའི་སྟེང་ནའོ།། དེ་འོག་མདུན་བཞག་བརྒྱད་ཅུ་སྟེ།། གཡས་པ་བཞི་བཅུ་སོ་སོར་གསལ།། འདི་ནི་དང་པོ་རལ་གྲི་བསྣམས།། གཉིས་པ་གསེར་གྱི་འཁོར་ལོ་བསྣམས། ། ཟླ་བ་གསུམ་འཛིན་བཞི་པས་དུང།། ལྔ་པ་བན་ངྷ་ཁ་སྐུད་དྲུག། ནམ་མཁའི་ཉི་སྦྲིན་སྐར་མ་དང།། རིམ་པ་འདི་ལྟར་བཅུ་ཁོ་ནའོ།། བཅུ་གཅིག་པ་ན་ཁོ་ཊཾ་ཐོགས།། ཤ་བ་ཁྲག་དང་ཆུ་སྲིན་སྦྲུལ། ། མ་ཧེ་རྔ་མོ་སྦྲུལ་ལག་དང།། རྒྱ་མཚོ་ལ་སོགས་གོ་རིམ་རིམས་བཅུ།། རྩ་གཅིག་འཕྲེང་བ་དཀར་པོ་འཛིན།། རྔ་ཡབ་ཀླུ་དང་སྲིན་འཛིན།། ཐམ་མོ་སྦྱར་ཞིང་སྡིགས་མཛུབ་དང།། གླང་པོ་ཆེ་དང་རྟག་ཤང་ཤང། ། སེང་གེ་རྨ་བྱ་དབྱུག་པ་དང།། རིན་པོ་ཆེ་ཡི་འཕྲེང་བ་དང།། རིན་ཆེན་སྙེ་མ་བའི་ཞོ།། ཀྲུང་ཀྲུང་བྱ་རྒོད་འཛིན་པ་དང། རྩེ་གསུམ་ཕྱག་རྒྱ་བཅས་པ་དང།། རྩེ་ལྔ་རྡོ་རྗེའི་ཕྱག་རྒྱ་དང།། ཁུ་ཚུར་རབ་ཏུ་ཕྱར་པའོ། ། འདི་ཡི་གཡོན་པ་ནེའུ་ལེ་དང།། ཆུ་ཡི་བུམ་པ་ཏྲཾ་ཤུལ་དང།། ཁ་ཊྭཱི+ེ་འུ་ཆུང་དྲིལ་བུ་ཅན།། སྲིན་ལག་འཛིན་དང།། གནམ་ལྕགས་འཕྲེང་བ་འདྲེན་པ་དང།། ཟ་བྱེད་མགོ་ཡི་འཕྲེང་བ་ཐོགས། མེ་དང་ཆུ་འབབ་གསལ་ཤིང་དང། གྲི་གུག་གཞུ་དང་མདའ་བོ་ཆེ།། སེར་མོ་བརྐྱང་དང་སྲིན་ལག་བསྒྲེང།། ཐོ་བ་དང་ནི་གཏུན་ཤིང་འཛིན།། མཆེ་བ་ཟླ་ཚེས་གཅིགས་པ་དང།། འདོད་པ་ཁ་ཟས་ཐོགས་པ་དང།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ནམ་མཁའི་སྐར་ཁུང་ཕྱེད་པ་དང།། ས་ཡི་དཀྱིལ་འཁོར་འཛིན་པ་དང།། རིན་ཆེན་འབར་བའི་རྒྱལ་མཚན་དང།། བོང་བུ་དང་ནི་རྨ་བྱའི་གཟུགས།། གནོད་སྤྱིན་མ་དང་ཀེང་རུས་དང། བོང་བུའི་མཛེ་དང་བོང་ཆུང་སྙིང་དང། ། ཁྲམ་ཤིང་དང་ནི་ཤད་ཀྱི་སྣོད།། འདི་དག་མདུན་དུ་བཞག་པའི་ཕྱག། སེམས་དཔའ་དཀར་པོའི་དབུས་ལ་སོགས།། གཡས་གཡོན་རྒྱ་ཡི་མཛེས་པའོ།། དཔའ་པོ་རྣམ་པར་མཛད་ཕྱག། མདུན་དུ་བསྒྲེང་པ་རྒྱ་པ་སྟེ།། གཡས་པ་ལྔ་བཅུ་གསེག་ཤང་ཅན།། དེ་ལྟར་གཡོན་པ་པར་པུ་བསྣམས།། ཉན་ཐོས་ཞི་དམར་དབུའི་ཕྱག།། རྣམ་པ་བརྒྱད་དང་ལྡན་པ་སྟེ།། གསུང་གི་འགྲོ་དོན་སྤྱོད་པ་དང། ། སྤྱིན་པས་འདུལ་པའི་ཡོན་ཏན་གྱིས།། གསེག་ཤིང་པར་བུ་རྣམ་པར་མཛེས།། རྣམ་པར་སྣང་མཛད་ཁྲོ་བོ་ཡི།། ཞིང་ཁམས་དང་པོར་བྱུང་བ་ནི།། ཉན་ཐོས་ཞི་བ་རྣམ་པ་བརྒྱ།། ཐེག་པ་ཆེན་པོའི་བཞིན་པ་ལ། ། ཉན་ཐོས་སྐལ་ངན་དྲང་བའི་ཕྱིར།། ཐབས་ཉིད་ཡིད་ཡོན་ཏན་འདི་ཁོ་ནའོ།། ཁ་དོག་སེར་པོ་གཡོན་པ་ན།། རང་རྒྱལ་སྐྱེས་བུ་དཔའ་བོ་དབུ།། རྣམ་པ་བརྒྱ་ཡིས་མཛེས་པའི་ཕྱག། མདུན་དུ་བརྐྱང་བའི་ཕྱག་མཚན་ནི། ། འཁོར་ལོའི་མཐའ་དང་བསམ་མི་ཁྱབ།། ལྟེ་བ་མུ་ཁྱུད་རྩིབས་དང་བཅས།། རྟེན་འབྲེལ་སྟོབས་གྲུབ་པ་ཡི།། ཆོས་རྟགས་ཕྱག་མཚན་གཉིས་པ་སྟེ། གཉིས་སུ་འཐུན་དང་ཡ་གཅིག་སྟེ། ། ཚོགས་དང་གཅིག་པུའི་ཁྱད་པར་ཅན།། ཁ་དོག་རྣམ་པ་ཀུན་གྱི་མཛེས།། མི་གཡོ་སྨོན་ལམ་ལས་བྱུང་བའི།། རང་གི་རྒྱུད་ཀྱང་དག་པ་སྟེ།། དམིགས་པ་ཕྲ་མོ་རྡུལ་ཕྱིར་དུ།། འཁོར་ལོ་འགྲོ་བ་གདུལ་ཕྱིར་ཡིན། ། གཡོན་ཞལ་སེར་པོའི་དབུ་ལས་འཕྲོས།། གསུམ་པའི་སྟེང་ན་དབུ་མའི་ཞལ།། དམར་པོ་མཁས་པའི་སྤྱོད་ཡུལ་ཅན།། འདི་ལས་བསྐྱེད་ཕྱག་ནི་རྒྱུ།། ཐུར་དུ་བཞག་པའི་དབུ་ལས་འཕྲོས།། གསུམ་པའི་སྟེང་ན་དབུ་མའི་ཞལ། ། དམར་པོ་མཁས་པའི་སྤྱོད་ཡུལ་ཅན།། འདི་ལས་བསྐྱེད་ཕྱག་ནི་རྒྱུ།། ཐུར་དུ་བཞག་པའི་ཕྱག་མཚན་ནི།། ལྔ་བཅུ་གཉིས་ན་ཐོགས་པ་སྟེ། གཡས་ན་ལྕགས་སྐྱུ་དང་པོ་སྟེ།། གཟུགས་དང་སྒྲ་དང་དྲི་དང་རོ་དང། རེག་བྱ་འཇམ་པར་སྲེགས་བཅུ།། འདི་ལྟར་ལྔ་བཅུ་གཡས་པ་ན་དེ་ཡི་ཞིང་ལྔ་གཡོན་པ་སྟེ།། འདས་པ་ཐམས་ཅད་མར་མེ་མཛད།། ཐམས་ཅད་ད་ལྟར་ཤཱཀྱ་ཐུབ།། མ་འོངས་ཐམས་ཅད་བྱམས་པ་བསྣམས། ། ཐམས་ཅད་ཐ་མར་རིན་ཆེན་དཔལ།། ད་ལྟར་ཐམས་ཅད་བྱང་ཆུབ་སེམས།། བོང་བུ་ཞོན་ཞིང་སྲིན་མོ་འདུལ།། ལྔ་ལས་བཅུར་བསྐྱེད་ལྔ་བཅུའི་ཕྱག། མཆོད་ནས་དམ་པ་འདི་ལྟར་འཕགས།། འདི་དག་གཡོན་པའི་ཕྱག་ན་མཛེས། ། དམར་པའི་ཞལ་ནས་སྤྲུལ་པའོ།། རྣམ་པར་སྣང་མཛད་ཁྲོ་བོ་ཡི།། གཡས་པ་ལོངས་སྤྱོད་རྫོགས་པའི་དབུ།། ཅུང་ཟད་སེར་བ་རྒྱན་གྱི་ཞལ།། མཚན་རྣམས་རྫོགས་པའི་ཞབས་ཀྱིས་ནི། ། དུས་གསུམ་སྨིན་པའི་གཟུགས་ཅན་འདྲེན།། དེ་ཡི་ཕྱག་ཀྱང་རྣམ་པ་བརྒྱ།། གཡས་ཀྱི་ལྔ་བཅུ་ལྕགས་ཀྱུ་དམར།། གཡོན་གྱི་ལྔ་བཅུ་ལྕགས་ཀྱུ་དམར།། ཐུར་དུ་བརྐྱང་པའི་ཕྱག་མཚན་གྱིས།། མིག་དང་རྣ་བ་སྣ་དང། ། ལྕེ་དང་ལུས།། ཟླ་བའི་དཀྱིལ་འཁོར་ཕྱེད་ཡན་ཆད།། ལ་སོགས་གཡས་པས་འདྲེན་པ་དང། གཏི་མུག་གདུལ་པ་ཡན་ཆད་དུ།། ཇི་བཞིན་ལྕགས་ཀྱུས་རྣམ་པར་འདྲེན།། ལོངས་སྤྱོད་རྫོགས་པའི་ཏིང་ངེ་འཛིན་གྱིས། ། འཁོར་བ་ཉིད་ན་རྒྱུན་དུའོ།། རྣམ་པར་སྣང་མཛད་ཁྲོ་བོ་ཡི།། ཟུར་དུ་ཕབ་པ་རྣམ་པར་བརྒྱ།། གཡོན་ཞལ་སྔོན་པོ་ཉིད་ལས་འཕྲོས།། ཀུན་གྱི་ཕྱག་ན་བསྣམས་པ་ནི།། རྣམ་པ་ཐར་པ་གསུམ་པའི་ཞལ། ། གཞལ་ཡས་ཁང་ནི་དཀར་པོ་འཛིན།། སྟོང་ཉིད་མཚན་མེད་སྨོན་པ་མེད།། འདས་པའི་རང་བཞིན་ཐམས་ཅད་ནི།། སྟོང་པ་ཉིད་ཀྱི་རྣམ་པ་དང།། ད་ལྟར་མཚན་མ་མེད་བསྟན་པས།། མ་འོངས་པ་ལ་སྨོན་པ་མེད། ། ནམ་མཁའ་ཁྱབ་པའི་འཇིག་རྟེན་ན།། རྣམ་པ་བཅུས་བཤད་བྱིས་པ་ལ།། རེ་རེ་དག་ཀྱང་རྣམ་པ་བཅུ།། འདི་ལྟར་འདས་དང་ད་ལྟར་དང།། མ་འོངས་པ་ན་མཚན་ཉིད་ནི།། རྣམ་པར་ཐར་པ་གསུམ་བརྒྱ་བསྣམས། ། ཆོས་ཉིད་དབུ་མས་རྣམ་པར་ཐར།། དུད་ཀ་འཇིགས་པའི་ཞན་ནས་ནི།། ཐུར་དུ་བརྐྱང་པའི་ཕྱག་མཚན་བརྒྱ།། གཡས་ཀྱི་ཕྱག་ནི་ལྔ་བཅུ་ལ།། སྲིད་པའི་རྩེ་མོའི་གཞལ་ཡས་ན།། ལྔ་བཅུ་ཐམ་པའི་ཕྱག་རྒྱ་ཅན། ། ལས་ཀྱི་དྲ་བ་མཇོམས་མཛད་པའི།། དངོས་གྲུབ་མང་པོའི་དཀྱིལ་འཁོར་ནི།། དཔག་བསམ་ཤིང་ལས་བརྒྱན་པ་སྟེ།། རིན་ཆེན་འབར་བའི་ཅོད་པན་ཅན།། གྲུབ་གསུམ་ནང་ན་ཕྱག་རྒྱ་ཆེ། ། གཡོན་པ་ལས་ལས་བྱུང་བ་ཡི།། སྲིད་པའི་གྲོང་ཁྱེར་གདུལ་བྱ་ཉིད།། རྣམ་པ་ལྔ་ཡི་གྲོང་ཁྱེར་ཉིད།། གྲོང་ཁྱེར་གཅིག་ལས་ཁྱད་པར་བཅུ།། དེ་ལྟར་ལྔ་བཅུ་ལྡན་པ་ཡི།། གདུལ་བྱ་རྨ་བྱའི་རྒྱལ་མཚན་འདྲ། དབུ་མས་རྣམ་པར་འཇོམས་པ་ནི།། དག་པ་ཉིད་དང་མ་དག་པ།། གཡོན་པའི་ཕྱག་ན་རྣམ་པར་མཛེས།། དེ་ལྟར་གཡས་པ་ལྗང་ཁུ་ནི།། ཐབས་ཀྱི་ཕྱག་རྒྱ་ཟུར་དུ་བསྒྲེང།། གཡས་པ་ལྔ་བཅུར་ལྡན་པ་ནི།། དུས་གསུམ་ནམ་མཁའི་མཐའ་འདྲ་བར། ། རྒྱལ་བས་ཐབས་ཀྱི་ཕྱག་རྒྱ་ནི།། ཁྲོ་བོ་བཅུ་ལས་འཕྲོས་པ་ཡིས།། དེ་རེ་ལྔ་ལྔ་གྱུར་པ་ནི།། གཡས་པ་རྣམ་པར་བརྒྱན་པ་ཡིན།། གཡོན་པ་ལྔ་བཅུས་བསམས་པ་ནི།། ཁྲོ་བོ་དང་ནི་མ་མོ་དང། ། སྲིན་མོ་དང་ན་གནོད་སྦྱན་མ།། ལྷ་མོ་དང་ནི་ཀླུ་མོ་དང།། དྲི་ཟ་མོ་དང་གྲུལ་བུམ་མོ།། རྣལ་འབྱོར་མ་དང་མཁའ་འགྲོ་མོ།། དབུ་གཅིག་མ་དང་གཉིས་པ་དང།། དེ་བཞིན་གསུམ་བཞི་ལྔ་པ་དང། ། དྲུག་པ་བདུན་པ་བརྒྱད་ཀྱི་དབུ།། དགུ་ནས་བཅུའི་བར་དུའོ།། དངོས་གྲུབ་ཐམས་ཅད་གསོལ་མཛད་པ། རིག་སྔགས་རྣམ་པར་གྲགས་པ་སྟེ།། ལྗང་ཁུ་ཞལ་ནས་འཕྲོས་པ་ཡིན།། གཟུངས་ཀྱི་ཕྱག་ན་བསྣམས་པ་ནི། ། གཡོན་ཞལ་དམར་པ་ཉིད་ལས་འཕྲོས།། གཡས་ན་ཐོགས་པ་ཕུར་པ་ཡིན། དེ་བཞིན་གཡོན་པ་པདྨ་སྟེ།། འདི་རྒྱ་ནི་གྱེན་དུ་བ་བཀན།། ཐབས་དང་ཤེས་རབ་ཁྱད་པར་གྱིས།། རབ་ཏུ་གསལ་བ་གང་དག་གོ། ། རྣམ་པར་སྣང་མཛད་ཁྱད་པར་ལས།། ཀུན་གྱི་སྟེང་ན་ཟབ་པའི་དབུ།། རྒྱ་ཆེན་རྣམས་དང་མ་འདྲེས་པ།། སྟེང་གི་དབུ་མཆོག་གནག་པ་སྟེ།། སྟེང་དུ་བརྐྱང་བའི་ཕྱག་རྒྱ་པ། སྟོང་པ་ཉིད་ཀྱི་རང་བཞིན་གྱིས། ། འདི་ལ་མཚན་མ་ག་ལ་འབྱུང། རྣམ་པར་སྤྲོས་པ་མེད་པ་ཡི།། ཕྱག་ན་ནམ་མཁའི་དཀྱིལ་དུ་ཐིམ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། ཁྲོ་བོ་རྣམ་པར་སྣང་མཛད་ཀྱི་སྐུ་ནམ་མཁའ་དང་མཉམ་པར་སྒོམ་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོས།། ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས། རང་བཞིན་གྱི་དཀྱིལ་འཁོར་འདི་ཕྱུང་ངོ། ། སྣ་ཚོགས་འདུས་པའི་ཐིག་ལེ་ཆེ།། རྒྱུད་ཀུན་འབྱུང་བའི་དཀྱིལ་འཁོར་ཏེ།། ཨོཾ་གྱི་ཡེ་ཤེས་ལས་བྱུང་བ།། སྣ་ཚོགས་འཁོར་ལོའི་བདག་ཉིད་ཆེ།། ཧཱུ~ཾ་གི་ཡེ་ཤེས་ལས་བྱུང་བས།། རྡོ་རྗེའི་དང་པོ་རྣམ་པར་མཛེས། ། སྭ་ཡི་ཡེ་ཤེས་ལས་བྱུང་བས།། རིན་ཆེན་འབར་བའི་ཅོད་པན་མཛེས།། ཨཾ་གི་ཡེ་ཤེས་ལས་བྱུང་བས།། སྣ་ཚོགས་པདྨ་ཏི་ཁྱད་པར་འཕགས།། ཧ་ཡི་ཡེ་ཤེས་ལས་བྱུང་བས།། སྣ་ཚོགས་རྒྱ་གྲམ་རབ་ཏུ་མཛེས། ། ཧྲི་ཡི་ཡེ་ཤེས་ལས་བྱུང་བས།། པདྨ་འབར་བའི་གཞལ་ཡས་ཁང།། ཧཱུ~ཾ་གི་ཡེ་ཤེས་ལས་བྱུང་བས།། སྣ་ཚོགས་རྡོ་རྗེའི་འཕྲེང་བའི་མཛེས།། ཀ་ཡི་ཡེ་ཤེས་ལས་བྱུང་བས།། འཁོར་ལོའི་ཞབས་དང་ཡང་དག་ལྡན། ། ཁ་ཡི་ཡེ་ཤེས་ལས་བྱུང་བས།། གནས་པ་ཞབས་ཀྱི་མཆོག་ཏུ་འགྱུར།། ག་ཡི་ཡེ་ཤེས་ལས་བྱུང་བས།། དྲ་བར་འབྲེལ་བའི་སོར་མོ་ཉེས།། གྷ་ཡི་ཡེ་ཤེས་ལས་བྱུང་བས།། རྣམ་པར་གཞོན་པའི་ཡན་ལག་ཅན། ། ང་ཡི་ཡེ་ཤེས་ལས་བྱུང་བས།། བདུན་པ་མཐོ་བ་ཉིད་དང་ལྡན།། ཙ་ཡི་ཡེ་ཤེས་ལས་བྱུང་བས།། སོར་མོ་རིང་བ་ཉིད་དང་ལྡན།། ཚ་ཡི་ཡེ་ཤེས་ལས་བྱུང་བས།། རྟིང་པ་ཡངས་པའི་འབྲས་བུ་ཅན། ། ཛ་ཡི་ཡེ་ཤེས་ལས་བྱུང་བས།། ཡེ་ཤེས་སྐུ་མཆོག་ཤིན་ཏུ་ཆེ།། ཛྷ་ཡི་ཡེ་ཤེས་ལས་བྱུང་བས། མཐོ་བར་གྱུར་བའི་ཞབས་དང་ལྡན།། ཉ་ཡི་ཡེ་ཤེས་ལས་བྱུང་བས།། བ་སྤུ་གྱེན་དུ་འཁྱིལ་བར་མཛེས།། ཊ་ཡི་ཡེ་ཤེས་ལས་བྱུང་ལས། ། ཨེ་ནྱ་ཡ་ཡི་བྱིན་པ་འདྲ།། ཋ་ཡི་ཡེ་ཤེས་ལས་བྱུང་བས། རྣམ་པར་རིང་བའི་ཕྱག་ཏུ་མཛེས།། ཌ་ཡི་ཡེ་ཤེས་ལས་བྱུང་བས།། གསང་པའི་གནས་མཆོག་སྦུབས་སུ་ནུབ།། ངྷ་ཧཡི་ཡེ་ཤེས་ལས་བྱུང་བས། གསེར་གྱི་ཁ་དོག་རྣམ་པར་གསལ།། ཎ་ཡི་ཡེ་ཤེས་ལས་བྱུང་བས།། འཇམ་པར་གྱུར་པའི་རང་བཞིན་འཆང།། ཏ་ཡི་ཡེ་ཤེས་ལས་བྱུང་བས།། གཡས་སུ་འཁྱིལ་པའི་སྤུ་ཡིས་མཛེས།། ཐ་ཡི་ཡེ་ཤེས་ལས་བྱུང་བས། ། མཛོད་སྤུ་རྣམ་པར་དག་པའོ།། ད་ཡི་ཡེ་ཤེས་ལས་བྱུང་བས།། སེང་གེ་ལྟ་བུའི་སྐུ་སྟོད་མངའ།། ངྷ་ཡི་ཡེ་ཤེས་ལས་བྱུང་བས།། དཔུང་པ་ཟླུམ་པོར་གྱུར་པའོ།། ན་ཡི་ཡེ་ཤེས་ལས་བྱུང་བས།། ཕྲག་པ་རྣམ་པར་རྒྱས་པ་ཡིན། ། པ་ཡི་ཡེ་ཤེས་ལས་བྱུང་བས།། ལྗགས་ལ་རོ་མཆོག་མངའ་བའོ། ཕ་ཡི་ཡེ་ཤེ་ལས་བྱུང་བས།། ནྱ་གྲོ་ངྷ་ལྟར་ཆུ་ཞེང་གབ།། བ་ཡི་ཡེ་ཤེས་ལས་བྱུང་བས།། རྣམ་པར་མཐོ་བའི་སྤྱི་གཙུག་མངའ། ། བྷ་ཡི་ཡེ་ཤེས་ལས་བྱུང་བས།། རབ་ཏུ་ཡངས་པའི་ལྗགས་དང་ལྡན།། མ་ཡི་ཡེ་ཤེས་ལས་བྱུང་བས།། རྣམ་པར་གསལ་བའི་ཚངས་པའི་གསུང།། ཡ་ཡི་ཡེ་ཤེས་ལས་བྱུང་བས།། སེང་གེའི་འགྲམ་པ་འཕགས་པའོ། ། ཝ་ཡི་ཡེ་ཤེས་ལས་བྱུང་བས།། ཤིན་ཏུ་དཀར་བའི་ཚེམས་དང་ལྡན། ར་ཡི་ཡི་ཤེས་ལས་བྱུངབས།། དེ་དག་ཤིན་ཏུ་མཉམ་པའོ།། ལ་ཡི་ཡེ་ཤེས་ལས་བྱུང་བས།། ཐག་བཟངས་རྣམ་པར་མཛེས་པ་ཡིན།། ཤ་ཡི་ཡི་ཤེས་ལས་བྱུངབས། ། བཞི་བཅུ་ཚང་བའི་ཚེམས་དངལྡན།། ས་ཡི་ཡེ་ཤེས་ལས་བྱུང་བས།། དཀར་གནག་ཕྱེད་པའི་སྤྱན་དང་ལྡན།། ཧ་ཡི་ཡེ་ཤེས་ལས་བྱུང་བས།། བ་ཡི་རྫི་མ་ལྟ་བུ་ཡིན།། ཀ་ཡི་ཡེ་ཤེས་ལས་བྱུང་བས། སེན་མོ་ཟངས་དང་འདྲ་བའོ།། ཁ་ཡི་ཡེ་ཤེས་ལས་བྱུང་བས།། དེ་ཡི་མདོག་ཀྱང་སྣུམ་པ་ཡིན།། ག་ཡི་ཡེ་ཤེས་ལས་བྱུང་བས།། དེ་ཉིད་གནས་པ་མཐོ་བ་ཡིན།། གྷ་ཡི་ཡེ་ཤེས་ལས་བྱུང་བས། ། ཕྱག་གི་སོར་མོ་རྣམ་པར་ཟླུམ།། ང་ཡི་ཡེ་ཤེས་ལས་བྱུང་བས།། སོར་མོ་རྣམ་པར་རྒྱས་པའོ།། ཙ་ཡི་ཡེ་ཤེས་ལས་བྱུང་བས།། སོར་མོ་ཉིད་ནི་ཕུ་བ་ཡིན།། ཚ་ཡི་ཡེ་ཤེས་ལས་བྱུང་བས།། ཡན་ལག་རྩའི་ལྟར་མི་མངོན། ། ཛ་ཡི་ཡེ་ཤེས་ལས་བྱུང་བས།། དེ་ལ་མདུན་པ་མེད་པ་ཡིན།། ཛྷ་ཡི་ཡེ་ཤེས་ལས་བྱུང་བས།། ལོང་བུ་མངོན་པ་མེད་པ་ཡིན།། ཉ་ཡི་ཡེ་ཤེས་ལུས་བྱུང་བས།། ཞབས་ཀྱང་རྣམ་པར་མཉམ་པ་ཡིན།། ཊ་ཡི་ཡེ་ཤེས་ལས་བྱུང་བས། ། སེང་གེའི་སྟབས་དང་ཡང་དག་ལྡན།། ཋ་ཡི་ཡེ་ཤེས་ལས་བྱུང་བས།། གླང་ཆེན་འགྲོས་དང་འདྲ་བ་ཡིན། ཌ་ཡི་ཡེ་ཤེས་ལས་བྱུང་བས།། དཔའ་པོ་ངང་པའི་སྟབས་དང་འདྲ།། ཌྷ་ཡི་ཡེ་ཤེས་ལས་བྱུང་པས། ། ཁྱོད་ནི་ཁྱུ་མཆོག་སྟབས་སུ་བཞུགས།། ཎ་ཡི་ཡེ་ཤེས་ལས་བྱུང་བས།། ཁྲོ་བོའི་གཡས་ཀྱི་ཕྱོགས་སུ་བཞུད།། ཏ་ཡི་ཡེ་ཤེས་ལས་བྱུང་བས།། བལྟ་ན་མཛེས་པར་བཞུད་པ་ཁྱོད།། ཐ་ཡི་ཡེ་ཤེས་ལས་བྱུང་བས། ། དཔའ་བོ་གཡོ་བ་མེད་པར་བཞུད།། ད་ཡི་ཡེ་ཤེས་ལས་བྱུང་བས།། ལེགས་པར་བཞུད་པའི་སྐུ་མཆོག་ཡིན།། ལྷ་ཡི་ཡེ་ཤེས་ལས་བྱུང་བས།། སྦྱངས་པའི་ལམ་དུ་བཞུད་པ་ཡིན།། ན་ཡི་ཡེ་ཤེས་ལས་བྱུང་བས། ། བགས་ཀྱི་གཞོལ་པའི་སྐུ་མཆོག་ཡིན།། པ་ཡི་ཡེ་ཤེས་ལས་བྱུང་བས། སྐུ་ནི་ཤུན་ཏུ་གཙང་བ་ཡིན།། ཕ་ཡི་ཡེ་ཤེས་ལས་བྱུང་བས།། རྟག་ཏུ་འཇམ་པ་བརྙེས་པ་ཡིན།། བ་ཡི་ཡེ་ཤེས་ལས་བྱུང་བས།། སྐུ་ནི་ཤིན་ཏུ་འཇམ་པ་ཡིན། ། བྷ་ཡི་ཡེ་ཤེས་ལས་བྱུང་བས།། རྣམ་པར་དག་པའི་སྐུ་མཆོག་ཡིན།། མ་ཡི་ཡེ་ཤེས་ལས་བྱུང་བས།། ཤིན་ཏུ་རྫོགས་པའི་དཔེ་བྱད་ཡིན།། ཡ་ཡི་ཡེ་ཤེས་ལས་བྱུང་བས།། སྐུ་ནི་ཆེ་ཞིང་མཛེས་པ་ཡིན། ། ཝ་ཡི་ཡེ་ཤེས་ལས་བྱུང་བས།། སྐུ་ནི་ཀུན་ཏུ་མཉམ་པ་ཡིན།། ར་ཡི་ཡེ་ཤེས་ལས་བྱུང་བས།། གཞོན་ནུར་གྱུར་པའི་སྐུ་དང་ལྡན།། ལ་ཡི་ཡེ་ཤེས་ས་ལས་བྱུང་བས།། སྐུ་ནི་ཞུམ་པ་མེད་པ་ཡིན།། ཤ་ཡི་ཡེ་ཤེས་ལས་བྱུང་བས། ། སྐུ་ནི་ཡོན་ཏན་གྱིས་བརྒྱན་ནོ།། ས་ཡི་ཡེ་ཤེས་ལས་བྱུང་བས། སྐུ་ནི་ཤིན་ཏུ་མཁྲེགས་པ་ཡིན།། ཧ་ཡི་ཡེ་ཤེས་ལས་བྱུང་བས།། ཡན་ལག་ཉིང་ལག་མཛེས་པ་ཡིན།། ཨ་ཡི་ཡེ་ཤེས་ལས་བྱུང་བས། ། ཐམས་ཅད་གཟིགས་པ་མངའ་པའོ།། ཨཱ་ཡི་ཡེ་ཤེས་ལས་བྱུང་བས།། ཕྱལ་ནི་རྣམ་པར་ཟླུམ་པའོ།། ཨི་ཡི་ཡེ་ཤེས་ལས་བྱུང་བས།། ཁྱོད་ཀྱི་ཕྱལ་ནི་ལས་བྱུང་བས། ཨཱི་ཡི་ཡེ་ཤེས་བྱུང་བས།། ཕྱལ་ནི་རྣམ་པར་མ་ཞོམ་པའོ། ། ཨུ་ཡི་ཡེ་ཤེས་ལས་བྱུང་བས།། དཔའ་བོའི་ཕྱིལ་ནི་བྱམ་མེ་བ།། ཨཱུ་ཡི་ཡེ་ཤེས་ལས་བྱུང་བས།། སྐུ་ཡི་ལྟེ་བ་ཟབ་པ་ཡིན།། ཨེ་ཡི་ཡེ་ཤེས་ལས་བྱུང་བས།། ལྟེ་བ་གཡས་ན་རབ་ཏུ་མཛེས། ། ཨཻ་ཡི་ཡེ་ཤེས་ལས་བྱུང་བས།། དེ་ནི་ཀུན་ནས་མཛེས་པ་ཡིན།། ཨོ་ཡི་ཡེ་ཤེས་ལས་བྱུང་བས།། རྣམ་པར་དག་པར་གྱུར་པ་ཁྱོད།། རཱྀ་ཡི་ཡེ་ཤེས་ལས་བྱུང་བས།། རྨེ་བ་ཐ་དད་སྤངས་པར་མཛད།། ལྀ་ཡི་ཡེ་ཤེས་ལས་བྱུང་བས། ། ཁྱོད་ཀྱི་ཕྱག་ན་རྟག་ཏུ་འཇམ།། ལཱྀ་ཡི་ཡེ་ཤེས་ལས་བྱུང་བས།། ཕྱག་ལ་རི་མོ་སྣུམ་པར་མཛེས།། ཨོ་ཡི་ཡེ་ཤེས་ལས་བྱུང་བས།། དེ་དག་ཀྱིང་ཀྱང་ཟབ་པ་ཡིན།། ཨོཾ་ཡི་ཡེ་ཤེས་ལས་བྱུང་བས། ། རི་མོ་རིང་པོའི་རྒྱུན་མ་ཆད།། ཨོཾ་གྱི་ཡེ་ཤེས་ལས་བྱུང་བས།། ཞལ་ནི་རྣམ་པར་རིང་བ་ཡིན།། ཨ་ཡི་ཡེ་ཤེས་ལས་བྱུང་བས།། ཞལ་ནི་ཆོས་ཀྱི་གཟུགས་བརྙན་མངའ། ཀ་ཡི་ཡེ་ཤེས་ལས་བྱུང་བས།། ཤིང་བལ་ལྟ་བུའི་ལྗགས་དང་ལྡན། ། ཁ་ཡི་ཡེ་ཤེས་ལས་བྱུང་བས།། ཁྱོད་ཀྱི་ལྗགས་ཀྱང་ཡངས་པར་མངའ། ག་ཡི་ཡེ་ཤེས་ལས་བྱུང་བས།། རབ་ཏུ་དམར་པའི་ལྗགས་དང་ལྡན།། གྷ་ཡི་ཡེ་ཤེས་ལས་བྱུང་བས།། ཁྱོད་ཀྱི་གསུང་ནི་རྣམ་པར་ཟབ། ང་ཡི་ཡེ་ཤེས་ལས་བྱུང་བས། ཡིད་དང་མཐུན་པའི་གསུང་མཆོག་སྒྲོགས།། ཙ་ཡི་ཡེ་ཤེས་ལས་བྱུང་བས།། སྤྲོས་མེད་མཆེ་བ་རྣམ་པར་ཟླུམ།། ཚ་ཡི་ཡེ་ཤེས་ལས་བྱུང་བས།། དྲི་ཞིམ་དབུ་དང་ཡང་དག་ལྡན། ། ཛ་ཡི་ཡེ་ཤེས་ལས་བྱུང་བས།། དུག་གསུམ་དབུགས་པའི་མཆེ་བ་རྣོ།། ཛྷ་ཡི་ཡེ་ཤེས་ལས་བྱུང་བས།། དག་པའི་ཚོམས་མཆོག་དཀར་བ་ཡིན། ཉ་ཡི་ཡེ་ཤེས་ལས་བྱུང་བས།། ཁྱོད་ནི་མཉམ་པའི་ས་ལ་བཞུགས། ། ཊ་ཡི་ཡེ་ཤེས་ལས་བྱུང་བས།། ཞལ་གྱི་ཚེམས་ཀྱང་རིང་བ་ཡིན།། ཋ་ཡི་ཡེ་ཤེས་ལས་ཕྱུང་བས།། ཤངས་མཆོག་རྣོན་པོར་གྱུར་པ་ཁྱོད།། ཌ་ཡི་ཡེ་ཤེས་ལས་བྱུང་བས།། དག་པར་གྱུར་པའི་ཤངས་མཆོག་མངའ། ། ཌྷ་ཡི་ཡེ་ཤེས་ལས་བྱུང་བས།། འཁོར་བའི་བར་དུ་སྤྱ་ཡང་རིང།། ཎ་ཡི་ཡེ་ཤེས་ལས་བྱུང་བས། སྤྱན་ནི་ཤིན་ཏུ་རྣམ་པར་དག།། ཏ་ཡི་ཡེ་ཤེས་ལས་བྱུང་བས།། སྤྱན་གྱི་རྫི་མ་ཤིན་ཏུ་སྡུག།། ཐ་ཡི་ཡེ་ཤེས་ལས་བྱུང་བས། ། སྤྱན་ནི་ཤིན་ཏུ་དཀར་གནད་ཕྱེད།། ད་ཡི་ཡེ་ཤེས་ལས་བྱུང་བས།། ཞལ་གྱི་སྨིན་མ་རིང་བ་ཡིན།། ངྷ་ཡི་ཡེ་ཤེས་ལས་བྱུང་བས།། སྨིན་མ་ཉིད་ཀྱང་རྣམ་པར་འཇམ།། ན་ཡི་ཡེ་ཤེས་ལས་བྱུང་བས། ། དེ་ཉིད་རྣམ་པར་མཉམ་པ་ཡིན།། པ་ཡི་ཡེ་ཤེས་ལས་བྱུང་བས།། སྣུམ་པར་གྱུར་པའི་སྨིན་མ་མངའ།། ཕ་ཡི་ཡེ་ཤེས་ལས་བྱུང་བས།། སྙན་ཀྱང་རིང་བར་གྱུར་པ་ཡིན།། བ་ཡི་ཡེ་ཤེས་ལས་བྱུང་བས།། ཁྱོད་ཀྱི་སྙན་ནི་རྣམ་པར་མཉམ། ། བྷ་ཡི་ཡེ་ཤེས་ལས་བྱུང་བས།། དེ་ཡི་དབང་པོ་རྣམ་པར་དག།། མ་ཡི་ཡེ་ཤེས་ལས་བྱུང་བས། དཔྲལ་བར་ཤིན་ཏུ་མཛེས་པ་ཡིན།། ཡི་ཡེ་ཤེས་ལས་བྱུང་བས།། དཔྲལ་པ་རྣམ་པར་སྤངས་པ་ཡིན། ། ཝ་ཡི་ཡེ་ཤེས་ལས་བྱུང་བས།། དབུ་ནི་ཤིན་ཏུ་རྒྱས་པ་ཡིན།། ར་ཡི་ཡེ་ཤེས་ལས་བྱུང་བས། དབུ་སྐྲ་རྣམ་པར་གནག་པ་ཡིན།། ལ་ཡི་ཡེ་ཤེས་ལས་བྱུང་བས།། དབུ་སྐྲ་ཀུན་ནས་གསིགས་པ་ཡིན། ། ཤ་ཡི་ཡེ་ཤེས་ལས་བྱུང་བས།། དབུ་ནི་རྣམ་པར་འཇུམ་པ་ཡིན།། ས་ཡི་ཡེ་ཤེས་ལས་བྱུང་བས།། རྣམ་པར་འཛིངས་པར་མ་གྱུར་པ།། ཧ་ཡི་ཡེ་ཤེས་ལས་བྱུང་བས། དབུ་ཉིན་ཤུན་ཏུ་འཇམ་པ་ཡིན།། ཨ་ཡི་ཡེ་ཤེས་ལས་བྱུང་བས། ། ལྷ་ཡི་གྲོང་ཁྱེར་ཉི་ཤུ་གནོན།། ནརི་ཡི་ཡེ་ཤེས་ལས་བྱུང་བས།། མི་ཡི་གྲོང་ཁྱེར་རྣམ་བཞི་གནོན།། ཏི་ཡི་ཡེ་ཤེས་ལས་བྱུང་བས།། དུད་འགྲོའི་གྲོང་ཁྱེར་རྣམ་བཞི་གནོན།། སུ་ཡི་ཡེ་ཤེས་ལས་བྱུང་བས། ། ཡི་དགས་གྲོང་ཁྱེར་རྣམ་བཞི་གནོན།། དུ་ཡི་ཡེ་ཤེས་ལས་བྱུང་བས།། དམྱལ་པའི་གྲོང་ཁྱེར་རྣམ་གཉིས་གནོན།། སུམ་ཅུ་རྩ་གཉིས་འཁོར་ལོ་ཡི།། སུམ་ཅུ་རྩ་གཉིས་མཚན་དང་ལྡན།། རལ་གྲི་ནེའུ་ལེ་ལ་སོགས་ཏེ། ། རྣམ་པ་བརྒྱད་ཅུའི་དཔེ་བྱད་ཅན།། ཟླ་བའི་དཀྱིལ་འཁོར་ན་ཡིག་འབྲུ་གསལ།། ཏི་ཡི་ཡེ་ཤེས་རྣམ་བཞི་ལས།། སེང་གེ་སྟག་དང་འབྲུག་ཁྱ་དང།། ཞན་པ་བརྫིས་པའི་མཁའ་འགྲོ་བཞི།། དུར་ཁྲོད་ལྟ་བུའི་གྲུ་ཆད་འཛིན། ། ཧཱུ~ཾ་གི་རྣམ་པ་དེ་གཉིས་ལས།། རྣམ་པར་གྱུར་པ་རྣམ་པ་བརྒྱད།། འཇིག་རྟེན་སྐྱོང་བའི་རྗེ་མེ་ནི།། མཁའ་འགྲོ་ཆེན་མོའི་རིགས་དང་འདྲ།། ཧཱུ~ཾ་གི་རྣམ་པ་རྣམ་བཞི་ནི།། བྱམས་པ་སྙིང་རྗེ་དགའ་བ་ཅན། ། ཡེ་ཤེས་བཞི་ཡི་འཁོར་ལོ་བསྐོར།། ཚད་མེད་མཁའ་འགྲོ་ལས་བཞི་མས།། འཁོར་ལོ་ཟླ་དཀྱིལ་ལྟ་བུར་མཛེས།། འཁོར་ལོ་འཁོར་བ་སུམ་ཅུ་གཉིས།། དུད་འགྲོ་གནོན་པའི་མཁའ་འགྲོ་བཞི།། འདས་པ་དེ་ཡི་ཕ་རོལ་ན། ། འཇིག་རྟེན་སྐྱོང་བའི་གཙོ་བོ་ནི།། རང་བཞིན་ཡེ་ཤེས་རྒྱན་གྱིས་མཛེས།། དཔལ་དངོས་གྲུབ་ཐམས་ཀྱིས་བརྟན་པར་གཟིགས་པའི་རྒྱུད་རྒྱལ་པོ་ཆེན་པོ་ལས།། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་སྦྱོར་བ་སྟེ་ལེའུ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྣམས་ལས།། སྔགས་ཀྱི་འཕྲེང་བ་འདི་ཆེར་གསུངས་སོ།། རྣམ་པར་སྣང་མཛད་བཅོམ་ལྡན་འདས།། མི་གཡོ་བྱང་ཆུབ་སེམས་ཉིད་དང། ། དཔལ་གྱི་ལྷ་མོ་རྒྱས་པར་ལྡན།། རྡོ་རྗེ་མཁའ་འགྲོ་རྣམ་པར་ཐར།། ལྷ་མོ་ནག་མོ་མཚན་དང་ལྡན།། དཔག་མེད་མཚན་གྱིས་ཞིང་ཁམས་སྦྱོར།། མི་ཕྱེད་འཇིགས་ཅིང་ཞིང་ཁམས་གདུག་པ་ན། ། བོད་བུ་ཞོན་ཞིང་ཁམས་གསུམ་འདུལ།། རྒྱལ་པ་ཀུན་གྱི་བླ་མ་དེ།། དངོས་གྲུབ་ཀུན་གྱི་འབྱུང་གནས་ལ།། འདི་ལ་མ་བརྟེན་སྦྱོར་བ་རྣམས།། བསྒྲུབ་པ་གང་དག་ཡང་ཐོབ་མི་འགྱུར།། དཀྱིལ་འཁོར་འཇུག་པར་ནུས་པ་དང། ། སྔགས་རྣམས་དང་པོར་སྒྲུབ་པར་ཤིས།། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ།། ཨོ་ཨཽ།། ཨཾ་ཨ།། ཀ་ཁ་ག་གྔ་ང།། ཙ་ཚ་ཛ་ཛྷ་ཉ།། ཊ་ཋ་ཌ་ཌྷ་ཎ།། ཏ་ཐ་ད་དྷ་ན།། པ་ཕ་བ་བྷ་མ།། ཡ་ཝ་ར་ལ། ། ཤ་ཥ་ས་ཧ་ཀྵ།། ཐབས་དང་ཤེས་རབ་དཀྱིལ་འཁོར་ནི།། ནམ་མཁའ་དང་ཡང་མཉམ་པ་ཡིན། སྐུ་དང་ཡེ་ཤེས་རང་བཞིན་ནི།། སེམས་རྣམས་དང་ཡང་མཉམ་པ་ཡིན།། ལས་དང་རྣམ་པར་སྨིན་པ་ནི། ། སངས་རྒྱས་ཉིད་དང་མཉམ་པའོ། འཁོར་བའི་འཁོར་ལོ་ནི།། སུམ་ཅུ་རྩ་གཉིས་འཇུག་འདོད་པས།། ཇི་བཞིན་སྔགས་འདི་བསྟན་པའོ།། ཨོཾ་སརྦ་བུ་ངྔྷ་བཻ་རོ་ཙ་ན་སརྦ་ཏ་ཐཱ་ན་ག་ག་ན་ཨོཾ།། ཧཱུ~ཾ་བཛྲ་ས་ཏྭ་སརྦ་ཏ་ཐཱ་ན་ག་ག་ན་ཧཱུ~ཾ། སྭ་རཏྣ་སརྦ་ཏ་ཐཱ་ན་ག་ག་ན་སྭ། ཨོཾ་པདྨ་སརྦ་ཏ་རྠཱ་ན་ག་ག་ན་ཨཾ།། ཧ་ཀ་རྨ་སརྦ་ཏ་ཐཱ་ན་ག་ག་ན་ཧ།། རྩའི་དཀྱིལ་འཁོར་མངོན་པར་བསྟན་པའོ།། ཨོཾ་བུ་ངྔྷ་ངྷ་རྨ་སཾ་གྷ།། ཨ་ཝ་ལོ་ཀ་ཡ། ཨོཾ་ཨཾ་ཧཱུ~ཾ་སྭཱ་ཧཱ། ། སྦྱོར་བ་ཐུན་མོང་གིའོ།། ཨཱ+ོཾ་བཛྲ་ཌཱ་གི་ནི་ད་ཡ་སིང་ཧ་ཨ་པ་ས་ནི། ཨོཾ་བཛྲ་ཌཱ་ཀི་ནི་ད་ཡ།། བྱ་ཀི་ཨ་པ་ས་ནི།། ཨོཾ་བཛྲ་ཌཱ་ཀི་ནཱི་ད་ཡ།། ཨུར་མོ་ཨ་བ་ནི།། ཨོཾ་བཛྲ་བཛྲ་ཌཱ་ཀི་ནཱི་ད་ཡ།། གུ་རུ་ཌཱ་ཀི་ནཱི་ད་ཡ། ། ཨ་བ་ས་ནི།། ཨ་ར་ལི་དི། ཁ་མུ་ཁི་ཧོ།། གྲུ་ཆད་ཀྱི་མཁའ་འགྲོ་མ་ཆེན་མོ་བཞིའོ།། ཨ་ནརི་སུ་ཏྲི་པྲེ་དུ་ཨ་པས་ནི་མ་ཧ་པདྨ་སྟཾ།། ཁམས་གསུམ་པའི་གདན་ནོ།། ཨོཾ་ཨ་ར་ལི་ཏ་ར་གོ་ར་ཨ་པ་ས་ནི། ཛཱ་ལ། ཨི་ནྟྲ་ཏྲ་ར་ཧུ་ལ། ། ན་མ་ཨ་བ་ལོ་ཀ་ཡ།། ཤར་དུའོ།། ཨོཾ་ཨ་ར་ལི་ག་ཏ་ཧ་ཀ་བི་ར་ཨ་བ་ས་ནི།། ཡ་མ་ར་ཧུ་ལ་ན་མ་ཨ་པ་ལོ་ཀ་ཡ།། ལྷོར་རོ།། ཨོཾ་ཨ་ར་ལི་ག་ཏ་ཧ་ཀོ་གོ་ར་ཨ་པ་ས་ནི།། ཛ་ལ་ར་ཧུ་ལ།། ན་མ་ཨ་པ་ལོ་ཀ་ཡ། ། ནུབ་པོ།། ཨོཾ་ཨར་ལི་ག་ཏ་ཧ་ཧ་ཨ་པ་ས་ནི་ཡཀྵ་ར་ཧཱུ་ལ་ནཱ་མ་ཨ་བ་ལོ་ཀ་ཡ།། བྱང་དུའོ།། ཨོཾ་ཨ་ར་ལི་ཏ་ཧ་བི་ལ་ཡ་ཨ་པ་ས་ནི།། ཨགྣེ་ར་ཧཱུ་ལ་ནཱ་མ་ཨ་པ་ས་ནི།། ཤར་ལྷོར་རོ།། ཨོཾ་ཨ་ར་ལི་ག་ཏ་ཧ་གོ་ར་ཨ་པ་ས་ནི། ། རཀྵ་ར་ཧུ་ལ་ནཱ་མ།། ཨ་བ་ལོ་ཀ་ཡ།། ལྷོ་ནུབ་ཏུའོ།། ཨོཾ་ཨ་ར་ལི་ག་ཏ་ཧ་ཀ་ལ་ཡི་ཨ་བ་ས་ནི།། བ་ཡེ་བེ་ར་ཧུ་ལ་ནཱ་མ་ཨ་པ་ལོ་ཀ་ཡ།། ནུབ་བྱང་དུའོ།། ཨོཾ་ཨ་ར་གི་ག་ཏ་ཧ་གོ་ས་ཨ་བ་ས་ནི།། བུངྔྷ་ར་ཧཱུ་ལ་ཨ་པ་ལོ་ག་ཡ། ། བྱང་ཤར་དུའོ།། འདི་དག་ནི་འཇིག་རྟེན་ཕྱི་རོལ་གྱི་རང་བཞིན་མངོན་པར་དག་པའི་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་ན་གནས་པའི་མཁའ་འགྲོ་མ་གཙོ་མོ་བོང་ཞོན་མ་བརྒྱད་དོ།། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ། ཧཱུ~ཾ་བཛྲ་ཌཱ་ཀི་ནཱི། ངྷ་ཡ་མ་ཧཱ་མེ་ཏྲི་རུ་པ་གོ་ར་ཨོཾ་ཨཾ་ཧཱུ~ཾ།། ཤེ་གྱི་སྒོར་རོ།། ཨོཾ་བཛྲ་ཌཱ་ཀི་ནཱི་ངྷ་ཡ་མ་ཧཱ་ཀུ་རུ་རུ་པ་ཀའི་ར་ཨོཾ་ཨཱཿཧཱུ~ཾ།། ལྷོར་རོ།། ཨོཾ་བཛྲ་ཌཱ་ཀི་ནཱི་ངྷ་ཡ་མ་ཧཱ་ཨ་ནན་ཏ་རུ་པ་བ་ལི།། ཨོཾ་ཨཱཿཧཱུ~ཾ།། ནུབ་ཏུའོ། ཧཱུ~ཾ་བཛྲ་ཌཱ་ཀི་ནཱི་ངྷ་ཡ་མནྚལ་ན་ག་ག་ན་རུ་པ་ག་ཡ་ཧ་ར།། ཨོཾ་ཨཱཿཧཱུ~ཾ། བྱང་དུའོ།། འདི་དག་ནི་བྱམས་པ་མངོན་པར་གྲུབ་པ་དང།། སྙིང་རྗེ་མངོན་པར་གྲུབ་པ་དང། དགའ་བ་མངོན་པར་གྲུབ་པ་དང། བཏང་སྙོམས་མངོན་པར་གྲུབ་པ་དང། ། མཁའ་འགྲོ་མ་ཆེན་མོ་འདི་བཞིའི་རང་བཞིན་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སརྦ་ཏ་ཐཱ་ག་ཏ།། བུངྔྷ་ངྷ་རྨ་སང་གྷ་པུ་ཥྤ་མཎྜལ་སྟཾ། ། མེ་ཏོག་གི་ལྷ་གསང་པའོ།། ཨོཾ་སརྦ་ཏ་ཏྠཱ་ག་ཏ། བུ་ངྔྷ་ངྷ་རྨ་སང་གྷ་ཛྙ་ནི་ཀཱ་ཡ་མ་ཧཱ་ཨ་ར་ལི་ཨ་ཧཱུ~ཾ།། སྔགས་ཐམས་ཅད་ཡོངས་སུ་སྦྱོང་བའོ།། ཨོཾ་བུངྔྷ་ངྷ་རྨ་སང་གྟ་བཛྲ་ཌཱ་ཀི་ནཱི་ད་ཡ།། ཡོ་གི་ཤྭ་རི། ། ཨོཾ་ཨཱཿ་ཧཱུ~ཾ་=འདི་ཉིད་ནི་རྩེ་གཅིག་ཏུ་བཟླས་པའོ། ཨབྷྱི་ཥི་ཉྩ་ཨོཾ་ཧཱུ~ཾ།། འདི་དག་ནི་ཀུན་ཏུ་སློབ་མ་ལ་སྦྱིན་པའོ།། ཨོཾ་ཨ་ཁ་རོ་མུ་ཁམས་སརྦ་ངྷ་རྨ་ཨ་དྱ་ནུད་པན་ནད་དྭ་ཏ་ཏ།། འདི་ནི་སྔགས་ཐམས་ཅད་ཀྱི་རང་བཞིན་དང་ཡོན་ཏན་ནོ། གདོད་ནས་མ་བྱུང་མ་སྐྱེས་པ།། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད།། སྤྲོས་བྲལ་དེ་ཉིད་འོད་གསལ་ཆོས།། འདི་ལྟར་ན་ཐེག་པ་ཆེན་པོ་ས་གཞི་ལྟ་བུའི་བཞོན་པས་འདེགས་པ།། རང་བཞིན་གྱིས་ཤིན་ཏུ་རྣམ་པར་དག་པའི་ལམ་གྱི་ཁྱད་པར་ཏེ། འདི་དག་ནི་རྡོ་རྗེའི་ལམ་མོ།། རིན་པོ་ཆེའི་ལམ་མོ།། པདྨའི་ལམ་མོ།། ལས་མཐར་ཕྱིན་པའི་ལམ་མོ།། ཤིན་ཏུ་ཞི་བ་དང།། ཐམས་ཅད་རྒྱས་པ་དང། ། ཐམས་ཅད་དབང་དུ་སྡུད་པ་དང། ཐམས་ཅད་མངོན་དུ་འཇོམས་པའི་ལམ་མོ།། རྒྱུ་ཉིད་འབྲས་བུ་གྱུར་པ་དང།། འབྲས་བུ་ཉིད་རྒྱུར་གྱུར་པ་དང།། ཡེ་ཤེས་ཉིད་རྐྱེན་དུ་གྱུར་པའོ།། ལམ་མོ།། འདི་ལྟ་སྟེ། ། འདི་ནི་རྡོ་རྗེའི་སྐུ་དང།། རྡོ་རྗེའི་གསུང་དང།། རྡོ་རྗེའི་ཐུགས་ཡོངས་སུ་དག་པ་ལམ་དུ་སྣང་པའོ།། ལམ་འདི་དག་ནི་གཞན་ལ་བརྟེན་པ་མ་ཡིན་ནོ།། གཞན་ཐམས་ཅད་ནི་འདི་ལས་བྱུང་པའོ།། འདི་ཉིད་ནི་གཞན་དུ་གྱུར་པ་ཐམས་ཅད་འདུས་པའོ། ། འདིས་ནི་བདག་ཉིད་རྣམ་པར་དག་པའོ།། བདག་ཉིད་ནི་སྣ་ཚོགས་འཁོར་ལོའོ།། བདག་ཉིད་ནི་སྣ་ཚོགས་རྡོ་རྗེའོ།། བདག་ཉིད་སྣ་ཚོགས་རིན་པོ་ཆེའོ།། བདག་ཉིད་ནི་སྣ་ཚོགས་པདྨའོ། ། བདག་ཉིད་ནི་སྣ་ཚོགས་རྒྱ་གྲམ་མོ།། དེ་དག་ནི་རང་གིས་མཐོང་བའོ།། དེ་དག་ནི་གཞན་ལ་བསྟན་པའོ། དེ་ཉིད་དང་བསྟན་དུ་མེད་པའོ།། དེ་རྣམས་ནི་ཐབས་ཀྱི་ཆོ་འཕྲུལ་ལོ།། ཐམས་ཉིད་ནི་ནམ་མཁའ་ལ་ལོངས་སྤྱོད་པའོ། ། ནམ་མཁའ་ནི་སེམས་ཅན་རྣམས་ཀྱི་དགྲར་གྱུར་པའོ།། སེམས་ཅན་ནི་སངས་རྒྱས་འབྱུང་གནས་སོ།། སངས་རྒྱས་ནི་ནམ་མཁའི་དཀྱིལ་ལོ།། ནམ་མཁའ་ནི་སྤྲིན་གྱི་ཆོ་འཕྲུལ་གྱི་གནས་སོ། ། སྤྲིན་ནི་བྱང་ཆུབ་སེམས་དཔའ་འོ།། བྱང་ཆུབ་སེམས་དཔའ་ནི་མི་གཡོ་བའི་ཏིང་ངེ་འཛིན་གྱི་སྨོན་ལམ་མོ།། སྨོན་ལམ་ནི་དཔལ་གྱི་ལྷ་མོའི་རྣམ་པར་འཕྲུལ་པའོ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ། སྔགས་ཀྱི་འཁོར་ལོ་རྡོ་རྗེ་ལམ་དུ་སྦྱོར་བ་སྟེ་ལེའུ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་སྟོང་དུ་སྦྲུལ་པའི་སྐུ་མཐོང་ནས།། བྱིན་གྱིས་བརླབས་པའི་དངོས་གྲུབ་ཐམས་ཅད་ཀྱི་འཁོར་ལོ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང། ། གསུང་དང་ཐུགས་རྣམས་ལས་ཆེར་ཕྱུང་ངོ།། ཨོཾ་ཞེས་རྣམ་པར་སྣང་མཛད་སྦྱར།། དྲུག་པའི་བསམ་པ་ཉིད་དང་སྦྱར།། དབྱངས་ཡིག་དྲུག་པ་དེ་བཞིན་གཉིས། ། ལྔ་པའི་བཞི་པ་དེར་རྟེན་ནས།། དབྱངས་ཡིག་བརྒྱད་པའི་རྒྱལ་མཚན་ཅིག།། གསུམ་པའི་དང་པོ་རབ་བསྟན་ལ།། དབྱངས་ཡིག་གསུམ་པ་ཡང་དག་ལྡན།། བདུན་པའི་གཉིས་པ་རབ་བསྟན་ལ། ། གསུམ་པའི་དང་པོ་མགོ་ན་ལྡན།། ལྔ་པའི་གསུམ་པ་རབ་གསལ་པས།། བཞི་པའི་དང་པོ་རྣམ་བརྟགས་ཏེ།།། དབྱངས་ཡིག་བཅུ་པས་ལྡན་པ་ཡིན།། བདུན་པའི་གསུམ་པ་རབ་གསལ་ཞིང། ། དབྱངས་ཡིག་གསིམ་པས་རྣམ་པས་མཛེས།། དྲུག་པའི་གསུམ་པ་གཉིས་སུ་སྦྱར།། དབྱངས་ཡིག་དྲུག་པ་གཉིས་སུ་ལྡན།། དྲུག་པ་གསུམ་པ་རབ་གསལ་ལ།། དབྱངས་ཡིག་བཅུ་པས་ངེས་ལྡན་ཡིན།། དེ་བཞིན་དྲུག་པའི་གསུམ་པ་ནི། ། དབྱངས་ཡིག་དྲུག་པ་ཡང་དག་ལྡན།། ལྔ་པའི་བཞི་པ་དེ་བཞིན་ཏེ། དབྱངས་ཡིག་བརྒྱད་པར་རྣམ་པར་ལྡན།། གསུམ་པའི་དང་པོ་རབ་བསྟན་ལ།། དབྱངས་ཡིག་གསུམ་པས་ཡང་དག་ལྡན། བདུན་པའི་གཉིས་པ་དེ་བཞིན་ཏེ།། གསུམ་པའི་དང་པོ་མགོ་ན་ལྡན།། ལྔ་པའི་གསུམ་པ་ཡང་དག་ཆེ། བཞི་པའི་དང་པོ་ཡང་དག་བསྟན།། དབྱངས་ཡིག་བཅུ་པ་རྣམ་པར་ལྡན།། བདུན་པའི་གསུམ་པ་རབ་གསལ་ལ། དབྱངས་ཡིག།། པས་རྣམ་པར་མཚན།། དེ་བཞིན་བདུན་པའི་གསུམ་པ་ལ།། དྲུག་པའི་གཉིས་པ་ཡང་དག་ལྡན།། བདུན་པའི་བཞི་པ་དེ་ཁོ་ནའོ།། དབྱངས་ཡིག་གཉིས་པས་ཡང་དག་ལྡན།། འཇིག་རྟེན་ཉི་ཤུ་རྩ་གཅིག་གི། ། འཕྲེང་བ་འདིར་ནི་བསྟན་པ་སྟེ།། དངོས་གྲུབ་ཀུན་གྱི་འཁོར་ལོ་ཡིན།། འདིར་ནི་དྲན་པ་ཙམ་གྱིས་ཀྱང།། དེ་བཞིན་སྒྲུབ་པ་མ་བྱས་ཀྱང། འདི་ཡི་ཡོན་ཏན་བསམ་མི་ཁྱབ།། འདི་ནི་དྲན་པ་ཙམ་གྱིས་ཀྱང། ། ངན་སོང་གསུམ་ལ་རྒྱབ་ཀྱིས་ཕྱོགས།། སངས་རྒྱས་ཉིད་ཀྱང་མངོན་དུ་འགྱུར།། དེ་བཞིན་འདི་ནི་དྲན་གྱུར་ན།། རང་གི་སེམས་ནི་རིན་ཆེན་འདྲ། དེ་བཞིན་ལུས་དང་ཉེ་འབྲེལ་ན།། དཔག་བསམ་ཤིང་གི་ཡོན་ཏན་འདྲ། ། གང་ཞིག་གང་དུ་བརྗོད་ནུས་ན།། ཚངས་པའི་གསུང་ཉིད་ཁོ་ནར་འགྱུར།། གང་དག་འཇིག་རྟེན་འཕོས་དང་འཕོ།། ཤེས་པ་མེད་པའི་ཕུང་པོ་ལ།། འདི་ནི་བརྗོད་ན་བདེ་བ་ཐོབ།། དཀྱིལ་འཁོར་གང་དུ་བརྗོད་པ་དེར། ། ཁམས་གསུམ་གནས་པའི་ཁྱད་པར་གྱིས།། ས་ཕྱོགས་མཆོད་རྟེན་ལྟ་བུར་འཛིན།། གང་གིས་འདི་ལ་འཇུག་ནུས་ན།། རང་ཉིད་ཆོས་ཀྱི་རྒྱལ་པོར་འགྱུར།། གང་དག་མོས་པ་ཙམ་ཡོད་པ། ། རིན་ཆེན་སེམས་དེར་སོང་བ་ཡིན།། ཉོན་མོངས་རྒྱ་མཚོ་ཆེན་པོ་ལས། གང་དག་སྤྱི་ཚུགས་ལྷུང་པ་དང།། དྲན་པ་རྒྱ་མཚོ་རྐང་པས་གནོན།། འདི་ཡི་ཡོན་ཏན་དཔག་མེད་དེ།། སངས་རྒྱས་རྣམས་ཀྱིས་བརྗོད་མི་ནུས། ། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། དངོས་གྲུབ་ཐམས་ཅད་ཀྱིས་འཁོར་ལོ་ཉི་ཤི་རྩ་གཅིག་མཐོང་བའི་ཁྱད་པར་གྱི་རྟགས་བརྟན་ཏེ་ལེའུ་ལྔ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་དངོས་གྲུབ་ཀྱི་འཁོར་ལོ་དེ་ཉིད་ཀྱི་དཀྱིལ་འཁོར་གསུངས་པ།། གྲུ་བཞི་པ་ལ་སྒོ་བཞི་པ།། ལྟེ་བ་ཟླ་དཀྱིལ་ཕྱེད་ཀྱི་སར།། འཁོར་ལོ་ལྗང་ཁུ་མུ་ཁྱུད་དཀར། ། ཨིནྜ་ནི་ལ་རྣམ་པ་དྲུག། གྲུ་ཆད་རབ་ལྡན་བར་ཁྱམས་ལ།། མཆོད་པ་ཐུན་མོང་སོགས་ཀྱིས་བརྒྱན།། དཀྱིལ་འཁོར་ཇི་ལྟར་རྣམ་པར་མཛེས།། བྷེ་ཡི་ཡེ་ཤེས་ལས་བྱུང་བས།། གནོད་སྤྱིན་རྒྱལ་པོ་རྣམ་པར་འཕགས། ། བྷེ་ཡི་ཡེ་ཤེས་ལས་བྱུང་བས།། གནོད་སྤྱིན་རྒྱལ་པོ་ནོར་གྱི་རྒྱུན།། ཟླ་གམ་དཀར་དམར་རྣམ་པར་འཛིན།། རུ་ཡི་ཡེ་ཤེས་ལས་བྱུང་བས།། གཡས་དཀར་གཡོན་དམར་ཕྱེད་ཀྱི་ལུས།། རུ་ཡི་ཡེ་ཤེས་ལས་བྱུང་བས། ། ཕྱེད་སེར་དམར་པོ་ལྷོ་ཡི་ལུས།། རུ་ཡི་ཡེ་ཤེས་ལས་བྱུང་བས།། ཕྱེད་དམར་དམར་མོ་ནུབ་ཀྱི་ལུས།། རུ་ཡི་ཡེ་ཤེས་ལས་བྱུང་བས།། ཕྱེད་ལྗང་དམར་མོ་བྱང་གི་ལུས།། རོ་ཡི་ཡེ་ཤེས་ལས་བྱུང་བས། ། མཐིང་ཀ་ཕྱེད་དམར་སྟེང་གི་ལུས།། རུ་ཡི་ཡེ་ཤེས་ལས་བྱུང་བས།། ཕྱེད་གནག་དམར་མོ་འོག་གི་ལུས།། ཨོཾ་གྱི་ཡེ་ཤེས་ལས་བྱུང་བས།། ཞི་དང་རྒྱས་དང་དབང་དང་དྲག།། མཛེས་པའི་ཁ་དོག་ཡང་དག་ལྡན། ། ཏི་སྟ་བ་ཏོ་སི་ཞེས་པའི།། སྒོ་བཞི་མཁའ་འགྲོ་བཞི་དང་ལྡན།། ཏི་སྟ་བ་ཏོ་སི་ཞེས་པའི།། ཡེ་ཤེས་འདི་ནི་ཐ་མས་བསྟན།། སྭཱ་ཧཱའི་ཡེ་ཤེས་ལས་བྱུང་བས།། བཅུ་དྲུག་ལྷ་ནི་གནོད་སྤྱིན་དང།། སྲིན་མོ་རྣམས་ཀྱིས་བརྒྱན་པ་སྟེ། ། འབྱུང་བོ་མ་ཡིན་བཀྲ་ཤིས་ཉིད།། རིན་ཆེན་འཕྲེང་བ་རྣམ་པར་ཕགས།། ནོར་གྱི་རྒྱུན་གྱིས་ནེའུ་ལེ་འཛིན།། རིན་ཆེན་འབ་དང་དཔག་བསམས་ཤིང། དུང་དང་འཁོར་ལོ་རལ་གྲི་ཆེ།། ཉི་མ་ཟླ་བ་བུམ་པ་དང། ། མཆོད་རྟེན་འབར་དང་པདྨ་འབར།། གླང་པོའི་མགོ་དང་མེ་ལོང་དང།། ལྕགས་ཀྱུ་རྨ་བྱའི་རྒྱལ་མཚན་རྣམས།། རིམ་པ་བཞིན་དུ་ཡང་དག་ཐོགས།། རབ་ཏུ་དཔའ་བའི་རྣལ་འབྱོར་མ།། ཤིན་ཏུ་ཞི་བའི་ཡུལ་ན་སྣང། ། གསང་སྔགས་རྣམ་པར་བརྗོད་ལ་མཁས།། དོན་རྣམས་འཛིན་པའི་ཡེ་ཤེས་ཀྱིས།། ཡི་གེའི་མཚན་ཉིད་སྤངས་ནས་ཀྱང།། འབུམ་ཕྲག་བརྗོད་པའི་འོག་ཏུ་ནི།། བྱེ་བ་བརྩོན་པར་རྣལ་འབྱོར་བྱེད། ། དེ་ནས་འདི་ཉིད་ནང་དུ་ནི།། དངོས་གྲུབ་ཕྲ་མོ་བསྡུ་བར་བྱ།། རིན་ཆེན་སྣ་ཚོགས་ལས་གྲུབ་པའི།། འཕྲེང་བ་འཛིན་ཅིང་གྱུར་ཅིག་པའི།། འོག་ཏུ་སྦྱར་ན་དེ་བཞིན་འགྱུར།། ནེའུ་ལེའུ་ནང་ན་ནོར་བུ་ལྡན།། ཟླ་བ་ཕྱེད་རས་དེ་བཞག་དེ། ། འདི་དག་ནོན་དང་ལྡན་འགྱུར་ཞེས།། འོག་ཏུ་སྦྱར་ན་ཟླ་ཉིད་ནི། ལྷ་མིན་དབང་པོ་བཀག་པའི་ཚེ།། བཀག་ནས་བཟུང་ཚེ་བཟུང་ཞིང་བཟླས། བཏང་མ་ཐག་ཏུ་དེར་ཟད་མེད།། རིན་ཆེན་འབར་བྲིས་གྱུར་ཅིག་ཅེས། ། སྨོན་ལམ་བཏབ་ཅིང་བཟླས་ལ་བརྩོན།། ཟླ་ཉིད་གཟས་ཟིན་དེ་ཚེ་ན།། འབར་འགྱུར་ཆོས་ཀྱི་རྒྱལ་མཚན་འཛིན།། རིན་ཆེན་ཐོགས་ཏེ་མཁའ་ལ་སོང།། སངས་རྒྱས་ཞིང་ཁམས་མང་པོ་ལྟོས། ། དཔག་བསམ་ཤིང་བྲིས་འཁོར་ལོས་གནས།། ཟླ་བ་གཟའ་ཡིས་ཟིན་པའི་ཚེ།། ལག་ཏུ་དཔག་བསམ་གང་འོངས་པའི།། དེ་དག་ཁྱེར་ནས་མཁའ་ལ་སོང།། ལས་ཀྱི་གྲོང་ཁྱེར་མང་པོ་ལས། ། འདོད་པ་བསམ་ཡས་སྦྱིན་པ་མཐོང།། བདག་ཉིད་གྲགས་པ་སྒྲུབ་པ་ཡིས།། དང་ལ་དངོས་གྲུབ་འཁོར་ལོ་བཀོད།། གནམ་ལྕགས་འབར་བར་གྱུར་པའི་ཚེ།། དྲག་ཏུ་བུས་པའི་ཡོན་ཏན་གྱིས།། སྒྲ་སྐད་འདི་ཡིས་ཟིལ་གྱིས་གནོན། ། རིན་ཆེན་རྒྱུ་ལས་བསྒྲུབས་པ་ཡི།། འཁོར་ལོ་རྩིབས་དྲུག་འབྲུ་བརྒྱད་ཆན།། བཟླས་པ་རྫོགས་ནས་འཁོར་འགྱུར་ཏེ།། ཁྲོས་ན་ཚངས་པའི་སྒྲ་ཡང་གཅོད།། འཁོར་ལོའི་སྟེང་ན་རལ་གྲི་མཛེས། ། གླང་པོ་སོ་ལས་བྱས་པ་སྒྲུབ།། བཟླས་པ་རྫོགས་ནས་དྲོ་བ་ན།། ཡང་ཞིང་འགུལ་བར་གྱུར་པའི་ཚེ།། གང་གིས་གཟུགས་བརྙན་གཏུམ་བྱས་ན།། སྐད་ཅིག་དེ་ལ་འཆད་པར་འགྱུར།། ཉི་མ་ཤེལ་ལས་བྱས་པ་ལ། འབྲུ་བརྒྱད་ཕྱི་རོལ་ཀ་ལ་ཡིན།། རྣམ་པར་བཟླས་དག་གསལ་འགྱུར་ཏེ། འཚམས་མོ་གང་ནས་མུན་པ་འཇོམས།། ཟླ་བ་ཡི་འབྲུ་བརྒྱད་དབུས།། གསལ་ནི་སྤྱི་བོར་བདུད་རྩི་འཛག།། བུམ་པ་དཀར་བཟངས་རྣམ་པར་བརྒྱན། ། ལྷ་མིན་ཟླ་བ་འཛིན་པའི་ཚེ།། དྲག་ཏུ་བཟླས་པས་བདུད་རྩི་དེ།། དངོས་གྲུབ་འཁོར་ལོ་བཀོད་པ་དེས། བུམ་པས་བཀྲུས་ན་སྐྲ་དཀར་དང། གཉེར་མ་རྣམ་པར་ཟད་པར་བྱེད།། མཆོད་སྡོང་རྒྱུ་ལས་བྱས་པས་སྒྲུབ། ། འབར་བར་གྱུར་ན་འཕགས་པ་མཆོད།། པདྨ་རྣམ་པར་མཛེས་པ་ཟངས།། འབར་འགྱུར་འཇིག་རྟེན་ཆོས་མཆོག་མཉེས།། གླང་པོའི་རྟེན་བྱས་ན།། རང་གི་དཀྱིལ་འཁོར་ཉིད་དུའོ།། གླང་པོའི་ཀླད་པ་འབྱུང་འགྱུར་ཏེ། ། དེ་ནས་གཏི་བྲུས་ཏེ་སྤྱད།། མེ་ལོང་རལ་གྲི་གནས་འདུལ་ལ། དངོས་གྲུབ་འཁོར་ལོ་སྔགས་དང་ལྡན།། བཟླས་པ་རྫོགས་ནས་འཇིག་རྟེན་མཐོང།། ཟངས་ལས་བྱས་པས་ལྕགས་ཀྱུ་ནི།། བཟང་པོ་འཕན་མེད་སོར་བཅུ་དྲུག། དངོས་གྲུབ་འཁོར་ལོ་སྔགས་དང་ལྡན། ངག་གི་རིག་བྱེད་རྫཽགས་པ་དང།། གང་ནས་ཆི་བམས་དྲངས་བྱས་ནས།། སྐད་ཅིག་དེ་ལ་དབང་དུ་འགྱུར། རྨ་བྱའི་རྒྱལ་མཚན་རྩེ་མོ་ལ།། ཨཱ་ཀི་ཀཱ་ལི་འཁོར་ལོའི་སྔགས། ། རྣམ་པར་བརྒྱན་པ་བྱང་སྒོར་བཙུགས།། རང་སེམས་བལྟས་ཤིང་བཟླས་པ་དང།། སརྦ་ངྷ་རྨའི་སྔགས་དང་ལྡན།། ལས་ལས་གྲུབ་པའི་འཇིག་རྟེན་རྣམས།། རྨ་བྱའི་སྒྲོ་ལྟར་མཐོང་བར་འགྱུར། ། སྲིན་མོ་རིན་ཆེན་འབར་མ་དང།། དེ་བཞིན་སྲིན་མོ་དཔག་བསམ་ཤིང།། སྲིན་མོ་དུང་དང་འཁོར་ལོ་དང།། རལ་གྲི་ཉི་ཟླ་བུམ་པ་དང།། མཆོད་སྡོང་འབར་དང་པདྨ་འབར།། གླང་པོ་མེ་ལོང་ལྕགས་ཀྱུ་དང། ། སྲིན་མོ་རྨ་བྱའི་རྒྱལ་མཚན་གྲགས། རིགས་འདིན་ཉིད་ནི་དེ་ཡིས་ཐོབ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། དངོས་གྲུབ་ཐམས་ཅད་ཀྱི་འཁོར་ལོ་ཞེས་བྱ་བའི་གསང་སྔགས་ཀྱི་འཁོར་ལོ་མཐོང་བ་སྟེ་ལེའུ་དྲུག་པའོ། །།། དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང།། གསུང་དང། ཐུགས་རྡོ་རྗེ་རྣམས་ལས།། དངོས་གྲུབ་ཐམས་ཅད་སྦྱོར་བའི་གསང་སྔགས་འདི་གསུངས་སོ། རྣམ་པར་སྣང་མཛད་དང་པོར་བཞག། ལྔ་པའི་ལྔ་རྣམས་བསམས་ཏེ།། བདུན་པ་བཞི་པ་དེ་བཞིན་གསལ།། དང་པོ་གཅིག་པ་དེ་དམིགས་ཏེ།། དྲུག་པ་བཞི་པ་ཡང་དག་ལྡན།། དབྱངས་ཡིག་བཞི་པས་ཡང་གསལ་པའོ། ། དྲུག་པའི་དང་པོ་དེ་བཞིན་ལ།། དབྱངས་ཡིག་བརྒྱད་པའི་རྒྱལ་མཚན་ཅན།། བདུན་པའི་བཞི་པའི་རྣམ་བརྟགས་ལ།། དབྱངས་ཡིག་དྲུག་པ་དེ་བཞིན་ལྡན།། དང་པོའི་ལྔ་པ་དེ་བཞིན་མཆོད། ། ལྔ་པའི་གཉིས་པ་ཉིད་དང་ནི།། གསུམ་པའི་དང་པོ་སྦྲེལ།། དངོས་གྲུབ་ཀུན་ལ་རབ་སྦྱར་བའི།། རིམ་པ་འདིར་ཡང་རྣམ་པར་སྦྱར།། ལྷ་ཅིག་མ་ལ་སྦྱོར་བ་མང།། རྣམ་པར་སྣང་མཛད་ལ་སོགས་ཏེ། ། དྲུག་པ་གསེར་གྱི་འཁོར་ལོ་འཛིན།། ཧཱུ~ཾ་གི་རྣམ་པ་ཡེ་ཤེས་དབུས།། དེ་ཡི་འོག་མ་གོ་བཞིར་གནས།། བདག་དང་ཉེ་བའི་མུ་ཁྱུད་ནི།། དབྱངས་ཡིག་རྣམ་པར་མཛེས་པས་བརྒྱན།། འཁོར་ལོ་བསྐོར་བའི་མུ་ཁྱུད་ནི། ། སྡེ་ཚན་རྣམ་པར་བརྒྱན་པས་འཕགས།། ཧཱུ~ཾ་གི་རྣམ་པ་ཉིད་ལས་ནི།། གྱུར་པའི་སྐུ་ནི་རྣམ་པར་བསྒྱུར།། ཀུན་ལ་ཆེར་སྦྱོར་འདོད་པ་སྟེ།། དང་པོ་གསང་སྔ་གས་རྣམ་པར་སྦྱོར།། དེ་ནས་སྐུ་ཡང་ཆེར་སྦྱོར་དེ། ། གལ་ཏེ་ཤེལ་ལས་བྱས་པ་ཡི།། ཕྱག་ན་ཟླ་བ་རྣམ་རྒྱས་འཛིན།། ཤིན་ཏུ་དཀར་གསལ་ནུ་མ་འབུར།། དེ་ཉིད་དཀྱིལ་འཁོར་གནས་བཞག་སྟེ།། གང་དག་ཞི་བར་འདོད་པ་བསམ།། ཁྱད་པར་སྦྱོར་པ་ཞགས་སུ་ལྡན། ། མཐོ་གང་ཚད་ཀྱི་སྐུ་ཉིད་ནི།། སྐུ་ནི་འདི་དག་བསྒོམས་ནས་ཀྱང། སྔར་བསྙེན་བསྒྲུབ་པ་མ་བྱས་ཀྱང།། གང་དག་བཞག་དང་བསམ་པ་ཞི།། གལ་ཏེ་རྒྱལ་སྲིད་སྒྲུབ་འདོད་པས།། གསེར་ལས་མཛུབ་མོ་བཀུག་པའི་ཚད། ། འཁོར་ལོ་རྩི་བས་དྲུག་ཐོགས་པ་ཡིན། དེ་ལ་བཟླས་པ་མང་ཕུལ་ནས།། རྒྱལ་སྲིད་རྩོལ་ཞེས་བྱ་བར་སྦྱར།། གང་དག་བསམ་པས་མྱུར་དུ་འགྲུབ།། བདག་གི་ལོངས་སྤྱོད་མི་འགྱུར་ན།། ཞུ་བའི་ཚུལ་ལ་འཛུབ་གང་བ། ། རྡོ་རྗེ་རྒྱ་གྲམ་སྟན་ལ་འདུག།། གང་ན་གནས་པའི་ས་ཕྱོགས་ཀྱང།། བསྐལ་བ་ཆེན་པོའི་བར་དུ་བརྟན། ནད་རནསམ་ཐམས་ཅད་གསོ་བའི་ཕྱིར། ཁུ་ཚུར་བཅངས་པའི་གྲུ་གང་ལ། ། བདུད་རྩི་བུམ་པ་ཐོགས་པ་ནི།། ལྷ་མོ་ནུ་མ་རལ་པ་ཅན།། མེ་ཏོག་དཀར་པོས་མཆོད་ན་ནི།། ནད་ཀྱི་རྐྱལ་པ་ཞི་བར་ནུས།། གང་ལ་གནས་པའི་ས་ཕྱོགས་ཀྱང།། བདུད་རྩིའི་དཀྱིལ་འཁོར་ཇི་བཞིན་ནོ། ། བསམ་པ་བརྟན་པོས་སྒྲུབ་འདོད་པས།། ཟངས་ལ་སོར་ནི་ཉི་ཤུ་གཉིས།། དྲུང་དུ་བཞག་སྟེ་བསྙེན་པ་དབུལ།། གང་དག་འདོད་པའི་ཚིག་སྨོན་ཏེ།། རིན་ཆེན་ཐོགས་པ་དེ་ལ་ནི།། མེ་ཏོག་རྣམ་པ་བདུན་གྱིས་མཆོད། ། བདག་ཉིད་བསྒྲོད་དང་གཞན་ཡང་ལྟོས།། གོག་དུ་འདོད་པ་ཡོད་པའི་ཕྱོགས།། རྣམ་པར་ཕྱོགས་པ་ལྷའི་སྐུ།། ཅི་འདོད་དོན་རྣམས་འགྲུབ་པར་འགྱུར།། གལ་ཏེ་བུ་མོ་འགུགས་འདོད་ན། ། ཙན་དན་ཤིང་ལས་བྱས་པ་ཡི།། སེར་མོ་བཅུ་དྲུག་དེ་བསྒྲུབས་ནས།། གེ་སར་རྩེ་ནས་ལྕགས་ཀྱུ་ཅན།། མིང་དང་ཨ་ཀྵ་ཡར་ལྡན།། ཟིལ་པ་ཆུ་དང་རླངས་པ་ཡིས།། བདག་གི་དྲུང་ན་འདུག་པ་སྟེ།། དངོས་གྲུབ་ཀུན་གྱི་རྟེན་དུ་འགྱུར། ། ཀླུ་ཡི་བུ་མོ་འགུགས་འདོད་པས།། འཕགས་པས་སྐུ་ནི་ནཱ་ག་སྟེ།། གེ་སར་ཤིང་ལས་མཁས་པས་བྱས།། སོར་མོ་བཅུ་དྲུག་ཙད་དུ་བྱས།། བྷ་ག་ལེགས་བྱས་པ་ཡི་སྤྲོས།། རྣམ་པར་མཆོད་ན་འགུགས་པར་གྱུར། ། ལྷ་ཡི་བུ་མོ་འགུགས་དགའ་ན།། ཨ་ཤོ་ཀ་ཡི་སྡོང་བུ་ལ།། མཁས་པས་ལེགས་བྲིས་བྷ་ག་ཅན།། དང་པོར་ནང་དུ་བའོ་འོ།། དེའི་ཀུ་མ་ར་ཞེས་བརྗོད།། དྲི་ཟའི་བུ་མོ་གང་དག་ལ།། དྲག་ཏ་འགུགས་པའི་ཐབས་མཆོག་ནི། ། ཏ་ལའི་ཤིང་དང་ལྷ་མོའི་སྐུ།། ནུ་མ་གཉིས་ཀ་ཐོར་ཏོ་དཀར།། ཨ་པ་སེ་ཡིས་ནུ་མ་གཡོན།། བཏགས་ལ་སྲིན་ལག་ལ་བཏགས་ཏེ།། ཁུགས་པར་གྱུར་ནས་ནུ་མ་ལས། འོ་མ་དཀར་པོ་འཛག་འགྱུར་ཏེ། དེ་དག་བཞོས་ཏེ་བདག་གིས་ནི།། རྡོ་རྗེ་ཉིད་ལ་དེ་བསྐུས་ནས། བཅུ་དྲུག་གཟུགས་ལས་མི་འདའ་ཞིང།། དྲི་ཟའི་བུ་མོའི་འོ་མ་འཐུང།། གལ་ཏེ་ལྷ་མིན་བུ་མོ་ལ།། དངོས་གྲུབ་ཐོབ་པར་འདོད་པ་དག། ། ཀུ་ཤའི་ཤིང་ལས་བྱས་པ་ཡི། སོར་མོ་ཉི་ཤུ་རྣམ་པར་ལྡན།། དེ་ཉིད་པོ་ཝང་ཐོགས་པའི་སྐུ།། སོར་གཉིས་བྷ་གའི་གེ་སར་ལ།། གཟུངས་ཐག་དམར་པོས་དཀྲིས་བཟུང་ན།། གསང་སྔགས་ཐེམ་པར་གྱུར་པ་དང། ། གེ་སར་ཉིད་ལས་འོ་མ་འདྲ།། དེ་ཉིད་སྦོམ་ཞིང་ཆུ་ཡང་འཛག།། དེ་ཡི་ཚེ་ན་ལྕེ་ཡང་གཏད། རྣམ་པར་བཞིབས་ན་སྨྲ་བར་འགྱུར།། གལ་ཏེ་དགྲ་བོ་གསད་འདོད་པས།། མི་ཡི་མགོ་ལ་ཕག་པའི་གཟུགས།། ལྷ་མོ་གནག་ལ་སྐེམ་པའི་ཚུལ། ། བོང་བུ་ཞོན་པའི་མཐོ་གང་བ།། བེ་ཅོན་འཕྱར་བ་གནག་ལ་གདེངས།། བྷ་ག་བགྲད་པའི་ནང་དུ་ནི།། གང་ལ་བྱ་བའི་མིང་བྲིས་ནས།། སྐུད་པ་ནག་པོས་དབུས་བཏགས་ཏེ།། བསྙེན་པ་མང་ཕུལ་ཞབས་སུ་ཚིག། ཚིགས་སུ་བཅད་པས་བསྐུལ་པ་དང།། དེ་ནི་དྲི་མ་འམ་རླངས་པ་འབྱུང།། དེ་ལ་ལིང་ག་ཆེན་གཏུབས་ཏེ།། གསང་བར་གྱུར་ན་རྣམ་པར་བཞག། དེ་བཞིན་དེ་ཉིད་ཁྲོས་ནས་སུ། ། གནོད་སྤྱིན་བུ་མོ་འགུགས་འདོད་ན།། ནེའུ་ལེ་པགས་པས་སྐུ་ཡང་བྲིས།། ནོར་བུ་ཐོགས་པའི་བུ་མོ་ཅན།། བྷ་གའི་དཀྱིལ་ན་གེ་སེ་ལ།། གནོད་སྤྱིན་བུ་མོའི་མིང་བྲིས་ཏེ།། སེར་པོའི་ཐག་པས་རྣམ་པར་བཏགས། ། དེ་ནས་དྲོ་འགྱུར་རླངས་པ་ལ།། བདག་ཉིད་རྣ་བའི་དབང་པོ་གཏད།། གལ་ཏེ་དུ་འཆད་པ་དང།། ཟླ་བ་གཟས་ཟིན་ཚེ་ན་ཡང།། ཕྱོགས་བཅུར་དབུགས་ཀྱིས་ཚོར་བར་ནི།། འཇིག་རྟེན་ཀུན་གྱི་ནོར་དང་གཏེར། ། རྣ་བའི་དབང་པོས་ཚོར་བར་འགྱུར།། དགྲ་དང་ཆོམ་རྐུན་བཟློག་པ་དང།། དེ་དག་མཐོང་པ་མེད་འདོད་པས།། མ་ཧེ་ཀོ་བ་དག་ལ་ནི།། དཔལ་ལྡན་ལྷ་མོ་ནག་མོ་བྲིས།། གཡས་གཡོན་ཕྱག་ན་ཁབ་སྐུད་ཅན། ། ནུ་མ་འཕྱང་བ་མཆེ་བ་གཙིགས།། འགྲོ་བ་རྣམ་པར་འཕྱར་བ་ལ། བྷ་གའི་དཀྱིལ་འཁོར་ཇི་བཞིན་དུ།། སྤྱན་དང་སྦྱར་བ་རྣམ་བྲིས་ཏེ།། ཙ་ར་ཀུ་ཤས་ནང་དུ་བྲིས།། ཙ་ཀུའི་སྔགས་ཀྱིས་དམ་བར་བཙེམ། ། ཟངས་མའི་ཁབ་ལ་སྒྲུབ་པ་ནི།། རྨ་བྱའི་རྒྱུས་པ་སུམ་སྒྲིལ་བྱ།། སྦྱོར་བའི་སྔགས་ནི་འབྲུ་བརྒྱད་པོས།། དང་པོར་སྒྲུབ་པའི་ཤམ་བུས་མཚན།། མེ་ཏོག་སྔོན་པོས་མཆོད་པ་ནི།། བྷ་ག་ཉིད་ལ་རྟག་པར་དབུལ། ། སྦྱོར་བ་ཐིམ་དང་དེ་ཉིད་སྦྱར།། དཔེར་ན་ཟངས་ཁབ་བརྒྱུས་པ་ཡིས།། བསྐུལ་བ་དང་བཅས་གྲོ་བ་འཚེམ།། དེ་ནས་མཆོད་པ་མང་ཕུལ་ནས།། གླང་པོའི་པགས་པ་གང་དག་གིས།། ས་ཕྱོགས་གར་འགྲོ་དེར་ཞི་ནས། མཐོང་བ་མེད་དང་མཐོང་བ་ཡི།། དེ་ནི་སེམས་ཀྱི་ཁྱད་པར་ཡིན། གང་དུ་བཙེམས་བ་གྲོལ་ན་འཇིགས།། རྟག་ཏུ་ངུ་བར་བྱེད་འདོད་ན།། ལ་ཕུག་གཟུགས་དང་བྷ་གར་སྒྲུབ།། ལག་པ་མིག་ནས་ཆུ་འབབ་ཐོགས། ། བྷ་གའི་ནང་གི་གེ་སར་ལ།། དུ་བར་གྱུར་པ་སྐུ་ལ་མིང་བྲིས།། བར་བུའི་ནང་དུ་དེ་བཅུག་ནས།། སྒོག་པ་བསྲེགས་པའི་དུ་བ་ཡིས།། བྷ་གའི་ནང་དུ་ཐིམ་པར་རོ།། བྷ་ག་དེ་ལ་དྲོད་བྱུང་ཞིང།། མིག་ནས་ཆུ་འབབ་བྷ་གར་ཐིམ། ། མཆི་མ་ཅན་གྱི་སྦྱོར་བ་ནི། ཚངས་པ་ཉིད་ཀྱང་དུ་བར་འགྱུར།། སྒོག་པའི་ཐལ་བའི་ཚངས་ནས་སུ།། ཐལ་བས་བཀྲུས་ཏེ་ལ་ཕུག་ནི།། ཆུ་ཡི་ནང་དུ་བསྐྱུར་བས་ཞི།། སྦྱོར་བ་འབྲུ་བརྒྱད་རྣམ་པར་འཕགས། ། གང་ཞིག་བརྗེད་པར་བྱེད་འདོད་པས། ཤ་བའི་སྙིང་ལ་གཟུགས་སམ་དབྱིབས།། དེ་ཡི་ར་ནི་སེན་ཟླུམ་ཙམ།། བསྐུལ་ཚིག་བྲིས་ལ་བྷ་གར་གཞུག།། དེ་ཡི་ཁྲག་དང་དུག་གིས་ནི། བྷ་གའི་ནང་དུ་མཆོད་པ་དབུལ། ། དེ་ཉིད་འགུལ་བར་གྱུར་པ་དང། ཁྲག་གིས་བྷ་གའི་སྒོ་གཅད་དེ།། ཞག་ནི་སྲིད་པ་པར་དུ་བརྗོད། ལྷ་ཡི་དབང་པོ་དེ་ལ་ཡང།། བྱས་ན་རང་གིས་རིན་ཆེན་བརྗེད།། འབྲུ་བརྒྱད་འཁོར་ལོ་བསྐོར་བ་ཡིས། ། སྔུན་དུ་བསྙེན་པས་འདི་བརྗོད་འགྱུར།། ཙིཏྟ་བསྲེགས་ནས་ཐལ་བ་ནི། ཆུ་ལ་བསྐུར་ན་ཞི་བའི་མཆོག། འདི་ལ་རྣམ་པར་དཔྱད་མི་དགོས།། གང་དག་རྨི་ལམ་མེད་འདོད་པས། རི་བོང་སྙིང་ལ་བྷ་གའི་གཟུགས། ། བསྐུལ་ཚིག་ནང་དུ་ངེས་བཅུག་སྟེ།། རྐེད་པ་སྙེག་པ་ཚིལ་བུའི་མེས།། བསྲོ་ཞིང་མེ་མར་གསལ་བྱས་ཏེ།། བཟླས་པ་ཐིམ་པའི་མཁས་པ་ཡིས།། བསྲེགས་ནས་ཆུ་ལ་བསྐྱུར་ན་ཞི།། འདི་ལ་རྣམ་པར་དཔྱོད་ན་འགལ། ། འབྲུ་བརྒྱད་འཁོར་ལོའི་དྲུང་དུ་ནི།། སྔགས་པས་གསང་སྔགས་རྫོགས་བྱས་ཏེ།། དེ་ནས་གང་དག་བསྐྲད་འདོད་ན།། བྱ་རོག་སྙིང་ལ་བྷ་གའི་དབྱིབས།། རྣམ་པར་མཛེས་པ་ལྡན་བྱས་ཏེ།། སྒྲོ་རྩ་ཉིད་ལ་མིང་དང་སྔགས། ། བྲིས་ནས་དྲིལ་ཞིང་བཟླས་ལ་བརྩོན།། སྒྲོ་བཙུགས་ནང་དུ་སྦས་ཏེ་གནོན།། བསྲེགས་ཏེ་ཐལ་བ་ཆུང་ཕོ་ན།། དེ་མ་ཐག་ཏུ་ཞི་པར་འགྱུར།། གལ་ཏེ་རྟག་ཏུ་བསྐྲད་འདོད་ན།། བྷ་ག་ལ་ནི་གཟུགས་དང་ལྡན། ། རྐང་པ་རླུང་ལ་བརྟན་པ་ཡི།། རྒྱལ་མཚན་གཉིས་ནི་ལག་པས་འཛིན།། རས་དང་གྲོ་ག་ལ་སོགས་ཏེ།། བརྐྱང་བ་གང་ལ་རྣམ་པར་བྲི།། བྷ་གའི་ནང་དུ་བྱ་རོག་སྟེ།། དེ་ཡི་གཤོག་པ་གཡས་གཡོན་ལ། ཕོ་མོའི་ཚུལ་གྱིས་བྲིས་ཏེ་གདགས།། འབྲུ་བརྒྱད་འཁོར་ལོའི་མཐའ་མ་བསྐོར།། བཟླས་པ་རྫོགས་དང་རི་ཀར་འགྲོ།། གླང་པོ་ཆེ་ཡི་རྨིག་པ་ལ།། མིང་མཚན་དག་ནི་གཟུགས་བྲིས་ཏེ།། དེ་ཡི་ནང་དུ་བསྒྲུབ་བྱ་ཅན། ། མེ་ཏོག་སེར་པུལ་སྦྱོར་པ་བརྩམས།། རྒྱལ་པོའི་རྐང་རྗེས་ས་བླངས་ཏེ། རྒྱ་གྲམ་དཀྱིལ་དུ་རྣམ་སྣང་མཛད།། ཡུམ་གྱི་མཐའ་མར་རྣམ་པར་གནོན།། འཕགས་པར་འདོད་ན་རྣམ་པར་གཤིག། དཔལ་ལྡན་གཟུགས་ལ་བརྟེན་ནས་སུ། ། འབྲུ་བརྒྱད་འཁོར་ལོ་བསྐོར་བ་ཡིས།། རང་གི་རཱ་ལ་བྷ་གའི་དབྱིབས། འབྲུ་བརྒྱད་འཁོར་ལོས་རྣམ་པར་བསྐོར།། སོར་བརྒྱད་ཞུགས་ཐབ་ཐོགས་པ་བྲིས། བྷ་གའི་ནང་དུ་མེ་ལྷ་ཡིས། བུ་མོའི་བསྐུལ་ཚིག་བཅས་པ་དང།། ཐོར་ཐོ་ཉིད་ལ་མ་མོའི་བུ།། བཟླས་ནས་འབར་ཞིང་དུ་བར་འབྱུང།། དེ་དག་ཉིད་ཀྱི་དུ་བ་ལ།། གང་དག་བསྣུན་ན་འཆི་བར་འགྱུར།། བོང་བུ་མོ་ཡི་མགོ་བོ་ལ། དཔལ་ལྡན་གཟུགས་ནི་མཐོ་གང་བ། ། དཔྲལ་བ་ཕྱོགས་སུ་བྲིས་ནས་ནི།། མིག་ནི་ཅུང་ཟད་དམར་ལ་དཀར།། བྷ་ག་ཉིད་ལ་བསྒྲུབ་བྱ་སྟེ།། མཛེས་པར་བྲིས་ཏེ་འབྲུ་བརྒྱད་པོས།། བསྐོར་ནས་བཟླས་ན་མིག་དམར་ཏེ། ། བསྒྲུབ་བྱ་མི་གནས་ཁྲག་འཛག་འགྱུར།། ཞི་བར་འདོད་པས་འོ་མས་བཀྲུ།། མཁའ་ལ་ཕོ་ཉ་གཏང་འདོད་པས།། རླུང་ལྷའི་བུ་མོ་རྣམ་པར་དགུག། ཨེ་ནྱ་ཡ་ཡི་དབྲལ་བ་ལ།། བ་དན་འཛིན་པའི་གཟུགས་བྱས་ཏེ། ། བྷ་ག་ཟླ་བ་གཞུ་ལྟ་བུར།། དབུས་སུ་གང་དག་བསྒྲུབ་པའི་མིང།། འབྲུ་བརྒྱད་བསྐོར་དེ་གཡོ་བ་ན།། འབྲུ་བརྒྱད་ཐ་མ་རླུང་དང་བཅས།། དགྲ་ཡི་ཁྱིམ་དུ་སོང་ཞེས་བསྒོ།། སྨྱོ་བར་འདོད་པས་རྣམ་པ་ནི། ། འབྱུང་པོའི་བུ་མོ་རྣམ་པར།། གླང་པོའི་དཔྲལ་པར་གཟུགས་བྲིས་ཏེ། སོར་མོ་བཅུ་གཉིས་རྔ་ཡབ་ཅན།། བྷ་གའི་དཀྱིལ་དུ་དེ་ཉིད་ཀྱི།། ཁྲག་གིས་གཟུགས་བྲིས་སྔགས་ཀྱིས་བསྐོར།། ཙན་དན་མེ་ལ་བསྲེ་བྱས་ཏེ། ། དྲོས་ནས་བཟླས་པ་རྫོགས་ནས་སྨྱོ།། ར་གན་དག་ལ་གཟུགས་བྱས་ཏེ།། སོར་མོ་ཉི་ཤུ་གཉིས་ཀྱི་ཚད།། གཡས་པ་བུམ་པ་གཡོན་ལྕགས་ཀྱུ།། པདྨའི་སྟེང་ན་འདུག་པའོ།། པདྨ་བྷ་གའི་དཀྱིལ་དུ་ནི།། བདག་ཉིད་གསང་མཚན་རྣམ་པར་དགོད། ། སྐུ་གཟུགས་ནུབ་ཏུ་ཁ་བལྟས་ཏེ།། འབྲུ་བརྒྱད་འཁོར་ལོས་ལེགས་བརྒྱན་ཏེ། བསྐུལ་ཚིག་ཇི་བཞིན་རབ་གསལ་སྦྱར།། འདིས་ནི་བདག་ཉིད་དུ་འདོད་ན།། འཁོར་བར་གནས་ཀྱང་སྐྱོ་བ་མེད། ། ཚེ་ལ་དབང་པའི་རིགས་འཛིན་ཐོབ།། ར་གན་སྐ་གཟུགས་འདི་དག་ཉིད།། བཟུང་ངམ་བསམས་པ་ཙམ་གྱིས་ཀྱང།། དགྲ་རྣམས་ཡོངས་སུ་ཟད་པར་བྱེད།། གལ་ཏེ་མཐུན་ལྡན་འདོད་གྱུར་ན། བཟོ་བོ་མཁས་པས་ལྕགས་ལས་བྱས།། བོང་བུ་ནག་པོ་རྣམ་པར་གནན།། སྦལ་པའི་ཚུལ་གྱིས་རྣམ་པར་འཇིགས།། གྲུ་གསུམ་བྷ་གའི་དཀྱིལ་དུ་ནི།། ནརྀ་ཏྲི་དམར་ནག་གསལ་པའོ།། འདི་ལ་ཡང་ནི་འབྲུ་བརྒྱད་བསྐོར། ། གཞན་གྱིས་མཐོང་བ་མ་ཡིན་ཏེ།། རང་གི་སྤྱོད་ཡུལ་ཉིད་བུའོ། འདི་ནི་གང་དུ་དགོས་པའི་སར།། བསྐོར་ཞིང་མེ་ཏོག་ནག་པོས་མཆོད།། གྲུ་གང་སྦྱོར་བས་རྣམ་པར་གསོད།། རྟག་ཏུ་སྔགས་པས་བརྟེན་བྱས་ཏེ། ། རང་གི་གནས་སུ་དམ་ཚིག་ནི།། ས་ཡི་དཀྱིལ་འཁོར་མཎྜལ་ལ།། མཁས་པས་ཅི་རིགས་བྲིས་པ་ནི།། ཡུགས་ས་མོ་ཡི་རྐང་རྗེས་ལ།། བོང་བུ་ཕོ་ཡི་གཅིན་གྱིས་སྦྲུས།། ས་ལ་ལྡེར་སོ་རྣམ་པར་བརྩིགས། ། དཀྱིལ་འཁོར་བཅས་པའི་གྲུ་གང་ནི།། བོང་བུའི་སྟེང་ན་རྣམ་པར་ལྡན།། སྐུ་མདོག་ནག་ལ་དུད་པ་ཁ།། རལ་གྲི་དང་ནེའུ་ལེ་མཛིན།། ཇི་ལྟར་མཛེས་པའི་ལྡེར་སོ་ལ།། མིག་གསུམ་གདོང་ལ་འཇིགས་པར་དགོད། ། མཆེ་བ་གཙིགས་པ་སྐྲ་ཡང་ཁམ།། ཟླ་བ་ཚེས་པ་དབུ་ལ་འཛིན།། ཉི་མའི་དཀྱིལ་འཁོར་ལྟེ་བ་ཉིད།། ཕྱག་རྒྱ་ལྔ་ཡིས་རྣམ་པར་འཛིན།། སྦྲུལ་ལ་སོགས་པའི་རྒྱན་གྱིས་མཛེས།། དེ་ཡི་ནང་དུ་ཐོད་པ་དང། ། རུས་པ་མང་པོའི་བརྩིག་པ་བྱ།། ཀླད་པ་མང་པོའི་གཞལ་ཡས་བྱས།། ནད་དུ་མེ་ཡི་དཀྱིལ་འཁོར་ལ།། ཕྱི་རོལ་རླུང་ནག་འཁྱིལ་པ་ཅན།། སྐར་མ་བྲ་ཉེའི་རྐང་པ་ནི།། དམྱོད་པ་ཅན་གྱི་སྙིང་ལ་འདུད།། དེ་ཡི་ཁང་པ་བྷ་ག་ཅན། ། དེ་སྟེང་འབྲུ་བརྒྱད་འཁོར་ལོ་ཅན།། སྤུ་གྲི་ལྟ་བུ་དྲུག་གིས་མཛེས།། གནན་པར་བྱ་བའི་ཞིང་ཁམས་ཉིད།། མཁས་པས་དེ་སྟེང་མཎྜལ་བྲི།། དུར་ཁྲོད་ལ་སོགས་པ་དང།། བོང་བུའི་ཁྲག་གིས་མཛེས་པར་བྱས། ། མཆོད་དང་བཟླས་དང་བསྒོམ་པར་བསྐོར།། གསངས་ནས་ལས་འདི་བསྒྲུབས་ན་ཐོབ།། ཡང་དག་མཁས་པས་བསྒྲུབ་བྱ་ཞིང།། མཛའ་བོ་རྣམ་པར་འབྱེད་འདོད་ན།། འུག་པ་དང་ནི་བྱ་རོག་སྟེ། ། སྦྲུལ་གྱིས་འཛུལ་པའི་ས་དག་དང།། སྲེ་མོ་འཛུལ་པའི་ས་དག་སྟེ།། སྦྲུལ་གྱི་ས་ལ་བྱ་རོག་ཁྲག། ཉི་མ་ཕྱེད་ན་དེར་སོང་བྱེད།། སྲེ་མོའི་ས་ལ་འུག་པའི་ཁྲག། ནམ་ཕྱེད་དག་ན་གཟུགས་ཕྱེད་བྱས།། ནམ་མཁའ་སྐྱ་ན་གཅིག་ཏུ་སྦྱར། ། ལྡོང་རོས་ནུབ་མོ་འུག་པས་བསྐུས།། དུར་ཁྲོད་སོལ་བའི་བྱ་རོག་ལ།། ཉི་མ་ཕྱེད་ན་ལེགས་པར་བསྐུས། ཕྱེད་སེར་ཕྱེད་ནག་སྒྲོ་གཉིས་ཐོགས།། འདིར་ནི་ཉི་མ་སྤྱི་བོར་འཛིན།། ཟླ་བ་ཟད་པ་རྐང་བའི་འོག། ། མདུན་དང་རྒྱབ་ཀྱི་དྲང་ཐད་དུ།། འབྲུ་བརྒྱད་འཁོར་ལོ་གཉིས་བྲིས་ཏེ།། མདུན་དུ་དཔྲལ་བར་མགོ་བཞག་དང།། རྒྱབ་ཏུ་རྐྱང་པ་སྔགས་ཀྱི་མགོ། དེ་ནས་བྷ་ག་བསྒྲུབ་བྱ་སྟེ།། ཁྲུ་གང་སོར་གསུམ་བྷ་གའི་དབྱིབས། ། དེ་ཉིད་ནང་དུ་བསྒྲུབ་བྱ་དང།། དེ་ཡི་དེ་རྣམས་རྣམ་པར་དགོད།། དེ་ནས་རྣལ་འབྱོར་དཔའ་བོ་ཡིས།། དེ་བཞིན་འུག་པའི་དང་རུ་ལ།། ཉིན་མོ་རྣམ་པར་བྲབ་བར་བྱ།། དེ་བཞིན་འུག་པའི་དང་རུས་ཀྱང། ། བྱ་རོག་སྒྲོ་ལ་ནུབ་མོ་གདག། དེ་གཉིས་བར་གྱི།། གེ་སར་ལ།། བྷ་ཡ་བྷེ་ཞེས་རྣམ་པར་དགོད།། ཐ་མར་བསྐུལ་ཚིག་ཡང་དག་ལྡན།། ཉི་ཤུར་གནས་པའི་འཇིག་རྟེན་ཀྱང།། དབྲལ་ན་མོད་ལ་འཇིག་པར་འགྱུར། ། གང་དག་ཞིག་ན་སྦྱོར་བ་གཅད།། དུམ་པར་འདོད་ན་འོ་མས་གཞིག། ལྷ་དང་མི་དང་བྲན་མཛེ་དང།། དགེ་སྦྱོང་རིག་པ་འཛིན་པ་དང།། དཀར་པོའི་ཕྱོགས་ལ་གནོད་པ་བྲལ།། ཆར་གྱི་རྒྱུན་ལ་དབང་འདོད་ན། ། ཀླུ་རྒྱལ་གནས་པའི་ཁྱིམ་ནས་ཆུ།། ན་ག་གེ་སར་ཕུལ་ནས་ནི།། བརྒྱད་དང་བཅུ་དྲུག་ཆུ་ལ་སྦྲུལ།། ས་ནི་རྒྱ་མཚོ་ཆེན་པོའི་དྲུང།། བླངས་ནས་དཔལ་ལྡན་གཟུགས་བྱས་ཏེ།། གཡས་པ་སྦྲིན་གྱི་འཁོར་ལོ་ཅན། ། གཡོན་པ་ཆུ་ཡི་བུམ་པ་ཅན།། ཕྱེད་དཀར་ཕྱེད་ལྗང་ཁྲུ་གང་བ།། བྷ་ག་ལེགས་པར་བྱས་པ་ལ།། གེ་སར་ལོགས་ནས་ཆར་གྱི་རྒྱུན།། བསྐུར་ཚིག་བྲིས་ཏེ་འབྲུ་བརྒྱད་ཟླས།། འདི་ནི་ཀླུ་ཡི་ཁྱིམ་དུ་བྱ། ། ཉིན་མཚན་མང་དུ་རྣམ་པར་འབབ།། གལ་ཏེ་འཆད་པར་འདོད་ན་ཡང།། དཔལ་ལྡན་ནུ་མ། གཉི་གའི་རྩེ།། ཤུགས་པའི་མེ་ཡིས་བསྲོས་ནས་ཀྱང།། སྐད་ཅིག་དེ་ལ་རྣམ་པར་འཆད།། བདག་གིས་མིག་གིས་འཇིག་རྟེན། ། རིགས་གཅིག་པའི་ཉི་མ་ཡིན།། བསམ་པར་མཐོང་བར་འདོད་པ་ཡིས།། བཞི་བཅུ་རྩ་དགུའི་མིག་འབྲས་ལ།། དཔལ་ལྡན་སྦྱན་ལེགས་པ་བྲིས་ཏེ།། ཕྱག་ན་མེ་ལོང་ཁྲུ་གང་སྐུ།། རྒྱལ་པོའི་རྐང་རྗེས་ལ་བྱས་ལ། ། བྷ་གའི་ནང་དུ་འབྲུ་བརྒྱད་བྲིས།། ཐོར་ཏོ་ལ་ནི་བྱ་རྒོད་མིག།། བཅུགས་ནས་ཉིན་དང་མཚན་དུ་བཟླས། བཟླས་པ་རྫོགས་ནས་བྷ་ག་ལས། དུ་བ་བྱུང་ན་མཐོང་བར་འགྱུར།། དུ་བ་རང་གི་མིག་ལའོ།། དེ་ནས་རྟག་པར་དེ་འདྲའོ། ། དགྲ་བོ་གནོད་པས་གསད་པ་འམ།། ཁྲག་ཏུ་འབབ་པམ་ཚ་འདོད་ན།། ཁྲག་གི་བརྒྱ་དང་རྩ་གཅིག་ལ།། བག་ཕྱེད་གཟུགས་ནི་ཁྲག་གི་སྦྲུས།། ཕྱི་ཡི་ཁྲག་གིས་བྷ་ག་ལའོ།། ཆུ་ལ་གནས་པའི་ཁྲག་གིས་ནི། ། གཟུགས་ལ་རྣམ་པར་ཀུན་ཏུ་བསྐུས།། གཟུགས་ནི་ཁྲུ་གང་ཉིད་དུའོ།། བསྒྲུབ་བྱ་བྷ་གའི་ནང་དུ་ཡིན།། ཙན་དན་ཤིང་ལས་མེ་སྤར་ནས།། བྷ་ག་སྤྲོས་ནས་ཁྲག་ཏུ་འབད།། འཆི་བར་འདོད་ན་རྐེད་པ་ནི། ། མན་ཆད་མེ་ཡིས་ཀུན་ཏུ་བསྲེགས།། འཚོ་བར་འདོད་ན་འོ་མས་ནི།། རྣམ་པར་བཀྲུས་ཏེ་སྨོན་ལམ་གདབ།། དཔལ་ལྡན་མ་མོ་མཁའ་འགྲོ་རྣམས།། བསྙེན་ཅིང་འོང་བར་འདོད་པ་ཡིས།། ས་ལ་བྷ་ག་རྣམ་བཀོད་པ། ཉི་མ་ཟླ་བ་སྔགས་དང་བཅས།། དེ་སྟེང་བན་ངྷ་པདྨ་ལ།། འབྲུ་བརྒྱད་འཁོར་ལོ་རྣམ་པར་སྒྲུབ།། སོར་མོ་གཉིས་གཉིས་བར་དུ་བསྡམ།། བྷ་ག་ཟླ་གམ་ཉིད་ལ་ནི།། ཛཿཧཱུ~ཾ་བཾ་ཧོའི་བཀའ་ལུང་སྒྲོགས། ། བྱང་ཆུབ་སེམས་ནི་ཐོར་ཏིང་འཛིན།། སེང་ལྡེང་མེ་སྤར་སྤོས་ཆེན་བདག། སྦྱན་དྲངས་བརྟན་པ་བྱ་བར་ཤིས།། དཔལ་ལྡན་བྷ་གའི་དཀྱིལ་འཁོར་ནི།། ངེས་པར་བཀོད་པ་རྣམ་རྒྱས་ནི།། སྐུ་ནི་འདོམ་གང་ཉིད་ལ་ཤིས། ། སྣ་ཚོགས་རྒྱ་གྲམ་སྤྱི་བོར་འཛིན།། སྣ་ཚོགས་རྡོ་རྗེ་སྙིང་ཁར་འཛིན།། སྣ་ཚོགས་འཁོར་ལོ་ལྟེ་བར་འཛིན།། སྣ་ཚོགས་རིན་ཆེན་གཡས་ན་ཐོགས།། གཡོན་ན་སྣ་ཚོགས་པདྨ་འཛིན།། བྷ་ག་གསང་བའི་གནས་མཆོག་ནི། ། རྣམ་སྣང་སྐུ་ཕྱེད་དབུས་ན་དཀར།། རྒྱལ་བ་རྣམ་བཞི་མགྲིན་པར་འབྱུང།། མེ་ཡི་དཀྱིལ་འཁོར་འབྱིང་བའི་སྐུ།། རལ་བའི་རླུང་ནག་དབུས་ན་འབར།། རྡོ་རྗཻ་བྲག་གི་ནང་ན་འདུག། ལྷག་པའི་སྤྱན་ནི་རྣམ་པར་འཇིགས།། དངོས་གྲུབ་ཀུན་གྱི་བདག་མོ་སྟེ།། བཀྲ་ཤིས་སྐུ་མཆོག་ཡོན་ཏན་འཆང།། མཁའ་འགྲོ་བླ་མའི་ཕྱག་རྒྱ་ཡིན།། འཇིག་རྟེན་གྱི་སྤྲུལ་པ་མོ།། ཕྱག་སྟོང་འགྲོ་བའི་འདུ་བྱེད་མཛད། ། དཔལ་ལྡན་ནག་མོའི་རྣམ་པར་གཟུང།། དངོས་གྲུབ་འདུས་དང་བསྡུས་མཛད་མ།། སྐུ་མཆོག་བསམས་པ་བསམ་པར་བདེ།། སྐུ་མཆོག་བྲས་ན་རྣམ་པར་འཕགས།། སྐུ་མཆོག་དྲན་ན་རྣམ་པར་རྒྱལ། སྐུ་མཆོག་བསྒོམས་ན་རྣམ་པར་འགྲོ་ལ། ། སྐུ་མཆོག་མཐོང་ན་རྣམ་པར་ཞི།། བྷ་ག་དངོས་གྲུབ་ཀུན་སྦྱོར་སྐུ།། འདི་ནི་རྣམ་པར་གསང་པ་སྟེ།། རྒྱལ་བ་རྣམས་ལ་བསྟན་པ་ཡིན།། མཁས་པ་གང་གིས་བྷ་གའི་སྐུ།། གཞན་ལ་ཡང་དག་བསྟན་པས་ནི། ། རང་གི་སྦྱོར་པ་རྣམ་པར་སྲེག། གལ་ཏེ་གཞན་ལ་སྨྲས་པ་ནི།། བདག་ཉིད་ཡོན་ཏན་རྣམས་དང་བྲལ།། བྷ་ག་གང་གིས་མཐོང་གྱུར་ནི།། རྡོ་རྗེ་དམྱལ་བའི་ནང་དུ་སོང།། ཐབས་དང་ཤེས་རབ་རྣམ་པར་བྲལ། ། ནམ་མཁའི་ཕ་རོལ་ཚུན་ཆད་དུ།། ཟབ་མོའི་དཀྱིལ་འཁོར་དྲན་པ་མེད།། དལ་བ་མེད་པའི་ཡུལ་དུ་འཁྱམ།། མཁས་པས་བསྟན་ཅིང་སྨྲ་བ་མེན།། ཟབ་མོའི་དཀྱིལ་འཁོར་མཐོང་བར་འགྱུར། ། ཡང་དག་བྷ་ག་རྣམ་སྤངས་ཏེ།། ཤེས་རབ་དཀྱིལ་འཁོར་མ་མཐོང་བས།། རྣམ་པ་གཞན་ལ་འཇུག་བྱེད་ལ།། མུན་པ་དེ་ཉིད་ནམས་ཀྱང་བརླག། དཔལ་དངོས་གྲུབ་ཐམས་ཅད་ཀྱི་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ། གསང་སྔགས་འབྲུ་བརྒྱད་པའི་འཁོར་ལོ་རྣམ་པ་སྦྱོར་བ་སྟེ་ལེའུ་བདུན་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང། ཐུགས་རྡོ་རྗེ་རྣམས་ལས། སྤྱིན་སྲེག་ཐམས་ཅད་དང། ། ཡོངས་སུ་སྦྱོར་བའི་གསང་སྔགས།། ཡི་གེ་བཅཱ་ལྔ་པའི་ཚོགས་འདི་གསུངས་སོ།། རྣམ་པར་སྣང་མཛད་དང་པོར་བཞག།། དྲུག་པའི་གསུམ་པ་གཉིས་སྦྱར་ན།། དབྱངས་ཡིག་དྲུག་པ་གཉིས་སུ་ལྡན། ། དེ་བཞིན་དྲུག་པའི་གསུམ་པ་ལ།། དབྱངས་ཡིག་བཅུ་པས་རྣམ་པར་བརྒྱན།། དེ་བཞིན་དྲུག་པའི་གསུམ་པ་ནི།། གསུམ་པའི་སྡེ་ཚན་རྣམས་པ་དང་འདྲ། གཉིས་པའི་དང་པོར་སྦྱར་བ་ནི།། དེ་འོག་ལྔ་པའི་དང་པོའོ། འདི་ལྟར་དྲུག་པའི་བཞི་པ་ཡོད།། འདི་ནི་སྣང་བ་མཐའ་ཡས་ཅན། བདུན་པའི་གཉིས་པ་ཡང་དག་གསལ།། དབྱངས་ཡིག་ལྔ་པ་དེ་ལྟར་མཛེས།། དང་པོའི་གསུམ་པ་འདི་དང་འབྲེལ།། ལྔ་པའི་ལྔ་པ་དེ་ཉིད་ནི། ། དབྱངས་ཡིག་བརྒྱད་པ་དེ་དང་ལྡན།། བདུན་པའི་བཞི་པ་དེ་ཉིད་ནི།། དབྱངས་ཡིག་དྲུག་པས་རྣམ་པར་ལྡན།། དང་པོའི་ལྔ་པ་སྤྱི་བོར་འཛིན། ལྔ་པ་ཡི་ནི་བཞི་པ་ལ།། དྲུག་པའི་དང་པོའི་སྒྲ་ཅན་དེ། ། དབྱངས་ཡིག་དགུ་པས་མཚན་པའོ།། གཉིས་པའི་གསུམ་པ་གཉིས་དང་ལྡན།། བཅཱ་ལྔ་མེ་ཡི་ཁང་པ་སྟེ། སྤྱིན་སྲེག་ལས་བཞི་ཀུན་ཏུ་སྦྱོར།། འདི་ཡི་དཀྱིལ་འཁོར་རྣམ་བཤད་པ།། གེ་སར་པདྨ་འདབ་མ་བཅུ། ། སྒོ་དང་བཅས་པའི་གཞལ་ཡས་ཁང།། རྣམ་པར་སྣང་མཛད་ལས་སྐྱེས་པའོ། ལྷ་མོ་དབུས་ན་རྣམ་པར་དམར།། ཞུགས་ཐབ་བསྣམ་པའི་འཕྲེང་བ་འཛིན།། དབུ་ལ་རྨ་བྱའི་མདོངས་དང་ལྡན།། ར་སྐྱེས་དམའ་པོ་རྣམ་པར་ཞོན། ། མེ་འབར་དབུས་ན་རྣམ་པར་བརྗིད།། མེ་ལ་སོགས་པའི་ཡེ་ཤེས་ནི།། མེ་ཡི་ལྷ་མོ་དམར་མོ་དང།། མེ་ཡི་མདངས་ལ་དགའ་བ་དང།། འཇིག་རྟེན་མེར་འབད་ལྷ་མོ་དང།། ཡེ་ཤེས་མེར་འབར་ལྷ་མོ་དང། ། བུད་ཤིང་སྲེག་བྱེད་ལྷ་མོ་དང།། ཉོན་མོངས་སྲེག་མཛད་ལྷ་མོ་དང།། བགྲང་འཕྲེང་འཛིན་པ་མེ་ཡི་ལྷ།། བདུད་རྩི་སྲེགས་པ་མེ་ཡི་ལྷ།། འཇིག་རྟེན་སྐྱོང་བ་མེ་ཡི་ལྷ།། སྦྱིན་སྲེག་ཟ་བ་མོ་ཞེས་བྱ།། རྡོ་རྗེ་སྙིང་པོ་ལ་སོགས་ཏེ། ། སྒོ་བཞི་གནས་པ་མེ་ཡི་ལྷ།། ཞི་བར་འདོད་པའི་གཙོ་མོ་ནི།། དཀར་མོ་མཛེས་བྱེད་གཟར་བུ་ཅན།། རྒྱས་པར་བྱེད་པའི་སྒོ་མོ་ནི།། སེར་མོ་རྒྱས་མཛད་གཟར་བུ་ཅན།། དབང་དུ་སྡུད་པའི་སྲེག་པ་མོ། ། དམར་མོ་དཀར་མོ་གཟའ་བུ་ཅན།། རྣམ་པར་གསོད་པའི་སྲེག་པ་མོ།། གཟར་བུ་འཛིན་པའི་བྱང་ཕྱོགས་མ།། ཟླ་བ་འཁོར་ལོ་ལྕགས་ཀྱུ་དང།། རྡོ་རྗེ་དབྱུག་ཐོ་གཡས་རྣམས་འཛིན།། དབྱིབས་དང་ཁ་དོག་ཐམས་ཅད་ལ། ། རྣམ་པར་སྦྱོར་བ་ལས་བཞི་ཅན།། བཅུ་ནི་དམར་མོ་གཟར་བུ་ཅན།། ཐམས་ཅད་ར་ལ་ཡང་དག་ཞོན།། ཐམས་ཅད་ཀུན་གྱི་སྤྱི་བོ་ནས།། རྨ་བྱུའི་མདོངས་དང་ཡང་དག་ལྡན།། འདི་ལྟར་དཀྱིལ་འཁོར་རྣམ་བསམས་ཏེ། ། མེ་ལྷ་བརྟེན་པར་བྱ་བ་དང།། དངོས་གྲུབ་ཐམས་ཅད་སྒྲུབ་ཕྱིར་དུ།། གསང་སྔགས་བྱིན་གྱིས་བརླབས་པ་ཡིན།། ཡང་དག་བཟླས་པ་རྫོགས་གྱུར་ནས།། སྤྱིན་སྲེག་ཀུན་ལ་འགྲུབ་འགྱུར་ཏེ། ། མེ་ཡི་བུ་མོ་བཅུ་བཞིས་ནི།། མེ་ཡི་བུ་མོ་རྣམ་པར་མཆོད།། མེ་ཡི་དངོས་གྲུབ་གཞན་ལ་སྟེར།། མེ་ཡི་བུ་མོ་བཅཱ་ལྔ་ལ།། རྟེན་པར་ནུས་དངོས་གྲུབ་ཐོབ།། འདི་ནི་སྦྱོར་བ་ཐུན་མོང་སྟེ།། ཞི་བ་དཀར་པོ་ལ་སོགས་འཛིན། ། དེ་བཞིན་རྒྱས་པ་གྲུ་བཞི་སེར།། དབང་དུ་དམར་དང་གསོད་ལ་གནག་ཛཿཧཱུ~ཾ་བཾ་ཧོ།། མ་ཧཱ་ཨག་ནེ། དེ་བི་ས་མ་ཡ། མ་ཧཱ་པཱུ་ཙ་ཁཱ་ཧི།། སྦྱོར་བ་ཀུན་གྱི་ཤམ་བུའོ།། རྣམ་རྟོག་མེད་པའི་རྣལ་འབྱོར་གྱིས།། ཟླ་བ་ལ་ནི་ཞལ་བཞིར་བསྒྱུར། བཅཱ་ལྔ་ཉིད་ལ་ཞི་བའི་གནས།། བཅཝ་བརྒྱད་ལ་ནི་དེ་བཞིན་རྒྱས།། བརྒྱད་ལ་དབང་དུ་སྡུད་པ་དང།། ཉི་ཤུ་གསུམ་ལ་ཤིན་ཏུ་གསོལ་བ།། ཉི་མ་ཤར་དང་ཕྱེད་པ་དང། ། ནུབ་དང་མཚན་མོ་ཕྱེད་དུ་བྱ།། ལྷ་ཉིད་ཞལ་ནི་ཤར་ལྷོ་མཚམས།། བདག་གམ་གཞན་ལ་རིམ་པར་སྦྱོར།། ཞི་བ་དཀར་པོ་སེར་ལེ་བརྒན།། མཐིང་ཁ་ལྟ་བུར་སོ་སོར་འགྱུར།། རྫས་ཀྱང་དེ་བཞིན་རྣམ་པར་སྲེག། སརྦ་བཛྲ་ཌཱ་ཀི། ནི་ངྷི་ཡཱ།། མ་ཧཱ་དེ་བ་པུ་ཙ་ཤནྟིཾ་ཀུ་རུ།། པུཥྟིང་ཀུ་རུ།། པ་ཤང་ཀུ་རུ།། མ་ར་ཡ་ཀུ་རུ་ཧཱུ~ཾ་ཕཊ་སྭཱ་ཧཱ། འདི་དག་སྦྱོར་བ་ཐུན་མོང་དང་ཁྱད་པར་གྱིའོ།། འདི་ནི་ཟླ་བའི་འབའ་ཞིག་སྟེ།། གསོད་པར་བྱེད་པ་གཞན་ཡང་ནི། ། རོ་ཡི་ཁ་ཞེས་བྱ་བ་ཡོད།། ཡང་ན་བྲན་མཛེས་བུ་མོའི་མཁར།། ཙན་དན་ཤིང་ལས་མེ་སྦར་ཏེ།། ཟུར་གསུམ་རུས་པའི་ཟར་བུ་ཡིས།། རེ་རེ་རྣམ་པར་འདོར་ཞིང་ནི།། སྔགས་ཀྱང་དེ་ལྟར་བསྐུལ་ཚིགས་མིང། ། མཚན་མོ་མང་དུ་ཉིན་མོ་དང།། སྦྱོར་བ་ནུས་ན་ཡང་དག་གསོད།། མི་རོ་རྣམས་ལ་ཡང་དག་སྲེག། ཡང་ན་གཅན་གཟན་རྣམ་པ་དང།། དུང་དང་སྒྲ་དང་སྐད་ཀྱང་འབྱིན།། མི་རྣམས་སྐྲག་དང་ཚ་ངེས་འདེབས། གང་འདོད་བསྐུལ་ཚིག་ཞབས་སུ་སྦྱོར། རྣམ་པར་སྨྱོ་དང་ངེས་པར་གསད།། གཅན་གཟན་སྔོན་པོའི་ཐོད་པ་ལ།། མེ་ཡི་འཁོར་ལོ་བཅས་ལ་དཀོད།། སྣུམ་གྱིས་གཤེར་བའི་ཤིང་བུ་ལ།། རིམ་པ་ཉིད་དུ་ཁར་ཡང་བཙངས། ། རྟག་ཏུ་སྔགས་རྣམས་དཔའ་བར་ཟློས། སྐད་ཅིག་དེ་ལ་ཞི་བར་འགྱུར།། གལ་ཏེ་གཞན་དུ་སྐྲོད་འདོད་ན།། གཤོག་པ་ཅན་གྱི་མགོ་བོ་ལ།། མར་གྱི་དངོས་པོའི་ཤིང་བཙུགས་ནས། མགོ་དང་བཅས་པའི་སྲེག་ཐལ་ལ། ། རླུང་ལ་ཕྱར་ན་འཁྱམ་པར་ནུས། མི་དང་མི་མེན་འབྱུང་པོ་རྣམས།། མིང་དང་བཅས་བསྲེག་བཟླས་ན་འབྲོས།། ཨ་ཤོ་ཀ་ཡི་འདབ་མ་ཡིས།། རྒྱལ་པོ་ཁ་ལ་མེས་བསྲེགས་ན།། ཡུལ་ཁམས་བདག་གི་དབང་དུ་འགྱུར། ། མུ་ར་ཤིང་གི་འབྲས་བུ་ལ།། སྦྲུམ་མའི་ཁ་ལ་བསྲེགས་ན་ནི།། དབང་རིགས་ཐམས་ཅད་བྲན་དུ་འགྱུར།། རྣལ་འབྱོར་དཔའ་བོའི་ཁ་ལ་ཡང།། རྒྱ་སྐྱེགས་ཤིང་ལ་མེ་སྤར་ན།། སྲིན་པོ་བདུད་བཅས་འདར་ཞིང་འདུད། ། རྣལ་འབྱོར་མའི་ཁ་གདངས་ཏེ།། ཛ་ཏི་གུར་ཀུམ་ཆུས་བཀྲུས་ལ།། མེ་ཡི་བུ་མོ་བཅཝ་ལྔ་ནི།། རྣམ་པ་བརྒྱའི་སྤྱིན་སྲེག་གིས།། མ་མོ་མཁའ་འགྲོ་བརྒྱད་དང་ཕྲད།། དེ་བཞིན་སྟོང་དང་ཁྲི་དང་འབུམ། ། མཁའ་འགྲོ་རེ་རེའི་སྐུ་མཐོང་བས།། བདེ་བ་རེ་རེ་སྟེར་བར་འགྱུར།། འདི་ལ་དཔག་མེད་བརྩོན་པར་བྱ།། མ་མོའི་ཁོང་ནས་རྙེད་པ་ཡི། གཞོན་ནུ་མའི་མཁའ་ལ་སྙིང་པོ་ནི།། བསྲེགས་ན་ཟངས་ཀྱི་བདེ་བ་ཐོབ། ། དམངས་ཀྱི་ཁ་ལ་བོང་ངའི་ཤིང།། ནག་པོས་བསྲེགས་ན་མྱུར་དུ་འཆི།། སྲེག་ཤང་འཛིན་པའི་ཁ་ལ་ནི།། ར་ཚ་ཨ་རྒས་བསྲེགས་བྱས་ན།། དྲན་པ་ཉམས་པ་ཞི་བར་འགྱུར།། བུད་མེད་རྒན་མོའི་མཁའ་ལ་ཤིང། ། ཤོག་བུ་སྲེགས་པས་ཁྱིམ་མཛེས་འཕམ།། བུ་མོ་གཞོན་ནུའི་མཁའ་ལ་ནི།། འོ་མ་ཅན་གྱི་ཤིང་དག་གིས།། བསྲེགས་ན་སྦྲུམ་མ་རྣམ་པར་འཚིག།། མུ་སྟེགས་མཁན་པོའི་མཁའ་ལ་ནི། སྨྱུག་མའི་ཤིང་དང་འབྲས་བུ་ཡིས།། བསྲེགས་ན་གནོད་སྤྱིན་དགའ་བ་དང།། རྣལ་འབྱོར་དཔའ་པོ་དེ་ཉིད་ལ།། རྟག་ཏུ་གཟུགས་ཀྱང་སྟོན་པ་དང།། ནོར་རྣམས་ཡང་དག་ལྡན་པར་བྱེད།། གྲུབ་མཐའ་མེད་པའི་མཁའ་ལ་ནི། སྐྱུ་རུ་ར་ཡི་ཤིང་གིས་བསྲེག། གཞན་གྱི་ནོར་རྣམས་འབྱེད་པར་བྱེད།། ཙེ་ལུ་མའི་མ་མཁའ་ལ།། ཤོ་ཤའི་ཤིང་ལ་མེ་སྤར་ནས། མི་དང་མི་མིན་ཁྲོས་པ་ཞི།། རོ་རྣམས་བླངས་ཏེ་ཤར་ལྷོར་ནི།། མགོ་བསྟན་སྦྱིན་པ་རྣམས་བསྲེགས་ཏེ། ། ཞི་བ་དགུ་ལས་མི་རིང་བར།། འཇིག་པ་མེད་པར་བརྩོན་ན་འགྲུབ།། ཡུལ་རྣམས་མཐོང་བའི་རི་བོའི་རྩེར།། འབྲས་ཀྱི་ཕུབ་མ་སྲེག་ན་ནད།། ཁྲོས་པའི་བགེགས་དང་བཅས་པ་བཞི། ། དུར་ཁྲོད་དག་ཏུ་སོང་ངམ་དབེན།། སྤྲ་ཚིལ་བསྐུལ་ཞིག་རྟག་པ་བསྲེགས། འཐབ་ན་ལྷག་པར་རྒྱལ་བར་བྱེད།། མེ་ཡི་དཀྱིལ་དུ་མེ་ཡི་ལྷ།། གུར་ཀུམ་ཕྱེ་མ་བསྲེགས་པ་དང།། ཡུངས་ཀར་བསྲེགས་པར་ནུས་ན་ནི། ། ཚེ་ཚད་དཔག་མེད་རྣམས་དང་ལྡན།། མཛའ་བོ་རྣམ་པར་འབྱེད་འདོད་པས། ལུང་པ་གཉིས་ཀྱི་མདོ་རུ་ནི།། ཏ་ལའི་སྡོང་བུ་བསྲེགས་པའི་སར།། བྱ་རོག་འུག་པའི་ཤ་གཏོར་ན།། དེ་ཉིད་མོད་ལ་རྣམ་པར་འཐབ། ། དགྲ་བོ་འགུགས་པར་འདོད་པ་ཡིས།། བླག་ཤའི་ཡལ་ག་དེ་ཉིད་ལ།། ལུག་གི་ལྕེ་ལ་གསང་སྔགས་བྲིས།། མང་དུ་བསྲེགས་པས་ལྐུགས་པར་འགྱུར།། གྲོང་ཁྱེར་ཆེན་པོ་འཚིག་འདོད་པས།། མེ་ཏོག་ལྔ་བཅུ་ཐམ་པ་དང། ། དེ་བཞིན་ཤིང་ཐོག་ལྔ་བཅུ་སྟེ།། ཡམས་ཤིང་བཅས་དང་སྔགས་ཚིག་བསྐུལ།། གྲོང་ཁྱེར་ཕྱོགས་དང་བཅས་པ་འཚིག། བདག་གི་དྲུང་དུ་གང་དག་གིས།། སྤོབས་པ་མེད་པར་བྱ་འདོད་པས།། པྲི་ཡང་ཀུ་ཡི་སྙེ་མ་སྲེག། ། མུ་སྟེགས་གཟུགས་བྱས་ཐབ་ཀུན་ནང།། གཟི་སྤྱིན་ཚ་བས་ལྟར་མི་བཟོད།། གཞན་ཡང་མེ་ཡི་དཀྱིལ་འཁོར་ནི།། བཅཝ་ལྔ་འཁོར་ལོ་ཉིད་ལ་བབས།། ཞི་རྒྱས་དབང་དྲག་གཅིག་ཏུ་ནི།། མི་རོ་ཆེན་པོའི་ཁ་ནས་ནི། ། མར་ཁུ་ཆེན་པོ་མཆོད་པ་འབུམ།། དེ་ནས་མི་ཡི་དཀྱིལ་འཁོར་ནི།། གྲུ་གསུམ་རྣམ་པར་གདེངས་པ་ལ།། ཚེར་མ་ཚ་བ་སྤུ་དང་བཅས།། བརྒྱ་རྩ་བརྒྱད་ཀྱིས་ཤིང་གིས་བསྲེག། འདི་དག་རྣམ་པར་སྦྱར་བས་ནི། ། ཁྲོས་ནས་འཇིག་རྟེན་ཁམས་ཀྱང་བསྲེག། དངོས་གྲུབ་ཕྲ་མོ་སྨོས་ཅི་དགོས།། མཁའ་འགྲོ་རྣམས་དབང་སྡུད་པ་དང།། བུད་མེད་རྣམ་པར་སྲོག་འདོད་པས།། བརྒྱ་རྩ་བརྒྱད་ཀྱི་ཤ་སྣ་རྣམས། ། འབྲས་བུ་ཆག་པའི་ཤིང་བརྒྱ་བཅུ།། བསྲེགས་ན་དངོས་གྲུབ་འཕྲལ་དུ་འབྱུང།། འཇིག་རྟེན་སྐྱེས་པ་རླག་འདོད་པས།། ནང་དུ་རྡོ་རྗེ་བཞག་པ་དང། ཕྱི་རོལ་གདུག་པ་འབྱུང་པོ་གསོད།། བོང་བུ་རྟ་དང་རྔ་མོ་དང། ། ར་ཁྱི་ཕག་དང་བྱ་རྒོད་སྟག། གླང་ཆེན་ཝ་དང་ཉ་ཉིད་དང།། མེ་དང་སྤྲེའུ་ལུག་ཁྲི་སྙན་དང།། ཤ་བ་རྨ་བྱ་ནེ་ཙོ་དང།། འུག་པ་ཁྲ་དང་བྱ་རོག་དང།། རི་ཡི་བོང་བུ་རྣམས་ཀྱིས་ནི།། ཉི་ཤུ་གསུམ་དང་བརྒྱད་ལ་ནི། ། ཅོང་བྲི་བསྲེགས་ཤིང་འདི་བསྲེགས་པས།། ཤིང་སྣ་མང་པོ་སྦྱར་ནས་ནི།། ཇི་ལྟར་འདོད་པས་དངོས་གྲུབ་ཀྱང།། མཁའ་འགྲོ་མང་པོས་དུས་འདིར་གཏེར།། གང་དུ་བསམ་པའི་སྦྱོར་བ་ཡང། ། ཐབས་ཀྱི་རིམ་པ་འདི་ཡིས་འགྲུབ།། དཔལ་དངོས་གྲུབ་ཐམས་ཅད་ཀྱི་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། མེའི་བུ་མོ་བཙྭ་ལྔའི་དངོས་གྲུབ་སྦྱོར་བར་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྣམས་ལས།། དེ་བཞིན་གཤེགས་པའི་བཙུན་མོ།། རྒྱལ་སྲས་མང་པོས་བཙུན་མོ། སྦྱོར་བ་དང་སྒྲོལ་བའི་རིགས་སུ་སྨིན།། དྲག་མོར་གྱུར་པ། ། རོ་ལངས་རྣམ་པར་འདུལ་བ།། ཁྲོ་མོ་ཆེན་མོ་པ་ཏ་ལི་ཞེས་བྱ་བ་དང།། རྣམ་པར་སྦྱོར་བ།། སངས་རྒྱས་དམ་ཚིག་ཡི་གེ་བཅུ་གསུམ་པ་ཞེས་བྱ་བ།། སྦྱོར་བའི་གསང་སྔགས་འདི་གསུངས་སོ།། དང་པོར་རྣམ་པར་སྣང་མཛད་ཅན། ། གཉིས་པ་སྣང་པ་མཐའ་ཡས་ཡིན།། རྡོ་རྗེ་སྙིང་པོ་གསུམ་པ་ཡིན།། བི་པའི་དང་པོ་དེ་ཉིད་དང།། དྲུག་པའི་དང་པོ་དབྱངས་ཡིག་གསུམ། དྲུག་པའི་གསུམ་པ་དེ་བཞིན་ཏེ།། བདུན་པའི་ལྔ་པ་དེ་བཞིན་མཛེས་དེ་བཞིན་དྲུག་པའི་གསུམ་པ་ཅན། ། དེ་ལྟར་བདུན་པའི་ལྔ་པ་ཡི།། ལྔ་པའི་ལྔ་པ་དེ་ཉིད་དང།། བདུན་པའི་གསུམ་པ་ལ་ཡང་ནི།། དྲུག་པའི་གཉིས་པ་དེ་བཞིན་ནོ།། དེ་ནས་བདུན་པའི་བཞི་པའོ། ། འདི་ནི་གསང་སྔགས་ཡི་གེ་བཅུ་གསུམ་པ་སྟེ།། གཤིན་རྗེ་དང་ཕྱི་རོལ་ཉིད་ཀྱིས་ཡོངས་སུ་འཛིན་པར་མཐོང་བའོ།། གསང་སྔགས་དང་ལྡན་པ་རྣམས་ཀྱིས་འཆི་བདག་ཡོངས་སུ་འཇོམས་པའི་ཚེ།། དཀྱིལ་དུ་ནང་དུ་བལྟས་པའོ། ། རྒྱལ་སྲས་རྣམས་འབྱུང་བའི་དབྱིབས་སུ་ཡོངས་སུ་འཛིན་པ་རྣམས་ཀྱི་གསང་བས་སོ།། དེ་བཞིན་གཤེགས་པའི་ཡབ་ཡུམ་གྱི་ཚུལ་ལས་ཡོངས་སུ་འདས།། སངས་རྒྱས་ཀྱི་སའི་ངོ་བོ་བཅུ་གསུམ་རྣམ་པར་ཐར་པ། ། ཟབ་མོ་ཉིད་དུ་རྣམ་པར་ཐར་པའོ།། དེ་ཡི་དཀྱིལ་འཁོར་དེ་བཞིན་དུ། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང།། ལྟེ་བ་གྲུ་ཆད་བར་ཁྱམས་དང།། དུར་ཁྲོད་བརྒྱན་གྱིས་སྒོ་བཞི་མཛེས།། མི་རོའི་སྟེང་ན་རོ་བོ་བདག་མོ། ། རོ་ལ་ཞོན་པ་མཆེ་བ་གཙིགས།། མིག་གསུམ་ཁམ་པ་གནམ་གྱི་སྐྲ།། ཁ་ཊཱཾ་ཐོགས་པ་གཤིན་རྗེ་བསྐོར།། རོ་ལ་ཞོན་པ་མ་ཧེ་གནོན། བེ་ཅོན་ཅན་ནི་འཁོར་ལོའོ།། སྒོ་དང་གྲུ་ཆང་པར་ཁྱམས་ལ། ། རོ་ལ་དུར་ཁྲོད་སེམས་ཅན་འཐོག། འདི་ཉིད་འབུམ་དུ་སྦྱོར་བ་དང།། རོ་ལངས་གཤིན་རྗེ་འཇིགས་པ་ཡིས།། གཤིན་རྗེ་དག་ནི་བཀའ་ཡང་ནོད།། སྐྲག་པར་གྱུར་ན་སྔགས་པ་གསོད།། རྣམ་པར་འཇིག་ན་མི་སྐྲག་པ། ། དཔའ་བོ་དངོས་གྲུབ་དེ་ཉིད་ཡིན།། བཟླས་པ་རྫོགས་ནས་ཅི་འདོད་ཅེས།། མངོན་དུ་མཐོང་ན་མི་འཇིགས་པར།། གུས་དང་མཆོད་ཅེས་རོ་ཟ་ཞིང།། གང་འདོད་པའི་གསོལ་བ་གདབ།། རོ་ལངས་འཁོར་ལོ་དང་པོ་ཡིན། ། སྒྲོལ་བདག་ཆེན་མོ་གཤིན་རྗེ་འཇོམས།། གཤིན་རྗེ་ཉིད་ཀྱིས་ཆེད་ཆེར་བསྟོད།། ཕྱི་རོལ་རྣམས་ལ་གྲགས་པ་སྟེ། གསོད་པའི་གཟུགས་ཀྱིས་སྲིན་མོ་ཡིན།། འདི་ཉིད་འཆི་བདག་རྣམ་བཅོམ་པས། ། ཚེ་ཡི་ལྷ་མོ་དམར་མོར་འགྱུར།། པདྨ་སྒོ་མེད་བཅུ་གཉིས་ནི།། གེ་སར་བཅས་པའི་དབུས་ན་འགྱིང།། དེ་ཡི་བུམ་པ་ལྕགས་ཀྱུ་ཅན།། རྡོ་རྗེ་ཚེ་ཡི་འོད་ཟེར་ཅན།། བཅུ་གསུམ་གསང་སྔགས་འབུམ་དུ་སྦྱར། ། བསྐུལ་ཚིག་རྣམས་ཀྱང་རབ་ཏུ་སྦྱར།། རྡོ་རྗེ་དང་ནི་པདྨ་དང།། འཁོར་ལོ་རྒྱ་གྲམ་དབང་བསྐུར་པས།། སོ་སོའི་ཚེ་ཚད་ཐོབ་པར་འགྱུར།། འདི་ཉིད་གསང་བའི་དཀྱིལ་འཁོར་ཏེ།། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། ། པདྨ་རྒྱ་གྲམ་སྐྱེ་བ་ནི།། བྷ་གའི་དཀྱིལ་ནས་རྣམ་པར་འཕགས།། རྒྱལ་བ་སྐྱེད་པ་གསང་བའི་ཡུམ།། འདི་ཉིད་བཅུ་གསུམ་འཁོར་ལོ་ཡིས།། ཡི་གེའི་ཚིགས་དང་མིང་ལས་འདས།། གཟུགས་དང་ཁ་དོག་རྣམས་དང་བྲིལ། ། རང་གི་ཤེས་པ་དག་པའི་གནས།། སངས་རྒྱས་རྟེན་པའི་ས་གཞི་ཉིད།། རྒྱལ་པ་ཡོན་ཏན་བརྗོད་མི་ནུས།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ། འཕགས་པ་རོ་ལངས་ལྷ་མོར་གྱུར་པའི་ཡི་གེ་བཅུ་གསུམ་གྱི་སྦྱོར་བ་བཞི་པ་སྟེ་ལེའུ་དགུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་གྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། རྣལ་འབྱོར་མ་ཆེན་པོ་གཅིག་པུ་གྲུབ་པ་མ་ཞེས་བྱ་བའི་གསང་སྔགས་ཡི་གེ་བཅུ་གཅིག་པ་འདི་གསུངས་སོ། ། དང་པོ་རྣམ་པར་སྣང་མཛད་སྤྱན།། གཉིས་པ་ལ་ནི་སྣང་མཐའ་ཡས། གསུམ་པ་རྡོ་རྗེ་སྙིང་པོ་སྟེ།། ལྔ་པའི་ལྔ་པ་གཉིས་དང་ལྡན། ། དབྱངས་ཡིག་བདུན་པ་དེ་ཉིད་བླང།། བཅིང་པའི་དང་པོ་དེ་བཞིན་ཏེ།། བཞི་པའི་དང་པོ་དབྱངས་ཡིག་གསུམ།། གཉིས་པའི་གསུམ་པ་གཉིས་དང་ལྡན།། ཡི་གེ་བཅུ་གཅིག་རྣམས་དང་ལྡན།། ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་དོན། ། རྒྱལ་བ་རྣམས་ཀྱི་ཡུམ་དུ་གྲགས།། དངོས་གྲུབ་ཀུན་གྱི་བདག་མོ་ལ།། ཕྱག་འཚལ་ཕྱག་འཚལ་རྡོ་རྗེའི་དོན།། གཉིས་དང་བྲལ་བའི་ཡུམ་ན་བཞུགས།། ཡེ་ཤེས་གཅིག་པུ་རྣམས་པར་རྟེན། ། སེམས་ཅན་རྣམས་དང་ན་ཟླ་མཛད།། ཅིར་ཡང་སྣང་ལ་མངོན་པར་འདུད།། ནམ་མཁའི་དཀྱིལ་འཁོར་ཐམས་ཅད་དུ།། བདག་ཉིད་རྒྱལ་མཚན་འཕྱར་མཛད་ཅིང།། གཉིས་སུ་རྟགས་པ་སྐྲག་མཛད་མ།། སྟོང་པ་ཉིད་ལ་མངོན་དུ་ཕྱོགས། ། འདི་ལྟ་སྟེ། རྣལ་འབྱོར་མ་གཅིག་པུ་གྲུབ་མ་འདི་ནི་དཔག་པར་དཀའ་འོ།། འདི་ནི་དཔག་མི་དགོས།། འདི་ནི་རྩོལ་བས་གྲུབ་པའོ།། འདི་ནི་བརྩལ་བས་མི་འགྲུབ་པའོ།། འདི་ནི་བརྩལ་བས་མི་འགྲུབ་པའོ། ། འདི་ནི་ནོར་ཅན་རྣམས་ལ་ནོར་དུ་སྦྱིན་པར་ཁས་བླངས་པའོ།། ཏིང་ངེ་འཛིན་ཉིད་ཡོངས་སུ་རྫོགས་པའི་སྐུ།། བདག་ཉིད་གཅིག་པུ་རྣལ་འབྱོར་ནི།། དང་པོའི་འཁོར་ལ་བསྐོར་བར་འདོད། ། གསེར་ལས་བྱས་པའི་ཁྲི་ལ་འདུག་སྣ་ཚོགས་རྩིབས་བཞི་མཉམ་བཞག་སྟེ།། ལྟེ་བའི་དབུས་སུ་མངོན་པར་བཞག། ཀུན་ཏུ་སྦྱོར་བའི་ཡིག་འབྲི་ནི།། རྣམ་པར་སྣང་མཛད་ཀླད་པ་ལ།། སྣ་ལ་མི་བསྐྱོད་བཞུགས་པ་སྟེ། ། སྣང་མཐའ་ཡས་ནི་སྙིང་ལ་གནས། ལྟེ་བར་བསྒྲིལ་མར་རང་རྟགས་གཉིས།། བྷ་གར་བསྒྲིལ་མ་གཅིག་པུའི་བརྡ།། བྱིན་པ་ལ་ནི་གྲུབ་པའི་མཚན།། ཞབས་ལ་ལྕགས་ཀྱུ་རྣམ་པར་བསྣམས།། དཀྱིལ་འཁོར་ཀུན་ལ་རྣམ་པར་སྦྱོར། ། སྐུ་ནི་ཀུན་ཏུ་གཡོན་པ་དམར།། འཁོར་ལོ་འདོད་པའི་གཡས་པ་སེར།། འཁོར་ལོ་རྩིབས་དང་བཅས་པ་ལ།། རྣམ་པར་སྣང་མཛད་ལྔ་བཞག་པ།། ཁ་དོག་ཐམས་ཅད་རྣམ་བསྣམས་ནས། ཐམས་ཅད་བདག་གི་སྙིང་ལས་ནི།། སྐྱེ་བ་མེད་པའི་ངང་ལས་སྐྱེས།། ལྕེ་ལ་རྣམ་པར་སྣང་མཛད་ཅན།། དེ་ནས་རྩེ་གཅིག་བསྒྲུབས་པ་ཡིས།། ལྗགས་བརྡབས་པ་ལས་སྣང་མཛད་འཕྲོ།། དེ་བཞིན་ཁ་དོག་ལྔར་ལྡན་པས། ། སོ་སོའི་ཡི་གེ་རྣམས་ལ་ཐིམ།། དེ་ནས་འཁོར་ལོ་འཁོར་བ་ལས།། འོད་ཟེར་སྣང་ལྔས་ལས་ལྔ་བསྲེག། དེ་ཡི་འཁོར་ལོ་ཐོབ་པར་འགྱུར།། དེ་ཡི་རིག་པ་འཛིན་པ་ཡང།། བཅུ་གཅིག་གསང་སྔགས་འདི་ཡིས་བྱེད། ། དེ་ནས་དཔག་མེད་ཞིང་སྦྱོང་བའོ།། དོན་རྣམས་འདི་ཡིས་བྱེད་པར་འགྱུར།། གལ་ཏེ་རྡོ་རྗེ་འདོད་པ་ཡིས།། དེ་ལྟར་སྔར་འགྱུར་ཡི་གེ་ལ།། སྐུ་ནི་གཡས་པ་དེ་བཞིན་དཀར།། མཉམ་པའི་སྟེང་ན་རྡོ་རྗེ་ཅན། ། བཅུ་གཅིག་སྙིང་པོ་ཡང་དག་འབར།། ལྕེ་ལ་ཡང་རྡོ་རྗེ་སྙིང་པོ་ཡོད།། རྣམ་པར་བརྡབས་ན་འོད་ཟེར་ནི།། ཁ་དོག་སྣ་ཚོགས་རྡོ་རྗེ་ཐིམ།། འདི་ལྟར་གསོད་ན་འོད་ཟེར་ལྔས།། རྣམ་པ་ལྔ་པོ་མངོན་བཅོམ་ནས། ། རྡོ་རྗེའི་དེ་ཉིད་གྲུབ་འགྱུར་ཏེ།། དེ་ཡི་རིག་པ་འཛིན་པའོ།། ནམ་མཁའི་རྡོ་རྗེ་ཐོབ་ནས་ཀྱང།། ནམ་མཁའི་དཀྱིལ་འཁོར་སྐྱོང་མཛད་མ།། བཅུ་གཅིག་གསང་སྔགས་འདི་ལས་འབྱུང། དེ་ནས་རིན་ཆེན་ལྟ་བུ་ཡི། ། རིན་ཆེན་འབར་བའི་མཆོད་འདོད་པས།། སྐུ་ནི་རྣལ་འབྱོར་ཕྱེད་ཀྱང་སྔོ།། ཞི་བའི་ཡི་གེ་ཁ་དོག་ལྔ།། ཡི་གེ་རིན་ཆེན་རྩེ་ལ་འབར།། མཉམ་གཞག་དབུས་སུ་འབར་པའོ།། ཞི་བའི་གསང་སྔགས་སྔོན་པོ་ནི། ། རིན་ཆེན་ལྕེ་ལ་རྣམ་པར་གནས།། རིན་ཆེན་བརྡབས་པས་བཟླས་པ་ཡིན།། རིན་ཆེན་ཁ་དོག་ལྔ་པ་ཡིས།། དེ་བཞིན་འཕྲོས་དང་ཞིང་སྦྱོང་བའི།། འོད་ཟེར་ལྔ་ཡིས་བྱེད་པར་འགྱུར།། དེ་དག་འབར་ཞིང་ནམ་མཁའ་འདྲ། ནམ་མཁའ་རིན་ཆེན་དེས་ཐོབ་ནས།། རིན་ཆེན་ལྟ་བུར་མཁའ་ལ་གསལ།། རིན་ཆེན་ཐིག་པས་གཞན་ཡང་ཚིམ།། དེ་ཡི་རིགས་འཛིན་འདོད་པ་མཉེས།། སྣ་ཚོགས་རིན་ཆེན་ཐོབ་པའོ།། བཅུ་གཅིག་གསང་སྔགས་ཉིད་ལས་འབྱུང། ། ཇི་ལྟར་པདྨ་སྤོར་འདོད་པས།། སྐུ་ཡི་ཕྱེད་ནི་གཡས་ཀྱང་དམར།། སྣ་ཚོགས་པདྨའི་རིགས་འཛིན་ཉིད།། སྣ་ཚོགས་ཁ་ཡི་པདྨ་ལས།། སྣ་ཚོགས་ནམ་མཁའ་ཉིད་དུ་འགྱུར། ། སྣ་ཚོགས་རྒྱ་གྲམ་བརྟན་འདོད་པས། སྐུ་ཡི་གཡས་པ་ཕྱེད་ལྗང་སྟེ།། ལྟེ་བའི་སྟེང་དུ་མཉམ་གཞག་པས།། སྣ་ཚོགས་རྡོ་རྗེ་ལག་གི་སྟེ།། ལྕེ་ལ་སྣ་ཚོགས་སྙིང་པོར་ལྡན།། ཡི་གེ་རྣམ་པ་ལྔ་ལྡན་པ།། སྣ་ཚོགས་རྡོ་རྗེའི་སྟེང་ན་འབར། ། སྣ་ཚོགས་རྡོ་རྗེའི་ལྕེ་བརྡབས་པས། སྣ་ཚོགས་རྡོ་རྗེ་ཉིད་ལ་བསྐུལ།། སྣ་ཚོགས་རྡོ་རྗེ་ཉིད་ཀྱིས་ནི།། ནམ་མཁའི་འཇིག་རྟེན་རྣམ་པར་སྦྱོར།། སྣ་ཚོགས་རྒྱ་གྲམ་བཟླས་པ་ཡིས།། སྣ་ཚོགས་རྒྱ་གྲམ་མཉེས་པར་འགྱུར། ། དེ་ཡི་རིགས་འཛིན་དེ་ཉིད་ཀྱིས།། སྣ་ཚོགས་ནམ་མཁའི་རྒྱ་གྲམ་གཉིས།། དེ་ནས་རྣལ་འབྱོར་དམ་པ་ཡིས།། སྣ་ཚོགས་མཆོད་རྟེན་འདོད་པ་ཡིས།། སྐུ་ནི་གཡས་པ་དེ་བཞིན་དཀར། ། མཉམ་གཞག་སྟེང་ན་མཆོད་རྟེན་ཅན།། གཞལ་ཡས་ཁང་གི་སྙིང་པོ་ཡོད།། ལྔའི་ཁ་དོག་ཕྱོགས་བཞི་དབུས། དེ་བཞིན་ལྕེ་ལ་ཡང་དག་གནས།། སྦྱོར་བ་འདུས་པའི་རིགས་པ་འཛིན།། བརྡབས་པའི་སྦྱོར་བའི་བཟླས་པ་ཡིས། ། སྣ་ཚོགས་མཆོད་རྟེན་བཟླས་པ་སྟེ།། བཅུ་གཅིག་གསང་སྔགས་ལས་གྲུབ་པ།། སྣ་ཚོགས་ནམ་མཁའི་མཆོད་རྟེན་འཐོར། ཡང་དག་མཁས་པ་དཔའ་བོ་ཡིས།། སྣ་ཚོགས་ཆོས་ཀྱི་འབྱུང་གནས་ཉིད། ། སྦྱོར་བར་ནུས་ན་ལས་འདི་ནི།། མཉམ་གཞིག་སྟེང་ན་ཆོས་འབྱུང་གནས།། དཀར་ལ་ཞི་བ་ནམ་མཁའ་འདྲ།། ཡི་གེ་མེད་པའི་ཁ་དོག་ཅིག།། བཟླས་པར་བྱ་བ་མ་ཡིན་ཏེ།། སྐུ་ཉིད་ཡོངས་སུ་ཞུ་བ་ལས། ། མཚན་དང་ཡི་གེ་གཞན་ན་མེད།། གཟུགས་དང་སྤྲོས་པ་ཀུན་ལས་འདས།། ཤིན་ཏུ་བལྟས་པའི་ཆོས་ཀྱིས་སྦྱོར།། དཔལ་ལྡན་གཅིག་པུ་གྲུབ་པ་ཡིས།། འདི་ནི་རང་བཞིན་གཞལ་ཡས་ཁང།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རྣལ་འབྱོར་མ་ཆེན་པོ་གཅིག་པུ་གྲུབ་པའི་གསང་སྔགས་བཅུ་གཅིག་པའི་ཡོངས་སུ་སྦྱོར་བ་བདུན་པ་སྟེ་ལེའུ་བཅུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང། ། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས། སྲིན་མོ་ཆེན་མོའི་དཀྱིལ་འཁོར་ཁ་ཊྭཾ་ཁ་ཡོངས་སུ་འཛིན་པར་སྦྱོར་བའི་གསང་སྔགས་ཡི་གེ་བཅཱ་ལྔ་པ་འདི་བྱིན་གྱིས་བརླབས་ཏེ་གསུངས་སོ། ། དང་པོར་རྣམ་པར་སྣང་མཛད་ཅན།། གཉིས་པ་སྣང་བ་འཐའ་ཡས་འཛིན།། རྡོ་རྗེ་སྙིང་པོ་གསུམ་པ་སྟེ།། དྲུག་པའི་གསུམ་པ་དེ་བཞིན་ཏེ།། བདུན་པའི་ལྔ་པ་རྣམ་པར་ལྡན།། གཅིག་པའི་དང་པོ་དབྱངས་ཡིག་དགུ། ། དྲུག་པའི་གསུམ་པ་དེ་བཞིན་ལྡན།། བཞི་པའི་དང་པོ་དབྱངས་ཡིག་གསུམ།། བདུན་པའི་དང་པོ་དེ་ཉིད་ནི།། དྲུག་པའི་གཉིས་པ་འོག་དང་ལྡན།། དྲུག་པའི་གསུམ་པ་དབྱངས་ཡིག་གསུམ། །། གཅིག་པའི་གཉིས་པ་དེ་བཞིན་ཏེ།། བཞི་པའི་དང་པོ་དབྱངས་ཡིག་དགུ། གཅིག་པའི་ལྔ་པ་ཉིད་དང་གྲོགས།། དེ་བཞིན་གཅིག་པའི་གཉིས་པ་ཅན།། གཉིས་པའི་གསུམ་པ་ཉིད་དང་ལྡན། ། བདུན་པའི་བཞི་པ་དབྱངས་ཡིག་དྲུག། གཅིག་པའི་ལྔ་པ་དང་པོར་བཞག། འཇིག་རྟེན་དྲེགས་པའི་དངོས་གྲུབ་ཀྱང།། གསང་སྔགས་བཅཱ་ལྔ་བསྡུས་ན་འགྲུབ།། དེ་ནས་དེ་ཡི་ཆོ་ག་ནི།། ཁ་ཊྭཱཾ་རྣམ་པར་བཀོད་པ་ཡི། ། སྦྱོར་བ་ཀུན་གྱི་དཀྱིལ་འཁོར་ཡོད།། དཀྱིལ་འཁོར་རེ་མིག་བཅུ་བཞི་ལ།། དབུས་ན་སྲིན་མོ་ཡབ་ཡུམ་འཁྲིལ།། བཅུ་བདུན་སྲིན་མོའི་འདུགས་ནི།། རེ་མིག་ཀུན་ཀ་ཁ་ཊྭཱཾ་ཁ།། རྣམ་པར་མཛེས་པར་བྲིས་པ་ཡིན། ། དེ་ནས་སེང་ལྡེང་ཁ་ཊྭཱཾ་ཁ།། ཡུ་བ་བཟང་པོས་བྱས་ན་ནི།། བུན་མཛེའི་མཐོད་སོ་ཡང་བཟང།། སོ་རྣམས་ལ་ནི་སྔགས་རྣམས་དགོད།། བཟང་པོ་ཕན་མེད་གཡས་ན་ཐོགས།། གཡོན་ན་ཐོད་པའི་ནང་ན་ནི། ། ཁྲག་སྣ་མང་པོ་དེར་བླུག་ལ།། དཔའ་པོ་ཉིད་ཀྱི་གཡོན་ན་ཐོགས།། ཁ་ཊྭཱཾ་བཟང་པོར་རྩི་བ་ནི།། སྲིན་མོ་སོ་སོའི་མིང་དང་ལྡན།། འདི་ལྟར་དཔའ་པོས་དཀྱིལ་འཁོར་དང།། དུར་ཁྲོད་འགྲོ་ཞིང་མི་ཤ་བཟའ། ། ཁྲག་སྣ་མང་པོའི་གཏོར་མ་གཏོང།། རྣལ་འབྱོར་མ་ཡི་དམ་ཚིག་ནི།། གཅེར་བུར་ཕྱུང་ནས་ཐལ་བས་བྱུག། ཐོར་མཆོག་བརྐྱང་ནས་ཁ་ཏྲཾ་གསོར།། ཐོད་པའི་ཁྲག་ཆེན་རབ་གཏོར་ཞིང།། དཀྱིལ་འཁོར་བསྐོར་ལ་རྟག་ཏུ་དགའ། རྩེ་གཅིག་སེམས་མཐུན་གྲོགས་མོ་ནི།། ཡོན་ཏན་ཤེས་པ་དེ་དང་བསྡེབས།། གཡས་པ་གཡོན་ནས་གང་བསྐོར་བ།། གང་དུ་ཕྲད་པའི་ས་ཕྱོགས་སུ།། རྣམ་པར་འཁྱུད་ཅིང་འོ་ཡང་བྱེད། ། སྔགས་པས་སྲིན་པོ་ལྟ་བུར་དཔའ།། མིང་ནས་ཕྱུང་ཤ་ཁྲར་གིས།། གཏོར་མ་འཁོར་ལ་དུས་བཞིར་སྟེར།། གསང་སྔགས་ཉིད་ལ་རྣམ་པར་བརྩོན།། འབུམ་མམ་བྱེ་བར་བཟླས་ཁ་སྦྱོར།། དེ་ཚེ་འཁོར་གྱི་ཤ་ཟ་མོ། ། སྲིན་མོ་ཁྲག་འཐུང་ཆེན་མོ་རྣམས།། བདག་གི་གྲལ་དུ་འདུ་བར་འགྱུར།། འཇིགས་པར་གྱུར་ན་རང་སྲོག་གཅོད།། ཁྱེད་རྣམས་འདི་ལ་ཇི་བཞིན་སྦྱོར།། དེ་ལ་དེ་སྐད་བསྟན་པར་ཤིས།། སྲིན་མོ་ཁྱེད་ཀྱི་མིང་གང་ཡིན། ། ང་ནི་མི་ཡི་རོ་ལ་ཟ།། དེ་ནས་མིང་སྨྲས་དེ་གཟུང་ནས།། དེ་ཡི་གསང་བའི་མིང་ཡང་གཟུང།། ཁ་ཊྭཱཾ་གསོར་ནས་ལས་རྣམས་བྱེད།། གང་དུ་བཏབ་དང་གང་དུ་བཙུགས།། གང་བསྐོར་གང་དང་གང་དུ་བལྟས། ། གང་དུ་བོས་པའི་བཅོལ་བ་དག། སྲིན་མོ་འདི་དང་གསང་སྔགས་འདི།། ཁ་ཊྭཱཾ་འདི་དག་རྣམས་ལས་བྱུང།། སྦྱོར་བ་གཞན་ཡང་གཟུང་བྱ་སྟེ།། དཀྱིལ་འཁོར་བསྐོར་པའི་བཟླས་པ་ཡིས།། ཁ་ཊྭཱཾ་རྩ་བར་སྲིན་མོའི་མིང། ། གང་གི་ཁ་ཏྲཾ་འགུལ་དེ། དེ་མིང་ལ་བྲི། ཁ་ཊྭཱཾ་འགུལ་བ་དེ་ཉིད་དུ།། འགུལ་བའི་ས་དེ་བླངས་ནས་ནི།། དངོས་གྲུབ་མང་དུ་འབྱུང་བའོ།། འགུལ་པའི་ས་དེ་བླངས་ནས་ནི།། དེ་བཞིན་གང་གི་མིང་ཡང་གདགས། ། མིང་ལ་དེ་ཡིས་རབ་བསྐུལ་ན།། དེ་ཡི་ཇི་ཙམ་མཐོང་བ་ཡིས།། གཟུགས་མཐོང་བ་ཡང་དུས་འདིར་འགྱུར།། ས་དེ་བླངས་ནས་མཆོད་རྟེན་བྱས།། རྒྱལ་པོའི་མིང་དེ་རབ་མནན་ན། ། རྒྱལ་པོའི་ལོངས་སྤྱོད་དབང་དུ་འགྱུར།། འཕེལ་བར་འདོད་ན་ཕྱུང་ནས་ཀྱང།། སྲིན་མོ་ལ་ནི་ཚིག་གིས་བསྐུལ།། ས་དེ་ཁྱེར་ནས་རྒྱ་མཚོའི་འགྲམ།། སྲིན་མོའི་མིང་ནས་བསྐུལ་ལ་ནི།། ས་དེ་རྒྱ་མཚོའི་ནང་དུ་གདབས། ། ཡིད་བཞིན་ནོར་བུ་འདོད་ཅེས་བྱས།། དེ་ནས་དཀྱིལ་འཁོར་ཆེར་བྱས་ཏེ།། སྔ་མའི་བེ་ཅོན་མིང་གི་སར།། ས་དང་བེ་ཅོན་འགུལ་པར་འགྱུར།། དེ་ཡི་ཚེ་ནས་འོག་ནས།། ནོར་བུ་རབ་ཏུ་བཟང་པོ་འབྱུང། ། བདག་ཉིད་ཅི་དགའ་ལོངས་སྤྱོད་པའི།། དཀྱིལ་འཁོར་ཕུན་སུམ་ཚོགས་པར་འགྱུར།། གཞན་ཡང་སྲིན་པོའི་དངོས་གྲུབ་ཡོད།། དུར་ཁྲོད་ཆེན་པོར་སོང་ནས་ནི།། མི་རོ་མང་པོ་བསྡུས་ནས་བརྩིག། མི་རོ་འགྲེང་བའི་སྤྱི་བོར་གནས། ། ཁ་ཊྭཱཾ་ཐོགས་པའི་ཐོད་པ་ཅན།། སྲིན་མོ་ཉིད་ཀྱིས་བདག་བསྐོར།། བདག་ཉིད་ཕྱག་རྒྱ་ལྔ་དང་ལྡན།། ཐོད་པའི་སིལ་སྙན་ཁ་ཊྭཱཾ་འཁྲོལ།། བསྒོམ་དང་བཟླས་ལ་དགའ་བ་དང།། མཚན་མོ་ཕྱེད་ན་སྲིན་པོ་ནི། ། ཁ་ཊྭཱཾ་དཀྲོལ་ཞིང་འོང་བར་བྱེད།། དེ་ལ་འཇིགས་པ་མེད་པར་ནི།། ཡན་ལག་གར་ནི་འཁོར་ལོ་འདྲ།། ཧཱུ~ཾ་གི་གླུ་ཡང་དག་འབར་ལེན།། དེ་ནས་སྲིན་པོ་དཔའ་བོ་ཡིས།། རང་གི་ཁ་ཊྭཱཾ་སྟེར་བར་བྱེད། ། དེ་བཞིན་སྔགས་པས་རྣམ་པར་གཟུང།། དེ་ནས་སྲིན་པོའི་མིང་ཡང་ནི།། སོ་སོའི་ནང་དུ་བྲི་བར་བྱ།། གང་དག་འདོད་པའི་ཕྱོགས་སུ།། ཁ་ཊྭཱཾ་དཀྲོལ་ཞིང་འདོད་པའི་མིང།། མིང་ནས་སྨོས་ན་གང་ཡང་གྲུབ། ། མཚན་མོ་བགེགས་ཆེན་མ་ལུས་འདུས།། རྣམ་པར་འཇིགས་པར་སྒྲོགས་པའི་ཚེ།། དཔའ་བོ་ཡབ་ཡུམ་དྲན་བྱས་ནས།། ཁ་ཊྭཱཾ་དཀྲོལ་ཞིང་བལྟས་ན་ནི།། ཅི་ཡི་ཡོན་ཏན་གསུངས་འདི་ནི།། བརྗོད་པ་འགག་མེད་ནམ་མཁའ་འདྲ། ། དུར་ཁྲོད་རྣམས་སུ་འགྲོ་བ་ན།། མ་མོ་སྡུད་པར་བྱེད་པའོ།། འབྱུང་པོ་སྐྲག་པར་འདོད་པ་དང།། གསང་སྔགས་རྣམས་ཀྱི་སྤྱོད་པ་དང།། འཇིག་རྟེན་དངོས་གྲུབ་ཐོབ་འདོད་པས། སྲིན་མོ་ཀྲོ་དྷི་ཤྭ་རི་ཡི། ། ཕྱག་མཚན་འདི་ལ་བསྟན་པར་བྱ།། དཔལ་དངོས་འགྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པ་ལས།། སྲིན་མོ་ཆེན་མོའི་དཔའ་མཚན་ཁ་ཊྭཱཾ་ཡོངས་སུ་འཛིན་པའི་སྦྱོར་བ་གསུམ་པ་སྟེ་ལེའུ་བཅུ་གཅིག་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས་ནི།། བོང་བུ་ཞོན་པ་རྗེ་མོ་དང།། དཔོན་མོ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་ཡོངས་སུ་རྐང་པས་གནོན་པ། ། དགུ་ཚིགས་ཀྱི་རྐང་པ་ཅན་ཞེས་བྱ་བ་ཡོད་པས་གསང་སྔགས་འདི་གསུངས་སོ།། འདི་དག་ནི་འཁོར་ལོ་རྩིབས་བཅུ་པ་རྣམ་པར་བགྲོད་པ།། དེ་དག་ནི་ཟུར་གསུམ་པའི་ནང་དུ་འདུས་པ་དེ་དག་ནི། ། ཁམ་བུ་དྲུག་པའི་ནང་དུ་འདུས་པར་འགྱུར་པའི་དཀྱིལ་འཁརོ་བསྒོམ་པ་དང།། གནན་པ་དང་སྤར་བར་བྱ་བའོ།། ལྔ་པའི་ལྔ་པ་གཉིས་སུ་ལྡན།། གཉིས་པའི་དང་པོ་དབྱངས་ཡིག་གསུམ། ། ལྔ་པའི་ལྔ་པ་དབྱངས་ཡིག་དགུ།། གཉིས་པའི་དང་པོ་དབྱངས་ཡིག་གསུམ།། བཞི་པའི་དང་པོ་དབྱངས་ཡིག་གསུམ།། དེ་ཉིད་གཉིས་སུ་ཡང་དག་སྦྱར།། དེ་ནས་ལྔ་པའི་ལྔ་པ་ཅན།། དེ་བཞིན་དྲུག་པའི་གསུམ་པར་ལྡན། ། བདུན་པའི་བཞི་པ་དབྱངས་ཡིག་དྲུག།། དང་པོ་ལྔ་པ་མགོ་ལ་ཡོད།། གཉིས་པའི་གསུམ་པ་གཉིས་དང་ལྡན།། སྔར་བསྟན་དཀྱིལ་འཁོར་རབགསལ་ལ།། འདི་ནི་སྒོ་མེད་འཇིགས་པའི་ཁང། ། དཀྱིལ་འཁོར་ནང་གི་མུ་ཁྱུད་ལ། རྗེ་མོ་བོང་ཞོན་ལྗང་ཁུའི་སྐུ།། ཉི་ཤུ་རྩ་གཅིག་འཇིག་རྟེན་གྱི།། སྟེང་ན་སྣ་ཚོགས་རྡོ་རྗེ་ཅན།། འོག་ན་རྡོ་རྗེའི་གདན་ཡང་ཡོད།། ཕྱག་གཉིས་དག་གིས་རྣམ་པར་འཛིན། ། ལྗང་ཁུ་བོང་བུ་རྐང་པ་གསུམ།། སྐར་མ་དགུ་ཡི་འཁོར་ལོ་ཅན།། གཙོ་བོ་བོང་བུ་ནག་མོ་ཞོན།། ཁ་དོག་ནག་མོ་རལ་བ་ཅན།། འཇིགས་པའི་མཆེ་བ་མིག་ཀྱང་གསུམ།། དེ་བཞིན་རྐང་པ་གསུམ་པ་ལ། ། སྐར་མ་དགུ་ཡི་འཁོར་ལོ་ཅན།། གཡས་ན་ལྕགས་ཀྱུ་འཁོར་ལོ་བསྣམས།། གཡོན་ན་རི་རབ་ངེས་པར་འཛིན།། སྔོན་དུ་བསྟན་པའི་རྗེ་མོ་དང།། ཕྱི་ནས་ཡིག་འབྲུའི་གཙོ་མོ་ཡིན།། གདན་ཁྲི་དག་ཀྱང་དེ་བཞིན་ནོ། མ་གཉིས་ས་བོན་དབུས་བཞག་སྟེ།། བཅུ་ནི་འཁོར་ལོ་ཉིད་ལའོ།། དེ་ཡི་ཕྱི་རོལ་ཟུར་གསུམ་པ།། སྐར་མ་གསུམ་གྱི་ཁང་པ་བསྒྲུབ།། དཀར་དང་སེར་དང་དམར་བའི་མདོག།། དེ་ཡི་ཕྱི་ཁྱམས་ཁང་པ་དྲུག། ། སྐར་མ་དྲུག་གི་ཁང་པ་ནི།། དཀར་དང་སེར་དང་དམར་བའོ།། སྤུ་གྲི་ལྟ་བུའི་རྣམ་པ་ཡིན།། ཟུར་གསུམ་ཐོད་པའི་རྩིག་པ་ཅན།། ཟུར་ལ་ཐོད་པ་བཞི་ཡིས་བརྒྱན།། ཁམ་བུ་དྲུག་ལ་རྡོ་རྗེའི་འཕྲེང།། རྒྱ་གྲམ་རྣམ་པ་བཅུ་གཉིས་ཅན། ། འདི་དག་བསྒྲུབ་པའི་དཀྱིལ་འཁོར་ཡིན།། འཇིག་རྟེན་ཡོངས་ཀྱི་རྗེ་མོ་དང།། བསྐལ་པ་འཁྲུག་པའི་གཙོ་མོ་ཡིན།། རྣམ་པར་གནོད་པ་མཛད་པའི་རི།། ཟད་པ་མཛད་པའི་དབྱིངས་མཆོག་མ། ། ཟླ་གམ་དཀར་ནག་སྟེང་དུ་འདུག། མཚོན་པའི་འཁོར་ལོ་རྣམ་པར་བསྐོར།། དགུ་ཚིག་རྐང་གིས་རྣམ་པར་འདེགས།། གཙོ་མོ་བསྟན་པར་བྱས་པ་ནི།། འདི་ཡིས་འཇིག་རྟེན་གནོན་པར་ནུས།། འདི་དག་ལ་ནི་སྒྲུབ་པ་དང། ། བསྙེན་པ་མང་དུ་ཡང་དག་བསམ།། དུས་ལ་བབ་པའི་ལས་མཆོག་ནི།། ཁམ་པ་ས་ལ་ཡང་དག་བསྒྲུབ།། འོག་གི་རྒྱ་ཁྱོན་ཅི་རིགས་པར།། ཁང་བུ་ཉིད་ལ་སོར་མོ་ནི།། ཟུར་གསུམ་འདི་ལྟར་སོར་བཞི་སྟེ། ། འཁོར་ལོ་མུ་ཁྱུད་སོར་བཞིས་འཕགས།། དེ་བཞིན་འཁོར་ལོ་སོར་བཞི་མཐོ།། གང་གིས་མུ་ཁྱུད་དཀར་པོས་མཛེས་པའོ།། འདི་ལྟར་ལྟེ་བ་སོར་བཞི་པའོ།། འདས་པ་རྣམས་ལ་ཁྲུ་གང་ཚད།། དེ་ལྟར་དེ་ཡི་རིམ་པ་ལ། ། ལྟེ་བ་ཉིད་ལ་མ་ཞེས་པའི།། རྣམ་པར་བརྒྱན་པའི་འཕྲེང་བས་བསྐོར།། བྷྱེ་ཞེས་མུ་ཁྱུད་རྣམ་པར་བརྒྱན།། ཀརྨ་ཙཀྲས་རྣམ་པར་བརྒྱན།། འཁོར་ལོའི་ལྕེ་ལ་རྣམ་པར་བརྒྱན།། མུ་ཁྱུད་ལཾ་ཞེས་རྣམ་པ་བརྒྱད། ། ཟུར་གསུམ་ནན་ཞེས་རྣམ་པར་བརྒྱན།། ཁང་བུ་ལ་ནི་རྣམ་པར་བརྒྱན།། ཁྱད་པར་གང་གི་མིང་དང་བཅས།། ཉི་ཤུ་བཞིའི་ཁྲུ་ལ་ནི།། བཅུ་གཅིག་སྔགས་ཀྱི་འཕྲེང་བ་བཀོད།། བསྐུལ་ཚིག་དག་དང་གང་དག་གིས། ། རྣམ་པར་སྦྱར་ན་གདོན་མི་ཟ།། གང་དག་གནན་པར་འདོད་པ་ལ།། སྦྱོར་བ་འདི་ནི་རབ་ཏུ་བསྔགས།། སྔགས་དང་སྙིང་རྗེ་ཆེར་ལྡན་ཅིང།། བདག་ཉིད་བདེ་བར་འདོད་པ་ཡིས།། གྲུབ་ན་མྱུར་དུ་ཕན་པར་བྱ། ། མྱུར་དུ་གྲུབ་ན་མི་ཕན་པ།། སྔགས་པ་ན་རག་ཁྱིམ་དུ་འགྲོ།། བྲ་ཉེ་དབང་པའི་ཉིན་མཚན་དུས།། མེ་ཡི་ནང་དུ་ཞོ་བླུགས་ཏེ།། ཕྱོགས་མཚམས་བརྒྱད་དུ་རྣམ་པར་བཞག། འབྲུ་དང་ཏིལ་གྱི་ཕུང་པོ་ནི། ། ལྷོ་ཕྱོགས་ཉིད་དུ་སྤུང་བར་བྱ།། གང་དག་སྦྱིར་གནས་ལྷོ་ཕྱོགས་སུ།། གནན་པའི་ལས་ནི་རྒྱ་ཆེར་བཤད།། སོ་སོའི་ལས་རྣམས་གྲུབ་པ་ནི།། ཕྱོགས་ཕྱོགས་རྣམས་སུ་བྱ་བའོ།། འདི་ནི་རྣམ་པར་གནོན་པ་ནི། ། དམ་རྫས་འཆང་བའི་མཛེས་པ་ཡིས།། གནས་དེ་བསྲེགས་ནས་བྱས་པ་ཡི།། རི་རབ་གཟུགས་སུ་རབ་གསལ་བ།། བྱས་ཏེ་སྟེང་ནས་ཡང་དག་གནན།། གལ་ཏེ་རྒྱལ་པོ་གསང་འདོད་ན།། བྲ་ཉེ་དབང་པའི་ཉིན་མཚན་ལ། ། ཤར་ཕྱོགས་ཉིད་དུ་ཡང་དག་གནན།། འདབ་མ་ཅན་གྱི་མགོ་བོ་སྲེག་རྒྱལ་པོའི་བཙུན་མོ་ནུབ་ཕྱོགས་སུ།། གླང་ཆེན་མགོ་ལ་བསྲེགས་ཏེ་གནན། དམངས་ཀྱི་སྨད་གནན་པ་ནི།། ཉ་མགོ་བསྲེགས་པས་ཤར་ལྷོ་རོ། ། ཤུ་མོ་གནེན་ན་རི་བོང་གི་མགོ་བསྲེགས་བྱང་ཤར་མཚམས་སུའོ།། གང་ཞིག་བློན་པོ་གནོན་པ་ཡིས།། རྟ་ཡི་མགོ་བོ་བསྲེགས་པ་ཡིས།། ལྷོ་ནུས་མཚམས་སུ་གནན་པར་བྱ།། བརྡ་ལ་རྟེན་པ་ཉམས་འདོད་ཀྱིས། ། ཤ་བའི་མགོ་བསྲེགས་ལྷོ་ནུབ་གནན།། འདི་དང་དམ་པ་ལ་གནོད་པ།། ར་མགོ་བསྲེགས་པས་ཤར་ལྷོར་གནན།། མི་རྣམ་གདོན་གྱིས་ཟིན་པ་ལ།། གླང་མགོ་བསྲེགས་པས་ལྷོ་ཕྱོགས་གནན།། གནོད་པར་བྱེད་པའི་ཀླུ་གནན་པ། ། སྤྲེའུ+ི་མགོ་བསྲེགས་ནུབ་ཏུའོ།། གནོད་སྤྱིན་གནོད་ན་སྲེ་མོང་གི། མགོ་བསྲེགས་བྱང་ཕྱོགས་ཉིད་དུའོ།། མ་མོ་གནོད་པ་གནོན་འདོད་ན། ལྷོ་ནུབ་མཚམས་སུ་ཁྱི་ཡི་མགོ། ནད་ཀྱི་ཡུལ་ཁམས་གནོད་པ་ན། གནན་པ་ཕག་པའི་མགོ་ལ་ཤར། ནོན་རྣམས་འདོད་པའི་གནོད་པ་ནི། བྱ་རྒོད་མགོ་ལ་བྱང་ཕྱོགས་གནན།། ཡུལ་ཁམས་ཆེན་པོ་གནོན་འདོད་པས། བྱ་རྒོད་ཆེན་པོའི་མགོ་བོ་ལ།། གྲོང་ཁྱེར་གང་ཡིན་ཕྱོགས་སུའོ། ། ཞིང་དང་ཡུལ་ཁམས་རྔ་མོའི་གོས།། གནོད་དང་མནན་ན་གསང་སྔགས་ཤར།། ནུབ་ཀྱི་རོ་བོང་ལུག་གི་མགོ།། ངག་རྣམས་གནན་པར་འདོད་པ་ཡིས།། བྱ་གག་ཉིད་ལ་རྣམ་པར་གནན།། མེ་ཡིས་ཚིག་པར་འདོད་པ་ཡིས། ། རོ་བསྲེགས་ཤུལ་དུ་གནན་པ་བྱ།། ཆུ་ཡི་ནང་དུ་ཆུ་དཀར་པོ།། རི་ལ་ལྷུན་པོར་འདོད་པ་ཡིས།། གད་པའི་ཁ་ལ་རྣམ་པར་བཞག། འདི་དག་རྣམས་ནི་སྦྱོར་བ་མང།། གནོན་པ་ཆེན་པོའི་རི་རབ་ཡིན། ། གཅེར་བུ་ཐལ་བས་བསྐུས་ནས་ནི།། ས་གཞི་བསྐོར་ཞིང་ཁ་ཊྭཱཾ་དཀྲོལ།། ཕྱོགས་དང་རྫས་རྣམས་ཇི་བཞིན་སྦྱར།། བཅུ་གཉིས་སྔགས་པ་དཔའ་བོ་དང།། བཅུ་གཅིག་སྦྱོར་བར་ཤེས་པ་དང། ། འོག་ཏུ་གང་འདོད་བྲིས་བྱས་ན།། ཐམས་ཅད་བརླག་པར་འདི་ཡིས་ནུས།། གང་དུ་གནོད་པ་སྣང་བ་དང།། ཤི་བའི་སེམས་ཀྱིས་ཡང་དག་བླངས།། རྣམ་པར་བཤིག་པའི་མཆོད་རྟེན་ནི།། གཙང་མ་དཀར་པོས་མཆོད་པ་དབུལ། ། ཤར་ཕྱོགས་ཉིད་དུ་ཡང་དག་བཞག། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། བོང་བུ་ཞོན་པའི་གཙོ་མོ་རྗེ་མོ་གསང་སྔགས་བཅུ་གཉིས་བྱིན་གྱིས་བརླབས་པ། ། དགུ་ཚིག་རྐང་གིས་གནོན་པ་ཞེས་བྱ་སྟྭེ་ལེའུ་བཅུ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། སྔགས་ཀྱི་འཁོར་ལོ་བཅུ་གཉིས་པ་རྣམ་པར་བཀོད་པ་ཞེས་བྱ་བའི་གསང་སྔགས་སུམ་ཅུ་པ་འདི་བྱིན་གྱིས་བརླབས་ཏེ་གསུངས་སོ། ། རྣམ་པར་སྣང་མཛད་དང་པོར་བཞག། དང་པོའི་གཉིས་པ་དེ་བཞིན་ཏེ།། ལྔ་པའི་ལྔ་པ་དབྱངས་ཡིག་ལྔ།། དེ་དང་བཞི་པའི་ལྔ་པར་ལྡན། ། གསུམ་པའི་དང་པོར་འོག་ན་ནི།། དྲུག་པའི་གསུམ་པ་རྣམ་པར་མཛེས།། ལྔ་པའི་དཀྱིལ་ནས་བླངས་པ་དང།། དེ་བཞིན་ལྔ་པའི་བཞི་པ་ཅན།། གསུམ་པའི་དབང་པོ་འོག་ལྡན་པ།། དྲུག་པའི་གསུམ་པ་ཡང་དག་ལྡན། ། བཞི་པའི་དང་པོ་འོག་ལྡན་པ།། དེ་བཞིན་དྲུག་པའི་གསུམ་པ་ཡིན།། དང་པོའི་གསུམ་ལས་བསྡུས་པའི་སྒྲ།། དྲུག་པའི་གསུམ་པའི་རྣམ་པ་ལ།། དང་པོའི་གསུམ་པ་ཡང་དག་ལྡན།། འདི་ལྟར་བདུན་པའི་ལྔ་པའོ། ། དྲུག་པའི་གསུམ་པ་ཉམས་སུ་སྦྱར།། དབྱངས་ཡིག་ལྔ་པ་གཉིས་དང་ལྡན།། དྲུག་པའི་གསུམ་པ་ཡང་བླངས་ཏེ།། དབྱངས་ཡིག་དགུ་པའི་རྣམ་པ་ཅན།། དེ་བཞིན་དྲུག་པའི་གསུམ་པ་ནི། ། རྣམ་པར་གྱུར་པའི་ང་རོ་ཅན།། བཅུ་གཉིས་པ་དང་ཡང་དག་ལྡན།། དེ་ནས་བདུན་པའི་གསུམ་པ་དང།། དྲུག་པའི་བཞི་པ་རྣམ་པར་འགྱུར།། དབྱངས་ཡིག་བཅུ་གཉིས་ལྔ་དང་ལྡན།། དེ་ནས་དང་པོའི་གཉིས་པ་ནི། ། དབྱངས་ཡིག་གཉིས་པ་ཉིད་དང་ལྡན།། དེ་ནས་བདུན་པའི་གསུམ་པ་དང།། དྲུག་པའི་བཞི་པ་རྣམ་པར་འགྱུར།། དབྱངས་ཡིག་གསུམ་པའི་རྣམ་པ་ཅན།། བཅུ་གཉིས་པ་དང་ཡང་དག་ལྡན།། དྲུག་པའི་གསུམ་པ་ཡང་དག་ལྡན། ། འདས་པའི་སྒྲ་ལྟར་རྣམ་པར་སྦྱར། ལྔ་པའི་ལྔ་པ་དབྱངས་ཡིག་ལྔ། བཞི་པའི་ལྔ་པ་ཉིད་དང་ལྡན། འདས་པ་བཞིན། དུ་བཞི་པ་ཡི། དང་པོ་ཉིད་ལ་སྦྱང་བར་བྱའོ།། བཞི་པའི་དབུ་མ་དབྱངས་ཡིག་ལྔ། དྲུག་པའི་གསུམ་པ་ཉིད་དང་ལྡན།། ལྔ་པའི་ལྔ་ལྔ་ཉིད་དང་ནི།། གསུམ་པའི་དང་པོ་དབྱངས་ཡིག་གསུམ།། དེ་བཞིན་ལྔ་པའི་ལྔ་པ་ཅན།། བཞི་པའི་གསུམ་པ་དབྱངས་ཡིག་དྲུག།། དང་པོའི་ལྔ་པ་རྣམ་པར་གྱུར། ། ལྔ་པའི་བཞི་པ་དབྱངས་ཡིག་བཅུ།། རྣམ་པར་བསྲིངས་པའི་ང་རོ་ཅན།། སུམ་ཅུ་ཆོས་ཀྱི་འཁོར་ལོ་ཡིན།། རྣམ་པར་འདོད་པའི་བཅུ་གཉིས་ཀྱི།། ཡོན་ཏན་ནོར་བུའི་རྒྱལ་མཚན་ནོ།། འདི་ལྟ་སྟེ། ། དཔལ་ཨརྱ་རེ་མ་ཏི་ཞེས་བྱ་བའི་གསང་སྔགས་ཡོངས་སུ་གྲུབ་པའི་རྣལ་འབྱོར་མ།། དཀའ་ཐུབ་ཀྱི་སྦྱོར་བ་རྣམ་པར་བརྟན་པ།། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཆེར་གནས་པ།། རང་བཞིན་ཡོངས་སུ་དག་པའི་གཟུགས་འཆང་བ། ། འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་ཀྱི་རྗེ་མོར་འགྱུར་བ།། འདི་ཚུལ་མཐུན་པ་དང།། གསང་སྔགས་ཀྱི་བརྟུལ་ཞུགས་གང་ན་སྤྱོད་པའི་ས་ཕྱོགས་སུ་དངོས་གྲུབ་ཐམས་ཅད་ཀྱི་ཚོགས་ཡོངས་སུ་འབེབས་པ་ཡོད་དེ། ། གསང་སྔགས་ཀྱི་བརྟུལ་ཞུགས་ལ་གནས་པའི་མ་མོ་རྣམས་ཀྱི་སྤྱོད་པ་དང་དུ་ལེན་ཅིང།། འདིའི་སྒོ་ནས་ཕན་པ་དང་གནོན་པར་སྦྱོར་བས་དངོས་གྲུབ་རྣམ་པར་འདོད་པའི་རྣལ་འབྱོར་པས། ། དང་པོ་སྐུ་ཡོངས་སུ་བསྟན་པའི་མདོས་ཞེས་བྱ་བ་བསྒྲུབ་སྟེ།། འཇིག་རྟེན་གྱི་ནི་བདག་ཆེན་མོ།། བྱང་ཕྱོགས་གནམ་གྱི་ཁང་སྟེངས་ནས།། ཁང་པ་བདུན་ལ་བུ་མོ་གཅིག། སྐུ་ནི་རྣམ་པར་འཇིག་ལ་གནག།། ཏྲི་ཤུལ་བོང་ཞོན་སྤྱན་གསུམ་མ། ། རལ་པའི་གསེབ་ནས་ཟླ་བ་འཆར།། ལྟེ་ནས་ཉི་མའི་འོད་ཟེར་སྡུད།། གནོད་སྤྱིན་མ་ཚོགས་ས་འཛིན་རྣམས།། མ་མོ་མཁར་འགྲོ་དུར་ཁྲོད་པ།། ཐ་དད་དབུ་སྐྲ་སྐུ་མདོག་དང།། མཆེ་བ་གཙིགས་པའི་ནུ་མ་ཅན། ། སྣ་ཚོགས་ཕྱག་རྒྱ་ཕྱག་མཚན་ཅན།། བོང་བུའི་དཀྱིལ་འཁོར་རྣམ་པར་བརྒྱན།། རིན་ཆེན་རྫས་ལས་རྣམ་པར་གྲུབ།། མཁའ་དང་སྤྲིན་ལས་རྣམ་ལྡང་བ།། རི་དང་ཤིང་དང་རྒྱ་མཚོ་དང། ། རྣམ་པར་གནོན་པའི་མ་མོ་རྣམས།། དཔལ་ལྡན་ལྟེ་བ་མན་ཆད་འཛིན།། སྤྱི་བོར་སྣ་ཚོགས་རྡོ་རྗེ་སྟེ།། མི་གཡོ་རྣམ་པར་སྣང་མཛད་འཛིན།། བདག་ཉིད་རུས་པའི་ཕྱག་རྒྱ་འཛིན།། རྣམ་པ་ལྔ་ལ་སོགས་པས་བརྒྱན། ། སྐུ་ནི་གདན་ཁྲི་ཡན་ལག་ལ།། བསོད་ནམས་རབ་ཀྱིས་བརྒྱད་ཅུ་ནི།། གྲུ་མོ་རྣམ་པར་གཅལ་བ་དང།། འབྲིང་གིས་མཐོ་བརྒྱད་སྦྱར་བ་དང།། ཐ་མས་ཀྱང་ནི་ཁྲུ་གང་དང།། ལྷ་ཡི་ཁང་པ་བརྩིག་པའམ། ། ཡང་ན་མིའི་བརྩིག་པའང་ཡང་ཤེས།། ཨོཾ་སརྦ་ཏ་ཐཱ་ག་ཏ་བུ་ངྔྷ་བཻ་རོ་ཙ་ན་མ་ཧཱ་ག་ཡ་བ་ལེ་རུ་རྩེ་ཧཾ།། རྣམ་པར་ཐར་པའི་ཕྱག་རྒྱའོ།། ཨོཾ་བཛྲ་ཌཱ་ཀི་ནཱི་ངྷ་ཡཱ། མ་མ་བྷྱོ།། རུ་པ་ཏི་སྟ་སརྦ་སིངྷ་ཨ་ཧཾ།། ལྟེ་བ་མན་ཆད་ཀྱི་ཕྱག་རྒྱའོ། ། ཨོཾ་ཡོ་གི་ནི་ཤྭ་རི།། སརྦ་སིངྔྷ་ན་མ་མ་ཧཱ་རུ་པ།། ངྷེ་པི་ཀ་ལི་ན་མོ་ཨ་ཧཾ། ཐམས་ཅད་ཀྱིས་དངོས་གྲུབ་བསྡུས་པ་སྟེ་བཟླས་པའོ།། བཛྲ་མ་ཧཱ་རུ་པ་དེ་བི་ནི།། བཛྲ་མུ་སརྦ་ཀཱ་ཡ་ཧོ། བཛྲ་མ་ཧཱ་ཨཱ་རྱ་རེ་མ་ཏི། ། བཛྲ་སརྦ་ཨ་ར་ལི་རུ་པ་ཨ་ཧཾ།། བཛྲ་མ་ཧཱ་ཀ་ལི་མ་མ་སརྦ་སིངྔྷི་པ་ར་མི་ན།། བཛྲ་ཀ་ལི་སརྦ་སི་ངྔྷི་མ་ཧཱ་སུ་ཁྲོ་ཧོ།། རྡོ་རྗེ་དབྱངས་དྲུག་རྣམ་སྒྲོགས་པ།། འཇིག་རྟེན་དྲུག་གི་གཙོ་མོ་སྟེ། ། མ་མོ་རྣམས་ཀྱི་རྗེ་མོ་ཉིད།། རྟག་ཏུ་མ་མོ་བསྐོར་ཤིང་མཆོད།། རབ་ཏུ་དཔའ་པའི་རྣལ་འབྱོར་སྦྲུལ།། དཔལ་ཨཱ་རྱ་རེ་མ་ཏིའི་དངོས་གྲུབ་འདོད་པས།། སྐུ་འདི་ཉིད་ཀྱིས་མདོས་པར་གྱུར་ཏེ།། མཆོད་པ་དང། ། མཆོད་པ་ཆེན་པོ་དང།། སྒོམ་པ་དང།། བཟླས་པ་དང།། འགྱིང་བ་ལྟ་བ་དང།། རྒོད་པ་དང།། རྒོད་པ་ཆེན་པོ་དང།། ཤིན་ཏུ་དགོད་པ་དང།། ཡང་དག་པར་དགོད་པ་དང།། རྣམ་པར་བསྐོར་བ་དང། ། དཀྲོལ་བ་དང།། འགུལ་བ་དང།། འཁྲིལ་བ་དང།། གར་ཐབས་དང།། འོ་བྱེད་པ་དང།། རྡོ་རྗེའི་རྩེ་འཇིབ་པ་དང།། རྡོ་རྗེ་སོར་བ་དང།། རྡོ་རྗེ་ཆེན་པོ་གསོར་བ་དང།། གཡོ་བ་མེད་པ་དང། ཤིན་ཏུ་གཡོ་བ་མེད་པ་དང། ། རྣམ་པར་རྟོག་པ་དང།། རྣམ་པར་རྟོག་པ་མེད་པ་དང།། དངོས་གྲུབ་སློབ་པ་དང།། དངོས་གྲུབ་སྟེར་བར་ཤེས་པས།། ཐམས་ཅད་ཚང་བར་ཤེས་ཏེ་འཇུ་བའོ།། མཁས་པའི་ཡན་ལག་ཅན།། བརྡ་རེ་ལ་ཡང་དོན་བཞི་ཡིས། ། ཟབ་མོ་ཉིད་དུ་སྟོན་པར་འགྱུར།། སྤྱོད་ལམ་རྩ་ལྔ་རྣམ་པར་སྦྱོད།། མཛེས་པའི་སྐུ་ལ་རྣམ་པར་གནས།། དུར་ཁྲོད་རྒྱུ་བའི་དཔའ་བོ་ལ།། ནམས་ཀྱང་དངོས་གྲུབ་རྣམ་པར་འབེབས། ། འཇིག་རྟེན་འདིར་ཡང་མཁའ་འགྲོ་དག། འཕགས་པ་རེ་མ་ཏི་ལྟ་བུར།། སྐུ་ནི་ཡང་དག་རྟེན་པར་འགྱུར།། ཐ་དད་མཆོད་པ་རྣམས་ཀྱིས་གྲུབ།། མ་མོ་རྣམས་དང་མངོན་དུ་རོལ།། དངོས་གྲུབ་ཐམས་ཅད་འདི་ལས་འབྱུང། ། དེ་ཡི་མིང་ནི་གཟུགས་ཞེས་བྱ།། དཔལ་ཨཱ་རྱ་རེ་མ་ཏིའི་སྐུ་ཡོངས་སུ་སྒྲུབ་པའི་མདོས་སོ།། དཔལ་ཨཱ་རྱ་རེ་མ་ཏི་ཡོངས་སུ་སྒྲུབ་པར་འདོད་པ་ནི།། འདི་ལྟ་སྟེ།། པདྨའི་འདབ་མ་ཆེན་པོའི་སྟེང་དུ་གེ་སར་ལ། ། དཔལ་ཨཱ་རྱ་རེ་མ་ཏིའི་སྐུ་བརྩིག་པར་བྱའོ།། དེ་དག་ཀྱང་ཁྲུ་གང་བར་བྱས་པ་ནི་གདན་ནོ།། ཁྲུ་གང་བར་བྱས་པ་ནི་སྐུའོ།། ཁྲུ་རྣམ་པ་གཉིས་དང་ལྡན་པ་ནི་དབྱིབས་སོ།། མདྨའི་མུ་ཁྱུད་ལ་ཆོས་ཀྱི་འཁོར་ལོ་སུམ་ཅུ་དགོད་པར་བྱའོ། ། པདྨའི་ཆེན་པོའི་གདན་སྟེངས་ན།། གནས་པ་གསུང་གི་ཕྱག་རྒྱ་ཡིན།། སྐུ་མདོག་དམར་མོ་ནུབ་ཏུ་བལྟས།། སྣ་ཚོགས་པདྨའི་གདན་སྟེངས་ན།། བོང་བུ་དམར་མོ་རྣམ་པར་ཞོན། ། སྣ་ཚོགས་པདྨའི་དབུ་རྒྱན་ཅན།། སྣང་བ་མཐའ་ཡས་ཡང་དག་འཛིན།། སྐུ་ནི་ལྟེ་བ་མན་ཆད་དུ།། དམར་མོ་ཁ་ཏྲཾ་དཀྲོལ་བ་ཡི།། མཁའ་འགྲོ་མ་མོ་འཁོར་གྱིས་བསྐོར།། བོང་བུ་མན་ཆད་དག་ལ་ཡང།། པི་ཝང་ལྡོར་རུའི་གླིང་བུ་དང། ། དྲིན་ཆེན་དཀྲོལ་པ་ལ་སོགས་གནས།། སྤྱན་གསུམ་དམར་མོ་ཐོར་ཚུགས་ཅན།། པདྨའི་མཆོད་པ་མང་པོས་མཆོད།། ཨོཾ་ཨ་མེ་ད་བ་ཏ་ཐཱ་ག་ཏ་ན་མ་བག་ཏི་སྟ་སྟཾ།། པདྨ་ཡོ་གི་ཤྭ་རི་ས་མ་ཡཱ། ། མ་ཧཱ་པདྨ་ཊཱ་ཀི་ནཱ་དི་ཡ་ཧཱུ~ཾ།། མ་ཧཱ་པདྨ་བག་ཏི་སྟ་སུ་ཀྲི་ཧོ།། པདྨ་མ་ཧཱ་ཛོ་གི་ནི་ཨ་ནན་ཏ་ཧཱུ~ཾ།། པདྨ་བག་མ་ཧཱ་པདྨ་སརྦ་སིངྔྷི་པདྨ་བག།། མ་ཧཱ་པ་ར་མི་ཤ་ཧཱུ~ཾ།། ངག་གི་རྡོ་རྗེ་རྣམ་སྟེར་བ།། མཁའ་འགྲོ་པདྨ་རི་མ་ཏི། ། རྒྱལ་བ་སངས་རྒྱས་ཀུན་གྱི་གསུང།། མཁའ་འགྲོ་མ་མོས་རྣམ་པར་མཆོད།། གསུང་གི་བདེ་མཆོག་ཐོབ་པར་འགྱུར།། རྣམ་པར་འདོད་པ་གདོན་མི་ཟ།། པདྨ་དག་པའི་དབྱངས་དྲུག་ལ།། རྣམ་པར་གནས་པ་ཅིར་ཡང་གྲུབ། ། དཔལ་ཨཱ་རྱ་རེ་མ་ཏིའི་གསུང་ཡོངས་སུ་ཟློས་པའོ།། དེ་ནས་ཡང་དག་བསྒྲུབ་པ་ནི།། ཐུགས་ཀྱི་མདོས་ཞེས་བྱ་བ་ཡོད།། དཔལ་ལྡན་བོང་དུ་ཆིབས་པ་ནི།། རྣམ་པར་དཀར་བའི་རྡོ་རྗེའི་གདན། ། དེ་བཞིན་སྣ་ཚོགས་རྡོ་རྗེ།། དེ་སྟེང་རྡོ་རྗེ་སེམས་དཔའ་དཀར།། ཡང་དག་ཐུགས་ལ་གནས་པ་ནི།། སངས་རྒྱས་དཔའ་ནོར་བུ་ཞེས་པའི།། དབང་ཕྱུག་དམ་པ་རྨ་བྱ་ཆིབས།། མཉམ་གཞག་སྔགས་ཀྱི་འཁོར་ལོ་ཅན། མ་མོ་མཁའ་འགྲོ་དཔག་མེད་ལ།། སྐུ་ནི་ལྟེ་བ་མན་ཆད་བརྒྱན།། སྣ་ཚོགས་རྡོ་རྗེ་གླུ་ཡང་དཔའ།། ཨོཾ་བཛྲ་ས་ཏཱ་ཏ་ཐཱ་ག་ཏ་ནཱ་མ་ཙིཏྟ་སངྔྷི་ཧཱུ~ཾ།། སརྦ་ཏ་ཐཱ་ག་ཏ་ར་ཏྣ་ཤྲི་ངྷི་ཁ་ན་མ་སརྦ་སིངྔྷི་ཙིཏྟ་སིངྔྷི་ཧཱུ~ཾ། ། བཛྲ་ཙི་ཏྟ་དེ་བི་ཧཱུ~ཾ། མཧཱ་བཛྲ་ཡོ་ཀི་ནི་ཤྭ་རི་ས་མ་ཡ་ཧཱུཾ། ཙིཏྟ་སདྡྷི་ཧཱུཾ། བཛྲ་མཧཱ་དེ་དེ་རི་རི་མ་ཏི་ཙི་ཏྟ་མ་ཧཱ་བོ་དྷི་ཧཱུཾ། བཛྲ་ཌཱ་ཀི་ནི་དྷ་ཡ། བཛྲ་ཡོ་གི་ཤྭ་རི། ཨ་བ་ལོ་ཀ་ཡ་ཧཱུཾ།། མ་ཧཱ་བཛྲ་སརྦ་སིངྔྷི་ཨཱ་རྱ་རེ་མ་ཏི། ། བོ་ངྷི་ཙཏྟི་སིངྔྷི་ཧཱུ~ཾ།། རྡོ་རྗེའི་དབྱངས་རྣམ་པར་སྒྲོགས་ཤིང།། ཐུགས་ཀྱི་མདོས་ནི་རྟག་ཏུ་སྒྲུབ།། བརྟུལ་ཞུགས་མཆོད་པ་བསམ་ཡས་ཀྱི།། ཨཱ་རྱ་ཐུགས་ཀྱི་དངོས་གྲུབ་རྣམས།། ནན་ཏན་སྦྱོར་བ་དག་ལ་ནི།། རྡོ་རྗེ་ཐུགས་མཆོག་གྲུབ་པ་ཡང། ། སུམ་ཅུ་ཆོས་ཀྱི་འཁོར་ལོ་སྟེ།། འདི་དག་རྟག་ཏུ་བསྒྲུབ་པར་བྱ།། དཔལ་ཨ་རྱ་རེ་མ་ཏིའི་ཐུགས་ཀྱི་མདོས་རྣམ་པར་བསྟན་པའོ།། དེ་ནས་དཔལ་ཨཱ་རྱ་རེ་མ་ཏིའི་ཡོན་ཏན་གྱི་མདོས་རྣམ་པར་བསྟན་པའོ། ། དེ་ནས་དཔལ་ཨཱ་རྱ་རེ་མ་ཏིའི་ཡོན་ཏན་གྱི་མདོས་རྣམ་པར་བསྟན་པའོ།། དེ་ནས་དཔལ་ཨཱ་རྱ་རེ་མི་ཏྀའི་ཡོན་ཏན་གྱི་མདོས་ཞེས་བྱ་བའི་གཟུགས་དུར་ཁྲོད་དུ་བརྟེན་པར་བྱ་བ་ཡོད་དེ།། དཔལ་ལྡན་ཡོན་ཏན་རྣམ་པ་ནི། ། རྣམ་པར་མདོས་པ་འདི་ལྟ་སྟེ།། མཐིང་ཀ་བོང་བུ་རྣམས་པར་ཞོན།། ཁྲོ་མོ་མང་པོས་དབུས་སུ་མཆོད།། སྐུ་ནི་ལྟེ་བ་མན་ཆད་གནས།། སྣ་ཚོགས་རིན་ཆེན་སྤྱི་བོར་གནས།། སྟེང་ན་རིན་ཆེན་འབྱུང་ལྡན་ཅན། ། རིན་ཆེན་འབར་བ་སྙིང་ཀ་ན།། དཔག་བསམ་ཤིང་ནི་ཕྱག་ན་ཐོགས།། འདོད་པའི་ཡོན་ཏན་འཛག་པའི་རྒྱུ།། ཤིང་དང་ས་འམ་ཁང་པའང་རུང།། བྱིན་གྱིས་བརླབས་དང་རྟག་ཏུ་སྒྲུབ།། སྐུ་དང་སྤྱོད་ལ་མཆོད་པ་ཡང། ། བཟླས་པ་དག་དང་འདྲ་བརྟ་སྦྱར།། སུམ་ཅུ་ལ་ནི་རྟག་ཏུ་སྒྲུབ།། ཨོཾ་རཏྣ་སཾ་བྷ་བ་ཏ་ཐཱ་ག་ཏ་མ་ཧཱ་ག་ན་ཧཱུ~ཾ།། མ་ཧཱ་དེ་བི་རཏྣ་གུ་ན་ས་མ་ཡ་ཧཱུ~ཾ།། མ་ཧཱ་ཨརྱ་རེ་མ་ཏི་གུ་ན་པ་ར་མི་ཤ་ཧཱུ~ཾ།། རཏྣ་མ་ཧཱ་རཏྣ་གུ་ན་སིངྔྷི་ཧཱུ~ཾ། ། ཨཱ་རྱ་རེ་མ་ཏི་ཨ་བ་ལོ་ཀོ་ཡཱ།། ཨི་བ་ལོ་ཀ་ཡ་ཧཱུ~ཾ།། མ་ཧཱ་ཨཱ་རྱ་རེ་མ་ཏི་སརྦ་སངྔྷི་སུ་ཁི་ཧོ།། ས་མ་ཡ་གུ་ན་ཨ་རྱཱ་རེ་མ་ཏི་ཧཱུ~ཾ།། དཔག་མེད་ཡོན་ཏན་ཐམས་ཅད་ཀྱང།། དཀྱིལ་འཁོར་འདི་ལས་རྣམ་པར་འབྱུང། ། འཇིག་རྟེན་འདས་དང་འདིར་གནས་པའི།། ཡོན་ཏན་མདོས་ལས་འགྲུབ་པར་འགྱུར།། ཡོན་ཏན་ཀླུ་ལ་རབ་དགའ་བས།། ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར།། བྱིན་གྱིས་བརླབས་པ་རྟག་ཏུ་གྲུ། ། འཕྲིན་ལས་རྣམ་པར་མདོས་པ་ཡོད།། ལྗང་ཁུ་བོང་བུ་རྣམ་པར་འཆིབས།། དང་པོ་སྦྱོར་བའི་ལས་རྣམས་ལྟར་འདི་ལ་ཡང་དག་དཔའ་བར་བྱ།། སྣ་ཚོགས་རྒྱ་གྲམ་སྦྱི་བོར་འཛིན།། དེ་ཡི་དབུས་ན་དོན་ཡོད་གྲུབ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་མོ་གྷ་སིངྔྷི་ཧཱུ~ཾ།། ཀརྨ་ཡོ་གི་ཤཱ་རི།། མ་ཧཱ་དེ་བ་སིངྔྷི་ཧཱུ~ཾ།། སརྦ་སིངྔྷི་ཨ་ར་ལི་ད་ཀ་ནི་ན་ངྷ་ཡ།། ཀརྨ་ཡོ་གི་ནི་མ་ཧཱ་རུ་དྲ་པཱུ་ཙ་ཧཱུ~ཾ།། ཨཱ་རྱ་རེ་མ་ཏི་གྲོ་ངྷི་ཀརྨ། ཨ་བ་ལོ་ཀ་ཡ།། སངྔྷི་སངྔྷི་མཧཱ་ཀརྨ་ལོ་ཀ་ཡ།། ཨཱ་རྱ་རེམ་ཏི་ཀརྨ་སརྦ་སིདྡྷི་ཧཱུ~ཾ།། དེ་བི་མཧཱ་ཀ་བ་ལ་སྟོཾ།། འདི་ནི་ལས་བྱེད་བྱེད་པ་སྟེ།། རྣལ་འབྱོར་དཔའ་པོ་དགོན་པར་རྟེན།། གཞན་ཡང་གསང་བའི་མདོས་ཆེན་ཡང།། རྣམ་པར་སྦྱར་བར་བསྒྲུབ་པར་བྱ། ། དཔལ་ལྡན་སྐུ་ནི་རྣམ་པར་བཞེངས།། བྱང་ཤར་དུ་ནི་དབུ་གཙུག་ནས།། ལྷོ་ནུབ་ཉིད་དུ་བྷ་ག་རྟེན།། གསང་བའི་དབྱིངས་ནས་བཞེངས་པ་ནི།། རྡོ་རྗེ་སེམས་དཔའ་ལྟེ་བར་བསྐྱེད།། སྲིད་པའི་མ་མོས་བསམ་ཡས་པ། ། བྷ་གའི་དཀྱིལ་འཁོར་རྣམ་པར་གནས།། ནུ་མ་རལ་པ་མཆེ་བ་ཅན།། བསམ་གྱིས་མི་ཁྱབ་སྦྱོར་པའོ། ཨོཾ་བཛྲ་སཏཱ་བྷ་ག་པདྨ་སྟཾ།། བོངྷི་ཙིཏྟ་ཨོཾ་ཨཱ་ཧཱུ~ཾ།། ཨཱ་རྱ་རེ་མ་ཏི་གུ་ཡ་སིངྔྷི་ཧཱུ~ཾ།། ཨཱ་རྱ་རེ་མ་ཏི་གུ་ཡ་བོ་ངྷི་ཙིཏྷ་ཧཱུ~ཾ། ། ཨཱརྱ་རེ་མ་ཏི་གུ་ཡ་བག་ཏི་སྟ་ཧཱུཾ། ཨཱ་རྱ་རེ་མ་ཏི་གུ་ཡ་བ་ག་སྟ་ཧཱུ~ཾ། ཨཱ་རྱ་རེ་མ་ཏི་ཡོ་གི་ཤྭ་རི་ཧཱུ~ཾ་ཨཱ་རྱ་རེ་མ་ཏི་ཊཱ་ཀི་ནཱི་ངྷ་ཡ་ཧཱུ~ཾ།། སིདྡྷི་སརྦ་སི་དྡྷི་ཀརྨ་མི་ཤ་གུ་ཡ་ཧཱུ~ཾ།། དཔལ་ལྡན་གསང་མདོ་ལས་ནི། ། སུམ་ཅུ་ཆོས་ལ་བརྟེན་བྱས་ཏེ།། རྩ་ལྔ་སྤྱོད་པས་འཇུག་འདོད་པས།། གསང་སྔགས་དོན་རྣམས་རྟོགས་པར་འགྱུར།། དུར་ཁྲོད་རྣམས་སུ་བྱར་བྱས་ན།། མཁའ་འགྲོ་རྣམས་ཀྱི་མངོན་དུ་ཕྱོགས། ། དཔལ་ཨ་རྱ་རེ་མ་ཏིའི་གསང་བའི་མདོས་རྣམ་པར་བསྒྲུབ་པའོ།། དེ་ནས་གཞན་ཡང་མེ་མར་གྱི།། མདོས་ནི་རྒྱ་ཆེར་སྦྱོར་བ་ཡོད།། རྨ་མེད་པ་ཡི་རོ་མཆོག་ནི།། རབ་ཏུ་ཤི་བ་བླངས་ནས་ཀྱང།། མར་ཁུས་རླན་ཞིང་བཅོས་པའི་ཤིང། ། གསལ་ཤིང་རྐུ་ཏུ་བཙུགས་པ་ལ།། བརྟན་པར་དུར་ཁྲོད་དབུས་སུ་གཟུགས།། དེ་བཞིན་ལག་པ་ཡང་དག་བརྐྱངས།། མགོ་ནས་རྐང་པ་མཐིལ་གྱི་བར།། ཀླུ་དང་མ་མོ་དག། འཇིག་རྟེན་འདིར་ཡང་གང་གནས་པ། ། ཐམས་ཅད་མིང་ནི་ཡང་དག་དགོད།། སྤྱི་བོ་གཙུག་ཏུ་རྣམ་བཞུགས་པ།། འཕགས་པ་ཨ་རྱ་རེ་མ་ཏི།། གསང་སྔགས་རྣམ་པར་བྲིས་པ་ཡི།། ཁ་ཊྭཱཾ་དགྲོལ་བར་ཀླད་པར་ཕུག། རྩ་ལྔའི་ཚུལ་གྱིས་ཁ་ཊྭཱཾ་དཀྲོལ།། མར་ཁུ་བཅོས་པའི་རས་ཆེན་གྱིས།། ལུས་ནི་རྣམ་པར་དཀྲིས་ནས་ཀྱང།། རྡོལ་བའི་མེ་ཡིས་མདོམས་ནས་སྦར།། གླུ་རྣམས་ལེན་ཅིང་བསྐོར་བ་ནི།། ཨོཾ་མ་ཧཱ་ཨཱ་རྱ་རེ་མ་ཏི། བཛྲ་ཨ་བ་ལོ་ཀ་པཱུ་ཙ་ཏོ། ཨག་ནེ་མ་ཧཱ་པཱུ་ཙ་ཧོ།། མ་ཧཱ་ཨ་རྱ་རེ་མ་ཏི་སིདྡྷི་པ་ར་མི་ཤ་ཧོ།། མ་ཧཱ་ཨཱ་རྱ་རེ་མ་ཏི།། ཡོ་ཀུ་ཤྭ་རི་སུ་ཀྲི་ཧོ།། མ་ཧཱ་ཨ་རྱ་རེ་མ་ཏི།། ཨ་ནན་ཏ་པཱུ་ཙ་སུ་ཁི་ཧོ།། མ་ཧཱ་ཨ་རྱ་རེ་མ་ཏི། ། ཨ་བ་ལོ་ག་ཡ།། མ་ཧ་སིརདྡྷི་པ་ར་མི་ཤ་སུ་ཁི་ཧོ།། མཆོད་པའི་གླུ་རྣམས་ལེན་པར་བྱེད།། མ་མོ་མཁའ་འགྲོ་ཀུན་འདས་ཏེ།། རྣམ་པར་འདོད་པ་དག་ལ་འབེབས།། དཔལ་ཨཱ་རྱ་རེ་མ་ཏིའི་བརྟུལ་ཞུགས་མེ་མར་གྱི་མདོས་ཆེན་པོའོ། ། གཞན་ཡང་ཀེང་རུས་ཞེས་བྱ་བའི་མདོས།། མ་མོ་ཡི་ནི་སྤྱོད་ལམ་ཡོད།། རྨ་མེད་མྱུར་དུ་ཤི་བ་ཡི།། གཞོན་པ་གསར་པའི་རོ་ལངས་ལ།། རུས་པ་རྣམས་འབྲེལ་བར་བསྐམས།། དེ་ཡི་འོག་ནས་དཀར་པོའི་བར། ། སུམ་ཅུ་རྩ་གཉིས་མཚོན་རྣམས་བྲིས།། ཨ་ཡི་ཡི་གེ་མགོ་ལ་ཡོད།། དེ་ཡི་རུས་པ་རྣམས་ལ་ཡང།། མ་མོ་ཀུན་གྱི་མིང་བྲིས་ཏེ།། སུམ་ཅུ་གསང་སྔགས་སྦྱི་བོར་བྲི།། ཤིང་རྟ་ཆེ་ལ་དེ་བསྐྱོན་ནས། ། རྒྱན་རྣམས་དང་ཡང་ལྡན་བྱས་ཏེ།། གཅེར་པུ་ཐལ་བས་བྱུག་པ་ནི།། དུར་ཁྲོད་ཆེན་པོར་འགྲོ་བའི་ཚེ།། གསང་སྔགས་གླུ་ནི་འདི་སྐད་བླངས།། ཨ་ར་ལི།། མ་ཧཱ་ཨ་ར་ལི།། ས་མ་ཡ་སིདྡྷི་ཧོ།། ཀེང་ནི་རི་ནི་མ། ། ས་མ་ཡཱ།། ཊཱ་ཀི་ནཱི་དྷ་ཡ་ཧོ།། ཨཱ་རྱ་རེ་མ་ཏི།། ཡོ་ཀི་ནི་ཤྭ་རི་ཧོ།། ཨཱ་རྱཱ་རེ་མ་ཏི་བཛྲ་དྷ་དུ་ཤྭ་རི་ཀེ་ཧོ།། ཨ་བ་ལོ་ཀ་ཡཱ།། སིདྡྷི་སུ་ཁྲི་ཧོ།། མ་མ་འདི་ཁ་དེ་བི་ཧོ།། གྷ་ཏ་ཧ་པ་ས་ནི།། མ་མ་ཤ་ཏྲུཾ་ད་ན་མེ་ཀ་ན་ཧོ། ། དུར་ཁྲོད་དག་ན་ཀུན་ལྡན་པས།། མཁའ་ལ་དུང་སྟོང་སྒྲ་ཡང་སྒྲོགས།། མངོན་དུ་མཁའ་འགྲོ་རྣམས་ཀྱིས་འདུད།། དངོས་གྲུབ་ཀུན་གྱི་རྒྱལ་མཚན་ཡིན།། གསངསྔགས་སྤྱོད་པའི་ཚུལ་གྱིས་ནི།། མ་མོ་རྣམས་ནི་འདི་ལ་དགའ། ། བརྟུལ་ཞུགས་སྤྱོད་པའི་རིམ་པ་ཡིས།། དངོས་གྲུབ་རྣམས་ནི་འདི་ལས་འབྱུང།། རྣལ་འབྱོར་དཔའ་པོ་རྣམས་ཀྱི་ནི།། ཡིད་བཞིན་མཛོད་ནི་དུར་ཁྲོད་ཡིན།། གསང་སྔགས་གྲུབ་པ་རྣམས་ཀྱི་ཡུལ། ། དུར་ཁྲོད་སྤངས་པའི་ཕ་རོལ་ན།། དགོན་པ་ཡོད་པར་མི་འགྱུར་ཏེ།། ནམས་ཀྱང་འགྲུབ་པ་མེད་པ་ཡིན།། དཔལ་ཨརྱ་རེ་མ་ཏིའི་བརྟུལ་ཞུགས་ཀེང་རུས་རྒྱལ་མཚན་གྱི་མདོས་ཆེན་པོའོ།། དེ་ནས་གཞན་ཡང་བསྒྲུབ་བྱ་སྟེ། ། མ་ཊྲཾ་གནན་པ་ཞེས་བྱ་བའི།། མདོས་ནི་རྣམ་པར་བསྒྲུབ་པར་བྱ།། ལྷོ་ནུབ་ཉིད་དུ་མགོ་བསྟན་ཏེ།། དེ་བཞིན་བྱང་ཤར་རྐང་པ་བརྒྱངས།། རྣམ་པ་སྟོང་གི་མཆོད་ཚོགས་ཀྱང།། མ་ཏྲཾ་ཁོག་པའི་སྟེང་ནའོ། ། དེ་སྟེང་དཔལ་ལྡན་སྐུ་བཞག་སྟེ།། ཞབས་ཀྱི་ཐ་མར་མར་མེ་ནི།། མར་ཁུ་ཆེན་པོའི་འཕྲེང་བ་བརྒྱ།། བོང་བུ་ཞོན་པའི་མཁའ་འགྲོ་མ།། ལྟེ་བ་མན་ཆད་ལ་བརྒྱ་གནས།། ཁ་ཊྭཱཾ་ཁ་ནི་ལྟེ་བར་འགྲེང།། ཉི་མ་ཉིད་ཀྱི་སྟེང་ནའོ། ། རྣམ་པར་ཐར་པའི་སྙིང་ལའོ།། སྤྱི་བོར་སྣ་ཚོགས་རྡོ་རྗེ་འཛིན།། ཟླ་བ་ཚེས་པའི་དབུ་རྒྱན་ཅན།། ཁ་ཊྭཱཾ་སིལ་སྙན་གཡས་པ་ན།། རྒྱལ་བ་ཆེན་པོ་གཡོན་པ་ན།། བླ་རི་ལ་སོགས་ཀུན་ལའང་ཡོད། ། སུམ་ཅུ་སྔགས་ཀྱི་འཁོར་ལོས་གྲུབ།། རྩ་ལྔ་ལ་སོགས་སྦྱར་ནས་ནི།། གླུ་ནི་འདི་སྐད་བླང་བར་བྱ།། ཨོཾ་མ་ཧཱ་དེ་བི་ཀི་ལི་སྟཾ།། མ་ཌཾ་ཀ་མ་ཊཾ་ཀ་ཧཱུ~ཾ།། མ་ཧཱ་བེ་བ་ཀ་ལི་སྟཾ།། མ་ཧཱ་མ་ཊཾ་ཀ་མ་ཊཾ་ཀ་ཏྲི་ཤུ་ལ་མ་ཡ་ཧཱུ~ཾ། ། མ་ཧཱ་ཀ་ལི་སྟཾ།། མ་ཊཾ་ཀ་མ་ཊཾ་ཀ། རཀྴ་རཀྴ་ཧཱུ~ཾ།། མ་ཧཱ་ཀ་ལི་སྟཾ།། མ་ཊྭཾ་ཀ་མ་ཊཾ་ཀ།། ཨ་ནན་ཏ་དེ་བི་ས་མ་ཡ་ཧཱུ~ཾ།། མ་ཧཱ་ཀ་ལི་སྟཾ།། མ་ཊཾ་ཀ་ལི་སྟཾ།། མ་ཊཾ་ཀ་མ་ཊཾ་ཀ། གྷ་ཏ་ཧ་གྷ་ཏ་ཧ།། ཨ་པ་ས་ནི་ཧཱུ~ཾ། ། མ་ཧཱ་ཀ་ལི་སྟཾ།། གྷ་ཏ་ཧ་ཨ་པ་ས་ནི།། ཨ་བ་ལོ་ཀ་ཡ།། མ་ཊཾ་ཀ་ཏྲི་ནི་བྲི་ས་མནྟ་སིདྡྷི།། སརྦ་ཨ་པར་མི་ཤ་སུ་ཁི་ཧོ་ཧོ་ཧཱུ~ཾ།། འདི་ནི་དངོས་གྲུབ་ཀུན་གྱི་གཞི།། ཐེག་པ་ཆེན་པོའི་གཞལ་ཡས་ཁང།། འདི་ནི་དཔལ་ཨརྱ་རེ་མ་ཏི་བརྟུལ་ཞུགས་མ་ཊཾ་ཡོངས་སུ་གནོན་པར་སྦྱོར་བའི་མདོས་ཆེན་པོའོ། ། གཞན་ཡང་རྒྱ་མཚོ་འདེགས་པའི་མདོས་ཆེན་ཞེས་བྱ་བ་བསྟན་པར་བྱ།། རིན་ཆེན་རྒྱུ་ལས་བྱས་པ་འདི་ནི་མཆོད་རྟེན་ལྟ་བུ་ཡིན། ། བོང་བུའི་སྟེང་ན་ཡང་དག་བཞུགས།། རྒྱན་དང་གསང་སྔགས་རྣམས་ཀྱིས་བརྒྱན།། བུམ་པའི་སྟེང་ན་རྣམ་ཐར་ཅན།། དཔལ་ལྡན་གཟུགས་ནི་འཁར་བ་ལ།། མཁས་པས་བྱས་པ་བོང་བ་ཆིབས།། ཐུགས་ཀ་ན་ནི་རྡོ་རྗེ་ཡི། ། ལུང་ལ་མུ་ཏིག་འཕྲེང་བས་བཏགས།། རྒྱ་མཚོ་ལ་ནི་གཟིངས་བཅས་ཏེ།། རླུང་གིས་ཁྲིད་དེ་དེར་འགྲོ་ཞིང།། མ་མོའི་དཀྱིལ་འཁོར་རྣམས་ཀྱིས་བརྒྱན།། གླུ་ལེན་ཞིང་ནི་རྣམ་པར་བསྐོར།། དཔལ་ལྡན་ཉིད་དང་ལུང་ཐོབ་ནས། ། རྒྱ་མཚོ་རྐང་པས་མ་ནན་ནས་ནི།། གང་འདོད་ཕྱོགས་སུ་སྟབས་ཀྱིས་འགྲོ།། ནམ་མཁའ་ཉིད་ལ་རྣམ་པར་བསྐྱོད།། དཔལ་ལྡན་ཉིད་དང་ཐ་དད་མིན།། བོ་དྷི་ས་ཏྭ་མ་ཧཱ་དེ་བི་ཧོ། ཙའི་ཏ་བོ་དྷི་སཏྭ་མ་ཧཱ་བི་ཧི། ཙའི་ཏ་མ་ཧཱ་ཧི་ཧཱུཾ། བོ་དྷིསཏྭ་མ་ཧཱ་ཧི་ཧཱུཾ། བོ་དྷི་སཏྭ་མ་ཧཱ་དེ་བི་ཧོ། མ་ཧཱ་ས་མུ་ཧ་མ་ཧཱ་ཀ་དུ་ནི་སུ་རྱ་ཁ་མ་ཙ་ཧཱུཾ། བོ་དྷི་ས་ཏྭ་མ་ཧཱ་དེ་བི་ཧོ།། ཙའི་ཏ་མ་ཧཱ་མ་ཧཱ། ས་མུད་ཏ་ཕྲད་ཉ།། ཨ་པ་ས་ནི།། ཨ་བ་ལོ་ཀ་ཡ་ཧཱུ~ཾ། ། བོ་དྷི་སཏྭ་མ་ཧཱ་ས་མུད་ཏྲ་མ་ཧཱ། གྷ་ན་ཨ་པ་ས་ནི།། ཨ་བ་ལོ་ཀ་ཡ་བོདྷིསཏྭ་ཧཱ་དེ་བི་ཧོ། ཙི་ཏྟ་མ་མ་ཧཱ་མུད་ཏྲ་མ་ཧཱ་གྷ་ན་ཨ་པ་ས་ནི། ཨ་བ་ལོ་ཀ་ཡ་ཧཱུཾ། བོདྷི་སཏྭ་མ་ཧ་དེ་བི་ཧོ།། མ་ཧཱ་ས་མུད་ཏྲ་ཀརྨ་ཨ་པ་སེ་ནེ། ། ཨ་བ་ལོ་ཀ་ཡ།། འདི་ནི་དཔལ་ཨཱ་རྱ་རེ་མ་ཏིའི་བརྟུལ་ཞུགས་ཡོན་ཏན་རྒྱ་མཚོའི་མདོས་ཆེན་པོའོ།། གཞན་ཡང་འཕགས་པ་རེ་མི་ཡི།། དཀྱྀལ་འཁོར་ཆེན་པོའི་མདོས་ཅེས་པ།། ཟུར་གསུམ་ལྔ་པའི་སྟེང་ན་ཡོད། ། སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན།། མཉམ་གཞག་སྙིང་ཁར་སྙིང་གི་གཟུགས།། སྐུ་ནི་ཐུགས་ཀ་ཡན་ཆད་འབྱུང།། རྣམ་པར་དམར་དབུ་གསུམ་པ།། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ།། གཡོན་པས་ཁ་ཊྭཱཾ་དཀྲོལ་མཛད་ཅིང། ། བོང་བུའི་མགོ་དང་ལྕེ་སྙིང་རྣམས།། གཡས་པས་གཙོ་ལ་གྱེན་དུ་སྟོབ།། སྙིང་ཁ་མན་ཆད་རྣམ་པར་འཕགས།། འདི་ལྟར་འོག་མའི་དཀྱིལ་འཁོར་ལ།། དབང་ཕྱུག་ཆེ་སྟེ་ནག་པོ་སྟེ། ། གཤིན་རྗེ་རྣམས་ནི་གཡས་པ་ན།། བློ་སྙིང་མཁལ་མར་བཅས་པ་རྣམས།། གྱེན་ལ་གཙོ་ལ་སྟོབས་པར་བྱེད།། རྩེ་གསུམ་བེ་ཅོན་ཁྲམ་ཤིང་གཡོན།། ལྟེ་བའི་ཚད་ནས་སྙིང་ཁ་འཕགས།། འདི་ཡི་འོག་ནས་འབྱུང་བ་ནི། ། གནོད་སྤྱིན་མ་མོ་སྲིན་མོ་རྣམས།། མཆེར་པ་རྒྱུ་མ་ཕྱག་མཚན་བསྣམས།། ལག་པ་གཉིས་ཀས་གྱེན་དུ་ནི།། མིག་ནི་གྱེན་དུ་བགྲད་ནས་སྟོབས།། རྣམ་པར་དམར་པའི་དཀྱིལ་འཁོར་ནི།། ཀེང་རུས་ཁྲག་དང་མཚན་མ་རྣམས། ། གཙོ་མོ་ལ་ནི་གནམ་དུ་སྟོབས།། མདུན་གྱི་བྷ་ག་གསང་པའི་གནས།། མཚན་མ་ཐོགས་པ་གནམ་དུ་སྟོབས།། དེ་ནི་ཕྱེད་དཀར་ཕྱེད་ཀྱང་གནག། བར་མ་དོ་ནི་གཡོན་ན་ཐོགས།། དེ་ཡི་མ་མོ་གཉིས་པོས་ནི། ། དགེ་སྡིག་ཡི་གེ་གཡོན་པས་འཛིན།། མཚན་མོ་དབང་མོ་རྣམ་པར་གནག། དེ་བཞིན་ཉིན་མོ་རྣམ་པར་དཀར།། སྲིད་བ་གསུམ་གྱི་ཉུ་ལེ་མ།། གཙོ་མོ་ཉིད་ལ་རྣམ་པར་སྟོན།། སྤྲུལ་པ་ཟབ་མོའི་ཆོ་འཕྲུལ་ནི། ། སྲིད་པ་འདུལ་པའི་ཕྱག་རྒྱ་ཡིན།། བརྟུལ་ཞུགས་གསང་སྔགས་དཀྱིལ་འཁོར་འདི།། དངོས་གྲུབ་ཀུན་གྱི་འབྱུང་གནས་ཉིད།། རྡོ་རྗེ་བྱིན་བརླབས་ཆེན་པོ་ཡིས།། དཀྱིལ་འཁོར་མཆོད་པའི་གླུ་དྲུག་བླངས། ། མཧཱ་མཎྜལ། མ་ཧཱ་ཎྜལ་ཡོ་གི་ཤྭ་རི།། ས་མ་ཡ་སིདྷི་ཧཱུཾ། མཎྜལ་ལ་མ་ཧཱ་མཎྜལ་ལ།། ས་མ་ཡ་ཌཱ་ཀི་ནཱི་དྷ་ཡ། སིདྷི་པར་མི་ཤ་ཧཱུཾ། མཎྜལ་མ་ཧཱ་མ་ཧཱ་མཎྜལ།། ཨཱ་རྱཱ་རེ་མ་ཏི་མནྚལ། ཨཱ་རྱཱུ་རེ་མ་ཛ་མཎྜལ། ཨཱ་རྱཱ་རེ་མ་ཛུ་སདྡྷི་ཧཱུ~ཾ། ། མནྚལ་མ་ཧཱ་མནྚལ།། སདྡྷི་མནྚལ།། ཨ་པ་ས་ནི།། ཨ་ན་ཏ་སུ་ཁི་ཧོ།། མཧཱའ་མནྚལ་མཧཱ་མནྚལ།། རུ་པ་ས་པ་ར་མི་ཤ་སདྡྷི་ཧཱུ~ཾ།། མནྚལ་མ་ཧཱའ་མནྚལ།། ཀཱ་ཡ་ཝཱ་ག་ཙིཏྟ་སུ་ཁི་ཧྲ་ཧོ།། པ་ར་མི་ཤ་ཧཱུ~ཾ། ། འདི་ལྟར་གྲུ་ཆེན་པོ་བླང་ཞིང།། སྟོབས་ཆེན་པོས་འགྲོ་ཞིང།། ཆང་ཆེན་པོ་བཏུང་བ་དང།། དུར་ཁྲོད་ལ་སོགས་པར་འགྲོ་བ་དང།། ཆོས་ཀྱི་འཁོར་ལོ་བཅུ་གསུམ་བསྐོར་བར་བསྐོར་པའོ།། རྩེ་གཅིག་ཏུ་དཔའ་བའི་བརྟུལ་ཞུགས་འདི་སྤྱད་ན། ། ཁམས་གསུམ་ཞབས་ཀྱིས་གནོན་པའོ།། དཔལ་ཨཱ་རྱ་རེ་མ་ཏིའི་བརྟུལ་ཞུགས་ཀྱི་དཀྱིལ་འཁོར་གྱིས་སོ།། དེ་ནས་གཞན་ཡང་ཟབ་མོ་ཡི།། རྡོ་རྗེ་ཆེན་པོའི་མདོས་ཀྱང་ཡོད། ། ཨའི་དུས་ལས་སྐྱེས་པ་ཡིས།། རྡོ་རྗེ་ཧཱུ~ཾ་གི་ལྟེ་བ་ཅན།། རྩེ་མོ་བཅུ་གཉིས་རྣམ་པར་འཕགས།། ཨ་ཨི་ཨུ་ཨེ་ཨོ་ཨ།། འདི་དག་རྡོ་རྗེ་ཟབ་མོ་ཡི།། ཡེ་ཤེས་གནས་པའི་རང་བཞིན་ཉིད།། ཨཱ་ཨཱི་ཨཱུ་ཨཱ+ཻ་ཨཱ+ོ་ཨཱཾ། ། འདི་ནི་རྡོ་རྗེ་ཆེན་པོ་ཡི།། དེ་ལྟར་ཤེས་པའི་ཁྱད་པར་ཡིན།། འདི་ལྟ་སྟེ།། མེ་ལོང་ལྟ་བུའི་ཡེ་ཤེས་དང།། མཉམ་པ་ཉིད་ཀྱི་ཡེ་ཤེས་དང།། སོ་སོར་རྟོག་པའི་ཡེ་ཤེས་དང།། བྱ་བ་ནན་ཏན་ཡེ་ཤེས་དང།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང། ། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཆེན་པོའོ། རྩིག་དང་བྲི་དང་སྒོམ་དང་ཤེས།། དེ་བཞིན་ཡི་གེ་རྡོ་རྗེའོ།། ཨ་བཛྲ་སརྦ་དྷ་རྨཱ་དྷ་ཛྙཱ་ན་ཧཱུ~ཾ།། མཧཱ་སྟི་སྲ་ཨ་པ་ར་མི་ཤ་ཧཱུ~ཾ་ཨ། ། ཨི་བཛྲ་ཛྙཱ་ན་ས་མ་ནན་ཏ་ཧཱུ~ཾ།། བོདྷི་སཏྭ་སརྦ་ཏ་ཐཱ་ག་ཏ་རེ་ར་སིདྡྷི་ཨི།། མ་ཧཱ་ཛྙཱ་ན་ཨ་ཨ་པ་ར་མི་ཤ་ཡུ།། ཨེ་བཛྲ་གྷ་ན་ས་ཁི་ཧོ་ཧཱུ~ཾ།། མ་ཧཱ་དྷ་རྨཱ་དྷཱ་ཏུ་ཨ་པ་ས་ནི་ཨེ།། བཛྲ་ཛྙཱ་ན་རུ་པ་བཛྲ་ཤ་ཀ་ར་ཛྙཱ་ན་ཧཱུ~ཾ། ། ཛྙཱ་ན་མཧཱ་སུ་ཁ་སིདྡྷི་ཨོ།། ཨོཾ་བཛྲ་དྷ་རྨཱ་ཀ་ཡ་དྷ་དུ་ཨ་པ་ས་ནི་པ་ར་མི་ཤ་ཧཱུ~ཾ། ད་དུ་སརྦ་སབ་པ་ཉིན་རྨི་ཏི་བཱའ་ག་བཛྲ་ས་མ་ཏི་ཨ།། ཟབ་མོ་རྡོ་རྗེ་རྣམ་པར་མདོས།། མདོས་ནི་མེ་མོའི་བརྟུལ་ཞུགས་ཡིན།། རྣལ་འབྱོར་མ་འདིས་དང་པོར་ནི། ། ཆོས་མཐོང་ཕྱག་རྒྱ་བསྟན་པ་ཡིན།། སུམ་ཅུ་ཆོས་ཀྱི་འཁོར་ལོ་ལས།། རྣམ་པར་མདོས་པ་བཅུ་གཉིས་འཕྲོས།། རྩ་ལྔ་སྤྱོད་པ་ལ་སོགས་སྒྲུབ།། བརྟུལ་ཞུགས་ཆེན་པོ་རྣམ་པར་ཕྱེ། ། དབྱིངས་སུ་ཡང་དག་ལྟ་བས་བརྟུལ།། ཉོན་མོངས་སྤྱོད་པ་རྣམས་ལ་ཞུགས།། ཉིན་མོངས་བརྟུལ་བར་འདོད་པ་རྣམས།། གྲོ་བ་ཉིད་ལ་ཞུགས་པ་མིན།། དཔལ་ཨཱ་རྱ་རེ་མ་ཏིའི་བརྟུལ་ཞུགས་ཆེན་པོས་མདོས་སོ། ། སྙིང་རྗེ་ཅན་གྱི་ཆོ་འཕྲུལ་ནི།། སྡུག་བསྔལ་རྣམས་ལ་སྣང་འགྱུར་ཏེ།། མངོན་པར་དག་པ་རྣམས་ལ་ནི།། རྣམ་པ་ཐར་པས་བསྒྲལ་མི་དགོས།། རྣམ་པར་དཔའ་བའི་རྣལ་འབྱོར་གྱིས།། སངས་རྒྱས་དུར་ཁྲོད་གྲོང་ཁྱེར་ཡིན། ། མདོས་ནི་བརྟུལ་ཞུགས་ཆེར་སྤྱད་ན།། ནམས་ཀྱང་རྣམ་གྲོལ་གཞན་དོན་སྤྱོད།། མཁའ་འགྲོ་རྣམས་ཀྱིས་འདིར་འཇིགས་ན།། ཕྱིས་ནི་ནམས་ཀྱང་སྐྱོབ་མི་ནུས།། དངོས་གྲུབ་ཉིད་ཀྱིས་ཆེར་སྐྲག་ན།། སྟོང་པ་ཉིད་ཀྱིས་བརྒྱལ་ཏེ་འགས། ། གསང་སྔགས་རྣམས་ཀྱི་འཁོར་ལོ་ནི།། གདུག་པ་འབའ་ཞིག་འདུལ་པའོ།། མ་མོ་མཁའ་འགྲོ་རྣམས་ཀྱིས་ནི།། བརྟུལ་ཞུགས་འདི་ཡིས་རྣམ་པར་འཕགས།། མདོས་ཀྱི་བརྟུལ་ཞུགས་སྤངས་པས་ནི། ། རྣལ་འབྱོར་མ་དང་འབྲེལ་པ་མེད།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། མདོས་ཀྱི་སྦྱོར་བའི་རིམ་པར་ཕྱེ་བ་སྟེ་ལེའུ་བཅུ་གསུམ་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང། ། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས། བོང་བུའི་མཚན་མ་རྣམ་པར་སྦྱོར་བ་འདི་གསུངས་སོ།། འབྱུང་བ་རྣམས་ཀྱི་སྟེང་ན་འདུག། ལས་བཞི་རྣམས་ལས་རྣམ་པར་སྦྱོར། ། ཡན་ལག་བརྒྱད་པ་གྲུབ་པར་ནུས།། རྣམ་པར་སྣང་མཛད་དང་པོར་ཏེ།། དེ་བཞིན་གཉིས་པ་སྣང་མཐའ་ཡས།། རྡོ་རྗེ་སྙིང་པོ་དེ་ལྟར་གསུམ།། ནཱ་མ་ཞེས་བྱར་བརྟགས་ཏེ།། གྷ་ཧ་ཧ་ཞེས་བདག་པོའི་མིང། ། ཀ་ར་ཀ་ར་མས་རྣམ་པར་སྒྲུབ།། སདྡྷི་འདོད་པས་འདི་སྦྱར་ནས།། པ་ར་མི་ཤིའི་འཕྲིན་ལས་བཅོལ།། གང་གིས་དགོས་པ་དུས་འདིར་བསྐུལ།། ཡི་གེ་བཅཝ་བརྒྱད་རྣམ་པར་འཕགས།། དཀར་སེར་དམར་དང་གནས་པའི་མདོག། ། ཀུན་ཏུ་ཁྲུ་གང་སྦུ་གུ་ཅན།། ཤར་ལྷོ་ནུབ་བྱང་མདུན་དུ་གཞག། ཆུ་ལ་ཤི་བར་བྱ་བ་ནི།། ཆུ་རྡོ་བཏགས་པས་གཟུགས་ཀྱང་འཛིན།། ཆུ་ལ་ཤི་བའི་ཁྲག་དང་ལྡན།། བྱ་ཡིས་བསད་པའི་ཉ་ཤ་དབུལ། ། ཆུ་ཤིང་མེ་མར་སྙིང་པོ་གཟུགས།། ཆུ་ལ་མིང་དང་གཟུགས་བཀྲུས་ཏེ།། དུང་གི་སྤྲུལ་པས་ཡང་དག་ཀླུག། ཁེངས་དང་སྔགས་དང་རྫོགས་དང་འགྲུབ།། འདི་ནི་དྲག་པོའི་སྦྱོར་བ་ཡིས། དེ་བཞིན་ཡང་དག་ལྡན་བྱས་ཏེ། ། ཀླུ་ཡི་ཁྱིམ་ནི་བརྒྱ་ནས་ཀྱང།། བླངས་པའི་ཆུ་ལས་གཟུགས་ཀྱང་དཀར།། ཉི་མའི་འོག་ནས་ཆུ་ཡང་བླུགས།། ཀླུ་རྣམས་ལ་མཆོད་པའོ།། ཁེངས་དང་གསང་སྔགས་འཐེབས་ན་འགྲུབ། ། མཁའ་ལ་ཆར་འབབ་འདོད་ན་འཆད།། དེ་བཞིན་ཡང་དག་རྣམ་པར་བསྟན།། ནད་རྣམས་གཙད་པས་ནད་ཀྱི་མིང།། ཨཱ་རྱ་ཞེས་བ་རྣམ་པར་བཀུ།། མེ་ལ་གནོད་པ་བསྲེགས་པ་ན།། རྡོལ་བའི་མགལ་བ་དེ་ལྟར་བསྲོ། ། སྦྱིན་སྲེག་གསུམ་གསུམ་འབྲུ་ལ་བྱ།། མང་པོའི་གསང་སྔགས་ཐེན་ན་འཇིག། གང་ལ་གནམ་ལྕགས་འཕེན་པར་འདོད།། དེ་ཡི་ཚིག་པའི་སོལ་བས་བསྲོ།། ཆུ་རྡོ་མཁྲེགས་པས་གནམ་ལྕགས་འདར།། ཕུ་ཡིས་བཏང་ཅིང་མེ་ལ་བསྲོ། ། ཇི་ལྟར་བསྐུལ་ཚིག་བཞིན་དུ་འོང།། ས་གཞི་གཡོས་ཏེ་གནོད་བྱ་བ།། དེ་དང་དེ་ནས་ས་ཡང་བླངས།། རླུང་གིས་གཞུ་དང་འདྲ་བ་ལ།། བ་དན་གཉིས་ཀྱིས་ཡང་དག་མཛེས།། མཁའ་ལ་བཞག་སྐོར་བྱེད་ཅིང། ། བསྐུལ་ཚིག་སྦྱར་བས་ཉུང་དུ་འོང།། རྒྱལ་པོ་ལ་སོགས་དབང་སྡུད་ན།། དམར་པོ་འཇིགས་པའི་སྦུ་གུ་ལ།། གླང་པོའི་ཀླད་པས་རྣམ་པར་བཀབ།། སེང་ལྡེང་ཤིང་ལ་དེ་བཞིན་དུའོ། ། བསྲོས་ན་ཅི་འདོད་དབང་དུ་སྡུད།། མྱུར་དུ་གསང་པའི་དྲག་པོ་ནི།། གང་དང་བདག་དག་ཡང་བསམས་དང།། བསྐུལ་ཚིག་སྔགས་དང་བཅས་པ་ཡིས།། ཐམས་ཅད་རྣམ་པར་སྦྱར་བྱས་ཏེ།། ཀ་ར་བཱི་རའི་ལྕགས་ཀྱིས་བརྡབ། ། སྣག་མ་ཕུང་བར་ཡང་དག་བྲལ།། གང་འདོད་རྫས་དང་རྣམ་པར་སྦྱར།། དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། བོང་བུའི་མཚན་མ་རྣམ་པར་སྒྲུབ་པར་འདོད་པའི་ཡན་ལག་བརྒྱད་པ་སྟེ་ལེའུ་བཅུ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང། ཐུགས་རྡོ་རྗེ་རྣམས་ལས།། ངེས་པར་བསྒྲུབ་པའི་གསང་སྔགས་སྤུ་གྲིའི་སོའི་འཕྲེང་བ་འདི་གསུངས་སོ། ། དང་པོ་ལོངས་སྤྱོད་རྫོགས་པ་ཡིན།། བདུན་པའི་གཉིས་པ་དྲུག་པའི་གསུམ། དབྱངས་ཡིག་གསུམ་པའི་རྣམ་པ་ཅན།། ལྔ་པའི་ལྔ་པ་དེ་བཞིན་ནོ།། བདུན་པའི་བཞི་པ་དེ་ལྟར་ཡིན། ། གཅིག་པའི་དང་པོ་དེ་བཞིན་ཏེ།། དྲུག་པའི་བཞི་བ་དབྱངས་ཡིག་གསུམ། དྲུག་པའི་གསུམ་པ་དབྱངས་ཡིག་ལྔ།། ལྔ་པའི་དང་པོ་བདུན་པ་ཅིག། བཞི་པའི་དག་པོས་འབྲེལ་པས་ནི།། དྲུག་པའི་གསུམ་དང་དབྱངས་ཡིག་ལྔ། ། གཅིག་པའི་ལྔ་པའི་གཙུག་ཕུད་ཅན།། བཞི་པའི་ལྔ་པ་དྲུག་པའི་གསུམ།། དབྱངས་ཡིག་གསུམ་པ་དེ་བཞིན་ལྡན། ལྔ་པའི་ལྔ་པ་དྲུག་པའི་གསུམ།། དྲུག་པའི་དང་པོ་ཡང་དག་ལ། ། བཞི་པའི་གཉིས་པ་དབྱངས་ཡིག་ལྔ།། བཞི་པའི་ལྔ་འདི་ལྟར་འབྲེལ།། དེ་བཞིན་དྲུག་པའི་དང་པོ་ཡིན།། དེ་ལས་མ་སོ་གཉིས་པའི་གསུམ།། དྲུག་པའི་གསུམ་པ་རྣམ་པ་རིང།། དྲུག་པ་ཡིན་ནི་བཞི་པ་ཡིན། ། དྲུག་པའི་གསུམ་པ་དབྱངས་ཡིག་ལྔ།། དང་པོ་བདུན་པའི་མགོ།། བཞི་པའི་དང་པོར་འབྲེལ་པ་ནི།། དྲུག་པའི་གསུམ་པ་དབྱངས་ཡིག་ལྔ།། གཅིག་པའི་ལྔ་པས་གཙུག་ཕུད་བྱས།། གཉིས་པའི་དང་པོ་བཞི་ལྔར་ལྡན། ། བཞི་པའི་དང་པོ་དྲུག་པའི་གསུམ།། ལྔ་པའི་དང་པོ་དྲུག་གསུམ་དགྲ།། དེ་ནས་ལྔ་པའི་གསུམ་པ་སྟེ།། ལྔ་པའི་ལྔ་པ་དྲུག་པའི་གསུམ།། དེ་ལྟར་དྲུག་པའི་དང་པོ་ཡིན།། ལྔ་པ་གཉིས་པ་བཞི་པའི་མགོ། སུམ་ཅུ་རྩ་གཉིས་སྔགས་ཀྱི་མིང།། སྤུ་གྲི་སོ་ཡི་དབང་བསྐུལ་ནི།། ཡ་སོ་མ་སོ་བཅུ་དྲུག་ཕྱེད།། བཅུ་དྲུག་འོག་གི་ཕྱེད་ལྡན་པས།། ལས་ནི་རྣམ་པར་ཕྱེད་པ་ཡིན།། ཆུ་ཤེལ་སྣང་བ་དག་པས་ནི།། བཞི་ཁྲིའི་འོག་ན་བཀྲ་མི་ཤིས། ། བན་གླང་སྤྱོད་དང་འགྲོ་བ་ན།། སྐྱ་རིངས་ལག་པས་ཡང་དག་འཇོམས།། རའི་གཞུ་གཟུང་དང་བྱན་ལ་སྒྲོས། བརྒྱན་པ་མི་སྔགས་ཚང་པའི་བརྡ། གསད་པའི་མདེའུ་ཡང་ནི་སྲེགས། ཡུལ་ཅན་ཉིད་ཀྱི་པགས་པ་ལ། ། ཤི་བ་ཁྲག་གིས་རྣམ་པར་བྲིས།། འདིལ་འགྲུབ་དྲུག་ཅིང་བདག་ལ་ནི།། ཟླ་བ་འོད་ཟེར་སྣང་བ་དང།། སྤུ་གྲི་སྔགས་ནི་སུམ་ཅུ་གཉིས།། མ་མཁལ་བསྒྲལ་པ་ཡང་དག་ཡིན།། རྣམ་པར་བསད་པ་སྐད་ཅིག་ལ། ། སྐྱ་རེངས་ཉིད་ཀྱང་འགྲོ་ན་སྦྱོར།། སྐར་ཆེན་མིག་ལ་བཏགས་པ་ནི།། བདག་གི་རྣམ་པར་མཐོ་བའོ།། བསྟན་པ་དག་ལ་གནོད་བྱེད་པ།། མུ་སྟེགས་ལྟས་ངན་འཕམ་པ་ལ།། བསོད་ནམས་ཡེ་ཤེས་ཡང་དག་སྦྱར། ། དཔལ་ལྡན་བྱང་ཆུབ་སེམས་དཔའ་ཡི།། སྦྱོར་བའི་ཁམ་བུ་ཡང་དག་ལྡན།། འཇིག་རྟེན་འདི་ན་གང་དག་ཀྱང།། རྣམ་པར་གཤིག་པ་འདི་ལྟར་ཡིན།། གལ་ཏེ་གནོད་པར་བྱེད་པ་ཡི།། སྐྱེ་བརྒྱུད་རྣམ་པར་འཆད་འདོད་པས། ། ཆུ་སོ་འགགས་པའི་རྡོ་བོ་ལ།། བཏགས་ཏེ་གྲོག་མའི་ཚང་དང་སྦྱར། ཡུམ་ཅན་ཁྲག་གིས་སྦྲུས་པ་ལ།། ཕོ་མོ་གང་གི་དབང་པོ་ཅན།། ཁྲོ་ཆུ་རྣམ་པར་བསྣོས་པ་ཡིས།། ཟོར་བ་ཡང་དག་བསྲེགས་པ་ལ། ། རྒྱ་བའི་དུས་དང་ཕྱོགས་བཞིན་དུ།། སྐར་ཆེན་མིག་ལ་བཏགས་པ་ཡང།། སྔོན་སྦྱར་ལྟ་བུའི་སྐད་ཅིག་ལ།། བཅུ་དྲུག་ཕྱེད་པ་ཕྱེད་ཀྱི་དབང།། མ་མཁལ་བསྒུལ་བས་ཡང་དག་འཇོམས།། དང་པོར་ཟོར་བས་རྣམ་པར་གཅད། ། སྐད་ཅིག་དེ་ལ་བདག་གི་དབང། སྐྱེ་བ་གཞན་ལ་གནོད་པར་འགྱུར།། བསྟན་པ་འདི་ལ་གནོད་པ་ཡི།། ལོག་ལྟ་ངན་པའི་སྐྱེ་རྒྱུད་ཉིད།། གཏན་དུ་ཕུར་བར་ཟད་སྦྱར་ཏེ།། འདི་ལྟར་མཁས་པས་འདི་ལྟར་དཔའ། ། ལྐུགས་པར་འདོད་པས་སྦྲུལ་གྱི་པགས།། སྐད་ཅིག་དེ་ལ་སྤུ་གྲི་ཡིས།། རྣམ་པར་བཅིངས་པས་གཡོན་མི་འགྱུར།། གྲོལ་བར་འདོད་ན་ལུས་འཕགས་ནས།། ཡང་དག་བྱུང་ན་རྒྱལ་ལས་བཀྲོལ། ། གང་གི་ཆུ་རྒྱུན་བརྡབས་པས་བསད་པ་འམ།། སྐད་ཅིག་དེ་ལ་བྱན་ལག་སྦུས།། བཙངས་པ་ཡུལ་ཅན་རྒྱུས་པས་བཙེམས། སྤུ་གྲི་སོ་ཡིས་མ་མཁལ་བརྒྱུས།། ཡང་ན་སོ་སོ་གངའདོད་པ།། ཐམས་ཅད་འདི་ལ་སྦྱང་ན་འགྲུབ། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། སྤུ་གྲི་སོའི་གསང་སྔགས་ཡང་དག་པར་བསྟན་པ་སྟེ་ལེའུ་བཅཝོ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང། ། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གཡོ་བའི་ཏིང་ངེ་འཛིན་གྱི་སྨོན་ལམ་གྱི་རྣམ་པར་འཕྲུལ་བ་བསྟན་པའི་ཕྱིར།། བཀྲ་ཤིས་པའི་ལྷ་མོ་གསང་སྔགས་བཅུ་གཅིག་པའི་བྱིན་གྱིས་བརླབས་སོ། ། ཨོཾ་པརྣ་ཤ་བ་རཱི་པོ་ཤ་ཙི་སྭཱ་ཧཱ། ཡི་གེ་བཅུ་གཅིག་ལས་བྱུང་བ།། གསང་སྔགས་བཅུ་གཅིག་འཛིན་པའི་ལྷ། བཀྲ་ཤིས་ཀུན་གྱི་བདག་མོ་སྟེ།། ལུས་ཅན་ཀུན་གྱི་སྐྱབས་སུ་འགྱུར། ། སྲིད་པ་མ་སྟོངས་པར་དུ་ནི།། འཇིག་རྟེན་ཀུན་ལ་བར་ཅད་མེད།། ཕན་པར་མཛད་པའི་བརྩོན་འགྲུས་ཅན།། བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཞགས།། སྲིད་པ་གཅོད་པའི་དགྲ་སྟ་འཛིན།། སྐུ་མདོག་སེར་དང་དགྲ་སྟ་དམར། ། ཟླ་བའི་སྟེང་ན་ཟླ་བའི་ཐུགས།། རང་མཚད་ཡི་གེ་ལྔ་སྒྲོགས་ཤིང།། མེ་ཏོག་ཆར་བ་འབབ་པའི་ཡུལ།། རང་གི་མཆོད་པ་ཡང་དག་ལྡན།། མཁས་པའི་ཡུལ་ལ་རྟེན་པ་བདེ།། འདི་མ་བཅོམ་ལྡན་འདས་མའི་ཏིང་ངེ་འཛིན། ། བརྣ་ཤ་བ་རིའི་འོ།། འདི་དག་ཡོངས་སུ་རྟེན་པར་བྱེད་པ།། གང་ལུས་དང།། ངག་དང།། ཡིད་རྣམ་པར་དག་པར་འགྱུར་རོ།། བྱང་བར་འགྱུར་རོ།། དག་པར་འགྱུར་རོ། ། ཡུལ་བདེ་བར་འགྱུར་བ་དང།། གནོད་པ་ཐམས་ཅད་པར་སྦྱོང་བར་འགྱུར་རོ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རྣམ་པར་འཕྲུལ་པ་བཀྲ་ཤིས་གསང་སྔགས་ཏེ་ལེའུ་བཅུ་དྲུག་པའོ། །།། དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང།། གསུང་དང། ཐུགས་རྡོ་རྗེ་རྣམས་ལས།། འཇིགས་པ་བདེ་བར་ལམ་དུ་བྱེད་ཚད་མེད་རྣམ་པར་འཕྲུལ་པ་འདི་གསུངས་སོ།། ཨོཾ་མ་རི་ཙེ་རྩོ་ར་ཚག་ཁྲུ་ཨ་ཐ་རིངས་སུ་ཁྲོ་ཧོ། ། བསྐུལ་ཚིག་དང་བཅས་པའི་གསང་སྔགས་ཡི་གེ་བཅུ་བཞི་པོ་འདི།། སྡང་བ་རྣམས་ལ་མཚན་མོ་སྐུད་པར་བྱེད་པའོ།། འདི་དག་རྣམ་པར་འཆང་མཛད་མ།། མདོག་སེར་ཁབ་སྐུད་ཕག་པ་ཆིབས། ། ཞག་གཅིག་ཕྱག་གཉིས་མེ་ཏོག་སྩོལ། བཟླས་དང་བཙེམས་པས་རྣམ་པར་གྲུབ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། མ་རཱི་ཙེའི་རྣམ་པར་འཕྲུལ་པ་སྟེ་ལེའུ་བཅུ་བདུན་པའོ། ། དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། རྟགས་རྣམ་པར་སྐུལ་བར་བྱེད་པའི་ལྷ་མོའི་རྣམ་པར་འཕྲུལ་པར་བྱེད་པའི་གསང་སྔགས་འདི་གསུངས་སོ། ། ཨོཾ་ཙ་ལེ་ཙུ་ལེ་ཙུ་ན་དེ་དར་ཤ་ཡ།། དར་ཤ་ཡ་སརྦ་སརྦ་ཙ་མ་སྭཱ་ཧཱ།། འདི་ནི་མདོག་སེར་ཨུད་པད་ཅན།། རྣམ་པ་སྟོང་གི་ཕྱག་ལས་འཕྲོས།། འདྲ་བའི་གཡོག་མོ་ཉི་ཤུ་མངའ། མེ་ལོང་ངལ་གྲི་མེ་མར་ཆུ། ། གཞོན་ནུ་རྣམས་ལ་འཇིག་རྟེན་སྟོན།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། ལྷ་མོ་སྐུལ་བྱེད་མའི་རྣམ་པར་འཕྲུལ་པ་སྟེ་ལེའུ་བཅཝོ་བརྒྱད་པའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། མཚན་མོ་སྟོན་པར་བྱེད་པའི་སྔགས་འདི་བྱིན་གྱིས་བརླབས་སོ།། ཨོཾ་ཙནྡྲ་དེ་བ་སུ་ཧི་ན་པ་ར་མི་ཤ།། བྱང་ཆུབ་སེམས་དཔའ་མི་གཡོ་བའི་ཏིང་ངེ་འཛིན་གྱིས་རྣམ་འགྱུར་བ། ། ལྷའི་བུ་དྲི་མ་མེད་པ་ཟླ་བ་ལྟར་སྣང་བ་དང།། ཆེར་སྣང་བ་ལ་ཕྱག་འཚལ་ལོ།། མནྚལ་དང་ནི་རོ་ལ་གསོལ།། ཡར་ཡི་བྱེད་པའི་ཆ་གསུམ་ལ། ཆུ་ལ་སྣང་བའི་སྔགས་ཀྱིས་བཏབ། ། སྐད་ཅིག། འདི་ཉིད་སྨྲ་པའོ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། དྲི་མ་མེད་པ་ལྷའི་བུ་ཟླ་བ་ལྟར་སྣང་བའི་རྣམ་པར་འཕྲུལ་པ་བསྟན་པ་སྟེ་ལེའུ་བཅུ་དགུ་པའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། གཞོན་ནུ་ཁ་བྱིན་གྱིས་བརླབས་པ་འདི་གསུངས་སོ།། ཨོཾ་ཨཱཿ་ཧཱུ~ཾ་ན་མོ་པུདྷ་དྷ་རྨ་དང་གྷ་ཀུ་མ་ར་ཛི་བ་པྲ་པེ་ཤ་ཡ། ། ཛ་པར་མི་ཤ་མ་ཧཱ་དེ་བི་ཀུ་མ་ར་ཛི་བ་ཨ་བ་ས་ནི་ན་མོ།། གསང་སྔགས་ཡི་གེ་བཅུ་བཞིས་འདི།། གཞོན་ནུ་ལྕེ་ལ་གནས་པའི་ལྷ་མོ་ལྕེ་གཡོ་མའི་རྣམ་པར་འཕྲུལ་བ་གཞོན་ནུ་དག་པར་བྱས་པ་བཅུ་དྲུག་མན་ཆད་དུ་གནས་པ་སྟེ། ། མེ་ཏོག་གཏོར་ནས་རྣམ་པར་དྲི་བ་དང་ལྡན་པར་དྲི་བ་དང་ལྡན་པར་འགྱུར་རོ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ། སྨྲ་བ་མེད་པའི་ལྷ་མོ།། གཞོན་ནུ་མའི་ལྕེ་ལ་གནས་པ་སྟེ་ལེའུ་ཉི་ཤུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། ཚིག་འདྲི་བར་བྱེད་པའི་གསང་སྔགས་འདི་གསུངས་སོ། ། ཨོཾ་ཨཱཿཧཱུ~ཾ།། ཀརྨ་དྷ་རྨཱ་པྲ་པེ་ཤ་པ་ར་མི་ཤ་ཤྲི་མ་ཧཱ་དེ་བི་ན་མོ།། མི་གཡོ་བའི་རྣམ་པར་འཕྲུལ་བའི་ཚོགས་དང།། ཚིག་གིས་ཚོགས་སྟོན་པར་བྱེད་པའི་ཕྱག་འཚལ་ན།། སྟོན་པར་བྱེད་པ་སྟེ། ། ངག་རྣམ་པར་བསྡམས་པ་ལས་གྱུར་པའོ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། ཡི་གེའི་ཚོགས་སྟོན་པའི་ལྷ་མོ་སྟེ་ལེའུ་ཉི་ཤུ་གཅིག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང། ། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། རྟགས་མེད་པར་བསྣམས་པའི་ལྷ་མོའི་གསང་སྔགས་འདི་བྱིན་གྱིས་བརླབས་སོ།། ན་མོ་བུདྡྷ་དྷ་རྨཱ་སང་གྷ་བྱ།། བཛྲ་ཨ་བ་ལོ་ཀ་ཛྙཱ་ན། ། ཨ་ག་ནེ་པྲ་བེ་ཤ་སྭཱ་ཧཱ།། དེ་ནས་རྡོ་རྗེ་མར་མེ་ཐོགས་པའི་ལྷ་མི་གཡོ་བའི་འཕྲུལ་པ་འདིར་སྣང་བ།། རྡོ་རྗེ་མར་ལུས་ཅན་རྣམས་ལ་རྣམ་པར་གསལ།། གནས་དང་ཞིང་ཁམས་རྟགས་སུ་སྟོན། ། པདྨ་ཉི་མ་ཟླ་བ་ལ།། གཅིག་པུ་དགོན་པའི་ས་ཕྱོགས་སུའོ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། རྡོ་རྗེ་མར་མེ་རྟགས་བསྟན་པ་སྟེ་ལེའུ་ཉི་ཤུ་གཉིས་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། འཚོ་བའི་ཕྱིར་རྣམ་པར་སྨྲ་པའི་གསང་སྔགས་འདི་གསུངས་སོ།། ན་མོ་བུདྡྷ་དྷ་རྨཱ་སང་གྷ་བྷྱ།། ཛི་པ་པྲ་པེ་ཤ་པ་ར་མི་ཤ། ། ཁ་ཁ་ཁཱ་ཧི་པྲ་བེ་ཤ་ཛཱ་ཛཱ། གསང་སྔགས་ཉི་ཤུ་རྩ་དགུ་པ།། ཙན་དན་ལ་སོགས་བྲིས་པ་བར།། རྣམ་པར་འདྲེས་པའི་ཁ་ཟས་ནི།། མི་ཁྱི་ཚིག་དང་རྟགས་སུ་བསྟན།། ཁ་ཟས་སྟོབས་པའི་ངང་ཚུལ་ཅན། ། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། ཁ་ཟས་སྟོབས་པའི་ལྷ་མོའི་གསང་སྔགས་ཏེ་ལེའུ་ཉི་ཤུ་རྩ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང། ། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། དམིགས་པ་བསྒྲུབ་བྱ་དབང་དུ་གྱུར་པའི་ཁྱད་པར་དྲག་པོ་རྟེན་འབྲེལ་པའི་ལིང་ག་ཐམས་ཅད་སྔགས་ཀྱིས་བྱིན་གྱིས་བརླབ་པའི་འཁོར་ལོ་འདི་གསུངས་སོ། ། རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ།། སྣང་བ་མཐའ་ཡས་ལ་ཡང་ཡང་དག་གནས།། རྡོ་རྗེ་སེམས་དཔའི་བརྡ་ཕྱག་འཚལ།། བདུན་པའི་གསུམ་པ་དེ་འདོད་པ།། ལྔ་པའི་གསུམ་པ་དྲུག་གསུམ་ཅན།། འདི་ལྟར་བདུན་དང་པོ་ཅན། ། བཞི་པའི་དང་པོ་དྲུག་གསུམ་སྒྲ།། དབྱངས་ཡིག་ལྔ་པ་ད་ཡི་རྐྱེན།། དང་པོའི་ལྔ་པའི་སྒྲ་ཡང་ཡོད།། དབྱངས་ཡིག་དང་པོས་ས་བོན་ཏེ།། ལྔ་པའི་ལྔ་པ་དབྱངས་ཡིག་ལྔ།། གཅིག་པའི་དང་པོ་ལྔ་པའི་ལྔ། དྲུག་པའི་གསུམ་པ་དབྱངས་ཡིག་ལྔ།། ལྔ་པའི་དང་པོ་དེ་ཡི་གེ་སྒྲ།། དབྱངས་ཡིག་དང་པོ་དེ་དང་ལྡན།། ལྔ་པའི་གསུམ་པ་དེ་ལྟར་རོ།། དེ་ལྟར་བདུན་པའི་གསུམ་པ་ཡི།། བཞི་པའི་ལྔ་པ་དབྱངས་ཡིག་གསུམ། ། གཉིས་པའི་གསུམ་པ་གཉིས་དང་ལྡན།། ཡི་གེ་བཅཝ་བརྒྱད་ནུས་པ་ནི།། སངས་རྒྱས་རྣམས་ཀྱི་སྙིང་ལ་སྟེ།། རྟེན་འབྲེལ་འཁོར་ལོ་སྟོན་པར་ནུས།། ལུས་ཅན་ངག་གི་གཟུགས་ཅན་ལ།། འདི་ཡིས་རྣམ་པར་བརླན་པར་བྱ། ། བཟླས་ན་རྟེན་དང་རྟེན་ཅན་བྱ།། བྲིས་པ་ལུང་དང་ཡན་ལག་སྟེ།། འདི་ཡིས་ངེས་པར་སྦྱར་པ་ལ།། སངས་རྒྱས་རྣམས་ཀྱིས་སྐྱོབ་མི་ནུས།། སྦྱོར་བ་བརྟེན་དང་ངེས་འདོད་པས།། འདི་དག་རྣམ་པར་ཡང་དག་གོ། གདུག་པ་སྟོབས་ཆེན་མཆེ་བས་དྲུག་པའི་ས།། དུག་འཕེལ་ཐུར་དུ་རྐོས་པའི་རྐང་པ་ཅན།། དུས་སུ་དུས་གཅིག་ཐམས་ཅད་ཤི་བའི།། དམར་གནག་རོ་བཅས་པའི་ས་བླངས་ཏེ།། དེ་ནི་བཀྲ་ཤིས་མེད་པའི་ཡན་ལག་བཅུ། ། གདུག་པའི་ཁྱིམ་དུ་གྲོག་མོའི་ཡུལ་ན་ཡོད།། དེ་ལ་དེ་དག་གི་ནི་གཟུགས་དེ་བྱ།། དེ་ནི་ཡུལ་མཚོན་པའི་ཉེ་བར་འབྲེལ།། ངག་ཅན་རྣམ་པར་གནས་དང་གསང་བ་ནི།། རྐྱེན་ལས་སྐྱེས་ནས་རྐྱེན་གྱི་འགྱུར་བའི་མདོག། རང་རྐྱེན་ཟད་ནས་ལས་རླུང་རྐྱེན་གྱིས་འདས།། རང་རྐྱེན་རྟེན་འབྲེལ་སྟོབས་ཀྱིས་བཟུང་བ་ནི།། འཕེན་པའི་བར་ཆོད་ཞེ་སྡང་སྟོབས་ཀྱིས་གཏུབས།། འཛིན་པའི་རྐྱེན་ལ་མ་བྱུང་མཁའ་ལ་ཟིན། ། མཁའ་ཉིད་རང་བཞིན་མེད་པས་རང་བཞིན་ཅན།། གཞིག་པར་ནུས་པའི་རྟེན་འབྲེལ་དཔའ་པོས་བསྟན།། རྐྱེན་གྱིས་དྲག་པོར་བསྒྲུབས་ན་ཡང་དག་འགྲུབ།། རྐྱེན་གྱིས་བསྒྲུབས་ན་ངག་ཅན་ཉེས་པ་ཡི། ། རྣམ་པར་གནས་པ་དག་ལ་སྡང་པའི་རྒྱུ།། གནོད་པར་འབྲེལ་བའི་ཤིང་ལོ་རླུང་ཁྱེར་ཉིད།། གང་དག་མིང་ཅན་ཡང་དག་སྦྱོར་བ་ནི།། གསལ་བར་གཅོད་པའི་དབང་པོ་རྣམ་དང་བྲལ།། སྡུག་བསྔལ་སྐྱེས་པའི་ཚོར་བ་རྣམས་དང་བྲལ། ། གཤིན་རྗེའི་ཁྱིམ་དུ་འགྲོ་བའི་རྣམ་པ་ཅན།། མི་ཡུལ་བསོད་ནམས་ལྟ་བའི་ཐ་མ་དེ། བསོད་བྱེད་རྗེ་བོ་གཤིན་རྗེ་རྣམས་ཀྱི་བསྐོར།། མཐུ་དང་ལྡན་པ་གཞན་ཡང་རུང་ན་རྔམ།། བློ་བུར་དུས་འདིར་དེ་ལ་བར་ཆེད་སྣང། རིགས་མཐུན་ལས་ཀྱི་འབྲེལ་བ་རྣམས། ཀྱང་རྔམ།། ཤེས་ལྡན་སེམས་ཅན་ཕྲ་མོ་འགའ་ཡང་འཇིགས།། འཆི་བར་ངེས་པས་གསོད་པར་མི་ངེས་ཏེ།། སྐད་ཅིག་དེ་ལ་དྲོ་བའི་ཁྲག་དེ་ནི། ། གཤིན་རྗེ་རྣམས་ལ་བེ་ཅོན་ཕྱག་རྒྱ་བླང།། ཕྱག་རྒྱ་ཉིད་དང་ཡན་ལག་བཅུ་གསུམ་ནི།། དྲག་པོའི་རྟེན་འབྲེལ་དེ་ཡིས་དེ་ཕྱིར་ཡིན།། ཡུལ་ན་གྲོག་ཚང་འདྲ་སྟེ་ངག་ནི་རླུང།། གང་གི་མིང་ནི་དེ་ཡི་ཁྲག་ལས་བྱས། ། དེ་ཡི་ཆུ་ཡིས་ཐམས་ཅད་བསྡུས་པ་ཡིན།། གཟུགས་སུ་གྱུར་པ་དེ་ལ་མིང་དུ་བཏགས།། ནམ་མཁའ་གཟུགས་མེད་མིང་དུ་བཏགས་པ་ཡང།། དེ་ཡི་ཐ་སྙད་སྡུད་པར་བྱེད་པའི་ཆུ།། དེ་བས་འཆི་ཀའི་ཁྲག་སྐྱུགས་དམར་ལ་དྲོངས། ། ལུས་ཅན་གང་དག་འདི་ལྟར་གསད་པར་བྱས།། གང་དག་སྡང་བ་བྱམས་པ་རྣམས་དང་བྲལ།། གླང་པོ་ལས་ལས་གྲུབ་པའི་མཚན་མ་ཅན།། རང་གི་མ་ཡིས་བསད་པའི་སྨིན་པའི་གཟུགས། ། མིང་དང་སྐད་དང་མེད་པ་བླུན་པོའི་གཟུགས།། མ་མོ་རྣམས་ཀྱིས་ཡང་དག་བཟུང་བའུ+ི་རྫས།། རང་རྒྱུད་སྟོང་པ་སྲིད་ལ་གས་པའི་དབྱིབས།། མཚན་མ་བཅུ་གཅིག་དྲག་པོའི་ལས་ཅན།། ལུས་ཅན་གང་དག་གསད་ཕྱིར་ལུས་འདི་བྱས། ། དངོས་པོ་ཐམས་ཅད་རྟེན་འབྲེལ་ཉིད་ཀྱིས་འགྲུབ།། དེ་བས་ལུས་ཅན་དང་ཅན་མིང་ཅན་དང།། འདི་ནི་ཡུལ་ཅན་རྣམས་ལ་རྣམ་པར་གསུངས།། སེམས་དང་ལྡན་པ་བསད་པའི་ཕ་རོལ་ན། ། སེམས་ནི་གསད་བྱ་རྒྱལ་བས་མ་གསུངས་སོ།། ཅིའི་ཕྱིར་དེ་ཉིད་གསད་བར་གྱུར་པ་ནི།། མུ་སྟེགས་ཁྱེད་ཀྱི་ཚུལ་ལ་བདག་མི་འཛུག། འོ་ན་ལུས་ཅན་ངག་ཅན་མིང་ཅན་དང།། ཡུལ་ཅན་གསོད་པར་བྱེད་པའི་གཙོ་བོ་ནི། ། དགེ་བ་གཞན་གྱིས་འདི་ལ་ཉེ་བར་བསྐྲུན་པ་མེན།། ལུས་ངག་འཁྲུས་པས་བརྟགས་པའི་དངོས་པོ་གཞན།། གང་དག་སྦྱོར་བ་ཡང་དག་གྲོལ་མི་འགྱུར།། དངོས་པོ་འདི་དག་ཤེས་པ་ནམ་མཁའི་དཀྱིལ། ། སྔོན་ནས་དག་པ་སེམས་ཉིད་རྣམ་པར་དག། གདོད་ནས་མ་བྱུང་སེམས་ཉིད་ཤི་བ་མེད།། རྣམ་དག་སེམས་ལ་སྒྲིབ་པ་ལུས་ངག་ཡིད།། ཡུལ་ལ་འཁྲུལ་པས་དགེ་བ་འདི་ལ་བསྐྲུན།། རྟོག་པ་འདི་ཞི་བསལ་ཕྱིར་རྟེན་འབྲེལ་བརྟགས། ། ཡུལ་ནི་འཁྲུལ་པས་བག་ཆགས་བརྟག་པ་སྟེ།། མིང་ནི་ཁྲག་གིས་སྡུད་པ་ཁྲག་གི་རྐྱེན།། ཁྲག་ནི་བདག་མེད་སྔོན་ནས་འདི་བཞིས་བསླུས།། འདི་བཞི་བསད་ན་སེམས་ནི་རྣམ་པར་གྲོལ། ། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། བསྒྲུབ་བྱ་རྟེན་འབྲེལ་གྱི་ནུས་པའི་ཆོས་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱིས་སྐུ་དང། ། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། དཔལ་མཁའ་འགྲོ་མའི་ཕྱག་རྒྱ་རྣམ་པར་སྦྱོར་བ་འདི་གསུངས་སོ།། རླུང་གི་མེ་སྦར་བོང་ཞོན་དབང་ཕྱུག་མ།། ལྕགས་ཀྱུས་བོས་ནས་ཐོད་པས་དབང་བསྐྲུར་ཏེ། ། ཐོད་རློན་དམ་ཚིག་བསྟན་ཅིང་གཉིས་མེད་བསམ།། ཡན་ལག་ཕྱག་རྒྱས་བསྐུལ་ན་ལས་རྣམས་བྱེད།། ཡཾ་ཡཾ་ཡཾ།། མ་ཧཱ་ཀ་ལི།། བ་ཡ་བེ།། མ་ཏྲ་སྤ་ར་ན།། བ་ཡ་བྷེ།། ཡ་མ།། ཡཾ་ཡཾ་ཡཾ།། ཨོཾ་མཧཱ་ཀ་ལི། ། ཨ་ག་ནེ་ཛྭ་ལི།། མ་ཧཱ་ཀ་ལི།། རཾ་རཾ།། ཛྭ་ལ་ཛྭ་ལ།། པྲ་བ།། མུ་ཏྲ་མ་ཧཱ་མུ་ཏྲ་ཛྭ་ལ་རཾ།། ཨོཾ་མ་ཧཱ་ཀ་ལི་ཡེ།། མཎྡྲལ་མ་དེ།། ཡ་ཏ་ཡ་ཀ་ཏ་ཡ། ཨ་ཀ་ཡ།། ཨ་ཀ་ཏ་ཡ།། པྲ་བེ་ཤ་ཡེ།། པྲ་བེ་ཤ་ཡ།། ཏི་སྟ་ཏི་སྟ། ། ཨ་བ་ལོ་ཀ་ཡ་ཨབ་ལོ་ཀ་ཡ་ཧཱུ~ཾ།། ཨོཾ་མ་ཧཱ་ཀ་ལི་ཡེ། མ་མ་ས་མ་ཡཱ། ཏི་ཏི་ཏི་ཤྟ་སྟྭཾ། མུ་ཏྲ་ཏྲི་ཏྲི་མ་མ་ས་མ་ཡ་སྟྭཾ།། ཨོཾ་མ་ཧཱ་ཀ་ལི་ཡེ་ཧཱུ~ཾ་ཕཊ།། ཨོཾ་རུ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུ~ཾ།། ཨོཾ་ཏྲག་རག་ཤ་ས་མ་ཡ་ཧཱུ~ཾ།། མ་མ་ཙ་པ་ལ་ས་མ་ཡཱ་ཧཱུ~ཾ། ། ཨ་ཤུག་མེ་ཨ་ཤུག་མེ་ཧཱུ~ཾ།། རུ་རུ་ཙ་པ་ལ་ཧཱུ~ཾ་ཨོཾ་ཙ་ཏི་ཀུ་མ་ར་ཨ་བྷི་ཥིཉྩ།། ཀ་པ་ལ་ཏྲི་ནི།། མ་ཧཱ་ཛྙཱ་ན་ཀཱ་ཡ་ཝཀྐ་ཙིཏྟ་ཧཱུ~ཾ།། མ་མ་ས་མ་ཡཱ།། མ་ཧཱ་ཀ་པ་ལ།། ས་མ་ཡ།། མ་ཧཱ་ཀ་ལི་ཀཱ་ཡ་ས་མ་ཡ། ། མ་ཧཱ་ཀ་ལི་བཱ་གྒ་ས་མ་ཡ།། མ་ཧཱ་ཀ་ལི་ཙཏྟི་ས་མ་ཡ།། མ་ཧཱ་མུད་ཏྲ་ཀ་པ་ལ་ཧཱུ~ཾ།། ཨོཾ་མཧཱ་ཤྲི་ཧེ་རུ་ཀ། ཀྲོ་ཏི་ཤྭ་རི་སྟྭཾ།། ཨོཾ་མཧཱ་ཀ་ལི་ཡེ་ཧཱུ~ཾ།། ཨ་བྷི་ཥིཉྩ།། བཛྲ་ཀེའུ་ཧཱུ~ཾ་ཨ་བྷི་ཥིཉྩ།། ཙེའུ་རི།། པྲ་མོ་ཧ།། པེ་ཏ་ལི། ། པུ་ཀ་སི།། ཀས་མ་རི།། སྨ་ཤ་ནི།། ཙཎྜ་ལི། སིང་ང་མུ་ཀ། བྱ་ཏྲི་མུ་ཀ། པྲི་ལ་མུ་ཀ། ཤོ་ན་མུ་ཀ།། ཀྲི་ཏ་མུ་ཀ། ཀང་ཀང་མུ་ཀ། ཁ་ཁ་མུ་ཀ། ཧུ་ལུ་མུ་ཀ།། མཧཱ་ཀ་ལི་ཡེ་ཧཱུ~ཾ།། ཨོཾ་མཧཱ་ཀ་ལི་ཡེ།། ཡཀྵ་རནྡ་མུ་ཏྲ། ། ཨོཾ་མ་ཧཱ་ཀ་ལི།། བཛྲ་ཤག་ཏི། ཨོཾ་མཧཱ་ཀ་ལི་མ་མ་སརྦ་མུ་ཏྲ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ།། འཇིག་རྟེན་འདི་ན་དངོས་གྲུབ་ཀྱང།། ཕྱག་རྒྱས་མཚོན་ན་འགྲུབ་པར་འགྱུར།། དཔལ་ལྡན་བྱང་ཆུབ་སེམས་དཔའ་ཡི། ། དམ་ཚིག་འཛིན་པར་ནུས་པ་རྣམས།། འདི་དག་ཡང་དག་འགྲུབ་པའོ།། ཡན་ལག་ཕྱག་རྒྱ་བསམ་མི་ཁྱབ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། མཁའ་འགྲོ་མའི་ཕྱག་རྒྱ་རྣམ་པར་སྦྱོར་བ་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་ལྔ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། དཀྱིལ་འཁོར་ཐམས་ཅད་ཡོངས་སུ་བསྒྲུབ་པར་སྦྱོར་པའི་ས་བོན་འདི་གསུངས་སོ། ། ཨེ་ཡི་ཡེ་ཤེས་ལས་བྱུང་བ།། ཐམས་ཅད་གནས་ཡུལ་ནམ་མཁའ་ཆེ།། ཡཾ་གྱི་ཡེ་ཤེས་ལས་བྱུང་བས།། ཡང་དག་འདེགས་པ་ནམ་མཁའི་སྣོད།། རཾ་གྱི་ཡེ་ཤེས་ལས་བྱུང་བས། ། དཀྱིལ་འཁོར་སྨིན་པའི་ལས་རྣམས་བྱེད།། བཾ་གྱི་ཡེ་ཤེས་ལས་བྱུང་བས།། ཡོན་ཏན་སྡུད་བྱེད་ཏིང་ངེ་འཛིན་བརླབས།། ལས་ཀྱི་ཡོན་ཏན་སྣ་ཚོགས་བདག། ལཾ་གྱི་ཡེ་ཤེས་ལས་བྱུང་བས།། ཐམས་ཅད་རིན་ཆེན་གསེར་གྱི་གཞི། བྷྲུཾ་གྱི་ཡེ་ཤེས་ལས་བྱུང་བས།། གཙོ་བ་དག་ནི་སྤྲུལ་པའི་གནས།། ཡེ་ཤེས་འདུས་པའི་ཆོ་འཕྲུལ་ཅན།། སངས་རྒྱས་རྣམས་ཀྱིས་བསྟན་པ་ཡིན།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ། འབྱུང་པའི་དཀྱིལ་འཁོར་ཐམས་ཅད་རྣམ་པར་སྦྱོར་བ་སྟེ་ལེའུ་ཉི་ཤུ་རྩ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས། ། ཡེ་ཤེས་སྒྱུ་མའི་རྟགས་འདི་གསུངས་སོ།། བདེ་གཤེགས་གསང་བ་འདི་ལྔ་རྣམས།། ཞིང་ཁམས་འདི་ན་རྟག་ཏུ་སྣང།། ཟླ་བ་མེ་ལོང་ཡེ་ཤེས་རྣམས།། མཉམ་ཉིད་རྟག་ནི་ཉི་མ་ཆེ།། ཕྱག་མཚན་ས་བོན་སོ་སོར་རྟོགས། ། མཚན་ཉིད་གཅིག་པ་ནན་ཏན་ཆེ།། ཆོས་ཀྱི་དབྱིངས་སུ་གཟུགས་བརྙན་རྫོགས།། འདི་དག་མངོན་སུམ་པ་ཡིན་ཏེ།། མེ་ལོང་གཟུགས་བརྙན་ཉིད་དང་འདྲ།། རང་བཞིན་རྣམ་པར་དག་པ་ཡིས། ། ཅིར་ཡང་བརྟགས་པའི་དངོས་པོ་འགྲུབ།། ཐ་དད་མཚན་ཉིད་བསྟན་པ་ཡིས།། བསམ་གྱིས་མི་ཁྱབ་ས་ལ་སྦྱོར།། འདི་དག་ཡོད་པ་མ་ཡིན་ཏེ།། དངོས་པོ་རྣམས་ལ་བསྟན་པའོ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ། མི་གཡོ་བའི་ཏིང་ངེ་འཛིན་གྱིས།། དཀྱིལ་འཁོར་ཐམས་ཅད་རྣམ་པར་སྦྱོང་བས་གསུངས་པ་སྟེ་ལེའུ་རྩ་བདུན་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང། ། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། དཔལ་མཁའ་འགྲོ་མའི་དམ་རྫས་མི་དབང་འབྲས་བུ་སྨིན་པའི་སྦྱོར་བ་ཞེས་བྱ་བའི་གསང་སྔགས་འདི་གསུངས་སོ།། ཨོཾ་མ་ཧཱ་ཀ་ལ་སརྦ་ཤ་ཏྲུཾ་ཨ་མུ་ཁཾ། ། རུ་པ་མ་ཧཱ་རུ་པ་པུ་ཙ་ཧཱུ~ཾ།། དུར་ཁྲོད་རས་ཀྱིས་དཀྲིས་པ་དང།། ཡང་ན་དེ་ཉིད་སྣུམ་གྱིས་བྱུགས།། མི་སྦར་དཀྱིལ་འཁོར་དབུས་སུ་བསྲེག། སྔགས་རྣམས་ཀྱང་ནི་ལུས་ལ་བྲི།། དེ་ཉིད་སྙིང་ལ་སྔགས་མའི་སྔགས། ། རྣམ་པར་བཀོད་པ་ཡང་དག་སྒྲུབ།། མགོ་ལ་ཉི་ཟླའི་སྔགས་བྲིས་སྒྲུབ།། མི་དབང་སར་པའི་གཟུགས་ལ་ནི།། གསང་སྔགས་འདི་དག་ཁྱབ་པར་བྲི།། དཀྱིལ་འཁོར་གྲུ་གསུམ་ལྔ་བརྩེགས་སུ། ། དང་པོར་བརྐོས་པའི་ནང་དུ་དེ།། མགོ་བོ་མངོན་དུ་བསྲེགས་པས་རྩིག། རྣམ་པར་བསྲེགས་དང་བཟླས་པའོ།། མེ་ལ་པྲ་དེ་རྣམས་ཀྱིས་བསྟན།། དཀར་པོ་སེར་དང་དམར་ལ་གནག། ཁ་ཊྭཱཾ་བཞིན་དུ་ལས་རྣམས་འགྲུབ། ། རྩེ་མོར་འཁྱིལ་ནས་ཐུར་དུ་འཁྱིལ།། བགེགས་ཀྱིས་དངོས་གྲུབ་རྣམས་ལ་གནོད།། རྣམ་པར་འཕྲོས་དང་མེ་སྟག་ཅན།། སྦྱིན་པ་བསྲེགས་པ་རྣམས་ལ་སྡང།། ཁ་དོག་མི་གསལ་དུད་པ་ཅན།། རབ་དགའ་བཀྲ་ཤིས་སྣང་བ་མེད། ། གང་ཞིག་ཁ་ཊྭཱཾ་མ་ནོར་ཞིང།། རྩེ་མོར་ཕྱིན་པ་འཕྲ་ལ་མཐོ།། ཐམས་ཅད་དེ་ལས་མྱུར་དུ་འགྲུབ།། བཀྲ་ཤིས་མཆོད་པ་སོ་སོ་ཡི།། རྫས་དང་ཁ་དོག་རྣམ་པར་བཏབ།། མེ་སྟག་བྱུང་ནས་བུད་ཤིང་ཡང། ། སོ་སོའི་ཁ་དོག་རིགས་ཀྱི་བུད།། དང་པོ་ཡང་ན་བཞི་པའི་ཤིང།། ཕྱོགས་གཅིག་པ་ལ་ཡང་དག་བྱ།། དེ་ལྟར་བསྲེགས་ཤིང་སྔགས་པ་ཡིས།། སྟོང་དུ་བཀྲོལ་ཞིང་ཕྱག་རྒྱ་བཀྲོལ།། རྣམ་པར་དཔའ་ཞིང་ལས་ལ་བརྩོན། ། མཆོད་པར་དབུལ་པའི་སྦྱིན་སྲེག་གིས།། ཐམས་ཅད་ལས་རྣམས་ཀུན་ཏུ་སྦྱོར།། དེ་བས་ཐལ་བ་དེ་ཉིད་དང།། དགྲ་བོའི་གཟུགས་ཀྱི་ཐལ་བ་ལ།། སྔགས་བཏབ་བཏག་སྙོམས་ཁང་པར་གཞུག། མཚན་མོ་ལྟ་བུའི་དྲུང་དུ་ནི།། དེ་ཡི་ཐོད་པ་གཟུགས་བརྙན་གཟུགས།། ཡང་ན་གསང་སྔགས་མཐུ་ཡི་སྟོབས།། རྟེན་འབྲེལ་རྫས་པ་འདི་ལྟར།། མཚན་མོ་རྣམ་པར་མཁོན་པ་ཡི།། ཉལ་བའི་ས་གཉིས་མ་འདྲེས་བར། ། ཆུ་ཡི་བཅད་པའི་ས་ཡང་དགོས།། ཁོ་མོ་མ་ནོར་གཟུགས་བྱས་པ།། མི་དབང་དེ་ཡི་ཐལ་བས་བཏབ། རྣམས་པར་བར་ཆད་བར་དུ་ནི།། བདག་ཉིད་ཡང་དག་འདུག་སྟེ་བཟླས།། སྤ་སྨན་ཐམས་ཅད་འཁོན་པར་འགྱུར། ། མདོག་ལྡན་མུ་སྟེགས་གནོད་ལ་བྱེད།། གཞན་ཡང་མི་དབང་དེ་གཟུགས་བྲི།། རྩ་བརྒྱད་བརྒྱ་ཡིས་མར་མེ་དབུས། སྔགས་དང་ལྡན་པར་སྣང་བ་དབུལ།། དཀྱིལ་འཁོར་གང་གི་སྟེང་ན་འབར། ། འདི་ཡིས་ཡང་དག་མཆོད་པ་ཡིས།། མཁའ་འགྲོ་དཔོན་གཡོག་ཐམས་ཅད་དགའ།། དེ་དུས་གཅིག་ཏུ་དངོས་སུ་གྲུབ།། ཡང་ན་མཁས་པས་མི་དབང་ལ།། དགྲ་བོ་གང་དག་སྡང་བ་ཡི།། མིང་བྱང་རྣམ་པར་བྲིས་པ་ལ། ། མེ་བཏང་བསྲེགས་པའི་ཤིང་ལ་བདུག། བཟླས་པ་བརྩོན་ན་དགྲ་བོ་འཚིག། ཡང་ན་སྔགས་པ་ཁྲོས་པ་ཡིས།། མི་དབང་ལུས་ནི་མར་ཡང་གདགས།། དབང་གི་ཁང་པར་ཡང་ཡང་བསྲེག། ཤིང་ནི་དམར་ལ་གནག་པ་ཡིས། ། མཚན་མ་ཚངས་པའི་བུད་ཤིང་བྱ།། བྱ་རོག་དང་ནི་འུག་པ་ཡི།། ཤ་ཁྲག་སྤུ་དང་བཅས་པ་དང།། དགྲ་བོའི་མིང་དང་རྟགས་སུ་ལྡན།། དོར་ཞིང་ཡང་དག་བསྐུལ་ཚིག་སྦྱར།། རྣམ་པར་ཚིག་པའི་ཐལ་བ་ཡང། ། གང་དག་སྡང་པའི་གཟུགས་བྱས་ཏེ།། བོང་བུའི་ཁ་ལ་ཡང་དག་གཞག། ཀ་ར་བཱི་རའི་ལྕག་གིས་བྲབ།། རྣམ་པར་དབབ་པའི་གདོན་མི་ཟ།། ཞི་བར་འདོད་པས་འོ་མས་བཀྲུ།། ཆུ་ཡང་རྒྱ་མཚོའི་ཕྱོགས་སུ་དོར། ། ཡང་ན་སྒྲུབ་པར་བྱེད་པ་ཡི།། བོང་བུའི་མགོ་བོ་སྐམ་པོ་ཡི།། གླད་པའི་ནང་དུ་མི་དབང་སྙིང།། མ་ཞེས་བྱ་བ་བྲིས་པ་ལ།། དེ་ཡི་རྒྱུས་པ་བཏགས་པས་བཟུང།། བཟླས་པས་ཏིང་ངེ་འཛིན་བོང་ཞོན་མ། ། ཁ་ཊྭཱཾ་ཐོགས་པའི་སྔོན་མོ་སྒོམ།། རྟག་ཏུ་གུས་པའི་ཡུལ་ན་འདུག། གལ་ཏེ་སྔགས་པས་པགས་པ་ཡང།། རྣམ་པར་དུལ་བ་སྔགས་དང་མིང།། དགོས་པ་བསྐུལ་ཚིག་ཞབས་སུ་ལྡན།། ཟླ་བ་ནུབ་པའི་དུས་སུ་ནི། ། བསྐོར་ཞིང་ས་ལ་ཡང་དག་བརྡ།། དེ་དག་དུས་རྟག་ཕུང་བར་འགྱུར།། འདི་དང་འདྲ་བར་དེ་ལ་ནི།། མ་མོ་ཉིད་ཀྱི་གཟུགས་བྲིས་ཏེ།། རྒྱལ་མཚན་ཕྱར་ནས་དུར་ཁྲོད་འགྲོ།། ཧ་ཧས་འདེབས་ཤིང་མཆོངས་པ་དང། ། སྤྱོད་པ་དཔའ་ན་གཟུགས་ཀྱང་སྟོན།། མཐོང་ན་དངོས་གྲུབ་ཅིང་འདོད་ཟེར།། དངོས་གྲུབ་ཐོབ་པས་གང་འདོད་སྤྱོད།། ཡང་ན་མི་དབང་ཤ་དང་ནི།། དགྲ་བོའི་གཟུགས་ཀྱང་རྣམ་པར་བཙོ། ། རླངས་པ་དང་ཡང་མ་བྲལ་བར།། མཁའ་འགྲོ་བོས་ཏེ་ཆུ་ལ་སྐྱུར།། འདི་ཡིས་དྲག་པོ་རྣམ་པར་གྲུབ།། ཡང་ན་གཞན་ནི་སྦྱོར་བ་ཡོད།། རྣམ་པར་སྐམས་པའི་མི་དབང་ཤ།། རྡོ་རྗེ་ཐོ་བས་རྣམ་པར་བཏགས། ། དགྲ་བོའི་གཟུགས་ཀྱང་དེ་བཞིན་ཏེ།། ཐ་དད་ཕྱེ་མར་སྣང་གྱུར་ཡང།། བཟླས་དང་རླུང་ལྷ་བོས་ནས་ཀྱང།། རླུང་རྒྱུད་ལོག་པའི་དུས་སུ་ནི།། མཁའ་ལ་ཕྱར་ན་ཟད་པ་དང།། འཐབ་ཅིང་རྣམ་པར་འབུམ་དང་དབུལ། ། མི་དབང་སར་པའི་ཁོག་པ་རུ།། གནོད་པར་བྱེད་པའི་མིང་དང་ཚིག། བཅུ་གནས་བུ་ག་དགུགས་བཙེམས།། སྔགས་རྣམས་ལུས་ལ་དེ་བཞིན་ཏེ།། འོག་ཏུ་གཏོར་མ་བླུག་ནས་ནི།། སྟེང་དུ་ས་དང་རི་རབ་བྲི། ། གཟུགས་དང་དྲང་དུ་པྲ་ཉེ་ལའོ།། ཐབས་དང་གནད་མཐུན་པ་སྤངས།། བསོད་ནམས་དམ་པའི་མཐུ་ཉིད་སྟོན།། གཞན་ལ་བསྟན་དུ་མི་དབང་གིས།། ཡུས་ལ་སྔགས་རྣམས་གཞན་ཡང་བྲི།། ལག་པ་བརྐྱང་བའི་ཁུ་ཚུར་གྱིས། ། ལྕགས་ཀྱི་རལ་པ་ཁ་ཊྭཱཾ་དཀྲོལ།། རྐུབ་ཏུ་གསལ་ཤིང་བཙུགས་པ་སྟེ།། དཀྱིལ་འཁོར་གསང་བའི་དབུས་སུ་བཞག། མཁའ་འགྲོ་རྣམས་ཀྱི་རྟེན་དུ་འགྱུར།། གཞན་ཡང་སྔགས་པ་དཔའ་བ་ནི།། མི་དབང་པགས་པ་དུལ་བ་ལ། ། གོས་བྱས་རྒྱབ་ཏུ་བསྣམས་ནས་ཀྱང།། ཕྱིར་བལྟོས་བོང་བུ་ཉིད་ལ་ཞོན།། དུར་ཁྲོད་རྒྱུ་ཞིང་མི་ཤ་བཟའ།། ཟོར་དང་ཐུན་ཡང་རྣམ་པར་འཕེན།། རྣམ་པ་ཐམས་ཅད་འདི་ལས་འགྲུབ། ། མི་དབང་སྤངས་པའི་ཕ་རོལ་ན།། མཁའ་འགྲོ་མཐུ་ཡི་དངོས་གྲུབ་མེད།། ཡང་ན་ཤིང་སྲིན་བུས་བྲུས་པའི་ཕྱེས།། མི་དབང་ཤ་དང་འདྲེས་པའི་ཕྱེས་གཟུགས།། ཤིང་བུ་གཅོད་པའི་བྱ་རྐང་ལ། ། ལྕགས་ཀྱི་མདེའུ་བཙུགས་བཟླས་དང་སྦྱར།། རྟག་ཏུ་འཁྱམ་ཞིང་ངེས་པར་འཆི།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། མི་དབང་འབྲས་བུའི་ནུས་པ་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་བརྒྱད་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་སྐུ་དང།། གསུང་དང། ཐུགས་རྡོ་རྗེ་རྣམས་ལས།། སྦྱིན་སྲེག་གསུམ།། བྱིན་གྱིས་བརླབས་པ་དང།། སློབ་པར་འགྱུར་བའི་སྔགས་འདི་དག་དང་ལྡན་པར་གསུངས་སོ། ། གཟུགས་ཅན་རྣམས་ལ་བསྟན་པ་ནི།། ཁ་ཟས་འདོད་པས་ཆོས་འདི་ནི།། རྟག་ཏུ་ཟོས་པ་མཁས་པ་ཡིན།། ཨ་ཡི་ཡེ་ཤེས་ལས་བྱུང་བས།། སྐྱེ་བ་མེད་པའི་ཟླ་བ་ལ།། མ་བསྐྱེད་རྫོགས་པར་ཡེ་ཤེས་ཆེ། ། མཁས་པའི་ཡེ་ཤེས་ཀུན་ལ་གནས།། རྒྱུ་མེད་འདས་པའི་རྒྱལ་པོ་ནི།། ལུས་ཅན་ཀུན་གྱི་སྙིང་ལ་གནས།། དྲན་པར་འདོད་པའི་ལུས་ཅན་གྱིས།། རང་གི་འདོད་ལྷ་གང་ཡིན་པ།། འདི་དང་མཚུངས་པར་རྟགས་པར་བསམ། ། ཧཱུ~ཾ་གི་ཡེ་ཤེས་དང་ལྡན་པ།། ལྟེ་བར་རྡོ་རྗེ་དཀར་པོ་གནས།། དབུ་རྒྱན་ལ་ནི་འདོད་ལྷའི་གཙོ།། རྐྱེན་གྱིས་བསྒྲུབས་པའི་ཁ་ཟས་ཀྱང།། ཡེ་ཤེས་ས་ལས་བྱུང་བ་ནི།། ཨོཾ་གྱི་ཡེ་ཤེས་ལས་བྱུང་བས། ། རྣམ་པར་སྣང་མཛད་བདུད་རྩིར་འགྱུར།། ཨ་ཡི་ཡེ་ཤེས་ལས་བྱུང་བས།། སྣང་བ་མཐའ་ཡས་བདུད་རྩིའི་ངང།། ཧཱུ~ཾ་གི་ཡེ་ཤེས་ལས་བྱུང་བས།། མི་བསྐྱོད་བདུད་རྩི་ཡང་དག་ཡིན།། སྭ་ཡི་ཡེ་ཤེས་ལས་བྱུང་བས། ། རིན་ཆེན་འབྱུང་ལྡན་བདུད་རྩིའི་རྐྱེན།། ཧ་ཡི་ཡེ་ཤེས་ལས་བྱུང་བས།། དོན་ཡོད་གྲུབ་པ་བདུད་རྩིའི་མཆོག། ལག་པ་གཡས་པ་སྟོབས་པའི་གཟར།། ཁ་ནི་ཞི་རྒྱས་དབང་དྲག་སྟེ།། ཁུང་བུར་གྱུར་པའི་སྒོ་ཡང་ཡིན། ། ཁ་ཟས་བདུད་རྩིར་གྱུར་བྱས་པ།། རང་གི་ལྷ་ལ་ཕུལ་བ་ནི།། སྤྱིན་པ་སྲེག་པ་ནང་གི་མེན།། ཕྱི་རོལ་མཆོད་པ་འདི་མཆོག་སྟེ།། བཟའ་དང་ཟ་བ་ཐ་དད་མེད། ལྷ་དག་དགའ་བའི་གཙོར་གྱུར་ཏོ། ། ཐལ་བ་ད་བ་ཐལ་བར་ལྷགས།། རྟག་ཏུ་འདི་ལྟར་ཤེས་བྱས་ནས།། ཕུང་པོ་སྒྱུ་མར་བརྟེན་བྱས་ཏེ།། འདི་ནི་ཕྱི་ཡི་སྤྱིན་སྲེག་སྟེ།། ཁ་ཟས་ཅན་ལ་བྱིན་གྱི་བརླབས།། མཁས་པ་ཉིད་ལ་དག་པའི་ཕྱིར།། ནང་གི་སྤྱིན་སྲེག་རྣམ་པར་བསྟན། ། སྤྱིན་པའི་རྫ་ས་ནི་བྱང་ཆུབ་སེམས།། སྔོན་དུ་རྒྱལ་བ་རྣམས་ལ་ཕུལ།། བསྲེག་པར་བྱ་བའི་བུད་ཤིང་ནི།། ཕུང་པོ་ལ་སོགས་རྣམ་པར་བསྲེགས།། མེ་ནི་ཡེ་ཤེས་ཆེན་པོ་སྟེ།། རྣམ་པར་མོ་རྟོག་པ་ལས་བྱུང། ། འདི་དག་ནང་དུ་འདུས་པ་ལ།། ནང་གི་སྤྱིན་པ་སྲེག་པར་ཤིས།། འདི་དག་རྣམས་ལས་གཟུད་པའི་ཕྱིར།། རྟོག་པ་རྣམས་ལ་རྫས་ཀྱིས་ནི།། སྤྱིན་སྲེགས་ན་རྟག་ཀྱང།། ཨོཾ་མ་ཧཱ་ཀ་ལི་ནི་ཡེ་སརྦ་ཨགྣེ་དེ་བ་པྲ་བེ་ཤ། ། མ་ཧཱ་པ་ར་མི་ཤ།། གསང་སྔགས་བྱིན་གྱིས་བརླབས་པ་ཡི།། ཉི་ཤུ་རྩ་བཞི་བཟློས་ཤིང་ནི།། མེ་ལ་མཁས་པས་མེ་པྲ་བརྟགས།། དུ་བ་མེད་པར་རྣམ་པར་བདེ།། དུ་བུས་འོད་ཟེར་བསྒྲིབས་ན་གནོད། ། ཧ་ཅང་ཆེ་བའི་དུ་བ་ངན།། ཤིན་ཏུ་ཕྲ་ཞིང་དུ་བ་མཛེས།། སྔོན་མ་མཐོང་བའི་དུ་བ་ངན།། ཞི་བ་ལ་ནི་སྔོ་ནག་ངན།། རྒྱས་པ་ལ་ནི་སེར་ནག་ཏུ།། ཅུང་ཟད་འབར་ན་ཤིས་པ་ཡིན།། དམར་ནག་ཉིད་ནི་དབང་གིའོ། ། ནག་པོར་གྱུར་པ་དྲག་པོ་གྲུབ།། རལ་གྲི་ལྟ་བུར་ཆད་པ་ནི།། གང་གི་ཕྱོགས་སུ་སོང་བ་ངན།། བུམ་པ་དང་ཡང་འདྲ་བ་ཞིག། གང་གི་ཕྱོགས་སུ་གྱུར་པ་ཡིས།། ཁ་དོག་གིས་ནི་ལུས་ལ་སྦྱར། ། ནེའུ་ལེ་འདྲ་ནོར་དང་ལྡན།། ཐུམ་པོ་འདྲ་ན་བཀྲ་མི་ཤིས།། གང་དུ་དུད་པ་འགྲོ་བ་ཡི།། དེ་ན་དེ་ཡི་ལས་རྣམས་ཡོད།། འོད་ཟེར་མེད་པ་དུད་པར་བཅས།། ལས་ལ་སྦྱོར་བ་ཉིད་ལ་ནི།། མཆོད་རྟེན་འདྲ་བ་ལས་རྣམས་བརྟན། ། དུད་པ་ཀུན་ཏུ་འགྲོ་བ་ནི།། ཞི་དང་ལྡན་པས་ལས་རྣམས་བསྐུལ།། དང་པོར་དུད་པ་དྲག་པ་ཤིས།། བར་དུ་བྱུང་བ་བར་དུ་གཅོད།། ཐ་མར་དུད་པ་དག་པ་དགེ།། ཀུན་ཏུ་དུ་བ་བྱུང་ན་བསྐྲད། ། ཀུན་ལ་དུ་བ་མེད་ན་བཤགས།། མེ་ནི་དཀར་ལ་དམར་སེར་ལྗང།། ནག་དང་སྔོ་བ་རྣམས་སྨུག། ཞི་དབང་རྒྱས་དང་དྲག་པོའི་བརྟགས།། ཤིན་ཏུ་དྲག་དང་ཤིན་ཏུ་རྒྱས།། ཤིན་ཏུ་དབང་དུ་གྱུར་པའོ།། མེ་སྟག་འཕྲོས་པས་རང་ལ་གནོད། ། སྒྲ་དང་ལྡན་པར་འབར་པ་ངན།། སྒྲ་མེད་དབྱིབས་ཀྱང་ཟླུམ་ལ་ཞི།། རྣམ་པར་ཕྲ་ལ་རིང་བ་དབང།། ཅུང་ཟད་སེར་ལ་གྲུ་བཞི་རྒྱས།། ཟུར་བ་ནག་ལ་ཁྲོ་ན་དྲག། འབར་པའི་འཕྲོ་ལ་མེ་ཤི་ན། ། སྔགས་པ་ཉིད་ལ་རྣམ་པར་གནོད།། འབར་པའི་འཕྲོ་ལ་ཆེར་འབར་ནས།། ཆུང་དུ་ཤི་བ་སྔ་མི་སྔ།། ལས་རྣམས་གང་བྱེད་མྱུར་དུ་འགྲུབ།། ཀུན་ཏུ་མེ་སྟག་འཕྲོ་བ་ནི།། ཕྱོགས་བཞིར་གཏོར་བ་ཡང་དག་སྟབ། ། མེ་ནི་རླུང་གིས་བཅད་པ་ལ།། ཕྱོགས་ནི་གར་འགྲོ་དེ་ལ་གནོད།། མེ་ལྕེ་ཐུར་དུ་ལྷུང་པ་ངན།། མེ་རྣམས་རྩེ་མོ་མེད་པ་དང།། གྱེན་དུ་འགྲོ་བར་མི་བྱེད་ཅིང།། ཁ་དོག་མི་གསལ་དུ་བ་དྲག། མེ་སྟག་འཕྲོ་ཞིང་སྨྲ་བ་འདྲ། ། ཟུག་ངུ་ཅན་གྱི་དབྱིབས་དང་ལྡན།། འདི་དག་གནོད་པ་ཡང་དག་མེད།། དངོས་གྲུབ་མེད་པ་དེ་ཉིད་དོ།། བཤགས་དང་བསྒོམས་དང་ཕྱག་རྒྱ་དང།། ཁ་ཊྭཱཾ་དཀྲོལ་ཞིང་རྣམ་པར་བལྟ།། གསང་སྔགས་ཉི་ཤུ་བཞི་ཡང་བཟླས། ། མེ་ཏོག་གཏོར་ཞིང་པྲ་དབབ་བཤགས།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། སྦྱིན་སྲེག་གསུམ་རྣམ་པར་བསྟན་པའི་ལེའུ་སྟེ་རྩ་དགུ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། མཆོད་པའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་རྣམ་པར་བསགས་པ་དང།། བསག་པ་དང།། གསོག་པར་གྱུར་པའི་གསང་སྔགས་འདི་བྱིན་གྱིས་བརླབས་ཏེ་གསུངས་སོ། ། ཨོཾ་བཛྲ་དུ་པ་མ་ཧཱ་ཀ་ལི་པཱུ་ཙ་སྭཱཧཱ།། པུཥྤ་པ།། དི་པ།། གྷན་དྷ།། བར།། འདི་དག་ཉིད་ཀྱི་ནི་རྣམ་གསལ་བ།། སེམས་དཔའ་གསུམ་གྱི་མཚན་ཉིད་ཀྱིས། ། ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས།། དྲིའི་ལྷ་མོ་ལྷ་མོ་བདག་ལ་འཕྲོ།། ཙན་དན་བླངས་པ་ནམ་མཁར་ཁྱབ།། དེ་བཞིན་མེ་ཏོག་མར་མེ་དང།། དྲི་ཆབ་ཞལ་ཟས་རྣམ་པར་ཐོགས།། དཔག་མེད་མཁའ་འདྲ་དེ་རྣམས་ལའང། ། ཕྱི་རོལ་རྣམས་ལ་བརྟེན་བྱས་ཏེ།། གཅིག་ལའང་ལྔ་ལྔར་ཤེས་པར་བྱའོ།། འདི་དག་ནི་དཔལ་བྱང་ཆུབ་སེམས་དཔའི་ཐུན་མོང་གི་ཚོགས་སོ།། ཨོཾ་མ་ཧཱ་ཀ་ལི་ས་མ་ཡ་པོ་དྷི་ཙིཏྟ་མཧཱ་པཱུ་ཙ། ། གུ་ཧ་སྟྭཾ།། ཨོཾ་མ་ཧཱ་ཀ་ལི་ས་མ་ཡ།། མ་ཧཱ་རཀྟ་གུ་ཧྱ་སྟྭཾ།། ཙན་དན་དཀར་དམར་དྲི་ཞིམ་ཞིང།། ཙན་དན་དཀར་དམར་དེ་ཉིད་འདྲེས།། ཙན་དན་ཉི་ཤུ་བྱང་ཤར་བལྟས།། ཁྱིམ་གྱི་འགྲོན་ལྔ་གཉིས་དབུས་གཉིས། ། ཙན་དན་དཀར་པོའི་གཟུགས་བརྙན་ཡུལ།། གདན་གྱི་ཙན་དན་དཀར་ཏིབ་བདུན།། སུརྱ་པྲ་བ་ཉི་ཤུ་པ།། མགྲིན་བཅུའི་ཁྱིམ་ན་ཁ་བལྟས་ལ།། དུས་ལ་བབ་བམ་ཁམས་ཀྱིས་བསྒྱུར།། གལ་ཏེ་སྲན་མའི་མེ་ཏོག་གིས། ། གདན་ཁྲི་ཙན་དན་དཀར་ཐིག་ལ།། གཟུགས་བརྙན་ཡུལ་འདྲ་བླ་ར་སེར།། ཐབས་དང་ཤེས་རབ་གཉིས་སྦྱོར་རབ།། འབྲིང་ནི་སོ་སོར་རྟན་པའི་གཞི།། ཐ་མ་སྲན་མ་ཙན་དན་དཀར།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ། དཔལ་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ཚོགས་སུ་བསགས་པ་སྟེ་ལེའུ་སྟེ་སུམ་ཅུ་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང། ། གསུང་དང་ཐུགས་རྡོ་རྗེ་རྣམས་ལས།། སྔོན་བྱང་ཆུབ་སེམས་དཔའི་ཚོགས་པའི་བཤེས་གཉེན་ལ་བརྟེན་ནས།། དེ་བཞིན་དུ་ཚོགས་བསགས་ཤིང།། དཀྱིལ་འཁོར་བསྒྲུབ་པར་བྱ་བ་འདི་གསུངས་སོ། ། དཔལ་ལྡན་གསང་སྔགས་འདི་ལ་རྣམ་བརྟེན་པ།། སེམས་ཅན་ཐམས་ཅད་བདེ་བའི་ཞིང་དུ་འགྲོ།། རིན་པོ་ཆེ་ཡི་མེ་ཏོག་དེ་བཞིན་གཤེགས།། གསེར་གྱི་རི་བོ་མདོག་མཛེས་བདེ་གཤེགས་དང།། སྤྱན་རས་གཟིགས་དབང་རྒྱལ་སྲས་དམ་པ་རྣམས། ། འདས་པའི་སངས་རྒྱས་དགེ་བའི་བཤེས་གཉེན་ཉིད།། གང་འདི་ད་ལྟར་འདི་གནས་དགེ་འདུན་ཆེ།། མ་འོངས་དུས་ན་སངས་རྒྱས་དཔལ་ནོར་བུ།། རིན་ཆེན་ལས་བྱུང་རིན་ཆེན་བརྒྱན་པའི་ཞིང། ། རྒྱལ་བ་འདི་ལྔ་མཛེས་པའི་སྐུ་ཡང་བྲི།། དེ་ཡི་དྲུང་དུ་ཕ་རོལ་ཕྱིན་དྲུག་གི།། མཎྜལ་ཉིད་ནི་རྟག་ཏུ་གུས་པར་བསྒྲུབ།། མེ་ཏོག་ཚོམ་ལྔ་དབུས་ནི་རིན་པོ་ཆེ།། མེ་ཏོག་སྤྱིན་པ་མཁས་པས་འབད་པའི་ལམ། ། ཤེས་རབ་ཕྱག་རྒྱ་མི་འདའ་ཚུལ་ཁྲིམས་བསྲུང།། དེ་ཉིད་ཚོགས་ལ་གནས་པར་རྟག་བཟོད་པ།། རྟག་ཏུ་བརྩོན་ལ་ལྷ་སྒོམ་བསམ་གཏན་ཅན།། འདི་ལྟར་ཤེས་ན་ཚོགས་ཆེན་རྣམ་པར་འཕེལ། ། གཞན་ཡང་དེ་བཞིན་གཤེགས་པ་དཔལ་ནོར་བུ་རིན་པོ་ཆེ་ལས་བྱུང་བའི་གཟུགས་ཁམ་པ་ལ་བྱའོ།། འདི་ལྟར་ཉི་མ་ལ་མ་འོངས་པའི་སངས་རྒྱས་ནོར་བུ་རིན་པོ་ཆེ་ལས་བྱུང་བ།། མཉམ་པ་ལ་ཞུགས་པའམ། ། རིན་པོ་ཆེ་བསྣམས་པའི་གཟུགས་བརྙན་ཅི་ནུས་པར་བྱ་བ་དང།། མཚན་མོའི་དུས་སུ་བྱང་ཆུབ་སེམས་དཔས་མཐོང་བའི་ལམ་བརྙེན་པའི་རྟགས་སུ། བརྗོད་པའི་གསང་སྔགས་ཉི་ཤུ་རྩ་གཅིག་རྟག་པར་བརྗོད་ན། ། བྱུང་ཆུབ་སེམས་དཔའི་ཚོགས་འཕེལ་བར་འགྱུར་ཏེ།། གསང་སྔགས་ཀྱི་རིག་འཛིན་འབའ་ཞིག་གོ། གཞན་ཡང་བྱང་ཆུབ་སེམས་དཔའི་ཚུལ་གྱིས།། གསང་སྔགས་ཀྱི་རིགས་འཛིན་པར་འདོད་ཅིང། ། འགྲོ་བ་ལ་ཕན་པར་འདོད་པ་འམ།། བདག་དོན་ཕུན་སུམ་ཚོགས་པར་འདོད་པ་འམ།། མཚན་མོའི་དུས་སུ་བྱང་ཆུབ་སེམས་དཔའ་དཔལ་རྣལ་འབྱོར་ཆེན་མོ་བརྟེན་པར་འདོད་པས།། མཎྜལ་དང།། མཎྜལ་ཆེན་པོ་དང། ། ཤིན་ཏུ་མཎྜལ་དང།། ཟབ་མོའི་མཎྜལ་སྒྲུབ་པོ།། དེ་བཞིན་དུ་ཕྱིའི་མཆོད་པ་དང།། ནང་གི་མཆོད་པ་དང།། གསང་པའི་མཆོད་པ་དང།། ཟབ་མོའི་མཆོད་པ་སྒྲུབ་པོ།། འདི་ལྟར་སྐུ་རྣམ་པ་ལྔ་ཕྱི་རོལ་དུ་བྲི་བ་དང། ། ནང་དུ་བྲི་བ་དང།། གསང་བར་བྲི་བ་དང།། ཟབ་མོར་བྲིའོ།། སྐུ་ས་ལ་བརྩིགས་པའི་ཕྱི་རོལ་ཏུ་བྱ་བ་དང།། ནང་དུ་བྱ་བ་དང།། གསང་བར་བྱ་བ་དང།། ཟབ་མོར་བྱ་བའོ།། རིག་སྔགས་ཕྱི་རོལ་ཏུ་བཟླས་པ་དང། ། གཟུངས་སྔགས་ནང་དུ་བཟླས་པ་དང།། གསང་སྔགས་གསང་ལ་བཟླས་པ་དང།། ཟབ་མོ་མི་འགྱུར་ལ་གནས་པར་བསྒྲུབ་པའོ།། གཞན་ཡང་ལུས་ངག་གི་ནུས་པས་བསམ་གྱིས་མི་ཁྱབ་པ་དང་དུ་བླངས་ཏེ།། མི་སྤང་ཞིང་ཟབ་མོའི་རྟེན་དུ་ཚོགས་རྣམ་པར་བསག་གོ། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། ཚོགས་ཡོངས་སུ་བསགས་པའི་ལེའུ་སྟེ་སོ་གཅིག་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། དཔལ་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ།། འཇིག་རྟེན་གྱི་ཁམས་སྲིད་པའི་ཞིང་ཁམས་ན།། སྲིད་པའི་རྒྱལ་མོ་ཆེན་མོ་བཞི་ཞེས་བྱ་བའི་གསང་སྔགས།། དྲག་པོ་ཁྲག་འཐུང་གི་སྦྱོར་བ་གནོད་པར་གྱུར་པའོ།། གསོད་པའི་སྔགས་འདི་གསུངས་སོ།། བོས་ནས་རྦད་པས་གསད་པ་ཡི།། སྲིད་པའི་མ་མོ་སྟོང་རྩ་བརྒྱད།། རྗེ་མོ་བཞི་ཡི་སྔར་འདུས་པས།། ཐམས་ཅད་དང་པོར་བོད་པར་བྱ།། མ་མོ་ཙིཏྟ་ཁ་རག་ཅེས།། ཙིཏྟ་ཁ་རག་མ་རག་ཤ་རག་མོ་ཙིཏྟ་རག་ཏ་མ།། ཐུན་ཐུན་ཞེས་ནི་དྲག་ཏུ་གདབ།། ཏྲག་དང་རག་ཤ་མ་ཞེས་བོད་ཙིཏྟ་ཏེ་ཀེ་མ་རྣམ་པར་སྦྱར།། མ་རུ་ལུ་རུ་ལུའི་སྲོག་བྷྱོ་བྷྱོ།། ཞེས་ནི་ལས་ཀྱིས་གདགས་ཀྱིས་གདགས།། ཙིཏྟ་ཁ་རག་འདི་ལ་འབོད།། ས་མ་ཡ་ཞེས་དམ་ཚིག་སྨོས།། དཾ་དཾ་ཛཱ་ཛཱ་མྱུར་དུ་དགུག། སྟོང་རྩ་བརྒྱད་པོ་མྱུར་དུ་དགུག་པ་ཡི། ། རྩེ་མོར་བཅས་པའི་བོད་པ་འདི།། མཁས་པས་དཔའ་བོ་དང་པཽར་བརྗོད།། བོས་ནས་དགྲ་ལ་རྦད་འདོད་ན།། མ་མ་ནིར་ཏི་ཙིཏྟ་ལ།། ཐུན་ཐུན་ནི་ཙིཏྟ་ཉིད་ལ་རྦད།། རག་ཏ་མ་ཐུན་ཞེས་ཀྱང་རྦད། ། ཤ་ཏི་སྟོཾ་ཞེས་བོས་ནས་ཀྱང།། ཙིཏྟ་ཡ་ཡ་བྷྱོ་ཞེས་རྦད།། རྦད་ནས་དེར་གསོད་འདོད་ན།། མ་ཤི་མ་དྷི་གཉིས་སུ་ལྡན།། མ་མ་ས་མ་ཡ་ཞེས་བགེགས།། ཆེ་གེ་ཞེས་ནརྀ་ལ་བོད།། མཱ་ར་ཡ་ཞེས་གསད་པ་ཡང། ། མ་ནི་ཙིཏྟ་ཛཱ་ལ་རམ།། ཙིཏྟ་མ་ལ་རིལ་བརྗོད།། ཆུམ་ཐུམ་རིལ་ནས་བྷྱོ་ཞེས་བྱ།། འདི་ལྟར་བོད་རྦད་གསད་པ་ཡི།། གསང་སྔགས་རྣམ་གསུམ་བྱིན་གྱིས་བརླབས།། རྣལ་འབྱོར་དཔའ་བོས་རིམ་པ་ལྟར། ། མཁས་པས་བརྗོད་ན་ཐམས་ཅད་འགྲུབ།། བྷྱོ་ཡི་ཡེ་ཤེས་ལས་བྱུང་བས།། ཁྲམ་བམ་སྟོང་གི་དབང་མོ་ཆེ།། དམར་མོ་གཡས་ན་ལྕགས་མདུང་དང།། མདའ་གཞུ་བསྣམས་པས་ལྷ་ཆེན་གནོད།། བྷྱོ་ཡི་ཡེ་ཤེས་ལས་བྱུང་བས། ། ས་གཞི་འགེངས་པའི་དབང་མོ་ཆེ།། མཐིང་ནག་དར་རྣམས་མཚོན་ཆ་ཅན། བྷྱོ་ཡི་ཡེ་ཤེས་ལས་བྱུང་བས།། རི་རབ་གླིང་བཞི་དབང་མོ་ཆེ།། སེར་ནག་ལྕགས་མཐུན་རལ་གྲི་བསྣམས།། བྷྱོ་ཡི་ཡེ་ཤེས་ལས་བྱུང་བས། ། རྒྱ་མཚོ་གླིང་གི་དབང་མོ་ཆེ། དཀར་མོ་ལྕགས་ཀྱུ་མཚོན་ཆ་ཅན།། སྟག་དང་སྦྲུལ་ལ་སོགས་པས་བརྒྱན།། ཁམ་ནག་གྱེན་བརྫེས་མཆེ་བ་གཙིགས།། ལྗགས་འདྲིལ་རྐན་རྡེབ་ཐོད་པ་ཅན། ། སྤྱན་དགུ་མེད་དཔུང་དཀྱིལ་ན་འགྱིང།། རུ་ཙིཏྟ་རག་ཤ་ནི་རྦད།། ཐུམ་རི་ལི་ལི།། ཁྲི་ཁ་སྟོང་གི་སྙིང་པོའོ།། ཙིཏྟ་རག་ཤན།། ཤ་ཏི་སྟ་ན་རྦད།། ཐུམ་རི་ལི་ལི། རི་རབ་གླིང་བཞིའོ།། ནི་ཤ་ཀུ་རུ་རག་ཏ་ཁ་རམ་ནི། ། ཁུ་ནི་ཁུ་རུ་ཁུ་རམ།། ཐེག་ཆེན་ས་གཞིའི་དབང་མོ་ཆེའི།། ཏྲག་རག་ཤ་མུ་ཛ་ཙིཏྟ།། ཙཏྟི་ཁ་ར་མ་མ་བྷྱོ།། རྒྱ་མཚོ་གླིང་གི་དབང་མོ་ཆེའི་འོ།། སྲིད་པ་དུས་བཞིར་སྣང་བའི་རྒྱལ་མོ་བཞི།། རིག་པའི་རྒྱལ་མོ་གཙོ་མོ་ཉིད་ཀྱིས་འདུལ། ། ཁྲོ་བཅུས་ཕྱོགས་སྐྱོང་བཅུ་ཡང་མནན།། ཁྲོ་བོ་བཅུ་ནི་རིགས་ལྔས་བརྫིས།། རིགས་ལྔ་འདོད་པའི་དབང་མོ་ཆེའོ།། མི་དགེ་བཅུ་ནི་ཕྱོགས་སྐྱོང་བཅུ།། དགེ་བ་བཅུ་ནི་ཁྲོ་བོས་ཡང་དག་མནན། ། དགེ་བ་ཡེ་ཤེས་ལྔ་ནི་ཆོགས་ཀྱི་དབྱིངས།། གདན་དུ་གྱུར་པ་འདོད་པའི་དབང།། ཕྱི་ནང་གསང་བ་ཟབ་མོ་ཡི།། དོན་གྱིས་རྒྱལ་པའི་དངོས་པོ་དཔོག། དྲག་པོ་རྫས་ཀྱི་སྦྱོར་བ་ཡང།། ཡུངས་ཀར་ཡུངས་ནག་སྐེ་ཚེ་དང། ། ཐལ་ཆེན་རྡོ་དྲེག་ཐལ་བའི་ཆུ།། མི་ཁྱི་རྟག་གཡག་ར་ཡི་ཁྲག།། ལྕགས་ཕྱེ་ཟངས་ཕྱེ་དུག་ལ་སོགས།། ཤ་ཟན་བྱ་ཡི་མཆུ་སྡེར་དང།། ནས་དང་ཏིལ་དང་བྲའོ་སྲན།། ནག་མོ་རོ་བསྲེགས་སོལ་བ་དང། ། རྒྱ་གྲམ་ས་དང་ཆུ་ཡི་ཁྱིམ།། སེར་བ་གནམ་ལྕགས་ཕྱེ་མ་དང།། གཟེར་སྔགས་དང་ནི་མི་ཤའི་མདེའུ།། གྲོག་མཁར་མི་སོ་སེན་མོ་མང། ཤྭ་ཡིས་བདས་པའི་ཕྱེ་བ་དང།། ཆུ་ཡི་ནང་དུ་བདས་པ་དང།། གཅན་གྱི་མཆེ་བ་སྡེར་མོ་དང། ། རའི་རྩེ་མོ་མིག་པ་དང།། མི་སྐྲ་ཚ་དང་མཁྲིས་པའི་ཚོགས།། གདུག་པའི་སྤུ་རིས་བསམ་མི་ཁྱབ།། ཤ་རྣམ་པར་འདུས་པ་ཁྲག་གི་ཐུན།། ཡང་དག་སྦྱོར་བ་ཐམས་ཅད་འཆི། ། དཔལ་དངོས་གྲུབ་ཐོབས་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། སྲིད་པའི་རྒྱལ་མོ་ཆེན་མོ་བཞིས།། ཁྲག་གི་ཐུན་རྣམ་པར་དབབ་པ་སྲེ་ལེའུ་སུམ་ཅུ་གཉིས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང། ། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། འཆི་བདག་ཆེན་མོ་ལུས་ཅན་རྣམས་ཀྱི་ལྟག་པ་ན་ཡོད་པ།། གསོད་པར་བྱེད་པ།། མྱུར་དུ་གསོད་པར་མཛད་པའི་སྨོན་ལམ་ཅན་དེ་གང་ཡིན་པའི་སྔགས་འདི་གསུངས་སོ། ། དང་པོ་རྣམ་པར་སྣང་མཛད་བཞུགས།། དེ་ནས་རང་གི་སྙིང་པོ་བསྟན།། ཙ་མུན་ཏི་ཡེ་ཤེས་མིང་བརྗོད།། དེ་ནས་རྡོ་རྗེའི་སྙིང་པོ་ཅན།། ཕཊ་ཅེས་བརྗོད་པས་ཐམས་ཅད་འགྲུབ།། ཡི་གེ་འབྲུ་བརྒྱད་རྣམ་པར་གསལ། ། དམར་མོ་མིག་ཀྱང་སྐམ།། སྦྲང་བུ་མཆུ་རིངས་ཀྱིས་བསྐོར།། མདོ་ལ་བསྒོམས་ན་ཤེས་པར་འགྱུར།། གསོད་དང་འཆི་བ་བཟློག་པར་འགྱུར།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ། འཆི་བདག་ཆེན་མོ་གཤིན་རྗེའི་ཆུན་མ་ཞེས་བྱ་བའི་གསང་སྔགས་ཏེ་ལེའུ་སུམ་ཅུ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང། ། ཐུགས་རྡོ་རྗེ་རྣམས་ལས།། དཔལ་གྱི་ཕོ་ཉ་ཞེས་བྱ་བ་གསང་སྔགས་འདི་གསུངས་སོ།། རྣམ་པར་སྣང་མཛད་དང་པོར་བཞག། ཀ་མ་རུ་པ་ཞེས་ནི་མིང་བརྗོད་དོ།། ཚུ་ལ་ཚུ་ལ་ཞེས་རབ་སྦྱར་བ། ། བེན་ཏ་པེན་ཏ་དྲག་ཏུ་བརྗོད།། ཏ་ཀི་ཏ་ཀི་འཇིགས་པར་སྒྲོགས།། ཞི་རྒྱས་དང་རྣམ་པར་སྦྱོར།། གྲྀ་ན་གྲྀ་ན་ཞེས་བརྗོད་པས།། ཚིན་དྷ་ཚིན་དྷ་ཧཱུ~ཾ་ཕཊ་ཡིན།། མ་མ་གི་ཡེ་ཤེས་ལས་བྱུང་བས།། ནག་མོ་ཁྲག་ཞག་ཐལ་བས་བརྒྱན། ། ཐོད་པ་རྣམ་གསུམ་ཡང་དག་འཛིན།། དྲག་པོ་དབང་མོ་གཞོན་ནུ་མོ།། ཆུ་ལྷ་མོ་དང་ཕག་མོ་དང།། ལུས་ངན་སྣང་ཆེན་མ་མོ་བདུན།། སྤྲུལ་པའི་དབུ་རྒྱན་རྣམ་པར་མཛེས།། མི་ལྤགས་དང་ནི་པགས་ཆེན་རྣམས། ། གཡས་པ་ཏྲི་ཤུལ་ཁོང་ཁྲག་འཇིབ།། གཞན་ནི་པན་དྷ་རཀྟས་བཀང།། ཁྱོད་ནི་གནས་ཀྱི་ཀཱ་པ་ལ།། དེ་བཞིན་ཁང་པའི་ནང་ན་ཡང།། བཅུད་ཀྱི་རྣམ་པ་ཁྱོད་ཉིད་ཡིན།། འདི་ལྟར་ཀཱ་པ་ལ་ལ་ཡང་དག་རྟེན། ། བསྒྲུབས་ན་བརྟགས་ཀྱང་མདུན་དུ་འབྱུང།། དེ་བཞིན་ཁྱོད་ནི་ཞལ་དབུ་སྟེ།། ཁྲག་སྣ་མང་དུ་མཆོད་ན་འགྲུབ།། མུ་སྟེགས་ཉི་མ་འཕམ་པར་བྱས།། གཞན་ཡང་བདུན་རྣམས་འཇིགས་བྱེད་པས། ཉི་མ་པལ་ཡང་བལྟ་མི་བྱ། ། བདག་ཉིད་བསྒོམས་དང་ལས་རྣམས་བྱ།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། དཔལ་གྱི་ཕོ་ཉ་ཞེས་བྱ་བའི་ཕོ་ཉ་སྦྱོར་བ་སྟེ་ལེའུ་སུམ་ཅུ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། ལས་རྣམ་བཞི་ཐུན་མོང་དུ་སྦྱོར་བ་སྟེ།། གསང་སྔགས་འདི་བྱིན་གྱིས་བརླབས་སོ། ། མ་ཡི་ཡེ་ཤེས་ལས་བྱུང་བས། ཐམས་ཅད་ཐ་མར་དང་པོ་བཞི།། ཡ་ཡི་ཡེ་ཤེས་ལས་བྱུང་བས།། འདི་ལྟར་རྒྱས་པ་ད་ལྟ་འགྲུབ།། བམ་གྱི་ཡེ་ཤེས་ལས་བྱུང་བས།། ཐམས་ཅད་དབང་སྡུད་དབང་དུ་སྟོབས།། ཨེ་ཡི་ཡེ་ཤེས་ལས་བྱུང་བས། ། ཐམས་ཅད་གསོད་པ་དྲག་པོར་འགྱུར།། སྔོན་དུས་སྲིད་པའི་རྣམ་པ་དང།། འཆི་བ་དང་ནི་བར་མ་དོ།། སྐྱེ་བའི་སྲིད་པ་འདི་ལྟ་སྣང།། བར་མ་དོ་ནི་རྣམ་པར་ཟབ།། ཟླ་རྒྱས་སྟེང་ན་མཆོད་རྟེན་ནི། ། ཞི་བའི་རྒྱལ་མཚན་ཡང་དག་བསྟན།། ཟླ་གམ་སྟེང་ན་དཀྱིལ་དང་འཁོར།། དབང་གི་རྣལ་འབྱོར་རྣམ་པར་འཕགས།། འཁོར་ལོའི་སྟེང་ན་ཐ་དད་སྐུ།། རྒྱལ་བའི་སྦྱོར་བ་ཡང་དག་འཕགས།། བོང་བུའི་སྟེང་ན་རེ་མ་ཏེ། ། རྣམ་པར་གསོད་པ་བསམ་མི་ཁྱབ།། སྤྱན་དྲངས་མཆོད་ལ་སོགས་པ་དག། རྣམ་པ་འདི་ཡིས་ཆོས་རྣམས་སྦྱོར།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ། ལས་རྣམ་པ་བཞི་ཐུན་མོང་དུ་བཀོད་པ་སྟེ་ལེའུ་སུམ་ཅུ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང། གསུང་དང།། ཐུགས་རྡོ་རྗེ་རྣམས་ལས།། གསང་བ་དམ་ཚིག་གི་ཁྱད་པར་གྱི་སྤྱི་དང་ཁྱད་པར་ཞེས་བྱ་བའི་དམ་ཚིག་འདི་རྣམས་གསུངས་སོ། ། བླ་ན་མེད་པ་གཅིག་ཏུ་མཆོད།། བསྟན་པ་སྡུད་པ་རྣམས་དང་མཐུན།། བུད་མེད་ཤེས་རབ་ཕྱག་རྒྱ་བསྟེན།། བླ་མ་བརྙས་པར་མི་བྱེད་ཅིང།། གསང་བ་གཞན་ལ་མི་བརྗོད་ཅིང། ། རྟགས་དང་སྒྱུ་མར་ཆོས་རྣམས་ཤེས།། སྔགས་དང་ཕྱག་རྒྱ་རྒྱུད་ཙམ་བསྟེན།། འདི་དག་ཐུན་མོང་སྡོམ་པ་སྟེ།། ཐུན་མོང་ཅན་གྱི་སྦྱོར་བར་བྱ།། དཔལ་ལྡན་ཁྱད་པར་དམ་ཚིག་ནི། ཡུགས་ས་མོ་དང་སྦྲུམ་མ་དང། ། གཞན་གྱི་བུ་དང་བོང་བུ་དང།། རལ་གྲི་དང་ནི་རྨ་བྱ་དང།། བྱང་ཆུབ་སེམས་ནི་དཀར་དམར་དང།། མེ་དང་ནེའུ་ལེའུ་རྐྱལ་པ་དང།། རྡོ་སོལ་ཤིང་ལོ་འདབ་མ་རླུང།། གསང་དང་མཆོད་དང་སྙིང་པོ་དང། ། བདེ་གཤེགས་སྐུ་དང་རིགས་འཛིན་བདག། ཕྱག་རྒྱ་རྟེན་དང་མཆོད་ལ་བྱམས།། འདི་དག་ཁྱད་པར་སྡོམ་པ་སྟེ།། ཁྱད་པར་ཅན་གྱིས་ཡང་དག་སྦྱོར།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བརྟན་པར་གཟིགས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ། ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་བསྟན་པ་སྟེ་ལེའུ་སུམ་ཅུ་རྩ་དྲུག་པའོ།།།། དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྩ་རྒྱུད་ཆེན་པོ་ལས། ། ལས་རྣམ་པ་བཞི་ཡོངས་སུ་རྫོགས་པའི་རྩ་བའི་རྒྱུད་ཆེན་པོའོ།། རྫོགས་སོ།།།། རྒྱ་གར་སྐད་དུ།། མི་ཏི་ཀ་མ་ཨེ་པན་ཙ་རད་ན།། ཧེ་དུ་ར་ཏྲི་ཏན་ན་མ།། བོད་སྐད་དུ།། མ་མོ་སྲིད་པའི་ནམ་མཁའ་རིན་པོ་ཆེ་སྔོ་དམར་ལྔའི་ཚོན།། མཁའ་འགྲོ་བཀྲག་གསལ་འབར་མའི་རྒྱུད་ཅེས་བྱ་བ། ། བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། ཡུམ་སྲིད་པའི་རྒྱལ་མོ་འབྱུང་བ་ལྔའི་རྒྱལ་མོ།། སྐྱེ་འགྲོ་ཡོངས་ཀྱི་བདག་མོ།། འགྲོ་དྲུག་གི་སྐྱེ་གནས། ། དུག་ལྔ་ཡོངས་ཀྱི་བདག་མོ།། ཀུན་གྱི་ཡུམ། མཆོག་ཁྲོ་མོ་རྣམ་ཞལ་མ།། རི་རབ་གླིང་བཞི་གཞལ་ཡས་དམ་པ་ན།། སྐྱེ་འགྲོ་ཡོངས་ཀྱི་བདག་མོ་དེ་ན་བཞུགས།། ཡེ་ཤེས་ལས་དང་རང་བཞིན་དམ་ཚིག་ཅན། ། ཆ་འཛིན་སྤྲུལ་པའི་འདོད་ཁམས་མ་མོ་རྣམས།། ཉོན་མོངས་ལོག་འཁྲུལ་ཅན་རྣམས་གདུལ་པའི་ཕྱིར།། སྔོན་དམར་སྣ་ཚོགས་ཚོན་གྱི་དཀྱིལ་འཁོར་བཞེངས།། ཕྱི་ནང་མཁའ་འགྲོ་མ་ལུས་མཉེས་པའི་ཕྱིར། ། བླ་གབ་གུང་གྱི་ནམ་མཁའ་དང།། ཕྱོགས་མཚམས་གུར་གྱི་ནམ་མཁའ་དང། ས་བཞི་གདན་གྱི་ནམ་མཁའ་དང།། རིགས་བཞི་ཕྱོགས་ཀྱི་ནམ་མཁའ་དང།། མཚམས་ཀྱི་བློན་མོའི་ནམ་མཁའ་དང། མཁའ་དྲུག་རྒྱལ་མོའི་ནམ་མཁའ་དང། ། ཆེ་མཆོག་གཙོ་བོའི་ནམ་མཁའ་དང།། བདེ་མཆོག་གཙོ་མོའི་ནམ་མཁའ་དང།། བར་གྱི་མ་གསུམ་ནམ་མཁའ་དང།། སྲིད་པའི་སྨན་མོའི་ནམ་མཁའ་དང། ལས་ཀྱི་མ་མོའི་ནམ་མཁའ་རྣམས། ། དུས་འདིར་བདག་ལ་བསྟན་དུ་གསོལ།། དེ་སྐད་གསུངས་པས་ཐུགས་ཆུད་ནས།། ཉིན་ཅིག་གཡུ་དྲུང་ཡང་དག་པ།། ནམ་མཁའ་ལ་ཡང་རྣམ་པ་གསུམ།། ཁ་དོག་ཞལ་གྱི་ནམ་མཁའ་དང།། དཀྱིལ་འཁོར་ལྷ་ཡི་ནམ་མཁའ་དང། ། འདི་དག་རིགས་དང་མཐུན་པ་དང།། ཡེ་ཤེས་ལྔ་དང་འབྲེལ་པ་སྟེ། འབྱུང་བའི་འོད་དང་འབྲེལ་པ་དང།། ཕུང་པོ་ལྔ་དང་འབྲེལ་བ་དང།། དངས་མ་ལྔ་དང་འབྲེལ་པ་དང།། ལུས་ངག་ཡིད་དང་འབྲེལ་བ་དང། ། ཕུང་པོ་ཁམས་དང་འབྲེལ་པ་དང།། སྐྱེ་མཆེད་བཅུ་གཉིས་འབྲེལ་པ་རྣམས།། ཉེ་བའི་འཁོར་ལ་ངས་བསྟན་གྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། དེ་ནས་འཁོར་ལ་བཀའ་སྩལ་པ། ། ཁ་དོག་རྒྱན་གྱི་ནམ་མཁའ་དང།། དཀར་ལ་དག་པའི་ཡེ་ཤེས་ཏེ།། སྐྱོན་གྱིས་མ་གོས་ཡེ་ཤེས་གསལ།། མ་རིག་མུན་པ་སངས་པར་བྱེད།། ཤིན་ཏུ་དཀར་བ་དུང་གི་མདོག། ཀང་ཀང་རའི་འོད་དུ་འཚེར།། རི་རབ་ཤར་གྱི་རྒྱན་དུ་བྱས། ། ཐམས་ཅད་ཞི་བར་འགྱུར་ཕྱིར་རོ།། སྔོ་ལ་གསལ་བ་ཡོན་ཏན་དེ།། དགོས་འདོད་སྐོང་བའི་ཡེ་ཤེས་གསལ།། ཡིད་བཞིན་དབང་པོ་གང་འཐད་སྟོན།། ཤིན་ཏུ་སྔོ་བ་བཻཌཱུརྱ།། རི་རབ་ལྷོ་ཡི་རྒྱན་དུ་བྱས། ། དམར་ལ་ཆགས་པའི་རང་བཞིན་ཏེ།། པདྨ་རཱ་གའི་མདོག་ཏུ་གསལ།། སྨྲ་བར་བྱེད་པ་གསུང་གི་སྒོ།། ཤིན་ཏུ་དམར་བ་གིས་མཛེས།། ཐུགས་རྗེ་ཆགས་པའི་རྒྱན་དང་ལྡན།། རི་རབ་ནུབ་ཀྱི་རྒྱན་དུ་བྱས། སེར་ལ་གསལ་བ་ལས་རབ་སྟེ།། བཙོ་མ་གསར་གྱི་མདོག་ཏུ་གསལ། ལྷུན་གྱིས་གྲུབ་པ་འཕྲིན་ལས་ཏེ། ཨིན་ཏྲ་ནཱི་ལ་ལྗང་ཁུ་འཚེར།། མ་བྱུང་སྙིང་པོ་ཆོས་ཀྱི་དབྱིངས།། རི་རབ་བྱང་གི་རྒྱན་དུ་བྱས། ། ཁ་དོག་ཞལ་གྱི་ནམ་མཁའི་ནང།། སྣ་ཚོགས་རིན་ཆེན་འཁོར་དུ་གསལ།། མཐིང་ནག་འབབ་ཞིག་ནག་པོར་གསལ།། འཕྲིན་ལས་བཞི་ལ་དབང་སྒྱུར་ཞིང།། ཁྲོ་མོ་མཐིང་ནག་དྲག་པོ་སྟེ།། ཁམས་གསུམ་བཅུད་བསྡུས་ནམ་མཁའི་གཟུགས། ། རྒྱལ་མོའི་ཞལ་དུ་ཤེས་པར་བྱ།། དཀྱིལ་འཁོར་གཞལ་ཡས་ངས་བཤད་ཀྱིས།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཕྱོགས་མཚམས་བརྒྱད་ཀྱི་སྐོར་བུ་ལ།། མཐིང་ནག་གྲུ་གསུམ་དཀྱིལ་དུ་བྲེལ། ། ཟླ་གམ་དམར་པོའི་མུ་ཁྱུད་བཅས།། ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ།། གདན་གྱི་ས་བོན་བཅུ་གཉིས་ལྡན།། དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ།། སྒོ་མ་བཞི་དང་དམག་དཔོན་བཞི།། དེ་ཡི་ཕྱི་རིམ་མུ་ཁྱུད་ལ། ། དབང་པོ་ཉི་ཤུ་རྩ་བརྒྱད་གནས།། དེ་ལྟ་བུ་ནི་གནས་ཁང་ངོ།། མཁའ་འགྲོ་བཀྲག་གསལ་འབར་མའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ། བླ་གབ་གུར་གྱི་ནམ་མཁའ་གང།། ཕྱོགས་མཚམས་འབྱུང་བའི་ནམ་མཁའ་གང།། ས་གཞི་གདན་གྱི་ནམ་མཁའ་གང།། ཆེ་མཆོག་སྐུ་ཡི་ནམ་མཁའ་གང།། དུས་འདིར་བདག་ལ་བཤད་དུ་གསོལ། ། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། གདན་གྱི་ནམ་མཁའ་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། ཕྱོགས་མཚམས་བརྒྱད་ཀྱི་སྐོར་བུ་ལ།། ནག་པོའི་ཕོ་བྲང་དམར་པོས་བརྒྱན། ། སྔོན་པོ་འོད་དང་བཅས་པ་བྲི།། དམར་པོ་སེར་པོས་བརྒྱན་པ་ནི།། མཐའ་མ་ནག་པོས་བསྐོར་པའོ།། རྩིབས་བརྒྱད་པ་རུ་བྲི་བར་བྱ།། མུ་ཁྱུད་ལྕགས་རི་ཟླུམ་པོར་བྲི།། ལུས་ངགག་ཡིད་གསུམ་ལྡན་པའི་ཕྱིར། ། དཀར་དང་དམར་དང་སྔོ་བར་བྲི།། དེ་ནི་གདན་དུ་ཤེས་པར་བྱ།། གསང་བའི་བདག་པོ་ཡང་ཞུས་པ།། རིགས་བཞི་རྒྱལ་མོའི་ནམ་མཁའ་ནི།། དུས་འདིར་བདག་ལ་བཤད་དུ་གསོལ། ། གསང་བའི་བདག་པོས་ཡང་གསུངས་པ།། རིགས་བཞི་རྒྱལ་མོའི་ནམ་མཁའ་ནི།། ལེགས་པར་བཤད་ཀྱིས་ཡིད་ལ་ཟུང།། དཀར་སྔོ་དམར་སེར་གནག་དང་ལྡན།། རྣམ་སྣང་གསལ་གྱི་ནམ་མཁའ་འོ།། སྔོ་དང་དམར་དང་སེར་དང་དཀར། ། དུས་ཀྱི་མཐའ་མ་ནག་པོས་བསྐོར།། གཉེན་གསལ་མ་ཡི་ནམ་མཁའ་འོ།། རི་རབ་བང་རིམ་ནུབ་ལ་དགོད།། སེར་དང་དཀར་དང་སྔོ་དང་དམར།། ཀུན་གྱི་མཐའ་མ་ནག་པོས་བསྐོར། ། བཀྲག་གསལ་འབར་གྱི་ནམ་མཁའ་འོ།། རི་རབ་བྱང་གི་ཅོག་ལ་དགོད།། བདེ་ཐོད་གཙོ་མོའི་ནམ་མཁའ་ནི།། སེར་དང་དཀར་དང་སྔོ་དང་དམར།། གནག་དང་སེར་པོའི་འོད་དང་ལྡན།། བདེ་འགྲོ་མ་ཡི་ནམ་མཁའ་འོ། ། ནུབ་བྱང་ཅོག་ལ་དགོད་པའོ།། དཀར་དང་སྔོ་དང་དམར་སེར།། ནག་པོ་དཀར་པོའི་འོད་དང་ལྡན།། ཐོད་འཕྲེང་མ་ཡི་ནམ་མཁའ་འོ།། ཤར་ལྷོའི་ཅོག་ལ་དགོད་པར་བྱའོ།། དམར་དང་སྔོ་དང་སེར་དང་གནག། དཀར་པོ་སྔོན་པོའི་འོད་དང་ལྡན།། བཀྲག་གི་རྒྱལ་མོའི་ནམ་མཁའ་འོ།། ལྷོ་ནུབ་ཅོག་ལ་དགོད་པར་བྱ།། ཁ་ལེ་གཙོ་མོའི་ནམ་མཁའ་ནི།། སྔོ་དང་དཀར་དང་དམར་དང་སེར།། ནག་པོས་མཐའ་མ་བྲན་ནས་སུ། ། དེ་ཡི་ཕྱི་ནི་སྔོན་པོས་བྲན།། བྱང་ནུབ་ཅོག་ལ་དགོད་པར་བྱའོ།། ཆེ་མཆོག་གཙོ་བོའི་ནམ་མཁའ་གང།། དུས་འདིར་བདག་ལ་བཤད་དུ་གསོལ།། དེ་སྐད་གསོལ་པ་བཀའ་སྣང་བ།། རྡོ་རྗེ་རིས་སུ་བསྐོར་ནས་ནི། ། གནག་དང་དཀར་དང་སྔོན་པོ་དང།། དམར་སེར་ནག་པོའི་འོད་དང་བཅས།། སྐུ་སྟོད་རིགས་ལྔའི་སངས་རྒྱས་གཙོ།། སྐུ་སྨད་འབྱུང་བའི་རྒྱལ་མོ་ལྔ།། རྐེད་པ་ཁྲོ་མོ་རྣམ་ཞལ་མ།། མཁའ་བཞི་བདེ་ཀློང་སྟེང་དུ་དགོད། ། འདི་དག་ནམ་མཁའི་བྲི་ཐབས་ཏེ།། འཁྲུལ་པ་མེད་པར་ཡང་དག་ལྡན།། དེ་དག་རིན་ཆེན་བང་བ་རིས།། དེ་དག་སྲིད་པའི་རྒྱ་མདུད་རིས།། མཁའ་དང་ཀློང་གི་ཆོས་ཉིད་ཅན།། བཅཱ་བརྒྱད་སྟེང་འོག་ཁམས་སུ་སྣང། ། ཆེ་མཆོག་གཙོ་བོའི་དཀྱིལ་འཁོར་རོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། གཞལ་ཡས་ཁང་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་གསང་པའི་བདག་པོས་ཡང་གསོལ་པ། ། རིགས་བཞི་ཕྱོགས་ཀྱི་ནམ་མཁའ་གང།། མཚམས་ཀྱི་བློན་མོའི་ནམ་མཁའ་གང།། ཉེ་བར་བདག་ལ་བཤད་དུ་གསོལ།། གནོད་འདུལ་ལྷ་ཡིས་བཀའ་སྩལ་བ།། རིགས་བཞི་ཉོན་ཅིག་གཡུང་དྲུང་ཡང་དག་པ། ། ཕྱོགས་མཚམས་ནམ་མཁའ་ངས་བཤད་ཀྱིས།། ལེགས་པར་ཉོན་ཅིང་ཡིད་ལ་ཟུང།། དཀར་མོ་ཟང་ཡག་བྲིས་པ་ནི།། རྡོ་རྗེ་རིགས་ཀྱི་ནམ་མཁའ་སྟེ།། ལུས་ངག་ཡིད་གསུམ་སུམ་བརྩེགས་གསུམ། ། ཁམས་གསུམ་བརྩེགས་མར་བྱུང་བའོ།། རི་རབ་ཤར་གྱི་བང་རིམ་ལའོ།། རིམ་པ་བཞིན་དུ་དགོད་པར་བྱའོ།། སྔོན་མོ་ཟང་མར་བྲིས་པ་ནི།། རིན་ཆེན་རིགས་ཀྱི་བློན་མོ་སྟེ།། ལྷོ་ཕྱོགས་བང་རིམ་སུམ་བརྩེགས་ལ། ། རིམ་པ་བཞིན་དུ་དགོད་པར་བྱ།། དམར་མོ་ཟང་མར་བྲིས་པ་གསུམ།། པདྨ་རིགས་ཀྱི་བློན་མོ་སྟེ།། ནུབ་ཕྱོགས་བང་རིམ་སུམ་བརྩེགས་ལ།། རིམ་པ་བཞིན་དུ་དགོད་པར་བྱ།། སེར་པོ་ཟང་མར་བྲིས་པ་གསུམ། ། ལས་ཀྱི་རིགས་ཀྱི་བློན་མོ་སྟེ།། བྱང་ཕྱོགས་བང་རིམ་སུམ་བརྩེགས་ལ།། རིམ་པ་བཞིན་དུ་དགོད་པར་བྱ།། ནག་པོ་ཟང་མར་བྲིས་པ་གསུམ།། དེ་བཞིན་རིགས་ཀྱི་ནམ་མཁའ་སྟེ།། དབུས་ཀྱི་རི་རབ་ཅོག་ལ་དགོད། ། རེའུ་ཟང་མར་བྲིས་པ་ནི།། དབུགས་ཀྱི་རྒྱལ་མོའི་ནམ་མཁའ་སྟེ།། ཤར་ལྷོའི་ཅོག་ལ་དགོད་པར་བྱ།། དྲེའུ་ཟང་མར་བྲིས་པ་ནི།། སྲིད་པའི་རྒྱལ་མོའི་ནམ་མཁའ་སྟེ།། ལྷོ་ནུབ་ཅོག་ལ་དགོད་པར་བྱ། ། ཁྲེའུ་ཟང་མར་བྲིས་པ་ནི།། བཀྲག་གི་རྒྱལ་མོའི་ནམ་མཁའ་སྟེ།། ནུབ་བྱང་བང་རིམ་སུམ་བརྩེགས་ལ།། རིམ་པ་བཞིན་དུ་དགོད་པར་བྱ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། ཕྱོགས་མཚམས་བློན་མོའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ།། མཚམས་ཀྱི་བྲན་མོའི་ནམ་མཁའ་གང།། དུས་འདིར་བདག་ལ་བཤད་དུ་གསོལ།། ཉོན་ཅིག་གཡུང་དྲུང་ཡང་དག་པ། ། མཚམས་ཀྱི་བྲན་མོའི་ནམ་མཁའ་ནི།། དཀར་མོའི་ཕོ་བྲང་སྔོན་པོས་བྱ།། ཤར་ལྷོ་མཚམས་ཀྱི་ནམ་མཁའ་སྟེ།། ཤར་ལྷོའི་མེ་རི་དམར་པོར་དགོད།། ན་བཟའ་གོས་དང་རྒྱན་དུ་བྱས།། སྔོན་པོའི་ཕོ་བྲང་ནག་པོས་བརྒྱན། ། ལྷོ་ནུབ་མཚམས་ཀྱི་ནམ་མཁའ་ནི།། ལྷོ་ནུབ་བང་རིམ་དང་པོ་ལའོ།། ན་བཟའ་གོས་དང་རྒྱན་དུ་བྱས།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། མཚམས་ཀྱི་བྲན་མོའི་ལེའུ་སྟེ་བཞི་པའོ། །།། དེ་ནས་གསང་བའི་བདག་པོས་ཡང་ཞུས་པ།། བཅུ་བཞི་རྗེ་མོའི་ནམ་མཁའ་གང།། ངེས་པར་བདག་ལ་བཤད་དུ་གསོལ།། དེ་སྐད་གསུངས་པ་གསན་ནས་ཀྱང།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ། ། ཉོན་ཅིག་གཡུང་དྲུང་ཡང་དག་པ།། བཅུ་བཞི་རྗེ་མོ་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། དཀར་པོའི་ཕོ་བྲང་ནག་པོས་བརྒྱན།། སེར་པོ་དཀར་པོ་སྔོན་པོས་བརྒྱན།། ཉི་མ་ཁྲོས་པའི་ཞལ་ཡིན་ཏེ། ། རི་རབ་ཤར་གྱི་ཅོག་ལ་དགོད།། སྔོན་པོའི་ཕོ་བྲང་ནག་པོས་བརྒྱན།། དམར་དང་སེར་དང་དཀར་པོས་བསྐོར།། པདྨ་ཁྲོས་པའི་ཞལ་ཡིན་ཏེ།། རི་རབ་ལྷོ་ཡི་ཅིག་ལ་དགོད།། དམར་པོའི་ཕོ་བྲང་ནག་པོས་བསྐོར། ། བདུད་རྩི་ཁྲོས་པའི་ཞལ་ཡིན་ཏེ།། རི་རབ་ནུབ་ཀྱི་ཅོག་ལ་དགོད།། སེར་པོའི་ཕོ་བྲང་ནག་པོས་བརྒྱན།། དཀར་དང་སྔོ་དང་དམར་པོས་བསྐོར།། ཐར་པའི་ལམ་སྟོན་ནམ་མཁའ་སྟེ།། རི་རབ་བྱང་གི་ཅོག་ལ་དགོད། ། དཀར་པོའི་ཕོ་བྲང་སྔོན་པོས་བརྒྱན།། ནག་པོ་དམར་པོ་སེར་པོས་བསྐོར།། རྒྱན་གྱི་རྒྱལ་མོའི་ནམ་མཁའི་སྟེ།། རི་རབ་བང་རིམ་དང་པོའི་ཤར་ལའོ།། སྔོན་པོའི་ཕོ་བྲང་དམར་པོས་བརྒྱན།། ནག་པོ་སེར་པོ་དཀར་པོས་བསྐོར། ། དབྱིངས་ཕྱུག་མ་ཡི་ནམ་མཁའ་སྟེ།། བང་རིམ་དང་པོའི་ལྷོ་ནུབ་ལའོ།། དམར་པོའི་ཕོ་བྲང་སེར་པོས་བརྒྱན།། གནག་དང་དཀར་དག་སྔོན་པོས་བསྐོར།། བདག་ཉིད་མ་ཡིན་ནམ་མཁའ་སྟེ། ། བང་རིམ་དང་པོའི་ནུབ་ལའོ།། སེར་པོའི་ཕོ་བྲང་དཀར་པོས་བརྒྱན།། ནག་པོ་སྔོན་པོ་དམར་པོས་བརྒྱན།། གཅིག་པུ་མ་ཡི་ནམ་མཁའ་སྟེ།། བང་རིམ་དང་པོའི་བྱང་ལའོ།། དཀར་པོའི་ཕོ་བྲང་སྔོན་པོས་བརྒྱན། ། དཀར་མོ་མིག་གཅིག་མའི་ནམ་མཁའ་སྟེ། བང་རིམ་དང་པོའི་ཤར་ཕྱོགས་ལའོ།། དམར་པོའི་ཕོ་བྲང་སྔོན་པོའི་བརྒྱན།། སེར་དངགནག་དང་དཀར་པོས་བསྐོར།། ནག་མོ་རལ་གཅིག་ནམ་མཁའ་སྟེ།། བང་རིམ་དང་པོའི་ལྷོ་ཕྱོགས་ལའོ། ། དམར་པོའི་ཕོ་བྲང་སེར་པོས་བརྒྱན།། དཀར་པོ་ནག་པོ་སྔོན་པོས་བསྐོར།། དབང་སྒྱུར་མ་ཡི་ནམ་མཁའ་སྟེ།། བང་རིམ་དང་པོའི་ནུབ་ལའོ།། སེར་པོ་དཀར་པོ་སྔོན་པོ་དང། ། ནག་པོ་དམར་པོས་བསྐོར་བ་ནི།། སེར་མོ་ལས་མཁན་ནམ་མཁའ་སྟེ།། བང་རིམ་དང་པོའི་བྱང་ལའོ།། རྗེ་མོ་རྣམས་ཀྱང་ཞལ་དུ་དགོད།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། རྗེ་མོ་བཅུ་བཞིའི་ནམ་མཁའི་ལེའུ་སྟེ་ལྔ་པའོ། ། དེ་ནས་གསང་བའི་བདག་པོས་འདི་སྐད་གསུངས་སོ།། བར་གྱི་མ་གསུམ་ནམ་མཁའ་གག།། ལེགས་པར་བདག་ལ་བཤད་དུ་གསོལ།། དེ་སྐད་གསོལ་བའི་ཚིག་གསན་ནས། ། གཡུང་དྲུང་ལྷ་ཡིས་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། དཀར་མོ་བརྒྱན་གྱི་ནམ་མཁའ་ནི།། དཀར་པོའི་ཕོ་བྲང་སེར་པོས་བྱས།། དཀར་མོ་མདངས་དང་ལྡན་པ་ལ། ། སེར་པོ་གོ་ཅོག་ཡང་བས་བསྐོར།། ཤར་ལྷོ་མཚམས་སུ་ཡང་དག་ལྡན།། དམར་པོ་མདངས་ལྡན་སྔོན་པོས་བརྒྱན།། དམར་པོ་འོད་དང་བཅས་པ་ནི།། སྨུག་ཏིག་རྒྱལ་མོའི་ནམ་མཁའ་སྟེ།། ལྷོ་ནུབ་མཚམས་སུ་ཡང་དག་ལྡན། ། ནག་མོ་བཟུར་བཞི་བྲིས་པ་ནི།། རེ་མ་ཏི་ཡི་ནམ་མཁའ་སྟ།། བྱང་ཤར་མཚམས་སུ་ཡང་དག་ལྡན།། བར་གྱི་ནམ་མཁའ་ཞེས་པ་ཡོལ།། སྲོག་དབུགས་ནམ་མཁའ་ཞེས་པ་བདག་མོ་ཆེན་མོ་གསུམ། ། རྣལ་འབྱོར་ཀུན་གྱི་སྙིང་ཉེ་མ།། དམ་ཚིག་ཉམས་པ་སྒྲོལ་མཛད་མ།། ཉེས་ལེགས་ཀུན་གྱི་ལྟང་འཛིན་མོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། བར་གྱི་མ་གསུམ་གྱི་ལེའུ་སྟེ་དྲུག་པའོ། །།། དེ་ནས་གསང་པའི་བདག་པོས་གསོལ་པ།། སྲིད་པའི་སྨན་མོའི་ནམ་མཁའ་གང།། ངེས་པར་བདག་ལ་བསྟན་དུ་གསོལ།། དེ་སྐད་གསུངས་པའི་དོན་གསན་ནས།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ། ། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ལེགས་པར་བཤད་ཀྱིས་ཡིད་ལ་ཟུང།། དཀར་དང་གནག་དང་སྔོ་དང་དམར།། སེར་པོ་ནག་པོས་བསྐོར་བ་ནི།། ཆགས་བྱེད་མ་ཡི་ནམ་མཁའ་སྟེ།། བང་རིམ་ཐ་མའི་ཤར་ཕྱོགས་ལའོ། ། ནག་པོ་དཀར་པོ་སྔོན་པོས་བརྒྱན།། དམར་སེར་ནག་པོས་བསྐོར་བ་ནི།། ཆ་སྙོམས་མ་ཡི་ནམ་མཁའ་སྟེ།། ཤར་གྱི་ཕྱོགས་སུ་ཡང་དག་དགོད།། དཀར་དང་སྔོ་དང་དམར་དང་སེར།། ནག་པོ་དཀར་པོ་མདངས་མངའ་བ། ཡོན་ཏན་དྲུག་དང་ལྡན་པ་ནི།། ཨེ་ཀ་ཛ་ཏིའི་ནམ་མཁའི་སྟེ།། ཤར་ལྷོ་མཚམས་སུ་ཡང་དག་ལྡན།། ནག་མོའི་ནམ་མཁའ་རྣམ་པ་བདུན།། སྲིན་པོ་བདུན་གྱི་ནམ་མཁའ་སྟེ།། བྱང་ཤར་མཚམས་ནས་ལྷོ་ཕྱོགས་སུ། ། བང་རིམ་བཞིན་དུ་འཁོར་བར་དགོད།། ནག་མོ་དུང་མིག་ནམ་མཁའ་སྟེ།། ཧ་ཏིང་དཀར་མོའི་ནམ་མཁའ་སྟེ།། ནག་མོ་གཡུ་མིག་ནམ་མཁའ་ནི།། དུན་ཏིང་ནག་མོའི་ནམ་མཁའ་ཡིན། ། ནག་མོ་ཟངས་མིག་ནམ་མཁའ་ནི།། གྲུབ་ཏིང་སེར་མོའི་ནམ་མཁའ་ཡིན།། བང་རིམ་བར་མའི་མཚམས་ལའོ།། དམར་པོ་གཡུ་མིག་ནམ་མཁའ་ནི།། པདྨ་འཕྲེང་གི་ནམ་མཁའ་འོ།། ནུབ་བྱང་བང་རིམ་ཐ་མ་ལའོ། ། དཀར་མོ་གསེར་མིག་ནམ་མཁའ་ནི།། གླིང་བཞི་སྤྱིའགྲོའི་ནམ་མཁའ་སྟེ།། བང་རིམ་ཐ་མའི་བྱང་ཤར་ལའོ།། སྔོན་མོ་ཟངས་མིག་ནམ་མཁའ་ནི།། མདོག་བཟང་སྔོན་མོའི་ནམ་མཁའ་ཡིན། ། བང་རིམ་ཐ་མའི་ལྷོ་ནུབ་ལའོ།། མ་མོ་དམག་དཔོན་རྒྱལ་མོ་བཞི།། ནག་པོ་མདངས་མར་བྱས་པ་ནི།། དུང་གཡུ་མཚོ་དང་གསེར་དང་ལྔ།། དམག་དཔོན་རྒྱལ་མོའི་ནམ་མཁའ་སྟེ།། ཕྱོགས་བཞིའི་སྟོད་ལ་ཡང་དག་ལྡན། ། ནག་མོ་མཐའ་བསྒྱུར་རྣམ་པ་བཞི།། དཀར་མཐའ་མཛེས་པ་ལྷ་ཡི་སྲིང།། སྔོ་མཐའ་མཛེས་པ་གཤིན་རྗེའི་སྲིང།། དམར་མཐའ་མཛེས་པ་གཤིན་རྗེའི་སྲིང།། སེར་མཐའ་མཛེས་པ་གནོད་སྤྱིན་སྲིང། ། ཡང་ན་ཟ་བ་རྣམ་པ་བཞི།། ཕྱོགས་བཞི་ལ་ནི་དགོད་པར་བྱའོ།། སྲིད་པའི་སྨིན་མོའི་ནམ་མཁའ་འོ།། མཁའ་འགྲོ་མ་བཀྲག་གསལ་འབར་མི་རྒྱུད་ལས།། སྲིད་པའི་སྨོན་མོའི་ནམ་མཁའི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཡང་གསང་པའི་བདག་བོས་གསོལ་པ།། སྲིད་པའི་སྨན་མོའི་གནས་ལུགས་གང།། ལེགས་པར་བདག་ལ་བཤད་དུ་གསོལ།། དེ་སྐད་གསོལ་བའི་དོན་གོ་ནས།། དཔལ་ཆེན་འཁོར་ཚོགས་བཀའ་སྩལ་པ། ། ལེགས་པར་ཉོན་ལ་ཡིད་ལ་ཟུང།། སྲིད་པའི་སྨན་མོའི་ནམ་མཁའ་ནི།། དཀར་མོ་ལ་སོགས་རྣམ་པ་བདུན།། ཞི་བ་ལས་ཀྱི་གཙོ་མོ་སྟེ།། དཀར་མོ་དྲུག་དང་ཟངས་མིག་གཅིག། དེ་ལྟར་བདུན་ནི་ཤར་དུ་དགོད། ། སྔོན་པོ་ལ་སོགས་རྣམ་བདུན་བྱ།། རྒྱས་པ་ལས་ཀྱི་གཙོ་མོ་སྟེ།། སྔོན་མོ་བདུན་དང་ཟངས་མིག་གཅིག། དེ་ལྟར་བདུན་ནི་ལྷོ་རུའོ།། དམར་མོ་ལ་སོགས་རྣམ་པ་བདུན།། དབང་གི་ལས་ཀྱི་མ་མོ་སྟེ། ། དམར་མོ་དྲུག་དང་དུང་མིག་གཅིག། དེ་ལྟར་བདུན་ནི་ནུབ་ཏུའོ།། སེར་པོ་ལ་སོགས་རྣམ་པ་བདུན།། དྲག་པོ་ལས་ཀྱི་མ་མོ་སྟེ།། སེར་མོ་དྲུག་དང་གཡུ་མིག་གཅིག། དེ་ལྟར་བདུན་ནི་བྱང་དུ་དགོད།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་ནམ་མཁའི་ལེའུ་སྟེ་བརྒྱད་པའོ།། དེ་ནས་ཡང་གསང་བའི་བདག་པོས་གསོལ་བ།། འབྲོག་སྨན་དང་ཡུལ་ས་དང།། ཀླུ་དང་སྲིན་མོ་ལ་སོགས་པ། ། ཕུགས་བདག་འབྲོག་མོ་ལ་སོགས་པ་དང།། ལས་ལ་གྲུབ་པའི་མ་མོ་རྣམས།། སྐུ་མདོག་ལྟ་བུའི་ནམ་མཁའ་བྱའོ།། དཀོར་སྦྱིན་མོ་དང་ཕུགས་བདག་མོ།། ཁྲ་མོ་ཞུན་མ་རེ་འབྲི་རྣམས།། རིགས་མཐུན་ནམ་མཁའ་དོན་དང་སྦྱར། ། དེ་ཡི་དོན་རྣམས་བཤད་དུ་གསོལ།། དེ་སྐད་གསོལ་པའི་དོན་གོ་ནས།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ།། ཉིན་ཅིག་གཡུང་དྲུང་ཡང་དག་པ།། དེ་དོན་ཕྱེ་ལ་ངས་བཤད་ཀྱིས། ། ལེགས་པར་ཉོན་ལ་ཡིད་ལ་ཟུང།། སྐུ་མདོག་རིགས་དང་བསྟུན་ལ་བྱ།། དཀོར་བདག་མོ་ནི་ནག་མོར་བྱ།། ཁྲ་མོ་ཡུད་ཀྱིས་མཛེས་པར་བྲི།། ཕུག་བདག་མོ་ནི་སྔོ་ལ་གནག། འབྲི་བ་གཡུ་མིག་ལྟ་བུར་མཛེས། ། ནག་ཁྲ་མ་དང་སྔོ་ཁྲ་མ།། དཀར་ཁྲ་མ་དང་སེར་ཁྲ་མ།། དམར་ཁྲ་ལ་སོགས་ནག་མོ་རྣམས།། ཀླུ་གྲུབ་བཞི་དང་ལས་གྲུབ་བཞི།། དེ་རྣམས་ཀུན་ལ་འཇུག་པར་གསུངས།། དགོས་པ་ལྟར་ནི་དོན་དང་སྦྱར། ། རེའུ་ཟངས་མིག་བྱང་འབྲོག་ལ།། འབྲིའུ་གཡུ་མིག་ལྷོ་འབྲོག་ལ།། རེ་འབྲི་ཟངས་མ་ཕུགས་བདག་ལ།། ར་བལ་རྩིད་པ་བྱང་འབྲོག་ལ།། ཁྲེའུ་ཟུངས་མིག་ཀླུ་སྲིན་ལ།། སྔོན་མོ་ཞུན་ལ་ཕུགས་བདག་ལ། ། དཀར་མོ་ཞུན་མ་སྐོར་སྤྱིན་ལ།། དཀར་མོ་གཡུ་མིག་ཀླུ་བདུད་ལ།། འཇིག་རྟེན་མ་མོ་འོ་ནམ་མཁའ་རྣམས།། དེ་ལྟར་འཁྲུལ་པ་མེད་པར་བྱ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུ་ལས།། འཇིག་རྟེན་ལས་ཀྱི་མ་མོའི་ལེའུ་སྟེ་དགུ་པའོ། ། དེ་ནས་གསང་བའི་བདག་པོས་དོན་ཞུས་པ།། ཡེ་ཤེས་ལྔ་དང་འབྲེལ་པ་ཇི་ལྟར་ལགས།། ཕུང་པོ་ལྔ་དང་ཇི་ལྟར་འབྲེལ།། དངས་མ་ལྔ་དང་ཇི་ལྟར་འབྲེལ།། ལུས་ངག་ཡིད་དང་ཇི་ལྟར་འབྲེལ། ། སྐྱེ་མཆེད་ཡུལ་དང་ཇི་ལྟར་འབྲེལ།། ངེས་པར་བདག་ལ་བཤད་དུ་གསོལ།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། གསང་པའི་བདག་པོས་ང་ལ་ཉོན།། འབྲེལ་པ་རྣམ་བདུན་ངས་བཤད་ཀྱིས། ། གཡོ་འགུལ་མེད་པའི་དད་པས་ཉོན།། དཀར་མ་དག་ལ་གསལ་བ་དེ།། མེ་ལོང་ལྟ་བུའི་ཡེ་ཤེས་སོ།། སྔོན་པོར་གསལ་བ་སྣ་ཚོགས་ཏེ།། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། དམར་པོ་གདང་ལ་གཤེར་བ་དེ།། སོ་སོར་རྟོག་པའི་ཡེ་ཤེས་སོ། ། སེར་པོ་འཚེར་ལ་གསལ་བ་དེ།། བྱ་བ་གྲུབ་པའི་ཡེ་ཤེས་སོ།། མཐིང་ཁ་ཀུན་ལ་ཁྱབ་པ་སྟེ།། བརྟགས་ན་དངོས་པོ་རང་བཞིན་སྟོང།། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ།། ཡེ་ཤེས་དུས་ན་བདག་ཉིད་གཅིག། དེ་ཕྱིར་བདག་ཉིད་གཅིག་པར་འབྲེལ།། འབྱུང་བ་འོད་དང་འབྲེལ་པ་ནི།། སྲ་ལ་མཁྲེགས་པ་གསལ་བའི་མདོག། དར་དཀར་ལྟ་བུར་ཤེས་བར་བྱ།། སྔོ་ལ་འཕྱུར་བ་མེ་ཡི་འོད།། དུ་བ་ལྟར་ནི་སེས་པར་བྱ། ། གཤེར་ལ་རླན་པ་ཆུ་ཡི་འོད།། ཁྲག་གི་དྭངས་མའི་ངོ་བོ་ལས།། ཡང་ཅིག་གཡོ་བ་རླུང་གི་འོད།། བཙོ་མ་གསེར་གྱི་འོད་དུ་གསལ།། མཐིང་ལ་གནག་པ་ནམ་མཁའི་འོད།། ཀུན་ལ་ཁྱབ་པར་ཤེས་པར་བྱ།། དེ་ལྟར་འབྱུང་བའི་འབྲེལ་པའོ། ། ཕུང་པོ་ལྔ་དང་འབྲེལ་བ་ནི།། ང་ཡི་རང་བཞིན་གཅིག་ཏུ་འདྲིལ།། དེ་ཕྱིར་གཟུགས་ཀྱི་ཕུང་པོར་གཅིག། རླུང་གི་རང་བཞིན་གཡོ་བར་བྱེད།། དེར་ཕྱིར་འདུ་བྱེད་ཕུང་པོར་གཅིག། ནམ་མཁའི་རང་བཞིན་རྣམ་པ་སྟོང་ལ་གསལ། ། དེ་ཕྱིར་རྣམ་ཤེས་ཕུང་པོར་འབྲེལ།། གནས་སྐབས་འདྲ་བའི་འབྲེལ་པའོ།། དངས་མ་ལྔ་དང་འབྲེལ་པ་ནི།། ས་ཡི་རང་བཞིན་དཀར་ལ་གདངས།། དེ་ཕྱིར་དཀར་པོའི་མདོག་ཏུ་བསྟན། ། མེ་ཡི་དྭངས་མ་སྔོ་ལ་འཕྱུར།། དེ་ཕྱིར་སྔོན་མོའི་མདོག་ཏུ་བསྟན།། ཆུ་ཡི་དྭངས་མ་གཤེར་ལ་བརླན།། ཐུགས་རྗེ་ཆགས་པ་དམར་པོར་བསྟན།། རླུང་གི་དྭངས་མ་གཡོ་བར་བྱེད།། དེ་ཕྱིར་དྲང་ལ་སེར་བའི་འོད། ། ནམ་མཁའི་དྭངས་མ་མཐིག་ལ་གནག། དེ་ཕྱིར་སྣ་ཚོགས་པ་ཡི་མདོག། ལས་དང་ཐུགས་རྗེ་འབྲེལ་པ་ཡིན།། ལུས་ངག་ཡིད་དང་འབྲེལ་བ་ནི།། གཟུགས་སུ་འབྱུང་བ་སྐུ་ཡི་ཚུལ།། སྒྲ་རུ་བྱུང་བ་གསུང་གི་ཚུལ། ། རྟོག་མེད་དྲན་པ་ཐུགས་ཀྱི་ཚུལ།། དེ་ཕྱིར་སྐུ་གསུང་ཐུགས་དང་འབྲེལ། དེ་ཕྱིར་ལུས་ངག་ཡིད་དང་འབྲེལ།། སྐྱེ་མཆེད་ཡུལ་དང་འབྲེལ་བ་ནི།། རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ། རི་རབ་གླིང་བཞི་འཁོར་བའོ། ། ཡུལ་དང་གཟུགས་སུ་སྣ་ཚོགས་སྣང།། སྣང་ལ་བཞི་ལ་གཡོས་པ་མེད།། དེ་ཕྱིར་སྣང་སྟོང་གཉིས་སུ་མེད།། བྱང་ཆུབ་སེམས་ཀྱི་དྭངས་མ་ལ།། མཐར་ཐུག་འབྲེལ་པ་ཡོད་ཅེས་གསུང། ། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། འབྲེལ་བ་བདུན་གྱི་ལེའུ་སྟེ་བཅུ་པའོ།།།། དེ་ནས་གསང་པའི་བདག་པོ་ཡི།། ཀྲི་ཏ་དོན་དུ་བྱ་བའི་ཕྱིར།། དེ་ཡི་ཡོན་ཏན་ཇི་ལྟར་ལགས།། དེ་ཡི་སྐྱོན་བརྗོད་ཇི་ལྟར་ལགས། ། སྲིད་པ་རྒྱ་ཡིས་ཇི་ལྟར་གདབ།། ཞེན་ལོག་དགྲ་ལ་ཇི་ལྟར་དབྱུང།། རྐྱེན་བཟློག་ཟུག་པ་ཇི་ལྟར་དབྱུང།། སརྦ་རུ་པ་ཇི་ལྟར་བསྐང།། ལེགས་པར་བདག་ལ་བཤད་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང། ། གནོད་འདུལ་རྡོ་རྗེ་སེམས་དཔའ་ལ།། སོགས་པའི་འཁོར་ལ་བཀའ་སྩལ་པ།། ལེགས་སོ་མཁའ་འགྲོ་དད་ཅན་ཉོན།། དེ་ཡི་ཡོན་ཏན་བསྟན་པ་ནི།། ཡེ་ཤེས་ལྔ་དང་ལྡན་པའི་ཕྱིར། ། ཚོན་སྣ་ལྔ་ཡང་བྲི་བར་བྱ།། འབྱུང་བ་ལྔ་དང་ལྡན་པའི་ཕྱིར།། ཁ་དོག་ལྔ་ཡང་བསྒྱུར་བར་བྱ།། དྭངས་མ་ལྔ་དང་ལྡན་པའི་ཕྱིར།། དར་ཚོན་ལྔ་ཡང་གདགས་པར་བྱ།། གསལ་བའི་ཡེ་ཤེས་མཚོན་པའི་ཕྱིར། ། མེ་ལོང་རེ་ཡང་གདག་པར་བྱ།། ཕུང་པོ་ལྔ་དང་ལྡན་པའི་ཕྱིར།། ཕྱོགས་བཞི་དབུས་དང་ལྔ་ལ་དགོད།། ལུས་ངག་ཡིད་གསུམ་འབྲེལ་བའི་ཕྱིར།། བང་རིམ་གསུམ་ལ་དགོད་པར་བྱ།། ཕུང་པོ་ཁམས་དང་འབྲེལ་པའི་ཕྱིར། ། བྱ་སྒྲོ་སྣ་ཚོགས་གདགས་པར་བྱ།། ཐུགས་རྗེ་ཡོངས་ལ་ཕན་པའི་ཕྱིར།། འཕན་རིངས་རེ་ཡང་གདགས་པར་བྱ།། འགྲོ་བ་ཡོངས་ལ་ཕན་པའི་ཕྱིར།། གདུགས་པུ་རེ་ཡང་གདགས་པར་བྱ།། ཡིད་བཞིན་ནོར་བུས་མཛེས་པའི་ཕྱིར། ། འཕང་ལོ་བཞི་ཡང་གདགས་པར་བྱ།། འཛམ་བུ་གླིང་བཞིར་གནས་པའི་ཕྱིར།། སྟོང་ལོ་རིས་སུ་རྣམ་པར་དགོད།། ཕྱི་ནང་མེད་པར་གསལ་པའི་ཕྱིར།། མིག་མངས་རིས་སུ་བྲིས་པ་ཡིན། ། ཡིད་བཞིན་ནོར་ལྟར་དབྱུང་བའི་ཕྱིར།། བང་བ་རིས་སུ་བྲིས་པ་ཡིན།། མཁའ་དགུ་ཀློང་དགུ་ལྡན་པའི་ཕྱིར།། རྒྱ་མདུད་རིས་སུ་བྲིས་པ་ཡིན།། སྣ་ཚོགས་འབྱུང་བཞི་འོད་འཕྲོས་པས།། མི་ལུས་གྲུ་བཞིར་ཡོད་པ་ཡིན། ། རི་རབ་གྲུ་བཞིར་ཡོད་པའི་ཕྱིར།། ནམ་མཁའ་གྲུ་བཞིར་ཡོད་པ་ཡིན།། ཕྱི་ནང་རིམ་པར་ཡོད་པའི་ཕྱིར།། ཚོན་སྣ་རིམ་པར་བསྐོར་བ་ཡིན། སྟེང་དང་འོག་དང་ཡོད་པའི་ཕྱིར།། གདན་དང་གུར་དུ་ཕུབ་པ་ཡིན། ། ཁམས་གསུམ་བརྩེགས་མར་ཡོད་པའི་ཕྱིར།། གཞལ་ཡས་བརྩེགས་མར་འབྱུང་བ་ཡིན།། འབྱུང་བ་རིམ་བརྩེགས་ཡོད་པའི་ཕྱིར།། བང་རིམ་བརྩེགས་མར་འབྱུང་བ་ཡིན།། ལུས་ངག་ཡིད་གསུམ་ལྡན་པའི་ཕྱིར། ། བང་རིམ་གསུམ་དུ་བྱུང་བ་ཡིན།། འཕྲིན་ལས་བཞི་དང་ལྡན་པའི་ཕྱིར།། འཛམ་བུ་གླིང་བཞིར་བཀོད་པ་ཡིན།། ལོ་སྐོར་བཅུ་གཉིས་ཡོད་པའི་ཕྱིར།། ཕྱོགས་མཚམས་བརྒྱད་དང་སྟེང་འོག་གཉིས། ། ཕྱི་དང་ནང་དུ་བསྟན་པ་ཡིན།། རྣམ་ཤེས་ཚོགས་བརྒྱད་ཡོད་པའི་ཕྱིར།། གླིང་དང་ཕྲན་དུ་བཀོད་པ་ཡིན།། ཟླ་བ་བཅུ་གཉིས་ཡོད་པའི་ཕྱིར།། གཅན་གཟན་བཅུ་གཉིས་རས་མ་གདགས།། ཞག་ནམ་སུམ་བརྒྱ་དྲུག་ཅུ་སྟེ། ། སྲོག་ཆགས་སུམ་བརྒྱ་དྲུག་ཅུའི་གླུད།། ནམ་ཟླ་དུས་བཞིར་ཡོད་པའི་ཕྱིར།། བཟང་རས་རྣམ་བཞིར་གདགས་པའོ།། རྐྱེན་དང་བློ་བུར་འབྱུང་པའི་ཕྱིར།། དྲང་དན་ཙམ་དུ་བསྟན་པ་ཡིན།། དེ་ལྟར་ཡོན་ཏན་བསམ་མི་ཁྱབ། ། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། ཡོན་ཏན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ཡི་སྐྱོན་རྣམས་བཀའ་སྩལ་པ།། ཚོན་ཞེས་བྱ་བ་མཚོན་པ་སྟེ།། ཚོན་སྣའི་དྲི་མ་བསམ་མི་ཁྱབ། ། སྤྱིར་ནི་ཚོན་སྣ་རྣམ་པ་ལྔ།། ཁ་དོག་མི་གསལ་དབང་པོ་འགག། མ་ཚང་པས་ནི་ནད་དུ་འགྱུར།། བྱེར་ཟུགས་མ་སྙོམས་མཐའ་འཁོབ་ཡུལ་དུ་སྐྱེ།། ཡོན་པོར་གྱུར་ན་བསོད་ནམས་འགྲིབ།། ནོར་པ་གྱུར་ན་ཉམས་པ་ཡིན། ། ཚད་དང་མི་ལྡན་དོན་ལ་ཉམས།། རྒྱལ་མོ་རྣམས་ནི་དོ་ཚད་དོ།། ཞལ་གྱི་དངོས་གྲུབ་ཐོབ་པའོ།། གདན་གུར་གཉིས་ནི་ཁྲུ་ཚད་དོ།། དཀྱིལ་འཁོར་ལྷ་ཡི་དངོས་གྲུབ་ཐོབ།། ཆེ་མཆོག་ཡབ་ཡུམ་མཐོ་གང་ཚད། ། ཐབས་དང་ཤེས་རབ་དངོས་གྲུབ་ཐོབ།། བློན་མོ་རྣམས་ནི་ཆག་གང་ཚད།། བློན་མོ་ཡོལ་གྱི་ཚད་དུ་བྱ།། ཕྱི་ནང་གསང་བའི་དངོས་གྲུབ་ཐོབ།། སྨན་མོ་རྣམས་ནི་སོར་བཞི་ལ།། ན་བཟའ་གོས་དང་རྒྱན་དུ་འབུལ། ། དབང་མོ་རྣམས་ནི་འཐེབ་ཚད་དོ།། འཕྲིན་ལས་བཞི་ཡི་ཚད་དུ་འབུལ།། རྒྱལ་མོ་རྐང་པའི་རྩེ་ཁྲུ་ཚད།། བློན་མོ་རྐང་པའི་ཆག་ཁྲུ་ཚད།། དབང་མོ་རྐང་པའི་མཐོ་གང་ཚད།། རི་རབ་ནམ་མཁའི་བརྩེགས་མ་ལ། ། ཆེ་ཆུང་སྐུ་ཡི་ཚད་དང་མཉམ།། དེ་དང་མི་མཉམ་ལོངས་སྤྱོད་འགྲིབ།། ནད་དང་སྡུག་བསྔལ་སྣ་ཚོགས་འབྱུང།། རྐྱེན་དང་བློ་བུར་ཡེ་འབྲོག་འབྱུང།། དེ་ལ་སོགས་པ་བརྗོད་མི་ལང།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། སྐྱོན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་སྲིད་པ་རྒྱས་འདེབས་བཀའ་སྩལ་པ།། དཀྱིལ་འཁོར་འདྲ་བ་ཆ་ལྔ་ལ།། གཙོ་མོ་ཁ་དོག་རིགས་ཀྱིས་བསྒྱུར། ། དཀྱིལ་འཁོར་ལྷ་ཡི་གནས་སུ་དགོད།། ཞག་གསུམ་བར་དུ་བསྙེན་པ་བྱ།། བསྐུལ་ཀྱང་སོ་སོའི་རིགས་སུ་བསྐུལ།། སྔགས་ཀྱང་སོ་སོའི་རིགས་སུ་བཟླས།། སྐོང་ཀྱང་དེ་དང་འདྲ་བར་གདབ། ། བསྒྲུབ་པ་ཐ་མ་བསྐང་པར་བྱ།། དཀྱིལ་འཁོར་ལྷ་ཡི་ནམ་མཁའ་རྣམས།། རི་རབ་གླིང་ལ་དགོད་པར་བྱ།། སྤྱན་དྲངས་བསྐུལ་རེ་བཏང་ནས་ཀྱང།། རི་རབ་དེ་ལ་གཟུགས་པར་བྱ།། ཐ་མ་རི་རབ་ཆ་ལྔར་བགོ། གཅིག་ནི་ཆུ་བོའི་གཞུང་ལ་བསྐྱོན།། གཅིག་ནི་དུར་ཁྲོད་གླིང་དུ་བསྐྱལ།། གཅིག་ནི་རི་རབ་རྩེ་ལ་བསྐྱལ།། གཅིག་ནི་ལམ་ཆེན་རྒྱ་གྲམ་སྲང།། གཅིག་ནི་ཆུ་མིག་འཆད་པ་ལ།། གང་རུང་དེ་ལ་བསྐྱལ་བར་བྱ། ། དེ་ལྟརབྱས་ལ་དངོས་གྲུབ་བླང།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། སྲིད་པའི་རྒྱས་འདེབས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། དེ་ནས་ཡང་རྐྱེན་བཟློག་དབྱུང་བ་ནི།། རིགས་ཀྱི་ནད་ངོས་བཟུང་ནས་ཀྱང། ། རིགས་དང་མཐུན་པའི་སྐོས་བཏབ་ལ།། གང་གནོད་དེ་ལ་བསྐང་བཟློག་བྱ།། ཁྱད་པར་བརྒྱ་བཅུ་རྩ་བརྒྱད་མདོས།། གཙོ་མོ་གང་གནོད་དེ་ཡིས་བྱ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། རྐྱེན་བཟློག་མདོས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཞེན་བཟློག་དགྲ་མདོས་བཀའ་སྩལ་པ།། ནམ་མཁའ་རེ་ལ་ངར་གླུད་རེ།། ཁ་དོག་རི་རབ་ལྟ་བུར་ཤེས།། རི་རབ་གླིང་ལ་བཀོད་བྱས་ལ། ། བསྙེན་པའི་རིང་ཐུང་ལྕོགས་ཚད་བྱ།། ཁྲམ་ཤིང་རྒྱང་བུ་བསྐུར་བར་བྱ།། བསྐུལ་རེ་བཏང་ལ་ཐུན་རེ་བརྡེག། ཆུ་བོ་ཆེན་པོའི་གཞུང་ལ་བསྐྱལ།། ཤ་ཁྲག་སྣ་ཚོགས་འབྱོར་ཚད་དང།། ཐུན་དགུ་སྨོད་དགུ་ཟོར་དང་བཅས། ། གང་དམིགས་དེ་ལ་འཕང་བར་བྱ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། ཞེན་བཟློག་དགྲ་མདོས་ཀྱི་ལེའུ་སྟེ་བཅཱ་ལྔ་པའོ།། དེ་ནས་སརྦ་རུ་པས་བསྐག་པ་ནི།། རུ་དཔོན་བཞི་དང་དེད་དཔོན་བཞི། ། རྒྱལ་མཚན་བཞི་དང་བ་དན་བཞི།། དར་ཆེན་བཞི་དང་ཡས་ཐགས་བཞི།། ཕྱག་བརྙན་བཞི་དང་ཕོ་ཉ་བཞི།། ལས་བྱེད་བཞི་དང་ཡང་གཡོག་རེ།། དེ་ལྟར་བྱས་ལ་སློབ་དཔོན་གསུམ།། ཚེ་དང་དཔག་དང་སྔགས་མཁན་གསུམ། ། རིམ་པ་བཞིན་དུ་འཕྲིན་ལས་བྱ།། གོས་གསུམ་ལུས་ལ་གོན་ནས་ཀྱང།། རང་གི་འདུག་སྔགས་ཏིང་ངེ་འཛིན་གྱིས།། སྣང་སྲིད་མ་མོ་བསྐང་བར་བྱ།། འཕྲིན་ལས་རྣམ་བཞིའི་སྐོས་ཀྱང་གདབ། ། རྒྱལ་མོ་བཞི་ནི་རིགས་ནས་གདབ།། བློན་མོ་བཞི་ནི་རིགས་ནས་གདབ།། ཕྱག་བརྙན་རྣམས་ནི་དཀྱུས་ལ་གདབ།། ཕོ་ཉ་རྣམས་ནི་རིམ་གྱིས་གདབ།། རུ་དཔོན་བཞི་ནི་བསྣར་ལ་གདབ།། དེད་དཔོན་བཞི་ནི་གསུམ་དུ་གདབ། ། དམག་དཔོན་བཞི་ཡི་ཐང་ལ་གདབ།། རྒྱལ་མོ་བཞི་ནི་ཞལ་དུ་གདབ།། བློན་མོ་བཞི་ནི་གསང་བར་ཤེས།། སྨན་མོ་རྣམས་ནི་རྒྱན་དུ་ཤེས།། བྲན་མོ་རྣམས་ནི་གླུད་དུ་ཤེས།། རྒྱལ་མོ་རྣམས་ནི་པཱུ་ཙེ་དབུལ། ། བློན་མོ་རྣམས་ནི་ཡོན་དུ་འབུལ། སྨན་མོ་རྣམས་ལ་གླུད་དུ་དབུལ།། བྲན་དང་ཡང་བྲན་ངར་གྱི་གླུད།། སྣང་སྲིན་མ་མོ་བསྐང་བར་བྱ།། ཞག་གསུམ་བར་དུ་བསྙེན་པ་བྱ།། ཚད་དང་ལྡན་པའི་ནད་མེད་ཀྱིས། ། དར་དཀར་ཐོགས་ལ་གླུད་དུ་འབུལ།། དེ་ཚེ་རྣལ་འབྱོར་དབང་གི་ཚོགས།། དེ་ལྟར་རི་རབ་སུམ་བརྩེགས་ལ།། ནམ་མཁའ་སྣ་ཚོགས་ཚངས་པར་གཟུགས།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། སརྦ་རུ་པ་བྱ་ཐབས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། གནོད་འདུལ་ལྷ་ལ་བཀའ་སྩལ་པ།། མ་མཐོང་སྨོས་པ་བསྟན་ཕྱིར་མཚོན།། ཁ་དོག་ལྷ་ཡི་ཡེ་ཤེས་ཏེ། ། འགྲོ་བ་འགྲོ་བའི་དོན་དུ་ཡང་དག་གསུངས།། འདི་ལ་སྨོས་ཅིང་འཚེ་བ་ལ།། དུས་འདིར་ནད་དང་ཁ་ཡོགས་འབྱུང།། ཕྱི་མ་རྡོ་རྗེ་དམྱལ་བར་ལྟུང།། འདི་ལ་དམ་པར་ལྟ་བ་རྣམས།། བདག་གཞན་དོན་གྱི་འགྲོ་བ་འདྲེན། ། ཚོགས་གཉིས་རྫོགས་པའི་སྐྱེས་བུ་དེས།། དད་ལྡན་འཁོར་ལ་ལེགས་པར་གདམས།། བཀའ་ཡི་གསང་རྒྱུད་དམ་པ་འདི།། བདག་གཞན་དོན་དུ་སྦྱད་པར་བྱ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་གསང་བའི་བདག་པོ་ཡིས།། ཆེ་མཆོག་གཙོ་ལ་ཡང་ཞུས་པ།། དེ་ཡི་བསྐང་བཟློག་ཇི་ལྟར་ལགས།། དེ་ཡི་སྲོག་ཆགས་ཇི་ལྟར་ལགས།། དེ་ཡི་ཡོན་ཏན་ཇི་ལྟར་ལགས། ། དེ་ཡི་དགོས་ཆེད་ཇི་ལྟར་ལགས།། དེ་ལ་འདོད་ཡོན་ཇི་ལྟར་བསྐང།། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ།། དེ་ཡི་བསྐང་བཟློག་ངས་བསྟན་གྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང། ། དེ་ཡི་བསྐང་བཟློག་རྣམ་པར་དྲུག། རི་རབ་གླིང་དང་སྲོག་ཆགས་དང།། ནམ་མཁའ་རྒྱན་དང་འདོད་ཡོན་དང།། ཡོན་ཏན་བསོད་ནམས་རྣམ་པ་དྲུག། འདི་དག་བསྐང་བཟློག་རྩ་བར་གསུང།། ཡང་དག་རྫོགས་པས་བཀའ་སྩལ་བ། ། བཙལ་དང་བསྐང་དང་བསྔོ་བ་རྣམས།། ཡང་དག་ཉིད་དུ་ངས་བསྟན་ཉོན།། དང་པོ་གླུད་བཙལ་གང་ནས་བཙལ།། དང་པོ་གླུད་བྱུང་གང་ནས་བྱུང།། གླུད་ཀྱི་ཕ་ནི་གནམ་ཡང་ཡིན། ། གླུད་ཀྱི་མ་ནི་ས་ཡང་ཡིན།། དེ་གཉིས་འཚོས་དང་གནམ་གྱི་སྲས།། འབྱུང་པ་དྲོད་དང་རླན་དུ་བྱུང།། དེ་ལ་དྭངས་སྙིགས་གཉིས་སུ་བྱུང།། དེ་ལ་དངོས་པོའི་བཅུད་དུ་འདྲིལ།། འབྲུ་སྣ་ཉི་ཤུ་རྩ་གཅིག་ནི། ། སྲན་མ་དང་ནི་ནས་སྲན་དང།། སྲན་ཆུང་དང་ནི་ཏིལ་དཀར་དང།། ཏིལ་ནག་དག་ནི་ཡུངས་ཀར་དང།། གྲོ་དང་ཡུངས་ནག་བྲ་པོ་དང།། སོ་བ་དཀར་མོ་བཞིན་པ་ཟངས་དང།། རྒྱ་འབྲས་ཁྲེ་དང་ཇུ་རྩེ་དང། ། སོབ་ཏི་དང་ནི་ཟར་མ་དང།། འབྲས་དཀར་དང་ནི་རྒྱ་འཕྲ་དང།། ནས་དང་སྤྱ་འདའ་རམ་བུ་རྣམས།། དེ་ལྟར་ཉི་ཤུ་རྩ་གཅིག་ལས།། མུ་གེའི་ནད་ལས་ཐར་པའི་ཕྱིར།། འབྲུ་སྣ་ལོངས་སྤྱོད་ལྡན་བྱས་ལ། ། ལྟོགས་པའི་སྡུག་བསྔལ་བྲལ་བར་འགྱུར།། གསེར་དང་དངུལ་དང་ཟངས་དང་ལྕགས།། རིན་ཆེན་མན་ཤེལ་ལ་སོགས་ལྔ།། འཕོངས་པའི་སྡུག་བསྔལ་བྲལ་བྱའི་ཕྱིར།། རིན་ཆེན་རྣམ་ལྔ་བརྡར་པའི་ཕྱེ། ། མི་ཟད་གཏེར་དང་ལྡན་གྱུར་ཅིག། ཙན་དན་སྤོས་དང་ཨ་ཀ་རུ།། བོག་དང་གླ་རྩི་རྣམ་པ་ལྔ།། སྣ་ཚོགས་དྲི་དང་ལྡན་པའི་ཕྱིར།། ཡིད་འོངས་བསམ་པ་འགྲུབ་གྱུར་ཅིག། བྱིན་བརླབས་ཏིང་འཛིན་བྱས་པ་དང། ། གཞོན་ནུ་བུ་མོས་སྒྲུས་བྱས་པས།། ཕྱི་ནག་གསང་བ་གསུམ་གྱི་དོན།། ཁམས་གསུམ་དག་ཏུ་བསྒོས་ནས་ནི།། སུམ་ཆ་གཅིག་ལ་རི་རབ་གཟུགས།། རིགས་དང་མཐུན་པའི་ཁ་དོག་བྱུག། ཤར་ནི་དཀར་ལ་ལྷོ་ནི་སྔོ། ། ནུབ་ནི་དམར་ལ་བྱང་ནི་ལྗང།། དབུས་ནི་ཅིར་ཡང་འགྱུར་པ་ལ།། བང་རིམ་གསུམ་པར་ཡང་དག་ལྡན།། ཤར་ནི་དཀར་ལ་དུང་གི་མདོག། ཀང་ཀ་རི་ནི་དཀར་པོ་སྟེ། སྐྱོན་གྱིས་མ་གོས་རང་བཞིན་དག། དེ་ཡང་མི་འདིའི་གླད་དུ་འབུལ། ། འདི་ཡང་རྫ་ཡི་ཁབས་སུ་དྲོ།། བྷོ་ནི་སྔོན་པོའི་མདོག་དང་ལྡན།། བཻ་ཌཱུ་རྱ་ཡི་འོད་དུ་གསལ།། ཡོན་ཏན་འབྱུང་བ་དགོས་འདོད་འགྲུབ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ། ། ནུབ་ནི་དམར་པོའི་མདོག་ཏུ་བསྟན།། རཱག་དམར་པོའི་འཇིག་རྟེན་ཏེ།། ཐུགས་རྗེས་ཆགས་པས་པདྨའི་མདོག། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། བྱང་ནི་ལྗང་ཁུ་ཨིནྟྲ་ཏེ། ། པདྨ་ར་ག་བརྩེགས་པའི་མདོག། འཕྲིན་ལས་སྣ་ཚོགས་ལྷུན་གྱིས་གྲུབ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ། དབུས་ནི་སྣ་ཚོགས་ཅི་ཡང་གསལ་ཀུན་ཁྱབ་ནམ་མཁའི་འོད་དུ་འཚེར། ། འགྱུར་བ་མེད་པ་ཆཽས་ཀྱི་དབྱིངས། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཞབས་སུ་དྲོ།། བང་རིམ་གསུམ་ནི་སྐུ་གསུང་ཐུགས།། ལུས་ངག་ཡིད་གསུམ་གླུད་དུ་འབུལ།། འདི་ཡང་མི་ཡི་གླུད་དུ་འབུལ། ། འདི་ཡང་རྫ་ཡི་ཁབས་སུ་དྲོ།། གསེར་གྱི་རི་བདུན་རོལ་མཚོ་བདུན།། ཡོན་ཏན་རི་དང་རྒྱ་མཚོར་ཆགས།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་འཛམ་བུ་གླིང་བཞིར་ཆགས། ། འཕྲིན་ལས་བཞི་ཡི་ཚུལ་དུ་རྒྱན།། སངས་རྒྱས་འཕྲིན་ལས་རྫོགས་ཕྱིར་དོན།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། མཐའ་མ་ལྕགས་རི་ནག་པོས་བསྐོར།། འདའ་བ་མེད་པའི་ཕྱག་རྒྱ་ལྡན། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། གཅན་གཟན་རྒྱལ་པོ་སེང་གེ་དྲུག། བརྗིད་པའི་ཆ་ལུགས་ཁྱི་ཕོའི་ཚུགས།། དུང་གི་མཆེ་བ་ཐབས་སེ་ཐབ། ། བསེ་ཡི་སྣ་ཆ་རྒྱངས་སེ་རྒྱང།། གདུག་པའི་གྲ་བཟང་ལམ་སེ་ལམ།། རི་རབ་ཤར་གྱི་ཅོག་ལ་དགོད།། རྣམ་སྣང་གསལ་གྱི་རྫས་ཡིན་ཏེ།། རུས་ནད་ཐམས་ཅད་སེལ་བར་བྱེད།། འདི་ཡང་མི་ཡི་གླུད་དུ་འབུལ། ། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། ཅང་ཤེས་རྒྱལ་པོ་དུང་གི་གཟུགས།། ལྕགས་ཀྱི་རྨིག་བཞི་ཁྲབས་སེ་ཁྲབས།། ཟངས་ཀྱི་སྣ་ཆ་རྒྱངས་སེ་རྒྱང།། མཐིག་གི་རྔ་མ་ན་ར་ར། ། གསེར་གྱི་སྒ་གཏད་ཝངས་སེ་ཝང་ཁ་དོག་ཚོན་གྱིས་སོ་སོར་བསྒྱུར།། སྐྱེས་པ་དྲུག་ཀྱང་བསྐྱོན་བྱས་ཏེ།། སྟག་རལ་གཟིག་ཤུགས་བསེ་ཡི་ཕུ་བ།། ཅེས་པའི་ཆས་རྐྱེན་རྒྱན་དང་ལྡན།། འོད་གསལ་འབར་གྱི་རྫས་ཡིན་ཏེ། ། ཚ་བའི་ནད་རྣམས་སེལ་བར་བྱེད།། རི་རབ་ལྷོ་ཡི་ཅོག་ལ་དགོད།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། གླང་ཆེན་འཁྱིལ་པ་དག་གི་གཟུགས། ། གསེར་གྱི་ལུས་པོ་ཏལ་ལ་ལ།། ཟངས་ཀྱི་སྣ་ཆ་རྒྱངས་སེ་རྒྱང།། དུང་གི་མཆེ་བ་ཐབས་སེལ་ཐབ།། བསེ་ཡི་རྨིག་བརྒྱད་ཁྲབས་སེ་ཁྲབ།། མཐིང་གི་རྔ་མ་ན་ར་ར།། གསེར་གྱི་དྲིལ་བུ་ཁྲལ་ལ་ལ། འདོད་ཁམས་གཙོ་མོ་དྲུག་ཀྱང་བསྐྱོན། ། དར་དཀར་ལ་འུ་སྐུ་ལ་གསོལ།། དངུལ་གྱི་བལ་ཐག་ལག་ན་ཐོག། མཉེས་གསལ་འབར་གྱི་རྫས་ཡིན་ཏེ།། ཁྲག་ནད་ཐམས་ཅད་སེལ་བར་བྱེད།། རི་རབ་ནུབ་ཀྱི་ལོགས་ལ་དགོད། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། སེམས་ཅན་རྒྱལ་པོ་ཤང་ཤང་དྲུག། མི་དང་བྱ་ཡི་ཆ་འཛིན་པ།། ཐོགས་མེད་རླུང་གི་ཤུགས་དང་ལྡན།། རྐང་ལག་མི་ལ་གཤོག་པ་བྱ། ། རི་རབ་བྱང་གི་ཅོག་ལ་དགོད།། རླུང་གི་ནད་རྣམས་སེལ་བར་བྱེད།། ཡང་གསལ་གཡོས་ཀྱི་རྫས་ཡིན་ཏེ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ། ། འདབ་ཆགས་རྒྱལ་པོ་བྱ་ཁྱུང་གཟུགས།། གཤོག་པ་སྤུ་གྲི་ལྟ་བུ་ལ།། གཡུ་རུ་གནམ་དུ་ཟངས་སེ་ཟང།། གཤོག་རུ་ནམ་མཁའི་ཁམས་སུ་གཡོབ།། མཆུ་ཡིས་དུག་གསུམ་རྩད་ནས་གཅོད།། སྡེར་མོས་དུས་གསུམ་གྲུག་ལྟར་འཐུལ། ། བཀྲག་གསལ་འབར་མའི་རྫས་ཡིན་ཏེ།། རི་རབ་བུམ་པའི་དབུ་ལའོ།། འདི་ཡང་མི་ཡི་གླུད་དུ་འདུལ།། འདི་ཡང་རྫས་ཀྱི་ཁབས་སུ་བཟང།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། གླང་ཆེན་ཁྱུ་བ་བཅུ་བཞི་ལ། ། སྣ་བུག་ལ་ནི་སྣལ་འཇུ་གསལ།། སྣ་ཐག་དེ་ནི་དར་གྱིས་བརྒྱན།། སྔ་རུ་གསེར་ལ་ཕྱི་རུ་གཡུ།། གོང་ཐག་གོང་སྨེད་དངུལ་ལས་བགྱིས།། ཡེ་ཤེས་རྗེ་མོ་བཅུ་བཞིའི་རྫས།། རི་རབ་བང་རིམ་པར་པ་ལ། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། སྟོབས་བཟང་སྟག་གཟིག་བཅུ་བཞི་ལ།། དུང་གི་མཆེ་བ་ཐམས་སེ་ཐམ།། མུ་ཏིག་སྟག་གཟིག་ཝལ་ལ་ལ།། ཡེ་ཤེས་མཁའ་འགྲོ་བཅུ་བཞིའི་རྫས། ། རི་རབ་བང་རིམ་པར་མ་ལའོ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡས་རྫས་ཀྱི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། རྨ་བྱ་མདོངས་ལྡན་བཅུ་བཞི་དང།། འཇའ་ཚོན་གཤོག་པ་ལྷབས་སེ་ལྷབ། ། གཡུ་ཡི་སྡེར་མོ་ཤད་དེ་ཤད།། ཡེ་ཤེས་རྗེ་མོ་བཅུ་བཞིའི་རྫས།། རི་རབ་བང་རིམ་བར་པ་ལའོ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ། ། ཁྱི་དཀར་གཟུགས་ནི་བཅུ་བཞི་ལ།། གསེར་གྱི་ཡང་མིག་སྐྱེ་རུ་བཏགས།། དར་གྱི་ལྟོང་ཐག་ན་ར་ར།། རི་རབ་བང་རིམ་པར་པ་ལའོ།། ཡེ་ཤེས་མཁའ་འགྲོ་བཅུ་བཞིའི་རྫས།། སྣ་ཚོགས་འདུས་པའི་ནད་ལ་ཕན། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། མཐོ་སྲེ་ས་བདག་རྒྱལ་པོ་མན་ཆད་ནས།། དམའ་སྟེ་ནོར་བུ་ཆུ་ཆུན་ཡན་ཆད་དུ།། སྣ་ཚོགས་སེམས་ཅན་གཟུགས་སུ་བྱས། ། སྣང་སྲིད་སྨན་མོའི་རྫས་སུ་འབུལ།། རི་རབ་བང་རིམ་ཐ་མར་ལྡན།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁམས་སུ་དྲོ།། དགྲ་བཅོམ་གཟུགས་དང་རང་རྒྱལ་གཟུགས། ། ལྷ་དང་ལྷ་མིན་ཐང་བཟངས་རིས།། ཚངས་པ་བརྒྱ་བྱིན་འཁོར་དང་བཅས།། ཡི་དགས་དུད་འགྲོ་བྱོལ་སོང་དང།། རིགས་དྲུག་འགྲོ་བ་ཐམས་ཅད་ཀྱི།། གཟུགས་སུ་སྣ་ཚོགས་མ་ལུས་པ།། གཤིན་རྗེ་མེ་ཁྱེར་འཁོར་དང་བཅས། ། བྱོལ་སོང་གཅིག་ལ་གཅིག་ཟ་བ།། མུན་ནག་ཐིབས་པའི་ནང་ན་བཞུགས།། རང་རང་གཟུགས་ཀྱང་མི་མཐོང་སྟེ།། ཕྱོགས་དང་རིགས་མེད་ས་རུ་འགྲོ།། ཁྱུ་དང་སྡེ་མེད་ཕྲད་ཕྲད་ཟ་བར་བྱེད། ། བྱོལ་སོང་གླང་ཆེན་འཁོར་དང་བཅས།། སྲིད་པའི་སྨན་མོའི་རྫས་སུ་འབུལ།། ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད།། ཉི་ཚེ་བ་དང་ཉི་འཁོར་བ།། དམྱལ་ཁམས་ཆེན་པོ་བཅཱ+ོ་བརྒྱད་དེ།། དམྱལ་པའི་འ་ཝ་གླང་མགོ་ཅན། ། སྲིད་པའི་སྨན་མོའི་རྫས་སུ་འབུལ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫ་ཡི་ཁབས་སུ་དྲོ།། དེ་ནས་ངར་ཕྱེ་ཆ་གཅིག་ལ།། ངུར་པ་ངང་པ་སྐད་སྙན་དི་རི་རི།། གྱུ་སྲམ་མང་པོ་ཀུ་རུ་རུ།། སྤལ་ལྕོང་མང་པོ་རྩེ་རེ་རེ། ། བ་འབྲི་མང་པོ་རྩི་རི་རི།། གྲོག་སྦུར་སྲོག་ཆགས་ཤག་མ་ཤིག། རི་རབ་བང་རིམ་ཐ་མ་ལའོ།། སྲིད་པའི་སྨན་མོའི་རྫས་སུ་འབུལ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ། ། དེ་ནས་ངར་ཕྱེ་ཆ་གཅིག་ལ།། ཤར་ཕྱོགས་ཤ་དང་རུས་པའི་གླུད།། དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང།། མི་དང་ཕྱུགས་ཟན་ཡན་ཆད་ཀྱང།། ཟླ་གམ་གླིང་དང་བཅས་ཏེ་འབུལ།། ལྷོ་ཕྱོགས་མ་དང་དྲོད་ཀྱི་གླུད། ། གཤིན་རྗེ་འཕགས་སྐྱེས་འཁོར་དང་བཅས།། མི་དང་ཕྱུགས་ཟན་ཡན་ཆད་ཀྱང།། སོག་ཀ་གླིང་དང་བཅས་ཏེ་འབུལ།། ནུབ་ཕྱོགས་ཁྲག་དང་ཆུ་ཡི་གླུད།། ཀླུ་དང་སྤྱན་མི་བཟང་པོ་འཁོར་དང་བཅས།། མི་དང་ཕྱུགས་ཟན་ཡན་ཆད་ཀྱང། ། ཟླུམ་པོ་དམར་པོའི་གླིང་དང་བཅས་ཏེ་འབུལ།། བྱང་ཕྱོགས་རླུང་དང་དབུགས་ཀྱི་གླུད།། གནོད་སྤྱིན་རྣམ་ཐོས་འཁོར་དང་བཅས།། མི་དང་ཕྱུགས་ཟན་ཡན་ཆད་ཀྱང།། སེར་པོ་གྲུ་བཞི་གླིང་དང་བཅས་ཏེ་འབུལ། ། ཟླ་བ་དེ་ནི་བཅུ་གཉིས་ནི།། གླིང་ཕྲན་དེ་ནི་བརྒྱད་དང་ནི།། ནག་པོ་རིགས་དང་བཅས་པ་འབུལ།། སྲིད་པའི་སྨན་མོ་རྫས་སུ་འབུལ།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ། ། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། གླིང་བཞི་སྲོག་ཆགས་ཀྱི་ལེའུ་སྟེ་བཅཱ་བརྒྱད་པའོ།།།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། ནམ་མཁའི་ཚཽན་གནས་བཀའ་སྩལ་པ། ། སྔོན་དམར་སྣ་ཚོགས་ནམ་མཁའ་ནི།། ཀྱེ་དང་པོ་ཚོན་བྱུང་གང་ནས་བྱུང།། དང་པོ་ཆེན་ཚོན་བཙལ་གང་ནས་བཙལ།། གནོད་འདུལ་རྡོ་རྗེ་སེམས་དཔའ་ཡིས།། ཕྱོགས་བཞི་དབུས་དང་ལྔ་རུ་བྱོན། ། ཁ་དོག་ལྔ་ལས་དཔེ་བླངས་ཏེ།། འབྱུང་བ་ལྔ་ཡི་བཅུད་དུ་བྱས།། རྫུ་འཕྲུལ་ཚོན་སྣ་རྣམ་པ་ལྔ།། ཡེ་ཤེས་འོད་ཀྱི་རི་མོར་བྲིས།། འབྱུང་བ་བཅུད་ཀྱི་དང་མར་བཞག། ཕུང་པོ་ལྔ་ཡི་གླུད་དུ་འབུལ།། ཚོན་བལ་དཀར་པོ་ཀུན་གཞི་སེམས་ཀྱི་གླུད། ། གླུད་ཀྱི་བལ་ཚོན་དཀར་པོ་འབུལ།། བྱུང་ཀྱང་འབྱུང་བ་ལྔ་ལ་བྱུང།། གཟུགས་ཀྱི་ཕུང་པོའི་གླུད་དུ་འབུལ།། བལ་ཚོན་སྔོན་པོ་ཚེ་དང་དྲོད་ཀྱི་གླུད།། གླུད་ཀྱི་བལ་ཚོན་སྔོན་པོ་འབུལ། ། འབུལ་ཀྱང་འབྱུང་བ་སེམས་ལ་འབུལ།། ཚོར་བའི་ཕུང་པོའི་གླུད་དུ་འབུལ།། བལ་ཚོན་དམར་པོ་ཤ་དང་ཁྲག་གི་གླུད།། འབུལ་ཀྱང་འབྱུང་བ་ཆུ་ལ་འབུལ།། འདུ་ཤེས་ཕུང་པོའི་གླུད་དུ་འབུལ།། བལ་ཚོན་སེར་པོ་འཁོར་བ་དབུགས་ཀྱི་གླུད། ། གླུད་ཀྱི་བལ་ཚོན་སེར་པོ་འབུལ།། འདུ་བྱེད་ཕུང་པོའི་གླུད་དུ་འབུལ།། བལ་ཚོན་ནག་པོ་བཀྲག་དང་མདངས་ཀྱི་གླུད།། གླུད་ཀྱི་བལ་ཚོན་ནག་པོ་འབུལ།། འབུལ་ཀྱང་འབྱུང་བ་ས་ལ་འབུལ། ། རྣམ་ཤེས་ཕུང་པོའི་གླུད་དུ་འབུལ།། འཇའ་ཚོན་རིས་སུ་བྲིས་པ་འདི།། དངས་མ་ལྔ་ཡི་གླུད་དུ་འབུལ།། རིམ་པ་ལྔ་རུ་བྲིས་པ་འདི།། ཡེ་ཤེས་ལྔ་ཡི་གླུད་དུ་འབུལ།། པ་ཏྲ་རིས་སུ་བྲིས་པ་འདི། ། ཐམས་ཅད་རྒྱས་པས་ལས་བཞི་རྫོགས།། མིག་མང་རིས་སུ་བྲིས་པ་འདི།། ཕྱི་ནང་མེད་པར་གསལ་བ་ཡིན།། རིན་ཆེན་བརྩིགས་པར་བྲིས་པ་འདི།། དགོས་འདོད་ཐམས་ཅད་སྐོངས་པ་ཡིན།། རྒྱ་མདུད་རིས་སུ་བརྩམས་པ་འདི། ། མཁའ་དགུ་ཀློང་དགུ་བསྟན་པ་ཡིན།། འཁོར་ལོ་རིས་སུ་བྲིས་པ་འདི།། གཏི་མུག་ཐམས་ཅད་གཅོད་པ་ཡིན།། སྟེང་དང་འོག་ཏུ་བརྩིགས་པ་འདི།། ཁམས་གསུམ་བརྩེགས་མར་བསྟན་པ་ཡིན། ། བླ་གབ་གུར་གྱི་ནམ་མཁའ་ནི།། འགྲོ་དྲུག་གདུགས་ཀྱི་དྲོ་བ་ཡིན།། ཕྱོགས་བཞི་དབུས་དང་ལྔར་བསྟན་པ།། ཐུགས་རྗེ་ཀུན་ལ་ཁྱབ་པ་ཡིན།། མུ་ཁྱུད་གཅིག་ཏུ་འདུག་པ་ནི།། མཁའ་ཀློང་གཅིག་ཏུ་ཤེས་པ་ཡིན། ། ཡོན་ཏན་རིས་སུ་བྲིས་པ་ནི།། དུས་བཞི་སྙོམས་ཤིང་ཐུགས་རྗེས་འདྲེན་པ་ཡིན།། ཟླ་གམ་གུར་གྱི་ཐུགས་དམ་སྐོང།། ས་གཞི་གདན་གྱི་ནམ་མཁའ་འདིས།། འདབ་མ་བརྒྱད་དུ་བྲིས་པ་ནི།། ཆོས་ཉིད་རང་རྒྱུད་ཡོན་ཏན་དང། ། ཡེ་ཤེས་ཆེན་པོ་རྣམ་པ་བརྒྱན།། བཞྀ་པ་བརྒྱད་དུ་ཡང་དག་ལྡན།། ཡོན་ཏན་གསུམ་གྱི་སྡུག་བསྔལ་ཞིང།། ཆོས་ཉིད་གསུམ་ནི་རྣམ་རྟོག་སྟེ།། ཡེ་ཤེས་རང་རྒྱུད་འཁོར་འདས་གཉིས། ། དེ་ལྟར་རྟག་ཏུ་ཡོད་པ་ལ།། རྣམ་ཤེས་བརྒྱད་ལྡན་རིགས་སུ་བྲིས།། ཐམས་ཅད་འབྱུང་བའི་བཞི་དག་དང།། རྩིབས་བཞི་སྟེང་དུ་བཅུ་བཞི་བསྒྱེལ།། ས་བཞི་གདན་གྱི་ཐུགས་དམ་བསྐོངས།། ཕྱོགས་བཞི་འབྱུང་བའི་ནམ་མཁའ་ནི། ། རུ་མཚམས་བཞི་རུ་ཕྱེ་ནས་ཀྱང།། རྟོག་མེད་མཁའ་ལ་རྣམ་པར་བཞག། དབྱིངས་ཕྱུག་རྒྱལ་མོའི་བྷ་གའི་བདག། དོན་དམ་དབྱིངས་ལས་མ་སྐྱེད་ཀྱང།། དབྱིངས་དང་ཡེ་ཤེས་མཐའ་ལས་འདས། ། མཐའ་གཉིས་གྲོལ་ཕྱིར་གླུད་དུ་འབུལ།། ཆེ་མཆོག་སྐུ་ཡི་ནམ་མཁའ་འདིས།། སྐུ་སྟོད་སངས་རྒྱས་ལྔ་རུ་གྲུབ།། སྐུ་སྨད་རྒྱལ་མོ་ལྔ་རུ་གྲུབ།། རྐེད་པ་ཁྲོ་མོ་རྣམ་ཞལ་མ།། གསང་བའི་ཡེ་ཤེས་ག་འུར་འཁྱིལ། ། ཐབས་དང་ཤེས་རབ་སྦྱོར་བའི་ཞལ།། སྐྱེ་ཤི་རྩད་ནས་གཅོད་པའི་ཚེམས།། རྣམ་པར་ཐར་པ་ལྡན་པའི་དབུ།། རྟགས་ཀྱི་འཇའ་ཚོན་ནམ་མཁའ་འདི།། སྐོང་ནི་ནམ་མཁའི་ཐུགས་དམ་བསྐོང། གྲུབ་ནི་ཐུགས་ཀྱི་རིགས་འཛིན་གྲུབ། ། བརྗོད་མེད་ཆོས་ཀྱི་དབྱིངས་སུ་བསྐང།། རི་རབ་སྲིད་པའི་བུམ་རྩེ་ནས།། དཀྱིལ་འཁོར་ལྟ་བུའི་ནམ་མཁའ་འདིས།། གྲུབ་པ་མ་མོའི་ཐུགས་དམ་བསྐང།། ཁ་དོག་རྒྱན་གྱི་ནམ་མཁའ་འདིས། ། རིགས་བཞི་རྒྱལ་མོའི་ཐུགས་དམ་བསྐང།། མཐིང་ནག་རྟགས་ཀྱི་ནམ་མཁའ་འདིས།། བཀྲག་གསལ་འབར་མའི་ཐུགས་དམ་བསྐང།། ནམ་མཁའ་དུང་མིག་སྤྲས་པ་ལ།། ཁ་དོག་ལྔ་ཡི་རྒྱན་གྱིས་བརྒྱན། ། རྣམ་སྣང་གསལ་གྱི་ཐུགས་དམ་བསྐང།། ནམ་མཁའ་གཡུ་མིག་སྤྲས་པ་ལ།། ཁ་དོག་ལྔ་ཡི་རྒྱན་གྱིས་བརྒྱན།། འོད་གསལ་འབར་གྱི་ཐུགས་དམ་བསྐང།། ནམ་མཁའ་གསེར་མིག་སྦྲས་པ་ལ།། ཁ་དོག་ལྔ་ཡི་རྒྱན་གྱིས་བརྒྱན། ། ཡང་གསལ་གཡོས་ཀྱི་ཐུགས་དམ་བསྐང།། རི་རབ་གླིང་བཞིའི་ཤར་ཕྱོགས་ན།། དཀར་མོ་ཟང་ཡག་གསུམ་བརྩེགས་ཀྱིས།། པདྨ་རིགས་ཀྱི་རྒྱལ་མོ་བློན་མོ་གསུམ་གྱི་ཐུགས་དམ་བསྐང།། རི་རབ་གླིང་བཞིའི་བྱང་ཕྱོགས་ན། སེར་མོ་ཟང་ཡག་གསུམ་བརྩེགས་ཀྱིས།། ལས་ཀྱི་རིགས་ཀྱི་རྒྱལ་མོ་བློན་མོ་གསུམ་གྱི་ཐུགས་དམ་བསྐང།། རི་རབ་བུམ་པའི་ནང་མཚམས་ནས།། གསེར་མིག་རྣམ་ལྔའི་མདངས་དང་ལྡན། ། སེར་མོ་འོད་དང་བཅས་པ་ཡིས།། སྲིད་པ་བདེ་འགྲོ་མའི་ཐུགས་དམ་བསྐང།། དུང་མིག་ནམ་མཁའི་མདངས་དང་ལྡན།། དཀར་པོ་འོད་དང་བཅས་པ་ཡིས།། ཉི་མ་ཐོད་འཕྲེང་ཐུགས་དམ་བསྐང།། ཁ་དོག་ལྔ་ཡི་ཕོ་བྲང་ལ། ། ནག་པོ་མདངས་ལྡན་མཛེས་པའི་རྒྱན།། དེ་ལྟར་བཞི་ནི་ཕྱོགས་བཞི་ལ།། ཁྲོས་པའི་རྒྱལ་མོ་བཞི་ཡི་ཐུགས་དམ་བསྐང།། གུང་ཚིག་ནག་པོའི་རྒྱན་དང་ལྡན།། སྦས་པ་མ་བཞིའི་ཐུགས་དམ་བསྐང། ། ཁ་དོག་བཞི་ཡི་ཕོ་བྲང་ལ།། ཐ་སྟག་ནག་པོའི་རྒྱན་དང་ལྔ།། དགྱེས་སྡེ་བཞི་ཡི་ཐུགས་དམ་བསྐང།། ནག་པོ་ཟང་མ་རྣམ་པ་གསུམ།། དཔལ་ལྡན་མོ་ཡི་ཐུགས་དམ་བསྐང།། ནག་པོ་ཟང་མ་རྣམ་པ་བདུན། ། ཟ་བྱེད་སྲིན་མོ་བདུན་གྱི་ཐུགས་དམ་བསྐང།། ཚོན་སྣ་ཚང་བའི་ནམ་མཁའ་འདིས།། གྲུབ་འདེགས་རྒྱལ་མོའི་ཐུགས་དམ་བསྐང།། དཀར་ལ་མཛེས་པའི་རྒྱན་དང་ལྡན།། ཆགས་བྱེད་མ་ཡི་ཐུགས་དམ་བསྐང། ། སྔོ་ལ་ཁ་དོག་རྒྱན་དང་ལྡན།། ཆག་སྙོམས་མ་ཡི་ཐུགས་དམ་བསྐང།། དཀར་དམར་ཚོན་སྣ་ལྔ་དང་ལྡན།། མཛེས་པའི་རིམ་པ་ཡང་དག་ལྡན།། ཛ་ཏི་མ་ཡི་ཐུགས་དམ་བསྐང།། ནག་པོ་མཛེས་པ་སོ་སོར་བྲིས། ། འདོད་ཁམས་གསུམ་གྱི་ཐུགས་དམ་བསྐང།། སྤྱན་དགུར་མཛེས་པ་རྣམ་པ་ལྔས།། དམག་གི་རྒྱལ་མོའི་ཐུགས་དམ་བསྐང།། སྲིང་མོ་བཞི་ཡི་ཐུགས་དམ་བསྐང།། མདངས་དམར་བྱས་པ་རྣམ་པ་བཞིས། ། བདུད་མོ་བཞི་ཡི་ཐུགས་དམ་བསྐང།། དཀར་སྔོ་ལྡན་པ་རྣམ་པ་བཞིས།། སེར་ནག་མཛེས་པ་རྣམ་པ་བཞིས།། སྨན་མོ་བཞི་ཡི་ཐུགས་དམ་བསྐང།། རེ་མི་ཟངས་མིག་གཡུ་མིག་དང།། ཕུགས་བདག་སྐོར་སྤྱིན་འབྲོག་མོ་དང། ། བྱང་འབྲོག་ས་སྲིན་ཐམས་ཅད་བསྐང།། ཁྲེ་དང་ར་བལ་རྩིད་པ་དང།། ཐོགས་མ་རིགས་ཀྱི་ཐུགས་དམ་བསྐང།། ཟང་ཟིང་ནམ་མཁའ་སྣ་ཚོགས་བརྒྱན།། སྣང་སྲིད་མ་མོའི་ཐུགས་དམ་བསྐང། ། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། སྔོན་དམར་ཚོན་བསྐོས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།།།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ།། ད་ཅི་ནམ་མཁའ་ཚོན་གྱིས་བསྐང།། ད་ནི་ཁ་དོག་རྒྱན་གྱིས་བསྐང། ། འགྲོ་དྲུག་ཡོངས་ལ་ཁྱབ་པའི་ཕྱིར།། ཐུགས་རྗེ་བླ་གབ་གུར་གྱིས་བསྐང།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། ཐུགས་རྗེ་ཡོངས་ལ་ཕན་པ་ཡིས།། འཕན་རིངས་བཞི་ཡི་རྒྱན་གྱིས་བསྐང། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། ཡེ་ཤེས་ལྔ་དང་ལྡན་པ་ཡིས།། དམ་ཚོན་རྒྱལ་མཚན་ལྔ་ཡིས་བསྐང།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་དྲོ། ། གསལ་བ་ཡེ་ཤེས་མཚོན་པའི་ཕྱིར།། མེ་ལོང་བཞི་ཡི་རྒྱན་གྱིས་བསྐང།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། གླིང་ཁམས་ཕྱོགས་བཞིར་བསྐྱང་བའི་ཕྱིར།། ཡོལ་ཆེན་བཞི་ཡི་རྒྱན་གྱིས་བསྐང། ། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། རྒྱལ་མོ་རུ་དཔོན་དབྱེ་པའི་ཕྱིར།། རུ་དཔོན་བཞི་ཡི་རྒྱན་གྱིས་བརྒྱན།། བློན་མོའི་ཕྱོགས་ནས་གདའ་པའི་ཕྱིར།། དེད་དཔོན་བཞི་ཡི་རྒྱན་གྱིས་བསྐང། ། སྲིད་གསུམ་ཕུར་པས་གདབ་པའི་ཕྱིར།། ཕུར་ནག་བཞི་ཡི་རྒྱན་གྱིས་བསྐང།། གདུག་པ་རྩད་ནས་བཅད་པའི་ཕྱིར།། རལ་གྲི་བཞི་ཡི་རྒྱན་གྱིས་བསྐང།། མཐའ་བཞི་ནན་ནས་གནན་པའི་ཕྱིར། ། མདའ་ཆེན་བཞི་ཡི་རྒྱན་གྱིས་བསྐང།། རུ་བཞི་ཕུར་པས་གདབ་པའི་ཕྱིར།། སྣ་ཚོགས་དར་གྱི་རྒྱན་གྱིས་བསྐང།། བྱ་བརྡ་བཞི་ཡི་རྒྱན་གྱིས་བསྐང།། གནམ་མཐའ་ཕུར་པས་གདབ་པའི་ཕྱིར། ། ལྕགས་ཕུར་ནག་པོ་བཞི་ཡི་རྒྱན་གྱིས་བསྐོང།། འབྱུང་བའི་དངས་སྙིགས་དབྱེ་བའི་ཕྱིར།། སྣ་ཚོགས་དར་གྱི་རྒྱན་གྱིས་བསྐང།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། ཁ་དོག་རྒྱན་གྱིས་བསྐང་བའི་ལེའུ་སྟེ་ཉི་ཤུ་པའོ།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ།། ད་ཅི་ཁ་དོག་རྒྱན་གྱིས་བསྐང།། ད་ནི་འདོད་ཡོན་ཟས་ཀྱིས་བསྐང།། ཤ་སྣ་བརྒྱ་དང་སྙིང་སྣ་སྟོང། ། ཞལ་ཟས་སྤྱན་གཟིགས་སྣ་ཚོགས་དང།། དུང་དང་གཟི་མཆོག་དར་ཟབ་དང།། འཚོ་བྱེད་རྩི་སྨན་སྣ་ཚོགས་དང།། གོས་དང་བཟང་རས་ལྷབ་ལྷུབ་དང།། སྤུ་སྡུག་གཅན་གཟན་རས་མ་དང། ། མེ་ཏོག་མཛེས་པ་སྣ་ཚོགས་དང།། འདི་དག་འདོད་ཡོན་ལོངས་སྤྱོད་དེ།། འདི་ཡང་མི་ཡི་གླུད་དུ་བཟང།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། འདོད་ཡོན་ལོངས་སྤྱོད་ཀྱི་ལེའུ་སྟེ་ཉེར་གཅིག་པའོ། །།། གནོད་འདུལ་རྡོ་རྗེ་སེམས་དཔའ་ཡིས།། ད་ཅི་འདོད་ཡོན་ཟས་ཀྱིས་བསྐང།། ད་ནི་འདབ་ཆགས་སྒྲོ་ཡིས་སྐོང།། དེ་ལྟར་ནམ་མཁའ་སྣ་ཚོགས་དང།། དུང་བྱ་དཀར་མོའི་སྒྲོ་ཡི་གདགས་པར་མི་བྱ་རུ། ། མཁའ་འགྲོ་རྣམ་པར་དག་པ་ལགས།། བྱ་རྒོད་སྒྲོ་ཡིས་མི་གདགས་སུ།། ཅིར་ཡང་གསལ་བའི་དཔེ་རུ་བཏགས།། རྨ་བྱ་སྒྲོ་ཡིས་མོ་གདགས་སུ།། བྱ་རྒོད་སྤུངས་པའི་གནས་དང་ལྡན། ། བྱ་ཁྱུང་སྒྲོ་ཡིས་མི་གདགས་སུ།། ནམ་འཕངས་གཅོད་པའི་དཔེ་རུ་བཏགས།། ཁུ་བྱུག་སྒྲོ་ཡིས་མི་གདགས་སུ།། མ་མོ་སྒྲ་སྐད་སྙན་པ་ལགས།། གྱི་བརྡ་སྒྲོ་ཡིས་མི་གདགས་སུ།། དགྲ་བགེགས་སྙིང་ནས་འདྲེན་པའི་རྟགས། ། སྐྱུང་ཀའི་སྒྲོ་ཡིས་མི་གདགས་སུ།། བདུད་མོ་ཐམས་ཅད་དགོས་པ་ལགས།། ཆུ་བྱའི་སྒྲོ་ཡི་མི་གདགས་སུ།། ས་བདག་གླུ་སྲིད་དགེས་པ་ལགས།། ཟེར་མོའི་སྒྲོ་ཡིས་མི་གདགས་སུ།། འཕན་བཟང་སྒྲོ་དང་ལྡན་པ་ལགས། ། སྦབ་ཀྱི་སྒྲོ་ཡིས་མི་གདགས་སུ།། ནག་མོ་ཁྲག་མོ་གླུད་དུ་འབུལ།། སྐྱ་ཀའི་སྒྲོ་ཡིས་མི་གདགས་སུ།། སྣང་སྲིད་སྨན་མོ་དགེས་པ་ལགས།། པུ་ཤུ་སྒྲོ་ཡིས་མི་གདགས་སུ།། བྱང་འགྲོག་ཐམས་ཅད་དགེས་པ་ལགས། ། པ་ཏི་སྒྲོ་ཡིས་མི་གདགས་སུ།། ཕུང་བདག་ཐམས་ཅད་དགེས་པ་ལགས།། འུག་པའི་སྒྲོ་ཡིས་མི་གདགས་སུ།། དུར་ཁྲོད་མ་མོ་དགེས་པ་ལགས།། དེ་ལ་སོགས་ཏེ་འདབས་ཆགས་གནས། ། སྣ་ཚོགས་སྒྲོ་ཡིས་མི་གདགས་སུ།། ལས་ཀྱི་མ་མོ་དགེས་པ་ལགས།། འདི་ཡང་མི་ཡི་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། འདབ་ཆགས་སྒྲོ་ཡིས་བསྐང་བའི་ལེའུ་སྟེ་ཉེར་གཉིས་པའོ། །།། གནོད་འདུལ་ལྷ་ཡིས་བཀའ་བསྩལ་པ།། ཡོན་ཏན་བསོད་ནམས་ལྡན་པ་ནི།། དེ་ཡི་ཕ་ཕྱོགས་ཐམས་ཅད་ལ།། ཁྲོས་པ་ཙམ་གྱིས་འཇིགས་པར་འགྱུར། ། བསྡིགས་པ་ཙམ་གྱིས་སྐྲག་པར་འགྱུར།། བྷྱོ་ཞེས་རྔམ་པའི་སྒྲ་བསྒྲགས་པས།། ཐམས་ཅད་མ་ལུས་རྡུལ་དུ་རློགས།། ཕཊ་ཅེས་དྲག་པོས་ཚར་གཅད་པས།། བསྐལ་པ་གསུམ་དུ་འཕང་པར་བྱེད། ། འདི་ལ་མོས་ཤིང་བརྩེ་བ་རྣམས།། ཆེ་བ་ལྔ་དང་ལྡན་པར་འགྱུར།། མཐུ་དང་སྟོབས་དང་གཟུགས་བྱད་དང།། བསོད་ནམས་ལོངས་སྤྱོད་ཆེ་བར་འགྱུར།། འདི་ལ་མོས་ཤིང་བརྩེ་བ་རྣམས།། བཀའ་ཉན་མང་པོས་སྐུལ་བར་བྱེད། ། ལྷ་སྲིན་གཉིས་ཀྱང་བུ་བཞིན་དུ།། ཅི་བསམ་འགྲུབ་ལ་འཁོར་འདབ་འཕེལ།། ཐུན་མོངས་ལོངས་སྤྱོད་བསམ་མི་ཁྱབ།། ཁྱད་པར་ཆོས་ཀྱི་ལོངས་སྤྱོད་ཐོབ།། གདུགས་དང་རྒྱལ་མཚན་ལ་སོགས་དང། ། མང་པོས་བཀུར་བའི་འོས་སུ་འགྱུར།། དུང་དང་ཆ་ལང་པི་ཝང་དང།། སྒྲ་ཡི་རོལ་མོ་འཁོར་དང་བཅས།། རྒྱལ་པོ་ལྟར་ནི་གྲགས་པར་འགྱུར།། ཡིད་ཀྱི་སྤྱོད་ཡུལ་གང་འཐད་པ།། བསམ་པ་ལྟར་ནི་འཕེལ་བར་འགྱུར། ། ཡོན་ཏན་བསོད་ནམས་བརྗོད་མི་ལང།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། ཡོན་ཏན་བསོད་ནམས་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།།།། གསང་བའི་བདག་པོས་ཡང་ཞུས་པ། ། བསྔོ་བ་བྱ་བ་ཇི་ལྟར་ལགས།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ།། བསྔོ་པར་བྱ་བ་འདི་ལྟ་སྟེ།། སྤྱི་དང་ཁྱད་པར་གཉིས་སུ་གསུངས།། ལེགས་པར་བསྔོ་ཡི་ཡིད་ལ་ཟུང།། སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། ། བཅུད་ཀྱི་འགྲོ་དྲུག་གཏོར་མར་བྱས།། ལོངས་སྤྱོད་ལྔ་ཡི་རྒྱན་དུ་བྱས།། དམ་རྫས་ལྒ་ཡི་བཅུད་དུ་བྱས།། རིན་ཆེན་ལྔ་ཡི་སྣོད་དུ་བྱས།། འདོད་ཡོན་ལྔ་ཡི་བཅུད་དུ་བྱས།། བསྔོ་བ་མེད་པའི་བསྔོ་བ་སྟེ།། དབྱིངས་དང་ཡེ་ཤེས་གཉིས་སུ་བསྔོ། ། འཛའ་གད་དཔའ་པོ་བདུད་རྩི་མཆོག། བསྔོ་བ་བརྒྱ་ལ་ལོ་མ་སྟོང།། ར་ས་ཡ་ནའི་བཅུད་དང་ལྡན།། གཞོན་ནུ་སྒེག་མོ་མཉེན་ལྕུག་ལྡན།། གསང་པའི་ཡུམ་མཆོག་མཱ་མ་ཀི། འདུ་འབྲལ་མེད་པས་མཱ་མ་ཀི། ཤེས་རབ་གསལ་བའི་མཱ་མ་ཀི། དང་པོ་ཚིམ་པས་མཱ་མ་ཀི། བདེ་བ་རྒྱས་པས་མཱ་མ་ཀི། བདུད་རྩི་ཚིམ་པས་མཱ་མ་ཀི། དངོས་གྲུབ་ཐོབ་པས་མཱ་མ་ཀི། དངོས་གྲུབ་བྱུང་བས་ཨ་མྲྀ་ཏ།། ཚོགས་གཉིས་རྫོགས་པས་ཨ་མྲྀ་ཏ། ། ཀུན་འབྱུང་ཡོན་ཏན་ཨ་མྲྀ་ཏ།། འཁོར་བ་ཟད་བྱེད་ཨ་མྲྀ་ཏ།། ཉེས་པའི་སྐྱོན་སེལ་ཨ་མྲྀ་ཏ།། ཉམས་ཆག་སྐྱོན་སེལ་བདུད་རྩིའི་བཅུད།། བསྔོ་བ་མེད་པའི་བསྔོ་བ་ནི།། བླ་མེད་བྱང་ཆུབ་ཆེན་པོར་བསྔོ། ། བདེ་བ་ཡེ་ཤེས་ཆེན་པོར་བསྔོ།། མཱུ་ལ་རཀྟ་རྩ་བའི་ཁྲག། ཆུ་དང་མ་འདྲེས་དངས་མའི་ཁྲག། མཧཱ་རཀྟ་ཆེན་པོའི་ཁྲག། པདྨ་རཀྟ་སྤྱོར་བའི་ཁྲག། དུར་ཁྲོད་འབར་མ་བམ་གྱིས་ཁྲག། དངོས་གྲུབ་ཡོན་ཏན་ཙིཏྟའི་ཁྲག། ཉེས་པའི་སྐྱོན་སེལ་ནད་ཀྱི་ཁྲག། ཚམས་རྔམ་དྲག་པོ་གྲི་ཡི་ཁྲག། རྣམ་རྟོག་སྒྲིབས་སིལ་མཛེ་ཡི་ཁྲག། རང་བྱུང་ཐུགས་རྗེ་ཤངས་ཀྱི་ཁྲག། ཉམ་ང་རེག་པ་ལྕགས་ཀྱི་ཁྲག། སྣ་ཚོགས་རྟོག་མེད་ཚོགས་པའི་ཁྲག། རང་འདོད་བསྐོངས་པ་དོན་གྱི་ཁྲག། བསྔོ་བ་མེད་པའི་བསྔོ་བ་འདི།། བྷ་ག་སྐྱེ་མེད་ཀློང་དུ་བསྔོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། སྤྱི་དང་ཁྱད་པར་གྱི་བསྔོ་བའི་ལེའུ་སྟེ་ཉེར་བཞི་པའོ། ། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ།། གནོད་འདུལ་རྡོ་རྗེ་སེམས་དཔའ་ཡིས།། སརྦ་རྡོ་རྗེ་དངོས་གྲུབ་ཀྱི།། བསམ་པའི་རྒྱུད་ལ་གང་གནས་པ།། རང་རང་འདོད་པ་ཚིམ་པར་བསྔོ། ། དེ་ལྟར་རི་རབ་གླིང་བཞི་ལ།། རི་རབ་གསེར་གྱི་རི་བདུན་འཁོར་ལོ་ལས།། དེ་ཡང་བང་རིམ་ཚད་དང་ལྡན།། བསོད་ནམས་ཕྱེ་ཚད་ཕྱེད་དང་དོ།། གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན།། སེང་ལྡེང་འཛིན་དང་རྔ་ཡབ་འཛིན། ། བདུད་རྩི་འཛིན་དང་མུ་ཁྱུད་འཛིན།། དེ་དག་གསེར་ལས་བྱས་པ་བདུན།། ཕོ་བྲང་བརྩེགས་པའི་ཚུལ་དུ་བསྔོ། རོལ་པའི་མཚོ་བདུན་འཁོར་ལོ་ལས།། བདུད་རྩི་མཚོ་དང་འོ་མའི་མཚོ། ། ཆང་གི་མཚོ་དང་མར་ཁུའི་མཚོ། ཁྲག་གི་མཚོ་དང་ཆུ་ཡི་མཚོ།། དུག་གི་མཚོ་དང་རྣམ་པ་བདུན།། མཚོ་རྣམས་བདུན་རྩིར་གྱུར་པའོ།། དཀྱིལ་འཁོར་མེ་ལོང་ཚུལ་དུ་བསྔོ།། ལྕགས་རི་ནག་པོ་མཐོ་བ་སྟེ། ། དཔག་ཚད་རི་རབ་ཕྱེད་དང་མཉམ།། གཉའ་ཤིང་འཛིན་གྱིས་གནམ་དུ་སླེག། རི་རི་ནག་པོའི་རྩེ་མོ་ལ།། སོལ་བའི་བུ་ཡུག་ནག་པོ་འཐུལ།། གཏི་མུག་སྤྲིན་ནི་མུན་ལྟར་གཏིབས།། ལྕགས་དང་གནམ་ལྕགས་ཐོག་ཆེན་འབེབས། ། ཕྲག་དོག་གསལ་པའི་བུ་ཡུག་འཚུབས།། ཀྱིན་འདང་ཁྲོ་ཆུའི་ཆར་པ་འབེབས།། ང་རྒྱལ་མེ་ཆེན་གློག་ལྟར་འགྱུ།། བྱོལ་སོང་གཏི་མུག་གནས་སུ་གསལ། བྱོལ་སོང་སྟོབས་ཆེན་རྣམས་ཀྱིས་ཀྱང། ། འདོད་ཆགས་བླན་པའི་སེམས་བསྐྱེད་དེ།། གཅིག་གིས་གཅིག་ཀྱང་ཟ་བར་བྱེད།། འཁུ་སྐད་འདོན་ཅིང་ཀུན་ཏུ་རྒྱུག། ཁྱུ་དང་སྡེ་ཚན་ངོ་མི་ཤེས།། ཁྱོ་དང་བུ་མེད་འཛིན་པ་མེད།། སྟོབས་ཆུང་དབང་མེད་སྟོབས་ཀྱང་འཕྲོག། ཞེ་སྡང་ཀེང་རུས་རི་རུ་བརྩིགས།། ང་རྒྱལ་མེ་དཔུང་ལུས་ལ་འབར།། གཟུང་འཛིན་ལུས་ལ་ཐོག་མཐའ་མེད།། ཕྲག་དོག་སེར་སྣའི་མདུད་པས་བཅིངས།། གཏི་མུག་རྨོངས་པའི་མུན་པས་གཏིབས། ། བྱོལ་སོང་གནས་ན་ཡ་རེ་ཆ།། གང་ཞིག་གཡོ་སྒྱུ་ཆགས་པ་རྣམས།། གནས་ངན་དེ་རུ་སྐྱེ་བར་བྱེད།། གཞན་ཡང་འཇིག་རྟེན་འདི་རུ་གྲགས་པ་ཡང།། གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང།། ཁྱད་པར་སོ་སོའི་རྗེས་སུ་བསྔོ། ། ས་ལ་སྐྱེས་དགུ་ཆུ་ལ་འཕྱོ་དགུ་རྣམས།། མི་དང་རྫས་དང་ནོར་དུ་གྱུར་པ་རྣམས།། དཀའ་བ་མི་ལ་བཙལ་ཏེ་འབུལ།། རང་རང་སོ་སོའི་གནས་སུ་བསྔོ།། རུས་པའི་གླུད་འདི་བྲག་ལ་བསྔོ། ། ཁྲག་གི་གླུད་འདི་ཆུ་ལ་བསྔོ།། དྲོད་ཀྱི་གླུད་འདི་མེ་ལ་བསྔོ།། དབུགས་ཀྱི་གླུད་འདི་རླུང་ལ་བསྔོ།། སེམས་ཀྱི་གླུད་འདི་མཁའ་ལ་བསྔོ།། སྐྱེ་མཆེད་བཅུ་གཉིས་གླུད་བསྔོ་ན།། ཟླ་བ་བཅུ་གཉིས་དེ་ལ་བསྔོ། ། ཁམས་ཆེན་བཅཱ་བརྒྱད་གླུད་བསྔོ་ན།། རྟེན་འབྲེལ་བཅུ་གཉིས་དེ་ལ་བསྔོ།། རིགས་དྲུག་སེམས་ཅན་དེ་ལ་བསྔོ།། སྣ་ཚོགས་ལོངས་སྤྱོད་གླུད་བསྔོ་ན།། འཇིག་རྟེན་འབྱུང་བ་ལྔ་ལ་བསྔོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། སྲིད་པའི་གླུད་བསྔོ་བའི་ལེའུ་སྟེ་ཉེར་ལྔ་པའོ།།།། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ།། དེ་ལ་མི་ཉན་ཟུག་པ་ལ།། ཤིན་ཏུ་གསང་བ་བག་ཡོད་བསྔོ།། མི་ལུས་རུས་ཅིག་དེ་ལ་བསྔོ། ། ནས་ཟླ་ལུས་ཚད་དེ་ལ་བསྔོ།། ལུས་ལ་སྲོག་ཆགས་ཤག་བཟུང་ལ།། ཡོན་བདག་ཤ་ནི་དེ་ལ་བསྔོ།། ཡོན་བདག་ཤ་ནི་འདིལ་ཡོད།། ཡོན་བདག་སྐྱིན་དུ་འདི་བསྔོ་ཡིས།། གླུད་འདི་གསང་བ་ཤ་ཁྲག་གླུད། ། མི་འདི་འཇིག་རྟེན་རྟོག་པའི་མི།། རུས་ནི་ཡིད་རྟོག་རྒྱུན་ཆགས་རུས།། ལོ་ནི་ན་ཟླ་ལུས་ཚད་ལོ།། བརྗེ་ནི་བསྐྱིན་པ་འདི་དང་བརྗེ།། བསྔོ་ནི་ཡོན་བདག་གླུད་དུ་བསྔོ།། འབུལ་ནི་ཆེ་མཆོག་ཡབ་ལ་འབུལ། ། སྐོངས་ནི་མཁའ་འགྲོའི་ཐུགས་དམ་བསྐང།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། སྐྱིན་པ་གླུད་བསྔོ་བའི་ལེའུ་སྟེ་ཉེར་དྲུག་པའོ།།།། ཡང་དག་རྫོགས་པས་བཀའ་སྩལ་པ།། ཡན་ལག་འདོགས་འབྲེལ་གླུད་འབུལ་ན། ། བཤགས་སྙུག་ཚིགས་གསུམ་སྲོག་གི་གླུད།། དར་སྣ་བྱ་ཕོད་སྦྲིན་དང་ཁུ་རླངས་གླུད།། དར་དང་ཟ་འོག་ལྷབ་ལྷུབ་རྒྱན་གྱི་གླུད།། སྤོས་དང་བླ་བ་ཡིད་དང་ཐུགས་ཀྱི་གླུད། ། མཚལ་དང་ཙན་དན་དབང་པོ་སྐུ་ཡི་གླུད།། རྔ་སྒྲ་དབྱངས་སྙན་སྒྲ་རྣམས་གསུང་གི་གླུད།། སྐྱོན་ཡོན་རེ་དོགས་རྣམ་རྟོག་གཟུང་འཛིན་ཏེ།། ཡིད་ཆེས་མཐུན་པ་རྟོགས་མེད་ཡེ་སངས་རྒྱས།། ཐུགས་ལ་གོ་བས་བསོད་ནམས་དཔག་ཏུ་མེད། འདི་ཡང་ཡོན་བདག་གླུད་དུ་འབུལ།། འདི་ཡང་རྫས་ཀྱི་ཁབས་སུ་དྲོ།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ཡན་ལག་འདོགས་འབྲེལ་གྱི་ལེའུ་སྟེ་ཉེར་བདུན་པའོ། ། གནོད་འདུལ་ལྷ་ཡིས་ཡང་ཞུས་པ།། སྣང་སྲིད་མ་མོ་ཀུན་གྱི་བདག། དུར་ཁྲོད་བདག་མོ་རེ་མ་ཏི།། དབུགས་དང་རྒྱུ་ལ་ཞེན་ཆགས་ནས།། དེ་ལ་ཞུ་བ་ཇི་ལྟར་བགྱི།། གནོད་འདུལ་ལྷ་ཡིས་བཀའ་སྩལ་པ། ། མཚང་ལ་བརྒལ་ཏེ་བཀོས་ཀྱང་གདབ།། མིང་ནས་བོས་ཏེ་གླུད་ཀྱང་བསྔོ།། མ་གཅིག་བྱང་ཤར་རེ་མ་ཏི།། དབུ་སྐྲ་རལ་པ་གཅིག་ཏུ་འཁྱིལ་པ་ཡང།། ཁྱི་ཡོ་མྱ་ངན་བྱེད་པ་མ་ཡིན་ནམ།། ཕྱིན་ཕྱོགས་དྲེའུ་ཕོ་ལ་ཞོན་པ་ཡང། ། ཁྱོ་ཡིས་བསད་ཀྱིས་དོགས་པ་མ་ཡིན་ནམ།། སྐུ་ལ་རྨ་བྱའི་ཐུལ་པ་གསོལ་བ་ནི།། མཛའ་བོས་བྱི་ཐུལ་བསྐོན་པ་མ་ཡིན་ནམ།། ཟངས་མའི་ལྕགས་སྒྲོག་འབར་བ་ཞབས་ལ་གསོལ་བ་ཡང།། སྲིན་པོས་ལྕགས་སུ་བཅུག་པ་མ་ཡིན་ནམ། ། རྒྱབ་ཏུ་བདུད་ཀྱི་ཁྲམ་པམ་བསྣམས་པ་ཡང།། ཕ་ཡི་ལག་ཆ་བརྐུས་པ་མ་ཡིན་ནམ།། མདུན་ན་ཤོད་རྡེ་དཀར་ནག་བསྣམས་པ་ནི།། བདུད་དང་ཆོ་ལོང་རྩེ་བ་མ་ཡིན་ནམ། ། སྙན་ཆ་གཡས་ན་སེང་གེ་འཕྱོ་པ་ཡང།། རྒྱལ་པོའི་བཀའ་རྟགས་བཏབ་པ་མ་ཡིན་ནམ།། གཡོན་པ་སྦྲུལ་གྱི་གདེང་ཁ་འཕྱོ་བ་ཡང།། སྙན་ཁུང་ཀླུ་ཡིས་གདམས་པ་མ་ཡིན་ནམ།། སྡིག་པའི་རལ་གྲི་དམར་པོ་ཕྱག་ན་བསྣམས་པ་ཡང། ། སྲིན་པོའི་ལག་ཆ་བརྐུས་པ་མ་ཡིན་ནམ།། ཞིང་ལྤགས་གཡང་གཞི་སྐུ་ལ་གསོལ་བ་ཡང།། དུར་ཁྲོད་གཅེར་བུས་འཁྱགས་ནས་གོན་པ་མ་ཡིན་ནམ།། མི་ཡི་རྒྱལ་མཚན་ཕྱག་ན་བསྣམས་པ་ཡང། ། རང་གི་བུ་ཤ་ཟོས་པ་མ་ཡིན་ནམ།། སྐུ་ལ་རེ་ལྡེ་སེར་པོས་རྣམ་ཕྱེད་དཀྲིས་པ་ཡང།། སྲིན་པོའི་ནལ་ཕྲུལ་སྐྱེས་པ་མ་ཡིན་ནམ།། མི་ཤ་མི་མགོ་ཁྲག་ལ་རོལ་པ་ཡང།། མ་ཡི་དམོད་པ་ཟུག་པ་མ་ཡིན་ནམ། ། སྐུ་མདོག་མཐིང་ནག་འབའ་ཞིག་འདུག་པ་ཡང།། ལྷ་ཡི་ཁ་དོག་འགྱུར་བ་མ་ཡིན་ནམ། ནད་ཀྱི་རྐྱལ་པ་སྔ་ཤར་བཀལ་པ་ཡང།། མ་ལ་ཁྲོས་ནས་ཁམས་གསུམ་ལ།། མི་ནད་གཏོང་པ་མ་ཡིན་ནམ། ། ཚོན་གྱི་གྲུ་གི་ཕྱི་ཤར་བཏགས་པ་ཡང།། བདུད་ཀྱི་བྱང་ཐག་ཕྱོགས་པ་མ་ཡིན་ནམ།། མི་རོའི་དུར་ཁྲོད་རྒྱན་དུ་བྱས་པ་ཡང།། སྲིན་པོའི་ཆུན་མ་བྱས་པ་མ་ཡིན་ནམ།། གླང་ཆེན་ཀོ་རློན་གཡང་གཞི་གསོལ་བ་ཡང། ། སྲིན་པོའི་གླང་སྣ་གཡང་ལུགས་བརྐུས་པ་མ་ཡིན་ནམ།། དྲེའུ་སྣའི་ཐུར་མདའ་རྒྱུ་མས་བྱས་པ་ཡང།། དུར་ཁྲོད་གནས་ནས་བྲོས་པ་མ་ཡིན་ནམ།། དབུ་སྐྲ་ལན་བུ་གཅིག་ཏུ་བླངས་པ་ཡང།། སྐྱེ་བ་ལྔ་བརྒྱར་མྱ་ངན་བྱེད་པ་མ་ཡིན་ནམ། ། དཔྲལ་པའི་དབྱིངས་ནས་མིག་གསུམ་འཆར་བ་ཡང།། གཤིན་རྗེས་ལྡང་མིག་བྱིན་པ་མ་ཡིན་ནམ།། ཁ་རླངས་ནད་ཀྱི་ཤ་འགལ་འབེགས་པ་ཡང།། སྲིན་པོས་རྫུ་འཕྲུལ་བྱིན་པ་མ་ཡིན་ནམ། ། ལྟེ་བའི་དཀྱིལ་ནས་ཉི་མ་འཆར་བ་ཡང།། ལྷ་ཡི་ར་རྟགས་ལས་པ་མ་ཡིན་ནམ།། དེ་ཙམ་མཚང་ལ་མོ་བརྒལ་དུ།། ཤ་ཁྲག་དབུགས་ལ་དད་རེ་ཆེ།། སྲོག་གཅོད་གཤེད་མར་བསྐོས་རེ་མཁས།། དེ་ཕྱིར་ཁྱོད་ལ་མཚང་ནས་རྒོལ། ། མཚང་ནས་རྒོལ་གྱིས་ངོ་ཚ་སྐྱེད།། གནད་ལ་བབས་ཀྱིས་དམ་ཚིག་སྲུངས།། ཆེ་མཆོག་ང་ཡི་བཀའ་ཉོན་ལ།། ཤ་གཉན་ཁྲག་གཉན་རོ་མཆོག་ཆེ།། ཡིད་ཀྱི་དབང་པོ་རྟོག་པའི་རྒྱུ།། བསྒྲལ་ཚུལ་བསྟན་ན་འདོད་པ་ཚིམ། ། བསད་དང་མ་བསད་མེད་པས་ན།། བསད་ཚུལ་བསྟན་ན་དངོས་པོ་ཚིམ།། རང་ལ་གནད་ཀྱི་སྡུག་བསྔལ་ཉོན།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས།། ངོ་ཚ་བ་མཚང་ཅིག་གི་ལེའུ་སྟེ་ཉེར་བརྒྱད་པའོ། །།། ཡང་དག་རྫོགས་ཀྱི་བཀའ་སྩལ་པ།། ཞུས་ནས་ལན་ཉོན་ཡིད་ལ་ཟུང།། རྒྱལ་མོ་ཆོས་ཀྱི་དབྱིངས་ན་བཞུགས།། བློན་མོ་བྷ་གའི་ཀློང་ན་བཞུགས།། ཐབས་དང་ཤེས་རབ་ལྡན་པས་སྐོང། ། རྗེ་མོ་འོག་མིན་གནས་ན་བཞུགས།། ཕྱི་ནང་མེད་པར་ཐུགས་དམ་སྐོང།། སྨན་མོ་རི་རབ་རྩེ་ལ་བཞུགས།། སྐྱེ་བ་མེད་པར་ཐུགས་དམ་སྐོང།། གཡོ་འགུལ་མེད་པར་ཐུགས་དམ་སྐོང། ། བྲན་མོ་རྒྱ་མཚོའི་གཏིང་ན་བཞུགས།། འདུ་འབྲལ་མེད་པར་ཐུགས་དམ་སྐོང།། སྨན་མོས་འཛམ་བུ་ཁྱད་པར་བཞུགས།། ནུར་ངས་མེད་པས་ཐུགས་དམ་སྐོང།། སྲིན་མོ་དུར་ཁྲོད་ཀློང་ན་བཞུགས།། འདོད་པ་ཚིམ་པར་ཐུགས་དམ་སྐོང། ། སེམས་ཅན་སྒྲོལ་བྱེད་སྲོག་གཅོད་དང།། རྣལ་འབྱོར་རྡོ་རྗེ་མིང་པོ་ལ།། སྐུ་ལ་སྡོ་ཞིང་དམ་ལ་གནོད།། དུས་གསུམ་དཀོན་མཆོག་བཀའ་འཁོར་ན།། དབུ་འཕངས་སྨོད་ཅིང་འཚེ་བ་ལ། ། རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི།། གང་གནོད་དེ་ལ་བྱིལ་ཁ་བསྒྱུར།། སྲོག་སྒྲོལ་བྱེད་པ་དེ་ལ་བྷྱོ། མ་མོའི་ཟས་དེ་དེ་ལ་སྦོས།། མ་མོའི་མདུན་སྟང་ཆོད།། མ་མོའི་ཕོ་བྲང་དེ་ལ་ཆོས།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་ལས། ། མཁའ་འགྲོ་ཞུས་ལན་གྱི་ལེའུ་སྟེ་ཉེར་དགུ་པའོ།།།། མཁའ་འགྲོ་མ་བཀྲག་གསལ་འབར་མའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ། ཤྲཱི་དེ་བི་སྲི་ཏ་ཀཱ་ལི་ཏན་ཏྲ་ནཱ་མ།། བོད་སྐད་དུ།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ཅེས་བྱ་བ།། དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ནི།། རི་རབ་ཀྱི་རྩེ་མོ་རྩུབ་འགྱུར་གྱི་ཚལ་ཆེན་པོ་ན་ལྷ་དང་ལྷ་མ་ཡིན་གཉིས་གཡུལ་འགྱེད་པའི་གནས།། གནོད་སྤྱིན་ཨུད་པ་ལའི་གདོང་ཁྲོས་པའི་དུར་ཁྲོད་སྲིན་མོ་ཀང་ཀ་ལ་ཟངས་ཀྱི་གཤོག་པ་མེ་ལྟར་འབར་བའི་ཁང་པ་མི་རོ་གསར་རྙིང་མང་པོ་ཡོད་པའི་ཀེང་རུས་དང། ། རྣག་ཁྲག་གི་རུལ་བྲོ་བ།། ཤིན་ཏུ་འཇིགས་པ་རབ་ཏུ་སྐྱི་གཡའ་བའི་གནས་དེ་ན། ། བཅོམ་ལྡན་འདས་དཔལ་དྲག་པོ་ཕྱག་ན་རྡོ་རྗེ་གཏུམ་པོ་ལུས་བསྐལ་པའི་མེ་ཆེན་པོ་ལྟར་འབར་བ།། སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ།། ཉི་མ་སྟོང་གི་གཟི་བརྗིད་དང་ལྡན་པ།། སངས་རྒྱས་སྟོང་རྩ་བརྒྱད་ཀྱིས་ལས་ཀྱི་ལྷར་དབང་བསྐུལ་ཏེ་ཁྲོ་བོ་ཆེན་པོའི་ཆ་བྱད་དུ་བྱས་ནས་བཞུགས་སོ། ། དེའི་འཁོར་ནི་བརྒྱ་བྱིན་དང། གཤིན་རྗེ་དང། སྲིན་པོ་དང། ཤ་ཟ་དང། མ་མོ་ནག་མོ་དང།། ལྟོ་འཕྱེ་དང། གྲུལ་བུམ་དང། དྲི་ཟ་དང། མི་འམ་ཅི་དང། རྣམ་ཐོས་ཀྱི་བུ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། འབྱུང་པོ་དང། མ་མོ་དང། སེང་གེ་དང། སྟག་དང། ཝ་དང། ཁྱི་སྤྱང་དང། དོམ་དང། དྲེད་དང།། གཟིག་དང།། གུང་དང།། ཁྱི་ལི་དང།། དུར་བྱ་དང།། ཀང་ཀ་དང།། བྱ་རྒོད་དང།། བཞད་པ་དང། བྱ་རོག་དང།། འུག་པ་དང།། ཆུན་ལག་དང།། ཁྲ་དང།། སྦྲུལ་དང།། རུས་སྦལ་དང། ། དེ་ལ་སོགས་པ་འཁོར་རྣམ་པ་མང་པོས་བསྐོར་ནས་བཞུགས་སོ།། དེའི་ཚེ་འཁོར་འདུས་པའི་ནང་ནས།། ལྷའི་དབང་པོ་བརྒྱ་བྱིན་སྟན་ལས་ལངས་ནས།། དཔལ་ཕྱག་ན་རྡོ་རྗེ་ལ་བསྐོར་བ་བྱས་ནས།། རྒྱན་དང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་ཆར་ཕབ་ནས་མཆོད་དོ། ། དེ་ནས་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན།། དངོས་གྲུབ་ཚོགས་ལ་མངའ་བརྙེས་ཁྱོད།། ཐུགས་རྗེའི་བདག་པོ་ཡིན་པས་ན། ། མ་འོངས་སེམས་ཅན་སྐལ་ལྡན་གྱིས།། རྡོ་རྗེ་མཁའ་འགྲོ་སྒྲུབ་པའི་ཐབས།། བདག་གི་ཡོངས་སུ་ཞུ་ལགས་ཀྱིས།། དེ་རིང་སྟོན་པས་སྐབས་དབྱེ་ཞུ།། དེ་སྐད་གསོལ་པ་དང།། དཔལ་ཧཱུ~ཾ་མཛད་ཆེན་པོ་དེ་མེ་འབར་པའི་གདན་ལས་བཞེངས་ཏེ། ། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་མ་དུས་མཐའི་སེམས་ཅན་རྣམས།། མི་ནུབ་ཆོས་ཀྱི་རྒྱལ་མཚན་དང།། རྡོ་རྗེ་མཁའ་འགྲོ་གྲུབ་གྱུར་ནས། ། བདག་གཞན་དོན་ལ་ཐོགས་པ་མེད།། ངས་བཤད་ཁྱོད་ཀྱིས་ཡིད་ལ་ཟུང།། ཞེས་བཀའ་སྩལ་པ་དང།། འཁོར་དེ་དག་དགའ་བ་དང་སྤྲོ་བ་སྐྱེས་ནས།། ལྷའི་མེ་ཏོག་མན་དྷ་ར་ལ་སོགས་པའི་རྒྱན་གྱི་ཆར་ཆེན་པོ་མངོན་པར་ཕབ་པོ། ། དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ།། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། དྲག་པོ་ཧཱུ~ཾ་མཛད་རྡོ་རྗེ་འཛིན།། ད་ལྟ་འདོད་ཁམས་འདི་ཉིད་ནི།། ལྷ་མོ་ནག་མོ་ཞེས་བྱ་བ། ། གཏུམ་ཞིང་ཁྲོ་ལ་ལུས་ཀྱང་འཇིགས།། སྲིད་གསུམ་དྲེགས་པའི་ནུས་མཐུ་ཅན།། དངོས་གྲུབ་དམ་པའི་གཞི་འགྱུར་འདི།། དང་པོ་རྒྱུ་ནི་ཇི་ལྟ་བ།། ལྟ་བ་དཀྱིལ་འཁོར་རྫས་རྣམས་དང།། ཏིང་འཛིན་སྔགས་དང་ཕྱག་རྒྱ་དང། ། དམ་ཚིག་དྲོད་ཚད་སྤོགས་དང་བསྟེན།། དེ་བཞིན་ལས་ཀྱི་རིམ་པ་རྣམས།། སྟོན་པས་བཀའ་སྩལ་བདག་ཉན་འཚལ།། དེ་སྐད་ཅེས་གསོལ་པ་དང། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། བརྒྱ་བྱིན་ལ་སོགས་པའི་འཁོར་འདུས་པ་ཁྱེད་རྣམས་ཀྱིས་རྡོ་རྗེ་མཁའ་འགྲོའི་རྒྱུད་ཞུ་བ་ལེགས་སོ། ། ཁྱེད་ཀྱང་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག། ངས་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ།། སྔོན་འདོད་པའི་ཁམས་འདི་ཉིད་ན། ། ལྷ་དབང་ཕྱུག་མཧཱ་དེ་བ་དང།། ལྷ་མོ་ཨུ་ཝི་དེ་བཱི་གཉིས་ལ་བུ་ཚ་མིང་སྲིང་གཉིས་ཡོད་པ་ལ།། མིང་པོ་ནི་གཤིན་རྗེ་དམར་པོ་ཞེས་བྱ་བ་བཞུགས་སོ།། སྲང་མོ་ནི་ལྷ་མོ་དཀར་མོ་དུང་སྐྱོང་མ་ཞེས་བྱ་བ་ཡིན་པ་ལས། ། ལྷ་མོ་དུང་སྐྱོང་མ་དེ་ནི་རི་རབ་རྩེ་ན་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་བྱང་ཤར་གྱི་མཚམས་བྱང་ཆུབ་ཀྱི་ཤིང་དྲུང་རིན་པོ་ཆེའི་ཁང་པ་བདུན་བརྩེགས་པའི་གཞལ་ཡས་ཁང་ན་རིན་པོ་ཆེའི་སྟེང་ན་གསེར་དང། ། དངུལ་དང།། བཻ་དཱུ་རྱའི་དབུ་རྒྱན་དང།། མགུར་ཆུས་བརྒྱན་ཏེ།། ལུས་འགྱིང་བག་ཏུ་བཞུགས་ཏེ།། ལྷའི་བུ་མོ་མང་པོས་རྒྱན་དང།། ལོངས་སྤྱོད་དང།། གླུ་དང་དབྱངས་དང།། རོལ་མོ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བྱེད་དོ། ། བརྒྱ་བྱིན་ཉོན་ཅིག། དུས་དེ་ཙམ་ན་སྲིན་པོ་ཐམས་ཅད་ལ་ལྷས་བཀྱོན་ཕབ་ཡོ་བསད་པ་ལས།། སྲིན་པོ་ད་ཤ་གྲི་བ་དང།། སྲིན་མོ་དང་ལ་སྣ་རྩེ་གཉིས་སུ་འདུས་སོ།། དེར་སྲིན་པོ་ད་ཤ་གྲྀ་བས་ལྷ་དང་མི་འདུལ་འདོད་པའི་ཆེད་དུ། ། སྲིན་མོ་དང་ལ་རྣ་རྩེ་ལྷ་མཧཱ་དེ་བ་ལ་བཙུན་མོར་ཕུལ་ལོ།། ལྷ་མཧཱ་དེ་བ་དང།། སྲིན་མོ་དང་ལ་རྣ་རྩེ་གཉིས་ལ་བུ་མོ་གཅིག་ཡོད་དེ།། དེ་ན་སྲིན་མོ་མར་འདབ་ཕུར་པ་ལྷ་བྱང་བ་ཡིན་ནོ། ། དེ་དུས་དེ་ཙམ་ན་སྲིན་པོ་ད་ཤ་གྲི་པ་ན་རེ།། ང་ལ་སྲིང་མོ་དང་ལ་རྣ་རྩེ་དང་ཚ་མོ་ཕུར་ལྷ་འདི་ཤིན་ཏུ་གཅེས་པ་ལ།། ཁྱེད་གཉིས་ལ་ང་གཅེས་རྒྱུ་མེད་པས།། བདག་ནི་རྒྱ་མཚོ་ནང་དུ་ཤིར་འགྲོ་ཟེར་བ་ལས། ། དང་ལ་རྣ་རྩེ་མ་སྨད་གཉིས་ན་རེ།། ངེད་གཉིས་ལ་ཡག་ཁྱོད་ཤིན་ཏུ་གཅེས་པས་ཁྱོད་མ་ལྕེབ་པར་ཅི་ལ་ཅི་འདོད་སྨོས་ཤིག་ཟེར་བ་ལས།། སྲིན་པོ་ད་ཤ་གྲྀ་བ་ན་རེ།། འོ་ན་ང་ལྷ་མོ་དུང་སྐྱོང་མ་འདོད་དོ་བྱས་པས། ། སྲིན་མོ་དང་ལ་རྣ་རྩེ་ན་རེ།། འོ་ན་ང་ལ་ཐབས་ཡོད་མིང་པོ་དེ་སླ་ཡིས།། ངའི་བུ་མོ་དུ་ར་ཕུར་པ་ལྷ་འདི་ལྷ་མོ་དུང་སྐྱོང་མའི་ཁོལ་མོ་བྱེད་བཅུག་ལ་དེར་བསླུ་ཡིས་ཟེར་ནས།། དང་ལྷ་རྣ་རྩེ་དེས་བུ་མོ་ཕུར་པ་ལྷ་ཁྲིད་ནས་ལྷ་མོ་དུང་སྐྱོང་མ་ལ་གཡོག་མོར་ཕུལ་ལོ། ། དེར་སྲིན་མོ་ཕུར་པ་ལྷ་དེས།། ལྷ་མོ་དུང་སྐྱོང་ལ་མ་འདི་སྐད་ཞུས་སོ།། ཆེ་ཞེ་ཆེན་མོ་རིགས་ཀྱི་ཡུམ།། བདག་ཉིད་ཆེན་མོ་གར་མཁན་མ།། དབུ་བརྒྱན་རིན་ཆེན་ཐོར་ཚུགས་ཅན། ། བཻ་ཌཱུ་ར་སྔོན་པོ་འོད་ལམ་འབར།། ཞལ་བཟངས་པདྨ་དཀྱིལ་འཁོར་དུ།། ཉིན་ཟླ་འཕྲུགས་པའི་རྒྱན་བཀོད་དེ།། ཚེམས་བཟངས་དུང་ལ་ལྗགས་བཟང་མེ།། ཁྱེད་འདྲ་འཇིག་རྟེན་ཁམས་ན་མེད། ། བདག་ནི་ཁྱོད་རྟན་འབངས་སུ་བགྱིད།། ཁྱོད་ཀྱིས་བདག་ལ་ཐུགས་རྩེར་དགོངས།། བདག་ཀྱང་བློ་བ་ཉེ་བར་བགྱིད།། དེ་སྐད་ཟེར་ནས་ལྷ་མོའི་གཡོག་མོར་བྱས་ཏེ།། སྲིན་མོ་ཕུར་པ་ལྷ་དེས་ལྷ་མོ་དུང་སྐྱོང་མ་ལ་བློ་བ་ཉེ་བར་བྱས་ནས། ། ལྷ་མོ་ཡིད་ལ་ཅི་དགའ་བྱས་སོ།། དེར་ལྷ་མོ་དུང་སྐྱོང་མ་ཡང་ཁོལ་མོ་དེ་ལ་རབ་ཏུ་དགའ་བས་གཅེས་པར་བྱས་སོ།། དེའི་དུས་ལྷ་དང་ལྷ་མ་ཡིན་གཉིས་ཉིན་གཅིག་བཞུན་དུ་གཡུལ་འགྱེད་དུ་སོང་བ་ལས། ། དེའི་ཉིན་པར་ལྷ་མོ་ཨུ་མ་དེ་བིས།། བུ་མོ་དུང་སྐྱོང་མ་ལ་འདི་སྐད་བསྒོའོ།། དེ་རིང་ཁྱོད་ཀྱི་གམ་དུ་སུ་འོངས་པས་ཁྱོད་བསླུ་བ་ཡིན་གྱི།། ཁྱོད་དེ་ལ་མ་ལྟ་ཞིག་ཅེས་བསྟན་ཙམ་ན། ། ཁོལ་མོ་སྲིན་མོ་ཕུར་པ་ལྷ་དེས།། སྐབས་དེར་སྲིན་པོ་ད་ཤ་གྲི་བ་སྒྲན་ཏོ།། དེར་སྲིན་པོ་ད་ཤ་གྲྀ་བ་དེས་སྲིན་གྱི་བོག་བུ་ག་དམར་དག་ཞོན་ཏེ།། ལྷ་མོ་དེའི་ཕོ་བྲང་གི་སྒོར་ཕྱིན་ཏེ།། སྲིན་པོ་ཁོ་བདག་ནི་མིའི་བྱད་ལ་ཤིན་ཏུ་གཟུགས་བཟང་ལ་མཛེས་པ་གཅིག་པ་གཅིག་ཏུ་སྤྲུལ། ། བོང་བུ་ནི་རི་དགས་སྤུ་རིགས་ཅན་གཅིག་ཏུ་སྤྲུལ་ཏེ།། ལྷ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ནས་རོལ་མོ་དང།། སིལ་སྙན་དང།། གླུ་དབྱངས་སྣ་ཚོགས་བྱས་ནས་བསླུས་སོ། ། ལྷ་མོ་རོལ་མོ་ལ་དགའ་བས་འཛུམ་གཅིག་ཤོར་རོ།། དེ་ནས་སྲིན་པོས་གླགས་རྙེད་ནས་ལྕགས་ཀྱི་ལྷམ་སྒྲོག་སྔོན་པོ་བཀྲོལ་ནས་བཟུང་སྟེ།། གླུ་འདི་སྐད་བླངས་ཏེ་ལྷ་མོ་ལ་ཕུལ་ལོ། ། ཀྱེ་ཡོངས་འདུ་ཤིང་གི་གནས་མཆོག་ན།། རིན་ཆེན་མཛེས་པའི་ཕོ་བྲང་ན།། རིན་པོ་ཆེ་ཡི་གདན་སྟེང་ན།། འགྱིང་བག་ཚུལ་དུ་གར་མཛད་པ།། དབང་ཕྱུག་སྲས་མོ་མ་ལགས་སམ།། ལྷ་མོ་མང་པོའི་ཚོགས་ལ་རོལ། ། དབུ་ཡི་རྒྱན་ཆ་གདུབ་འཁོར་ནི།། རིན་ཆེན་མཛེས་པས་ཀུན་ནས་སྤྲས།། སྤྱན་ནི་ཨུ་དཔལ་འདབ་མ་འདྲ།། ཤངས་ནི་བིལ་བའི་འབྲས་བུ་འདྲ།། ཞལ་ནས་ཨུད་པ་ལ་ངད་ཀྱང་བསྲུང།། སྐུ་ནི་འཁྲིལ་གཞོན་ལྡེམ་ཚུལ་ཅན། ། གསུང་ནི་ཚངས་པའི་དབྱངས་སྙན་སྒྲོགས།། ནུ་འབུར་སྟོད་སྨད་ཕྱེད་པས་འགྱིང།། ཁྱོད་འདྲའི་སྐུ་ནི་གཞན་ན་དཀོན།། ལྷ་མོའི་ལོངས་སྤྱོད་མཛེས་པས་མི་བྲེལ་ཡང།། ཞབས་ཀྱི་ཆས་སུ་ལྕགས་སྒྲོག་འདི་འབུལ་བཞེས། ། ཅི་མཛད་ཅི་སྡུག་ཅི་གསུང་ཅི་ཡང་སྙན།། ཁམས་གསུམ་དག་ན་ཁྱེད་འདྲ་ཤིན་ཏུ་དཀོན།། སེམས་ཅན་ཀུན་གྱི་ལྟ་བས་མི་ངོམས་ཁྱོད།། བདག་གི་དབུལ་བ་འདི་བཞེས་གནང་བར་མཛད། ། ཅེས་ཕུལ་བས།། ལྷ་མོས་ལྕགས་སྒྲོག་བླངས་ཏེ།། རང་གི་རྐང་པ་ལ་དཀྲིས་ཏེ་རྒྱན་བྱས་སོ།། དེ་ནས་སྲིན་མོ་ཕུར་པ་དེས།། ལྷ་མོ་དུང་སྐྱོང་མ་ལ་ཞུས་པ།། ཀྱེ་མ་ཧོ་དུང་སྐྱོང་མ་བདག་ལ་ཞུ་བ་གཅིག་མཆིས་ན་གནང་ངམ་བྱས་པ་ལས། ། གཡོག་མོ་ཁྱོད་བློ་བ་ཉེ་བས་ཅི་ཞུས་པ་གནང་ངོ་ཟེར།། ལྷ་ལ་ནི་ངག་གི་བདེན་པའི་སྟོབས་ཡོད་པས།། ཇི་སྐད་སྨྲས་པ་བཞིན་བྱེད་དོ།། གཡོག་མོ་ཕུར་པ་ལྷ་ན་རེ།། ཀྱེ་ཇོ་མོ་དུང་སྐྱོང་མ། ། ཁྱོད་འདྲ་བ་ནི་འཇིག་རྟེན་འདི་ན་དཀོན་པ་ལ།། འགྲོགས་པའི་ཟླ་མེད་པ།། དེ་རིང་འདིར་འོངས་ལླགས་སྒྲོག་འབུལ་བའི་མི་དེ་དང་འགྲོགས་པར་ཞུ་ན་གནང་བར་མཛོད།། བདག་ཀྱང་དུས་རྟག་ཏུ་ཁྱོད་ཀྱི་བྲན་དུ་བགྱིའོ། ། ཞེས་ཞུས་པ་ལས།། ལྷ་མོ་དེས་སྔར་ཁས་བླངས་པས་མི་བྱེད་པའི་དབང་མེད་པས།། ལྷ་མོ་དུང་སྐྱོང་མ་ན་རེ།། ཁོལ་མོ་ཁྱོད་ཟེར་དེ་མཉམ་གྱིས་བྱ་ཡིས།། མི་དེ་སུ་ཡིན་གང་ན་འདུག་བྱས་པ་ལས། ། ཁོལ་མོ་ན་རེ།། མི་དེ་བདག་གི་ཞང་པོ་སྲིན་པོ་ད་ཤ་འགྲི་བ་ཡིན།། ཡུལ་ལང་ཀ་པུ་རངས་ན་འདུག་ཟེར་བ་དང།། དེར་ལྷ་མོ་དུང་སྐྱོང་མ་དབང་མེད་དུ་སྲིན་པོའི་ཆུང་མར་སོང་ངོ།། དེར་ལྷ་མོ་ཨུ་མ་དེ་བས་བུ་མོ་དུང་སྐྱོང་མ་ལ་དམོད་པ་བོར་བ། ། ངའི་བུ་མོ་ཁྱོད་ཀྱང་ངས་གཅེས་པར་བྱས་ཏེ།། ལྷའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ལ་སྲིན་པོའི་ཆུང་མར་སོང་བས།། ད་ཕྱིན་ཆད་དུང་སྐྱོང་མ་ཁྱོད་ཀྱང་སྲིན་པོ་དང་འགྲོགས། ། མི་ལྤགས་ནི་གོན།། མི་ཤ་ནི་ཟ།། མི་ཁྲག་ནི་འཐུང།། མི་གོས་ནི་གོན།། སྲོག་གཅོད་ནི་བྱེད།། བོང་བུ་ནི་ཞོན་པར་གྱུར་ཅིག། ལྷའི་ཁ་དོག་དཀར་པོ་ནི་ཉམས།། སྲིན་གྱི་ཁ་དོག་གནག་ལ་འཇིགས་པ་ཐོབ་པར་གྱུར་ཅིག། སྲིན་མོ་ཕུར་པ་ལྷ་ཁྱོད་ཀྱང་ངའི་བུ་མོའི་འདི་སྲིན་པོ་ལ་ཆུང་མར་བྱིན་པས།། ཁྱོད་ཀྱང་འཇིག་རྟེན་འདི་ན་མི་སྡུག་པ་ཅིག་ཁོ་ནར་གྱུར་ལ་སུས་ཀྱང་མི་འདོད་པ་ཚེ་རབས་སུ་ཁྱོད་མི་རྙན་པ་གཅིག་ཏུ་གྱུར་ཅིག། ཅེས་དམོད་པ་པོར་རོ།། དེར་ལྷ་མོ་དུང་སྐྱོང་མ་ཡང་མའི་དམོད་པ་སྡིག་པས་ལྷའི་ཁ་དོག་དང་ལོངས་སྤྱོད་ཉམས་ཏེ་མདོག་ཀྱང་མཐིང་ནག་ཏུ་གྱུར།། མི་ཤིན་ཟ།། མི་ལྤགས་ནི་གོན།། མི་ཁྲག་ནི་འཐུང། ། བོང་བུ་ནི་ཞོན།། གཅེར་བུར་ནི་བྱུང་ནས་ཁ་དོག་དང་ལོངས་སྤྱོད་ཉམས་ཏེ་སྲིན་ཕྲུག་ལྔ་བརྒྱ་སྐྱེས་ཙམ་ན་ཁྱོ་སྲིན་པོ་ད་ཤ་གྲྀ་བ་ཤིའོ།། དེར་ལྷ་མོ་དུང་སྐྱོང་མ་ཡུག་ས་མོའི་ཆ་བྱད་དུ་བྱས་ཏེ་སྐྲ་མདུན་དུ་རལ་པའི་ལན་བུ་གཅིག་ཏུ་བླངས་སོ། ། བྲན་མོ་ཕུར་པ་ལྷ་ཤ་རུས་བསྐམས་ཏེ་སྲིན་གྱི་ཕག་རྫི་བྱེད་ཙམ་ན།། ཕག་རྫི་དུམ་བུར་བྱ་བས་མོ་ལ་དབང་མེད་ཆགས་པ་སྤྱད་དོ།། དེར་ཕུར་པ་ལྷ་ཡང་ནལ་བུ་སྦྲུམ་མོ། ། དེར་དཔོན་གཡོག་གཉིས་ཀྱིས་སྲིན་པོའི་བོང་བུ་ག་པ་བཀུགས་ནས་ཞོན།། ད་ཤ་གྲྀ་བའི་རལ་གྲི་སྡིག་པར་ཅན་བརྐུས་ནས་ལག་པ་གཡས་སུ་ཐོགས།། སྲིན་པོའི་ནོར་བུ་རིན་པོ་ཆེ་བརྐུས་ནས།། ནེའུ་ལེའི་རྐྱལ་པར་སྦས་ནས་ལག་པ་གཡོན་ཏུ་ཐོགས་ནས་བྲོས་སོ། ། ཕྱི་ནས་སྲིན་པོའི་དམག་གིས་བདས་ཀྱི་དོགས་ནས་བོང་བུ་བསྐྱོད་ནས་ཁ་ཕྱིར་བལྟས་ཏེ་ཕྱི་ནས་སྲིན་པོའི་བྱ་ར་བྱེད་ཅིང་ཕྱིན་ནོ།། ཐ་མར་དུར་ཁྲོད་གཅིག་ནས་སྐྱེས་པ་གཡུལ་དུ་བསད་པའི་རོ་གཅིག་དང་ཕྲད། ། དེར་ཁོང་གཉིས་ཤ་བསྲེགས་ཏེ་ཟ་བར་འདོད་པ་ལ་གཙུག་ཤིང་མེད་པས་རྒྱ་མཚོའི་འགྲམ་ན་རྡོ་སོལ་གྱི་རི་ལ་ཆར་བབ་ནས་མེ་འབར་བ་མཐོང་ནས་རྡོ་སོལ་གྱི་མེ་བླངས་ནས་ཤ་ཆེན་བསྲེགས་ནས་ཟོས་སོ། ། ཕྱི་ནས་ཁྱི་དཀར་པོ་གཅིག་འབྲངས་པ་ཡང་ཟོས་ཏེ་པགས་པས་རྒྱལ་མཚན་བྱས་སོ།། དེར་ཁོལ་མོའི་ནལ་བུ་བྱུང། ཁོང་གཉིས་ཀྱིས་ནལ་བུའི་ཤ་ཡང་ཟོས་སོ། ། དེར་ཇོ་མོ་བོང་བུ་ལ་ཞོན།། ཁོལ་མོས་སྣ་ཁྲིད་རྒྱ་མཚོའི་ཁར་ཕྱིན་པ་ལས།། ལམ་ཀ་ན་བྱ་དེ་མོ་བདུན་ཁྲུས་བྱེད་པ་དང་ཕྲད་པ་ལས།། བྱ་དེ་མོ་ནག་མོ་གཅིག་བཟུང་ནས་ཐོགས་ནས་རྒྱ། མཚོའི་ཁར་ཕྱིན་ཏོ། ། དེར་ལྷ་མོ་དེས་སྨོན་ལམ་བཏབ་པ།། ང་ཡང་ཚེ་འཕོས་མ་ཐག་ཏུ་གསང་སྔགས་ཀྱི་དངོས་གྲུབ་ཐོབ།། རྒྱལ་བའི་ཞལ་མཐོང་སྟེ།། འདོད་ཁམས་ཀྱི་དབང་ཕྱུག་མར་ཤོག་ཅིག། བྲན་མོ་ཕུར་པ་ལྷ་ཁྱོད་ངའི་འབངས་མར་ཤོག་ཅིག། བྱ་དེ་མོ་ནག་མོ་འདི་ཡང་ཚེ་རབས་ཐམས་ཅད་དུ་ངའི་ནོར་སྐལ་དུ་ཤོག་ཅིག། བོང་བུ་ཞོན་པར་ཤོག་ལ་རལ་གྲི་ལག་ཆར་ཤོག་ཅིག། དེ་སྐད་བྱས་ནས་རྒྱ་མཚོ་ས་སྐོར་ཙམ་ན་རླུང་འཚུབ་མ་གཅིག་བྱུང་ནས། ། དཔོན་གཡོག་གཉིས་བྱ་དེ་མོ་ནག་པོ་དང་བཅས་པ་རྒྱ་མཚོའི་ནང་དུ་བསྒྱུར་ཏེ་བཏང་ངོ།། དེར་ལྷ་མོ་དེ་སྐྱེ་བ་བླངས་ཏེ་མི་ཤ་ཟོས་པའི་མཐུ་དང་རང་གི་སྨོན་ལམ་གྱི་མཐུས་ལྷ་མོ་དུང་སྐྱོང་མ་དེ་ཡང་བདུན་མོ་ཆེན་མོ་ཁ་དོག་མདོག་མཐིང་ནག་འཇིགས་འཇིགས་འདྲ་བ་མཆེ་བ་ཟང་ཡག་ལ་རལ་པ་འཐིང་ཟུར་ཕུད་དུ་འདུག་པ་གཅིག་ཏུ་གྱུར་ཏོ། ། ཁོལ་མོ་ཡང་ཀླུ་སྲིན་མོ་ཆུ་སྲིན་གྱི་མགོ་ཅན་གཅིག་ཏུ་གྱུར་ཏོ། ། བོང་བུ་ཡང་ག་དམར་ལ་གཡུའི་རྣ་ཆ་ཅན།། རླུང་གི་གཤོག་པ་ཅན།། མགོ་འཇུག་མ་ན་ཡོད་པ་གཅིག་ཏུ་གྱུར་ཏོ།། དེ་ནས་ལྷ་མོ་དེ་ཤིན་ཏུ་མཐུ་རྩལ་ཆེ་བར་གྱུར་ནས།། འཇིག་རྟེན་གྱི་མ་མོ་དཀར་མོའི་ཚོགས་དང། ། སྔོན་མོའི་ཚོགས་དང།། དམར་མོའི་ཚོགས་དང།། སེར་མོའི་ཚོགས་དང།། ནག་མོའི་ཚོགས་དང།། ལྷ་མོ་དང།། བདུད་མོ་དང།། སྲིན་མོ་དང།། བ་ལམ་དང།། ཁྲི་སྨན་ལ་སོགས་པ་མ་མོ་བསམ་གྱིས་མི་ཁྱབ་པ་མང་པོ་ཡང་མ་མོ་དེའི་བྲན་བགྱིའོ། ། ཞེས་ཟེར་ཞིང་འབངས་སུ་འོངས་སོ།། ལྷ་མོ་དེས་ཀྱང་འཇིག་རྟེན་གྱི་མ་མོ་རྣམས་བྲན་དུ་བྱས་ཤིང་སྐྱེ་བ་རྣམ་པ་བཞི་ཡོད་ཚད་དུ་ཐུགས་ཟོས་སོ། ། དེ་ནས་ལྷ་མོ་དེ་ལ་སྔོན་གྱི་ལས་འཕྲོས་འབྲེལ་ཅིང་དགེ་བ་སྤྱད་པའི་ཤུགས་ཀྱིས་བྱང་ཆུབ་ཤིང་དྲུང་ན།། བདེ་བར་གཤེགས་པ་ཤཱཀྱ་ཐུབ་པ་བཞུགས་པའི་སྤྱན་སྔར་ཕྱིན་ནས།། ལྷ་མོ་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས།། རང་གི་སྙིང་པོ་འདི་ཕུལ་ལོ།། ཏདྱ་ཐཱ།། ཨོཾ་རུ་རུ་བི་ཏིཥྠ་བ་དྷཱ་སཱི།། རུ་རུ་རོ་རུ།། བི་ཏིཥྠ་བ་ཏོ་སཱི་ཙ་པ་འ་ཨ་ཤུག་མེ་ཧཱུ~ཾ་བྷྱོ་ཧཱུ~ཾ།། ཞེས་ཕུལ་ལོ།། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལྷ་མོ་དེས་རི་ཕུག་ཟབ་མོ་གཅིག་ཏུ་ཕྱིན་པ་ལས། ། བྲམ་ཟར་མཆོག་སྲེད་སྒྲུབ་པ་བྱེད་པ་དང་ཕྲད་དོ།། ལྷ་མོ་ན་རེ་ཁྱོད་འདི་ན་ཅི་བྱེད་བྱས་པ་ལས།། སྔོན་ཡུལ་ཁམས་འདི་ཉིད་ན་དགེ་སློང་ཕ་མ་གཉིས་འདུལ་ཁྲིམས་ཉམས་པ་ལས་རྒྱལ་པོས་ཆད་པས་གཅད་པ་ལས། ། བདུད་ལམ་ཀ་འགེའུ་རི་དང་རོ་ཤ་ཁ་དྷ་གཉིས་སུ་གྱུར་ཏེ།། ཡུལ་འདིའི་མི་ཟད་པར་ཟོས་ཏེ།། ད་ལྟར་ང་ལ་ཟ་རེས་བབ་པས། ། ང་ནི་བདུད་འདུལ་པའི་ཕྱིར་ཡུམ་ཨེ་ཀ་ཛ་ཊི་སྒྲུབ་པོ་ཞེས་ཟེར་རོ།། དུང་སྐྱོང་མ་ན་རེ་འོ་ན་ངེད་དཔོན་གཡོག་ཀྱང་བསྒྲུབ་པ་བྱ་ན་ཡོན་ཏན་དེ་ལྟ་བུ་ཡོད་དམ་བྱས་ནས།། བྲམ་ཟེ་ན་རེ་ཁྱོད་དངོས་གྲུབ་ཅི་འདོད་པ་ཡིན་བྱས་པ་ལས། ། ངེད་ནི་འདོད་ཁམས་ཀྱི་དབང་པོ་ཆེར་གྱུར་ནས།། སངས་རྒྱས་ཀྱི་བསྟན་པ་བསྲུང་པའི་དངོས་གྲུབ་འདོད་དོ།། བྱས་པ་ལས།། འོ་ན་སྒྲུབ་པ་བྱའོ་ཞེས་ནས་ལྷ་མོ་དུང་སྐྱོང་མ་དང་བྲམ་ཟེ་མཆོག་སྲེད་གཉིས་ཀྱིས་ཨེ་ཀ་ཛ་ཊིའི་བསྒྲུབ་པ་བྱས་པས། ། ཨེ་ཀ་ཛ་ཊི་རལ་པ་གཅིག་མའི་ཞལ་མཐོང་ཞིང་གྲུབ་པ་ཐོབ་པོ།། ཡུམ་ཨེ་ཀ་ཛ་ཊིས་ལྷ་མོ་དུང་སྐྱོང་མའི་མིང་ནི་ལྷ་མོ་ནག་མོ་རེ་མ་ཏྲི་ཞེས་བྱ་བར་བཏགས་སོ། ། འདོད་ཁམས་འདུལ་བའི་མཐུ་མོ་ཆེར་དབང་བསྐུར་བསྟན་པ་བསྲུང་བར་གཉེར་གཏད་དེ།། ལྷ་མོ་ནག་མོས་ཀྱང་བསྟན་པ་བསྲུང་བར་ཁས་བླངས་ཏེ།། རང་གི་སྙིང་པོ་འདི་ཨེ་ཀ་ཛ་ཊི་ལ་ཕུལ་ལོ། ། ཨོཾ་རུ་རུ་བི་ཏིཥྠ་བ་ཏོ་སཱི་རུ་རུ་རོ་རུ་བི་ཏི་ཥྛ་བ་ཡོ་སཱི་ཙི་པི་ལ་ཨག་ཤུག་མེ་བྷྱོ་ཛ།། ཞེས་ཕུལ་ལོ།། དེར་བདུད་ལཾ་ཀ་འགེའུ་རི་དང་རོ་ཤ་ཁ་དྷ་ཡང་བསྒྲལ་ལོ།། བདུད་ཀྱི་ལག་ཆ་ཁྲམ་བམ་ནག་པོ་ཕྲོགས་ནས་བོང་བུའི་སྔ་ཤ་ལ་བཏགས་སོ། ། དེར་ལྷ་མོ་རེ་མ་ཏིས་སྲིན་ཡུལ་དུ་དམག་དྲངས་ཏེ་སྲིན་པོ་ཡ་ཤ་ཁོ་རེ་བསྒྲལ་ཏེ།། སྲིན་པོ་ཞོན་པའི་བན་གླང་དམར་པོ་གཡང་གཞིར་བཤུས་ནས་སྨད་ཕྱེད་དཀྲིས།། སྲིན་པའི་གོས་རེ་ལྡེ་ནག་པོ་གྱོན་པ་བཤུས་ནས་མོ་རང་གི་སྨད་དཀྲིས། ། སྲིན་པོའི་ཡ་མཁལ་ལ་སྔ་རུ་བགྱིས།། མ་མཁལ་ཕྱི་རུ་བགྱིས།། རྒྱུ་མ་ལ་མཐུར་བགྱིས།། སྲིན་པོའི་སྐེ་རགས་སྦྲུལ་གྱི་ཞགས་པ་ཐོགས་ནས་གོང་རྨེད་བྱས་སོ། ། བརྒྱ་བྱིན་ཉོན་ཅིག། དཔལ་ལྷ་མོ་ནག་མོ་འདིས་རི་མ་ལ་ཡའི་རྩེ་ན་ཕྱག་ན་རྡོ་རྗེ་ཉིད་བསྒྲུབ་པ་བྱས་པས་གྲུབ་པ་ཐོབ་སྟེ།། ཞལ་མཐོང་ནས་མིང་ཡང་ཨཱ་རྱ་རེ་མ་ཏིར་བཏགས་ཏེ།། སངས་རྒྱས་སྟོང་གིས་དབང་བསྐུར་ནས་ལས་ཀྱི་བྱིན་གྱིས་བརླབས་སོ། ། ལྷ་མོ་ནག་མོས་ཀྱང་ཕྱག་ན་རྡོ་རྗེ་ལ་རང་གི་སྙྀང་པོ་ཕུལ་བ།། ཨོཾ་རུ་རུ་བེ་ཏི་བ་སྟོ་སཱི།། རུ་རུ་རོ་རུ་བི་ཏི་སྟ་བ་ཏོ་སི་ཙ་པ་ལ་ཨ་ཤུགས་མེ་བྷྱོ་ཛ།། ཞེས་ཕུལ་ལོ། ། ཆོས་སྐྱོང་བར་ཞལ་གྱིས་བཞེས་སོ།། དེ་ནས་ལྷ་མོ་འདིས་གསང་བའི་གནས་སུ་དུར་ཁྲོད་རོ་ཐང་ནག་པོ་དབུས་མ་རུ་རྩེའི་སྒོ་འགྲམ་དུ་དཔལ་ཁྲག་འཐུང་ཧེ་རུ་ཀའི་དངོས་གྲུབ་བསྒྲུབས་པའི་ཚེ།། དཔལ་ཆེན་པོ་ཧེ་རུ་ཀའི་ཞལ་མཐོང་སྟེ། ། དཔལ་ཆེན་པོས་ལྷ་མོ་དེའི་སྤྱི་གཙུག་ཏུ།། རྟ་མགྲིན་གསང་བའི་དབང་བསྐུར།། ལུས་ངག་ཡིད་གསུམ་ལ་རྒྱལ་བ་རིགས་ལྔའི་དབང་བསྐུར།། སྐུ་སྟོད་ཀྱི་རྒྱན་དུ་འཕྲ་མེན་མ་བཅུ་དྲུག་གིས་དབང་བསྐུར། ། བྱང་ཆུབ་སེམས་དཀར་དམར་གྱིས་ལྗགས་ལ་དབང་བསྐུར།། གནང་མདོ་ཆེན་པོ་དྲུག་ཏུ་ཚོམས་སུ་གསང་བའི་དབང་བསྐུར།། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་འཁོར་དུ་དབང་བསྐུར།། པདྨ་གར་དབང་ཕྱུག་གིས་སྤྲུལ་པ་ཡང་སྦྲུལ་དུ་དབང་བསྐུར། ། དེའི་ཚེ་ན་འཇིག་རྟེན་འདི་ན་རྣམ་པ་དྲུག་ཏུ་གཡོས་སོ།། དཔལ་ཆེན་པོ་དེས་ལྷ་མོའི་མིང་ཡང་དཔལ་ལྷ་མོ་ནམ་མོ་རེ་མ་ཏི་དུར་ཁྲོད་ཀྱི་བདག་མོ་བྱ་བར་བཏགས་ཏེ། ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གཏད་དོ།། དཔལ་ཆེན་པོའི་སྤྱན་སྔར་ལྷ་མོ་རེ་མ་ཏིས་རང་གི་སྙིང་པོ་ཕུལ་ལོ།། ཨོཾ་རུ་རུ་བི་ཏི་སྟ་བ་སྟོ་སི།། རུ་རུ་རོ་རུ་བི་ཏི་སྟ་བ་ཏོ་སི་ཙ་པ་ལ་ཨ་ཤུགས་མེ་བྷྱོ་ཛ།། ཞེས་ཕུལ་ནས། ། སངས་རྒྱས་བསྟན་པ་དུས་རྟག་ཏུ་བསྲུང་བར་ཁས་བླངས་སོ།། ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པའི་ཚེ་ན་ཡང།། དྲང་སྲོང་མཧཱ་ཀཱ་ལའི་དཀའ་ཐུབ་བཟློག། ལྟེ་བ་ལྷ་དམག་བྱེ་བ་དུང་ཕྱུར་གྱི་རྫོང་བཅས་ནས་ལྷ་མ་ཡིན་གྱི་གཡུལ་བཟློག་གོ། ། དེ་ནས་ལྷ་མོ་ནག་མོ་དེ་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་གྱུར་ཏོ།། འདོད་པ་ཁམས་ཀྱི་དབང་ཕྱུག་མར་གྱུར་པའི་ཚེ།། ལྷ་ཚངས་པས་རྨ་བྱའི་རྒྱལ་མཚན་ཕུལ་ལོ། ། ཁྱབ་འཇུག་གིས་ཉི་མ་དང་ཟླ་བ་རྒྱན་དུ་ཕུལ་ལོ།། རྣམ་ཐོས་སྲས་ཀྱིས་སེང་གེའི་རྣ་ཆ་ཕུལ་ལོ།། ནམ་མཁའི་ལྷ་བྲན་གྱིས་དྲིལ་བུའི་རྒྱན་ཕུལ་ལོ།། སྲིན་མོ་དང་ཤ་ཟ་མོ་རྣམས་ཀྱིས་ཐོད་འཕྲེང་དང། ། ཁྲག་དང།། ཞག་གིས་རྒྱན་བྲིས་སོ།། ཀླུ་དགའ་པོས་སྦྲུལ་གྱི་གདེངས་ཀ་ཕུལ་ལོ།། ལྷ་མོ་དེ་སྲིད་པ་གསུམ་ན་འགྲན་གྱི་ཟླ་མེད་པའི་མཐུ་རྩལ་ཅན་དུ་གྱུར་ཏོ།། དེ་ནས་བརྒྱ་བྱིན་གྱིས་གསོལ་པ།། ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ། ། འདོད་ཁམས་ཀྱི་དབང་ཕྱུག་མ་འདི།། དང་པོར་ལྷའི་བུ་མོར་གྱུར་པ་དང།། བར་དུ་སྲིན་པོའི་ཆུང་མར་གྱུར་པ་དང།། ད་ལྟ་འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པ་འདི། ། སྔོན་རྒྱུ་རྐྱེན་ཅི་ལས་གྱུར་པ་ལགས་ཞེས་ཞུས་པ་དང།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། བརྒྱ་བྱིན་ཉོན་ཅིག། ད་ལྟར་གྱི་ལྷ་མོ་ནག་མོ་འདི་སྔོན་གསོར་ཐུབ་ཀྱི་བསྟན་པ་ལ།། ལྷ་མོ་མོ་ལོང་གདོང་དུ་གྱུར་ནས་དགེ་བཅུ་ཤ་སྟག་ཏུ་སྤྱད་དེ། ། དེ་ནས་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་ཤ་ཟ་མོ་རལ་པ་གཅིག། མར་གྱུར་ཏེ་ཞེ་སྡང་རང་མར་སྤྱད་དོ།། དེ་ནས་མར་མེ་མཛད་ཀྱི་བསྟན་པ་ནི་ལ་ལྷ་མོ་ཤ་བ་རིར་གྱུར་ཏེ། ། དུས་དེ་ཙམ་ན་ཤཱཀྱ་ཐུབ་པ་འདི་ནི་དགེ་སློང་དབང་ཕྱུག་དཔའ་བོ་བྱ་བར་བཞུགས་སོ།། ཤ་བ་རིས་མཆོད་པ་བྱས་ཤིང་སྡིག་པ་བཤགས་སོ།། སྨོན་ལམ་གཅིག་བཏབ།། བརྒྱ་བྱིན་ཉོན་ཅིག། ད་ལྟར་གྱི་ལྷ་མོ་ནག་མོ་འདི་ལ་སངས་རྒྱས་གསུམ་པོའི་རིང་ལ་རྣམ་པར་སྨིན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་རྣམ་པར་དུས་གཅིག་ཏུ་སྨིན་ནོ། ། ལྷ་མོ་འདི་དང་པོར་མ་ཧཱ་དེ་བའི་བུ་མོར་སྐྱེ་བ་ནི་དགེ་བཅུ་སྤྱད་པའི་མཐུའོ།། བར་དུ་སྲིན་པོའི་ཆུང་མར་གྱུར་ཅིང་རང་ལྕེབ་པ་ནི་ཞེ་སྡང་སྤྱད་པའོ། ། ཐ་མ་ད་ལྟར་གྱི་འདོད་ཁམས་ཀྱི་དབང་ཕྱུག་མར་གྱུར་ནས།། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ནས་ཤཱཀྱ་ཐུབ་པའི་བསྟན་པ་བསྲུང་བ་ནི། ། སྔོན་ཤཱཀྱ་ཐུབ་པ་ལ་སྡིག་པ་བཤགས་ཀྱིན་སྨོན་ལམ་བཏབ་པའོ།། དུས་ཕྱི་མ་ལ་ནི་བྱང་ཤར་གྱི་འཇིག་རྟེན་གྱི་ཁམས་མེ་ཏོག་གྱི་ཁམས་མེ་ཏོག་རྣམ་པར་རོལ་པ་ཞེས་བྱ་བར་སངས་རྒྱས་པདྨོ་དམ་པའི་དཔལ་ཞེས་ལུང་བསྟན་ཏོ། ། དཔལ་ལྷ་མོ་ནག་མོའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའི།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་མགོན་པོ་གསང་བའི་བདག་པོ། ། མ་འོངས་ཕྱི་མའི་སེམས་ཅན་རྣམས།། མཁའ་འགྲོ་རྣལ་འབྱོར་རབ་བསྒྲུབ་ཕྱིར།། ལྟ་བ་དམ་པ་བདག་ཉན་འཚལ།། ཞེས་ཞུས་པའི་ཚེ།། རྡོ་རྗེ་ཅན་གྱིས་བཀའ་སྩལ་བ།། ལྷ་མོ་ནག་མོ་འདི་དང་བདག་གི་སེམས། ། གཉིས་མེད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པའི།། གདོད་ནས་མ་སྐྱེས་གཟུང་འཛིན་ཡུལ་དང་བྲལ།། ཆོས་སྐུ་ནམ་མཁའི་ཆོས་ཉིད་ལས།། སྤྲུལ་པའི་ཆོ་འཕྲུལ་ལྷ་མོའི་སྐུར་སྟོན་པ། ། མཁའ་ལ་འཇའ་འདྲ་རང་བཞིན་མེད་པ་སྟེ།། མདོར་ནས་སངས་རྒྱས་སྦྲུལ་པ་ཡིན་པར་ལྟ།། སྲིན་མོ་བདུད་མོ་དག་ཏུ་བལྟ་མི་བྱ།། དཔལ་ལྷ་མོ་ཤན་པའི་རྒྱུད་ལས།། ལྟ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏེ།། ཀྱེ་གསང་བའི་བདག་པོ་ཡི་ནས་ཐུགས་རྗེ་ཅན།། རྡོ་རྗེ་མཁའ་འགྲོ་དངོས་གྲུབ་བསྒྲུབ་པའི་ཕྱིར།། གསང་བའི་དཀྱིལ་འཁོར་ཆེན་པོ་བདག་ཉན་འཚལ། ། ཞེས་གསོལ་པ་དང།། ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། བརྒྱ་བྱིན་ལ་སྩོགས་འཁོར་རྣམས་རབ་ཏུ་ཉོན།། རང་བཞིན་དཀྱིལ་འཁོར་བྱང་ཤར་རི་རབ་རྩེ།། ཏིང་འཛིན་དཀྱིལ་འཁོར་རྣལ་འབྱོར་སེམས་ཀྱི་ཡུལ། ། གཟུགས་བརྙན་དཀྱིལ་འཁོར་གནས་གཞི་ས་ལ་བྱ།། མཐིང་ནག་གྲུ་བཞི་དབུས་ནི་གྲུ་གསུམ་མོ།། དབུས་སུ་ལྷ་མོ་ཉིད་ཀྱི་ཕྱག་རྒྱ་བྲིས།། དེ་ཡི་མདུན་དུ་ཁོལ་མོ་ཆུ་སྲིན་མགོ།། དེ་ལ་འཁོར་རྣམས་བསྐོར་ཏེ་བྲི་བ་ནི། ། དཀར་མོ་དམར་མོ་སྔོན་མོ་སེར་མོ་ནག་མོ་དང། གནོད་སྤྱིན་མོ་བདུད་མོའི་ཚོགས་རྣམས་བྲི།། འཇིག་རྟེན་འདི་ན་གནས་པའི་མ་མོ་རྣམས།། ལྷ་མོ་འདི་ཡི་འཁོར་དུ་ཐམས་ཅད་གཏོགས། ། གང་གིས་འཁོར་གྱིས་བསྐོར་ཀྱང་འགལ་བ་མེད།། བསྒྲུབ་པ་པོ་ཉིད་སེམས་དང་གང་འཐད་བྱ།། དཔལ་ཤན་པ་ནག་མོའི་རྒྱུད་ལས།། བསྒྲུབ་པའི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་མགོན་པོ་འགྲོ་ཀུན་འདུལ་པའི་གཙོ།། རྡོ་རྗེ་ནག་མོ་གཏུམ་བྱེད་དམ་པ་ཡི།། དངོས་གྲུབ་བསྒྲུབ་པའི་རྫས་རྣམས་གང་ལགས་པ། ། གསང་བའི་བདག་པོས་བདག་ལ་བཤད་དུ་གསོལ།། ཞེས་ཞུས་པ་དང།། ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་ནི།། རྫས་རྣམས་མེད་ན་དངོས་གྲུབ་མི་ཐོབ་སྟེ།། དཔེ་ན་སྨོན་པ་དང་ནི་ས་བོན་འདྲ། ། ཀུན་ཀ་ཚངས་པའི་མཐུ་ལས་བྱིན་རླབས་འབྱུང།། ལྷ་མོ་ནག་མོ་ལ་རྫས་བཞི་སྟེ།། འབོད་པའི་རྫས་དང་མ་མོ་བརྟེན་པའི་རྫེས།། མཆོད་པའི་རྫས་དང་དམ་ཚིག་བསྲེ་པའི་རྫས།། བཞི་པོ་འདི་དག་ཚངས་ན་དངོས་གྲུབ་འབྱུང། ། བོད་པའི་རྫས་ནི་རྣམ་པ་ལྔ་རུ་བསྟན།། གཡབ་དར་དང་ནི་ཧ་སྟ་རྩེ་ལྔས་གཡབ།། ཚིལ་ཆེན་ཅོང་ཞི་སྤོས་ནི་རྣམ་ལྔ་བསྲེག། བརྟེན་པའི་རྫས་ནི་རྣམ་པ་དྲུག་ཏུ་བསྟན། ། གཟུངས་མ་མཚན་དང་ལྡན་པ་དང།། གཙོ་མོ་ལ་ནི་ཐོད་པ་ཕོ་མོ་གཉིས།། མཁར་དུ་དམིགས་ལ་ཐོད་དུ་ཁྲ་སྤྲད་པའོ།། གཡོག་མོ་ལ་ནི་ཚལ་བུ་རེ་རེའོ།། མི་བསད་མཚོན་གྱི་རལ་གྲི་སོར་བརྒྱད་པའོ།། ཡུ་བར་མ་བྲིས་དཀྱིལ་འཁོར་དབུས་སུའོ།། བྱ་ནག་སེང་གེ་གཡང་གཞི་གོས་ནག་པོ།། མཆོད་པའི་རྫས་ནི་རྣམ་པ་བཅུ་གཉིས་ཏེ།། ལམ་ཀ་འགེ་རི་ཤ་དང་རི་མོ་དང།། སྲིན་མོ་ཕུར་པ་ལྷ་ཡི་བུ་ཤ་དང། ། གྲི་བོའི་ཤ་དང་དབང་པོ་རྣམ་པ་ལྔ།། གཡུལ་དུ་དབུགས་མ་ཆད་པའི་ཤ་ཁྲག་དང།། སེང་གེ་དཀར་མོའི་སྙིང་དང་རུ་དྲ་ནག་པོའི་སྙིང།། ཤ་ཁྲག་སྣ་ཚོགས་བདུད་རྩི་ལྔ་དང་སྦྱར།། ཕྱེ་མ་ལྔ་དང་སྦྱར་བ་འདི། ། གུར་ཀུམ་ཆུས་སྦྲུས་པདྨ་རག་ཏས་བསྐུ།། རྒྱུན་གཏོར་ཚོམ་བུ་དགུ་པ་རག་ཏས་བཀང།། ཨ་མྲི་ཏ་དང་འཛའ་གད་ཤེལ་ནག་པོ།། བསྲེ་བའི་རྫས་ནི་མེ་ལོང་གཉིས་དབུས་སུ།། གཅིག་པུ་ཙན་ཏྲ་ལ་ཡི་བྱང་ཆུབ་སེམས། ། གཅིག་ཏུ་བྷེ་ཏ་ཀུ་མ་རི་ཁྲག། དཀར་དམར་གཉིས་ལ་དམར་ཐིག་བདུན་བདུན་བྲི།། དེ་ལྟར་སྦྱིར་ན་རྫས་ནི་ཉི་ཤུ་ལྔ།། འདི་རྣམས་ཚང་ཞིང་མ་ཉམས་འཚོགས་གྱུར་ན།། དཔལ་ལྡན་ལྷ་མོ་ལ་སོགས་མཁའ་འགྲོ་མ། ། བྱིས་པས་མེ་ཏོག་ཨུད་པལ་མཐོང་བ་ལྟར།། དགའ་བ་སྐྱེས་ནས་མི་ལ་དངོས་གྲུབ་སྟཻར།། དེ་བས་ནན་ཏན་བསྐྱེད་ལ་རྩོལ་བ་བྱ།། ཤ་ཁྲག་འདི་རྣམས་གདོད་ནས་འཚོལ་བའི་ཕྱིར།། རང་གི་སེམས་ཅན་སྲོག་ནི་གཅད་མི་བྱ། ། རང་བཞིན་དག་གིས་ཤི་བའི་ལའོ།།།། དཔལ་ལྷ་མོ་ནག་མོའི་རྒྱུད་ལས།། རྫས་བསྟན་པའི་ལེའུ་སྟེ་བཞི་པའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་རིག་སྔགས་ཚོགས་ལ་མངའ་བརྙེས་པའི།། གསང་སྔགས་བདག་པོ་གནོད་སྤྱིན་འདུལ་བའི་གཙོ།། བསྒྲུབ་པའི་རྟེན་གྱི་ལྷ་མོ་ནག་མོའི་སྐུ།། བདག་ལ་ཐུགས་རྗེ་ཅན་གྱིས་བཤད་དུ་གསོལ། ། ཞེས་ཞུས་པ་དང།། གསང་པའི་བདག་པོས་བཀའ་སྩལ་པ།། དམིགས་པའི་རྟེན་གྱི་གཟུགས་བརྙན་ནི།། མ་མོ་ཕྱུགས་པའི་དུར་ཁྲོད་འགྲོ།། འདྲི་མཁན་དམ་ཚིག་ཡོད་པ་ལ།། མོ་མའི་དབང་བསྐུར་སྐུ་གཟུགས་བྲི། ། དུར་ཁྲོད་རོ་རས་ས་ལ་ནི།། དབུས་སུ་ལྷ་མོ་ནག་མོ་ནི།། དེ་ཡི་འོག་ཏུ་ཆུ་སྲིན་མགོ།། མ་མོ་འཁོར་ཡང་དག་འདོད་བྲི།། གཡས་སུ་བྲམ་ཟེ་མཆོག་སྲེད་བྲི།། མགྲིན་པ་སྨ་ར་དཀར་ལ་རིང།། ཁྲི་སྙའི་སྟན་ལ་ལོང་འཁྲེང་འཛྀན། རྨ་བྱ་ནེའུ་ལོ་ཐོགས་པའོ།། དེ་ཡི་གསོན་དུ་བདག་ཉིད་ནི། ཁྲི་སྙའི་སྟན་ལ་ལོང་འཁྲེང་འཛིན།། རྨ་བྱ་ནེའུ་ལེ་ཐོགས་པའོ།། ལྷ་མོ། མོ་སྤྱན་དབྱེ་མཆོད་པ་དབུལ།། དངོས་གྲུབ་གང་འདོད་པ་གདབ། ། དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ།། ལྷ་མོའི་སྐུ་ཡི་ཐུགས་ཀར་ནི།། སྲིན་ལག་ཁྲག་གིས་ཟླ་གམ་བྲི།། དེ་དབུས་ལྷ་མོའི་སྲོག་སྙིང་བྲི།། དེ་དབུས་རྒྱུས་ཆེན་གསུམ་སྒྲིལ་གདགས།། རྩེ་མོ་ནས་བཟུང་བཟླས་པ་བྱ། ། ཡང་ན་ལུགས་མ་དག་ལ་བྱ།། དེ་ལྟར་བྱས་ན་དངོས་གྲུབ་རྒྱུ།། དཔལ་ལྷ་མོ་ཤན་པའི་རྒྱུད་ལས།། སྐུའི་གཟུགས་བརྙན་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་གསོལ་ཏོ།། ཀྱེ་གསང་པའི་བདག་པོ་རྡོ་རྗེ་འཛིན།། ཡེ་ཤེས་སྐུ་འཆང་བསྟན་པའོ།། དཔལ་ལྡན་ནག་མོ་རེ་མ་ཏིའི།། ཏིང་འཛིན་སྒོམ་ཐབས་བདག་ལ་ཤོད། ཅེས་གསོལ་པ་དང།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། ལྷའི་དབང་པོ་བརྒྱ་བྱིན་ཉོན་ཅིག། བདག་ཉིད་དེ་བཞིན་གཤེགས་པའི་སྐུའི་ཕྱག་རྒྱའོ།། ལྷ་མོ་ནི་སྐྱེ་བ་མེད་པའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་དུ་བསྟན་པའོ། ། མཧཱ་ཀཱ་ལའི་པ་ཡ་དཔའ་ར་ན་ཡང།། དེ་ནི་རླུང་གི་དཀྱིལ་འཁོར་བསྐྱེད་པའོ།། ཨོཾ་མཧཱ་ཀཱི་ལིང་ཨག་ནི་ཛཱ་ལ་རཾ།། དེ་ནི་མེའི་དཀྱིལ་འཁོར་བསྐྱེད་པའོ།། དེའི་དབུས།། བྲུཾ་བྷ་ཤུདྡྷ།། ཀ་པཱ་ལ་ཧཱུ~ཾ། ། དེ་ནི་ཐོད་པའི་གཞལ་ཡས་ཁང་ངོ།། ག་ཏ་པ་ཧཱུ~ཾ།། དེ་ནི་བོང་བུ་ག་དམར་ལ་མིག་མཇུག་མ་ན་ཡོད་པ་རླུང་གི་གཤོག་པ་ཅན་བསྐྱེད་པའོ།། སྟི་ར་བོང་བུའི་ཐིག་ཏུ་ཞོན་ཞིང་བསྣོལ་པའོ།། མ་སཱུ་རྱ་མཎྜལ་ཨ།། ཉི་ཟླའི་གདན་ནི། ། བྷྱོ།། ནག་མོ་སྤྲོ་ཞིང་བསྡུའོ།། ལྷ་མོ་རེ་མ་ཏིའི་ཏིང་ངེ་འཛིན་ནི།། ཨོཾ་དེ་བི་མ་ཧཱ་ཀཱ་ལི་རེ་མ་ཏི་ཧཱུ~ཾ།། ཞེས་པ་ལས་ལྷ་མོ་ནག་མོ་ནི།། ཁ་དོག་མཐྀང་ནག་ལ་རལ་པ་རྟིང་པ་ལ་ཟུར་ཕུད་དུ་འདུག་པ། ། མིག་རྩ་དམར་བ།། ཁ་གདངས་པ།། མཆེ་བ་གཙིགས་པ།། ལུས་སྦྲུལ་ནག་དང་ཐོད་པས་བརྒྱན་པ།། ལག་པ་གཡས་ན་ནེའུ་ལེ་དང་རལ་གྲི་ཐོགས་པ།། ཐལ་བ་དང།། ཁྲག་དང།། ཞག་གི་ཚམ་བུ་མཚན་པ། ། རྣ་བ་དྲིལ་བུ་དང་སེང་གེས་མཚན་པ།། ཉི་མ་དང་ཟླ་བ་ལུས་ལ་འཆར་བ།། སྐུ་སྨད་གླང་པོ་ཆེའི་ཀོ་རློན་ཀྲིས་པ། རྐང་པ་ལྕགས་སྒྲོག་གིས་རྒྱན་པའོ།། ཁོན་མོ་ཆུ་སྲིན་གྱི་མགོ་ཅན་ནོ།། འཁོར་ནི་མ་མོ་བསམ་གྱིས་མི་ཁྱབ་པའོ། ། དཔལ་ཤན་པ་ནག་མོའི་རྒྱུད་ལས།། ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་དྲུག་པའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། མཉམ་ཉིད་རྡོ་རྗེ་གསང་བའི་སྐུ། ། མཚན་མ་འཇོམས་པའི་དཔལ་ལྡན་དྲག་ཤུལ་ཅན།། ལྷ་མོ་ནག་མོ་སྲོག་གི་སྙིང་པོ་དང།། སྒྲུབ་པ་སྔགས་ཀྱང་བརྡ་བཤད་འཚལ།། ཞེས་ཞུས་པ་ལས།། ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། སྔགས་ཞེས་བྱ་བ་ལྷ་མོ་ནག་མོའི་སྲོག་རྩ་ཡིན། ། གྲངས་ཀྱང་མང་ལ་ཟུར་ཡང་མ་ཆག་སྟེ།། གུག་རྐྱེད་བརྩེགས་པར་གང་ཡང་མ་ཉམས་ན།། ལྷ་མོ་ནག་མོ་མངོན་དུ་འགུགས་པ་ཡིན།། ལྷ་མོ་རེ་མ་ཏིའི་སྲོག་སྙིང་ལ།། ཨོཾ་རུ་རུ་པོ་ཏི་སྟ་བ་སྟི་སོ། ། རུ་རུ་རོ་རུ་བི་ཏི་སྟ་བ་ཏོ་སི།། ཙ་པ་ལ་ཨ་ཤུགས་མེ་བྷྱོ་ཛ།། འདི་སྲོག་ནས་འདྲེན་པའི་སྔགས།། ས་ཡ་བཟླས་ན་མངོན་དུ་མཐོང།། བྱེ་བ་བཟླས་ན་ཕྱག་རྒྱ་སྟོན་པར་བྱེད།། འབུམ་ཕྲག་གཅིག་གིས་དངོས་གྲུབ་མཚན་མ་སྟེར། ། ས་མ་ཡ་དུ་ལིང་རག་ཤ་སི།། ཧེ་རཀྴ།། དུ་མ་རཀྴ། མ་རཀྴ་སི་བྷྱོ།། ལདེ་ནི་ཁོལ་མོ་ཆུ་སྲིན་གྱི་མགོ་ཅན་སྙིང་པོའི།། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾཧཱུ~ཾ།། མ་མ་མ་མ།། རུ་ལུ་རུ་ལུ་རུ་ལུ་རུ་ལུ།། བྷྱོ་བྷྱོ་བྷྱོ་བྷྱོ།། བྷྱོ་བྷྱོ་བྷྱོ་བྷྱོ། ། དེ་ནི་འཁོར་མ་མོ་སྤྱིའི་སྙིང་པོའོ།། ཨོཾ་མ་ཧཱ་ཀཱ་ལི་མཎྜལ་མ་དྷེ་ཨ་གད་དྷ་ཡ།། པྲ་བེ་ཤ་ཡ།། པྲ་བེ་ཤ་ཡ།། ཏི་སྟ་ཏི་སྟ།། ཨ་ལོ་ཀ་ཡ་ཨ་ལོ་ཀ་ཡ་ཧཱུ~ཾ་ཛ་ཡ། དེ་ནས་སྤྱན་དྲང་བའི་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལི། མ་མ་ས་མ་ཡ། ཏི་ཥྛ་ཏི་ཥྛ་སྟཾ། མ་ཧཱ་ཀཱ་ལི་ཨ་བར་ཤ་ཡ་ས་མ་ཡ་འབེབས། དེ་ནས་གནད་གདིངས་པའི་སྔགས་སོ།། མ་མ་དེ་བི་མ་ཧཱ་ཀཱ་ལི་རེ་མ་ཏི་བ་ལིང་ཁ་ཁ་ཁཱ་ཧི་ཨ་མྲྀ་ཏ་པཱུ་ཙ་ཧོ།། དེ་ནི་གཏོར་མ་དབུལ་པའོ། ། མ་མ་ས་མ་ཡ་མ་ཧཱ་ཀ་པཱ་ལ་ས་མ་ཡ།། མཧཱ་ཀཱ་ལི་ཀཱ་ཡ་ས་མ་ཡ།། མཧཱ་ཀཱ་ལི་བཱ་ཀྐ་ས་མ་ཡ།། མཧཱ་ཀཱ་ལི་ཙིཏྟ་ས་མ་ཡ།། མཧཱ་མུ་ཏྲ་ས་མ་ཡ་ཧཱུ~ཾ།། དེ་ནི་དམ་ཚིག་བསྟན་པའི་སྔགས་སོ།། ཨོཾ་དེ་བི་མཧཱ་ཀཱ་ལི་རེ་མ་ཏི་ཀཱ་ཡ་བཱ་ཀྐ་ཙིཏྟ་སིདྡྷི་ས་མ་ཡ། ། ཕ་ལ་ཨ་བི་ཤ་ཡ།། དེ་ནི་དངོས་གྲུབ་བླང་པའི་སྔགས་སོ།། ཨོཾ་མཧཱ་ཀ་ལི་ཡེ་ཧཱུ~ཾ་ཕཊ།། རུ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུ~ཾ་མ་མ་ཀ་ནི་ཨ་བྷི་ཥིཉྩ་ཀ་པ་ལ་ཏྲི་མེ་མཧཱ་ཛྙཱ་ན་ཀཱ་ཡ། ། བཱཀྐ་ཙིཏྟ་སདྡྷི་ཧཱུ~ཾ།། དེས་ནི་དབང་བསྐུར་པའོ།། དཔལ་ཤན་པ་ནག་མོའི་རྒྱུད་ལས།། སྔགས་བསྟན་པའི་ལེའུ་སྟེ་བདུན་པའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་མགོན་པོ་རྒྱལ་ཚབ་ལས་ཀྱི་ལྷ།། ཐུགས་རྗེ་ཡེ་ཤེས་ཚོགས་ལ་མངའ་བརྙེས་ཁྱོད།། རྡོ་རྗེ་མཁའ་འགྲོ་བ་རྣལ་འབྱོར་མའི།། གསང་བའི་ཕྱག་རྒྱ་བདག་ལ་བསྟན་པར་འཚལ།། ཞེས་གསོལ་པ་དང། ། ཕྱག་ན་རྡོ་རྗེས་བཀའ་སྩལ་བ།། རྣལ་འབྱོར་ཆེན་མོ་གསང་པའི་ཕྱག་རྒྱ་ནི།། སྤང་བར་མོ་བྱ་རྟག་ཏུ་བཅང་བར་བྱ།། རླུང་གིས་མེ་སྤར་བོང་ཞོན་དབང་ཕྱུག་མ།། ལྕགས་ཀྱུས་བོས་ནས་གཤོག་པས་ཟིལ་གྱིས་མནན། ། བོང་བུའི་གདན་བཏིང་ཐོད་པའི་དབང་བསྐུར་ཏེ།། ཐོད་རློན་དམ་ཚིག་བསྟན་ཅིང་གཉིས་མེད་བསྒོམ།། དང་པོ་རླུང་ནག་འཚུབ་མའི་ཕྱག་རྒྱ་ནི།། ལག་པ་ཐལ་སྦྱར་གུང་སྤྲད་བསྒྲེང་པ་དང།། མཐེའུ་ཆུང་སྲིན་ལག་ཚིགས་བསྣོལ་གུང་བསྒྲད་བརྐྱང། ། མཐེ་བོང་གུང་སྤྲད་འཛུབ་མོ་གཉིས་བསྲེང་རྫོད།། རྩེ་མོ་དགུ་པ་རླུང་གི་ཕྱག་རྒྱའོ།། མེ་རི་སྨུག་ནག་འབར་བའི་ཕྱག་རྒྱ་ནི།། མཛུབ་མོ་གཉིས་ནི་སོ་སོར་དགུག་བྱས་ན། ། མཐེ་བོང་བཀུག་ནས་སྲིན་ལག་དེ་གཏད།། གུང་མོ་མཐེའུ་ཆུང་བསྒྲེང་སྟེ་ཕྱར་བ་བྱའོ།། མ་མོ་འགུགས་པ་ལྕགས་ཀྱུའི་ཕྱག་རྒྱ་ནི།། ལག་པ་གཡས་གཡོན་ཁུ་ཚུར་བཅངས་པ་དང།། མཐེབ་མཛུབ་བཞི་པོ་ལྕགས་སྒྲོག་ལྟ་བུ་སྦྲེལ། ། ལག་གཉིས་ཐོད་རློན་དམ་ཚིག་ཕྱག་རྒྱ་ནི།། མཐེ་བོང་མཛུབ་མོ་བཀུག་ནས་བཟླུམ་བྱས་ཏེ།། བཀུག་ནས་སྲིན་ལག་གཉིས་བཅུག་མིག་འབྲས་འདྲ།། གུང་མོ་མཐེའུ་ཆུང་གཉིས་ནི་ཐོད་རློན་ཁ། ། གཏོར་མ་བྱིན་ཞིང་གཉིས་སུ་མེད་པར་ལྟ།། དཔལ་ལྡན་ལྷ་མོ་ནག་མོའི་རྒྱུད་ལས།། ཕྱག་རྒྱའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ།། སྟོབས་པོ་ཆེ་ལ་གནོད་སྤྱིན་དྲེགས་པ་ཅན། ། རིག་སྔགས་ཚོགས་ཀྱི་མངའ་བདག་གིས།། རྡོ་རྗེ་ནག་པོ་མཉེས་པར་བྱ་བའི་ཕྱིར།། མཆོད་པའི་རིམ་པ་བདག་ལ་བསྟན་དུ་གསོལ།། ཞེས་ཞུས་པ་དང།། གསང་བའི་བདག་པོས་བཀའ་སྩལ་པ། ། ལྷ་མོ་ནག་མོའི་དངོས་གྲུབ་ཐོད་འདོད་པས།། མཉེས་པར་བྱ་ཕྱིར་མཆོད་པ་རྟག་ཏུ་དབུལ།། དང་པོ་མཆོད་པ་རྫས་ཀྱི་གཏོར་མ་དབུལ།། གཉིས་པ་ལ་ནི་རཀྟའི་གཏོར་མ་སྟེ།། གསུམ་པ་ལ་ནི་བདུད་རྩི་ཨ་མྲྀ་ཏ་ཡིས་མཆོད། ། བཞི་པ་ལ་ནི་གསང་བའི་མཆོད་པའོ།། མཆོད་པའི་རྫས་རྣམས་བྱིན་གྱིས་བརླབས་པ་ནི།། རླུང་གིས་མེ་སྤར་མེ་ཡིས་ཐོད་པ་བསྐོལ།། ཧཱུ~ཾ་གིས་རྡོ་རྗེ་རབ་ཏུ་དཀྲུས་ནས་ཀྱང།། ཨ་དཀར་འབར་བས་བདུད་རྩི་བྱིན་གྱིས་བརླབ། ། དམ་ཚིག་ཕྱག་རྒྱས་གཏུག་ཅིང་གཏོར་མ་དབུལ།། དཔལ་ལྡན་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས།། མཆོད་པའི་རིམ་པ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ། གཙོ་བོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཡེ་ཤེས་ཚོགས་འདུས་ཐུགས་རྗེ་འབྱུང་བའི་རྒྱུད།། དཔལ་ལྡན་རྡོ་རྗེ་སེམས་དཔའི་ངང་ཚུལ་ཅན།། དཔལ་ལྡན་ནག་མོ་རྡོ་རྗེ་རེ་མ་ཏི། ། སྲོག་དང་འདྲ་བའི་དམ་ཚིག་བདག་ཉན་འཚལ།། ཞེས་གསོལ་པ་དང།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། ལྷ་མོ་འདི་ཡི་དམ་ཚིག་ནི།། རྣལ་འབྱོར་ཚོགས་ཀྱི་སྲོག་སྙིང་ཡིན།། འདི་ལས་འདས་ན་རང་སྲོག་འཆད། ། མ་འདས་དངོས་གྲུབ་དམ་པའི་རྒྱུ།། ལྷ་མོ་སྤྱི་ཡི་དམ་ཚིག་དང།། ལྷ་མོ་སྒོ་ཡི་དམ་ཚིག་གོ།། ལྷ་མོ་སྤྱི་ཡི་དམ་ཚིག་ནི།། སྐུ་ཡི་ཕྱག་རྒྱ་མི་སྤང་ཞིང།། རྡོ་རྗེ་སློབ་དཔོན་མཉེས་པར་བྱེད།། རྡོ་རྗེ་སྤུན་ལ་གདུང་བ་བསྐྱེད། ། འདི་ནི་སྐུ་ཡི་དམ་ཚིག་གོ།། བཟླས་བརྗོད་སྙིང་པོ་རྒྱུན་མི་བཅད།། འདི་ནི་གསུང་གི་དམ་ཚིག་གོ།། གསང་བ་གཞན་ལ་མི་སྤེལ་ཏེ།། འདི་ནི་ཐུགས་ཀྱི་དམ་ཚིག་གོ།། སྟ་གྷན་དང་ནི་འབྲས་བུ་ལྔ། ། སྤྱོད་པའི་དམ་ཚིག་ཡན་ལག་ལྔ།། ལྷ་མོའི་སྒོ་ཡི་དམ་ཚིག་ནི།། འཇིག་རྟེན་གང་དང་གང་དག་ནི།། ཡུགས་ས་རྒན་གཞོན་གང་གནས་ལ།། བྱམས་པར་བྱ་ཞིང་ཆགས་མི་སྦྱད།། ནལ་བུ་ཡོད་པའི་སྦྲུམ་མ་ལ། ། མེ་ཏོག་གཏོར་ཞིང་བྱམས་པར་བྱ།། ཁ་ཟས་སྤྱིན་ཞིང་མངན་མི་བསྒྲང།། བྱིས་པ་དག་ནི་ནལ་ཕྲུལ་ལ།། གོས་དང་ཁ་ཟས་སྤྱིན་པ་དང།། རྟག་ཏུ་དེ་ལ་བྱམས་པར་བྱ།། ཀར་ཤ་པ་ནི་རྒྱན་དུ་སྦྱིན།། བོང་བུ་ལ་ནི་བྱམས་པར་བྱ། ། ཁ་ར་མུ་ཏྲིས་གནན་པ་དང།། བེར་དབྱུག་དག་གིས་མི་བརྡེག་གོ།། རྨ་བྱའི་མདོངས་ནི་རྟག་ཏུ་བཅད།། མ་མོ་ཟླ་མཚན་རྒྱུ་དུས་སུ།། གསང་བའི་མཆོད་པས་དམ་ཚིག་བསྲེ།། མེ་ཡི་དཀྱིལ་འཁོར་མཐོང་གྱུར་ན། ། མེ་ཏོག་སྐྱེས་ལྟར་དགའ་བར་བྱ།། ནེའུ་ལ་མཐོང་ན་བསྟོད་པ་བྱ།། ཕྱག་རྒྱ་བསྟན་ཅིང་དད་པར་བྱ།། ཞིང་ལྤགས་རྫས་ཀྱི་སྣོད་དུ་བྱ།། རྡོ་ཡི་སོལ་བ་ཆུར་མི་བསྐུར།། རྡོ་སོལ་ཁུ་བས་མཚན་མ་བསྐུ། ། ཤིང་ལོ་སོར་བཞི་སྐྱེད་པར་བཅད།། ཕྱེད་ལ་ལྷ་མོའི་སྐུ་ཡང་བྲི།། ཕྱེད་ལ་དགྲ་ཡི་གཟུགས་བྲིས་ལ།། དེ་ནི་རྟག་ཏུ་བཅང་བར་བྱ།། ཚུབ་མ་དག་དང་ཕྲད་གྱུར་ན།། རྐེད་པར་མི་བཅད་རྒྱབ་མི་བསྟན། ། དམ་ཚིག་ཡོད་པས་མི་རུང་སྟེ།། བདག་མ་ཡིན་པའི་རྣལ་འབྱོར་ལ།། རང་གི་ལྷ་དང་སྙིང་པོ་དང།། རྫས་དང་ཕྱག་རྒྱ་མི་བསྟན་ནོ།། ཁ་འགྲོ་དག་ཀྱང་བསྲེ་བ་མེན།། འཕྲེང་བ་ལ་ཡང་རེག་པར་བསྲུང། ། ཚེས་གྲངས་ཤིས་དང་ནམ་གུང་ལ།། ཕྱག་རྒྱ་བསྟན་ཅིང་བསྟོད་པ་བྱ།། རྟག་ཏུ་ཡི་དམ་མི་འདའ་ཞིང། ཞ་རེ་ཕྱག་རྒྱ་གཉིས་གཉིས་བསྟན།། སྲོག་གི་སྙིང་པོ་རྒྱུན་ཏུ་གྲང།། ནུབ་རེ་གཏོར་མ་མི་འདའ་འོ། ། བྱ་ནག་ལུག་ནག་རྟག་ཏུ་བཅང།། བདག་གི་དགྲ་ལ་རྦད་བྱ་སྟེ།། ཕྱིས་ནི་དེ་ལ་བཅོས་མི་བྱ།། ཁས་བླངས་ཡོལ་དུ་མི་རུང་ངོ།། རྣལ་འབྱོར་དངོས་གྲུབ་ཐོབ་བྱའི་ཕྱིར།། དམ་ཚིག་ཉི་ཤུ་རྩ་གཅིག་བསྟན། ། དཔལ་ཤན་པ་ནག་མོའི་རྒྱུད་ལས།། དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་འདི་སྐད་ཅེས་གསོལ་ཏོ།། ཧཱུ~ཾ་མཛད་ཧཱུ~ཾ་སྟེ་ཁྲོ་རྒྱལ་བདུད་བཞི་འདུལ། ། མི་མཐུན་འཇོགས་པའི་གཉེན་པོ་ཡེ་ཤེས་ཀྱིས།། དཔལ་ལྡན་ནག་མོ་གྲུབ་པའི་རྟགས།། དྲོད་ཚད་བདག་ལ་ཞུ་སྟེ་གནང་བར་མཛོད།། ཅེས་གསོལ་བ་དང།། ཕྱག་ན་རྡོ་རྗེས་བཀའ་སྩལ་བ། ། སྐྱེས་བུ་བློ་ལྡན་མན་ངག་རྩལ་འཆང་གིས།། རྫས་དང་ཏིང་འཛིན་སྔགས་དང་ཕྱག་རྒྱ་དང།། མཆོད་དང་དམ་ཚིག་བསྲུང་བ་གཙོར་བྱས་ན།། རྡོ་རྗེ་ནག་མོའི་བསྒྲུབ་པའི་རྟགས་ལྟར་འབྱུང།། གྲུབ་རྟགས་རབ་འབྲིང་ཐ་མ་གསུམ་དུ་འབྱུང། ། རབ་ནི་མ་མོ་ཉིད་ཀྱི་སྐུ་མཐོང་སྟེ།། བུད་མེད་དཀར་མོ་བཞད་ཅིང་བྱུང་བ་ན།། གསང་བའི་ཡེ་ཤེས་དངོས་གྲུབ་སྟེར་བ་ཡིན།། ནག་མོ་རལ་པ་ཅན་དུ་བྱུང་བ་ན།། འདོད་ཁམས་འདུལ་བའི་མཐུ་རྩལ་བདག་ལ་སྟེར། ། དམར་མོ་བསེ་ཡི་རལ་པ་ཅན་དུ་བྱུང་བ་ན།། འཇིག་རྟེན་དབང་དུ་སྡུད་པའི་དངོས་གྲུབ་བདག་ལ་སྟེར།། མ་མོ་གྲུབ་པའི་རྟགས་ཀྱང་འབྲིང་བོ་ནི།། མེ་ཏོག་ཆར་འབབ་འབྲུག་དང་རླུང་དམར་དང། ། སྒོ་བརྡུང་ཁང་པ་འཚེགས་དང་རྔ་དྲིལ་སྒྲ།། རྫས་ལུད་མུན་པ་ཤིན་ཏུ་གནག། བུད་མེད་གཟུགས་དང་འཇའ་ཚོན་གཟུགས་ཀྱང་སྟོན།། གྲུབ་རྟགས་ཐ་མ་དག་ཀྱང་སྟོན།། མ་དང་ཆུང་མ་ཁོལ་ལོ་རྨི། ། དྲེའུ་བོང་བུ་བྱ་ནག་ཤ་བ་རྨི།། མ་མོ་གྲུབ་ནས་དབང་དུ་འདུས་པ་ན།། བུད་མེད་དག་གིས་བདག་ལ་ཕྱག་འཚལ་ལོ།། མ་མོ་གྲུབ་ཀྱང་བསྲེ་བ་མ་བྱས་ན།། མི་སྡུག་གཟུགས་སུ་སྟོན་ཅིང་མཛོ་མོར་རྫུ།། གཅན་གཟན་ཟར་འོད་མ་མོ་ཕྱག་སྒུགས་སོ། ། དམ་ཚིག་ཉམས་ནས་མ་མོ་འཁྲུགས་གྱུར་ན།། མ་མོ་ནང་འཐབ་མཚོན་གྱི་ཆར་བ་འབབ།། བྱ་ནག་ནང་འཐབ་ཁྲག་གི་ན་བུན་འཁྲིགས།། ལྟས་དེ་མཐོང་ན་བཀའ་ཆད་ཡོད་པ་ཡིན། ། གལ་ཏེ་དམ་སྲིད་སྒྲུབ་པའི་བར་གཅོད་ན།། གྲལ་ལ་འཇིགས་ཤིང་ཁྱིམ་དུ་འགྲོ་སྙིང་མི་འདོད།། གཉིས་ཁྲོ་སྙིང་མི་དགའ་ལ་སྐྱོ་ཞིང་བགྲེས།། ཁ་དབྱུལ་དུ་སྙིང་འདོད་ལ་ཁྲོ་སྙིང་འདོད།། བུད་མེད་གཟུགས་མཐོང་རྐུབ་དང་མོ་མཚན་སྟོན། ། གལ་ཏེ་གཏོར་མ་དུས་ལ་ཡོལ་གྱུར་ན།། མོ་མཚན་དང་ནི་སྔོན་གྱི་དབང་རྟགས་སྟོན།། དུད་པ་འཁྲིགས་དང་བུད་མེད་དབྱལ་བ་མཐོང།། བུད་མེད་ངུ་བ་མཐོང་ན་ཉམས་པ་གནོད། ། རྒོད་པ་མཐོང་ན་དགྲ་བགེགས་བསྒྲལ་པའི་རྟགས།། ཁྲོ་ན་བར་ཆོད་ཡོང་བས་སྦྲོན་པ་ཡིན།། སྦྱོར་བ་བྱེད་ན་དངོས་གྲུབ་སྟེར་བ་ཡིན།། རྒྱང་གླུ་ལེན་པ་མཐོང་ན་དངོས་གྲུབ་ཐག་རིང། ། གར་ཐབས་བྱེད་ཅིང་འགྱིང་བག་བྱུང་ན་ཅི་བསམ་འགྲུབ།། བྱ་དང་གཅན་གཟན་གཏོར་མ་ཟ་བ་མཐོང་ན་བཟང།། མ་མོ་གྲུབ་པའི་རྟགས་རྣམས་གང་བྱུང་ཡང།། དམ་ཚིག་ཕྱག་རྒྱ་བསྟན་ཅིང་དངོས་གྲུབ་བླངས། ། ཁ་རོག་འདུལ་ན་སྙིང་པོ་ཕྱག་རྒྱ་ནོར།། འཛུབ་པ་མཐོང་ན་བདག་ཚེ་རིང་པའི་རྟགས།། ཤ་བ་ཞོན་ན་ནོར་རྣམས་འཕེལ་བའི་རྟགས།། གལ་ཏེ་བདག་ནི་གཞན་དུ་དོན་གཉེར་ན།། བུད་མེད་ལག་ན་རྫས་གང་མཐོང་ན་བཟང། ། བྱ་དང་གཅན་གཟན་སྡོང་ནས་འགྲོ་ན་བཟང།། དེ་ཡི་ཚེ་ན་དོན་ཡང་གཉེར་བར་བྱ།། སྣོད་སྟོང་ཐོགས་པ་མཐོང་ན་དོན་མི་གཉེར།། གྲུབ་པའི་དྲོད་ཚད་རྣལ་འབྱོར་ལ་གཅེས།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས། ། དྲོད་ཚད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། འཛིན་རྒྱལ་དྲག་པོ་ཆེ་བའི་ཆེ།། གོལ་ས་སྤངས་པའི་སྐྱེས་བུ་ཡིས། ། ལྷ་མོ་བསྒྲུབས་ཀྱང་མ་འགྲུབ་ན།། སྤོགས་པ་དག་གི་ཞུ་བ་ལགས།། ཞེས་གསོལ་པ་དང།། དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱེས་བུ་བློ་ལྡན་ཏིང་འཛིན་གྱིས། ། བསྒྲུབ་པའི་རྒྱུད་འདི་གཙོར་བླངས་ན།། དངོས་གྲུབ་མི་ཐོབ་མི་སྲིད་དོ།། འོན་ཀྱང་གྲུབ་ཐག་རིང་བ་ལ།། དེ་ལ་ཉེས་དམིགས་རྣམ་པ་གསུམ།། སྔོན་གྱི་ལས་འཕྲོས་མ་འབྲེལ་དང།། བསྙེན་པ་ཞག་གྲངས་ཉུངས་པ་དང། ། རྣལ་འབྱོར་དམ་ཚིག་ཉམས་པ་གསུམ།། འོན་ཀྱང་མི་བཞག་བསྐྱར་ཕྱིར་བསྒྲུབ།། སྔོན་གྱི་ལས་འཕྲོས་མ་འབྲེལ་ཡང།། ད་ལྟར་བརྩོན་འགྲུས་བྱས་ན་འགྲུབ།། བསྒྲུབ་པ་ཆུང་ཙམ་གྲངས་ཉུངས་ན། ། བཟླས་པ་བྱེ་བ་དུང་ཕྱུར་བསྣན།། དམ་ཚིག་ཉམས་ན་བཤགས་ཤིང་བསྐང།། ཞེས་གསུངས་སོ།། དཔལ་གཤན་པ་ནག་མོའི་རྒྱུ་ལས།། སྤོགས་པའི་ཆོ་གའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ། ། རྡོ་རྗེ་རྒྱལ་པོ་གསང་འཛིན་པ།། རྒྱལ་ཚབ་ཆེན་པོ་ཁྱོད་ཉིད་ཀྱིས།། མ་མོ་གྲུབ་པའི་རྣལ་འབྱོར་པས།། རྟག་ཏུ་བསྟེན་པ་བདག་ལ་ཤོད།། ཅེས་གསོལ་པ་དང།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ། མ་མོ་རྟག་ཏུ་བསྟེན་པའི་ཐབས།། གུད་ན་ཡོད་པ་མ་ཡིན་ཏེ།། དང་པོ་སྒྲུབ་པ་ཐོན་རྟིང་ལ།། རྒྱུན་དུ་སྔགས་དང་ཕྱག་རྒྱ་དང།། རྫས་དང་ཏིང་འཛིན་ཆོ་ག་དང།། ཕྱག་རྒྱ་དག་དང་མི་འབྲལ་བ། ། མ་མོ་བསྟེན་པ་ཡིན་པར་བཤད།། ཟས་ཀྱི་ཕུད་ཀྱང་བསམ་ལ་མཆོད།། གསང་བའི་དམ་ཚིག་བསྲུང་པའོ།། དེ་ལྟར་བྱས་ན་ཅི་བསམས་འགྲུབ།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས།། མ་མོ་རྟག་ཏུ་བསྟེན་པའི་ལེའུ་སྟེ་བཅུ་གསུམ་པའོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། གནོད་སྨིན་བདག་པོ་ཉི་མ་འབུམ་གྱི་གཟི།། ཐུགས་རྗེ་རྩེ་གཅིག་ཡིད་འགྱུར་བཞུགས་པ་ལ། ། མ་མོ་དབབ་ཅིང་སློབ་མ་དབང་བསྐུར་པའི།། པྲ་མཆོག་དབབ་པའི་ཆོ་ག་བདག་ཉན་འཚལ།། ཞེས་ཞུས་པའི་ཚེ།། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ།། སློབ་དཔོན་མཁའ་འགྲོ་གྲུབ་པ་དེས། ། སློབ་མ་བདག་ལ་དབང་བསྐུར་བ།། རྒྱལ་རིགས་བུ་མོ་གཙང་མ་ནི།། ཁྲུས་བྱས་བདུད་རྩི་ཟས་བྱིན་ལ།། གོས་དང་མེ་ཏོག་གསེར་གྱིས་བརྒྱན།། བསྒྲུབ་པའི་དཀྱིལ་འཁོར་དབུས་སུ་བཞག། མཁའ་འགྲོའི་བསྒྲུབ་པ་ཞག་བདུན་པ། ། དེ་ནས་མ་མོ་དབབ་པར་བྱ།། འདོད་པའི་དུད་པ་བསྲེགས་བྱས་ལ།། མ་མོ་དར་དང་གཡབ་མོས་གཡབ།། ཐོད་རྔ་རྡུང་ཞིང་མ་མོ་འབོད།། སྔགས་འདིས་ཛ་གད་ཁ་ཕྲུས་གདབ།། ཨ་དེ་བི་མཧཱ་ཀཱ་ལི་རེ་མ་ཏི་ཙ་པ་ལ་ཨ་ཤུག་མེ་ས་མ་ཡ་པྲ་ཐ། ། རུ་རུ་རོ་རུ་ས་མ་ཡ་པྲ་ཐ། ཡོ་གེ་སིདྡྷ་ས་མ་ཡ་པྲ་ཐ།། ཨ་བེ་ཤ་ཨ།། ལན་བདུན་དག་གིས་མ་མོ་དབབ།། དེ་ནས་གཟུངས་མའི་རཀྟ་དང།། རང་གི་བྱང་ཆུབ་སེམས་བསྲེས་ལ། ། སྣ་ལ་དུས་གསུམ་རྒྱལ་བ་མཆོད། དེ་ནས་ལྷ་མོ་ཉིད་ལ་མཆེད།། དེ་ནས་རང་གི་ལྕེ་ལ་བཞག། བདག་དང་མ་མོ་དམ་ཚིག་བསྲེ།། དེ་ནས་སློབ་མའི་སྙིང་ལ་བཞག། དེ་ནས་གཟུངས་མའི་རཀྟ་དང། ། སློབ་མའི་ས་བོན་བསྲེས་ལ་ནི།། མ་མོ་མཆོད་ཅིང་དམ་ཚིག་བསྲེ།། གཟུངས་མ་ལྷ་མོ་ཡིན་པ་ལྟ།། གཟུངས་མས་རྩ་བའི་སྔགས་བཟླས་ཤིང།། ཐོད་འཕྲེང་རྒྱའི་དབང་བསྐུར་རོ།། དེ་ནས་གཡང་གཞི་ཧ་སྟའི་དབང། ། རྔེའུ་ཆུང་ཕུངས་དཀར་མར་མེའི་དབང།། ཕུར་བུ་ནེའུ་ལེ་རལ་གྲིའི་དབང།། སྦྲུལ་དང་ཐོད་རློན་དབང་བསྐུར་རོ།། ལྷ་མོ་ནག་མོའི་གསང་དབང་འདི།། དབང་མ་བྱིན་པའི་སློབ་མ་ལ།། ཚིག་གིས་སྨྲས་ཀྱང་སློབ་དཔོན་ཉམས། ། མྱུར་དུ་ཚེ་ཡི་འདུ་བྱེད་བསྐུལ།། དེ་བས་སློབ་མ་དབང་བསྐུར་ལ།། དེ་ནས་གསང་རྒྱུད་བསྟན་པར་བགྱིའོ།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས།། དབང་བསྐུར་བའི་ལེའུ་སྟེ་བཅུ་བཞི་པའོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས།། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་ཧོ་ཕྱག་ན་རྡོ་རྗེ་ཀྱེ། བྱིན་བརླབས་རྣམས་ཀྱི་མཆཽག་ཡིན་ཏེ།། ལྷ་མོ་གྲུབ་པའི་རྣལ་འབྱོར་པས།། ལས་ཀྱི་རིམ་པ་བཤད་དུ་གསོལ། ། ཞེས་ཞུས་པ་དང།། གསང་བའི་བདག་པོས་བཀའ་སྩལ་པ།། བརྒྱ་བྱིན་ཉོན་ཅིག། ལྷ་མོ་རེ་མ་ཏི་འདི།། མ་མོ་མ་གྲུབ་ལས་མི་འགྲུབ།། གྲུབ་པ་ཐོབ་པའི་མི་ཡིས་ནི།། ལས་ལ་ཆེད་དུ་མ་བརྩམས་ཀྱང། ། ཡིད་ལ་ཅི་འདོད་འགྲུབ་པའོ།། འོན་ཀྱང་ཆེད་དུ་སྒྲུབ་བྱེད་ན།། ལས་ཀྱི་བྱེ་བྲག་ངས་བཤད་དོ།། ལས་འདི་རྣམས་ནི་མཁའ་འགྲོ་མ།། གྲུབ་པའི་སྐྱེས་བུ་དག་གིས་བྱ།། མ་མོ་མ་གྲུབ་ལས་མི་འགྲུབ། ། བརྒྱ་བྱིན་ཉོན་ཅིག། ཞི་བ་ལས་ཀྱི་ཁྱད་པར་ནི།། བུ་རམ་སྦྲང་རྩི་གྷི་ཝང་དང།། གུ་གུལ་སྤོས་དང་འོ་མ་དང།། མར་ཁུ་ཏིལ་དང་འབྲས་ཆང།། ཨ་ཀ་རུ་དང་དུ་རུ་ཀ།། རི་ལུ་ཁྲི་ཚོ་གཅིག་བྱས་ལ། ། ཞི་བའི་ཐབ་ཁུང་དབུས་ཉིད་དུ།། འོ་མ་ཡོད་པའི་ཞིང་ལ་བསྲེག། ཨོཾ་རུ་རུ་བི་ཏིཥྠ་བ་ཏོ་སི།། རུ་རུ་རོ་རུ་བི་ཏིཥྠ་བ་ཏོ་སི།། ཨ་མུ་ཀ་ཤན་ཏིང་ཀུ་རུ་སྭཱ་ཧཱ།། ཁྲི་ཚོ་བཟླས་ཏེ་བསྲེགས་གྱུར་ན།། སྡིག་དང་བགེགས་རྣམས་ཞི་བར་འགྱུར། ། དགྲ་དང་ནད་ཡམ་ཞི་བར་བྱེད།། རྒྱས་པའི་ལས་སུ་བྱ་བ་ནི།། རྒུན་འབྲུམ་སྟར་ཀ་གུར་ཀུམ་དང།། ཨུ་ཏྤལ་མར་ཁུ་གྷི་ཝང་དང།། སེང་ལྡེང་དུར་བ་ཀུ་ཤ་རྣམས།། རྒྱས་པའི་ཐབས་ཁུང་ཁྲི་ཚོ་གཉིས། ། ཨོཾ་རུ་རུ་བི་ཏིཥྠ་བ་ཏོ་སི།། རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སཱི།། ཨ་མུ་ཀ་དུ་པུ་ཥྠི་ཀུ་རུ་སྭཱ་ཧཱ།། ཚེ་དང་རིགས་རྒྱུད་འཕེལ་བ་དང།། ནོར་དང་ལོངས་སྤྱོད་རྒྱས་པར་བྱེད།། དབང་གི་ལས་ནི་བསྟན་པ་ནི།། ཙན་དན་དམར་དང་ཨུག་ཆོས་དང། ། ཡུངས་དང་གྷི་ཝང་ཅོང་ཞུན་དང།། མར་ཁུ་ཉ་ཤ་སྦྲང་རྒོད་ཀྱིས།། ཁྲི་ཚོ་གསུམ་དུ་སྦྱིན་སྲེག་བྱ།། ཨོཾ་རུ་རུ་བེ་ཏིཥྠ་བ་ཏོ་སཱི།། རུ་རུ་རོ་རུ་པེ་ཏིཥྠ་ཤ་ཏོ་སཱི།། ཨ་མུ་ཀ་ཨ་ཀར་ཀྴ་ཡ་ཧྲི་ཛ། ། འཁོར་ལོས་སྒྱུར་བའི་ཕྱག་རྒྱའོ།། རྟ་དང་གླང་པོ་ནོར་བུ་དང།། འགྲོ་བ་བཟང་དང་བློན་པོ་དང།། དམག་མི་དག་ནི་ལྷ་དང་མི།། ཀུན་ཀྱང་བདག་གི་དབང་དུ་འགྱུར།། དྲག་པོ་བསད་པའི་འཕྲིན་ལས་ནི། ། རབས་ཆད་ནག་མོའི་ཤ་ཁྲག། བྱ་རོག་འུག་པའི་ཤ་ཚིལ་དང།། སེང་གེ་སྟག་དང་བྱ་རྒོད་སྐྱུང་ཀའི་སྙིང།། རྟ་ནག་ར་རོག་འཕར་བའི་སྙིང།། སྤྱང་མོའི་སྙིང་དང་མི་གྲིར་ཤི།། ཅོང་ཞུན་དང་ནི་གྷི་ཝང་སྦྱར། ། དུག་དང་ཁྲག་དང་བསྲེས་བྱས་ལ།། རིལ་བུ་ཁྲི་ཚོ་བཞི་བྱས་ལ།། མ་ཏྲི་ནག་མོ་ཞལ་བྱས་ལ།། མ་ཏྲམ་ཁོ་རུ་མེ་སྤར་ལ།། རིལ་བུ་རེ་དང་དགྲ་མིང་རེ།། བསྡེ་བ་ཅིག་སྲེག་པའི་ལས་བྱའོ།། རེ་མ་ཏོའི་དམོད་པ་ནི། ། ཨོཾ་རུ་རུ་བི་ཏིཥྠ་བ་ཏོ་སཱི།། རུ་རུ་རོ་རུ་བི་ཏིཥྠ་བ་ཏོ་སཱི།། མ་མ་སརྦ་ཤཱ་ཏྲུཾ།། ཨ་མུ་ཀ་སེ།། དུ་ན་དུ་ན།། བྷན་དྷ་བྷན་དྷ།། མ་ཐ་མ་ཐ།། པྲ་མ་ཐ་པྲ་མ་ཐ།། རུ་ཛཱ་རུ་ཛཱ།། ཛ་རེ་ནམ། ། བྱ་ཧ་དྲིམ།། རོ་ཀ་ནམ།། ཨེ་བེ་ཤ་ཡཱ།། ཛཱི་བང་ཧྲི་དྷ་ཡ།། ཙན་དན་དེ་པ་ཤྲི་ཀུ། མཱ་ར་ཡ་ན་ཧཱུ~ཾ་ཕཊ།། ཁྲག་ནད་དག་གིས་འཆི་པའོ།། དགྲ་ལ་ནད་རིམས་དབབ་པ་ནི།། བཅན་དུག་དང་ནི་དུ་ཀ་སྣ་ཚོགས།། ཐོད་པ་མཚན་ངན་དག་ཏུ་བླུག། ཞིང་རས་དག་གིས་ཁ་བཅད་ལ།། སྔགས་འདི་ཁྲི་ཚོག་གཅུག་ཏུ་བཟླས།། ཨོཾ་རུ་རུ་བི་ཏིཥྠ་བ་ཏི་སྭཱི།། རུ་རུ་རོ་རུ་པི་ཏིཥྠ་བ་ཏོ་སྭི།། ཨ་མུ་ཀཾ།། བྱ་ཧ་དིམ།། ཧ་ར་ནམ།། ཨེ་བེ་ཤ་ཡ།། མ་ར་ན་ཕཊ། ། རང་ཉིད་ཆ་ལུགས་ནག་པོར་བྱ།། བོང་བུ་ཞོན་ལ་གྲ་ཕྱོགས་གཏོར།། རིམས་ནད་དག་གིས་ཕུང་པར་བྱེད།། ཚ་བའི་ནད་ཀྱིས་གསད་པ་ནི།། རོ་ཆས་རས་ལ་ལིང་གི་བྲི།། ཚ་བ་གསུམ་གྱི་ཁུ་བས་བསྐུ། ། བཟླས་པ་བྱ་ཞིང་གཏོར་མ་སྟབ།། ཨོཾ་དེ་བི་མ་ཧཱ་ཀཱ་ལི་རག་ཀྴ་རེ་མ་ཏི།། ཨ་མུ་ཀཾ་མ་ར་ཡ་ཕཊ།། ཁྲི་ཚོ་གཅིག་ཏུ་བཟླས་པ་བསྟབ།། ཞག་བདུན་ནས་ནི་ངེས་པར་གསོད།། ལྷ་མོ་ནག་མོའི་སྙིང་ཟེར་གཟེར་སྔགས་ལ། ། སྙིང་གཟེར་ནད་ཀྱིས་དགྲ་གསད་ན།། ལྕགས་གསུམ་དུས་ཤིང་ཕུང་བུ་ལ།། སྤྱི་བོར་རྟ་མགྲིན་བསྒོམ་པར་བྱ།། རྐེད་པར་ལྷ་མོ་ནག་མོ་བསྒོམ།། རྩེ་མོ་ཆུ་སྲིན་མགོ་ཅན་བསྒོམ།། ལོགས་ལ་འཁོར་གྱི་མ་མོ་བསྒོམ། ། ལུས་ལ་བཅངས་ལ་བསྙེན་པ་དབུལ། ཨོཾ་རུ་རུ་བེ་ཏིཥྠ་བ་ཏོ་སཱི། རུ་རུ་རོ་རུ་བེ་ཏིཥྠ་བ་ཏོ་སཱི།། ཙ་པ་ལ་ཨ་ཤུག་མེ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཧཱུ~ཾ་མ་ར་ཡ་ཕཊ།། རྟག་ཏུ་བསྙེན་པ་ཕུལ་བྱས་ནས།། དགྲ་བོའི་གཟུགས་ལ་བཏབ་པ་ན། ། མྱུར་དུ་སྙིང་གཟེར་ནད་ཀྱིས་འཆི།། ལྷ་མོ་འཕྲུལ་གྱི་སྤྱིན་སྲེག་ལ།། རྨ་བྱའི་ཤ་ལ་སྦྱིན་སྲེག་བྱ།། བཙན་དུག་འཐུང་བའི་སྟོབས་དང་ལྡན།། ཉ་ཡི་ཤ་ལ་སྦྱིན་སྲེག་བྱ།། དེ་ཚེ་ཆུ་ཡི་སྟེ་དུ་འགྲོ། ། ཁྲུང་ཁྲུང་ཤ་ལ་སྦྱིན་སྲེག་བྱ།། བདག་ནི་ནམ་མཁའ་དག་ལ་འཕུར།། ནེ་ཙོ་ཤ་ལ་སྦྱིན་སྲེག་བྱ།། སྐྱེ་བ་ལྔ་པ་དྲན་པར་འགྱུར།། སྤྲེའུ་ཤ་ལ་སྦྱིན་སྲེག་བྱ།། འགྲོ་བ་བཟང་མོ་འགག་པར་འགྱུར།། བྱི་བའི་ཤ་ལ་སྦྱིན་སྲེག་བྱ། ། ལྷ་སྲིན་སྡེ་བརྒྱད་མཐོང་བར་འགྱུར།། རྔ་མོའི་ཤ་ལ་སྤྱིན་སྲེག་བྱ།། ཉིན་གཅིག་དཔག་ཚད་བརྒྱད་ཁྲིར་ཕྱིན།། ཁཱ་ཏའི་ཤ་ལ་སྦྱིན་སྲིག་བྱ།། བདག་ལུས་གཞན་གྱིས་མི་མཐོང་ངོ།། ངང་པའི་ཤ་ལ་སྦྱིན་སྲེག་བྱ། ། བདག་གི་ལོ་འདི་སྟོང་ཐུབ་པའོ།། ནེའུ་ལེའི་ཤ་ལ་སྦྱིན་སྲེག་བྱ།། ནོར་གྱི་གཏེར་ལ་ལོངས་སྤྱོད་འགྱུར།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས།། འཕྲིན་ལས་ཀྱི་ལེའུ་སྟེ་བཅཝ་ལྔ་པའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་འཁོར་འདུས་པ་རྣམས་ཀྱིས། ། དཔལ་ཕྱག་ན་རྡོ་རྗེ་ལ་བསྟོད་པ།། ཧཱུ~ཾ་མཛད་ཧཱུ~ཾ་སྟེ་ཙཎྜ་རོ་ཥ་ན།། བདེན་གཉིས་ཐུགས་ཆུད་ཆོས་ཀྱི་སྐུ་བརྙེས་པའི།། སྤྲུལ་པའི་སྐུ་སྟེ་ཕྱག་ན་རྡོ་རྗེ་ཆེ། ། དུས་མཐའི་མེ་ལྟར་འབར་ལ་ཕྱག་འཚལ་བསྟོད།། དེ་ནས་བརྒྱ་བྱིན་ལ་སོགས་པའི་འཁོར་འདུས་པ་དེ་རྣམས་ཀྱིས།། དཔལ་ལྡན་ལྷ་མོ་ནག་མོ་ལ་བསྟོད་པ།། དཔལ་ལྡན་ལྷ་མོ་རེ་མོ་ཏི།། ཆོས་སྐྱོང་རྒྱལ་མོ་ནག་མོ་ཆེ། ། དབྱིངས་ཕྱུག་གསང་བའི་མཁའ་འགྲོ་མ།། བསྟན་པ་བསྲུང་ལ་ཕྱག་འཚལ་བསྟོད།། དཔལ་ལྡན་ནག་མོའི་རྒྱུད་ལས།། བསྟོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། དེ་ནས་དཔལ་ཕྱག་ན་རྡོ་རྗེ་དེས་པདྨའི་གདན་ལས་སྐུ་བཞེས་ཏེ། ། འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་ངའི་འཁོར་དུ་གཏོགས་པ་རྣམས།། ངས་ནི་མཁའ་འགྲོ་མའི་རྒྱུད་ཆེན་པོའོ།། དངོས་གྲུབ་དམ་པའི་གཞིར་བཤད་ཟིན་ཏོ།། ཁྱོད་ལ་གཏད་དོ་ཟུང་ཞིག། རྒྱུད་འདི་ཐུན་མོང་མ་ཡིན་པའི་རང་བཞིན་ཏེ།། སྐྱེས་བུ་བློ་ལྡན་པ་འགས་བསྒྲུབ་པ།། དེ་ནི་མི་ནུབ་པའི་རྒྱལ་མཚན་ཐོབ་བོ།། དེ་ནི་ཆོས་ཀྱི་དབང་ཕྱུག་ཆེན་པོར་གོ་འཕང་ཐོབ་བོ།། དེ་ནི་དངོས་གྲུབ་ཐམས་ཅད་རང་ལས་ཤར་བས་འགྲུབ་བོ། ། དེས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་རྙེད་པ་ཡིན་ནོ།། ཞེས་བཀའ་སྩལ་པ་བརྒྱ་བྱིན་གྱིས་སྤྱི་བོར་བླངས་སོ།། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ལས།། རྡོ་རྗེ་མཁའ་འགྲོ་མ་ལ་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ། ། དེ་ནས་འཁོར་དེ་རྣམས་དགའ་བ་སྐྱེས་ནས་ལྷའི་རོལ་མོ་བསམ་གྱི་མི་ཁྱབ་པས་ཕྱག་ན་རྡོ་རྗེ་ལ་མཆོད་ནས་རང་གི་ས་ལ་འཁོར་དོ།། དཔལ་ཤན་པ་ནག་མོའི་རྒྱུད་རྫོགས་སོ། ། ཨོ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་བ་དང།། ལོཙྪ་བ་ཙན་ཏྲ་ཀུ་མ་རས་བསྒྱུར་པའོ།། ཁྲི་སྲོང་ལྡེ་བཙན་གྱི་བཙན་གྱི་ཐུགས་དམ་འཆིང་ཕུར་བསྒྱུར་པའོ།། ཨུ་རྒྱ་ཏི་ཀབ།།། རྒྱ་གར་སྐད་དུ། ། ཤྲཱི་དུར་རྩིར་རག་ཏ་སྟི་ལ་ཐ་ཏན་ཏྲ།། བོད་སྐད་དུ།། དཔལ་ཨེ་ཀ་ཛ་ཏི་ཁྲག་གི་རྦ་ཀློང་གི་རྒྱུད་ཅེས་བྱ་བ།། དཔལ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ།། ཨ་དེ་ལ་ཡབ་ཀྱི་དབྱིངས་ཡུམ་གྱི་མཁའ་ཐམས་ཅད་འབྱུང་བའི་གནས་སྙིང་པོ་བྱང་ཆུབ་ཀྱི་སེམས་མོ། ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་འཕྲིན་ལས་ཐམས་ཅད་ཀྱིས་བདག་མོར་སྟོན་ཏོ།། ཛ་འགུག་པའི་ལྕགས་ཀྱུ་ཡིས་འཕྲིན་ལས་ཐམས་ཅད་ཐོགས་པ་མེད་ན་མྱུར་དུ་འགྲུབ་པར་བྱེད་དོ། ། ཆོས་གཉིས་པ་ཡང་འཕྲིན་ལས་བདག་མོའི་སྙིང་པོ་སྟེ།། སྙིང་པོ་འགུགས་བྱེད་ཐུགས་རྗེའི་ལྕགས་ཀྱུ་ཡིན།། ཏིང་འཛིན་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་ཉིད། ། འཕྲིན་ལས་མ་ཀ་མི་འགེགས་ཡོངས་སུ་རྫོགས་པར་བྱེད་པའི་བདག་མོ་ལྟར་ཡང་སྣང་ལ། དཔལ་ཆེན་པོའི་གཟུངས་མ་ཡང་མཛད་ལ།། བདུད་དང་གཤིན་རྗེའི་ལྕམ་མོ་ཡང་མཛད་དོ།། དོན་ཐམས་ཅད་དུ་མ་ངེས་སོ། ། དཔལ་ཨེ་ཀ་ཛ་ཊིའི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་གོང་དུ་ཐམས་ཅད་བྱེད་པ་ཡང་གོང་དུ་མ་མོའི་བསྙེན་པ་རྫོགས་པར་བྱས་ལ།། ལས་བསམ་གྱིས་མི་ཁྱབ་པ་འདི་ལྟ་སྟེ། ། དེ་ལ་ཞི་བའི་གནས་ནི།། བཀྲ་ཤིས་ཞི་བའི་གནས་སུ་སའི།། དཀྱིལ་འཁོར་ཟླ་བ་ཉ་བའི་དབྱིབས་དང།། ཁ་དོག་དཀར་ལ་ཟླུམ་པོར་བརྩིག། དབུས་སུ་ཟླུམ་པོ་ཆག་གང་བྲུ།། བྱང་ཆུབ་སེམས་ཀྱིས་ཆག་ཆག་གདབ། ། ཀར་ནི་ཀ་ཡི་ཁུ་བས་ནི།། དཀར་ལ་འཚེར་བའི་ཏྲག་གཅིག་བྲི།། དཀར་དམར་སྦྱར་བའི་ཁུབས་གཏོར་ཞིང་ཏྲག་ཅེས་སེམས་ཞི་བའི་དབང་གིས་བརྗོད་པས་བུད་མེད་དཀར་མོ་གཡུའི་རལ་པས་ས་གཞི་ཁྱབ་པ་ཤིན་ཏུ་འཛུམ་པའི་ཆ་བྱད་ཅན་གཅིག་ལང་ནས་ཏེ་མི་འདར་ཞིང་མི་ཡེངས་པར་བྱའོ། ། དེ་མངོན་དུ་གྱུར་པ་དང་སྤྱིའི་ལས་འབྱུང་བའི་ཞི་བའི་རྫས་ཀྱིས་སྔགས་འདི་རྒྱུན་དུ་བཟླས་སོ། ། ཏྲག་རག་ཤ་ཁ་མུན་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ།། ས་མ་ཡ་ཛ།། ཤན་ཏིང་ཀུ་རུ་སྭཱ་ཧཱ།། མངོན་དུ་གྱུར་པ་དང་ཇི་ལྟར་བསམས་པའི་ལས་རྣམས་དེ་བཞིན་དུ་འགྲུབ་པར་འགྱུར་རོ།། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས། ། ཞི་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་འདི་གསུངས་སོ།། རྒྱས་པའི་གནས་ནི་རི་བོ་འམ།། རྩི་ཤིང་ནགས་ཚལ་རྒྱས་པ་འམ།། སེམས་ཅན་ཐམས་ཅད་གནས་པའི་ས། ། དབྱིབས་ནི་གྲུ་བཞི་ལྷམ་པའི་གནས།། ས་ཡི་དཀྱིལ་འཁོར་གྲུ་བཞིར་བརྩིགས།། ཁ་ཁྱེར་ཐོད་པ་སེར་པོས་བསྐོར།། དབུས་སུ་རིན་ཆེན་གསེར་གྱི་ཏྲག་གཅིག་བྲི།། ཏྲག་རག་ཤ་མུ་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ། ། པུཥྟིཾ་ཀུ་རུ་སྭཱ་ཧཱ།། ཆང་ཕུད་དང་ཨ་མྲྀ་ཏ་སྦྱར་ལ་མཆོད་ཅིང།། གོང་བཞིན་གསལ་བར་གྱུར་པ་དང།། ཐམས་ཅད་དུ་རྒྱས་པའི་ལས་བྱའོ།། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། རྒྱས་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་འདི་གསུངས་སོ།། དབང་གི་གནས་ནི་བྲག་དམར་ཆོལ་ཟངས་སུ།། དབང་ལ་མཎྜལ་ཟླ་གམ་བརྩིག། དབུས་སུ་ཟླ་གམ་ཆག་གང་ཐུར་དུ་བྲུ།། ཤེས་རབ་རཀྟས་ཆག་ཆག་གདབ། ། ཟངས་ཀྱི་ཁུ་བ་འམ་མི་ཁྲག་གིས།། དམར་ལ་འཚེར་བའི་ཏྲག་གཅིག་བྲི།། མཐའ་ནི་ཐོད་པ་དམར་པོས་བསྐོར།། ཏྲག་རག་ཤ་མུ་ཨེ་ཀ་ཛ་ཏི།། སྙིང་ཁར་མ་ས་མ་ཡ་ཛ་པ་ཤཾ་ཀུ་རུ་ཧཱུ~ཾ།། རཀྟ་དང་ཆང་ཕུད་སྦྱར་ལ་དབུལ་ལོ། ། དེ་མངོན་དུ་གྱུར་པ་དང།། དབང་གི་ལས་ཇི་ལྟ་བ་བཞིན་ནོ།། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། དབང་གི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་འདི་གསུངས་སོ། ། དྲག་པོའི་གནས་ནི་དུར་ཁྲོད་ཕུང་ཤུལ་དུ།། ས་ཡི་མཎྜལ་མཐིང་ནག་གྲུ་གསུམ་བརྩིག། ཆག་གང་གྲུ་གསུམ་ཐུར་དུ་བྲུ།། དུག་དང་རོ་བསྲེགས་པས་ཏྲག་གཅིག་བྲི།། གྲུ་གསུམ་ཁ་ཁྱེར་ཐོད་པ་ནག་པོས་བསྐོར། ། སྙིང་ཁྲག་ཆད་ཕུད་ཨ་མྲྀ་ཏ།། གཏོར་ཞིང་དྲག་པོའི་སྔགས་བཟླས་ལ།། སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པར་བྱ།། ཏག་རག་ཤ་མུ་ཏྲ།། ཨེ་ཀ་ཛ་ཏི་སྙིང་ཁ་རགས་མ་ཡ་བྷྱོ།། མཱ་ར་ཡ་རྦད།། དེ་ལ་མངོན་དུ་གྱུར་པ་དང། ། དྲག་པོའི་ལས་རྣམས་ད་བཞིན་ནོ།། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། དྲག་པོའི་ལེའུ་སྟེ་ལྔ་པའོ།། དེ་ནས་ཡང་འདི་གསུངས་སོ།། སྲིའུ་གསོ་བའི་བྱ་ན།། ཚེ་བུམ་གོས་ལ་སྔགས་འདི་བཟླས། ། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཊི་སྙིང་ག་རག་མ་ས་མ་ཡ་ཛ།། ན་མོ་བྷྱོ་ཛ།། ཧྲི་ད་ཡ་བྷྱོ།། ཏྲ་ཏ་ཡ་ཏྲོ་ཏ་ཡ།། ཛཱ་ལ་ཛཱ་ལ།། མ་ཀར་ཛཱ་ལ།། པྲ་ཛཱ་ལ་སྤུ་ཏ་སྤུ་ཏ་སརྦ་ག་ག་ན།། ནི་པ་པ་ཏི།། ས་ར་ནི་ས་རི། ། བྱིས་ར་བྱིས་ར།། སརྦ་དུཤྟན་བྱི་ཏོ་ནི།། ཤོ་ཏ་ནི་ཧཱུ~ཾ་ཕཊ།། མའི་ནུ་མ་དང།། ཚེ་བུ་མ་དང།། གོས་ལ་ཅི་མང་དུ་བཏབ་ན་དེ་བཞིན་དུ་སྲིའུ་སོས་པར་འགྱུར་རོ།། དབལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས། ། སྲིའུ་གསོ་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་འདི་གསུངས་སོ།། རྨི་ལམ་ངན་པ་བཟློག་ན།། སྤེན་མ་སོར་རེ་བ་བརྒྱ་རྩ་བརྒྱད་བྱས་ལ།། རེ་རེ་ལ་བརྒྱ་རྩ་བརྒྱད་བསྔགས་ལ་གདབ་བོ།། ཏྲག་རག་ཤ་མུ་ཏྲ། ། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ། ཨ་ཏི་མེ་རུ་མེའི་སྟེ་སྟ་ཧཱ་སྭཱ་ཧཱ།། བསྒྲུབ་པོ་བདག་ལ་སྡང་བར་བྱེད་པའི་དགྲ་དང།། གནོད་པར་བྱེད་པའི་བགེགས་རྣམས་རིལ་མ་བཞིན་དུ་ཆུས་ཁྱེར་ཅིག། སྤེན་མ་བཞིན་དུ་ཆགས་ཅིག། བོང་བ་བཞིན་དུ་དགྲ་བགེགས་ཞིག་ཅིག། ཅེས་བྱས་ལ་མ་མོའི་བཅོལ་བ་བྱའོ།། ཟངས་བུ་གཅིག་ཏུ་བླུགས་ལ་ཟངས་བུ་ཆུས་བཀང་བ་ལ་ཆེན་པོ་ལ་བསྐུར་ན་དེ་བཞིན་དུ་རྨི་ལམ་ངན་པ་བཟློག་པར་འགྱུར་རོ། ། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། རྨི་ལམ་ངན་པ་བཟློག་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་འདི་གསུངས་སོ།། ཐེའུ་རང་བརྡུང་བའི་ཐབས་ལ་ཤོག་བུ་སོར་བཞི་པ་གཅིག་ལ། ། ཐེའུ་རང་གི་གཟུགས་དང་སྙིང་པོ་བྲིས་ལ་རྡོག་པའི་འོག་ཏུ་བཅུག་ལ།། མིག་རྣོན་གཅིག་ཀྱང་དྲུང་དུ་གཞག་ལ།། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཊ་སྙིང་ཁ་རག་མ་ས་མ་ཡ་ཛ།། ཏྲི་ཏ་མང་མཛེས་རི་ལི་ལིངས། ། ཞེས་ཅི་མང་དུ་བརྗོད་ལ་འོངས་པ་དང།། གཟུགས་དེ་སྒོང་ཁོག་གི་ནང་དུ་བཅུག་ལ་ཁ་བག་ཟན་གྱིས་གཅད་དེ་ཆུ་གླིང་ལ་བསྐྱལ་ལོ།། ཡང་ན་ལམ་པོ་ཆེའི་བཞི་མདོར་གནན་ནོ།། འགུག་འདྲེན་བྱའོ།། དེ་བཞིན་དུ་བྱས་ནས་ཐེ་ཐུབ་པར་འགྱུར་རོ། ། ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། ཐེའུ་རང་བརྡུང་བའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་འདི་གསུངས་སོ།། བྱང་དང།། མི་ཁ་ཆོམ་རྐུན་དང།། ངན་སྔགས་བཟློག་པར་འདོད་ན། ། སེ་གོལ་བརྡབ་ཅིང།། ཏྲག་རག་ཤ་མུ་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ།། ཨོཾ་སྒྲིག་ཤ་ཁྲི་ཚིན་དྷ།། ཁ་སྒ་ཁ་སྒ།། ཨུཾ་པ་སྭཱ་ཧཱ།། སྔགས་དེ་ལ་ལན་གསུམ་ཅུ་རྩ་བཞི་བཟླས་ཏེ། ། སེ་གོལ་གྱིས་བརྡབས་ན་རྐུན་བྱད་དང་མི་ཁ་བཟློག་པར་འགྱུར་རོ།། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། བྱད་དང་ངན་སྔགས་བཟློག་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། བུད་མེད་བུ་མ་སྨིན་པ་སྨིན་པར་བྱ་བའི་ཐབས་ལ། ། བུད་མེད་སྐད་ཁྲག་ཆད་ནས་ཟླ་བ་གཅིག་ལོན་པ་དང།། གོས་ལ་འདི་གདབ་བོ།། ཏྲག་རག་ཤ་མུ་ཏྲ། ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་ས་མ་ཡ་ཛ།། ཨོཾ་མ་ཎི་དྷ་ར་ནི།། མ་ཧི་པྲ་ཏི་ས་རེ་ཡེ་སྭཱ་ཧཱ། ། སྲུངས་ཅིག་བྱས་ལ་སྔགས་མདུད་བྱས་ལ་སྟོང་ངམ།། འབུམ་བཟླས་ནས་མ་ལ་གདགས་སོ།། དེ་ནས་བུ་བཙས་པ་དང་བུ་ལ་གདགས་སོ།། བུ་སོས་པར་འགྱུར་བར་འོངས་ངེས་སོ།། ཁྲག་གི་རྦ་ཀློང་གི་རྒྱུད་ལས། ། བུ་ཚ་སོས་པར་བྱ་བའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། བུད་མེད་བུ་ནད་མ་ཕྱིན་དང་ནད་ལངས་པ་སོས་པར་བྱ་བའི་ཐབས་ལ།། མར་ལ་བསྔགས་ལ་ནད་པའི་ཁོང་དུ་བླུད་དོ། ། ཏྲག་རག་ཤ་མུ་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ།། ནད་ཛ་མུ་ད་ཛ།། ཨོཾ་བཛྲ་འདྲེ་བྱིལ་མར་ལ་བྱིལ་སྭཱ་ཧཱ།། ཞེས་ཅི་མང་དུ་བཟླས་ན་ཐུབ་པར་འགྱུར་རོ། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། བུ་ནད་སོས་པར་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་འདི་གསུངས་སོ།། རིམས་ནད་དང་འབྲུམ་པུས་མི་ཚུགས་པར་བྱ་བའི་ཐབས་ལ།། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག། ས་མ་ཡ་ཛ།། ཞི་ཞི་མ་ཧ་ཏི་ཀ་ཤཾ་པ་ནི་ན། ། ཐེམས་ཕལ་ཅན་གྲུ་གོ་སེ།། ཧེ་དུ་རུ།། དུ་ན་ཆིངས།། སུ་ཕང་ཁྲི་ཤང་ཅ་པྲད་ཞི།། ཅེས་ལྕི་བ་སེར་ཀ་མའི་ཐལ་བལ་ལག་པ་མ་རེག་པར་གྲི་རྩེས་བླངས་ཤིང་སྔགས་མང་དུ་བཟླས་ལ་གདབ་བོ། ། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། འབྲུལ་བུ་དང་རིམས་ནད་སོས་པར་བྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ།། དེ་ནས་ཡང་འདི་གསུངས་སོ།། ལྷོག་པ་འདུལ་བར་བྱ་བའི་ཐབས་ལ།། ཏྲག་རག་ཤ་ཁ་མུན་ཏྲ།། ཨེ་ཀ་ཛ་ཏི། སྙིང་ཁ་རག་མ་ས་མ་ཡ་ཛ།། མ་ཏི་ཀྲི་ཞུ། མུ་ལ་ཁུ་སྤྱི་ལེ་ཞུས། སརྦ་ཕུས་ན་ཏི་ནི་ཏི་ཅོར་ཅོར་རྦུ་དང།། བུ་མ་ཅོ་ཀ་ཁ་ག་ནན་ཁེ། ཞུ་ཆུ་ཞུ་སྟ་སུ་སར་རོ་ལ་སར་རོ།། ནས་ཕུས་ཏ་སྭཱ་ཧཱ།། བྱི་བྲུན་ཁ་ཕྱོགས་བཞིར་བལྟས་པའི་ས་ལ་ཞག་གསུམ་གདབ། ། དེས་མ་ཐུབ་ན་ལན་དགུར་བཟླས་ཏེ་གདབ་པ།། མི་ཕྱུགས་གང་ཡང་རུང་འདེབས་ཀར་མདའ་བྱ་རྒོད་མ།། པགས་པུ་དཀར་པོ།། ནས་དཀར་མོ་བྲེ་གང། སྲིད་པའི་ལྷ་སྲིན་མཆོད་འཚལ་ལོ། ། རླུང་དང།། བྱ་དང།། ཁྱི་དང།། བུད་མེད་ཀྱིས་ཐོས་སུ་མི་རུང་ངོ།། ཁྲག་གི་རྦ་ཀློང་གི་རྒྱུས་ལས།། ལྷོག་པ་གསོ་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། ཅི་ཡང་ཐུབ་པར་བྱ་བའི་ལས་ལ། ། བདག་ཉིད་མ་མོ་ཆེན་མོ་སྨུག་ནག་མེ་དཔུང་སྐུ་ལས་འབར་བ་ལས་ཐུགས་ཁ་ནས་ཧཱུ~ཾ་སྨུག་ནག་འབར་བ་གཉིས་ཕྱུང་པ་ལས།། དེ་ལྕེ་སྟེངས་སུ་ཧཱུ~ཾ་གིས་དྲངས་པ་ལས་ཧཱུ~ཾ་ཉིད་རྡོ་རྗེ་ནས་ཙམ་ལ་མེ་འབར་བའི་འོད་འཕྲོ་བ་ལས་བདག་ཉིད་མཆུ་ཡང་རྡོ་རྗེ་རྣོན་པོར་བསྒོམ། ། སྔགས་བཏབ་པས་གང་ལ་བྱ་བ་དེ་རྡུལ་མེས་ཚིག་པ་བཞིན་པས་མ་མོ།། ལྟས་ངན་དང་ངན་སྔགས་ནད་ཐམས་ཅད་འཇོམས་ཏེ། ། ཅི་ཡང་ཐུབ་པས་གང་ལ་ཡང་གདབ་པོ།། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཊི།། སྙིང་ཁ་རགས་མ་ཡ་ཛ།། སོ་ཏ་ཀུ་རུ་ནན།། ཏིག་ཞིང་ཀུ་རུ་ནན།། ཞི་ཞི་ཀུ་རུ་ནན།། རུ་རུ་ཀུ་ནན།། ཅེས་བཟླས་ན་ཅི་ཡང་ཐུབ་པར་འགྱུར་རོ། ། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། ཅི་ཡང་ཐུབ་པར་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་འདི་གསུངས་སོ།། ལྷག་པ་དང་སེར་བ་གཅད་པའི་ལས་ལ།། ཡ་སྟགས་ནི་སྐྱེར་པའི་འབྲས་བུ་དང། ། སྐེ་ཚུའི་འབྲས་བུ་དང།། ཉུངས་ནག་གི་འབྲས་བུ་དང།། བྱ་ཚལ་གྱི་སྒལ་པ་དང།། དེ་ཀུན་བསྲེས་ལ་མེ་ཏག་ལ་ཐབ་ཏུ་ཀོང་ནས་གླང་རུ་གསུམ་བརྡར་ལ་ཚགས་བྱས་ལ་བསྲེག་གོ། ། འཕྲལ་ཐབས་སུ་ཡོད་ན་གླང་རུ་གསུམ་བསྲེགས་ལ་གོང་གི་ཡ་སྟགས་དེ་ཀུན་དང་སྔགས་སྤེལ་མར་གདབ་པོ།། བདག་འཕགས་པ་འཇམ་དཔལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ།། གོང་ནས་སྔགས་འདི་ཅི་མང་བཟླས་སོ། ། མགུལ་ཁུག་ཏུ་གསལ་ཏེ་དུས་དེར་ཡང་རྟགས་ལ་བརྒྱ་རྩ་བརྒྱད་བཟླས་ཤིང་ཐབ་ཏུ་གཏོར་རོ།། ཏྲག་རག་ཤ་མུ་ཏྲ་ཨེ་ཀ་ཛ་ཊི།། སྙིང་ཁ་རག་མ་ས་མ་ཡ་ཛ།། ཨོཾ་སུ་པྲ་ཏི་བཛྲ་དུན་ཏི།། མི་ལི་མི་ལི་ཧཱུ~ཾ་ཕཊ། ། ཅེས་བཟླས་ཤིང་ཐབ་ཁུང་དུ་གཏོར་རོ།། གཙང་རིགས་ཀྱི་མགོན་པོ་དམ་ཚིག་ཅན་རྣམས་ལ་གཏོར་མ་ཆ་གཅིག་གཏང།། སད་སེར་དང་ཁ་ཆར་ཆོད་ཅེས་འཕྲིན་ལས་བཅོལ་ལོ།། ཁྲག་གི་རྦ་ཀློང་གི་རྒྱུད་ལས། ། སད་སེར་གཅད་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། མི་རྒོད་བྱད་བཅིགས་བྱ་བའི་ལས་ལ།། ཏིང་ངེ་འཛིན་གྱི་ལྷས་བསྙེན་རྒྱུན་དུ་བྱས་ལ།། ཧྲི་དི་མི་ཏི་སྟ་རྦན་དྷ།། ས་ཏ་ས་ཏ་ས་ཀ་ར། ། མ་བ་ལ་ཐ།། འདིའི་ཉ་དྲུག་ལ་བར་མ་ཆད་པར་བཟླས།། བདག་ཉིད་ཏིང་འཛིན་ཆས་སུ་ཞུགས་ལ་བར་མ་ཆད་པར་བཟླས་སོ།། མི་རྒོད་མ་བྱུང་གི་བར་དུ་ལག་པ་གཡས་པ་ལ་ཉི་ཤུ་རྩ་གཅིག་བཟླས་ལ་གདབ་པོ། ། བྱུང་ཙམ་ན་ཕྱག་རྒྱ་བཅས་ཏེ་མཐེ་བོང་སོར་མོ་གཞན་གྱིས་གནན་ནས།། བདག་གིས་མ་གཏང་བར་དུ་འགྲོ་མི་ཤེས་སོ། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། མི་རྒོད་བཅིངས་པའི་ལེའུ་སྟེ་བཅུ་དྲུག་པའོ། ། དེ་ནས་ཡང་འདི་གསུངས་སོ།། ཚེ་རིང་བའི་ལས་ནི།། བྱ་ཐབས་བཀྲ་ཤིས་པ་དང།། མཚན་དང་ལྡན་པའི་ཐོད་པ་ལ་ཚེའི་གའུ་བྱས་ལ།། སྨན་དང།། སྤོས་དང།། དྲི་བཟངས་པོས་བྱུགས་ལ་ཚེ་འབྲས་སྤྱི་དང་མཐུན་པ་གསལ། ། དགོངས་པ་དང་ཚེའི་ལྷ་མོ་བསྐུལ་ལོ།། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཊིའི་སྙིང་ཁ་རག་མ་ས་མ་ཡ་ཛ།། ཨཱ་ཡུ་ཛྙཱ་ན་བྲུཾ་ཨཱ་ཡུ་ཚེ་ཨ་པ་ན་བྲུཾ་སྭཱ་ཧཱ།། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། ཚེ་དགུག་པའི་ལེའུ་སྟེ་བཅུ་བདུན་པའོ། ། དེ་ནས་ཡང་འདི་གསུངས་སོ།། བགེགས་བསྐྲད་པའི་ལས་ནི་ཉུངས་ཀར་རྒྱལ་པོ་ལ་བསྔགས་ནས།། གང་གནོད་པ་ལ་བཏབ་ན་འབྲོས་པར་འགྱུར་རོ།། ཏྲག་རག་ཤ་ཁ་མུན་ཏྲ།། ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་ས་མ་ཡ་ཛ། ར་ཙ་བི་ར་ཏུ་ཨ་བ་ཡ་སྭཱ་ཧཱ།། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། བགེགས་བསྐྲད་པའི་ལེའུ་སྟེ་བཅཝ་བརྒྱད་པའོ།།།། དེ་ནས་ཡང་འདི་གསུངས་སོ།། མེ་ཆུའི་གནོད་པ་བཟློག་ན།། སེང་ལྡེང་ངམ་མཆོག་ཕུར་གང་ཡང་ཅིག་ལ་སྔགས་འདི་རྒྱུན་དུ་བཟླས་ཏེ། ། ཏིང་འཛིན་རྩེ་གཅིག་དང་མི་འབྲལ་བར་བྱའོ།། ཏྲག་རག་ཤ་ཁ་མུ་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ།། ཨག་ནེམ་ར་ཡ་རྦད། ། ཅེས་བཏབ་ན་མེ་ཆེན་པོ་བཟློག་པར་འགྱུར་རོ།། མེ་དགྲ་ཞི་བའི་ལེའུ་སྟེ་བཅུ་དགུ་པའོ།། ཆུ་དགྲ་ལ་ཕུར་བུ་གོང་མ་ལ།། ཏྲག་རག་ཤ་མུ་ཏྲ་ཨ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ།། པ་ནི་མ་ར་ཡ་རྦད།། ཅེས་བཏབ་ན་ཆུ་ཆེན་པོ་བཟློག་པར་འགྱུར་རོ། ། ཆུ་དགྲ་ཞི་བའི་ལེའུ་སྟེ་ཉི་ཤུ་པའོ།། དེ་ནས་ཡང་འདི་གསུངས་སོ།། དགྲ་བགེགས་འགྲུལ་ཐག་གཅད་པའི་ལས་བྱ་ན།། མཆོག་གམ།། སེང་ལྡེང་ངམ།། དྲག་པོའི་ཤིང་ཅིག་ལ། ། ཕུར་བ་སོར་བརྒྱད་ལ་བྱས་ལ་བྱིན་གྱིས་བརླབས།། གུ་གུལ་གྱིས་བདུག། ཏྲག་རག་ཤ་ཁ་མུན་ཏྲ་ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ས་མ་ཡ་ཛ།། ལྷ་སྲིན་པྲི་མ་ར་ཡ་རྦད།། ཅེས་བཏབ་འགྲུལ་ཐད་ཆད་པར་འགྱུར་རོ། ། བགེགས་འགྲུལ་ཐག་བཅད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། དེ་ནས་ཡང་འདི་གསུངས་སོ།། སེང་ལྡེང་ངམ་མཆོག་ཕུར་གཅིག་ལ་གུ་གུལ་གྱི་བདུགས་བྱིན་གྱིས་བརླབས་ཏེ།། མི་ཕུང་བའི་འདྲེན་ཆེན་པོ་ལ་བཏབ་ན་འཆད་པར་འགྱུར་རོ། ཏྲག་རག་ཤ་མུ་ཏྲ།། ཨེ་ཀ་ཛ་ཏི།། སྙིང་ཁ་རག་མ་ས་མ་ཡ་ཛ།། ཕུར་སྲི་པྲི་ཕྲི་མ་ར་ཡ་རྦད།། ཅེས་བཟླས་སོ།། ཕུང་འཇུག་གཅད་པའི་ལེའུ་སྟེ་ཉེར་གཉིས་པའོ།། དེ་ནས་ཡང་འདི་གསུངས་སོ། ། དམ་སྲི་བཏུལ་ན།། གོང་གི་ཕུར་བུ་བརླབས་པ་དེས་ཞིང་རས་ལ་གཟུགས་བྲིས།། དེ་ལ་ཤེས་པ་བསྟིམ་ལ།། ཏྲག་རག་ཤ་ཁ་མུ་ཏྲ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་མ་ཛ།། དམ་སྲིན་མཱ་ར་ཡ་རྦད།། ཅེས་བཏབ་ན་དམ་སྲི་རླག་པར་འགྱུར་རོ། ། དམ་སྲི་གདུལ་བའི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། དགྲ་ལ་ངན་སྔགས་བྱ་བའི་ཐབས་ལ།། སྟགས་དང་རྟེན་ནི་ཟོར་བྱ་སྟེ་མི་ཁྲག་དང་གསེར་རྒོད་གཡུ་རྒོད་གསུམ་དུ་བསྲེས་ལ། ། ཉུངས་ཀར་ལ་བསྔགས་ཅིང་དགོངས་པ་སྔགས།། བཏབ་པས།། གྱི་ས་ཚས་མགོ་གས་སྙིང་ཚིག་ལུས་ཐམས་ཅད་རླག་པར་བསམ།། ཏྲག་རག་ཤ་ཁ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་མ་ས་མ་ཡ་ཛ། ། ཤ་བ་ར་ཤ་བ་ར་ལི་བྱི་སྟི་ལི་བྱི་སྟི།། ཡེར་བ་ག་མ་ར་ཡ།། བུ་བུ་བུ་དེ།། རྐྱང་རྐྱང།། རྒྱང་རྒྱང་འགྲེང་འགྲེང།། ས་ལ་ཧ་དམ་ཙུ་ལི།། བྱི་བ་ཀྲཾ་ཁྲཾ།། ཀུ་ཚེ་མེ་ཧ།། སྨ་ལེ་ཧ།། མ་ག་ལེ་བྲུ་བྲུ།། ཡ་ཡ་ནེ་ནེ་ཛ། ། ཛ་ཏེ་ཙུ་མ་པ་པ་བཾ།། ཧི་ཧི་ཧི་མ་ཁུ་མང་ཁུ།། མྱཾ་མྱི་མ་ཏྲ་ཐ།། ལན་སྟོང་བཟླས་ན་རབ་ཏུ་ཤིས་སོ།། ཟོར་ཐུན་ཐབས་སུ་གསད་པའི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་ནས་ཡང་འདི་གསུངས་སོ།། དགྲ་བོ་ཤུགས་ཀྱིས་གསད་པ་ནི། ། དམར་གཏོར་བཤམས་ནས།། མ་མོ་དང་སྔགས་བསྲུངས་ལ་གཏང་ངོ།། ཕུད་དང་རག་ཏར་བསྲེས་ལ། རང་དཔལ་ཆེན་པོར་བསྒོམས་ལ་བཏུང།། གཏོར་མ་ཡང་སྦྲེངས་ལ།། ཏིཤྟ་ཁ་རཾ་གྲཾ་གྲོ་ཀུ་རུ། ། ཞེས་རྗོད་དོ།། དེ་ནས་སྲོག་དབང་ལ་བོར་པའི་སྙིང་ཁྲག་ཐང་ལ་དབྱུང་བའི་སྔགས་ལ།། སོ་ཏི་རུ་ཙ་ཤིན་ཏི་རུ།། ཁ་རམ་ན་ཙཀྲ་ཐ།། ཙ་ཏ་ཤད་ཤད།། པྲ་ཧ་པྲི་ཐད།། རྐང་རྗེས་དང་དྲི་ཆེན་བཏབ་ན་ཤོར་མི་སྲིད་དོ། ། ཁྲག་གི་རྦ་ཀློང་གི་རྒྱུད་ལས།། དཔལ་ཨེ་ཀ་ཛ་ཊིས་ཤུགས་ཀྱིས་སྒྲོལ་བའི་ལེའུ་སྟེ་ཉེར་ལྔ་པའོ།། དེ་ནས་ཡང་འདི་གསུངས་སོ།། འཕྲ་མེན་ཉེ་འབྱེད་ཀྱི་ལས་ལ།། གསེར་དམར་རིལ་ལ་སྔགས་སོ། ། མ་མ་ཏྲག་རག་ཤ།། རུ་ཏྲག་མཱ་ར་ཡ་ཕྱེ།། མ་མ་ཏྲག་རུ་ཏྲག་མཱ་ར་ཡ་ཕྱེ།། མ་མ་ཏྲག་རུ་ཏྲག་མ་ར་ཡ་ཕྱེ།། མཱ་ར་ཡ་རྦད།། ཅེས་ར་ཁྱིའི་ཁྲག་གིས་མིང་རུས་བྲིས་ལ་གདབ་པོ།། འཕྲ་མེན་ཉེ་འབྱེད་ཀྱི་ལེའུ་སྟེ་ཉེར་དྲུག་པའོ། །།། དེ་ནས་ཡང་འདི་གསུངས་སོ།། རྒྱལ་ཁམས་ཚན་ཆེན་པོ་འམ།། ཡུལ་གྲུ་ཆེན་པོ་ཕུང་བ་འམ།། རྡོ་རྗེའི་ཐེག་པ་ཆེན་པོ་བསྟན་པ་འཇིག་པ་ལ་ཐུག་པ་ལ་ལྷ་མོ་ལ་དཔང་བཙུགས་ལ་བྱའོ། ། མིང་རུས་བྲི།། མི་ཁྲག་ལ་གནོད་སྤྱིན་གྱི་གཟུགས་སོར་བཞི་པ་བྲིས་ཏེ།། ཁྱི་ལ་གཏོར་མ་དང་སྦྱར་ཏེ་སྦྱིན་ན་འཆིའོ།། མིང་རུས་དང་སྙིང་པོ་ནི།། མིང་ཆེ་གེ་མོ་ཞིག། ཨོཾ་ཧ་ན་ཧ་ན་པི་པོ་ཏ་ཡ་ཕཊ།། ད་ར་པི་པོ་ཏེ་ཡ་ཕཊ། ། བརྒྱད་བརྒྱ་བཟླས་སོ།། གཟུགས་དང་མིང་རུས་ལ་ཉུངས་ཀར་བརྡེག་གོ།། དྲག་པོའི་ལས་ཀྱིས་གསད་པའི་ལེའུ་སྟེ་ཉེར་བདུན་པའོ།། དེ་ནས་ཡང་འདི་གསུངས་སོ།། རྣམ་ཅིག་ཏུ་ཤ་ཆེན་དང་གླང་ཤ་གཉིས་གཅིག་ཏུ་བརྡུངས་ལ། ། རྗེས་དང་བསྲེས་ལ་གདོན་གྱི་མིང་རུས་གྲོ་ག་འམ་ཤིང་ཤུན་ལ་བཙག་གིས་བྲིས་ལ་གཟུགས་ཀྱི་ནང་དུ་གཞུག། དུ་ཡོད་པའི་གཟུགས་བྱས་ཏེ་སྔགས་མ་ཡེངས་པར་བཟླས་སྟོང་དུ་གདབ་པོ། ། གདོན་ཀུན་བདག་གིས་དབང་དུ་འདུས་པར་བསམ་ལ་གཟུགས་བརྙན་རྡོག་པའི་ཞབས་སུ་བཅུག་ལ།། ཨོཾ་ཧ་ན་པི་པོ་ཏ་ཡ་ནན།། ཅེས་བཟླས་སོ།། གདོན་གཟེར་ལེའུ་སྟེ་ཉེར་བརྒྱད་པའོ།།།། དེ་ནས་ཡང་འདི་གསུང་སོ། ། ཡང་ན་གོང་གི་གདོན་གཟུགས་དེ་ལ་མཆོག་ཕུར་སོར་བརྒྱད་པ་དྲིལ་ཞིང་གདབ་བོ།། ཨོཾ་ཀཱ་ལ་རུ་པ་ཆེ་གེ་མོ་མ་ར་ཡ་ཕཊ།། བརྒྱ་རྩ་བརྒྱད་དུ་སྔགས་དང་ཏིང་ངེ་འཛིན་ལ་མ་ཡེངས་པར་བཟླས་སོ། ། གཟུགས་ཐོད་པའི་ནང་དུ་གཞུག་གོ།། ལྷ་འདྲེ་མི་སྲིན་པོ་ཡོད་པའི་ཟ་འམ་ལམ་པོ་རྒྱ་གྲམ་དུ་གནན་ནོ།། ཟླ་བ་མར་ངོ་དང་གཟའ་མིག་དམར་ལ་བྱས་ན་ཐེབས་སོ།། གནན་པའི་ལེའུ་སྟེ་ཉེར་དགུ་པའོ། །།། དེ་ནས་ཡང་འདི་གསུངས་སོ།། ཧོཾ་གྱིས་གསད་པའི་ཐུན་ནི།། གྲུ་གསུམ་མཐིང་ནག་གཅིག་བྱས་ཏེ།། དབུས་སུ་གདུག་པ་ཅན་ཚེར་མ་ལ་ཧོཾ།། བྱས་ལ།། དགྲའི་མིང་རུས་ཀྱང་གདགས།། ཏིང་ངེ་འཛིན་ནི་སྐད་ཅིག་མས་ཧོཾ་མ་མོར་བརླབ། ། མངོན་དུ་བྱུང་བའི་རྟགས་བྱུང་ནས་ལས་བྱའོ།། སྔགས་འདི་ལ་བརྩོན་པར་བྱའོ།། མ་རག་མོ་སྙིང་རག་མ་བྷྱོ།། མ་མ་སྙིང་ཁ་རག། བྷན་དྷ་རཾ་རཾ་བྷྱོ་བྷྱོ།། ཞེས་བཟླས་པ་རྫོགས་ནས། ། སྐྱེས་པ་དར་མའི་སྙིང་དང།། ཕག་རོག་པོའི་སྙིང་དང།། ཁྱི་ནག་པོའི་སྙིང་དང།། མོན་པ་ནག་པོའི་སྙིང་དང། ར་རོག་པོའི་སྙིང་དང།། དེ་རྣམས་ཀྱི་སྙིང་ཁྲག་གིས་ཐུགས་དམ་བསྐང། ། ཧོམ་སྤར་ལ་སྙིང་དང་ལིང་ག་མཆོད་པར་དབུལ་ལོ།། ཐལ་པ་རླུང་ལ་ཕྱར་རོ།། མ་མོ་བསྐུལ་ཞིང་ཆོག་བྱའོ།། སྤྱིན་སྲེག་དང་ཐུན་གྱི་ལེའུ་སྟེ་སུམ་ཅུ་པའོ།།།། དེ་ནས་ཡང་འདི་གསུངས་སོ།། རོ་ལ་སྤྱོད་པའི་བརྟུལ་ཞུགས་ནི། ། མཚན་དང་ལྡན་པའི་རོ་བཙལ་ཏེ།། མཁའ་འགྲོ་རོ་ཚལ་གྱི་ཆོ་ག་བྱ།། ནམ་ཟླ་དུས་བཞིའི་ཕྱོགས་བརྟགས།། མདའ་རྒྱང་ངམ་མིག་མཐོང་ཙམ་ནས་མཚམས་གཅད།། མ་མོའི་དམག་དྲང། ། དབེན་ཐག་ཙམ་ནས་དགེས་པར་གར་བྱ།། ཞགས་གང་ཙམ་ནས་དབྱུག་བརྡ་བཏང།། འདོམ་གང་ཙམ་ནས་དགེས་པའི་བརྐན་བརྡབ།། རོའི་ཁ་ནས་བྱིན་གྱིས་བརླབ་པའི་དགོངས་པ་བྱ།། ཕྱུང་ལ་རོ་ཁྱེར་ལུགས་ཀྱི་རོ་ཁྱེར། ། ཁོག་སྲུངས་རོ་ཤོལ་གྱི་ཆོ་ག་བྱ།། དེ་ནས་སླར་ལོག་སྟེ་གནས་སུ་རོ་ལ་བྲོ་རྡུང།། བམ་སྒྲུབ་ཆེན་པོའི་གཞུང་བསྙེན་མ་མོ་སྐོངས་བྱ།། ཐོག་མར་རེ་ལྷར་བསྒྲུབ།། དེ་ནས་དངོས་གྲུབ་བླང་པ་དང་རོལ་པ་བྱའོ། ། དཔལ་ཨེ་ཀ་ཛ་ཏི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། བམ་ཆེན་བསྒྲུབ་པའི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་ཡང་འདི་གསུངས་སོ།། མཆོག་ལྡན་པ་གཅིག་ལ་ནི་དགོངས་པ་བསམ་གྱིས་མི་ཁྱབ་སྟེ།། རོ་ལྟར་བསྒྲུབ་པས་འཕྲིན་ལས་ཀྱི་སྦྱོར་བ་བསམ་གྱིས་མི་ཁྱབ་པ་དང་སྦྱར་བ་དང། ། རོ་དཀྱིལ་འཁོར་དུ་བསྒྲུབ་པའི་ལྷ་བསམ་གྱིས་མི་ཁྱབ་པ་དང་སྦྱར་བ་དང།། རོ་ཡོ་བྱད་དུ་བསྒྲུབས་ལ་རྣལ་འབྱོར་པའི་ཡོ་བྱད་འཚོ་བར་སྦྱར་བ་དང། ། རོ་དངོས་གྲུབ་ཏུ་བསྒྲུབས་ལ་རོལ་པ་ལོངས་སྤྱོད་ཆེན་པོར་རོལ་པ་དང།། རོ་དམ་རྫས་སུ་བསྒྲུབས་ལ་དགོས་པ་སྤྲོ་བ་དང།། རོ་མཆོད་རྫས་སུ་བསྒྲུབས་ཏེ་པཱུ་ཙར་དབུལ་བ་དང།། རོ་པྲ་བསྒྲུབས་ཏེ་སྲིད་པ་གསུམ་གྱི་གཏམ་སྨྲ་བ་དང། ། རོ་རིན་པོ་ཆེར་བསྒྲུབས་ཏེ་ཡུན་གྱི་དགོས་འདོད་བྱ་བ་དང།། དེ་ལ་སོགས་པ་རོལ་བ་བསམ་གྱིས་མི་ཁྱབ་པ་དང་སྦྱར་རོ།། བམ་ཆེན་པོའི་ཡོན་ཏན་གྱི་ལེའུ་སྟེ་སོ་གཉིས་པའོ། །།། དེ་ནས་ཡང་འདི་གསུངས་སོ།། སྙིང་དང་འདྲ་བའི་བུ་ལ་དབང་མཆོག་དམ་པ་བསྐུར་པ་དང།། རོའི་དགོངས་པ་བསམ་གྱིས་མི་ཁྱབ་པ་ཡང།། དགོངས་པ་གང་བསྒྲུབ་ཀྱི་དབང་བསྐུར་བ་དང། ། མཆོག་ཆེན་པོ་གཅིག་ལ་ཡང་མ་མོའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ལ།། དཀྱིལ་འཁོར་གྱི་དབུས་སུ་རོ་བཞུགས་སུ་གསོལ་ཏེ།། གཟུངས་ཐག་ཆེན་པོས་དྲན་པའི་ཐད་ཀར་བཏགས་ལ།། རོའི་འདུག་ཚུལ་བརྐྱང་བསྐུམ་དུ་བཞག། དགོངས་པ་བརྟུལ་ཞུགས་ཉི་ཤུ་ནི།། ཕུང་པོ་བམ་རིལ་ཕྱི་ཡི་དབང།། རབ་ཏུ་ཤེས་པས་བསྐུར་བར་བྱ།། གཟུངས་ཐག་བཏགས་ནས་ཞག་དགུར་བསྒྲུབས།། མཚན་རྟགས་རྣམས་གཏན་ལ་ཕེབས་པ་དང། ། རོ་ལ་བསྒྲལ་བའི་ལས་བྱས་ཏེ།། གཅེས་པའི་དམ་རྫས་བཅུ་གཅིག་གིས།། དགོས་པར་བྱ་བའི་ནང་གི་དབང།། མ་མོ་ཨེ་ཀ་ཛ་ཏི་ཡང།། རང་གི་སྙིང་པོ་བྱང་ཆུབ་སེམས་སུ་ངོ་ཤེས་པས་ཐམས་ཅད་ལ་དབང་བྱེད་པས་མན་ངག་གསང་བའི་དབང་བསྐུར་བར་བྱའོ། ། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། དབང་བསྐུར་བའི་ལེའུ་སྟེ་སོ་གསུམ་པའོ།།།། དེ་ནས་ཡང་འདི་གསུངས་སོ། ། དབང་བསྐུར་ཏེ་མན་ངག་བཤད་པར་བྱ་བ་ལ།། ཕྱི་ནང་གསང་བ་གསུམ་སྟེ།། ཕྱིའི་ཨེ་ཀ་ཛ་ཏི་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་དམ་རང་བཞིན་ནི་རང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཉིད་ཡིན་པ་ལ། ། སེམས་ངོ་མ་ཤེས་ཏེ་བདག་འཛིན་གྱི་མཐུ་རྟས་པས་ཉོན་མོངས་པ་རྣམ་རྟོག་གི་སྤྱོད་བྱེད་དུ་འཇུག་པ།། གཟུང་འཛིན་གྱི་དྲ་བ་དང་བཅས་པ་འདི།། ཉིད་སྦྱོའི་ཨེ་ཀ་ཛ་ཏི་ཞེས་བྱའོ།། ནང་གི་ཨེ་ཀ་ཛ་ཏི་ནི། ། རང་གི་སེམས་ངོ་མ་ཤེས་ཏེ།། རིག་པ་ཉིད་དུ་ཐམས་ཅད་དུ་རྟོགས་ལ།། ཡེ་ཤེས་ཀྱི་སྣང་བ་མི་འདྲ་བ་ཕྱོགས་གཅིག་ཙམ་ནི་མ་མོ་ཨེ་ཀ་ཛ་ཏི་ཇི་ལྟར་སྣང་བ་ཡིན་ནོ།། གསང་བ་ཨེ་ཀ་ཛ་ཏི་ནི་རང་གི་སེམས་ལས་གཡོས་པ་མེད་པར་ཤེས་རབ་ཀྱིས་ཐག་ཆོད་པའོ། ། སེམས་ནི་སྣ་ཚོགས་གཟུགས་ཅན་ཡིན་ལ་བྱ་བ་ཡང་སོ་སོའི་བྱེད་པ་ཡིན་ནོ།། དེ་ལྟར་རྟོགས་ཤིང་གོ་ན་དབང་མཆོག་ཆེན་པོ་ཐོབ་ཅེས་བྱའོ།། དབང་བསྐུར་བ་བསྟན་པའི་ལེའུ་སྟེ་སོ་བཞི་པའོ། །།། དེ་ནས་ཡང་འདི་གསུངས་སོ།། ཤིན་ཏུ་མྱུར་བའི་ལས་ཀྱི་ཏི་ཀ་སྟེ།། ཁྱི་ནག་པོའི་ཐོད་པར་ཤོག་བུ་ལ་དགྲའི་མི་རུས་བྲིས་ལ་གསལ།། བ་དམར་མོའི་འོ་མ་དང་མཚེའི་ཐལ་ཆུ་བླུག། ལེའུ་རྒན་ལ་སྲོག་ཏིག་གི་སྔགས་བྲིས་ལ་སྤྱང་ཀུའི་ཐོད་པར་སྩལ།། བྱ་ནག་ལུག་ནག་གི་སྙིང་ཁྲག་ལ་གཏོར་མ་བྱ།། ཐོད་པ་བརྡབ་ཅིང་སྔགས་འདི་བཟླས་སོ།། རག་མོ་རྩེ་རྩེ་སྙིང་ཁ་ལ་བམ་ཡ། སྲོག་མ་རི་རག་མོ་རྦད། ། ཡ་ཐུ་མ་བཾ་རུ། མ་ཏི་རག་མོ་སོད།། མ་མོ་ནག་མོ་སྲོགས་ལ་ཡམ།། ཁྱི་ཁ་ལི་ནག་མོ་སོད་ཡ།། ཐུམ་ཡ་ཐུམ་ཛ་ཐུམ་སོད།། རྟགས་ནི་བུད་མེད་ནག་མོའི་རང་གི་མཆན་དུ་འོང།། ཁྱི་མོ་ནག་མོ་མཆན་དུ་འོང། ། ཐོད་པའི་མིང་རུས་སྐད་ངན་འདོན་དེ་ལྟར་རྟགས་བྱུང་བ་དང་དྲ་བ་ནག་པོར་གཏུམས་ལ།། ཕ་མེས་དུར་སར་གནན་པར་བྱ།། སྲོག་གི་ཏི་ཀའི་ལེའུ་སྟེ་སོ་ལྔ་པའོ།།།། དེ་ནས་ཡང་འདི་གསུངས་སོ། ། སྙིང་པོ་དྲག་པོ་ཞན་བཤད་པའི།། ཕོ་དང་མོ་དང་མ་ནིང་དང།། རིང་པོ་དང་ནི་ཐུང་དང། དྲག་པོ་དང་ནི་རབ་ཏུ་དྲག། དེ་ཡི་རིམ་པ་བཤད་པ་ནི།། མ་ནིང་པས་ནི་ཕོ་ཡི་དྲག། མོ་བས་ཕོ་ཡིག་རབ་ཏུ་དྲག། རིང་པོ་པས་ཀྱང་ཐུང་ངུ་དྲག། གསད་པའི་དྲག་སྔགས་དུ་མ་ལས།། དམོད་པའི་དྲག་སྔགས་རབ་ཏུ་དྲག། རིང་པོ་ཐམས་ཅད་དལ་བ་ལས།། བསྙེན་པ་ཉེ་བསྙེན་དུས་སུ་བཤད།། ཐུང་དུ་ཐམས་ཅད་དྲག་པ་ལས།། སྒྲུབ་དང་ལས་ལ་སྦྱོར་ཀར་བཤད། ། རབ་ཏུ་དྲག་པོ་དམོད་པའི་སྔགས།། རྦད་དང་སོད་ཀྱིས་ཆོད་ན་ཟབ།། དྷི་དང་ཕཊ་ཀྱིས་ཆོད་ན་ཟབ།། གདོལ་པའི་སྔགས་ལ་གཅེར་བུར་བྱུང།། མ་ཡ་དང་ནི་ཛ་ཡིས་ཆོད། ། ཐུན་དང་རྦད་ཀྱིས་གཅོད་ན་ཟབ།། རག་དང་ཀེཾ་གིས་ཆོད་ན་ཟབ།། བམ་དང་རིལ་དང་རྡ་ར་ཟབ།། དེ་བཞིན་རབ་ཏུ་དྲག་པ་རྣམས།། དམོད་པའི་སྔགས་དེ་རབ་ཏུ་རྣག། ཡི་གེའི་སྣད་ཀྱི་ལེའུ་སྟེ་སོ་དྲུག་པའོ། །།། དེ་ནས་ཡང་འདི་གསུངས་སོ།། སྙིང་པོའི་ཐེམ་ཡིག་བརྩི་བ་ནི།། མིང་གི་ཡི་གེ་མ་ཐེམ་ན།། དམག་དཔོན་མེད་པའི་དམག་མི་འདྲ།། གྲོགས་ཀྱི་ཡི་གེ་མ་ཐེམ་ན།། རྩ་བ་ཞན་པའི་དམག་མི་འདྲ།། རྒྱན་གྱི་ཡི་གེ་མ་ཐེམ་ན། ། མཚོན་ཆ་མེད་པའི་དམག་མི་འདྲ།། དེ་ལ་མིང་གི་ཡི་གེ་ནི།། དང་པོར་གནས་པའི་ཡི་གེ་ཡིན།། དྲངས་ཀྱི་ཡི་གེ་ཞེས་བྱ་བ།། འཕུལ་ཞིང་བོད་པའི་ཡེ་གེ་ཡིན།། རྒྱན་གྱི་ཡི་གེ་ཞེས་བྱ་བ།། གཞི་ལས་ཡན་ལག་སྤྲོས་པ་ཡིན། ། དེ་ཡི་ཐིམ་ཡིག་བརྩིས་པ་ལས།། དམག་དཔོན་དམག་གི་མཚོན་ཆར་ལྡན།། ཕ་རོལ་གཞན་གྱི་གཡུལ་ངོ་འཇོམས།། ཞེས་གསུངས་སོ།། ཡི་གེ་ཐེམས་སུ་བརྩིས་པའི་ལེའུ་སྟེ་སོ་བདུན་པའོ། །།། དེ་ནས་ཡང་འདི་གསུངས་སོ།། འཕྲིན་ལས་བྱ་བའི་རིམ་པ་ནི།། ཐོག་མར་རྡོ་ལས་ལྕགས་སུ་བཞུ།། ལྕགས་ལས་གོ་དང་མཚོན་ཆ་བརྡུང།། གོ་མཚོན་ཞུན་ཐོར་ཐོ་ལྟར།། མ་མོ་དེ་ཉིད་བསྒྲུབ་པར་བྱ། ། དེ་ལ་ཏིལ་མར་ངར་བཏགས་ལྟར།། དེ་ཉིད་མངོན་དུ་བསྒྲུབ་པར་བྱ།། དཔའ་པོའི་ལག་ཏུ་བསྐུར་བ་ལྟར།། བསྙེན་པ་རྫོགས་པའི་རྣལ་འབྱོར་པས།། དཔའ་བོའི་གཡུལ་ངོ་བཟློག་པ་ལྟར།། འཕྲིན་ལས་སྦྱོར་བ་སོ་སོར་བྱ། ། དེ་བཞིན་ཡིད་ཀྱིས་བཤད་པ་ནི།། མ་མོ་རིམ་གྱིས་སྒྲུབ་པའི་ཐབས།། རིམ་པའི་ལས་རྣམས་རྫོགས་པ་དང།། མ་མོའི་དངོས་གྲུབ་ཐོབ་པར་བཤད།། རིམ་གྱིས་བསྒྲུབ་པའི་ལེའུ་སྟེ་སོ་བརྒྱད་པའོ། །།། དེ་ནས་ཡང་འདི་གསུངས་སོ།། མཉེས་པར་བསྐོང་བཟློག་བྱ་བ་ནི།། བསྒྲུབ་དང་དངོས་ཀྱིས་བསྐང་ཞིང་བཟློག། བསྒྲུབ་ནི་ཞི་རྒྱས་གཉིས་ཀྱིས་ཏེ།། མདོས་ལ་རྣམ་པ་གཉིས་སུ་བཤད།། གསོ་བའི་མདོས་དང་གསད་པའི་མདོས། ། གསོ་བའི་མདོས་ལ་རྣམ་གཉིས་ཏེ།། བསྐང་བའི་མདོས་དང་བཟློག་པའི་མདོས།། བཟློག་པའི་མདོས་ལ་རྣམ་པ་གཉིས།། གཞན་གྱི་རིག་སྔགས་བཟློག་པ་དང།། བསྐང་མདོས་གསོ་གསད་གཉིས་པས་འཇུག། གསད་པའི་མདོས་ནི་གཅིག་ལས་མེད།། དེ་ལ་མདོས་ཀྱི་རིམ་པ་ནི།། རི་རབ་གླིང་བཞིར་བཅས་པ་ལ།། སྣང་སྲིད་གདུགས་ཀྱིས་བསྐོར་བ་ནི།། མ་མོ་ཉིད་ཀྱི་ཞལ་ཕྱུང་སྟེ།། ལེའུ་རྒན་དར་གྱིས་བཀབ་ནས་ནི། ། སྔགས་བསྲུངས་ཉིད་ལ་དམིགས་བཏང་ནས།། སྲིད་པའི་སྤྱི་མདོས་བྱ་བར་འགྲོ།། རི་རབ་གླིང་བཞིར་བཅས་པ་ལ།། མ་མོའི་ཞལ་ཕྱུག་གདུགས་བཀབ་ནས།། ཤ་སྣ་མང་པོ་བཀོད་པ་ནི། ། སྲིད་པའི་ཤ་མདོས་བྱ་བར་འགྲོ།། གོང་མ་བཞིན་དུ་བཅས་པ་ན།། ཁྲག་སྐམ་མང་པོ་བཀོད་པ་ནི།། སྲིད་པའི་ཁྲག་མདོས་བྱ་བར་འགྲོ།། གོང་མ་བཞིན་དུ་བྱས་པ་ལ།། རུས་པ་མང་པོ་བཀོད་པ་ནི། ། སྲིད་པའི་ཀེང་རུས་མདོས་སུ་འགྲོ།། གོང་མ་བཞིན་དུ་བཅས་པ་ལ།། སྙིང་སྣ་མང་པོ་བཀོད་པ་ནི།། སྲིད་པའི་སྙིང་མདོས་བྱ་བར་འགྲོ།། གོང་མ་བཞིན་དུ་བྱས་པ་ལ།། སྐྱེས་པའི་གཟུགས་ཀྱིས་བསྐོར་བ་ནི། ། སྲིད་པའི་ཕོ་མདོས་བྱ་བར་འགྲོ།། གོང་མ་བཞིན་དུ་བྱས་པ་ལ།། བུས་པའི་ཚིགས་ཀྱིས་བསྐོར་བ་ནི།། སྲིད་པའི་ཆུང་མདོས་བྱ་བར་འགྲོ།། གོང་མ་བཞིན་དུ་བཅས་པ་ལ།། དགྲ་བགེགས་གཟུགས་ཀྱིས་བསྐོར་བ་ནི། ། སྲིད་པའི་དགྲ་མདོས་བྱ་བར་འགྲོ།། དེ་བཞིན་ཤས་ཆེར་གང་བཀོད་པ།། རང་ཤས་ཆེ་བའི་མདོས་སུ་འགྲོ།། གཅིག་ཏུ་ཞེན་ཅིང་ཆགས་པ་མེད།། གསང་སྔགས་ནོར་བུ་རིན་ཆེན་མ།། ཐམས་ཅད་འཕྲུལ་ཞིང་འཁོར་པའི་ཕྱིར། ། རང་བཞིན་གཅིག་ཏུ་མ་ངེས་ཏེ།། གང་ལྟར་བརྟགས་པ་དེ་ལྟར་སྣང།། ཁ་དོག་སོ་སོའི་རིམ་པ་ཡང། ཐམས་ཅད་དཀར་པོར་བྱས་པ་ལ།། སྲིད་པའི་ཞི་མདོས་བྱ་བར་འགྲོ།། ཐམས་ཅད་སེར་པོར་བསྒྱུར་བ་ནི། ། སྲིད་པའི་རྒྱས་མདོས་བྱ་བར་འགྲོ།། ཐམས་ཅད་དམར་པོར་བསྒྱུར་བ་ནི།། སྲིད་པའི་དབང་མདོས་བྱ་བར་འགྲོ།། ཐམས་ཅད་མཐིང་ཀར་གནས་པ་ནི།། སྲིད་པའི་དྲག་མདོས་བྱ་བར་འགྲོ།། སྔགས་དང་དགོངས་པའི་རིམ་པ་ནི། ། གདུག་རྩུབ་ཐམས་ཅད་ཞི་བ་ལ།། འཇམ་པའི་ངག་གིས་མདོས་བཏང་ན།། ཤན་ཏིང་ཀུ་རུའི་སྔགས་བཟླས་ཏེ།། གསོལ་ཟས་ལོངས་སྤྱོད་ཐམས་ཅད་ཀུན།། དཀར་གསུམ་སྒོ་ནས་ལོངས་སྤྱད་ན། ། ཐམས་ཅད་ཞི་བ་ཆེན་པོའི་མདོས།། ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས།། རྒྱས་པའི་ངག་གིས་མདོས་བཏང་བས། པུ་ཥྟིཾ་ཀུ་རའི་སྔགས་བཟླས་པས། རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ཀྱང། སྦྲང་རྩིའི་རོ་རྣམས་ལོངས་སྤྱད་ན།། ཐམས་ཅད་རྒྱས་པ་ཆེན་པོར་འགྲོ།། ཐམས་ཅད་དབང་དུ་འདུས་པ་ལ།། ཆེ་བའི་ངག་གིས་མདོས་གཏང་ན།། པ་ཤཾ་ཀུ་རུའི་སྔགས་བཟླས་ཏེ།། ལོངས་སྦྱོད་མངར་གསུམ་སྒོ་ནས་སྤྱད། ། ཐམས་ཅད་དབང་ཕྱུག་ཆེན་པོའི་མདོས།། ཐམས་ཅད་མ་ལུས་བསྒྲལ་བ་ལ།། དྲག་པོའི་ངག་གིས་མདོས་བཏང་ན།། མ་ར་ཡི་སྒྲ་བརྗོད་པས།། ལོངས་སྦྱོད་ཆེན་པོའི་ཤ་ཁྲག་སྤྱད།། ཁ་དོག་མཐིང་ནག་དམར་ནག་གྱོན། ། ཐམས་ཅད་བསྒྲལ་བ་ཆེན་པོའི་མདོས།། བཅས་བཞི་དང་མཐུན་པ་ལ།། དར་མདུང་སྟོང་ཕྲག་བརྒྱད་ཅུ་ལ།། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡི།། སོ་སོའི་མིང་དང་སྲོག་སྙིང་གི། འཇུག་ཏུ་གཡུལ་བཟློག་བྱ་བ་བྲི། ། ཡི་དྭགས་ཕལ་ཆེར་གཡུལ་བཟློག་མདོས།། སྡེ་བརྒྱད་སོ་སོར་བྲིས་པ་ནི།། ལྷ་སྲིན་སྡེ་བརྒྱད་གཡུལ་བཟློག་མདོས།། མོ་རྒྱུད་སོ་སོར་བྲིས་པ་ནི།། སྲིད་པའི་མ་མོའི་གཡུལ་བཟློག་མདོས། ། ཕོ་རྒྱུད་སོ་སོར་བྲིས་པ་ནི།། སྲིད་པའི་ཕོ་རྒྱུད་གཡུལ་བཟློག་མདོས།། དེ་དག་སོ་སོའི་དམག་དཔུང་ཡང།། སྔགས་བསྲུངས་མ་ཡི་དམག་དཔུང་གིས།། སོ་སོར་བཟློག་ཅིག་བསྒྱུར་དམིགས་ཏེ། ། གསང་སྔགས་སྒྲ་ཡང་དགོང་མ་བརྗོད།། ཅེས་གསུངས་སོ།། ཨེ་ཀ་ཛ་ཏི་ཁྲག་གི་རྒྱ་མཚོའི་ཟ་བྱེད་སྤྱང་རྐྱལ་ནག་མོའི་རྒྱུད་ལས།། སྲིད་པའི་མདོས་ཀྱི་ལེའུ་སྟེ་སོ་དགུ་པའོ།།།། དེ་ནས་ཡང་འདི་གསུངས་སོ། ། འཁོར་ལོ་རྣམ་པ་དུ་རུ་བསྟན།། འཁོར་ལོའི་ཡོན་ཏན་གང་ཞིག་ཡིན།། འཁོར་ལོ་རྣམ་པ་དྲུག་ཏུ་བསྟན།། མ་མོའི་སྲོག་གི་འཁོར་ལོ་དང།། བསྒྲུབ་པར་བྱ་བའི་འཁོར་ལོ་དང།། དྲག་པོས་གསད་པའི་ཙ་ཀྲ་དང། ། གནད་ལ་དབབ་པའི་འཁོར་ལོ་དང།། དེ་བཞིན་དཀྲུག་པའི་འཁོར་ལོ་དང།། དགྲ་བགེགས་གནན་པའི་འཁོར་ལོའོ།། སྲོག་གི་འཁོར་ལོ་བསྐོར་བ་ཡིས།། ལུས་དང་གྲིབ་མ་བཞིན་དུ་འགྱུར།། སྒྲུབ་པའི་འཁོར་ལོ་བསྐོར་བ་ཡིས། ། མ་མོ་དམ་ལ་གནས་པར་འགྱུར།། གསད་པའི་འཁོར་ལོ་བསྐོར་བ་ཡིས།། འཕྲིན་ལས་ཡོངས་སུ་རྫོགས་པར་འགྱུར།། གནད་ལ་དབབ་པའི་འཁོར་ལོ་ཡིས།། མ་མོའི་སྙིང་ཁྲག་ཁར་འཛག་འགྱུར། ། དཀྲུག་པའི་ཙཀྲ་བསྐོར་བ་ཡིས།། སྡིག་པ་གསུམ་ཡང་འཁྲུག་པར་འགྱུར།། གནན་པའི་འཁོར་ལོ་བསྐོར་བ་ཡིས།། འགལ་བ་ཨ་ལགས་འཁོར་བར་འགྱུར།། ཞེས་གསུངས་སོ།། འཁོར་ལོ་གྲངས་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ། །།། དེ་ནས་ཡང་འདི་གསུངས་སོ།། རྒྱུ་དང་གནས་དང་ཐབས་དང་དུས།། རྐྱེན་དང་ལས་དང་འཁོར་དང་གྲོགས།། ངེས་པར་བཤད་ཀྱིས་ཡིད་ལ་ཟུང།། མ་མོའི་སྲོག་གི་འཁོར་ལོ་ཡི། ། རྒྱུ་ནི་སྙིང་པོ་བྱང་ཆུབ་སེམས།། གནས་ནི་ཡུམ་གྱི་བྷ་གའི་ཀློང།། ཐབས་ནི་རོལ་པ་བསམ་མི་ཁྱབ།། དུས་ནི་མ་ངེས་རྒྱུན་དུ་འཁོར།། རྐྱེན་ནི་ཁམས་གསུམ་སེམས་ཅན་ཏེ།། ལས་ནི་གཉིས་སུ་མེད་པར་བྱེད། ། གྲོགས་ནི་ཤེས་རབ་ཏིང་ངེ་འཛིན།། དེ་ནི་སྲོག་གི་འཁོར་ལོ་ཡིན།། བསྒྲུབས་དང་གསད་པའི་འཁོར་ལོ་དང།། གནད་ལ་དབབ་དང་དཀྲུག་པ་དང།། དགྲ་བགེགས་གནས་པའི་འཁོར་ལོའོ།། རྒྱུ་ནི་དུར་ཁྲོད་ཤིང་རས་དང། ། གནས་ནི་ག་འུ་གནས་པའི་ས།། ཐབས་ནི་བྱེ་བྲག་བསམ་མི་ཁྱབ།། ཚུལ་དང་ཐབས་ནི་ཤེས་པར་བྱོས།། ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས།། འཁོར་ལོའི་རྒྱུ་མཚན་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ། །།། དེ་ནས་ཡང་འདི་གསུངས་སོ།། འཁོར་ལོ་བསྐོར་བའི་ལས་དག་ཀྱང།། རྩིབས་དང་ལྡན་པའི་རིའུ་མིག་ལ།། མ་མོ་ཉིད་ཀྱི་ཞལ་ཕྱུང་སྟེ།། བོད་རྦད་གསད་པའི་སྔགས་བཀོད་དེ།། སོ་སོའི་འཁོར་ལོ་བསྐོར་བ་ནི། ། མ་མོའི་ཞལ་གྱི་འཁོར་ལོར་བཤད།། རྩིབས་དང་བཅས་པའི་རིའུ་མིག་ལ།། སྲོག་སྙིང་འཁོར་ལོ་བསྐོར་བ་ནི།། མ་མོ་སྲོག་གི་འཁོར་ལོར་བཤད།། རྦད་སྔགས་འཁོར་ལོ་བསྐོར་བ་ནི། ། ལས་ལ་གཏང་པའི་འཁོར་ལོར་བཤད།། གསང་སྔགས་འཁོར་ལོ་བསྐོར་བ་ནི།། མ་མོ་གསད་པའི་འཁོར་ལོར་བཤད།། ཡི་གེ་བཅུ་བདུན་བསྐོར་བ་ཡིས།། གནད་ལ་དབབ་པའི་འཁོར་ལོར་བཤད། ། གཡས་དང་གཡོན་དུ་བསྐོར་བ་ནི།། སྲིད་པ་ཕོ་མོའི་འཁོར་ལོ་སྟེ།། ཐབས་དང་ཤེས་རབ་འཁོར་ལོར་བཤད།། ཐུན་སྔགས་འཁོར་ལོ་བསྐོར་བ་ནི། འཁོར་ལོ་ཐུན་དངའབྲོལ་བར་བཤད།། རིགས་ཀྱི་བཟློག་ནས་བསྐོར་བའི་ནི། མ་མོ་དཀྲུག་པའི་འཁོར་ལོར་བཤད།། གནན་སྔགས་འཁོར་ལོ་བསྐོར་བ་ནི། འཁོར་ལོ་གནན་པར་བྱ་བར་བཤད།། མ་མོ་དྲུག་ཅུ་རྩ་བརྒྱད་ཀྱི།། སྲོག་གི་འཁོར་ལོར་བསྐོར་བ་ལ།། ཧོཾ་ལས་བསྲེག་པའི་ལས་བྱས་ན། ། འཁོར་ལོ་ཧོཾ་ནག་འབྲེལ་བར་བཤད།། གཞན་ཡང་གང་དང་གང་རུང་བ།། མ་མོ་ལས་ཀྱི་ཁ་ཚར་ནི།། སོ་སོ་རང་རང་བསྐོར་བ་ནི།། འཕྲིན་ལས་ཡོངས་རྫོགས་འཁོར་ལོ་བཤད།། རེ་མིག་ཡི་གེའུ་གྲངས་དང་སྦྱར། ། ཡི་གེའི་གྲངས་ཀྱང་འདི་ལྟར་བྱ།། མིང་གི་ཡི་གེ་རྐྱང་པ་རྣམས།། མགོ་བོ་ཕྱིར་བསྟན་ནང་བསྟན་གཉིས།། སྒྲུབ་དང་གསད་པའི་སྔགས་སུ་བསྒྱུར།། འཁོར་ལོའི་རེ་མིག་རེ་དེ་གཞག། མིང་ཡིག་སྒྲོགས་དང་རྒྱན་ལྡན་པ།། འཁོར་ལོའི་རེ་མིག་རེ་ལ་གཞག། སྔགས་ཀྱི་རིམ་པ་མ་འཁྲུགས་པར།། མགོ་པོ་ཕྱིར་བསྟན་ནང་བསྟན་གཉིས།། སྒྲུབ་དང་གསད་པའི་སྔགས་སུ་བསྒྱུར།། འཁོར་ལོ་མ་མོའི་གནས་སུ་བཤད། ། འཁོར་ལོ་མ་མོའི་ཁང་པར་བཤད།། འཁོར་ལོ་མ་མོའི་གུར་དུ་བཤད།། འཁོར་ལོ་ཁྲག་གི་རྒྱ་མཚོར་བཤད།། ཙཀྲ་དུག་གི་རྒྱ་མཚོར་བཤད།། འཁོར་ལོ་ལྕགས་ཀྱི་སྤྱིལ་པོར་བཤད། ། འཁོར་ལོ་གངས་རི་ཆེན་པོར་བཤད།། སྲིད་པའི་ཁྲི་མུན་ཆེན་པོར་བཤད།། འཁོར་ལོ་མ་མོའི་སྲོག་ཏུ་བཤད།། འཁོར་ལོ་མ་མོའི་ལྟེ་བར་བཤད།། འཁོར་ལོ་མ་མོའི་སྨོན་པར་བཤད།། འཁོར་ལོ་གཅོད་པའི་མཆོག་ཏུ་བཤད། ། འཁོར་ལོ་གདུགས་པ་དཔལ་དུ་བཤད།། དེ་ལྟར་འཁོར་ལོ་བསྐོར་བ་ཡིས།། མན་ངག་ཅན་གྱི་སོ་སོར་དབྱེ།། རིག་པ་ཅན་གྱི་སྐྱེས་བུ་ཡིས།། རེ་རེ་ལ་ཡང་མང་དུ་སྤྲོ།། རྒྱས་པར་བཤད་ཀྱང་གཅིག་ཏུ་འདུས། ། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ལས། འཁོར་ལོ་གཏན་ལ་ཕབ་པའི་ལེའུ་སྟེ་ཞེ་གཉིས་པའོ།།།། མན་ངག་འདི་ཡི་གཏད་ལས་ནི།། མ་ཡེངས་བརྩོན་པས་གཏད་པས་འགྲུབ། ། དྲང་སྲོང་གཡོ་སྒྱུ་ཆུང་ན་ཉེ།། དྲི་མེད་ལྷ་སེམས་ཅན་ལ་ཆགས།། མེ་གཏོང་ཆུ་སྲིན་སེམས་ཀྱིས་བྱ།། མན་ངག་གཏད་པའི་གནས།། སློབ་མའི་སྣོད་བརྟག་པའི་ལེའུ་སྟེ་ཞེ་གསུམ་པའོ།།།། རྒྱུད་ཀྱི་ནང་ནས་དམ་པར་གྱུར་པ་འདི། ། བལ་པོའི་བ་སུ་དྷ་ར་ཡིས་གདམས།། རུམ་བུ་གྷུ་ཡ་དེ་བ་ཙན་ཏྲའི་ཐུགས་དམ་ལགས།། དེ་ལ་བསྣུབས་བན་སངས་རྒྱས་བདག་གིས་རྙེད།། དཔལ་ཨེ་ཀ་ཛ་ཊི་ཁྲག་གི་རྦ་ཀློང་གི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། རྒྱ་གར་སྐད་དུ།། ཨེ་ཀ་ཛ་ཏི་ས་མན་ཏ་ཀ་ནཱ་མ་ཏན་ཏྲ།། བོད་སྐད་དུ།། རལ་གཅིག་མ་འདུས་པ་ནག་མོའི་རྒྱུད་ཅེས་བྱ་བ།། དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ། ། དེ་ནས་དཔལ་ཡ་མན་ཏ་ཀས།། ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་བ།། ཕྱག་ན་རྡོ་རྗེ་ཉོན་ཅིག། ལྷ་མོ་ཨེ་ཀ་ཛ་ཏི་ནི་ལྟ་བ་དང་ལྡན་པས་བསྒྲུབ་པར་བྱའོ།། ལྟ་དང་མི་ལྡན་རྩེ་ལོག་ཆེ།། གདུག་པ་ཆེ་བས་དགྲ་ལ་རྦད། ། གུས་པ་བླང་དུ་མི་བཏུང་པས།། ལྟ་བབ་མི་དམིགས་པ་གསུམ་དང་ལྡན་གུས་པས་བླང་དུ་བཏུབ་པའོ།། འཁོན་ནག་རང་སར་བཞག་ན་གུས་པས་བླང་དུ་བཏུབ་པའོ།། དགྲ་ལ་སྦོད་ཙམ་ན་ཆེ་གེ་མོ་སོད་ཅིག། ཅེས་བརྗོད་པ་ལས།། རྩད་ནས་ཆོད་ཅིག་མ་བྱས་ན་གུས་པས་བླང་དུ་བཏུབ་པའོ།། དེ་གསུམ་དང་ལྡན་ནས་གུས་པས་བླང་བར་བྱའོ།། དེ་ལ་མི་དམིགས་པ་གསུམ་ནི།། བདག་ཀྱང་མི་དམིགས་པས་སྟོང་པ་ཉིད་དུ་བསྒོམས་ཏེ། ། ཨོཾ་བཛྲ་ཤུ་ཛྙ་ཏ་ཧཱུ~ཾ།། ཞེས་བརྗོད་པས། གུས་པའི་བཟའ་ནོར་ཡང་མི་དམིགས་ཏེ།། ཨོཾ་བཛྲ་སྭཱ་ཧཱ་བྷ་བི་ཤུད་དྷོཉ་ཧཾ།། ཞེས་བརྗོད་པས།། དགྲ་དང་འཁོན་ཡང་མི་དམིགས་པ་སྟོང་པ་ཉིད་དེ། ། ཨོཾ་བཛྲ་སརྦ་ཤུད་དྷོ་ཧཱུ~ཾ།། ཞེས་བརྗོད་པས་ཐམས་ཅད་མི་དམིགས་ཧཱུ~ཾ།། ཞེས་བརྗོད་པས་ཐམས་ཅད་མི་དམིགས་སོ།། དེ་བཞིན་དུ་མ་མོ་ཡང་མི་དམིགས་པ་ཆོས་ཉིད་དུ་བསྒོམ་མོ།། ཞེས་གསུངས་སོ། ། ལེའུ་དང་པོའོ།།།། དེ་ནས་འཁོན་ནག་རང་སར་བཞག་པ་ནི།། འཁོན་འགྲས་ཞེས་བྱ་བ་ཡོད་མ་མྱོང།། འཁོན་འགྲས་ཡོད་མི་སྲིད།། ཐམས་ཅད་ཆོས་ཉིད་རོལ་པ་ཡིན།། གལ་ཏེ་ཡོད་ན་ཡང་དམ་ཉམས་ཁོ་རང་ལ་སྡིག། བདག་དང་མ་མོ་འདི་ཉིད་ཡང་གདོད་ནས་ཡོད་མ་མྱོང་སྙམ་དུ་བསམས་ལ་རང་སར་བཞག་གོ།། དེའི་སྔགས་ནི། ཨོཾ་ཨི་ཧོ་ཤུད་དྷེ་ཤུད་དྷེ་བཾ་ཧོ་ཤུད་དྷེ་ཤུདྷེ་རཾ་ཧོ་ཤུད་དྷེ་ཡཾཧོ་ཤུདྷེ་ཤུདྷེ་ཤུད་དྷེ་ཤུད་དྷེ་ཨེ་བཾ་རཾ་བི་ཡཾ་ཕཾ་ཨ་ཨ་ཨ་སྭཱ་ཧཱ། ། ཞེས་བཟླས་ནས་ཁོ་རང་ལ་གོས་པར་བསམས།། བདག་དང་མ་མོ་ལ་མ་གོས་པར་བསམ་མོ།། ཞེས་གསུངས་སོ།། ལེའུ་གཉིས་པའོ།།།། དེ་ནས་དགྲ་བོས་རྒྱལ་དང་གུས་པས་བྱས་པའི་ཡོ་བྱད་ཐམས་ཅད་སྤུངས་ལ། ། གོང་གི་ཨི་ཧོའི་སྔགས་དེ་ལན་བདུན་བཏབ་ལ་བདུད་རྩི་གཏོར་ལ།། ཆ་གཅིག་དཀོན་མཆོག་ལ་དབུལ།། ཆ་གཅིག་ལྷ་དང་མཁའ་འགྲོ་དམ་ཅན་ཆོས་སྐྱོངས་ཚོགས་ལ་དབུལ། ། ཆ་གཅིག་འགྲོ་བ་ལ་བསྔོ།། ཆ་གཅིག་འགྲོ་ཆེར་བྱས་ལ་རྣལ་འབྱོར་པ་སྦྱད་ན་ཅི་ཡང་ཉེས་པ་དང་སྐྱོན་མི་འོང་ངོ།། ཞེས་དཔལ་ཆེན་པོ་ཡ་མན་ཏ་ཀས་བཀའ་སྩལ་ནས།། ཕྱག་ན་རྡོ་རྗེ་ཡི་རང་ངོ།། ལེའུ་གསུམ་པའོ། ། དེ་ནས་ཡང་དཔལ་མ་མན་ཏ་ཀས།། ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ།། སྤྱིར་དྲེགས་པ་བསྒྲུབ་པ་ལ་ཕོ་དང་མོ་གཉིས་ཡིན་ཏེ།། ཐབས་ཤེས་རབ་ཀྱི་ཚུལ་ལོ།། ཕོ་རང་བཞིན་ཆད་ལ་བཙན།། ཆགས་པ་ཆུང་མོའི་རང་བཞིན་ཆགས་པ་ཆེ། ། ཟ་ལ་དགའ།། འཁུ་ལྡོག་ཆེ་བ་ཡིན།། དེ་བས་ན་མ་མོ་ཙམ་བསྒྲུབ་པའི་དུས་སུ།། མི་དམིགས་པས་ཟིན་པ་དང་འཁོར་ནག་རང་སར་བཞག་པ་ནི་ཤིན་ཏུ་གནད་ཆེ་སྟེ། ། ཐམས་ཅད་ལ་ཀུན་ཏུ་རྒྱུག་ཅིང་གནད་དུ་འགྲོ་བའོ།། ཕོ་བསྒྲུབ་ཀུན་ལ་ཡང་ཕན་པར་འགྱུར་པ་ཡིན་ནོ།། ཞེས་གསུངས་སོ།། ལེའུ་བཞི་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། གུས་པས་ལེན་པའི་དུས་སུ། གོང་ལྟར་ཤེས་ཀྱང།། འདི་ལྟར་བྱ་བ་གནད་ཡིན་ཏེ།། དགྲའི་སྲོག་དབུགས་བསྡུ་ཞེས་བྱ་བ།། ཁོའི་གོས་བྱུང་བ་ཐམས་ཅད་དགྲའི་པགས་པར་བསྒོམ།། ཁོའི་ཟས་བྱུང་བ་ཐམས་ཅད་དགྲའི་ཤའི་རང་བཞིན་དུ་བསམ། ། སྐོམ་དྲངས་པ་ཐམས་ཅད་དགྲའི་ཁྲག་ཏུ་བསམ།། བདག་ཡི་དམ་ལྟར་བསམ།། ཐུགས་ཉི་མའི་སྟེང་དུ་ཛ་བསམ།། དེ་ལས་འོད་འཕྲོས་པས་དགྲ་བོའི་ཚེ་སྲོག་བཀུག་ལ་གོས་དང།། བཏུང་བ་དང། ། ཟས་ལ་བསྟིམ།། དེའི་སྔགས་ལ་ཡི་དམ་གང་རུང་དུ་གསལ་བས།། ནི་ཛ་ཨཱ་ཡུ་པ་ཛ་ཛ།། ཞིབ་ཏུ་བཟླས་སོ།། ཡི་དམ་ལྷ་ལ་ཕུལ་བས་དགེས།། བདག་གིས་གསོལ་བས་ཚེ་དང་ལྡན།། མཁའ་འགྲོ་ཆོས་སྐྱོངས་བསྲུངས་མ་ལ་ཕུལ་བས་མཉེས་པར་བསམ། ། དེས་དགྲ་ལ་ཁ་བསྟན་དུ་འགྲོ་བ་ཡིན་ཏེ་ཐབས་ཀྱི་མན་ངག་གོ།། ཞེས་གསུངས་སོ།། ལེའུ་ལྔ་པའོ།། དེ་ནས་ཡང་བཀའ་སྩལ་པ།། བསྟན་པས་སྲུང་བར་འདོད་པས། ། བརྣག་པའི་དགྲ་བོ་ཤི་ན་གཏང་རག་གཏང་པ་ལ། དགྲ་དེ་ཚན་ཆེ་སྟོབས་དྲག་རྗེས་དྲུང་པ་དྲག་ལ་མང་པོ་ཡོད་ན་ལྷས་མཐོང་པའི་གཏང་རག་བྱས་ལ།། ཡི་དམ་ལྷ་དང་མཁའ་འགྲོ་ཆོས་སྐྱོངས་ལ་རང་རང་གི་གང་ལྟར་དགོས་པའི་མཆོད་པ་བྱ། ། དར་ཕག་ཏུ་ཕྱར།། ཁ་ཚགས་དམ་པར་བྱ།། དགྲ་དེ་སྟོབས་ཆུང་བ་ཅང་ཞན་པ་རྗེས་མེད་པ་ཡོད་ན་གཏང་རག་མིས་མཐོང་བར་བྱས་ལ་མངོན་དུ་དར་འཕྱར་བ་ལ་སོགས་པ་བྱ། ། ཞེས་གསུངས་སོ།། ལེའུ་དྲུག་པའོ།། དེ་ནས་ཡང་བཀའ་སྩལ་པ།། རྣལ་འབྱོར་བསྟན་པ་སྲུང་བར་བྱེད་པའི་དུས་སུ།། གྲ་དེ་ལ་འབྲེལ་པ་གང་ན་ཡོད་པ་དང།། རྩད་གང་ནས་ཡོད་པ་བྲིས་ཏེ་བཏགས་ལ་རང་གི་བག་ཟོན་ཆེ་བར་བྱས་ཏེ། ། སྙིགས་མའི་དུས་སུ་གལ་ཆེའོ།། གསུངས་སོ།། ལེའུ་བདུན་པའོ།།།། ཡང་བཀའ་སྩལ་པ།། སྤྱིར་རྣལ་འབྱོར་པས་ལྷ་མོ་རེ་མ་ཏི་བསྒྲུབ་པར་འདོད་ན།། དམ་སྲི་བརྡུང་བ་དང་བསྐྲད་པ་ལ་གཙོར་བྱེད་དགོས། ། དེ་ནི་ལས་ཀྱིས་མྱུར་བ་ཡིན་ནོ།། ཡང་དཔལ་མགོན་དང་འབྲེལ་ན་བཀྲ་ཤིས་སོ།། ཞེས་གསུངས་སོ།། ལེའུ་བརྒྱད་པའོ།།།། དེ་ནས་བཀའ་སྩལ་པ།། ཕྱིར་དམ་ཅན་དང་ཆོས་སྐྱོང་བསྒྲུབ་པ་ལ། ། ཕོ་དང་མ་སྦྲེལ་བར་མོ་རྐྱང་དུ་བསྒྲུབ་ན།། དེ་ནང་ཟན་བྱེད་པའི་ཁྱི་མོ་དང་འདྲའོ།། མོ་དང་མ་སྦྲེལ་བར་ཕོ་རྐྱང་དུ་བསྒྲུབ་ན།། རྗེ་བོས་མ་འཆུན་པའི་འཁོར་པོ་དང་འདྲའོ།། དེ་བས་ན་ཐབས་ཤེས་རབ་ཟུར་དུ་འབྲེལ་བས་བསྒྲུབ་པར་བྱའོ། ། ཞེས་གསུངས་སོ།། ལེའུ་དགུ་པའོ།།།། དེ་ནས་དཔལ་ཡ་མན་ཏ་ཀས།། གསང་བདག་ལ་བཀའ་སྩལ་པ་ཉོན་ཅིག། རྒྱུད་འདི་ནི་འདུས་པ་ནག་མོ་གསང་བའི་རྒྱུད་ཅེས་བྱ་བ། ། ཤིན་ཏུ་གསང་བའི་རྣལ་འབྱོར་པ།། བདེ་བ་དང་ལྡན་པར་བྱ་བའི་ཐབས་ཁྱད་པར་ཅན་ཡིན་ཏེ།། ཀུན་ལ་མི་བསྟན་པར་སེམས་ལ་བཅང་ཞིང་གཟུང་བར་བྱ།། ཡོད་ཅེས་གྲགས་པས་མི་ངོམ།། བློ་ལ་བླངས་ལ་རི་འམ། ། རྫ་འམ།། བྲག་ལ་སྦའོ།། ཞེས་དཔལ་ཡ་མན་ཏ་ཀས་གསུངས་པ་དང།། གསང་བའི་བདག་པོ་ཡི་རང་ནས།། མངོན་པར་བསྟོད་པར་གྱུར་ཏོ།། ལེའུ་བཅུ་པའོ།།།། རལ་གཅིག་མ་ནག་མོ་འདུས་པ་ནག་མོའི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། རྒྱུད་འདི་སློབ་དཔོན་རུ་བུ་གྷུ་ཡ་དེ་བ་ཙན་ཏྲས་རྡོ་རྗེ་གདན་གྱི་བྱང་ངོས་ནས་བྲག་ཕུག་སྒོང་ང་རང་འཁྲུངས་ཀྱི་ནང་ནས་བཏོན་ཏེ།། བོད་ཀྱི་བན་དེ་རྡོ་རྗེ་ཡང་དབང་གཏེར་ལ་གཏད་པའོ། ། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས།། རྒྱ་གར་མཁས་པའི་ཞལ་བརྒྱུད་ནས།། གསང་བའི་རྒྱུད་འདི་ཞུས་ནས་བསྒྱུར།། སྤེལ་བར་མི་བྱ་སྙིང་དང་འདྲ།། ལས་འཕྲོ་ཅན་ལ་བཙས་སུ་སྦས། ། དམ་ཅན་ཀུན་ལ་ཕན་ཐོགས་ཤོག།། ཤམཧྱཿ་རྒྱ་རྒྱ་རྒྱ།། ཨཱི་ཏི།།།། རྒྱ་གར་སྐད་དུ།། ཨེ་ཀ་ཛ་ཊི་ཀ་ལི་ཀཱ་ཡ་ཝཱག་ཙིཏྟ་གུ་ན་ཀརྨ་སན་ཙ་ཙིཏྟ་ཀ་མ་ཏན་ཏྲ།། བོད་སྐད་དུ།། རལ་གཅིག་ནག་མོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྙིང་ཐུན་རྒྱུད།། དཔལ་མཆོག་སྐུ་གསུང་ཐུགས་ཀྱི་བདག་ཉིད་ལ་ན་མོ། ། སྐུ་དང་གསུང་དང་ཐུགས་དང་གསུམ།། ཡོན་ཏན་འཕྲིན་ལས་གཉིས་ཏེ་ལྔ།། འདུས་པ་ཐམས་ཅད་སྐུ་ཡི་ཕྱག་རྒྱ་ཡིན།། དེ་བཞིན་ངེས་པར་རྟོགས་པའི་ཆོས།། ཕྱག་རྒྱ་ངེས་བར་སྐུ་ཉིད་བསྒྲུབ། ། དྲག་པོའི་གནས་རྣམས་བསྒྲུབ་པའི་རྒྱུ།། དེ་ཡི་ཕྱིར་ན་རྟག་པར་ཡང།། ཐོག་མར་བཙལ་ས་གཞི་ལ། ཁ་དོག་དམར་པོ་ཟང་ཟིང་ལ།། མི་རོ་འཁོར་ན་ཡོད་པའི་ས།། ཡང་དེ་ལུང་གསུམ་གྲུ་གསུམ་ཨེ། ། ཡང་ན་དབང་གི་ཟླ་གམ་ལ།། ས་འམ་མཁའ་ལ་དེ་འདྲ་བྱ།། རྒྱུན་ལམ་མི་སྲུན་མི་འདུལ་མེད།། ཉམས་དགའ་དབེན་པའི་གནས་ཉིད་དུ།། དེ་ནས་བསྒྲུབ་པའི་ས་རུ་བརྟག། སྐུ་དེ་ནག་མོ་གསུང་དེ་སྨུག། སྨུག་ནག་ཐུགས་ལ་ཡོན་ཏན་སྔོ།། འཕྲིན་ལས་དཀར་མོ་ཉིད་དུའོ།། སྦྱིར་ན་རྣམ་ལྔ་ཟེར་བ་ཙམ།། ངེས་པ་མེད་པས་ཛ་ཊི་ཉིད།། གང་ལྟར་བསྒྲུབས་ཀྱང་རལ་གཅིག་ལ།། མོས་པའི་དབང་གིས་སོ་སོར་སྣང། ། ཉེ་རིང་མེ་ཏོག་གང་ཡང་འདྲ། གཙོ་རུ་བླངས་ན་གྲུབ་པར་འདྲ།། དཔལ་དེ་ཆེ་བས་དེ་ཉིད་དོན་རྟོགས་པའི་སྒོ་ནས་གསུངས་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་མ་མོ་ཛ་ཊི་མ།། སྐུ་དེ་གང་ཡང་འདྲ་བར་ནི། ། མངོན་པར་བསྟན་ཕྱིར་འདི་ལྟའོ།། ལྟ་བ་ཟབ་མོ་ཉིད་ཀྱི་སྐུ།། སྤྱོད་པ་ཟབ་མོ་ཡང་དག་གནས།། ལས་དེ་ཟབ་མོ་མངོན་དུ་དབྱུང།། ཏྲག་ཅེས་བྱ་བ་རྒྱུ་ཡི་མཆོག། རག་ཤ་སྲོག་གི་རྒྱུད་ནས་འདྲེན། ། ཁ་མུན་ཏྲ་ནི་དབྱིངས་ནས་བསྐུལ།། རུ་ལུ་རུ་ལུ་འཁོར་རྣམས་སྡུད།། ཏེ་ཀེམ་སྔགས་ཚོས་དབང་དུ་བྱེད།། ཨོཾ་དང་ཅེས་རེས་བསྙེན་པ་ནས།། བཙན་མོ་མ་ཏིས་དབང་བསྐུར་བྱ།། སྨྲི་ཏ་རག་མོས་ལས་ལ་བཟུང། ། གསད་པའི་སྔགས་རྣམས་ཤེས་པར་བྱ།། དཀྲུག་པའི་སྔགས་ཀྱིས་དཀྲུགས་ནས་ཀྱང།། གསད་པའི་སྔགས་ཀྱིས་ཤི་ས་བསྟན།། མངོན་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། བལ་མོ་ནག་མོ་ཞེས་བྱ་བ། ། ཕྱག་ན་རྡོ་རྗེ་རབ་ཏུ་སྟོན།། བསྒྲུབ་མཆོག་ཀུན་གྱིས་བསྟོད་བྱ་བ།། གཞུང་དང་མཐུན་པའི་གནས་ཉིད་དུ།། ལས་ཀྱི་མཎྜལ་བྲི་བ་ཡང།། གྲུ་གསུམ་སུམ་བརྩེགས་ཟླ་གམ་བསྐོར།། ཐལ་ཆེར་འཕྲེང་བ་དེ་བཞིན་གཏང། ། སྒོ་རྣམས་སྒོ་ཁྱུད་ལྕགས་རི་མེ།། ཇི་ལྟར་མཛེས་པ་བྲི་བར་བྱ།། ཐོད་པ་ནག་པོ་དབུས་སུ་གཞག། པདྨ་རག་ཏ་བདེ་བའི་དངོས།། སྦྲུལ་དང་ཕག་པ་ནག་པོ་ཡི།། ཤ་ཁྲག་སྙིང་ལ་སོགས་པ་དང།། དུག་སྣ་མང་པོ་དེར་བླུགས་ལ། ། གཟུངས་ཐག་བཏགས་ལ་སྔགས་འདི་བཟླས།། དུ་ནི་དུན་ཏིང་དུས་ཡ་ཛ་དུ་རུ།། ཛྭ་ལ་ནི་ཧ་ན་ཛ།། དུ་མ་རག་སྟེ་ཛ་བྷྱོ་ཛ།། ཁྲག་དུག་ཐལ་ཆེན་རྟགས་གསུམ་གདབ།། དཔྲལ་མ་འཁུར་ཚོས་ཕོབས་གསུམ་གདག། ཉི་ཤུ་རྩ་གཅིག་བར་དུ་བསྒྲུབ།། སྡང་བྱེད་སྔགས་འདིས་དབང་དུ་བསྡུ།། ཨེ་ཏ་ཙ་ར་ས་མ་ཡ་ཛྷ་ཛྷ་ཛྷ།། ཨེ་ས་མ་དུ་ལིང་ཛྷ་ཛྷ་ཛྷ།། ར་ཡ་པྲ་ཏི་དུ་ཡར་ཡ་ཛྷ་ཛྷ་ཛྷ།། ལུས་ངག་ཡིད་གསུམ་དབང་དུ་བསྡུ་པའོ། ། ལས་ལ་གཟུད་པ་འདི་བཞིན་ནོ།། ཙ་ར་མ་སྙིང་ཁ་རག་ར་ཏི།། བཛྲ་དུན་བྷྱོ་ཐུམ་རི་ལི་ལི་རྦད། དེ་ཡིས་ལས་གཟུད་པར་བྱ།། དམིགས་པའི་དགྲ་བོ་སྡང་བྱེད་དེ།། ལྷ་དང་སྔགས་འདིས་དབྱེ་བར་བྱ། ། ཏྲག་རག་ཤ་མོ་ནི་ཤམ་ཤམ་ལས་ལ་བྷྱོ།། སྲོག་རྩ་ལ་ཁ་མུ་ཏྲ་མུ་རུ་ལུ་རུ་ཧཱུ~ཾ་བྷྱོ་ཧཱུ~ཾ།། ཞེས་ལྷ་ལྔར་དབྱེ་བར་བྱ།། དམ་ལ་གདགས་པའི་སྔགས་འདི་བཟླས།། ཏྲག་རག་ཤ་ཁ་མུ་ཏྲ་ཏྲག་མོ་ནི་སྙིང་ལ་ཤད་ཤད་བྷྱོ། ། རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ།། མད་ལ་གདགས་ཏེ་དབང་དུ་བསྡུ།། དེ་རྣམས་ལས་རྣམས་སྔགས་རྣམས་སོ།། བལ་མོའི་ལེའུ་སྟེ་གསུམ་པའོ།།།། གང་ཞིག་ལས་དེ་གང་བསྒྲུབས་ཀྱང།། དེ་ཡི་རྫས་དང་མཐུན་པ་སོགས། ། གཙོར་ནི་བརྣོལ་དགྲའི་ཐོད་པ་ལའོ།། ཐ་མ་གང་རྙེད་གྲི་མོ་ལའོ།། དྲག་པོ་སྔགས་དེ་ཡང་དག་པས།། དགུག་གཞུག་པ་བསྟོད་པ་ལས་རྣམས་བྱ།། ལྷ་སྤྱོད་ལྡན་པའི་གནས་སུ་ནི།། རྩ་སྔགས་རྒྱལ་པོ་ཏྲག་ཅེས་བྱ། ། ཟ་བྱེད་ནག་མ་རག་ཤ་ཡིན།། མི་ཟ་མགྱོགས་མ་ཁ་མུན་ཏྲ།། མུ་དེ་མི་མངོན་དབྱིངས་མ་ཡིན།། རུ་ལུ་རུ་ལུ་གཙོ་ལ་དགྱེས།། སྡུད་པར་བྱེད་པ་ཧཱུ~ཾ་ཞེས་བྱ།། ལས་ལ་འགྱེད་པ་བྷྱོ་ཞེས་བྱ།། ཐ་མར་ཐིམ་བྱེད་ཧཱུ~ཾ་ཞེས་བརྗོད། ། རག་མོ་སྲིན་མོ་དངོས་ཡིན་ཏེ།། ཏེ་ཀེ་མ་ཞེས་པ་བསྟོ་པ་དགྱེས།། བཅུ་དྲུག་བོད་པ་དེ་གཏིང་ཡང།། བསྒྲུབ་པ་ཞེས་སུ་སྨོས་པའོ།། སྨུག་མོ་གསུམ་དུ་བསྒྲུབ་པའོ།། མོས་པའི་དབང་བཙན་འགའི་བཞེད། ། ལེའུ་བཞི་པ་ཞེས་སུ་གསུངས།། ཡང་དེ་སྨུག་ནག་དག་ལ་ཡང།། རིགས་དང་གནས་དང་བཞེད་པ་ཡང། སྤྱི་ཡི་ཀུན་དང་མཐུན་པའི་གནས།། ཡང་དག་སྙིང་པོ་འདི་དག་གོ།། ཏྲག་རག་ཤ་མུ་ཏྲ་ཁ་མུ་ཏྲ་མུ་རུ་ལུ་རུ་ལུ། ། ཧཱུ~ཾ་བྷྱོ་ཧཱུ~ཾ།། ཏྲག་མོ་ཏེ་ཀེམ་ཛ་ཛྷ་ཁ་ལ་མ་ཏིང་བྷྱོ།། མ་མ་ཏྲག་རག་ཤ་ཁ་མུན་སྲོག་བམ་རིལ་སྙིང་ཤ་ཁལ་མོ་ཏྲག་དུན་བྷྱོ།། ཏྲག་མོ་སྙིང་རྡ་ལོང་ཏྲག་མོ་ཤི་ཤམ་སྲོག་རྩ་དུན་བྷྱོ།། ཐུགས་ལ་དགོད་པའི་ཏྲག་བདུན་པའོ། ། ཡང་དག་སྔགས་ཏེ་གཏེར་ཆེན་པོ།། ཏྲག་སྔགས་ཞེས་སུ་བསྔགས་པ་ཡིན།། རྦད་ཅེས་བྱ་བ་དྲག་སྔགས་སོ།། ཧཱུ~ཾ་ཞེས་ཐམས་ཅད་སྡུད་པའོ།། བྷྱོ་ནི་ཀུན་གྱི་སྒྲ་ལ་འཇུག། འབྱེད་པའི་དྲག་སྔགས་ཅད་རྒྱུན་དུ་གཅོད་པའོ། ། ཐུགས་ཀྱི་གཏེར་ཆེན་མན་ངག་དམ་པ་སྟེ།། བསྒྲུབས་ན་ཀུན་ཡང་འགྲུབ་པའི་སྟེ་ལེའུ་ལྔ་པའོ།།།། ཡང་དེ་ཨེ་ཀ་རལ་གཅིག་མ།། ནག་མོ་སྒུའི་འདི་དག་གོ།། མཎྜལ་ཆ་མཉམ་ཡིད་འོང་ལ། ། སྤྱི་ཡི་ལས་ལ་གཞུང་བཅས་བཞིན།། དབུས་སུ་ནག་དང་དམར་པོ་རྩིག། དམར་པོ་ཟླ་གམ་མུ་ཁྱུད་ཟླུམ།། ཐོད་པའི་འཕྲེང་བས་བསྐོར་བ་ལ།། སྒོ་ཁྱུསྒོ་རྣམས་དེ་བཞིན་བྲི།། དབུས་སུ་ཤ་ཁྲག་གཏོར་མ་དང། ། གདུག་བྱེད་ལིང་ག་ཕུར་བུ་ཞལ།། སྐྱེར་བའི་ཤིང་ཡང་བྱ་བ་ཡིན།། རྩ་བ་ཟུར་གསུམ་ཆག་གང་བ།། བཞོ་གསལ་ནུབ་བྱང་ཟུར་ལའོ།། རྫས་ལ་སོགས་པ་དབང་བསྐུར་བྱ།། ཏྲག་རག་ཤ་ཁ་མུན་ཏྲ་རག་མོ་ནི་རག་མོ་སྙིང་ལ་ཛྷ་ཛྷ་ཛྷ། ། བཙན་མོ་མ་ཏི་པ་ཏྲ་ཛ་ཙ་ཀྲ་ཛྷ།། ནག་མོ་ནི་འུབས་འུབས་རྦད་སྭཱ་ཧཱ།། ཞེས་དབང་བསྐུར་རོ།། གཏོར་མ་ཆེན་པོ་ནུབ་ཏུ་གཞག། པདྨ་མེ་ཏོག་གལ་ཆེན་ནོ།། སྙིང་སྣ་ཤ་ཁྲག་སྣ་ཚོགས་པ། ། བསྣོལ་གྲི་མོ་ཡི་ཐོད་པར་བསག། མཐིང་ནག་དར་གྱི་གུར་ཁང་དབུབ།། དབུས་ཀྱི་མཐིང་ནག་གྲུ་གསུམ་ལ།། དཀར་པོ་གསུམ་གྱི་སྒེད་དཀར་གཞག། ཕུར་ཆེན་ལྕགས་ཕུར་སྐྱེར་པ་གསུམ།། ཕོ་བྲང་མེ་ཡི་གྲུ་ལ་གཟུགས། ། རུ་དར་ནག་པོ་རྩེ་ལྔ་པ།། རྩེ་གསུམ་པ་ཡང་མདུང་ལ་གདགས།། རྨ་བྱའི་རྒྱལ་མཚན་ཕྱང་ཏེ་བྱའོ།། བྱ་ལུག་ནག་མོ་གསོབ་དེ་གཟུགས།། དབང་པོ་མེ་ཏོག་སྙིང་ཁྲག་སྣ། ཕྱི་ནང་སྤོས་ཀྱི་དུད་པ་དང། ། ཚིལ་ཆེན་ཁུ་བ་སྦྱར་བ་དང།། སྤ་ར་མ་ཏིའི་མཆོད་པ་ཡིན།། ནང་ནུབ་ཉིན་མཚན་གུང་ལ་དབུལ།། འདིས་ནི་གནས་ནས་སྐུལ་བར་བྱེད།། ཨོཾ་རུ་རག་ཤ་ཤྲཱི་ཧེ་རུ་ཀ་པེ་ཏ་ལི་རག་ཤ་ས་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ཏྲག་རག་ཤ་མུ་ཏྲག་མུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ།། དབང་དུ་སྡུད་པའི་སྔགས་འདི་བཟླས།། སྨི་ཏ་རག་མོ་ཏྲག་མོ་ཏ་ཀེ་མ་ཛྷ་ཛྷ་རྦད་བྷྱོ།། ཏྲག་ཏྲག་བཾ་བཾ་རྦད་ཕྱེད་ནརི་མ་ཀྱི་ལ་ཡ་ཕྱེ།། སྔགས་དང་བཅས་གཞི་ལེགས་པའི་སྐུ་དང་སྤྱིའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་སྐུ་གསུང་ཐུགས་ལས་བཀའ་ཉན་ཡོན་ཏན་ཚོགས།། སྔགས་ཀྱི་མ་མོ་མཐུ་ཆེན་མོ།། ཨེ་ནི་བདེ་བ་གྲུབ་པའི་གནས།། བརྣོལ་གྲི་མོ་ཡི་སྲོག་སྙིང་རྩ།། དམེ་ཤ་གསུམ་ལ་རྐན་ཕབ་པས། ། ད་ལྟ་དམེ་ཤ་གསུམ་ལ་དགའ།། དབུས་སུ་ཁྲག་དང་བཅས་པའི་རྟེན།། དེ་བཞིན་མཐིང་ནག་གྲུ་གསུམ་རྟེན།། ཏྲག་བདུན་པར་ནི་གྲུ་གསུམ་བསྐོར།། རང་གི་སྲིན་ལག་གཡོན་ཁྲག་ཕྱུང། ། མཚན་ལྡན་དུམ་བུ་དྲུག་པ་ལ།། དེ་བཞིན་ཁྲག་གི་ཏྲག་གཅིག་བྲི།། ཕྱི་ནི་སོལ་ཆེན་དུག་གིས་བྱུག། ལིང་ག་ཅི་ལྟར་འདོད་པའི་དབྱིབས།། ངན་སྔགས་དྲག་པོས་འགུགས་པས་བསྐོར།། དེ་ནས་ཐོད་པའི་ནང་དུ་གཞག། དགུ་དང་བཅུ་བདུན་སྔགས་འདི་ཡིས།། ཁྲུག་གི་ཁི་ཕྲུས་ལྷ་དང་དབྱེ།། བསྙེན་པའི་སྔགས་ནི་འདི་ཉིད་དོ།། ཏྲག་རག་ཤ་མུ་ཏྲ་ཁ་མ་ཏི་བྷྱོ།། རུ་ལུ་རུ་ལུ་རག་མོ་བྷྱོ།། དབང་དུ་བསྡུས་ལ་གནད་ལ་འདི་ཡིས་དབབ། ། ཨོཾ་རྩ་རེ་ཡཾ་སྙིང་ལ་ཁ་རག། ར་སྲི་བཛྲ་དུན་བྷྱོ།། ཨོཾ་མེ་དར་ལིག་སྙིང་ཁར་རག་རྦད།། ཨོཾ་མེ་ད་ར་དྷིང་ཐུཾ་རིལ་རྦད།། ཅེས་གནད་ནས་བསྐུལ་བར་བྱའོ།། དེ་ཉིད་སྔགས་དང་ཡོན་ཏན་གྱི་ལེའུ་སྟེ་བདུན་པའོ། །།། མ་མོ་བསྐང་བའི་དམ་པ་ལ།། དངོས་གྲུབ་འདོད་པའི་རྣལ་འབྱོར་པས།། དམ་ལ་གནས་པར་བྱ་བ་གཅེས།། རྫས་དེ་བམ་ལ་སོགས་པས་བསྐང།། རྨ་བྱ་རྒྱལ་མཚན་རུ་དར་དང།། བྱ་ལུག་རྟེན་དང་གཏོར་མས་བསྐང། ། ཁྱི་དང་བུད་མེད་སྤང་པར་བྱ།། འདོད་ཆགས་བྱ་ལ་རྫས་མི་བསྟན།། སྔགས་ལ་མི་དང་གཏམ་མི་བྱ།། མཐུན་རྫས་འབྱོར་ཚད་བསག་བསྟབས་བྱ།། མཆོད་དང་བསྟོད་པ་བྱ་བ་གཅེས།། ཤ་ཆེན་གཏོར་མས་བསྐང་ཞིང་དབུལ། ། སྔགས་ནི་དྲག་པོ་འདི་ཡིས་སྦྱིན།། ཨོཾ་ཏྲག་རག་ཤ་ས་མ་ཡ་དུན་བྷྱོ།། སྙིང་ཁྲག་སྙིང་ཁྲག་ཁ་ལ་དུན་བྷྱོ།། མི་ཏི་ཏི་སྟ་ཛྭ་ལ་རཾ་ཁཱ་ཧི།། འབྲས་བུ་སྣ་ཚོགས་གཏོར་མ་འདི།། ཨེ་ཀ་ཛ་ཊིའི་ཞལ་དུ་ཁ་རཾ་ཁཱ་ཧི། ། དེ་བཞིན་རྫས་རྣམས་དབུལ་བར་བྱའོ།། ཐུགས་དམ་བསྐང་བའི་ལེའུ་སྟེ་བརྒྱད་པའོ།།།། དཀྲུག་སྔགས་ཀྱི་གསད་པ་འདི་གསུངས་སོ།། ཏྲིག་ཏྲིག་སེར་སེར།། ཀུ་ལུ་ཀུ་ལུ་མོ་ཀུ་ལུ་མོ་ཀུ་ལུ་ཙ་ཧ་ཙ་ཧ། ། མུ་སྟ་ཛ་ལ་ཁ་རེ་ཙག་ར་ལིང་མུ་རུ་མྱོགས་ལྟི་ལྟང་བུ་ཕྱག་ཕྱུག་མ་ཧེ་ཧེ་སྟེ་བཤལ་བཤུལ་མུ་ཧཱུ་ས་ནེ་ཙག་ཙག་ཙིག་ཙིག་ལུ་ཏ་མ་ཏི་ཧ་ལེ་ཧེ་སྟེ་བུ་གུ་སྟི་སྟ།། མྱོགས་མྱོགས་ཐུམ་ཐུམ་དཀར་ལྡན་མེ་ཧེ་སྟེ་ཧཱུ~ཾ། ། ཀྲུ་མ་ལུ་ཙེ།། མ་མ་རག་ཤ་མ་མ་རག་ཤི་སྙིང་ལ་ཐུན་སྙིང་ལ་ཧུར་ཧུར་རག་མོ་ཁྲག་ལ་དུན་དུན་བྷྱོ་ཛ།། ཙིང་ལིང་མུ་ཁ་ཡེ་ཀོད་ཀོད་མི་ཧེ་ཧ་མི་མྱ་མྱ་མེ་ཙ།། ཧུ་ཙེ་ཧུ་མུ་ཧེ་ཧེ་ཙིང་ལྡང་ལྡིང་ཁུ་ཙོག་ན་ཙ་ཧ་མ་ཀ་སྟེ། ། ཨ་ཏིང་མུ་ལུ་ཙ་ག་ཧེ་ཡེ་ཧ་ར་མི་སྟིང་ཏིང་ཕྲབ་ཕྲབ་ཕྲིབ་ཕྲིབ་ཙིང་ལྡིང་ལྡིང་ཧུ་ཙོག་ན་ཧ་མུ་ཀ་ལེ་སྭཱ་ཧཱ།། མི་ལོ་ཀ་ཡང་ཤི་བྱི་མོག་སྟ་རེ་ཧེ་ཡེ་རྦད།། ཐོད་པ་མཚན་ངན་དུམ་མངས་སུ།། དུག་སྣ་སྙིང་སྣ་ཁྲག་སྣ་དང། ། བ་བླ་ཐལ་ཆེན་རྣམས་དང་སྦྱར།། སྐུ་ལ་གཏོར་ཞིང་བཟླས་པས་དཀྲུག། ཅེས་པས་དཀྲུག་པའི་ལེའུ་སྟེ་དགུ་པའོ།།།། འཕྲིན་ལས་སྒྲུབ་པ་འདི་ཉིད་དེ།། མ་མོ་སྔགས་ཀྱི་བདག་ཉིད་མ།། གནས་ལ་ཆགས་པའི་བདག་པོ་མ། ། སྙིང་གི་ནང་དུ་མིང་རུས་གཞུག། མི་ཡིས་རྒྱུས་པས་ཁ་དེ་བཙེམ།། མ་ཉིད་ཞལ་བྲིས་དེ་ལ་བསྟོད།། སྔགས་ནི་འདི་ཡིས་བསྒྲུབ་པར་བྱ།། རག་མོ་ཛ་ཛ་མ་དུན་བྷྱོ།། ཏྲག་རག་ཤ་ཁ་མུན་ཏྲ་མུན་ཏྲ་མ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ། རྦད་པའི་སྙིང་ཐུན་འདི་ཡིས་བྱ།། ཏྲག་རག་ཤ་བཛྲ་ཏིག་སྣ་ས་མ་ཡ་བྷྱོ།། གསད་པ་དྲག་པོ་འདི་དག་གོ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་བཾ་རིལ་སྲོག། མོ་སྲོག་མོ་བཾ་རིལ་བྷྱོ།། ཨ་ཀར་ནག་མོ་རག་ཡག་ཤ་བྷྱོ། ། གཙང་ཐུན་ནག་པོས་བརྣག་ཅིང་བསད།། ཨེ་ཀ་ཛ་ཊི་མེ་ད་ར་ལིང་སྙིང་ཁ་རག་ར་སྲི་བཛྲ་དུན་བྷྱོ།། ཨེ་ཀ་ཛ་ཊི་མི་ཤ་དགྲ་བོ་ལ་ཕཊ།། གཡོན་དུ་དུག་ཤིང་མེ་བཏང་སྟེ།། སྙིང་ཕྱུག་དེ་ལ་བསྲེག་པར་བྱ། ། བསྟོད་མཆོད་ལུང་དང་ལྡན་པར་བྱ།། སྙིང་ཐུན་སྤྱིན་སྲེག་འདི་ལྟར་བྱ།། ཉི་ཤུ་རྩ་གཅིག་ལིང་གི་བྲིས།། དགྲ་བོ་ནང་དུ་གཞུག་པར་བྱ།། ཡང་ན་རི་ལུ་གཞུག་པར་བྱ།། ཡང་ན་ཤ་ཚུལ་ནང་དུ་གཞུག། འབར་བ་མེ་ཡི་ཞལ་དུ་བསྲེག། ཁྲག་སྣ་ཚང་བར་འཚོགས་པར་བྱ།། མ་ཏྲག་མ་རག་ཤ་རུ་ཏྲ་རུ་ཏྲ་མ་ར་ཡ་བྷྱོ།། མ་མ་སྙིང་ཁ་རག་སྙིང་ཐིག་ལིང་རྦུད།། ཡག་ཤ་སྙིང་ཏེ་ཀེཾ་རྦད་ཕུ་རྦུད་མཱ་ར་ཡ་རྦད།། དམ་ལ་དམ་ཚིག་སྔགས་འདིས་གདགས། ། སྙིང་ཁ་རག་དམ་ཛ་ཛ།། ས་མ་ཡ་སྙིང་ཁ་ལ་ཡག་ཀྴ་ཛ་ཛ།། བསྙེན་བསྒྲུབ་འཕྲིན་ལས་ཀྱི་ལེའུ་སྟེ་བཅུ་པའོ།། ཙིཏྟ་མངོན་ཕྱུང་འདི་ལྟ་སྟེ།། སྐྱེས་པ་དར་པའི་སྙིང་ནང་དུ།། སྣིང་སྣ་མང་པོ་བཏགས་ལ་བླུགས། ། བ་བླ་སེར་པོས་ཕྱི་རོལ་ཕྱུག། བན་ད་དུམ་བུ་གསུམ་པར་གཞུག། བྱ་ནག་ལུག་ནག་སྙིང་རྣམས་དང།། སྤྱང་ཀིའི་སྙིང་ཁྲག་གལ་ཆེ་བ།། པདྨ་རཀྟ་མེད་མི་རུང།། ཤ་ཁྲག་སྙིང་ཚོགས་འབྱོར་ཚད་བཤམ། ། ཐོད་པ་མཐིང་ནག་དར་དུ་གྲིལ།། དགྲ་བོའི་ལིང་ག་འབྲུབ་ཁུང་དུའོ།། ཐལ་ཆེན་གུ་གུལ་དཀར་ནག་བླུགས། ཡུངས་ཀར་སྐེ་ཚེ་ལ་སོགས་བྲབ།། རུ་དར་དམར་པོས་གཡབ་ཅིང་འབོད།། སྣ་ཚོགས་སྙིང་ཁྲག་སྦྱར་བས་བསྐངས། ། དམ་མ་འདྲེས་དང་བུད་མེད་སྤང།། དེ་ལྟར་ལྡན་ན་འགྲུབ་པར་ངེས།། སྙིང་དེ་དངོས་སུ་འབྱུང་བར་ངེས།། དྲག་པོའི་སྔགས་འདིས་བསྒྲུབ་པར་བྱ།། རག་མོ་ནི་ས་མ་ཡ་རག་མོ་ནི་ཨུ་ཙུས་སྨ་རག་མོ་ནི་ཧེར་ཧམ་རུ་ལ་ཡ་ཡཀྴ་ཏྲག་མོ་ཨི་ས་མ་ཡ་འུར་འུར་སྙིང་ཙིཏྟ་ཁ་ལོ་རྦད། ། ཁ་ལ་ཡག་ཤ་ཏྲག་དམ་ཛྷ་ཛ།། སྙིང་ནི་འུར་ཐེན་ཁྲེལ་སྙིང་ཤ་བམ་ཁ་རག་ཤ་ཛྷ་ཛྷ། དེ་ཡིས་བསྒྲུབ་པར་བྱ་བ་ཡིན། ། ཏྲག་ཏྲག་ནིར་བྷ་བྷ་རག་ཤ་རོ་ལ་སྙིང་ཕྱུང།། ནརིར་སྙིང་ལ་ཛ་ཛྷ་ས་མ་ཡ་པྲ་མ་གུར་ཏིང་ཧེ་ནི་ཤག་ཛྷ་ཛྷ་བྷྱོ། གདན་ལ་འཕབ་པས་དངོས་སུ་འབྱུང།། སྙིང་དེ་དངོས་སུ་འབྱུང་བའི་ལེའུ་སྟེ་བཅུ་གཅིག་པའོ། །།། ཙིཏྟི་ཛྭ་ལ་ལས་འདི་ཡང།། མཛེ་པོ་དག་གི་ཐོད་པ་ལ།། ནང་དུ་སྨན་སྣ་ཅི་ཡང་བླུགས།། མིང་རུང་མི་རྟག་ཁྱི་ཁྲག་བྲི།། ཐོད་པ་མཐིང་ནག་དར་གྱིས་གྲིལ།། དྲག་སྔགས་དག་གིས་གཟིར་བར་བྱ། ། སྦལ་སྦྲུལ་ཤ་ཚིལ་མིང་རུས་གཟུགས།། ཐོད་པའི་ནང་དུ་བསྲེག་པར་བྱ།། བདུན་དགུས་བསྒྲུབས་ལ་གནན་པ་བྱ།། དྲག་སྔགས་འདི་དག་བཟླས་པར་བྱ།། ཏྲག་རག་མོ་རྡི་ལ་རྦད།། སཻར་རྡིར་ཤར་བྷྱོ། ། ཨོཾ་བ་ཤ་མྱོ་ཀོ་དུ་རུ་མ་ཤིག་ཀི་ཀང་ཛ་ལ་ཏི་ཡཾ་ཨ་ཙི་ཏེ་ནཱ་ག་ཀུ་རུ་ཤ་ཏང་ཙིཏྟ་མར་ཡ་ཕཊ།། ཐལ་བ་ཆུ་མིག་དག་ཏུ་གནན།། མཛེ་ནད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།།། ཡང་དེ་དུག་ཐུན་འདི་ཉིད་ལས། ། ནག་པོ་རབས་ཆད་ཐོ་པ་རུ།། མངལ་ཁྲག་དང་ནི་དུག་སྣ་མང།། ཁྲག་སྣ་ཆང་དང་སྦྱར་བ་བླུགས།། ལེ་བརྒན་དར་གྱིས་གྲིལ་བར་བྱ།། གཡས་སུ་མཐུན་རྫས་གཞག་པར་བྱ།། གཡོན་དུ་དུག་གཏོར་དྲག་པོའོ། ། བསྒྲུབ་དང་དབང་བསྐུར་འདི་ལྟའོ།། ཏྲག་ཏྲག་ཀུར་ལན་སེར་སེར་ཏུག་ཏུག། པྲ་བེ་ཤ་ཨ་བེ་ཤེ་རུ་བེ་ཤ་ཁ་ཐུན་བྷྱོ།། བསྒྲུབ་ཅིང་དབང་བསྐུར་དེས་བྱའོ།། ཏྲག་རག་ཤ་སྙིང་ཁ་ར་ས་ཐམ་ས་ཐམ་ཤོག་ཐམ་བམ་རྨུགས་བམ་རྨུགས་ནི་ཏི་སྟ་ཛྭ་ལ་ཁའི། ། གདུག་པའི་མ་མོ་དུག་མདོག་མ་ཞེས་བསྐུལ།། བསད་སྔགས་འདི་ཡིས་བྲབ་པར་བྱ།། ཏྲག་མོ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་བྷྱོ།། མེ་དར་ལིག་སྙིང་ཁ་རག་ས་སྲི་བཛྲ་དུ་བྷྱོ། ། ཨེ་ཀ་ཛ་ཊི།། དགྲ་བོ་མི་ཤ་ལ་ཕཊ།། ཏྲག་རག་ཤ་ཁ་ལ་མི་ཏི་སྙིང་དུ་དུན་དགྲ་བོ་ཁ་ལ་རག་མོ་བྷྱོ།། དུ་ནི་དུན་ཏི་དུ་རུ་ཧ་ན་རྦད་ཕུ་རྦད།། ཕུ་ཚལ་པ་བམ་རིལ་ཏྲག་རག་ཤ་རྦད་གག་ཤ་རྦད་སྙིང་རྦད་ཁ་ཐུན་རྦད་ཙིཏྟ་རྦད། ། ཡག་མོ་ཏེ་ཀེ་མ་ཛ་ཛ་སྟེ་སྙིང་ཁ་ལ་རཀྴ་ས་མ་ཡ་དམ་ཛ་ཛ།། ཞེས་བསྐུལ་བར་བྱའོ།། དུག་གི་ལེའུ་སྟེ་བཅུ་གསུམ་པའོ།། ཡང་ནི་ཟོར་ཞེས་བྱ་བ་འདི་དག་སྟེ།། བན་དུམ་བུ་བཞི་པ་རུ།། ལས་ཀྱི་དཀྱིལ་འཁོར་བྲི་བར་བྱ། ། རྩིབས་ལ་དབང་བྲི་མདུན་ལ་ཞི་ལ།། ལྟོ་བ་རྒྱས་པ་བྱང་དུ་ཨེ།། ནང་དུ་ཡག་ཤ་ཡབ་ཡུམ་ལ།། དབུས་སུ་གདུག་པའི་མ་མོ་ཉིད།། ཕྱི་རོལ་སོལ་བས་ནག་པོར་བྲི།། དེ་བཞིན་གྲུ་གསུམ་སྟེང་དུ་གཞག། ནང་དུ་མཐུན་པས་རྫས་རྣམས་བསོག། བསྒྲུབ་པ་ཡབ་ཡུམ་མ་ཡི་སྔགས།། བསྙེན་པའི་སྙིང་པོས་བྱ་བ་ཡིན།། བསྒྲུབ་པ་གྲུབ་པའི་རྟགས་དང་སྦྱོར།། འཕྲིན་ལས་དུས་སུ་འདི་ལྟར་བྱ།། བསྣོལ་གྲི་མོ་ཡི་ཐོད་པ་རུ། ། ཁྲག་དུག་སྣ་མང་པོ་འཚོགས་པར་གསོག་ཕྱི་རོལ་ཡང་ནི་བྱུག་པའོ།། སྔོ་དམར་བལ་གྱིས་ཁ་བཅད་ལ།། དྲག་པོའི་སྔགས་ཀྱིས་བསྒྲུབ་པར་བྱ།། ཏྲག་རག་ཤ་ཁ་མུན་ཏྲ་བྷྱོ།། རུ་ལུ་རུ་ལུ་ཏྲག་མོ་ནག་མོ་ཧ་ན་ནག་མོ་ཙིཏྟ་ཏྲག་ཤ་ལ་བྷྱོ། ། ཏྲག་མོ་ནི་ཧར་ཧུར་སྙིང་ཡག་ཤ་ཀྱེ་མ་ཛ་ཛ་པྲ་པེ་ཤ་ཕཊ།། གང་ལ་དམིགས་པ་བརྡེག་པར་བྱ།། སེར་བ་འདོད་ན་རྐང་སྒྱེད་ལ།། འཕྲིན་ལས་སྔགས་བཟླས་ཐབ་སྦུབ་ལ།། ཐལ་བ་ཐོད་པར་དྲིལ་ལ་གཏང། ། ནི་རང་ཁུག་ཙི་ཏ་བཾ་རིལ་ཤག་ཤིལ།། ཅེས་ནི་རྐང་གསུམ་ཕྱོགས་སུ་འཕངས་ལ་གཏང།། དྲག་པོ་ལས་ཀྱིས་བསད་ན། འབྲུལ་ཁུང་ནང་དུ་ལིང་ག་ནི།། མིང་རུས་བཅས་པ་སྔགས་ཀྱི་གཟེར། ། ཚེས་བཞི་ཟླ་བ་ཟེར་ཀ་ལ།། ནུབ་ནས་ཤར་དུ་བརྡེག་པར་བྱ།། བྲབ་དང་དགུག་དང་བརྡེག་པ་བྱའོ།། ལིང་ག་གཅིག་ཐོད་པར་བསྲེག། བསྲེག་པའི་སྔགས་ཀྱི་མནན་ལ་དབབ།། ཙིཏྟ་བཾ་རིལ་ཞུག་དར་ཡ། ། རག་ས་རག་ཁྲག་ཁྲུ་གེ་ནི་བཾ་རིལ་སྙིང་ལ་ཤག་ཤིག་བཾ་རིལ་རྦད།། ཅེས་ཐོད་པར་བསྲེག། ཐོད་པ་ཟོར་གྱི་ལེའུ་སྟེ་བཅུ་བཞིཔའོ།།།། ལས་འདི་ལྟས་ངན་དབབ་པའི།། བན་ད་མཚན་ངན་དུམ་བུ་དྲུག། དེ་ནས་སྙིང་སྣ་ཁྲག་སྣ་དང།། ཤ་སྣ་མ་ལུས་འཚོགས་ཚད་བསག། འབྲུ་སྣ་མང་ལ་ངར་བླུད་བྱ།། ལྟས་ངན་སྣ་ཚོགས་གཟུགས་བརྙན་བྲི།། རྟ་ནག་ཁྱི་ནག་ཐོད་པར་གཞུག། དགྲ་ཡི་ཕྱོགས་སུ་བསྐུལ་ལ་གནན། ། དེ་ནས་སྨེ་བའི་ཁྲག་རྣམས་ལ།། ལྕགས་ཀྱི་དུག་མདའ་འདི་ཡིས་བསྐུལ།། ཚེས་བཞིའི་སྲོད་ལ་ཕྱོགས་སུ་འཕང།། ཏྲག་རཀྴ་ཁ་མུན་ཏྲག་ཨེ་ཀ་ཛ་ཏི་སྙིང་ཁ་ལ་ཤ་མ་བྷྱོ།། རག་མོ་ཧེར་མ་ཧེར་ཏིང་ཁ་ལ་རཀྴ་བྷྱོ། ། མ་མ་སྙིང་ཁ་རག་ཤ་དུན་བྷྱོ། བསྐུལ་བ་ཞེས་སུ་བྱ་བ་ཡིན།། རག་རཀྴ་ཨེ་ཀ་ཛ་ཊི་སྙིང་ཙིཏྟ་ནི་ཡང་ཁ་ཏེ་ཁུམ་ཤམ་ཤམ་ལས་ལ་བྷྱོ།། ཞེས་བྱ་སྟེ་གནན་ཏེ་བསྐུལ་བར་བྱའོ།། ཏྲག་རཀྴ་ཁ་ལ་དུན་བྷྱོན། ། ནག་མོ་དུན་ཏིང་ལིང་མ་ཤར་བྷྱོ།། ཞེས་རྟ་དབབ་པར་བྱའོ།། ལྟས་ངན་ཆོ་འཕྲུལ་ལེའུ་སྟེ་བཅཝ་ལྔ་པའོ།།།། ངན་ཐབས་གནན་པ་འདི་ལ།། གདུག་པས་གང་ཞིག་ས་བླངས་ཏེ།། སུག་སྣ་ཁྲག་སྣ་མང་པོས་སྦྲུ།། དགྲ་བོ་འཛུབ་མཐོ་གང་དུ་བྱ། ། གྲོ་ག་ཤིང་ཤུན་དག་ལ་ལིག་ག་བྲི།། དྲག་པོའི་སྔགས་ཀྱིས་མཐའ་མ་བསྐོར།། གུ་གུལ་དུད་པས་བདུགས་ནས་ཀྱང།། ལྷ་དང་དབྱེ་བ་དྲག་པོར་བྱའོ།། ཨོཾ་སྭ་མན་མུད་འུབ་ཁ་ཡུད་ཏི་སྟེ་ཡུད་སྟེ་ཤིག་ཤིག་འགྲམ་ཡལ་འགྲམ་ཡལ་དེ་ལྟར་ཅིག་ན་ལྷ་དང་དབྱེའོ། ། ཐོད་པའི་ནང་དུ་བཅུག་ནས་ཀྱང།། བདུན་ནམ་བཅུ་དྲུག་དག་ལ་གནན།། ལིང་ག་བསྲེགས་པའི་ཐལ་བ་ཡང།། བ་རུ་ནང་དུ་བླུགས་ལ་གནན། ། ཆུ་མིག་ནག་པོའི་འོག་ཏུ་བསྐྱལ།། མནན་པ་ཞེས་སུ་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ལ་མཐའི་བསྟོད་བསྐུལ་ལ།། བསྐྱེད་པའི་ཏིང་ངེ་འཛིན་ལ་སོགས་ཏེ།། དེ་ནས་མཐའི་བསྟོད་བསྐུལ་ལ། ། ཧཱུ~ཾ།། མི་མངོན་མཁའ་དབྱིངས་ཡབ་ཡུམ་གཉིས།། སྔགས་བསྲུངས་ནག་མོ་སྐུ་ཡི་སྟེ།། གསང་སྔགས་ཉིད་ཀྱིས་གསུང་བསྐུལ་ལོ།། གཡུ་འོད་འབར་བ་ཐུགས་བསྐུལ་ཏེ།། གྲུ་གསུམ་མཐིང་ནག་ཡོན་ཏན་བསྐུལ།། ཡང་དག་སྐུ་ཅིག་འཕྲིན་ལས་བསྐུལ། ། མཐའི་བསྟོད་བསྐུལ་ལེའུ་སྟེ་བཅུ་བདུན་པའོ།། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ།། དུག་ཐུན་མཛེ་དང་ལྟས་ངན་ཟོར་དང་བཞི།། ཐ་མ་གནན་དང་ལས་བཅུར་ཚངས་པའོ། ། རྒྱུད་དུ་བསྟན་ཏེ་ལས་ཀུན་ཚངས་པའི་རྒྱུད།། ཕྱི་རབས་པ་ཕན་པའི་དོན་དུ་གཅེས།། ཐ་མ་གཏད་པའི་ལེའུ་སྟེ་བཅཱ་བརྒྱད་པའོ།།།།ཱྀ་ཏི།།།། རྒྱ་གར་སྐད་དུ།། ཙིར་མ་ཏྲི་ཡ་ཤ་པྲ་ཏ་པྲ་ལེ་ཏན་ཏྲ།། བོད་སྐད་དུ།། ཨེ་ཀ་ཛ་ཊི་ཐུགས་ཀྱི་གསང་བ་ས་ཏི་ནག་པོའི་རྒྱུད་ཅེས་བྱ་བ།། ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ། ལྕང་ལོ་ཅན་གྱི་ཕོ་བྲང་ནས།། ཀུན་བཟང་ལྷའི་རྒྱལ་པོ་ཡིས།། བྱང་ཕྱོགས་རི་མ་ལ་ཡ་ཡི་བྲག་ཕུག་ཏུ།། ཡང་དག་གི་ཐུགས་ཀྱི་སྒྲུབ་ཐབས།། རྟག་ཏུ་གསང་བའི་སྙིང་པོ་བསྒྲགས་པ།། ཨེ་ཀ་ཛ་ཊིའི་ལས་རྣམས་འགྲུབ། ། ཅེས་གསུངས་སོ།། དེ་ནས་བཛྲ་པཱ་ཎི་ཡིས་དྲག་པོ་དགུ་དང་བཅུ་བདུན་སྔགས།། སྐུ་གསུང་འདོད་ཐུགས་དང་ཡོན་ཏན་འཕྲིན་ལས་ལས།། ཐམས་ཅད་བསྒྲུབ་ཕྱིར་ལས་བདུན་དྲག་པོ་བསྟན། ། དགྲ་བགེགས་ཐམས་ཅད་རྩད་ནས་གཅད་པ་ཡི།། ཡེ་ཤེས་ལྔ་ཡིས་དུག་ལྔ་གནས་སུ་བསྲེགས།། རྟགས་པའི་སྔགས་དང་ལས་རྣམས་རིམ་པར་ཤེས།། ཐམས་ཅད་མ་ལུས་འགྲུབ་པའི་ལུང་དུ་བསྟན། ། འདོད་པའི་དྲག་སྔགས་ཐམས་ཅད་མ་ལུས་འབྱུང།། གསོ་བསྲུངས་ལས་མཛད་བསྐོང་བཟློག་ཅི་འདོད་སྒྲོལ།། དབྱིངས་ལས་སྐུའི་ཕྱག་རྒྱ་ཆོ་འཕྲུལ་རྣམ་བཞི་འབྱུང།། ཕྱག་རྒྱ་རྣམ་གཉིས་བསྒྲུབ་པར་བྱའོ། ། ད་ནས་ཨེ་ཀ་ཛ་ཊི་ལ།། དབྱིངས་ལས་བསྐྱེད་དང་ཤེས་རབ་སྟེ།། ལས་ཀྱི་རལ་གཅིག་བྱུང་ཚུལ་ལོ།། ངང་པོར་བདུད་པའི་འཕྲེང་བ་ཅན་ཞེས་ཀྱང་བྱ་སྟེ།། བདུད་མི་ཟན་སྤ་རོ་གཅེས་ཀྱང་བྱ་སྟེ།། སེམས་ཅན་གྱི་བདུད་དུ་ཆེ་བ་དང། ། བདུད་མོ་ཀུན་དགའ་མོ་གཉིས་དང་ལས་སེམས་མཐུན་པས།། ཐམས་ཅད་ལ་འདུད་དེ་ནས་ལུས་མཐུན་ཏེ།། ནམ་ཤོབ་ལས་ཆགས་ཏེ།། ཕ་ཡིས་སྨོན་ལམ་བཏབ་པས་ཁྱེའུ་རུ་སྐྱེས་ཤིག་པར་སྨོན་ལམ་བཏབ་པོ། ། མས་སྨོན་ལམ་བཏབ།། བུ་མོར་སྐྱེས་ཤིག་པར་སྨོན་ལམ་བཏབ་པ་ལས།། མའི་སྨོན་ལམ་བརྩན་ནས།། བུ་མོར་སྐྱེས་སོ།། སྐྱེས་མ་ཐོག་བྱ་བ་མང་པ་ལས།། ཕ་མཐུ་ཆུངས་པ་མ་དགའ་ནས། ། མ་གཉིད་ལོག་པའི་བར་དུ་བུ་མོ་ལག་པ་ནས་བཟུངས་ནས།། ཐལ་ཁུང་དུ་བསྐྱུར་ཏེ།། གཏང་བ་ལས།། མ་གཉིད་སད་ནས་བུ་མོ་མེད་དེ་བཙལ་བས།། ཐལ་ཁུང་ན་སྦས་འདུག་སྟེ། མས་ངུས་ནས་བུ་མོ་ཤུག་སྒྲོལ་མ་དྲུག་དང། ། བུ་མོ་སྒྲོལ་བགྱིད་མ་དྲུག་ལ་ལས་བཅོལ་ནས།། ཨཱ་ཡུ་ཚེ་ཡུ་བྲུཾ་གིས་བརྗོད་པས་བུ་མོ་ལ་ལྕགས་ཀྱུ་བྱུང་སྟེ།། ཕ་ཡིས་ཐལ་ཁུང་དུ་མ་བསྐྱུར་ན་དབང་དུ་མི་འདུས་སོ།། ཕས་མ་སྨ་ཕབ་པས་སྲིད་པ་གསུམ་ལ་དབང་བྱེད་དོ། ། ཕས་ནི་མིང་བཏགས་པ་བདུད་མོ་ཡ་ནག་མོ་ཞེས་བྱ།། མས་ནི་མིང་བཏགས་པ་སྦས་པའི་མ་མོ་ཐལ་མདོག་མ་ཞེས་བྱའོ།། སྦས་པའོ་མ་མོ་རོ་ལངས་མ་ཞེས་ཀྱང་བྱའོ།། ཨེ་ཀ་ཛ་ཊི་རལ་གཅིག་མ་ཞེས་ཀྱང་བྱའོ། ། གནས་ནི་ཉིན་མོ་བྲག་དམར་པོ་སུལ་མངས་འདྲ་བ་ལ་གནས་སོ།། ས་ཞག་ལ་འབྲི་ཁམས་མ་བརྒྱའི་འོ་མས་མཁར་བརྩིགས་ནས།། ཕྱི་ལྟས་ནི་སྤེལ་ལེ་མཁའ་རོ།། ནང་ལྟས་ནི་བཅུད་རེ་གསལ་ལོ། ། དབྱར་ནི་ཆར་པས་མི་ཚུགས་སོ།། རྒུན་ནི་ལྷགས་པས་མི་ཚུགས་སོ།། དེའི་ནང་དུ་ཐོད་པས་བརྩིགས་པ།། ཀ་གདུང་ནི་མཆོང་ལས་བྱས་པ།། དྲལ་ཕྱམ་ནི་མུ་ཏིག་ལས་བྱས་པ།། དུར་ཁྲོད་ཀྱི་རྒྱུན་གྱིས་བརྒྱན་པའི་ནང་ན། ། ཨེ་ཀ་ཛ་ཊི་བཞུགས་ཏེ།། མགོ་ལ་རལ་གཅིག་མ།། དཔྲལ་ན་དམིག་གཅིག་མ།། ཁ་ན་སོ་གཅི་མ།། བྲང་ན་ནུ་གཅིག་མས་རྣལ་འབྱོར་གྱི་སྲིའི་གསོའོ།། ཕྱག་ན་ལྕགས་ཀྱུ་རྩེ་དགུ་སོགས་བསྣམས་པའོ། ། ཞབས་ལ་རྐང་གཅིག་གི་མི་རོ་རྟག་རོའི་ཁྲི་ལ་བཞུགས་པ།། ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས་པ།། མགོ་ལ་རལ་གཅིག་མ་ཡིས་བསྐལ་པའི་མུན་ལྟར་གཏིབས་པ།། དཔྲལ་ན་མིག་གཅིག་གིས་ཁམས་གསུམ་ཡོངས་ལ་ས་ལེ་ལྟའོ། ། ཁ་ནས་སོ་གཅིག་གིས་སྐྱེ་ཤི་གཉིས་ཀྱི་རྩ་བ་གཅོད་པའོ།། ཕྱག་ན་ལྕགས་ཀྱུ་དགུ་བརྩེགས་ཐོགས་པའོ།། དམ་ཉམས་དགྲའི་སྙིང་ནས་འདྲེན་པའོ།། མི་རོ་རྟ་རོའི་ཁྲི་ལ་བཞུགས་པ་ནི། ། མ་མོ་ཀུན་གྱི་རྒྱལ་མོའོ།། རག་ཏའི་རྒྱ་མཚོའི་རྦ་ཀློང་ཁྱི་ལི་ལི།། ཆིབས་སུ་དྲེའུ་བཅིབས་སྐད་ཅིག་ཙེ་རེ་རེ།། གཡུ་མཚོ་སྔོན་མོ་ཁྱི་ལི་ལི།། འཁོར་དུ་མ་མོ་འབུམ་གྱིས་བསྐོར།། མཁར་ལ་སྲིན་བྱ་ཉིན་ཀྱང་ཁུ་འདེབས་པ། ། འབྲོག་ལྕགས་མཚན་ཀྱང་འགྱུར་བ་བྱ།། སྣ་ཚོགས་ལྟས་ངན་པའི་སྐད་སྒྲོགས།། བྱང་མཚི་འབྲོག་མཚོ་ཕྱང་ངེ་ཕྱང།། ཨེ་ཀ་ཛ་ཏི་རལ་གཅིག་མ་དག་ཅེས་སུ་མཚན་བརྗོད་མ་གླེང་གཞིའི་ལེའུ་སྟེ་དང་པོའོ། ། གཞུང་དང་མཐུན་པའི་གནས་ཉིད་དུ།། མཎྜལ་ལ་སོགས་ལེགས་པར་བྱ།། གྲུ་གསུམ་མཐིང་ནག་དྲག་པོ་ཚུལ།། ཟླ་གམ་རྣམ་གསུམ་དབང་གི་ཚུལ།། མུ་ཁྱུད་ཟླུམ་པོ་ཞི་བའི་ཚུལ།། གྲུ་ཆད་རྒྱས་པ་ལས་རྣམས་འགྲུབ། ། བར་ཁྱམས་རྡོ་རྗེ་ར་བ་འགྱུར་བ་མེད།། སྒོ་བཞི་སྒོ་ཁྱུད་མེད་རི་འབར།། ལྕགས་རི་ལ་སོགས་དཀྱིལ་འཁོར་ཚང་བར་བྱ།། དམ་རྫས་ལ་སོགས་ཚང་ཞིང་འཚོགས་པ་གཅེས།། མི་དབང་འབྲས་བུ་ཚང་བ་དང། ། ཞིང་ཆེན་ཙིཏྟ་སྤྱང་ཀུའི་སྙིང།། བྱ་ནག་སྙིང་དང་ལུག་ནག་སྙིང།། རྟ་ནག་སྙིང་དང་ཁྱི་ནག་སྙིང།། ཁྱུང་གི་སྙིང་དང་ར་རོག་སྙིང།། སྙིང་སྣ་ཁྲག་སྣ་ཚང་བར་སོགས།། བསྣོལ་གྲིའི་ཐོད་པ་མུ་ཟི་རའི་ཐོད་པ་དང། ། མོན་དང་རབས་ཆད་ཐོད་པ་དང།། གཞན་ཡང་དྲུག་པ་འམ་བརྒྱད་པ་ནི།། དམ་ཅན་སྣོད་དུ་ཤིན་ཏུ་བསྔགས།། རྒྱལ་རིགས་རྗེའུ་རིགས་རུས་པ་ཡི།། དབང་དང་དངོས་གྲུབ་བརྟེན་དུའོ།། རྨ་བྱའི་རྒྱལ་མཚན་དང་རུ་དང། ། བྱ་ནག་ལུག་ནག་རྟེན་དུ་བཞག། དབུས་སུ་སྤྱན་གཟིགས་ཚངས་པར་བྱས་ལ་དཔལ་གཏོར་རོ།། ནུབ་ཏུ་ཁྲག་སྣ་སྙིང་སྣ་མང་པོ་ལ།། མ་མོ་ཡི་ནི་གཏོར་མའོ།། མཐིང་ནག་དར་གྱི་གུར་དབུབ། ། དབུས་ནི་གྲུ་གསུམ་མཐིང་ནག་ལ། མཆོག་ཕུར་གསུམ་པོ་སྒེད་ཀར་གཟུགས།། ཕུར་ཆེན་ལྕགས་ཕུར་སྐྱེར་ཕུར་གསུམ།། ཕོ་བྲང་ཨེ་ཡི་གྲུ་ལ་གཟུགས།། མེ་ཏོག་ལ་སོགས་སྙིང་སྣ་ཁྲག། ཨ་ཀ་རུ་དང་དུ་རུ་ཀ། ། ཙན་དན་ག་པུར་གླ་རྩི་དང།། དྲི་ཞིམ་སྤོས་སྣ་ཚང་བ་དང།། ཚིལ་ཆེན་དག་གིས་མར་མེ་བྱ།། འཛའ་གད་རག་ཏའི་རྒྱ་མཚོ་དང།། གཞན་ཡང་བསྐང་བའི་དམ་རྫས་ཀུན།། ཅི་དང་སྔོས་ལ་གཞུང་དང་སྦྱར། ། དངོས་གྲུབ་འདོད་པའི་རྣལ་འབྱོར་པས།། རྫས་རྣམས་བཀའ་ཡང་བསོགས་པར་བྱ།། སྔགས་ལ་གྲངས་ཚད་སེལ་མི་གཞུག། ཐུགས་དམ་བམ་གྱིས་བསྐང་ནས་འགྲུབ།། དམ་ཚིག་ཉམས་ན་ལས་མི་འགྲུབ། ། བསྟོད་དང་མཆོད་གཤེགས་བསྐུལ་ཞིང་རྦད།། གཏོར་མ་ཟས་ཕུད་སྣང་སྲིད་རྫས།། བདུད་རྩིར་བསམ་ཤིང་དུས་སུ་མཆོད།། གཟའ་སྐར་དྲག་པོ་གདུག་པ་ལས།། དམེ་ཁྲག་དུག་དང་སྦྱར་བ་ཡིས།། མ་ར་ཡ་ཡི་མིང་རུས་བྲིས། ། རྗེས་སམ་སྣབས་ལུད་ཕྱི་ས་འམ།། གོས་སམ་སྐྲ་ཤད་གང་རྙིང་ལ། ལིང་ག་རྩ་གཅིག་བཅུ་བདུན་བྱ། དུག་སྦྲུལ་ནག་པོའི་ལྟོ་རུ་གཞུག། མིང་རུས་བཅུ་བདུན་ཡི་གེས་བྲབ།། བསྣོལ་གྲི་མོ་ཡི་ཐོད་པ་དང། ། རབས་ཆད་ཕོ་མོ་རཀྴ་དང་ཏྲག། ནང་དུ་ཡ་དང་མ་བྲིས་ལ།། བར་དུ་མིང་བྱང་ལིང་ག་གཞུག། སྨེ་ཁྲག་དུག་གི་ཕྱི་རོལ་བྱུག། ནང་དུ་མཐུན་པའི་རྫས་རྣམས་གཞག། མཐིང་ནག་དར་གྱིས་ཐོད་པ་གྲིལ། ། གྲུ་གསུམ་ཨེ་ལ་གཞག་པར་བྱ།། བསྙེན་པའི་དུས་སུ་ལྷ་དང་དབྱེ།། ཐོད་པ་མཚན་ངན་དུམ་མངས་སུ།། དུག་སྣ་ཁྲག་སྣ་དང།། བ་བླ་ཐལ་ཆེན་སྨེ་ཁྲག་སྦྱར།། རྡོ་ཕྱེ་ཟངས་ཕྱེ་ལྕགས་ཕྱེ་བླུགས།། བྱང་ཤར་མཚམས་སུ་གཞག་པར་བྱ། ། ཡུངས་ཀར་རྒྱལ་པོས་གསང་སྔགས་བྲབ།། ནུབ་བྱང་མཚམས་སུ་སྙིང་ཐུན་གཞག། རྟག་ཏུ་བཟླས་པ་བྱའོ།། གཞན་ཡང་བསྐང་དང་བསྒྲུབ་པའི་མཐུན་རྫས་རྣམས།། གཞུང་དང་མཐུན་པ་དགོད་པར་བྱ། ། མ་མོ་ས་ནག་གི་ལེའུ་ལས་བཅའ་གཞིའི་ལེའུ་སྟེ་གཉིས་པའོ།།།། འདི་ན་མར་བསྒོམ་པའི་དམིགས་པ་སྟོན་ཏེ།། ཀུན་ཏུ་བཟང་མོ་ཆོས་ཀྱི་དབྱིངས་ཞི་བའི་ངག་ལས་ཆེ་མཆོག་དྲག་པོའི་སྐུར་བསྒོམ་ལ། ། བདག་ཉིད་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ། དབུ་དགུ་ཕྱག་བཅཝ་བརྒྱད་ཞབས་བཞི་སྐུ་ཆེ་ལ་ཡན་ལག་རགས་པ་གཅིག་བསྒོམ།། དབུ་དགུ་ནི་ཧེ་རུ་ཀ་དགུའོ།། ཕྱག་བཅཱ་བརྒྱད་ནི་དང་པོ་གཉིས་བན་དམར་རྡོ་རྗེས་འཁྲུག་ཅིག་གསོལ་པའོ། ། གཡས་འོག་མ་བརྒྱད་ཀེའུ་རི་བརྒྱད།། གཡོན་འོག་མ་སིང་ང་མ་བརྒྱད།། ཞབས་བཞི་ལྷ་ཆེན་པོ་བརྒྱད་བརྫིས་པའོ།། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱི་མཚན་པ་གཅིག་བསྒོམ་མོ། ། དེ་ལྟ་བུའི་ཐུགས་ཀ་ནས།། ཡི་གེ་ཏྲག་ལས་ཨེ་ཀ་ཛ་ཊི་སྐུ་མདོག་མཐིང་ནག་དབུ་དགུ་ཐོར་ཚུགས་གཅིག་ཏུ་འཁྱིལ་པ།། རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ་བ།། ཁྲག་དང་ཞག་གི་ཐིག་ལེས་བརྒྱན་པ། ། ཕྱག་གཡས་ན་སྦྲུལ་ཞགས།། གཡོན་ན་གཡུའི་སྦྱང་མ་ཁྲག་ཐབས་སུ་བསྣམས་པ།། དུར་ཁྲོད་ཀྱི་རྒྱན་ཆ་བརྒྱད་ཀྱིས་སྐུ་ལ་བརྒྱན་པ།། གཟའ་ཆེན་པོ་བརྒྱད་ཀྱི་སྐུ་རགས་བྱས་པའོ།། དྲེའུ་ནག་པོ་ཆེ་ལ་ཆིབས་ལ། ། སྐུ་ལ་བེར་ཆེན་མཐིང་ནག་གསོལ་བ་གཅིག་ལ།། འཁོར་གཡུའི་སྤྱང་མ་འབུམ་གྱིས་བསྐོར་བ།། མ་མོ་ནག་མོ་འབུམ་གྱིས་བསྐོར་བའི་ནང་ནས་བལ་མོ་ནག་མོ་གསུམ་ཐུགས་ལས་འགྱེད་པ།། ཆོ་འཕྲུལ་དང་གཟུགས་མངོན་དུ་སྟོན་པའོ། ། དགྲ་བོའི་ཙིཏྟ་མངོན་དུ་འབྱིན་པའོ།། མ་མོ་ས་ནག་གི་རྒྱུད་ལས།། སྐུའི་ལེའུ་སྟེ་གསུམ་པའོ།།།། ཨོཾ་ཏྲག་རག་ཤ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ།། རག་མོ་ཏེ་ཀེ་ཁ་ལ་མ་ཏིང་བྷྱོ་ཛཱ་ཛཱ། ། ཏྲག་རག་ཤད་ཁ་མུན་ཏྲ་རུ་ལུ་རུ་ལུ་བྷྱོ་ཛ།། རྟག་པར་བཟླས་པ་ཏྲག་རག་ཤ་ནན་མོ་ནི་ཤམ་ཤམ་ལས་ལ་བྷྱོ།། ས་མ་ཡ་ལྷ་དང་ཕྲོལ་ཅིག། སྲོག་རྩ་ལ་ཁུ་མུན་ཏྲ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ་ཛ།། བསྲུང་བའི་ལྷ་ལྔ་དང་དབྲལ་པའོ། ། ཏྲག་རག་ཤ་ཁ་མུན་ཏྲ་རག་ཤ་མུན་ཏྲ་མོ་ཀ་ཛ་ཊི་ཏྲག་མོ་ནི་སྙིང་ལ་ཤད་ཤད།། དུ་ནི་དུན་རིང་དུ་ལ་ཡ་ཡ་ཛ།། དུ་རུ་སྦ་ལ་ནི་ཧ་ན་ཛ།། དུ་མ་ར་ཧ་ཛ་བྷྱོ།། ཨེ་ར་ར་ཙ་ས་མ་ཡ་ཛ་ཛ།། ར་བྲ་དུ་ཛ་མཱ་ར་ཡ་ཛ་ཛ། ། མཱ་ར་ཡ་མ་མ་སྙིང་ཁ་རག་སྟི་བཛྲི་དུན་བྷྱོ།། ཏྲག་རག་ཤ་མུནྟ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ།། ཏྲག་མོ་ཏེ་ཀེཾ་ཛ་ཛ་ཁ་ལ་མ་ཏིང་བྷྱོ།། ཏྲག་རག་ཤ་ཁ་མུན་ཏྲ་ཏྲོ་སོགས་བམ་རིལ།། སྙིང་ཤ་ཀ་ལ་རག་མོ་ཏྲག་ནི་ཏྲག་དུན་བྷྱོ། ། ཏྲག་མོ་སྙིང་རྩ་ལོ་ཏྲག་ནི་ཤེཾ་ཤཾ་སྲོག་པ་རྩ་ལ་དུན་བྷྱོ།། ཨོཾ་ཏྲག་རག་ཤ་ས་མ་ཡ་དུན་བྷྱོ།། སྙིང་ཁྲག་ཤ་བྷྱོ།། མ་ཏི་ཏ་ཛ་ལ་ར་མ།། འབྲས་བུ་སྣ་ཚོགས་ན་གཟིགས་གཏོར་མ་འདི།། ཨེ་ཀ་ཛ་ཊིའི་ཞལ་དུ་བ་ལིཾ་ཁཱ་ཧི། ། ཏྲག་རག་ཤ་མུན་ཏྲ་རག་མོ་ན་སྙིང་ལ་ཛ་ཛ།། བཙན་མོ་མ་ཏི་པ་ཏྲ་ཙ་ཀྲ་ཛ་ཛ།། ནག་མ་འབུས་འབུས་རྦད་སྭཱ་ཧཱ།། ཨོཾ་རུ་རག་ཤ་ཤྲཱི་ཧེ་རུ་པེ་ཏ་ལི་རག་ཤ་ས་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ། ཧཱུ~ཾ་ཏྲག་མོ་ནི་ཀེཾ་ཛ་ཛ།། སྙིང་རྦད་བྷྱོ།། ཏྲག་ཏྲག་བཾ་བཾ་བད་བྷྱོ་ཕྱེ།། ནིར་མ་ཀཱི་ལ་པ་ཕ་ཡེ།། ཏྲག་རག་ཤ་ཁ་མུ་ཏྲ་ཁ་ལ་ཏྲ་ཏི་བྷྱོ་རུ་ལུ་རུ་ལུ་ཏྲག་མོ་བྷྱོ།། གནད་ལ་དབབ་པ།། ཨོཾ་ཙ་རེ་ཡཾ་སྙིང་ཁ་རག་སྒྲི་བཛྲ་དུན་བྷྱོ། ། ཨོཾ་མེ་དང་ར་ལིག་སྙིང་ཁ་རྦད།། མེད་རགྷྲ་ཐུཾ་རིལ་རྦད།། སྒྲུབ་སྔགས་ཀུན་གཞི་ལ་དབབ་པ།། ཏྲིག་ཏྲིག་སེར་སེར།། ཀུ་ལུ་ཀུ་ལུ།། མོ་ཀུ་མོ་ཀུ།། ཙ་ཧ་ཙ་ཧ།། མུ་སྟག་ཙ་ལ་ཁ་ཧེ་ཙ་ར་ལིང་མུ་རུ་མྱོག། ལྡིང་ལྡང་བུ་ཕྱུག་ཕྱུག། མེ་ཧ་ཧེ་བཤལ་བཤུལ།། མུ་སུ་ས་ནི།། ཙག་ཙག་ཙིག་ཙིག། མུ་ཧཾ་ཏེ་ཧེ་སྟེ།། པུ་རུ་ཏི་སྟ་མྱོག་མྱོག་ཐུཾ་ཐུཾ།། དཀར་ལྡན་མི་ཧེ་ཧཾ།། ཀུ་མ་ལུ་ཙེ་ཕཊ་ནི།། མ་མ་རག་ཤ་སྙིང་ལ་དུན་དུན།། སྙིང་ལ་ཧཱུར་ཧཱུར། ། རག་མོ་ཁྲག་དུན་བྷྱོ་ཛ།། ཙིང་མིང་མུ་ཁ་ཧེ།། ཀོད་ཀོད་མ་ཧི་ཧེ།། མྱི་མྱ་མྱ་མྱེ་ཙ་ཧཱུ~ཾ།། རུ་ཙེ་ཧེ་མུ་ཧ་ཧེ།། ཙི་ལྡིང་ལྡིང།། ཁུ་ཙོག་ཙ་ཧ་མུ་ཧེ་ཧེ།། ཏིང་མུ་ལོ་ཙ་ཀ་ཡ་ཧར་མི་ཏིང་ཕྲབ་ཕྲབ།། ཕྲབ་ཕྲབ་ཅི་ལྡིང་ཧཱུ~ཾ་ཙོག་ན། ། ཙ་ར་མུ་ཀ་ཀེ་སྭཱ་ཧཱ།། མི་ལིང་ཀ་མང་ཕྱེ་མྱོག་སྟེ་རེ་ཧེ་རྦད།། རག་མོ་རུ་རུ་རྩེ་རུ་རྩེ་རུ་ཏྲག་ཤ་ཁ་མུ་ཏྲ་ཨེ་ཀ་ཛ་ཊི་སྙིང་ཁ་རག་རག་མོ་ཏི་ཀེ་མ་ཛ་ཛ།། ཁ་ལ་མ་ཏིང་སྙིང་ཁ་ལ་རག་ཤ་རག་མོ་བྷྱོ་ཛ། ། རག་མོ་ནི།། རག་མོ་ནི།། དུན་ནི་དུན་ཏིང།། དུ་ཧ་ན་རྦད་པུ་རྦད་ཡུ་ཙལ་པ་བམ་རིལ་ཧཱུ~ཾ་ཕཊ།། ཏྲག་རག་ཤ་རྦད།། གག་ཤ་རྦད།། རག་མ་སྙིང་རྦད།། ཙིཏྟ་རྦད།། ཁ་ཐུཾ་རྦད།། ཙིཏྟ་ནི་ཤ་མ་རར་ཡ་མ་ར་ཡ་རྦད། ། རག་མོ་ཛ་ཛ་མ་དུན་བྷྱོ།། ཏྲག་རག་ཤ་ཁ་མུན་ཏྲ་མུ་ཏྲ་མ་རུ་ལུ་རུ་ལུ་བྷྱོ།། ཏྲག་རག་ཤ་བཛྲ་ཏི་ཏ་ས་མ་ཡ་བྷྱོ།། ཨེ་ཀ་ཛ་ཊི་སྙིང་ཁ་རག་བཾ་རིལ་སོགས་མོ་བཾ་རིལ་བྷྱོ།། ཨ་ཀར་ནག་མོ་ཡག་ཤ་བྷྱོ།། ཨེ་ཀ་ཛ་ཊི་མེད་དར་ལིག་སྙིང་ལ་ཁ་རག་སྒྲི་བཛྲ་དུན་བྷྱོ། ། ཨེ་ཀ་ཛ་ཊི་མི་ཤ་དགྲ་ལ་ཕཊ་ནན།། མ་མོ་ཏྲག་རག་ཤ་མུན་ཏྲ་མར་ཡ་བྷྱོ།། མ་མ་སྙིང་ཁ་རག་སྙིང་ཐིལ་ལིང་རྦུད།། ཡག་ཤ་སྙིང་ཏེ་ཀེཾ་རྦད་པུ་རྦད་ད་ར་ཡ་རྦད།། སྙིང་ཁ་རག་དཾ་ཛ་ཛ་པྲ་བེ་ཤ་ཕཊ། ། ས་མ་ཡ་སྙིང་ཁ་ལ་རག་ཤ་ཛ་ཛ།། སྙིང་ཐུན་བསྒྲུབ་པའོ།། ཏྲག་རག་ཤ་ཁ་མུན་ཏྲ་བྷྱོ།། རུ་ལུ་རུ་ཏྲག་མོ་ནག་མོ་ནག་ཧ་ན་ནག་མོ་ཙིཏྟ་ཏ་ཏྲག་ཤ་ལ་བྷྱོ།། ཏྲག་མོ་ནི་ཧར་ཧུད་སྙིང་ཡག་ཤ་ཏེ་ཀེཾ་ཛ་ཛ་པྲ་བེ་ཤ་ཕཊ། ། ཐུན་ཟོར་འཕྲིན་ལས་ཞེས་བྱའོ།། ཙིཏྟ་བམ་རིལ་ཁུབ་ཏ་ཡ།། སྲོག་སྙིང་ལ་བརྡེག་ཅེས་ཀྱང་བྱའོ།། ཡག་ཤ་རག་ཤ་ཁྲག་ཁྲུག་རྣམས་བཾ་རིལ།། སྙིང་ལ་ཤིག་ཤིག་བཾ་རིལ་རྦད།། སྙིང་མོ་ན་ཏུ་དབྱུང་བ། ། ཏྲག་རག་ཤ་ཨེ་ཀ་ཛ་ཊི་མཱ་ར་ཡའི་ཙིཏྟ་ལ་རག་མོ་ནི་ས་མ་ཡ།། རག་མོ་ནི་ཨུ་ཙུས་མ།། རག་མོ་ནི་ཧར་ཧམ་དུ་ལ་ཡ།། ཡག་ཤ་ཏྲག་མོ་ཨིས་ཨིས།། ས་མ་ཡ་འུར་འུར།། མ་ར་ཡའི་ཙིཏྟ་ལ་རྦད།། ཁ་ལ་རག་ཤ་ཏྲག་ཏྲཾ་ཛ་ཛ། ། ཙིཏྟ་ནི་ཞུང་ཐེད་ཁྲོལ།། སྣི་ཤ་བཾ་ཁ་རག་ཤ་ཛ་ཛ་ཁུག། ཏྲག་ཏྲག་ནི་ར་བྷ་བྷ།། རག་ཤ་མ་ར་ཡའི་སྙིང་ཕྱུང།། ནི་ཙི་ཏ་ལ་ས་མ་ཡ་ཛ་ཛ།། ཕྲ་མ་ཀུན་ཏིང།། ཕྲ་མ་ཀུན་ཏིང།། ཧེ་ཤ་ག་ཛ་ཛ་བྷྱོ་ཨོཾ། ། ཨེ་ཀ་ཛ་ཊི་ཏྲག་རག་ཤ་ཙིཏྟ་ལ་མུ་རུ་མྱག་ལིང་སྣི་ཤ་པཾ།། ཙག་ལེ་མུ་རུ་སོད་སྙིང་བཾ་རིལ།། ཏྲག་རག་མོ་སྙིང་ཁ་ལ་རག་ཤ་ཏི་ཏ་རྦད།། ཏྲག་ཏྲལ་ག་ཙི་ཏ་རྦད།། ཨེ་ཕཊ། ཙིཏྟ་ལ་རྦད་ན་དག་པའི་མཆོག་ཆེན་པོའོ། ། སྲོག་པཾ་རིལ།། ཙིཏྟ་ད་ར་ན་རྦད།། སྲོག་ཏྲོལ་ད་ར་ཀ་ཀུམས་རྦད།། ཁོཾ་ཐུཾ་རུ་ན་ཤག་ཚལ་པ་རྦད།། ཙིཏྟ་ལ་མུགས་ཐིགས་ས་མ་ཡ་སྣིས་སྲོག་ཁྱེར་རྦད།། སོད་སོད་ཨ་ལོ་ཤ་སྲོག་ཁྱེར་རྦད།། ཙིཏྟ་ལ་བཾ་ལ་རིལ་ལི་རྦད། ། མ་མོ་ནག་མོ་ས་ནག་གི་རྒྱུད་ལས།། གསུང་དྲག་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། ད་ནི་གསད་ཅིང་འཕམ་པའི་དམ་ཚིག་དཔོག་པ་སྟོན་ཏེ།། མར་ཡ་གསད་ཅིང་མྱུར་དུ་བསྒྲལ་བ་དང།། སྨྱོ་འབོག་བརྒྱལ་ནད་དུ་གཏང་པ་དང། ། མཛེ་ནད་དུག་མདར་འཕང་པའོ།། དེ་ལ་མཱ་ར་ཡ་མྱུར་དུ་གསད་པ་ནི།། དེ་ཡང་དང་པོར་གྲུ་གསུམ་བརྩིག། ནང་དུ་སེལ་ཆེན་གཏང་བར་བྱ།། ཁ་ཁྱེར་ཐལ་ཆེན་བསྐོར་བར་བྱ།། མུ་ཁྱུ་ཟླུམ་པོ་ཟླ་གམ་བྲི། ། ཐོད་པའི་ར་བ་ཤེས་པར་བྱ།། མེ་རི་དམར་ནག་དག་གིས་བསྐོར།། གང་ཡིན་ལས་ཀྱི་འཁོར་ལོ་བསྐྱོན།། ཕོ་ཐོད་མོ་ཐོད་དྲག་པོ་ལ།། ཡམ་དང་མ་ནི་གནག་དང་དམར།། བར་དུ་མིང་རུས་ལིང་ག་གཞུག། ཤིང་བུ་དྲག་པོ་དབང་བསྐུར་གཟུགས།། ལྕགས་ཕུར་སོར་བཞི་མན་ངག་ཅན།། ཡབ་ཡུམ་བར་དུ་འཁོར་ལོ་བསྐྱོན།། མིང་རུས་བཅུ་བདུན་ལིང་ག་ཀུན།། འཁོར་ལོ་མཚོན་ཆས་ཙིཏྟ་གཤག། འཁོར་ལོ་རྩིབས་བཞི་བརྒྱད་དང་བཅུ་དྲུག་རྩིབས།། ལྕགས་དང་གསེར་ལས་བྱས་པ་ཡིས།། བཅུ་དྲུག་ཟང་དང་དཀར་པོ་དབུས།། གྲུ་གསུམ་མཐིང་ནག་ཁ་ཁྱེར་ཅན།། ཟླ་གམ་རྣམ་གསུམ་རང་བཞིན་ནོ། ། དྲག་སྔགས་ལྔ་པ་དགུ་དང་བཅུ་བདུན་ནོ།། མོན་དང་རབས་ཆད་ཐོད་པ་དང།། རྣེལ་དྲི་མོ་ཡི་ཐོད་པ་ལ།། ཕྱི་རོལ་དམེ་ཁྲག་གསུམ་གྱི་བྱུག། ནང་དུ་དུག་སྣ་ཚང་བ་དང།། ཡུངས་ཀར་ཡུངས་ན་ག་ཐལ་ཆེན་བླུག། དེ་ནི་ལྟོ་ཟུར་དག་ལའོ།། བཅའ་གཞི་བསྟན་པའི་དམ་རྫས་ལ།། ཁྲག་གིས་བྱུགས་ལ་དགོད་པར་བྱའོ།། དེ་ནས་བལ་མོའི་ངན་སྔགས་འདི།། ཁ་རུ་ཁྲག་བླུག་ལྷ་དང་དབྱེ།། ཨོཾ་ཨེ་ཀ་ཛ་ཊི་མཱ་ར་ཡ་ཙིཏྟ་སྲོག་ཐུམས་རྦད། ། ཉུཾ་བཱ་བཱ་ཊུ་བ་ཏུ་ཉ་མཾ་བྲཾ་ཧྲཾ་དྲ་ན་མ་ར་ཡ་ཙིཏྟ་སྲོག་ཐུམས་རྦད།། ཨ་ཨོཾ་ཨོཾ་ཧཱུ~ཾ་རྦད་ཏྲ་ཏྱ་ཧར་ཏ་དྷ་ཏཀ་ཧཾ།། ལི་ར།། ག་ར།། གྷྱ་ཙད།། ཧཱུ~ཾ་ཧར་མོ།། མ་མ་ཁ་ཀྲ་ཏྲ།། ཧྲ་ཧྲ་ཎཱ་ནཱ་མཱ་ར་ཡ་ཙིཏྟ་སྲོག་རྦད། ། འཁོར་ལོ་ལ་ནི་རིམ་གྱིས་བྲིས།། ཡི་གེ་བརྒྱ་པ་འདོན་གྱི་ན་དགོད།། རྣལ་འབྱོར་ཏིང་འཛིན་གསལ་བ་ཡིས།། ཁ་རུ་ཁྲག་བླུག་བྲབ་ལ་བཟླས།། ཀུན་དུག་མ་ཡི་ཙཀྲ་ཡི།། སྔགས་དེ་བར་དུ་གཞུག་པར་བྱ་བ་ཡིན། ། རྟགས་པའི་སྙིང་པོ་དང་པོ་བཟླས།། ཏྲག་བདུན་གཉིས་པ་བཟླས་པར་བྱ།། གསུམ་པ་དཀྲུག་སྔགས་ཆེན་པོ་བཟླས།། བཞི་པ་རྟེན་པ་ཚང་བར་བྱ།། ཞག་གསུམ་ཙཀྲ་བསྐོར་བྱས་ལ།། གང་ལ་བྱ་བའི་གདོན་མི་ཟ། ། ཁྱབ་འཇུག་འཁོར་ལོས་བཅས་གྱུར་ན།། སེམས་ཅན་གཞན་ལྟ་སྨོས་ཅི་དགོས།། དེ་ནས་སྔགས་དེ་འབུམ་བཟླས་ཏེ།། འཁོར་ལོ་རལ་གྲིས་གཏུབས་བྱས་ལ།། དུག་གི་ཐུན་དང་ཡུངས་ཐུན་དང།། སྙིང་དང་ཁྲག་གཉིས་ཐུན་རྣམས་དང། ། སྔགས་ཐུན་ཕུར་ཐུན་ཀུན་གྱིས་བྲབ།། དེ་ནས་དྲག་པོའི་སྦྱིན་སྲེག་བྱ།། སྔགས་ནི་སྟོང་གིས་མཆོད་པར་བྱ།། ཐལ་བ་ཁྲག་གི་བསྲེགས་ནས་ཀྱང།། སུམ་ཆ་གཅིག་ལ་མནན་པ་བྱ།། དེ་ལྟར་བྱས་ན་འགྲུབ་པར་འགྱུར། ། སུམ་གཉིས་དགྲ་བོའི་ཡུལ་ཕྱོགས་སམ།། ཉེ་ན་ཁང་པ་རང་ལ་བརྡེག། ཡང་ན་ཁང་པའི་འགྲམ་དུ་མནན།། མ་མོ་ས་ནག་ལས་མཱ་ར་ཡ་མྱུར་དུ་གསད་པའི་ཐུགས་ཀྱི་ལེའུ་སྟེ་ལྔ་པའོ། །།། དེ་ནས་མཛེ་ནད་དུག་དུ་གཏང་བ་ནི།། མཎྜལ་གོང་དང་མཐུན་པར་བྱ།། ཤིན་ཏུ་དྲག་པོའི་མཛེ་ཐོད་ལ།། དཀར་ནག་རྫས་ཀྱི་ཕྱི་རོལ་བྱུག། ནང་དུ་ཀླུ་སྨན་སྣ་ཚོགས་དང།། མཛེ་ནད་ཤ་ཁྲག་བླུག་པར་བྱའོ། ། སྦྲུལ་དང་སྦལ་བའི་ཤ་ཚིལ་དང།། དགྲ་བོ་སྣབས་ལུས་མཆིལ་མ་དང།། བཤད་གཅི་མཆི་མ་སྐྲ་ཤད་ཀུན།། དེ་བཞིན་ཐོད་པའི་ནང་དུ་བསྲེགས།། ལིང་ག་སྨེ་བའི་ཁྲག་གིས་བྲི།། དྲག་པོའི་སྔགས་ཀྱིས་བར་དུ་གཟེར། ། མཐིང་ནག་དར་གྱིས་ཐོད་པ་གྲིལ།། ཨོཾ་པ་ཤ་མེ་ཀེ་དུ་རུ་མ་ཤིག་ཀུ་ཀ་ཨེ་ཀ་ཛ་ཊི་ཙི་ཏི་ཛྭ་ཀ་ཏི་ཡཾ་ཨ་ཙི་ཏེ་ན་ཀ་ཀུ་རུ་ཤ་ཏ་ཛྭ་ལ་མཱ་ར་ཡ་ཕཊ།། དེ་ནས་དྲག་པོས་བསྲེག་པར་བྱ།། ཐལ་བ་མཛེ་ཐོད་ཆུ་མིག་ཏུ། ། གཟའ་སྐོར་དྲག་པོ་རྩིབས་ལ་མནན།། མིང་རུས་མི་བསྲེག་མནན་པ་བྱ།། ནག་མོ་ས་ནག་གི་རྒྱུད་ལས།། མཛེ་ནད་དུག་མདར་འཕངས་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་སྨྱོ་འབོག་བརྒྱལ་ནད་དུ་གཏང་པ་ནི། ། མཎྜལ་གོང་དང་མཐུན་པ་ལ།། སྨྱོ་འབོག་ཤི་བའི་ཐོད་པ་རུ།། མཱ་ར་ཡ་ཡི་མིང་རུས་དང།། གསེར་དང་དངུལ་ལས་བྱས་པ་ཡི།། རྒྱལ་པོ་ཐེའུ་རང་གཟུགས་བྱས་པ་ལ།། མིང་རུས་དེ་ལ་སྙིང་ཁར་བླན། ། དར་ཟབ་དཀོར་ཆ་ལ་སོགས་ཐོད་པར་སྦ།། བལ་མོའི་དམ་རྫས་ཚང་བར་བསོག། སྙིང་སྣ་ཁྲག་སྣ་ཚང་བ་ཡང།། ཐོད་པའི་ནང་དུ་སྩལ་བར་བྱ།། དུག་སྣ་མང་པོའི་གཏོར་མ་དང།། དགྲ་བོའི་མིང་རུས་ཐོད་པ་ཀུན། ། ནམ་མཁའ་དག་ལ་ཕྱར་བྱས་ལ།། རླུང་ལ་ཕྱར་ལ་སྔགས་འདི་བཟླས།། ཏྲག་ཤ་མཱ་ར་ཡ་རྩེ་ཏེ་ཁ་རག་མྱོས་ས་མ་ཡ་ཐམས་ཐམ་ཤོག་ཐམ་ཤོག་ཐམ།། བཾ་མུགས་སྟི་སྟ་ཛྭ་ལ་ཁཱ་ཧི་ཙིཏྟ་ཕུར་ཕྱོད་མྱོས་འུད་བྲན་ཕུང་སོད་ཨ་རོ་ཨེ་ཕཊ། ། ཅེས་འབུམ་བཟླས་ལ་ལ་བཙས་ཉི་མའི་ནུབ་མོ་ནམ་ཕྱེད་ན་མནན་པ་བྱ།། འབོག་བརྒྱལ་དུ་གཏང་བའི་ལེའུ་སྟེ་བདུན་པའོ།། དེ་ནས་དུག་གིས་གསད་པ་ནི།། དྲག་པོའི་སྣོད་དུ་སྣ་ཚོགས་དུག། མངལ་ཁྲག་སྨྲེ་ཁྲག་རྣམ་པ་སྩལ།། སྣ་ཚོགས་དར་གྱིས་གྲིལ་བར་བྱ།། སྔོ་དམར་དཀར་ནག་སྐུད་པ་བཏགས།། ཉིད་ཀྱི་སྐུ་གཟུགས་ཕུར་པ་ལ།། སྲོག་གི་སྙིང་པོ་གདགས་པར་བྱ།། གཡས་སུ་མཐུན་པའི་རྫས་རྣམས་བསོག། གཡོན་དུ་དྲག་པོའི་དུག་གཏོར་གཞག། བསྒྲུབ་དང་དབང་བསྐུར་འདི་ཡིས་བྱ།། དྲག་ཏུ་ཀུར་ར་ལན་སེར་ཏྲུག་ཏུག་ཏྲག་བེ་ཤ་ཁ་ཐུན་བྷྱོ།། ཞེས་བསྒྲུབ་དང་དབང་བསྐུར་བར་བྱའོ། ། ཏྲག་རག་ཤ་སྙིང་ཁ་རག་མུགས་བཾ་ནི་ཏི་སྟ་ཛྭ་ལ་ཁཱ་ཧི།། ཏྲག་མོ་རུ་རུ་ཙ་པ་ལ་ཨ་ཤུག་མེ་བྷྱོ།། མེ་ད་ར་ལི་བ་སྙིང་ཁ་རག་ར་སྐྲོ་བཛྲ་དུན་བྷྱོ།། ཨེ་ཀ་ཛ་ཊི་དགྲ་བོའི་ཤ་ལ་ཕཊ།། ཏྲག་ཤ་རག་ཤ་ཤ་ཁ་ལ་མི་ཏི་སྙིང་དུ་རག་མོ་བྷྱོ། ། དུ་ནི་དུན་ཏིང་དུ་རུ་ཧ་ན་རྦད་དུ་བྷྱོ།། རྦད་དུ་ཚལ་པ་བཾ་རིལ་ཏྲག་རག་ཤ་རྦད།། སྙིང་ག་ཀྴ་རྦད།། ཁ་ཐུམ་རྦད།། ཙིཏྟ་ཨ་ལོ་རྦད།། ཡག་མོ་ཧེ་ཀེཾ་ཛ་ཛ་རྦད།། སྙིང་ཁ་རག་ཤ་ཐུན་བྷྱོ།། ས་མ་ཡ་དཾ་ཛ་ཛ་ཐུན་བྷྱོ། ། དུག་ཐུན་ནག་པོ་འདི་ནི་ལས་དྲག་པོ་ཐམས་ཅད་གདགས་སོ།། དུག་ཐུན་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།།།། རྣལ་འབྱོར་ཆེན་པོ་གང་ཞིག་གིས།། ཨེ་ཀ་ཛ་ཊི་ས་ནག་བསྒྲུབ་འདོད་ན། ། བྱ་བ་ཐམས་ཅད་སྔགས་པ་ཡི།། དགོན་པ་དུར་ཁྲོད་དབེན་པ་འམ།། ཡང་ན་བྲག་དམར་ནགས་ཚལ་ལམ།། གསང་སྔགས་པ་ཡི་ཐིག་པ་ཡི།། རྩ་བ་ཡན་ལག་དམ་ཚིག་བཅའ།། མིག་གི་འབྲས་བུ་བཞིན་དུ་བསྲུངས། ། རྟཽག་པའི་མཚོན་ཆས་སྤང་པ་དང།། བདག་ཀྱང་བདུད་ཀྱི་བུ་མོ་བས།། འཇིག་རྟེན་མི་གཙང་རྟོགས་པ་ཡིན།། དམ་ཚིག་ཐུབ་པར་བསྲུངས་པ་ཡི།། གསད་དང་གསོ་བ་བདག་གིས་འགྲུབ། ། གསང་བའི་དཀྱིལ་འཁོར་དབང་ཐོབ་པའི།། བླ་མའི་མན་ངག་དེ་སྙེད་པའི།། ཕྱག་རྒྱ་རྣམ་གཉིས་ངེས་པ་ཡིས།། ཏིང་ངེ་འཛིན་རྩེ་གཅིག་བསྒོམ་པ་དང།། རྩ་བ་དང་ནི་ཡན་ལག་གི།། དམ་ཚིག་ཐུབ་པར་བསྲུངས་པ་ནི། ། ཨེ་ཀ་ཛ་ཊི་བསྒྲུབ་པའི་མཆོག། ཐེག་མཆོག་སྨོད་ཅིང་སྐུར་ལ་སོགས།། དཀོན་མཆོག་སྤྱི་དག་ལ་མི་རྩོད།། ཐེག་ཆེན་མཆོག་ལ་མི་གནོད་པའི།། བདག་ཉིད་དགྲ་ལ་རྩོད་པ་དང།། མ་ཉེས་པ་ལ་རྩོད་པ་དང། ། ཉེས་ཀྱི་རྣལ་འབྱོར་མཆེད་ལ་རྩོད།། རྣལ་འབྱོར་ཉམས་ལ་མི་རྩོད་དང། དུར་ཁྲོད་དབེན་པར་མི་འདུག་དང། རྣལ་འབྱོར་བསྲུངས་མ་ཡིན་པའི་ཕྱིར།། དམ་ཚིག་དབང་དང་ལས་ཀྱི་འབྲེལ།། རྩོད་ཅིང་ཞེ་ལ་འཛིན་པ་དང། ། འཁོན་གྱི་བར་དུ་འཇུག་པ་དང།། འཇིག་རྟེན་པ་ཡི་མི་གཙང་བ་དང།། དེ་ལྟ་བ་ཡི་ལས་བྱས་ན།། ཚེ་ཡི་བར་ཆད་འབྱུང་བའོ།། གཞན་ཡང་ས་ནག་བསྒྲུབ་པ་ལ།། ཤིན་ཏུ་གསང་ནས་མི་བརྟེན་ན། ། ཏིང་འཛིན་ཤུགས་དང་མི་ལྡན་པའི།། རྣལ་འབྱོར་པ་ཡི་རྩོད་བྱས་ན།། རྩད་ཀྱང་འགྲུབ་པར་མི་འགྱུར་རོ།། དེ་བས་འདི་ནི་འདའ་བར་དཀའ།། དམ་ཚིག་འདི་ལས་མ་འདས་ན།། ཨེ་ཀ་ཛ་ཊི་མ་བས་བྱམས། ། པ་ཏི་པོ་གྲོག་པས་བྱམས།། མ་མོ་ནག་མོ་འབུམ་རྣམས་ཀྱང།། མཁའ་ལ་སྦྲིན་འདུས་བཞིན་དུ་འདུ།། དམ་ཅན་རྣལ་འབྱོར་གང་ཞིག་གིས།། ལྟབས་ཐག་གཅད་སྤྱོད་པས་ལ་བོར་ནས།། མི་ཆོས་གཡེངས་པའི་ལས་ལ་ཆགས་མི་བྱ། ། གྲོང་ཡུལ་འདུ་འཛིའི་ཟས་ལ་ཆགས་མི་བྱ།། རྨི་ལམ་རིན་ཆེན་བསྟན་པར་བྱ་བ་ལ།། མ་དང་སྒྱུག་མོར་མཐོང་ན་དངོས་གྲུབ་རབ།། མཛའ་མོ་གྲོག་མོར་མཐོང་ན་དངོས་གྲུབ་འབྲིང། ། ཆུང་མ་བུད་མེད་གཞན་དུ་མཐོང་ན་ཐ་མ་ཡིན།། དེ་གསུམ་བྱུང་ན་འགྲུབ་པར་གསུངས་པ་ཡིན།། ནམ་མཁའ་ཁ་དོག་ལས་ཀྱི་དུས་སུ་ནི།། དམར་ནག་སྔོ་ནག་སེར་ནག་སྦྲིན་བྱུང་བ།། ས་ནག་གྲུབ་པ་ཡིན་པར་གསང་བདག་གསུང། ། ས་ཏི་ནག་པོའི་རྒྱུད་ལས་དམ་ཚིག་ལྟ་སྤྱོད་རྨི་ལམ་གྱི་ལེའུ་སྟེ་དགུ་པའོ།།།། ས་ནག་ཐུགས་ཀྱི་རྒྱུད་ཤིན་ཏུ་གསང་བ།། རྣིར་ཤ་ཀུ་རུ་རྣིར་ཤ་ཀུ་རུ།། ཁ་སོ་པ་ཧྲི་ཡམ།། སེན་མེན་ཡཾ། ། རུ་ཡཾ།། ཙིཏྟ་ཀུ་ལུ་ནན།། ཚ་རམ་ཁད་ཚ་ཁ་ར་མ།། ལྕེ་རམ་སོ་ཏི་ཁ་ར་མ་སུ་རྣེར་ཏི་རྣེར་ཏི་ཛ།། ཙན་དྷ་ཧ་དྷྲི་ཏྲི་ར་ཁ་ལ་ཤ་རག་ཏྲ་དུ་སི་དུ་སི་ཏྲག་ཏ་རཾ་རཾ།། རྫོགས་སོ།།།། རྒྱ་གར་སྐད་དུ།། ཨེ་ཀ་ཛ་ཊི་གུ་ཧྱ་མ་མ་རག་ཤ་ནཱ་མ་ཏན་ཏྲ།། བོད་སྐད་དུ།། ཨེ་ཀ་ཛ་ཊི་སྒྲོལ་བྱེད་ནག་མོ་སྤུ་གྲིའི་རྒྱུད་ཅེས་བྱ་བ།། དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ། དཔལ་ཡ་མན་ཏ་ཀ་རང་བཞིན་གྱི་དཀྱིལ་འཁོར་དང་འདུས་ཏེ་སྟབས་ཅིག་གོ། དེ་ནས་འཁོར་གྱི་ནང་ནས་རྡོ་རྗེབདེ་རྩོན་བྱེད་མས་གསོལ་པ།། ཀེ་ཨེ་ཀ་ཛ་ཊི་སྤུ་གྲིའི་དྲག་སྔགས་བཤད་དུ་གསོལ་ཞེས་གསོལ་ཏེ། ། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་དཔལ་གྱིས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་བདེ་བྱེད་མ།། སྔགས་བསྲུངས་ཨེ་ཀ་ཛ་ཊི་སྤུ་གྲིའི་རྒྱུད་འདི་བཤད་ཀྱིས་གུས་པར་ཉིན་ཅིག། ཤིན་ཏུ་ཟབ་པའི་ངན་སྔགས་དེ།། དང་པོ་དབེན་པའི་གནས་དུག་ལ།། རྡུལ་ཚོན་བྲི་བར་འདིར་མ་གསུངས།། སྲོག་གི་ཡང་སྙིང་ཟློས་པ་ཡིན།། གསང་བ་མི་མཐུན་སྡེབས་བྱ་བ་ཡིས།། རྣེལ་གྲི་མོ་ཡི་ཐོད་པ་རུས། ། འཕྲིན་ལས་རྣམ་བཞིར་དང་ལ་བྲི།། པདྨའི་རག་ཏས་བྲི་བར་བྱ།། དེ་ནང་རྣེལ་མོ་ཙིཏྟ་ནི།། དར་གྱིས་བརྒྱན་ལ་གཞག་པར་བྱ།། སྨན་དང་རག་ཏ་གཏོར་མ་བཤམ།། མདུན་དུ་འབྲུབ་ཁུང་ནང་དུ་ནི།། ལིང་ག་བཅུག་ལ་ཐུན་ཡང་བྲབ། ། སྐྱེ་ནས་སེང་ལྡེང་ཕུར་པས་བསྟོད།། བདག་ཉིད་ཡ་མན་ཏ་ཀར་བསྐྱེད།། མདུན་དུ་མ་མོ་བསྐྱེད་པར་བྱ།། རང་བཞིན་སྤྱན་དྲངས་འདི་ལྟར་བྱ།། མ་མ་ཨེ་ཀ་ཛ་ཊི་ཏྲག་རག་ཤ་ཨེ་ཨ་ར་ལི་ཧྲིང་ཛ། ། མཧཱ་བ་ལྀང་ཨ་མྲྀ་ཏ་རག་ཏ་པཱུ་ཙ་ཁཱ་ཧེ།། ཞེས་མཆོད་པ་དབུལ་བར་བྱའོ།། ཞེས་འཕྲིན་ལས་རིམས་པའི་སྐབས་ཏེ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཏྲག་རག་ཤ་མ་ཨེ་ཀ་ཛ་ཊི་ས་མ་ཡ། ། སྙིང་ཁ་རག་མ་ཛཱ་ཛཱ་ཞེས་བོད་པའོ།། མ་མ་རུ་པ་ལུ་བཾ་མི་ཙ་ར་རོ་ལ་ཁམ་ཐུན་བྷྱོ་བྷྱོ།། རྦད་པའོ།། དེ་ནས་ལིང་ག་ལ་ཐུན་བརྡེག་པ་ནི།། ཏྲག་རག་ཤ་ཨེ་ཀ་ཛ་ཊི་ཁ་ལ་ཁུ་ནེ་བཾ་ལཾ་རག་མོ་མཱ་ར་ཡ་རྦད།། རྨར་མ་ཤག་ཏི་ཙིཊ་གུ་ལུ་རྦད་ནན། ། ཙིཏྟ་ཙ་ལ་ཁུག་སྲོག་བཾ་ལི་བཛྲ་མ་ཧཱ་ཙ་ཏ། ཐུམ་མྱགས། རྩ་ལ་ཐུན་རྦད། ཙི་ཏྟ་མཱ་ར་ན་སོད། མ་ར་ཡ་རྦད།། ཅེས་གསད་པའོ།། ལས་འོག་ན་བཟླས་པ་ནི།། མ་མ་ཙི་ཏ་དགྲ་ལ་བྷྱོ། རག་ཤ་ཤ་ན་པ་ཁུཾ་ནི། བཾ་ལཾ་མྱུར་དུ་སོད་ཅེས།། རང་ལ་ཁུ་ལྡོག་མེད་པའི་སྙིང་པོ་ནི།། ཨེ་ཀ་ཛ་ཊི་གཀྴ་ཡཱ་ཏྲག་ཤ་བཛྲ་རུ་ནི་བྷྱོ། ཞེས་སོ།། སྦྱིན་སྲེག་གི་དུས་སུ། ཧ་དང་ཧ་པ་ཙ་ལ་ཙརྨ། མ་རུ་རྦད་ཅེས་སོ།། མནན་པ་ཡི་དུས་སུ། སུཾ་ལ་མ་ཏྲག་བཾ་ཀཾ་ས་ཅེས་སོ།། འཁང་བ་ཟེར་གྱིས་དུས་སུ།། བཾ་རུ་ལུ་རུ་ལུ་བྷྱོ་བྷྱོ།། གསང་བའི་ངན་སྔགས་ཀྱི་སྐབས་ཏེ་གསུམ་པའོ།། དེ་ནས་བསྐུལ་བ་ནི།། བྷྱོ།། གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས། ། གསང་སྔགས་ཀྱི་བསྲུངས་མ་མཐུ་མོ་ཆེ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང།། རལ་པ་ནག་པོ་ཤར་ར།། བསེ་ཡི་སེན་མོ་ཟངས་སེ་ཟང།། དར་ནག་བེར་ཆེན་ལྷབས་སེ་ལྷུབ།། སྐུ་ལ་ཞིང་གི་གཡང་གཞི་གསོལ། ། ཕྱག་གཡས་ཞེ་སྡང་ཙིཏྟ་བསྣམས།། གཡོན་ན་གཡུ་ཡི་སྦྱར་མོ་བསྣམས།། ཐུགས་ལས་གཡུ་ཡི་སྤྱང་མོ་འཕྲོ།། མ་མོ་ནག་མོ་འབུམ་དང་བཅས།། སྒྲོལ་གྱི་ཤན་པ་ཕོ་ཉར་འགྱེད། ། དགྲ་བོ་སྒྲོལ་པའི་སྤུ་གྲི་མོ།། ཁྱོད་ཀྱི་ཐུགས་དམ་དུས་ལབབ།། དགྲ་བོ་ལས་ངན་སྡིག་ཅན་འདི།། མགོ་ལུས་འབྲལ་བའི་དུས་ལ་བབ།། ནང་གྲོལ་སྤྱོད་པའི་དུས་ལ་བབ།། ཙིཏྟ་དབྱུང་བའི་དུས་ལ་བབ། ཤན་པ་ནག་མོ་དགྲ་ལ་བྷྱོ། ཞེས་སོ།། བསྐུལ་བའི་སྐབས་ཏེ་བཞི་པའོ།། དེ་ནས་མང་དག་བཤད་བྱ་བ།། མ་མོ་རྒྱུ་བའི་དུསཉིད་དུ།། དཔྱིད་ཟླ་ར་བ་བཅུ་བཞིའི་ཉི་མ་ཕྱེད་ལ་མ་མོ་རྒྱུ། དབྱར་ཟླ་ར་བའི་བཅཝོ་ལྔ་ལ་མ་མོ་རྒྱུ། ། སྟོན་ཟླ་ར་བའི་བཅུ་དྲུག་གི་ནམ་གུང་ལ་མ་མོ་རྒྱུ།། དགུན་ཟླ་ར་བའི་བཅོ་བརྒྱད་ཉེན་དུས་སུ་རྒྱུ།། ཉི་ཤུ་གསུམ་ལ་རྟག་པར་རྒྱུ།། དེ་དུས་གཏོར་མ་གཏང་ཞིང་ལས་གཉེར་བསྒོ་བར་བྱ།། ཞེས་རྒྱུ་བའི་དུས་ཀྱི་སྐབས་ཏེ་ལྔ་པའོ། །།། དེ་ནས་ཡང་བཀའ་སྩལ་པ།། བསྙེན་པ་བོད་པའི་སྙིང་པོ་ནི།། བདུན་འབུམ་ཉི་ཁྲི་བཟླས་པར་བྱ།། དེ་ནས་རྦད་པ་འབུམ་ཕྲག་གདགས།། དེ་དུས་བུད་མེད་མོན་མོར་འོང།། བཀའ་ཉན་ཟཻར་ན་དམ་ཚིག་སྡེ། ། དེ་ནས་གསད་པའི་རིམ་པ་ནི།། འབྲུབ་ཁུང་ནང་དུ་ལིང་ག་ལ།། ཡུངས་ཀར་ཁྲག་དང་དུག་སྣ་ལ།། ལྕགས་ཕྱེ་ཟེངས་ཕྱེ་རྡོ་ཕྱེ་དང།། ཟླ་བ་གཅིག་ཏུ་ཐུན་བྲབ་དེ་ཡིས་གྲོལ་བར་འགྱུར།། དེ་ལས་འགོར་ན་གནད་སྔགས་གདགས། ། དེ་ཡི་མྱུར་དུ་གྲོལ་བར་འགྱུར།། ཐ་མ་སྤྱིན་སྲེག་མནན་པ་དང།། ཟོར་ཀྱང་འཕང་བར་བྱ་བ་ཡིན།། རང་ལ་རྩེ་སྒོ་བྱུང་སྲིད་ན།། འཁུར་ལྡོག་མེད་པའི་སྙིང་པོ་བཟླས།། ཅེས་མན་ངག་རིམ་པའི་སྐབས་ཏེ་དྲུག་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ལ་ལྷ་མོས་བསྟོད་པ།། བཅོམ་ལྡན་འདས་དཔལ་ལྡན་འཇམ་པའི་དབྱངས།། སྐུ་གསུང་ཐུགས་ཀྱི་གདུག་པ་འདུལ།། སྲིད་པའི་མ་མོ་དབྱིབས་ནས་འཁོར། ། ཡེ་ཤེས་ཁྲོ་བོའི་སྐུ་ལ་དད་པས་བསྟོད།། ཅེས་བསྟོད་དོ།། བདུན་པའོ།། དེ་ནས་འཇམ་དཔལ་གྱིས་བཀའ་སྩལ་པ།། རྒྱུད་འདི་ནི་ཨེ་ཀ་ཛ་ཊི་གསང་བ་སྤུ་གྲིའི་རྒྱུད་ཅེས་བྱ་བ།། འདི་གང་ན་གནས་པ་ན་སྔགས་བསྲུངས་ཨེ་ཀ་ཛ་ཊི་ཡང་གནས་པའི་བསྟན་པ་བསྲུང་པའི་ཕྱི་བཅང་བར་བྱའོ། ། གཟུར་བར་བྱའོ།། ཞེས་རྒྱུད་གཟུང་བའི་སྐབས་ཏེ་བརྒྱད་པའོ།།།། ཨེ་ཀ་ཛ་ཊི་གསང་སྤུ་གྲིའི་རྒྱུད་རྫོགས་སོ། །།། རྒྱ་རྒྱ་རྒྱ།། ཨི་ཏི།། རིམ་བུ་གྷུ་ཡི་ཉིད་ལ་ཞུས།། ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ།། ཨེ་ཀ་ཛ་ཊིའི་གསང་བ་སྒྲོལ་བྱེད་སྤུ་གྲིའི་རྒྱུད་ཀྱི་མན་ངག་བསྟན་པ་ནི།། དང་པོ་དུར་ཁྲོད་དམ་དབེན་པའི་གནས་སུ་རྫས་རྒྱུད་ལྟར་དུ་བཤམ་པ་ལ། ། ཐོད་པར་དཀྱིལ་འཁོར་བྲིས་ལ་ལིང་ག་བཅའ།། བདག་ཡན་ཏ་ཀར་གསལ་བའི་མདུན་དུ།། ཏྲག་ལས་ཨེ་ཀ་ཛ་ཏི་སྐུ་མདོག་མཐིང་ནག།། རལ་པས་ས་གཞི་ཁེངས་པར་ཐུགས་ཀ་དང་པར་རལ་པའི་ལི་གསེབ་ནས་སྤྱང་མོ་འཕྲོ་བ། ། ཕྱག་གཡས་ཙིཏྟ་གཡོན་ན་སྤྱང་མོ་བསྣམས་པ།། འཁོར་བུད་མེད་མང་པོ་དང་བཅས་པ་བསྐྱེད་ལ།། སྤྱན་དྲངས་པ་ལ་སོགས་པ་རྒྱུད་ལྟར་སྔགས་ཀྱིས་བྱ། ། མཆོད་པ་རྣམ་པ་རྒྱུད་ལྟར་དབུལ།། དེ་ནས་བསྙེན་པ་བདུན་འབུམ་ཉི་ཁྲི་བསྐྱལ།། དེ་ནས་རྟགས་འོང་སྟེ།། བུད་མེད་ནག་མོ་དང་མོན་མོར་འོང།། དེ་ནས་རྦད་སྔགས་འབུམ་བོད་པ་དང་སྦྲེལ་ལ་བཟླས།། དེ་དུས་སུ་རྟགས་བསྟན་པར་འོང། ། དེ་ནས་གསང་སྔགས་བོད་རྦད་ལ་བཏགས་ལ།། ཟླ་བ་གཅིག་ཏུ་ཐུན་བྱའོ།། དེ་ནས་ཀྱང་རྟགས་འགྱངས་ལ་དགྲ་དེ་བསོད་ནམས་དང་ལྡན་ན།། གནད་ཀྱི་སྙིང་པོ་བཏགས་ལ་ཞག་བདུན་བྱའོ། ། དེས་ནི་ཇི་ལྟར་འགོར་ཀྱང་སྒྲོལ་ལོ།། གལ་ཏེ་དེས་ཀྱང་མ་སྒྲོལ་ན།། དུག་ཤིང་ལ་མེ་གཏང་ལ།། མེ་མ་མོར་བསྐྱེད་ལ་སྔགས་གོང་མ་ཚོ་ལ་བསྲེག་སྔགས་བཏགས་ལ་ལན་བརྒྱ་རྩ་བརྒྱད་བྱའོ།། དེ་ནས་ཐལ་བ་དུར་ཁྲོད་དུ་མནན་སྔགས་བཟླས་ཤིང་མནན་ནོ། ། མ་མོ་རྒྱུད་དུས་སུ་གཏང་ངོ།། ཟོར་མ་ར་ངོ་ལ་སྔགས་དྲིལ་ལ་ཐོད་ནང་དུ་ཁྲག་ལ་བསྔགས་ཏེ་འཕང་ངོ།། འཁུ་ལྡོག་བྱེད་ན་འཁུ་ལྡོག་མེད་པ་ནི།། སྙིང་པོ་ཤས་ཙམ་དྲངས་ངོ། ། བསྐུལ་ནམ་གུང་ལ་རྒྱུད་ལྟར་བྱའོ།། གསང་བ་སྒྲོལ་བྱེད་ནག་མོ་སྤུ་གྲིའི་རྒྱུད་རྫོགས་སོ།།།། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས།། འདི་ཡི་སྣོད་ལྡན་མེད་དེ་གཏེར་དུ་སྤས།། ལས་འཕྲོ་ཅན་དང་ཕྲད་པར་ཤོག། རྒྱ་རྒྱ་རྒྱ།།།། འཇམ་དཔལ་ཉིད་ལ་ཕྱག་འཚལ་ལོ།། སྔགས་ཀྱི་ཐེམས་ཡིག་བྲི་བར་བྱ།། སྦྱན་དྲངས་པ་ལ་ཡིག་འབྲུ་བཅཱ་ལྔ།། མཆོད་པ་དབུལ་བ་ལ་བཅུ་གཉིས།། དེ་གོང་ལ་གདགས་སོ།། བོད་པ་ལ་བཅུ་བདུན་པའོ། ། རྦད་པ་ལ་བཅུ་བཞི་པའོ།། གསད་པ་དྲུག་ཅུ་རྩ་གཅིག་གོ།། འཁུ་ལྡོག་མེད་པ་ལ་བཅུ་གསུམ་མོ།། སྦྱིན་སྲེག་ལ་བཅུ་གསུམ་མོ།། གནན་སྔགས་ལ་འབྲུ་བདུན་པའོ།། འཕང་བ་ལ་ཡང་བདུན་པའོ། ། གསང་སྔགས་ཀྱི་ཚི་ཐིམས་ཡིག་འདི།། མཐའི་ཁ་བཞི་རབ་རྒྱུད་ནས།། གཏན་ལ་ཕབ་ནས་ཡི་གེར་བྲིས།། ལས་འཕྲོ་ཅན་དང་ཕྲད་པར་ཤོག། སམཐཐཐ།། མན་ངག་འདི་ཡི་གདམས་པ་བསྟན་པ།། རྒྱུད་དང་ལག་ལེན་ཐེམ་ཡིག་དང། ། དཔེ་ཆུང་དང་ནི་བཅས་པའོ།། ལས་འཕྲོ་ཅན་དང་ཕད་པར་ཤོག། ཨཱི་ཐཱི། ས་མ་ཐ། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས།། འགལ་བྱེད་ཆོས་ལ་ཕབ་སྟེ་གཏེར་དུ་སྦས།། ལས་འགྲོ་ཅན་གྱི་བསྟན་བསྲུངས་མཛོད། ། རྟག་ཁྱུང་མ་ངག་སྙིང་དང་འདྲ། རྒྱ་རྒྱ།། བདག་གནུབས་ཀིར་རྟི་པྲ་དྷ་ཡང།། འབྲལ་བ་མེད་པར་འདིར་སྤྱོད་ཤོག། ཇི་སྲིད་སྙིང་པོ་མ་ཐོབ་པར།། བསྟན་བསྲུངས་ལག་ཆར་མི་འབྲལ་ཤོག། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དཔལ་ལྡན་ལྷ་མོ་ནག་མོ་དེ།། དང་པོ་འདོད་ཁམས་ལྷ་ཡུལ་དུ།། ལྷ་དང་ལྷ་མིན་རྩོད་པ་ཆེ།། ལྷ་ཆེན་མདངས་ལས་སྤྲུལ་པ་ཡིས།། ལེགས་ལྡན་དཀའ་ཐུབ་བཟློག་པ་ཡིས། ། ལྷ་མོར་སྐྱོས་ཏེ་མདངས་མས་བྱས།། དེ་ནས་བདེ་སོགས་བར་གྱུར་རོ།། འདོད་ལྷ་ཀུན་གྱི་འདོད་ཚིམ་བྱེད།། དེ་འོག་ལྷ་མོ་མ་རུ་རྩེ།། མེ་ཏོག་ཚོགས་ལ་རོལ་པ་སྟེ།། ལག་ན་མེ་ཏོག་མདའ་འཕེན་མ། ། དེ་ནས་དུར་ཁྲོད་ལྷ་མོ་ནི།། འོད་ཟེར་ཅན་ཏེ་རི་ཁྲོད་ཀྱི།། ལོ་མ་སྔོན་པོ་གོས་སུ་གྱོན།། ལག་ན་ཤིང་ཐོག་པི་ཛ་པུ་ར་བསྣམས།། དེ་འོག་ལྷ་མོ་ཙུན་དྷ་སྟེ།། དར་དཀར་གོས་སུ་རྒྱན་མཛེས་ཤིང། ། བདུད་རྩི་བུམ་པའི་ནད་རྣམས་གསོ།། དེ་འོག་ལྷ་མོ་སྟག་གདོང་མ།། བསེ་གོས་གྱོན་ཞིང་རྔ་དཀར་ཐོགས།། མུ་སྟེགས་ལྟ་བ་ཞེ་སྡང་ཆེ།། དེ་ནས་ལྷ་མོ་མེ་ལོང་གདོང།། མེ་ལོང་རྒྱ་གྲམ་སྙིང་ཁར་འཛིན། ། ཏ་ལའི་ལོ་མས་བརྒྱན་པ་ནི།། སྲོག་སྐལ་ཆུ་ལ་ཞེ་སྡང་རན།། དེ་ནས་ལྷ་མོ་དོན་གྲུབ་དེ།། འོད་ཅན་མདངས་ལྡན་དུར་ཁྲོད་གནས།། ལྷ་བྲན་མང་པོ་ཆགས་པའི་ཡུལ།། དེ་ནས་དམུ་ཡི་བུ་མོ་དེ།། མ་ཟན་དན་ཏིང་ཤགས་སུ་སྐྱེས། ། རླུང་ནག་ཚུབས་མའི་ནང་ན་གནས།། དེ་འོག་མ་མོ་ཀུན་སྒྲོལ་གྱིས།། ཆགས་པའི་མདངས་ལ་ལས་སྐྱེས་པ།། ཀུན་གྲགས་ཞེས་བྱ་ནག་ལ་འཚིག། དན་ཏིང་ཤགས་ཞེས་ཀྱང་ནི་བྱ།། མིང་པོ་མཛོད་དང་མཛོད་བསྲུངས་ཡིན། ། འདོད་པ་བྱེད་ནས་རིག་ངན་ནི། ཏ་ལི་ཏ་ཡིས་ཆུང་མར་ཕྱིན།། ཆེན་མོ་ཡ་ཏ་ཡས་ནིས་བསྐྲད། ལུང་བོང་ཞོན་ཏེ་འཁྱམས་པ་ལས།། གདོལ་པ་ཕག་རྫི་དུ་མ་བུ་དང། སྲིན་རྡོའི་བར་དུ་འཚོས་པའི་བུ། ། ཟླ་བ་ཚང་ནས་ངོ་ཚ་སྟེ།། ཤ་ཟོས་ལྤགས་པ་རྐེད་ལ་བཅིངས།། ཏྲ་ལི་ཏྲ་ཡི་རལ་གྲི་ཡང་བརྐུས་ཏེ།། མཚལ་ཐིག་ཅན་གྱི་ཚེམ་ཚེམ་ཡང།། རྙེན་ནས་བོང་བུའི་འཕོངས་ལ་བཀལ།། རྨ་བྱའི་སྒྲོ་རྙེད་མགོ་ལ་བཙུགས། ། རྒྱ་མཚོ་འགྲམ་གྱི་ཤི་པྲིག་ཤའི།། ལོ་མ་རླུང་གིས་བཙུབ་པ་ཡང།། བར་སྣང་ལ་ནི་གནས་པ་དེ།། རལ་གྲི་གུང་འཐེབ་ཀྱི་བླངས་ཏེ།། མཚལ་ཏིག་རྡོ་གསོལ་སྦྱར་བ་ཡིས།། ཤི་བ་ཏྲ་ལི་ཏྲ་ཡི་གཟུགས། ། བྲིས་ན་སླར་ཡང་སེམས་བཀུག་སྟེ།། ཆགས་པ་སྤྱད་ནས་དབང་དུ་བྱས།། སྐྲ་བཤིག་ཕྱིན་ཕྱོགས་བལྟས་ནས་སུ།། རལ་གྲིས་བོང་བུ་བསྡིགས་འགྲོ་ལས།། རྒྱ་མཚོའི་གཏིང་དུ་འཚུབ་མས་སྐྱུར།། དེར་ནི་རལ་གཅིག་གྲུབ་པས་ནི། ། མཐུ་རྩལ་ཀུན་གྱི་བདག་མོར་གྲགས།། དེ་ནས་གཤིན་རྗེའི་ཆུང་མ་སྟེ།། བྲག་དམར་ཆོལ་ཟངས་འདྲ་ལ་གནས།། གསོད་གཅོད་ལས་ལ་དབང་ཐོབ་སྟེ།། ཏྲ་ལི་ཏྲ་ཡི་ཡུལ་དུ་ཕྱིན།། ཁྱོ་དང་ཆུང་མ་གཉིས་ཀ་གསད། ། འགྲོ་བའི་ཚེ་སྲོག་ཀུན་དབང་བྱེད།། དྲི་དང་བླངས་ཀྱིས་སེམས་ཉམས་བྱེད།། ནམ་གུང་ཉུལ་ལེན་ཕྱིན་པའི་ཚེ།། སྟོན་པ་དཔལ་ཆེན་སྐུར་བསྟན་ནས།། མ་རུ་རྩེ་ཡི་སྒོར་གནན་ཏེ།། དྲག་པོ་བསྒྲུབ་པར་གཟས་པ་ལས། ། དམ་ཚིག་བླངས་ཏེ་ངོ་སྦྱར་ནས།། དབང་དྲག་འབར་བའི་དཀྱིལ་འཁོར་དུ།། དམ་ཚིག་བྱིན་ནས་གསང་མིང་བཏགས།། སྲོག་ཟའི་ཕྱིར་ན་ཟ་བྱེད་མ།། སྦྱོར་བ་ཡིས་ན་དཔལ་ཆེན་མ། ། ཕྱི་དུས་དམ་བཅའ་དུང་སྐྱོང་མ།། ཕོ་ཉ་འབར་མ་གློག་འགྱུར་མ།། གུང་རྒྱུག་ནག་མོ་རེ་མ་ཏི།། ཛ་ཊི་གྲུབ་པས་རལ་གཅིག་མ།། དེ་ལ་སོགས་ཏེ་མཁན་སྟོང་བཏགས།། བྱུང་ཁུངས་ཀྱི་ལེའུ་སྟེ་དང་པོའོ། །།། དེ་ནས་དེ་ཉིད་བསྒྲུབ་པ་ནི།། རི་བྲག་གཉན་ཞིང་དགོན་པ་ལ།། རྒྱ་སྐྱེགས་མདོག་འདྲ་ཆོལ་ཟངས་དབྱིབས།། རི་སྣ་ཆུ་ལ་ཟུག་པ་དང། ཡང་ན་དུར་ཁྲོད་དབེན་པ་དང།། ཆུའི་གླིང་ངམ་ཡང་ཤིས་པར་བཤད། ། སྔགས་པ་བྱང་ཆུབ་སེམས་ལྡན་ཞིང།། གདེང་ལྡན་ལྟ་སྤྱོད་ཀུན་ལ་མཁས།། ལྷ་མོའི་དབང་རྣམས་རིམ་པར་ཐོབ།། དམ་ཚིག་བརྟུལ་ཞུགས་དང་ལྡན་ཞིང།། བསྒོམ་དང་བསྒྲུབ་ལ་རྟག་ཏུ་དགའ།། གཙུ་གཟུགས་མང་ན་བཉྩའོ། ། རྟའི་ལོ་ལ་བསྒྲུབ་ནས་བསྐྱུར།། ཟླ་བ་མར་གྱི་དུས་མཚམས་ལ།། བྱ་བའི་དུས་ནི་ནམ་གུང་ལའོ།། ཕྱི་ནང་འཚོ་བའི་ཡོ་བྱད་ལ།། མཆོད་པ་རྫས་དང་ལག་ཆ་སོགས།། ཁྱད་པར་དུ་ཡང་དགོད་པ་ནི། ། མཚོན་གྱིས་དུས་བྱས་སྙིང་ཁྲག་དང།། མི་དབང་སྨིན་པའི་འབྲས་བུ་དང།། ཚུབ་མའི་ལོ་མ་རྡོ་སོལ་དང།། གང་ལ་བྱ་བ་དེ་དང་ནི།། མཁའ་ལྡིང་ཤེལ་སྒོང་ལྷིང་ནག་དང།། སེམས་ཀྱི་རྩ་ལག་མ་ཉམས་རྣམས། ། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། གྲུ་གསུམ་ཟླ་གམ་གྲུ་གསུམ་བཞི།། སྒོ་བཞི་སྒོ་ཁྱུད་ལྡན་པར་བྱ།། ཟུར་གསུམ་ཐོད་པ་ཞལ་གསུམ་བྲི།། གཞུ་བདུན་དགྲ་སྟ་བརྒྱད་ཀྱང་དགོད།། ནང་དུ་རྡོ་སོལ་གྱིས་ནི་གང། ། ཟླ་གམ་ཁྲག་སྣ་གསུམ་གྱིས་བྱུག། རྡོ་རྗེ་ར་བས་བསྐོར་བར་བྱ།། དབུས་སུ་རལ་པ་གཅིག་མ་ལ།། ཟླ་གམ་གསུམ་ལ་དཔོན་གཡོག་གསུམ།། གྲུ་ཆད་དག་གམ་དཔོན་མཆེད་བཞི་གཞག། སྒོར་ནི་མ་བདུན་སྲིང་བཞི་བྲི། ། སྤྱི་བླུགས་ཞོ་དང་ཤུན་ཆེས་བླག། འཕྲེང་ཆེན་བགྲག་ཞིང་བསྒོམ་པ་ནི།། ཏིང་འཛིན་རྣམ་གསུམ་གསལ་བ་ལས།། དཔལ་ཆེན་འཁོར་བཅས་གསལ་བར་བྱ།། བདག་ཉིད་ཡབ་ཡུམ་ཐུགས་ཀ་ནས། ། དམར་སྨུག་མ་གཉིས་འཕྲོས་འདུས་ལས།། གཅིག་ལས་རལ་པ་གཅིག་མ་སྟེ།། ཞལ་གཅིག་ཕྱག་གཉིས་ཐོར་ཚུགས་ཅན།། སྔོ་བས་གཡས་ནས་ཁ་ཊྭཱཾ་ཁ།། གཡོན་ནས་ལྕང་ལོ་སྣོད་བཅུད་བཅས།། གཡང་གཞི་རཀ་ཏའི་ཐིག་ལེས་མཚན། ། གཟུགས་དང་གཉིས་སུ་མེད་པར་བྱ།། མ་གཅིག་བྱང་ཤར་མཚམས་སུ་ཡང།། རླུང་ནག་འཚུབ་མའི་ནང་དུ་ཡང།། ལྷ་མོ་བཅུ་བདུན་དབུར་ལྡན་པ།། ཕྱག་གཡས་རླུང་གི་རལ་གྲི་བསྣམས། ། གཡོན་ན་ནད་ཀྱི་རྐྱལ་པ་ཅན།། རལ་པ་ཅན་ལ་རྨ་བྱས་བརྒྱན།། ནག་མོ་འཁོར་འབུམ་རླུང་དང་བཅས།། བཀའ་ནོད་མདུན་ན་གནས་པར་བསྐྱེད།། དྲེ་སྣ་ཁྲག་སྨན་དམག་དཔོན་སོགས།། བྷྱོའི་ཡི་གེ་ལས་བསྐྱེད་པར་བྱ། ། དཀྱིལ་འཁོར་ནུབ་ཀྱི་ཕྱོགས་སུ་ཡང།། ཚེ་ཡང་རྫས་རྣམས་བཤམས་ནས་སུ།། ཚེ་གཟུངས་ཆོ་ག་བྱ་བར་ཤིས།། རྫས་དང་ཐུན་རྫས་ཚང་བ་དང།། སྤྱན་དྲངས་མཆོད་པ་རྫོགས་པ་དང། ། དབང་དུ་བསྡུ་ཞིང་དམ་བསྲེས་ལ།། རྣམ་གསུམ་ཚུལ་དུ་བསྟེན་པར་བྱ།། རྒྱུན་གྱི་བསྙེན་པས་འཕྲོ་འདུ་ནི།། བྱེ་བ་ཡན་ཆད་ཚང་བ་དང།། རྟགས་ནི་རླུང་དང་འབྲུག་དང་ཆར།། འཇའ་ཚོན་མིག་ལྟས་པྲ་ཡང་སྟོན། ། ཆུ་འགྲམ་གཉིས་ཀྱི་ས་བླངས་ཏེ།། སྨོས་པའི་རྒྱུ་ཡི་བྱེ་བྲག་ལས།། མཚན་དང་མིང་ང་རུས་ལོར་ལྡན་པ།། བྱང་ཤར་མཚམས་སུ་འབྲས་ཁུང་དུའོ།། བདག་གིས་མ་ཉེས་དཔང་བཙུགས་ཏེ།། རྣམ་ཤེས་རླུང་དང་འདྲ་བ་ལ། ། བཅུ་དྲུག་དབུ་ཡི་ཕོ་ཉ་དང།། ལྷ་མོ་འཁོར་བཅས་སྔགས་ནས་སུ།། གཟུགས་ལ་ཕབ་སྟེ་བཅིངས་ནས་ནི།། རྡོ་རྗེ་མཚོན་ཆས་གུ་གུལ་བདུག། དྲག་པོའི་ཕུར་པས་གདབ་པར་བྱ།། གདུང་བའི་དབྱངས་དང་ངག་གིས་བསྙེན། ། སྐབས་སུ་ཐུགས་དམ་དྲག་ཏུ་བསྐང།། བཤགས་ཤིང་དངོས་གྲུབ་གསོལ་བ་གདབ།། ལིང་ག་དམ་རྫས་དང་བཅས་པ།། ལྷ་མོ་འཁོར་བཅས་ཞལ་དུ་བསྟབ།། དྲག་ཏུ་བསྐུལ་ཞིང་འཕྲིན་ལས་བཅོལ། །། རལ་གྲིས་ལིང་ག་གཏུབས་ནས་ནི།། ལྷ་ཚོགས་ཀུན་ལ་ཐིམ་པར་དབུལ།། ཤི་ས་བསྟན་ཞིང་དམ་ཚིག་བདར།། རྨད་བྱུང་གཏོར་མས་འཁོར་བཅས་བསྐང།། གདུག་དང་གཏོར་མའི་མཚོན་ཆའི་གཏོར་མ་ཡིས། ། ཐུན་དུ་དབབ་ཅིང་ཆར་དུ་དབབ།། ཧོཾ་དང་མནན་པའི་ལས་ཆེན་དང།། འཇུག་ཏུ་བཀྲ་ཤིས་སྨོན་ལམ་གདབ།། སྒྲུབ་ཐབས་ཀྱི་ལེའུ་སྟེ་གཉིས་པའོ།། ཨོཾ་ཤྲི་ཧེ་རུ་ཀ་ས་མ་ཡ་མུ་ཏྲ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ། བདག་ཉིད་བསྐྱེད་པའོ།། ཨོཾ་ཀྲོ་དྷི་ཤཱ་རི་མཾ་མཾ་མཾ།། ཡུམ་བསྐྱེད་པའོ།། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།། གནས་ཀྱི་ལྷ་མོའི།། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ།། ཡུལ་གྱི་ལྷ་མོའོ།། ཕཊ་ཕཊ་ཕཊ་ཕཊ།། བྷྱོ་ཉི་ཤུ་རྩ་བརྒྱད་ཀྱིས་དབང་ཕྱུག་མ་བསྐུལ་པའོ། ། ཛཿཧཱུ~ཾ་བཾ་ཧོ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥཊ་ན།། ས་མ་ཡ་མུ་ཏྲ་པྲ་བན་ཙཀྲ་ཧཱུ~ཾ་ཕཊ།། སྤྱན་དྲངས་ཏེ་བསྟིན་པའོ།། ཨེ་ཀ་ཛ་ཊི་གུ་ཡ་ཏི་ཏི་ས་མ་ཡ་ཧཱུ~ཾ།། རུ་ལུ་རུ་ལུ་ཧཱུ~ཾ་ཕཊ།། ཙ་པ་ལ་ཨ་ཤུག་མེ་ཧཱུ~ཾ། ། རལ་པ་གཅིག་མ་བསྐྱེད་པའོ།། ཨེ་ཀ་ཛ་ཊི་གུ་ཡ་སིདྡྷི་ཏི་སྟ་རུ་ལུ་རུ་ལུ།། ཨ་ཨ་ཨ།། བདག་གིས་ཡུམ་དང་གཉིས་སུ་མེད་པར་བྱའོ།། རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུ~ཾ་བྷྱོ་ཛ་ཛ།། དཔལ་ལྷ་མོའི་སྐུ་བསྐྱེད་པའོ། ། ཨོཾ་ཏད་ཡ་ཐཱ།། རུ་རུ་རོ་རུ་པ་ཏི་ཤི་སྟ་བ་དོ་སི་རྩ་ཧ།། ཡ་བ་ཨོཾ་པ་ཙ་ལ་ཨ་ཤུག་མེ་ཧཱུ~ཾ་བྷྱོ་ཛ་ཛ།། ཧཱུ~ཾ་ཧཱུ~ཾ་ཀ་ཛ་ཧྲིང་ཧྲིང་མཾ་མཾ།། ཤིན་ཏུ་རྔམ་པར་བྱོན་ཏེ་སྤྱན་དྲངས་པའོ།། རུ་རུ་རོ་རུ་ཙ་པ་ལ་ཨུ་ཤུག་མེ་མ་ཧཱུ~ཾ་བྷྱོ་ཛ། ། རྒྱུན་གྱི་འཛབ་བོ།། ཨོཾ་ཙ་པ་ཨ་ཤུག་མེ་རྩ་ཧ།། འདི་ཡང་རྟག་ཏུ་བཟླས་པའོ།། བླ་ཤ་མ་ཏི་ར་ཏི་འདྲིམ་འགྲིམ།། ར་མ་ཏི་ཐུལ་ཐུལ།། མྱོག་མྱོག་ཡེད་ཡེད།། ཤ་ར་ཏི་གུག་ལིང།། མྱོས་ལིང།། ཤ་ལིང་ལིང་ཐུན། ། ཙ་མུན་དུ་བྷྱོ།། མྱོག་མྱོག་ཤིག་ཤིག། ཙིཏྟ་བཾ་ཤིག། ཙིཏྟ་བཾ་ཤིག། ཙིཏྟ་བཾ་མྱོག། མུག་ཏི་རི་ཛ།། ཙིཏྟ་བཾ་ཕྱུང།། ཆོད་ཅིག་ཐུམ་ཁུག་ལི་ལྀ་ཐུམ་ལིང་ཡེར་ཡེར།། ཙ་པ་ལ་ཨ་རྒཾ་པྲ་ཏི་ཏྲག་ཏྲག་ཤ་ཁ་མུ་ཏྲ་བྷྱོ། ། རུ་ལུ་རུ་ལུ་ཏྲག་རག་ཤ་སྙིང་ཁ་རག་སྙིང་བྷྱོ་སྤུ་ཏ་སྤུ་ཏ་བྷྱོ།། ཤ་ཤ་ཁྲག་ཤ་ཏྲག་མོ་ཏྲ་བ་སྙིང་ཏྲག་སྙིང་ཏྲག། ཏྲག་མུ་ཏྲ་ཏྲག་མ།། དམ་ཚིག་གི་སྙིང་པོ་སྟེ་དབང་དུ་བྱ་ཞིང་བསྐུལ་ལོ།། རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ། ། རུ་རུ་རོ་རུ་སྟི་སྟ།། སྟ་ཤ་བོ་ཏི་སི་རྩ་ཧ།། ཙ་པ་ལ་ཨ་ཁ་རཾ་ཁཱ་ཧི་ས་མ་ཡ་ཁཱའི།། དམ་རྫས་ཀྱི་མཆོད་པ་བྱའོ།། མ་བདུན་བྷྱོ་མ་བདུན་ཧ་ལ་ཧ་ལ་བདུན་ཏྲི་ཤུལ་བདུན་ས་མ་ཡ།། བདུན་བཟླས་པ་ནི་གནད་ལ་བོར་པའོ། ། སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། རུ་རུ་ཤི་སི་ཏྲི་མ་དུ་སོད།། སྲོག་ཐུམ་ཆུག་སྲོད།། མ་རག་ཏུ་རྦད།། དེ་ནས་པྲ་དབབ་པར་འདོད་ན།། བུ་མོ་ལོ་བཅུ་གཉིས་ལོན་པ་གཅིག་ཁྲུས་ལེགས་པར་བྱས་ཏེ། ། བདུད་རྩི་ལྔས་བྱུགས་ལ།། དར་སྣ་ཆས་སྣའི་གོས་དང་ལྡན་པར་བྱས་ལ།། དཀྱིལ་འཁོར་པདྨ་འདབ་མ་བརྒྱད་པའི་སྟེང་དུ།། དྲེའུ་ཡི་གཟུགས་བྲིས་ཏེ།། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར།། དེ་ཡི་སྟེང་དུ་ཡ་བདུད་ཁ་གཅིག་བྲིས་ལ། ། དེ་ཡི་སྟེང་དུ་བུ་མོ་གཞག། མགོ་ལ་རྨ་བྱའི་མདོངས་གཅིག་བཙུགས་ལ།། ལག་ཏུ་རལ་གྲི།། ཟེར་མོའི་རྐྱང་པ་གཅིག་བསྐུར་ལ།། སྙིང་ཁར་མེ་ལོང་བཏགས་ལ།། མཚམས་དྲག་ཏུ་གཅད་དེ། ། བླ་མ་གཅིག་གི་བུ་མོ་ཚེ་གཟུང།། བསྒྲུབ་པའི་གཞུང་གོང་མ་ལྟར་བསྟང་སྟེ།། གནས་ལྔར་རིགས་ཀྱི་ཡུམ་ལྔར་བྱིན་གྱིས་བརླབས་ཏེ།། སྲིན་ལག་གཡོན་པ་ལ་གཟུངས་ཐག་སྣ་ལ་བཏགས་ལ།། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་པྲ་པེ་ཤ་ཛེའུ་ཨ་ཨ་ཨ། ། ཞེས་འཛབ་མང་དུ་བྱས་ན།། ཕེབས་པར་འགྱུར་ཏེ།། བྲིས་ནི་སྲིད་པ་གསུམ་གྱི་གཏམ་སྨྲ་སྟེ།། ཇི་ཙམ་ན་ཚེ་བརྗེ་བ་ཡང་སྟོན།། གཏེར་དང་སྨན་ས་ཕྱོགས་གང་ན་ཡོད་པ་ཡང་སྟོན་ཏོ། ། དེ་ནས་སླར་གཏང་བར་འདོད་ན།། མཛུབ་མོ་གཉིས་ནམ་མཁའ་ལ་བཏེག་སྟེ།། གཟུངས་ཐག་བཀྲོལ་ལ།། མུ་པེ་བ་ཨ་ཀྲ་མ།། ཞེས་བརྗོད་པས་འགྱུར་རོ།། དེ་ནས་བུ་མོ་བསྲུངས་ཏེ་གཏང་ངོ།། པྲ་དབབ་པའི་ལེའུ་སྟེ་བཞི་པའོ། །།། ཧོཾ་བྱ་བར་འདོད་ན།། ཧོཾ་ཁུང་གྲུ་བཞི་ལ་སྒོ་བཞི་དང་ལྡན་པར་བྱས་ཏེ།། ནང་ཐལ་ཆེན་ནམ་རྒྱ་སྲོལ་གྱིས་བཀའ་སྟེ།། མཐིལ་དུ་རྡོ་རྗེ་རྒྱ་གྲམ་གཞག། ཁ་ཁྱེར་ལ་ཐོད་འཕྲེང་རྡོ་རྗེ་ར་བས་བསྐོར་ཏེ། ། ཟུར་གསུམ་དུ་ཕཊ་གསུམ་བྲི།། སྲེག་ཤིང་ཚེར་མ་ཅན་བདུག་ཤིང་མེ་སྤར་ཏེ།། ལྷ་མོའི་རྫས་སྨོས་པ་རྣམས་དང།། དུག་སྣ་ཚོགས་དང།། ཚ་བའི་མར་དང།། འབྲུ་ནག་པོའི་ཆན་དང།། ཤ་དང། ། རུས་པ་དང།། ཁྲག་མང་པོ་རྣམས་དང།། གང་ལ་བྱ་བའི་གཟུགས་ཕོ་ཡིན་ན་རྐང་པ་གཡས་པ།། མོ་ཞིག་ཡིན་ན་རྐང་པ་གཡོན་པ་ནས་རལ་གྲིལ་དུམ་བུར་གཏུབ་ཅིང།། ཧོམ་གཟར་ནལ་ཕྲུག་གི་མགོའི་དུམ་བུ་ལ་བྱས་ཏེ། ། སྤྱིན་སྲེག་བྱ།། བྱིན་ཟ་མདོག་ནག་པོ་རིད་པ།། ར་སྐྱེས་ཁམ་ནག་ལ་ཆིབས་པ།། དབྱིག་པ་དང་མེ་ཐབ་ཐོགས་པ་རཾ་ལས་བསྐྱེད།། ཡེ་ཤེས་ཀྱི་མེ་ལྷ་ཡང་སྤྱན་དྲངས་ཏེ།། དེ་གཉིས་སུ་མེད་པར་བྱ་བའི་སྙིང་ཁར། ། གཟུགས་བརྙན་གྱི་དཀྱིལ་འཁོར་ཅི་འདྲ་བ་ཅིག་བསྐྱེད་ལ།། རྗེས་ལ་རལ་གཅིག་མའི་སྔགས་དང།། ཆེ་གེ་མོ་མཾ་ས་ཁཱ་ཧི།། ཀེང་ནི་རི་ཁཱ་ཧི།། རག་ཏ་ཁཱ་ཧི་ཏི།། ཨག་ན་ཡེ་ཧཱུ~ཾ་ཕཊ། ། ཅེས་པ་དང་སྤེལ་ཏེ་བརྒྱ་རྩ་བརྒྱད་དབུལ།། དེ་ནས།། ཨོཾ་ཨག་ནེ་ཡེ།། རུ་རུ་རོ་རུ་པ་ཙ་པ་ལ་ཨ་ཤུག་མེ་ཧཱུ~ཾ་བྷྱོ།། ཆེ་གེ་མོ་མ་ཧཱ་མཾ་ས་ཁཱ་ཧི།། ཀེང་ནི་རི་ཁཱ་ཧི།། རག་ཏ་ཁཱ་ཧི།། ཨག་ན་ཡེ་ཧཱུ~ཾ་ཕཊ།། ཞེས་བརྒྱ་རྩ་བརྒྱད་ཚང་བར་དབུལ། ། དེ་ནས་གཡོག་མོ་རྣམས་ཀྱི་སྔགས་དང་སྤེལ་ཏེ་བརྒྱ་རྩ་བརྒྱད་དུ་བསྲེག་གོ། བདག་ཉིད་ཧེ་རུ་ཀའི་བསམ་གཏན་བྱས་ཏེ།། གང་ལ་བྱ་བའི་དངོས་པོ་བསྲེགས་ཏེ་ཐིམ་པར་བསམ་མོ།། དེ་ནས་བྱིན་ཟ་དང་ལྷ་མོ་འཁོར་བཅས་ཀྱི་བསྟོད་པ་དག་ཀྱང་ཅི་རིགས་སུ་བྱའོ། ། དེ་ནས་ཐབ་ཁུག་དུ་རྡོ་རྗེ་བརྗིད་གནོན་གྱི་བསམ་གཏན་བྱས་ཏེ།། དབང་གི་བྲོ་བརྡུང་པར་བྱའོ།། དེའི་དུས་སུ་ཆས་གོས་ནག་པོ་གོན་ལ། ། གཅེར་བུ་སྐྲ་བཤིག་པར་བྱ་སྟེ།། རུས་སྦལ་གྱི་སྟང་སྟབས་སུ་འདུག་གོ། མེ་ཡང་ཡུག་ས་མོའི་ཁྱིམ་ནས་བླང་ངོ།། ལས་ཟིན་པ་དང་གཤེགས་སུ་གསོལ།། སྦྱིན་སྲེག་གི་ལེའུ་སྟེ་ལྔ་པའོ།།།། མནན་པ་བྱ་བར་འདོད་ན། ། ལམ་གྱི་བཞི་མདོ་འམ།། གང་ལ་བྱ་བའི་ཁྱིམ་སྒོ་འམ།། དུར་ཁྲོད་དམ་ཀླུ་གནས་པའི་སར།། འབྲུབ་ཁུང་ཡུམ་གྱི་མཁའ་དབྱིབས་ཟུར་གསུམ་ལ་ཟླུམ་པོར་བྱས་ཏེ།། རབས་ཆད་པ་འམ།། གདོལ་བ་འམ། ། གྲིར་ཤི་བའི་ཐོད་པ་མ་ཉམས་པའི་ནང་དུ།། གང་ལ་བྱ་བའི་གཟུགས་བརྙན་མིང་དུ་བཅས་པ་དང།། ལྷ་མོ་དཔོན་གཡོག་གི་སྔགས་དང་སྤེལ་ཏེ། དུག་སྣ་ཚོགས་དང་བཅས་པ་བླུགས་ལ།། ཁ་བག་ཟན་གྱིས་གཅད། ། ཐོད་པའི་སྤྱི་བོར་རལ་པ་གཅིག་མའི་སྙིང་པོ།། ཨོཾ་ཤུ་ལ་ནི་ཧཱུ~ཾ་ཕཊ།། ཅེས་རྡོ་རྗེ་རྒྱ་གྲམ་གྱི་དབུས་ཟླ་བའི་དཀྱིལ་འཁོར་ལ་བྲི།། གྲཝ་མཚམས་རྣམས་སུ་ལྷ་མོ་ཡོན་གཡོག་གི་སྙིང་པོ་རྣམས་རག་ཏས་བྲིས། ། དེའི་སྟེང་དུ་སུཾ་ལས་རི་རབ་བསྐྱེད་དེ།། ཨོཾ་བཛྲ་སུ་མེ་ཧཱུ~ཾ།། ཞེས་ཉི་ཤུ་རྩ་གཅིག་བཟླས།། དེ་ནས་དོན་ཡོད་གྲུབ་པ་འཁོར་དང་བཅས་པས་མནན་པར་བསམ་མོ།། འདི་ལྟ་བུ་ལན་བདུན་སྤོགས་སོ།། གཅིག་ཏུ་མཆོད་རྟེན་ནག་པོའི་ནང་དུ་ཐོར་ཚུགས་གཅིག་མ་དང། ། ལྷ་མོའི་སྙིང་པོའི་འོག་ཏུ་བཅུག་ན་བཟང་རབ།། མནན་པའི་ལེའུ་སྟེ་དྲུག་པའོ།། ཐུན་དུ་དབབ་པར་འདོད་ན།། དྲི་བོ་རབས་ཆད་པའི་ཐོད་པ་དུམ་བུ་དྲུག་པ། ། མ་མོའི་ཐུན་རྫས་སྨོས་པ་རྣམས་དང།། རག་ཏ་སྣ་ཚོགས་དང།། དུག་སྣ་ཚོགས་དང།། སྐྱེས་པ་གྲིར་ཤི་བའི་ཙིཏྟ་ལ་སྤོགས་པ།། ཙིཏྟ་སྣ་དགུ་ཚང་བར་བསགས་ཏེ།། བསྒྲུབ་པ་གོང་ལྟར་གཞུང་བསྲང་སྟེ། ། ཡུངས་ཀར་རྒྱལ་པོ་ལ།། ལྷ་མོ་འཐུན་འཛབ་རེ་རེ་ལ་ཁྲི་ཁྲི་བཟླས་ཏེ།། འབུམ་ཚང་བ་དང།། རྟགས་བྱུང་བའི་ཚེ།། ཕུར་བུ་དར་པའི་ཟླ་བ་མང་ངོའི་དུས་ནམ་ཕྱེད་ན།། དབང་བཙུགས་ཏེ།། ལྷ་མོ་འཁོར་དང་བཅས་པའི་ཐུགས་དམ་དྲག་ཏུ་བསྐུལ་ལོ། ། ཐག་ཉེ་ན་ཡུལ་མཁར་ལ་བརྡེག། རིང་ན་ཡུལ་ཕྱོགས་འཕང་ངོ།། བདག་ཉིད་དཔལ་གྱི་ཏིང་ངེ་འཛིན་གསལ་བར་བྱས་ཏེ།། ཡུངས་ཀར་རྣམས་ལྷ་མོའི་སྐུ་གྲངས་མེད་པར་གྱུར་ཏེ། ། རྫས་གཏོར་མའི་ཕྱོགས་སུ་ལྷ་མོ་མང་པོ་གང་ལ་བྱ་བ་དེ་ད་འཁོར་ཡུལ་དང་བཅས་པ།། ལྷ་མོ་འཁོར་དང་བཅས་པའི་དབང་དུ་བྱས་ཏེ།། མ་མོ་ཡིས་ཟས་དང།། ནོར་དང།། སྲོག་གཅོད་པ་དང། ། ནད་གཏོང་བ་དང།། མཛེ་དང།། རིམས་དང།། འཁྲུག་པ་དང།། མཚོན་ཆ་ལ་སོགས་པ་གཏོང་བར་བསྒོམ་ཞིང།། ལས་ཀྱང་དེ་བཞིན་དུ་བཅོལ་ལོ།། ཐུན་དབབ་པའི་ལེའུ་སྟེ་བདུན་པའོ།།།། དུར་ཁྲོད་ལྷ་མོའི་རྒྱུད་རྫོགས་སོ། །།། མན་ངག་ཉིང་ཁུ་འདི་དག་སྤེལ་བྱེད་པ།། རྡོ་རྗེ་ཐེག་ཚོགས་དྲག་པོའི་སྙིང་ལ་འབར།། ལུས་སྲོག་ཐལ་བ་བཞིན་དུ་རླག་ནས་ཀྱང།། དམྱལ་པའི་སྤྱོད་པ་ཤུན་ཏུ་ཡ་རེ་ཆ། ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ཕུང་བྱེད་ཆེན་མོ་བཞིའི་རྒྱུད་འདི།། མ་མོ་ནག་མོའི་སྦས་ཐིག་གོ། དང་པོ་གཞུང་དང་ལྡན་པའི་གནས་ཆེན་དུ།། དཀྱིལ་འཁོར་དམར་ནག་གྲུ་གསུམ་ལ།། རེའུ་ཏྲི་མཆེད་བཞིའི་སྙིང་པོ་བྲི། ། འཁོར་ནག་མོ་འབུམ་དང་བཅས་པར་བྲི།། དེ་ལ་ཕུར་པ་ནག་པོ་གསུམ་དར་ནག་པོའི་ཅོད་པན་ཅན་བྱ་ནག་མོ་གསུམ་ལ་དར་ནག་མོས་བརྒྱན།། དེའི་འགྲམ་དུ་དིར་པ་གསུམ་ཁྲག་གིས་བཀང་ལ་གཞག། ལྕགས་ཕུར་གསུམ་ཡང་དགོད།། གཏོར་མ་གསུམ་མོ།། ལེའུ་དང་པོའོ།།།། དེ་ལ་སྔགས་པ་དབང་ལྡན་གྱིས།། ཡ་མན་ཏ་ཀ་གསལ་བསྒོམས་ལ།། སོ་སོའི་སྙིང་པོ་ཐིམ་པར་བཟླས།། དེ་ནས་དགྲ་བོ་དགུག་པའི་དུས་སུ་ཕུར་ནག་པོ་ཤིང་ལ་བྱས་ལ། ། རེ་མ་ཏི།། རེ་མ་ཏི།། རེ་མ་ཛ།། རེ་མ་ཛུ།། བཞི་རུ་དབང་བསྐྲུར་ཏེ།། དར་ནག་པོས་བརྒྱན་ལ།། དེའི་དུས་སུ་བཏུང་མའི་ང་རོ་ཕུལ་ལ།། ཕུར་པ་དྲིལ་ལ་འགུག་པ་ནི། ། ཛ་ཛ་རེ་མ་ཏི་པ་ཤ་ཙ་པ་ལ་ཛ་ཛ་ནག་མོ་དགྲ་བོའི་སྲོག་ལ་ཐུམ་རིལ་རྦད།། ནག་མོ་དགྲ་བོའི་སྙིང་ལ་ཐུམ་རིལ་རྦད།། ནག་མོ་དགྲ་བོའི་རྩ་ལ་བམ་རིལ་རྦད།། ནག་མོ་དགྲ་བོའི་ཁྲག་ལ་བམ་རིལ་རྦད།། པ་ཙ་པ་ཙ་མཱ་ར་ཡ་ཐུམ་རིལ་རྦད། ། ཅེས་བཟླས་ཤིང་དར་ནག་པོས་དགྲ་བོ་དེ་བོད་དེ།། མ་མོ་ཡང་དྲག་ཏུ་བསྐུལ་ལོ།། ལེའུ་གཉིས་པའོ།།།། ཞག་གསུམ་པའི་ནུབ་མོ་ལ།། བྱ་མོ་རྒན་མོའི་ཤ་ཁྲག་ལ་གཏོར་མ་བྱས་ལ། ། མ་མོ་ལ་མཆོད་དོ།། བྱ་ནག་མོ་ལག་ཏུ་ཐོགས་ལ་མ་མོའི་ཐུགས་དམ་ཟབ་ཏུ་བསྐུལ་ལོ།། དེ་ནས་དར་ནས་བཅུ་གསུམ་གྱི་ལིང་གཡོག་ཅིང།། རེ་མ་ཏིའི་ཐུགས་དམ་བསྐུལ།། མ་མ་མ་པདྨ་ར་ཏི་རུ་ཏི་རེ་མ་ཏི། ། ཨེ་བེ་ཤ་ཨ།། ས་མ་ཡ་ཐིབས་ཐིབས།། ཞེས་བརྗོད་དོ།། ནུབ་མོ་བཞིན་ཐུགས་དན་བསྐང་ཞིང་དགྲ་བོ་དེ་བོད་དོ།། གཞུག་ཏུ་དགྲ་གང་ན་ཡོད་པའི་ཕྱོགས་སུ་སོང་ལ་བ་གཏོར་མ་བཏང་ཞིང་བྱ་ཕང་བའི་ནང་སྔགས་ལ། ། མ་མ་དུན་དུན།། རེ་མ་ཏི་ཤད་ཤད།། ས་མ་ཡ་བཟླས་ལ་འཕང་ངོ།། ལེའུ་གསུམ་པའོ།། དེའི་སྟེང་དིར་བུ་ཟེར་ཡང།། དངོས་མི་མགོ་ལྟག་རྩེ་མ་བྲལ་བ་ལ་བྱ་སྟེ།། དེ་ཁྲག་སྣ་ཚོགས་པས་བཀང་ལ། ། བདག་ཉིད་རེ་མ་ཏིའི་ཆས་སུ་ཞུགས་ལ།། སྙིང་པོ་ནི།། ཨོཾ་ཏད་ཡ་ཐཱ།། ཏྲག་རག་ཤ་རུ་པི་རུ་པོ།། ནན་མུག་ཏི་བཾ་བཾ་རུ་རུ་ཛྲ་ཛྲ།། རུ་ལུ་རུ་ལུ་དགྲ་བོའི་སྙིང་ལ་ཤོག། རྟའི་སྙིང་ལ་བཟླས་སོ།། རུ་ལུ་ཀོ་རུ་མེ་སེན། ། མེ་ནན་ཛ་ཛ་ཛཱ་སྙིང་ལ་ཐུམས།། ཁྱིའི་སྙིང་ལ་བཟླས་སོ།། ཨོཾ་ཨུ་ཏི་དུ་རུ་དུ་ཚལ་པ་མེ་ཛ་ཛ་སྙིང་ལ་ཐོབ།། རའི་སྙིང་ལ་བཟླས་སོ།། ཨོཾ་པདྨ་ར་ཏི་རུ་ཏི་རེ་མ་ཏི།། ཙིཏྟ་ཙིཏྟ་དགྲ་བོའི་སྙིང་བྷྱོ།། ཕག་པའི་སྙིང་ལ་བཟླས་སོ། ། ནག་མོ་བྷྱོ།། རག་མོ་བྷྱོ།། ཡག་མོ་བྷྱོ།། ཏྲག་མོ་བྷྱོ།། ཐོད་པའི་ཁྲག་ལ་བཟླས་སོ།། སྐབས་འདིར་དྲེའུ་མགོ་མའི་བཟླས་སོ།། བཞུག་ཏུ་རྒུན་ཡིན་ན་རླུང་རྫི་ལོག་པ་ལ་དུར་ཁྲོད་དུ་སོང་ལ་འཕང་ངོ། ། དབྱར་བྱེད་ན་མའི་ཐོད་པ་ཁ་ཡེལ་དུ་བླུགཏཏ་ལ་མེ་བཏང་ནས་བསྐོལ་ཏེ་ཐབ་ཟེར་དུ་བྱས་ལ་འཕང་ངོ།། མའོ་མའོ། རག་མོ་ཏེ་ཐུམ་བྷྱོ། ཡབ་མོ་སོད་ཅིག་རྣིཛ་བྷྱོ།། མ་མ་རག་མོ་བྷྱོ། ནག་མོ་རོ་མ་ཏི་བྷྱོ། རོ་མ་ཏི་བྷྱོ། རེ་མ་ཛ་བྷྱོ། རེ་མ་ཛུ་བྷྱོ། དགྲ་བོའི་ཙ་ལ་བྷྱོ།། དགྲ་བོའི་སྙིང་ལ་བྷྱོ།། དགྲ་བོའི་ཤ་ལ་བྷྱོ།། དགྲ་བོའི་ཁྲག་ལ་བྷྱོ།། བྱས་ལ་འཕང་ངོ།། ལེའུ་བཞི་པའོ།།།། དེ་ནས་ལིང་ག་ནི་ཆ་གསུམ་ལ་གཅིག་མགུལ་ཁུང་དུ་བཅུག་ལ་བརྣག་པར་བྱའོ། ། གཅིག་ཧོཾ་ཁུང་དུ་བསྲེག་པར་བྱ་སྟེ།། འཕྲིན་ལས་རྣམ་པ་བཞི་དང་སྦྱར་ལ་སྔགས་ཀྱི་ལས་ཀྱི་སྦྱིན་སྲེག་བྱའོ།། རེ་མ་ཏི་དགྲ་བོའི་སྙིང་ཛཱ་ལ་རཾ།། རེ་མ་ཏི་དགྲ་བོའི་རྩ་ལ་ཛྭ་ལ་རཾ།། རེ་མ་ཏི་དགྲ་བོའི་ཤ་ལ་ཛྭ་ལ་རཾ། ། རེ་མ་ཛུ་དགྲ་བོའི་ཁྲག་ལ་ཛྭ་ལ་རཾ།། ས་མ་ཡ་བཟླས་སོ།། བསྲེག་པའི་དུས་སུ་བསྟོད་པ་དང་མཆོད་པ་བྱའོ།། དེ་ནས་ཕུར་པ་བཏབ་ལ་མནན་པ་བྱ་བ་ནི།། ཕ་མེས་ཀྱི་ཐོད་པར་བཅུག་ལ་ལམ་རྒྱ་གྲམ་དུ་མནན་པ་བྱའོ། ། ཡང་གླང་གི་རྭར་བཅུག་ལ་བཏང།། བན་དྷེ་ནང་འགྲས་ན་ཉམས་པའི་ཐོད་པར་བཅུག་ལ་ཁོ་རང་གི་དཀྱིལ་འཁོར་གྱི་དབུས་སུ་སྦའོ། ལེའུ་ལྔ་པའོ།།།། མ་མོའི་གཏོར་མ་ནི།། ཤ་སྣ་ཚོགས་དང། ། ཁྲག་སྣ་ཚོགས་དང།། ཁྲག་གཙང་མ་ལ་བྱའོ།། དུས་ནི་སྟོང་དང།། བརྒྱད་དང།། ཉ་ལ་བཟུང།། གཏང་ཡང་དུས་དེར་གཏང།། རྒྱུན་གྱུ་བསྣག་པ་ནི་ཤ་ཕྱེ་སྙིང་ཕྱེ་མང་པོས་སྣོད་བཀང་ལ།། རང་ཅི་ཟ་བའི་ཕུད་དང་བསྲེས་ལ་མཆོད་པ་ནི། ། ཨོཾ་ཏད་ཡ་ཐ།། པདྨར་ཏི།། རུ་ལུ་ཀོའུ།། ཨོཾ་ཨུ་ཏི་ཕུ་རུ་ཙ་པ་ལ།། ཨ་ཤུག་མེ།། ཨི་དན་དྷཱུ་པ།། པུ་ཥྤ།། ཤྲཱི་བ་ན་ཁ་རཾ་ཁཱ་ཧི།། ཞེས་གཏོར་མ་གཏང་ངོ།། འཕྲིན་ལས་བཅོལ་ལོ། ། ལས་དྲག་པོའི་དུས་སུ་ཡང་གཏོར་མ་གཏང་ངོ།། མཆོད་ཅིང་བརྟེན་ལེགས་ན།། སྔགས་པ་ཡང་ཕྱུག་ཅིང་བཙན་པ་དང།། དུས་ཕྱི་མ་ལ་ཡང་མི་ནུབ་པའི་གྲགས་པ་དང་ལྡན་པར་འགྱུར་རོ།། རེ་མ་ཏི་མཆེད་བཞིའི་ལེའུ་སྟེ་དྲུག་པའོ། །།། རྫོགས་སོ།།།།

CLOSE WINDOW