Wylie |
ཙིར་མུ་ནི་ཤ་ཏན་ཏྲ་ནཱ་མ། བོད་སྐད་དུ། ཨེ་ཀ་ཙ་ཏིའི་སྔགས་རྒྱུད་ནག་མོ་ཞེས་བྱ་བ། ཀུན་བཟང་ལྷའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། ཀུན་བཟང་ལྷ་ཡི་རྒྱལ་པོ་ཡིས། ། ན་ལ་གདོང་ཆེན་རྩེ་མོ་རུ།། གཞན་ལྡོག་ནག་མོའི་སྲོག་རྒྱུད་དྲངས།། ཨེ་ཀ་ཙ་ཏིའི་དངོས་གྲུབ་ཐོབ།། བདེ་མཆོག་འཁོར་ལོ་རླུང་སྒྲར་བསྒྱུར།། དྲག་པོ་མེ་ཡིས་བསྟན་པ་དགྲ་ལྔ་བསྲེག། བཅུ་བདུན་ཡི་གེ་འཐོར་བྱས་རླུང་ལ་བསྐྱོན།། དྲག་པོའི་ལས་ཐུན་ཐམས་ཅད་འགྲུབ་པའི་རྒྱུ། གསོ་གསད་ལས་ཀྱི་བཀའ་ལོག་གནས་སུ་སྒྲོལ།། ཐམས་ཅད་གྲུབ་ཅིང་དྲག་པོའི་ལས་ཐུན་གཅེས།། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལྔ། ། ཐམས་ཅད་འགྲུབ་པ་སྐུ་ཡི་ཕྱག་རྒྱ་ཡིན།། དེ་བཞིན་ཉིད་ལས་ཆོ་འཕྲུལ་རྣམ་གསུམ་འབྱུང།། དེ་བཞིན་ངེས་པའི་རྟོགས་བྱའི་ཕྱིར།། ཕྱག་རྒྱ་ཆེན་པོའི་སྐུ་ཉིད་བསྒྲུབ། ། དེ་ཕྱིར་གནས་དང་ས་གཞི་བརྟག། དམར་པོ་རྒྱ་སྐྱེགས་ཁ་དོག་འདྲ།། སྲིན་མོའི་མདུན་སོ་བཞིན་དུ་ཟུག། དུར་ཁྲོད་གསར་སྙིང་ཡོད་པའི་གནས།། གཞན་ཡང་གནས་རྣམས་མཐུན་པར་བསྒྲུབ།། ནམ་མཁའ་གྲུ་གསུམ་ཟླ་ཁམ་འདྲ། ། ཡང་ན་ཉམས་དགའ་ཉིད་དུ་གཟུང།། དེ་དང་མཐུན་པའི་གནས་ཉིད་དུ།། བསྒྲུབ་པ་པོས་ནི་ནན་ཏན་བྱ།། ལྷ་དང་སྤྱོད་པའི་གནས་ལ་ནི།། བསྡུ་བྱེད་སྔགས་ཀྱི་རྒྱལ་པོ་དྲག། བཞིན་མདོག་ནག་མོ་རག་ཤ་ནི། ། མེ་ལྷ་རླུང་ཞོན་ཁ་མུན་ཏྲ། མ་ནི་མི་མངོན་དབྱིངས་མ་ཡིན།། རུ་ལུ་བཞི་ནི་གཉིས་མེད་དགྱེས་པའི་སྔགས།། སྡུད་བྱེད་ཧཱུཾ་གཉིས་བར་མ་བྷྱོ། རག་མོ་ཞེས་པ་མིང་གི་སྔགས། ། ཏ་ཀོ་ཞེས་པ་རྔ་ཡི་རྩ།། དེ་ནི་བསྟོད་པར་དགྱེས་པའི་སྔགས།། ཡིག་འབྲུ་བཅུ་བདུན་བོད་པའི་སྔགས།། བསྙེན་པ་བསྒྲུབ་པའི་རྒྱུ་ཡིན་ནོ།། སྨུག་མོའི་ཚུལ་དུ་བསྒྲུབ་པ་ཡིན།། ཕྱིར་ནི་རྣམ་གསུམ་ངེས་པ་མེད། ། ཉེ་རིང་སྤོང་བས་གསུམ་དུ་གྲགས།། བསམ་པའི་དབང་ཡང་སོ་སོར་སྣང།། གང་ཞིག་ལས་རྣམས་བསྒྲུབ་འདོད་ན།། གསུམ་གྱི་རང་བཞིན་བལ་མོ་བསྒྲུབ།། དེ་ཡི་རྫས་དང་མཐུན་པ་སོགས།། གཙོར་ནི་རྣེལ་གྲིའི་ཐོད་པར་བྱ། ། དྲག་པོ་སྔགས་ཀྱི་ཡང་དག་བསྒྲུབ།། བསྒྲུབ་པ་སོ་སོའི་དུས་ཡིན་ནོ།། བལ་མོ་ཞེས་བྱ་བ།། གསང་བ་ཕྱག་ན་རྡོ་རྗེའི་བསྟོད།། དེ་བཞིན་བསྒྲུབ་མཆོག་དེ་ཡིས་བསྟོད།། ཅེས་གསུངས་སོ།། སྔགས་རྒྱུད་ནག་མོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བལ་མོ་ཨེ་ཀ་ཙ་ཏིའི་སྐུ་མངོན་པར་འབྱུང་བ་འདི་གསུངས་སོ།། ལྟ་བ་ཟབ་མོ་བདག་ཉིད་སྐུ།། སྤྱོད་པ་ཟབ་མོ་ཡང་དག་གནས།། འཕྲིན་ལས་ཟབ་མོ་མངོན་དུ་འབྱུང། ། ཏྲག་ཅེས་བྱ་བ་ཡི་གེའི་མཆོག། རཀྴ་སྲོག་རྒྱུད་འདྲེན་པའི་སྔགས།། ཁ་མུན་ཏྲ་ནི་བོད་པའི་སྔགས།། རུ་ལུ་རུ་ལུ་ཡབ་ཡུམ་སྔགས།། ཏེ་ཀེཾ་ཡིག་འབྲུ་ཉི་ཤུའི་སྔགས།། དབང་དུ་སྡུད་པ་ཡིན་ཞེས་གྲགས། ། ཨོཾ་ཙ་རེད་ཡཾ་གྱི་སྔགས་གསུམ་མོ།། བསྒྲུབ་པ་པོས་ནི་ཉེ་བར་བསྙེན།། བཙན་མ་མ་ཏིས་དབང་བསྐུར་བྱ།། སྨིན་ཏྲ་རག་མོས་ལས་ལ་གཟུད།། བཅུ་བདུན་ཡི་གེས་གསད་པར་བྱ།། དཀའ་ཐུབ་བསྒྲུབ་པའི་གནད་ལ་དབབ། ། ཤི་ས་གསང་སྔགས་གཉིས་ཀྱིས་བསྟན།། ཅེས་གསུངས་སོ།། དེ་ནས་བལ་མོ་གསུང་གི་ཚུལ་དུ་བསྒྲུབ་པ་འདི་གསུངས་སོ།། གཞུང་དང་མཐུན་པའི་རྫས་ཉིད་དུ།། རྩེ་མོ་ལས་ཀྱི་དཀྱིལ་འཁོར་བྲི། ། གྲུ་གསུམ་སུམ་བརྩེགས་ཟླ་ཁམས་བསྐོར།། ཐལ་ཆེན་འཕྲེང་བ་དེ་བཞིན་བཏང།། སྒོ་སྣམ་སྒོ་ཁྱུད་ལྕགས་རི་མེད།། ཇི་ལྟར་མཛེས་པས་བྲི་བར་བྱ།། དུར་ཁྲོད་ཐོད་པ་དབུས་སུ་བཞག། མེ་བྱའི་མི་འབྲལ་མེ་ཡི་ཟིལ། ། སྦྲུལ་ལམ་ཕག་པའི་ཐོད་པ་རུ།། དུག་སྣ་ཚང་བར་བསོག་པར་བྱ།། གནམ་གྱི་ཡེ་ནར་མེའི་དམ་རྫས་སུ།། གླང་ནག་པོའི་སྙིང། སྐྱེས་པ་དར་མ་གྲི་ཁར་ཤི་བའི་བན་དྷའི་ནང་དུ། ཡུམ་མཚན་དང་ལྡན་པ་པདྨའི་རཀྟ་གཞག་གོ། བར་གྱི་གློག་མ་སྤྲིན་གྱི་དམ་རྫས་སུ།། སྦལ་པ་ནག་པོའི་སྙིང་དང། འུག་པའི་མིག་འབྲས་གཞག་གོ། སའི་ཕུང་བྱེད་མའི་དམ་རྫས་སུ། ཕག་རོག་པོའི་སྙིང་དང། བུད་མེད་ཀྱི་ཀླད་ཁྲག་གཞག་གོ། དུ་ནི་དུན་ཏིང་དུ་ལ་ཡ་ཛ། དུ་དུ་ཛ་ལ་ནི་ཧ་ན་ཛ། དུ་མ་ཧ་ར་ཏེ་ཙ་བྷྱོ། སྔོན་དུ་དམ་ཚིག་སྔགས་འདི་བསྒྲུབ།། དེ་ཡང་རྟགས་ནི་རྣམ་གསུམ་གདབ།། ཁྲག་དང་དུག་དང་ཐལ་ཆེན་པོ།། མཁུར་བ་གཡས་གཡོན་དང་དཔལ་འབར་གདབ། ། རྩེ་གཅིག་བར་གྱིས་བསྒྲུབ་པར་བྱ།། དབང་དུ་དྲག་པོའི་སྔགས་འདིའོ།། ཨེ་དར་ཙ་ས་མ་ཡ་ཛ་ཛ། ཨེ་ས་མ་ཡཱ་དུ་ལིང་ཛ་ཛ་ཛ། ར་ཡ་པུ་ཏི་དུ་ཆིངས་ས་མ་ཡ་ཛ་ཛ། དྲག་པོའི་སྔགས་འདིས་ལས་ལ་གཟུད། ཙ་ར་མ་ར་སྙིང་ཁ་རག་ཏི་བཛྲ་དུ་ན་བྷྱོ། ཐུམ་རིལ་ལི་ལི་རྦད། ཅེས་བཟླས་ལ་གཟུད་པར་བྱའོ།། ལྷ་སྔ་དྲག་པོའི་སྔགས་འདིས་དབྱེ་བར་བྱའོ།། ཏྲག་རག་ཤ་རག་མོ་ནི་ཤཾ་ཤཾ་ཡས་ལ་བྷྱོ། ཅོ་ག་ལ་ཁ་མུན་ཏྲག་མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བསྒྲུབས་ནས་ཇི་ལྟ་བ་བཞིན་དུ་འགྱུར་ཏེ། དེ་ཡང་འདིས་དམ་ལ་བཏགས་སོ།། ཏྲག་རག་ཤ་ཁ་མུནྟ། རག་མོ་ནི་རག་མོ་ནི་སྙིང་ལ་ཤད་ཤད་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་དམ་ལ་བཏགས་དེ་དབང་དུ་བསྡུའོ།། དེ་ཡང་དམ་ལ་གནས་པར་བྱ་བའི་ཕྱིར་བསྟོད་དོ།། ཨེ། གསུང་མཆོག་ཡེ་ཤེས་ཐུགས་ཀྱི་ཀློང་བརྟོལ་བས།། ཡག་ཤ་མེད་དབལ་ཡབ་ཡུམ་མཁའ་ལས་བསྐྱེད་པ་ཡི། ། གཅེར་བུ་བོང་བུ་ཞོན་པའི་རལ་གཅིག་མ།། གསུངས་གི་སྤྲུལ་པས་ཏྲག་བདུན་སྟོང་ཁམས་ཁེངས།། གཅེར་བུ་བོང་ཞོན་མ་ལ་ཕྱག་འཚལ་བསྟོད།། ཨེ། སྙིང་དགུ་ཡེ་ཤེས་དགུ་དང་རབ་ལྡན་མ།། རྡོ་རྗེ་འཆང་གི་བཀའ་ཉན་ཉུལ་ལེ་མ། ། ཨཾ། ཐུགས་ལས་གཡུ་ཡི་སྤྱང་མོ་བདུན་ནི་ཤར་ར་ར།། ལྟས་ངན་སྣ་ཚོགས་འབེབས་མཛད་མ་ལ་ཕྱག་འཚལ་བསྟོད།། ཨེ། རྣལ་འབྱོར་ཉིད་དབྱིངས་ཀློང་ནས་འཆར་མཛད་མ། ། སྣང་བའི་གསུང་མཆོག་རྟགས་ཀྱི་ཕྱག་བརྒྱད་བདུན།། ཞིང་ཆེན་ཙིཏྟ་བདུན་ནི་ཤར་ར་ར།། འཕྲིན་ལས་མྱུར་མཛད་མ་ལ་ཕྱག་འཚལ་བསྟོད།། ཅེས་བདག་ཉིད་མཆོད་པ་ཡང་དབུལ་བར་མཛད་དོ།། སྔགས་རྒྱུད་ནག་མོའི་གསུང་གི་བསྒྲུབ་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཐུགས་ཀྱི་བསྒྲུབ་པ་འདི་གསུངས་སོ།། ཏྲག་རཀྵ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ། རག་མོ་ཏེ་ཀེཾ་ཛ་ཛ་ཁ་ལ་མ་བྷྱོ། ཞེས་མ་མ་ཏྲག་རག་ཤཾ་ཁ་མུན་ཏྲ་སྲོག་ཙམ་རིལ། རག་མོ་སྙིང་ཤ་ཁ་ལ་རག་མོ་ནི་ཏྲག་དུན་བྷྱོ། རག་མོ་ནི་སྙིང་རྩ་ལོང་ཏྲག་མོ་ཤད་ཤད་སྲོག་རྩ་ལ་དུན་བྷྱོ། ཞེས་ཏྲག་བདུན་གཅོད་པའི་ཡེ་གེའི་སྔགས།། ཐུགས་ལས་རྒྱུད་པའི་ཏྲག་བདུན་པོ། ། ཡང་དག་གཏེར་ཆེན་དོན་རྣམས་སྨྲ་ཞིང་སྟོན།། དྲག་སྔགས་ཀུན་གྱིས་གཏན་ལ་འབེབས།། རྦད་ཅེས་བྱ་བ་ཐམས་ཅད་ལས་ཀྱི་སྔགས།། ཧཱུཾ་ནི་ཐམས་ཅད་སྡུད་པའོ།། བྷྱོ་ནི་གཉིས་ཀའི་ལས་ལ་འཛུག། ཅེས་སྔགས་ཐམས་ཅད་རྣམ་པར་དབྱེ་བའི་སྒྲ་རྒྱུན་དུ་གཅོད་པའོ།། སྔགས་རྒྱུད་ནག་མོ་ལས། ཐུགས་ཀྱི་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་བསྐང་བའི་དམ་ཚིག་གི་ལེའུ་འདི་གསུངས་སོ། ། བསྐང་བ་ཆེན་པོའི་དམ་ཚིག་ནི།། དངོས་གྲུབ་འདོད་པའི་རྣལ་འབྱོར་པས།། གཙོར་ནི་དམ་ཚིག་བསྲུང་བར་བྱ།། རྫས་ནི་མཚན་ལྡན་བམ་གྱིས་བསྐང།། རྨ་བྱའི་རྒྱལ་མཚན་རུ་དར་དང།། འབྲུ་ཡི་གཏོར་མས་བསྐང་བར་བྱ། ། བྱ་ནག་ལུག་ནག་རྟེན་དུ་བྱ།། ཁྱི་དང་བུད་མེད་སྤང་བར་བྱ།། འདོད་ཆགས་བྱ་ལ་རྫས་མི་བསྟན།། སྔགས་ལ་མིང་ཚིག་སེལ་མི་གཞུག། ཐུན་རྫས་མི་གཅད་བསོག་པར་བྱ།། བསྟོད་དེ་དེ་བཞིན་མཆོད་པར་བྱ། ། ཤ་ཆེན་གཏོར་མ་དེ་བཞིན་དབུལ།། དྲག་པོའི་སྔགས་འདི་དབུལ་བར་བྱ།། ཨོཾ་ཏྲག་རཀྴ་ས་མ་ཡ་དུན་བྷྱོ། སྙིང་སྙིང་ཁྲག་བྱ།། བྱ་ནག་ལུག་ནག་རྟེན་དུ་བྱ།། ཁྱི་དང་བུད་མེད་སྤང་བར་བྱ། ། འདོད་ཆགས་བྱ་ལ་རྫས་མི་བསྟན།། སྔགས་ལ་མིང་ཚིག་སེལ་མི་གཞུག། ཐུན་རྫས་མི་གཅད་བསོག་པར་བྱ།། བསྟོད་དེ་དེ་བཞིན་མཆོད་པར་བྱ།། ཤ་ཆེན་གཏོར་མ་དེ་བཞིན་དབུལ།། དྲག་པོའི་སྔགས་འདི་དབུལ་བར་བྱ། ། ཨོཾ་ཏྲག་རཀྴ་ས་མ་ཡ་དུན་བྷྱོ། སྙིང་སྙིང་ཁྲག་ཁྲག་ཤ་ལ་དུན་བྷྱོ། མ་ཏི་ཏིནྟྲ་ཛྭ་ལ་རཾ། འབྲས་བུ་སྣ་ཚོགས་གཏོར་མ་འདི།། ཨེ་ཀ་ཙ་ཏིའི་ཞལ་དུ་ཁ་རཾ་ཁཱ་ཧི། ཞེས་དེ་བཞིན་གཤེགས་པས་རྫས་རྣམས་དབུལ་བར་བྱ། ། ཞེས་གསུངས་སོ།། སྔགས་རྒྱུད་ནག་མོ་ལས། ཐུགས་དམ་བསྐང་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཨེ་ཀ་ཛ་ཏི་ནག་མོའི་ཚུལ་དུ་སྐུ་སྔོན་དུ་དབྱུང་བ་འདི་གསུངས་སོ།། དཀྱིལ་འཁོར་ཆ་སྙོམས་ཡིད་འོང་ལ། ། རྩ་བ་ལྔ་ཡི་ལྡེ་གུས་བྱུག། དབུ་ནག་དམར་པོ་སེར་པོ་བརྩིགས།། དམར་པོ་ཟླ་ཁམ་མུ་ཁྱུད་ཟླུམ།། ཐོད་པའི་ར་བས་བསྐོར་བ་ཡིན།། སྒོ་སྣམ་སྒོ་ཁྱུད་དེ་བཞིན་བྲི།། དབུས་སུ་ཀྴ་དང་ཏྲག་གཉིས་དགོད། ། གདུག་བྱེད་ལིང་ཀ་ཕུར་བུས་གཅལ།། ཡང་ན་སྐྱེར་བའི་ཤིང་དག་ལ།། རྩ་བ་ཟུར་གསུམ་ཆ་གང་ཞིག། ནུབ་བྱང་ཟུར་ལ་གཟུགས་པར་བྱ། རྫས་རྣམས་ཕུད་དང་ཆང་ཕུད་ཀྱིས།། ཉིད་ལ་ཉིད་ཀྱིས་དབང་བསྐུར་རོ། ། ཏྲག་རག་ཤ་ཁ་མུན་ཏྲ་རག་མོ་ནི་སྙིང་ལ་བྷྱོ་ཛ་ཛ། བཙན་མོ་མ་ཏི་བ་ཏ་ཙ་མཆོད་ཏྲ་ཛ་ཛ། ནག་མོ་ནི་འུབ་འུབ་དབང་བསྐུར་སྭཱཧཱ། ཞེས་ཡུག་ས་མོའི་རྣེལ་གྲི་མོའི་སྐྲ་ལ་སྤྲོགས་ཤེད་བྱས་ཏེ་རྫས་ཀྱིས་དབང་བསྐུར་རོ། ། བསྟོད་དང་མཆོད་དང་དེ་བཞིན་བྱ།། གཏོར་མ་ཆེན་པོ་ནུབ་ཏུ་བཞག། མེ་ཡི་ཟས་ལ་གཏོར་བས་ཏེ།། སྙིང་སྣ་ཁྲག་སྣ་ཤ་སྣ་ཚོགས།། རྣེལ་གྲི་མོ་ཡི་ཐོད་པར་བསོག། མཐིང་ནག་དར་གྱི་གུང་ཁང་ཕུབ། ། དབུས་ཀྱི་གྲུ་གསུམ་མཐིང་ནག་ལ།། དཀར་པོ་གསུམ་གྱི་སྐྱེད་ཁར་གཞག། ཕུར་ཆེན་ལྕགས་ཕུར་སྐྱེར་ཕུར་གསུམ།། ཕོ་བྲང་ཨེ་ཡི་གྲ་ལ་གཟུགས།། རུ་དར་ནག་པོ་རྩེ་ལྔ་པ།། རྩེ་གསུམ་པ་ནི་མདུང་ལ་བཏགས། ། རྨ་བྱའི་རྒྱལ་མཚན་དེ་བཞིན་བཞག། བྱ་ནག་ལུག་ནག་སྨུག་ནག་གསོབ།། མེ་ཏོག་སྣ་ཚོགས་སྙིང་སྣ་ཚང། ཨ་ཀ་རུ་དང་དུ་རུ་ཀ། ཙན་དན་དཀར་དམར་གླ་རྩི་དང།། སྤོས་སྣ་ཚང་མ་བསོག་པར་བྱ། ། ཚིལ་ཆེན་ཁུ་བས་སྦྱར་བ་ནི།། སྤ་ར་མ་ཏིའི་མཆོད་པ་སྟེ།། དུས་བཞི་ལ་ནི་མཆོད་པར་བྱ།། སྙིང་པོ་འདི་ཡིས་གནད་ལ་བསྐུལ།། ཨོཾ་རུ་རུ་རཀྴ་ཤྲི་ཧེ་རུ་ཀ། བེ་ཏ་ལི་ཤས་མུན་ཏྲ་མུ་ལེ་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་ནས་དབང་དུ་བསྡུ་བ་ཞེས་བྱ་བའི་སྔགས་འདི་གསུངས་སོ།། རག་མོ་ཏི་ཀེཾ་སྙིང་བྷྱོ། ཏྲག་ཏྲག་པཾ་པཾ་རྦད་ཕྱེད་ནི་ར་མ་ཀི་ལ་ཡ་ཕྱེ། ལས་ཀྱི་མ་མོ་ལ་བསྟོད་དོ།། སྐུ་མདོག་ནག་མོ་མི་བཟད་མ།། གཡུ་འོད་འབར་བའི་ལྡིང་ཁང་ནས། ། མུན་པའི་འཁོར་ལོ་གཞལ་ཡས་ནས།། སོལ་བའི་བུད་མེད་མགོ་དགུ་མ།། སྙིང་ཡང་དགུ་སྟེ་སྦྲུལ་གྱི་གཤོག། སོལ་བའི་བྱ་ཁྱུང་ཆིབས་སུ་ཆིབས།། ཁ་ནས་སོལ་བའི་མཚོན་ནག་ཁོལ། ། མགོ་དགུ་རལ་པ་གཅིག་མ་སྟེ།། རྐང་པ་ཉག་ཕྱེད་སོ་སྦྲུལ་རྐང།། ལག་པ་སྐག་ཕྱེད་སོ་སྦྲུལ་ལག། དྲག་པོ་སྔགས་ཀྱི་ཐུན་བདག་མོ།། བལ་མོ་སྡུག་པའི་རྟེན་གྲོགས་མ།། དཔལ་ཆེན་རྔམས་པའི་ཕོ་ཉ་མོ། ། རྒྱལ་བ་རྣམས་ཀྱི་ཐ་ཚིག་ཅན།། མཐུན་པའི་བུ་མོ་སྤུན་གསུམ་མ།། ཆེད་ཀ་དྲག་ཏུ་སྐུ་བསྐྱོད་ན།། མཐུན་པའི་བུད་མེད་འབུམ་ཕྲག་གཅིག། ཁ་ནས་ཁུས་འདེབས་དགྲ་ལ་འདེབས།། ལག་པ་གཡས་འདོར་དགྲ་ལ་དོར། ། མ་རུ་དེ་ནི་དམ་བཅས་ཀྱིས།། བསྟན་པ་འཇིག་པའི་དགྲ་ལ་ཡ།། ཞེས་བསྟོད་དོ།། སྔགས་རྒྱུད་ནག་མོ་ལས། སྔགས་བསྒྲུབ་པ་དང། བལ་མོ་ངན་སྔགས་ཀྱི་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་གསུང་གི་བསྒྲུབ་པས་བཀའ་ཉན་ཞེས་བྱ་བ་འདི་གསུངས་སོ། ། རྡོ་རྗེ་སྔགས་བསྲུང་ནག་མོ་ནི།། ཨེ་དང་འཐུན་པ་རྩ་ལ་ཆགས།། ཨི་ནི་བདེ་ཆེན་གྲུབ་པའི་གནས།། སྣེལ་གྲི་མོ་ཡི་སྙིང་སྲོག་རྩ།། རྨེ་ཤ་གསུམ་ལ་རྐན་ཕབ་པས། ། ད་ལྟ་རྨེ་ཤ་གསུམ་ལ་དགའ།། འབྲས་བུས་ཁྲག་དང་བཅས་པ་བརྟེན།། དེ་བཞིན་མཐིང་ནག་ས་གྲུ་གསུམ།། ཏྲག་བདུན་བར་དུ་གྲུ་གསུམ་བསྐོར།། རང་གི་སྲིན་ལག་གཡོན་ཁྲག་བྱུག། མཚན་ལྡན་དུམ་བུ་དྲུག་པ་ལ། ། དེ་བཞིན་ཁྲག་གིས་ཏྲག་ཅིག་བྲི།། ཕྱི་ནི་སོལ་ཆེན་དུག་གིས་བྱུག། ལིང་ག་ཇི་ལྟར་འདོད་པའི་དབྱིབས།། ཏྲག་པོ་དགུ་པ་འདི་ཡིས་བསྐོར།། ཉོཾ་ཉོཾ་ཧཱུཾ། དེ་ནི་ཐོད་པའི་ནང་དུ་གཞག། དགུ་ལས་གྱུར་བའི་བཅུ་བདུན་སྔགས། ། ཁར་ནི་ཁྲག་བླུག་ལྷ་དང་དབྱེ།། བསྙེན་པ་སྲོག་སྙིང་འདི་ཡིས་བྱ།། ཏྲག་རག་ཤ་མུ་ཏྲ་ཁ་ཁའི་ལ་མི་ཏྲི་ཧྲིར་བྷྱོ། རུ་ལུ་རུ་ལུ་ཏྲག་མོ་ནི་སྙིང་བྷྱོ། ཞེས་དབང་དུ་བསྡུས་ཏེ་གནད་ལ་དབབ་པ་འདིས་བྱའོ། ། ཨོཾ་ཙ་ར་ཡཾ་སྙིང་ཁ་ར་སྒྲི་བཛྲ་མ་དུན་བྷྱོ། ཨོཾ་མེ་དང་ར་ལིག་སྙིང་ཁ་རག་རྦད། ཨོཾ་མེ་ད་ར་ཧྲིང་ཐུམ་རིལ་རྦད། ཅེས་གནད་ལ་འདིས་བསྐུལ་ལོ།། ཧཱུཾ། མི་མངོན་མཁའ་དབྱིངས་བདེ་ཆེན་ནས།། སྒྱུ་མའི་ཚུལ་གྱིས་སྐུར་བསྟན་པ། ། ཡག་ཤ་མེ་དཔལ་ཉིད་ཀྱི་སྐུ།། དབུ་གསུམ་ཕྱུག་དྲུག་ཞབས་བཞིར་བགྲད།། སྤྱི་གཙུག་མཁའ་ལྡིང་རྒྱལ་པོ་ཁྱུང་གིས་བརྒྱན་པ་ནི།། ཀླུ་རྒྱལ་གདུག་པ་དབང་དུ་སྡུད་པའི་རྟགས།། སྐུ་སྟོད་སྦྲུལ་ནག་གཡང་གཞིས་བརྒྱན་པ་ནི། ། གཉིས་མེད་ཡུམ་དང་འཁྲིལ་ཏེ་བཞུགས་པའི་རྟགས།། སྐུ་སྨད་སྟག་གི་ཤམ་ཐབས་བརྒྱན་པ་ནི།། དཔའ་བརྟུལ་ལས་ཀྱི་ཤམ་ཐབས་འདུལ་བའི་རྟགས།། སྐུ་གསུང་ཐུགས་དང་རབ་ཏུ་ལྡན་པའི་ཕྱིར། ། ཐོད་པ་སྐམ་རློན་ཚོགས་ཀྱི་དབུ་ལ་རབ་ཏུ་བརྒྱན།། གཟའ་ཆེན་བརྒྱད་ཀྱི་སྐུར་རགས་ཅན།། ཞབས་བཞི་བརྐྱང་བསྐུམ་ཚུལ་གྱིས་ཀླུ་བདུད་དྲེགས་པ་གནོན། ། རུ་སྦལ་བསྣོལ་བའི་གདན་ལ་བཞུགས།། ཕྱག་དྲུག་དང་པོ་གཉིས་ནི་ཟིལ་གནོན་ཕྱག་རྒྱ་མཛད།། གཡས་གཉིས་བར་མ་སྦྲུལ་ཞགས་བསྣམས།། གཡོན་གྱི་བར་མ་ཀླུ་བདུད་འཛིན།། གཡས་ཀྱི་མཐའ་མ་ལྟས་ངན་རྒྱལ་མོ་འཛིན། ། གཡོན་གྱི་ཐ་མ་ལྕགས་ཀྱི་ཐོག་སེར་བསྣམས།། དམ་ཚིག་དྲག་པོའི་འཕྲིན་ལས་གྲུབ་པར་མཛོད།། ཡཀྵ་མེ་དཔལ་ཉིད་ཀྱི་སྐུ།། ལྷ་མཆོག་ཁྱེད་ཀྱི་མ་ཉེས་མགོན་མཛོད་ཅིག། ཡབ་ཡུམ་གཉིས་ལས་སྤྲུལ་པའི་ལྕམ་མོ་ཁྱོད། ། ཕྱག་ན་རྡོ་རྗེའི་སྤྲུལ་པ་མོ།། སྔགས་བསྲུང་ནག་མོ་རལ་གཅིག་མ།། སྐུ་མདོག་ནག་མོ་ཙེ་རེ་རེ།། གཡུ་ཡི་རལ་པ་ཤར་ར་ར།། དཔྲལ་བའི་དབྱེས་ན་ཁྲོ་གཉེར་སྤྱན་གཅིག་མ། ། དུང་གི་མཆེ་གཙིགས་ཐབས་སེ་ཐབས།། གསེར་གྱི་རྣ་ཆ་ཁྲ་ལ་ལ།། ཆིབས་སུ་དྲེའུ་ཆེན་བོང་ནག་བཅིབས།། ཚེམས་ཁྲབ་ནག་པོ་སྐུ་ལ་གསོལ།། མཐིང་གི་གོ་ཅོད་དབུལ་ལ་གསོལ།། གཡས་ན་གཡུ་ཡི་སྤྱང་མོ་བསྣམས། ། གཡོན་ན་སྣང་སྲིད་འཕྲུལ་གྱི་མེ་ལོང་བསྣམས།། དམ་ཚིག་ཅན་གྱི་དགྲ་ལྷ་མོ།། རྣལ་འབྱོར་ཡོངས་ཀྱི་བསྒྲུབ་སྡེ་མོ།། སྔགས་ཀྱི་བསྲུངས་མར་དབང་བསྐུར་གྱིས།། རྫུ་འཕྲུལ་མཐུ་དང་དངོས་གྲུབ་སྩོལ། ། ཞེས་བསྟོད་དེ་དབང་བསྐུར་བར་བྱའོ།། སྔགས་རྒྱུད་ནག་མོ་ལས། ཨེ་ཀ་ཙ་ཏི་ནག་མོའི་ཚུལ་དུ་སྐུ་དབྱུང་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཀུག་པའི་སྔགས་ཀྱིས་གསད་པ་འདི་གསུངས་སོ།། ཏྲིག་ཏྲིག་སེར་སེར་ཀུ་ལུ་ཀུ་ལུ། མོ་ཀུ་མོ་ཀུ། ཙ་ཧ་ཙ་ཧ། མུ་ཏྲ་ཛྭ་ལ་ཁཱ་ཧི། ཙག་བཛྲ་ཡག་ཤ་ཀྲོ་དྷ་ཁ་ཁ་ཁཱ་ཧི། སྨི་ར་ཏ་ན་ཧཱུཾ་ཕཊ། ཙག་རག་ལྡིང་མུ་རུ་མྱོགས། ལྡིང་ལྡང་བུ་ཕྱག་ཕྱུག་མི་ཧ་ཧེ། བཤུ་བཤལ་མུ་ཧཱུཾ་ར་ས་ནེ། ཙག་ཙག་ཙེག་ཙེག། མུ་སྟཾ་སྟི་ཧེ་ཧེ་ལེ་ཧེ་ལ་ལེ། བུ་རུ་ཏི་ཤྟ། མྱོག་མྱོག། ཐུམ་ཐུམ། དཀར་ལྡན་མི་ཧེ་ཧཾ། ཀུ་མེ་ལུ་ཙེ། མ་མ་རླག་ད་ཛ། མ་མ་རཀྵ་ཛ། སྙིང་ཧུར་ཧུར། རག་མོ་ཁྲག་ལ་དུན་བྷྱོ་ཛ། རྩིང་ལྡང་མུ་ཁ་ཡེ་ཀོད་ཀོད། མི་ཧ་ཧེ། མྱི་མྱ་མྱ་མེ་ཙ་ཧཱུཾ། ཙིང་ལྡང་ལྡིང། ཁུ་ཙུག་ན། ཙ་ཧ་མུ་ཀ་ཡེ། ཏིང་མུ་ལོང་ཙ་ཀ་ཡེ། ཧར་མི་ཏིང། པྲབ་པྲབ་པྲིབ་པྲིབ། ཙིང་ལྡང་ཙིང་ལྡང་ཧཱུཾ་ཙོག་ན། ཙ་ཧ་མུ་ཀ་ཡེ་སྭཱཧཱ། མི་ལི་ཀ་ཡང་ཤི་བྱི་མྱོགས་ཧེར་རེ་ཧེ་རྦད། ཐོད་པ་མཚན་ལྡན་དུག་རྔམས་སུ། དུག་སྣ་སྙིང་སྣ་ཁྲག་སྣ་དང། བ་བླ་ཐལ་ཆེན་རྣམས་དང་སྦྱར།། སྐུ་ལ་གཏོར་ཞིང་བཟླས་པས་དགུག། ཅེས་གསུངས་སོ།། སྔགས་རྒྱུད་ནག་མོ་ལས། ཐུགས་ཀྱི་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་འདི་སྐད་ཅེས་ཡོན་ཏན་གྱི་བསྒྲུབ་པ་འདི་གསུངས་སོ།། མཎྜལ་ཆ་བསྙམས་ཡིད་འོང་ལ།། རྩ་བ་ལྔ་ཡི་ལྡེ་གུ་བྱའོ།། དབུས་སུ་མཐིང་ནག་གྲུ་གསུམ་བསྐོར། ། ལོགས་ལ་ཟུར་གསུམ་ཤེས་པར་བྱ།། དབུ་མའི་གྲུ་གསུམ་རྩེ་མོ་རུ།། མིང་དང་རྟེན་དང་མཚན་རྣམས་ནི།། ག་གོན་གསུམ་ལ་ཤེས་པར་བྱ།། གཅིག་གི་ནང་དུ་ཐུན་རྫས་བླུག། གཅིག་གི་ནང་དུ་ཉུངས་ཀར་ཐལ་ཆེན་ལ། ། སྲོག་གི་སྙིང་པོས་དབང་བསྐུར་བླུག། ལིང་ག་བཅས་པ་ཇི་བཞིན་ནི།། འབྲུ་དགུའི་སྔགས་ཀྱིས་གཡས་ནས་བསྐོར།། གུ་གུལ་དཀར་ནག་རྫས་ལ་བདུག། གསང་སྔགས་འདི་ཡིས་བྲབ་ལ་གཞུག། རག་མོ་རུ་རུ་རོ་རུ་ཏྲ་ཏྲག་རཀྴ་ཁ་མུན་ཏྲ། ཨེ་ཀ་ཛ་ཏི་སྙིང་ཁ་རག། རག་མོ་ཏེ་ཀེཾ་ཛ་ཛ། ཁ་ལ་མ་རེ་བྷྱོ། སྙིང་ཁ་རག་མོ་ཛ་ཛ། རྟེན་དུ་སྐམས་བརྡུངས་རིལ་བུ་བྱ།། དེ་བཞིན་ལོངས་སྤྱོད་ནོར་ལ་བྱུག། ཆོ་འཕྲུལ་སྐུ་ཡང་དངོས་སུ་སྟོན། ། གཞན་གྱི་དབང་དུ་དེ་མི་འགྱུར།། མིང་དང་མཚན་ནི་བསྲེག་པར་བྱ།། བྱ་ནག་ལུག་ནག་ཐུགས་དམ་བསྐང།། བསྲེག་པ་སྔགས་རྒོད་ཉི་ཤུ་པས།། ཉི་ཤུས་བཏབ་ལ་རྩ་གཅིག་སྲེག། འབྲས་བུ་སྣ་ཚོགས་ཤ་ཁྲག་དང།། མེ་ཏོག་སྣ་ཚོགས་ཀར་ཎི་ཀ་ཡིས་མཆོད།། བསྟོད་པ་ནི་མ་མོ་གདུང་བའི་ཀླུ་ཞེས་བྱ་སྟེ་འདིས་བསྟོད་དོ།། མཐིང་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས།། ཡོན་ཏན་རྫོགས་པ་ལྷུན་གྱིས་གྲུབ་པ་མོ། ། སྔགས་ཀྱི་བསྲུངས་མ་མཐུ་མོ་ཅན།། གཅེར་བུ་མགོ་དགུ་རལ་གཅིག་མ།། སྐུ་གསུམ་རིམ་གྱིས་ལྷུན་གྲུབ་མོ།། ཡོན་ཏན་ཡི་ནི་གཏེར་འཆང་མ།། མེ་ཏོག་ལས་བྱུང་གསང་བ་ཆོས་ཀྱི་སྐུ། ། འདོད་ཆགས་ལོངས་སྤྱོད་རྫོགས་པའི་སྐུ།། ཅིར་ཡང་སྤྲུལ་པས་དགོས་འདོད་རེ་བ་སྐོང།། གསང་བའི་དབྱུགས་གླུ་སྟོང་གསུམ་དི་རི་རི།། དབྱུགས་པའི་རྐན་སྒྲས་ཐོག་སེར་ཆར་པ་འབེབས།། མི་མངོན་དབྱིངས་ནས་གདུག་པའི་སྐུ་སྤྲུལ་པ། ། ཡེ་ཤེས་ང་རོས་གདུག་པའི་དགྲ་བགེགས་འདུལ།། ཞེ་སྡང་འདུལ་མཛད་ནག་མོ་རལ་གཅིག་མ།། དམ་ཚིག་ཅན་གྱི་འཕྲིན་ལས་མཛོད།། རག་མོ་ནི་རག་མོ་ནི། དུ་ནི་དུན་ཏིང་ཧང་ན་དུ་རུ་ཧ་ན། རྦད་བུ་རྦད་བུ། ཚལ་པ་ཚལ་པ། བཾ་རིལ་ཧཱུཾ་ཕཊ། ཏྲག་རག་ཤ་རྦད། རག་ཤ་རྦད། རག་མོ་སྙིང་རྦད། ཙིཏྟ་རྦད། ཁ་ཐུན་རྦད། ཙིཏྟ་ནི་ཤ་མ་ར་ཡ་རྦད། ཅེས་ཕལ་བ་རའི་ནང་དུ་བརྫང་ལ།། ཆུ་མིག་ལྔ་རུ་གནན་པར་བྱའོ། ། སྔགས་རྒྱུད་ནག་མོ་ལས། ཡོན་ཏན་གྱི་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་འཕྲིན་ལས་ཀྱི་བསྒྲུབ་པ་དོན་བདུན་པ་འདི་གསུངས་སོ།། རྡོ་རྗེ་སྔགས་བསྲུངས་ནག་མོ་འདི།། རིག་པའི་གནས་ལ་ཆགས་པ་ནི། ། དེ་ཡི་བསྒྲལ་བར་གྲགས་པ་ནི།། སྙིང་གཤགས་ལིང་ག་དྲིལ་བ་གཞུག། དགུ་ལས་བྱུང་བའི་སྐུད་པས་བཙེམས།། སྔགས་བསྲུངས་ཉིད་ཀྱི་ཞལ་དུ་གདགས།། བསྒྲུབ་པའི་སྙིང་པོ་འདི་ཡིས་བྱ། ། རག་མོ་བྷྱོ་ཛ་ཛ་མ་བདུན་བྷྱོ། ཏྲག་རག་ཤ། ཁ་མུན་ཏྲ་མུ་ཏྲ་མུ་རུ་ལུ་བྷྱོ། རྦད་པའི་སྙིང་ཐུན་འདི་ཡིས་བྱ།། ཏྲག་རག་ཤ། བཛྲ་ཏིཀྴ་ས་མ་ཡ་བྷྱོ། གསད་པ་དྲག་པོ་འདི་ཡིས་བསྒྲུབ།། ཨེ་ཀ་ཙ་ཏི་སྙིང་ཁ་རག་སྲོག་བཾ་རིལ་བྷྱོ། ཨེ་ཀ་ནག་མོ་རག་མོ་ཡཀྴ་བྷྱོ། བསད་ཅིང་མནན་ལ་གཅོད་ཐུན་ནག་པོ་ཡིན། ཨེ་ཀ་ཛ་ཏི་རི་ལིག་སྙིང་ཁ་རག་བཛྲ་དུན་བྷྱོ། མི་ཤ་དགྲ་བོ་ལ་མ་ར་ཡ་ཕཊ། གཡོན་དུ་དུག་ཤིང་མེ་བཏང་སྟེ། ། ཙིཏྟ་ཕྱུང་ནས་བསྲེག་པར་བྱ།། མཆོད་དང་བསྟོད་པའི་ལས་བྱའོ།། སྦྱིན་སྲེག་སྙིང་ཐུན་འདི་ཡིས་བྱ།། ཉི་ཤུ་རྩ་གཅིག་ལིང་ག་བྲི།། རིལ་བུ་ཁམ་ཕོར་ནང་དུ་བསོག། མེ་བྱའི་ཤ་ཚིལ་སྦྱིན་སྲེག་བྱ། ། ཁྲག་སྣ་ཚང་བར་མཆོད་པ་བྱ།། མ་མ་ཏྲག་རག་ཤ་རུ་ཏྲ་མ་ར་ཡ་བྷྱོ། མ་མ་སྙིང་ཁ་རག་མ་ཐ་ལིང་རྦུད། ཡག་ཤ་སྙིང་ཏེ་ཀེཾ་རྦད་བུ་རྦད་བུ། ད་རང་ཡ་རྦད། དམ་ལ་དམ་ཚིག་འདི་ཡིས་གདགས།། སྙིང་ཁ་རག་དམ་ཛ་ཛ་ས་མ་ཡ། སྙིང་ལ་རཀྴ་ཛ་ཛ། དེ་ནས་དོན་འགྲུབ་པར་བྱ་བ་དང། གདོན་མི་ཟ་བའི་ཆེད་དུ་ཐོད་ཟོར་འཕྲིན་ལས་ཀྱི་བསྒྲུབ་པ་འདི་གསུངས་སོ།། མཚན་ལྡན་དུམ་བུ་བཞི་པ་རུ།། འཕྲིན་ལས་བཞི་ཡི་དཀྱིལ་འཁོར་བྲི། ། རྩིབས་ལ་དབང་བྲི་མདུན་ལ་བཞི།། ལྷོ་རུ་རྒྱས་པ་བྱང་དུ་ཨེ།། ནང་དུ་ཡག་ཤ་ཡབ་ཡུམ་བྲི།། དབུས་སུ་འདུ་བྱེད་ནག་མོ་བྲི།། ཕྱི་ནི་སོལ་ཆེན་ལང་གུས་བྱུག། དེ་བཞིན་གྲུ་གསུམ་ཨེ་ལ་གཞག། ནང་དུ་མཐུན་པའི་རྫས་རྣམས་བསགས། ། སྤྲུལ་པ་ཡབ་ཡུམ་བུ་མོའི་སྔགས།། བསྙེན་པའི་སྙིང་པོ་བྱ་བར་གསུངས།། བསྒྲུབ་པ་གྲུབ་པའི་རྟགས་དང་སྦྱར།། འཕྲིན་ལས་དུས་སུ་འདི་ལྟར་བྱ།། རྣེལ་དྲི་མོ་ཡི་ཐོད་པ་རུ། ། ཁྲག་སྣ་དུག་སྣ་ཚང་བར་བསོག། ཕྱིར་ནི་དེ་བཞིན་བྱུག་པར་བྱ།། སྔོན་དམར་བལ་གྱིས་ཁ་བཅད་ལ།། དྲག་པོའི་ལས་འདི་བསྒྲུབ་པར་བྱ།། ཏྲག་རག་ཤ་མུ་ཏྲ་བྷྱོ། རུ་ལུ་རུ་ལུ་བྷྱོ། རག་མོ་རག་མོ་ཧ་ན་ནག་མོ་ཙིཏྟ་ཏྲག་རག་ཤ་ལ་བྷྱོ། ཏྲག་མོ་ནི་ཧར་ཧུར་སྙིང་ལ་ཡཀྴ་ཏེ་ཀེཾ་ས་མ་ཡ་ཛ་ཛ་པྲ་བེ་ཤ་ཕཊ། ཅེས་གང་ལ་བྱ་བའི་ཡུལ་མཁར་ལ་ཕོག་པར་གདབ་བོ།། སེར་བ་འབེབས་པར་འདོད་ནའང། རྐང་གསུམ་སྒྱེད་པོ་བཙུགས་པ་སྟེ། ། འཕྲིན་ལས་ཀྱི་སྔགས་བཟླས་ལ།། ཐབ་ལུད་པའི་ཐལ་བ་དང།། ཐོད་པ་བསིལ་བཏང་ངོ།། རྣིར་ར་ཁུག་ཙིཏྟ་བཾ་རིལ་ཤག་ཤིག། མི་རྐང་གསུམ་ཡང་ཕྱོགས་སུ་འཕངས་ལ་བཏང་ངོ།། གང་ཡང་རུང་སྟེ་བསྒྲལ་འདོད་ན། ། དྲག་པོའི་གནས་སུ་འཕྲིན་ལས་བྲི།། མིང་རུས་དེ་བཞིན་སྔགས་དང་གཟེར།། ཚེས་བཞི་ཟླ་བ་སེར་ཀ་ལ།། ནུབ་ནས་ཤར་དུ་བརྡེག་པར་བྱའོ།། བྲབ་དང་བདུག་དང་བརྡེག་པར་བྱ།། ལིང་ག་གཅིག་བཅས་ཐོད་པར་བསྲེག། བསྲེགས་པའི་སྔགས་ཀྱིས་གནད་ལ་དབབ།། ཙིཏྟ་རྦད་བཾ་རིལ་ཁུག་དར་ཡ། ཏྲཀ་རཀྴ། ཁྲག་འཁྲུག་ནི་བཾ་རིལ་སྙིང་ཤག་ཤག་བཾ་རིལ་རྦད། ཅེས་པས་གསད་པར་བྱའོ།། ཐོད་ཟོར་གྱི་ལེའུ་སྟེ་དགུ་པའོ། །།། དམ་རྫས་ཙིཏྟ་སྔོན་དུ་དབྱུང་བ་འདི་གསུངས་སོ།། མཚན་དང་ལྡན་པའི་སྙིང་ནང་དུ།། སྙིང་སྣ་ཚང་བའི་ཕྱེ་མ་བླུག། འདའ་བ་རིས་དབྱུགས་པར་བྱའོ།། དུམ་བུ་གསུམ་པའི་ནང་དུ་གཞུག། ལིང་ག་ཇི་ལྟར་འདོད་པའི་དབྱིབས།། འབྲུབ་ཁུང་དབུས་སུ་གཞག་པར་བྱ།། ཐལ་ཆེན་གུ་གུལ་དཀར་ནག་བླུག། བྲབ་བ་ཉུངས་ཀར་རྒྱལ་པོས་བྱ།། རྟེན་ནི་རུ་དར་ལྕེ་ལྔ་དང།། རྨ་བྱའི་རྒྱལ་མཚན་དར་ནག་གོ། སྣ་ཚོགས་སྙིང་དང་ཁྲག་ཏུ་སྦྱར།། དེ་ནི་མེ་ལོང་མདངས་ཀྱིས་བཀང།། བར་ཆོད་མིང་ནི་བསག་པར་བྱ།། དེ་ཡི་དགོས་སུ་གྲུབ་པར་བྱེད།། སེམས་ཅན་ཙིཏྟ་སྔོན་དུ་དབྱུང།། དྲག་པོ་འདི་ཡིས་བསྒྲུབ་པར་བྱ། ། རག་མོ་ནི་ས་མ་ཡཱ། རག་མོ་ནི་ཨུ་མ་རག་མོ་ཧར་ཧཱུཾ་རུ་ལུ་ཡ། ཡག་ཤ་ཏྲག་མོ་ཨིས་ཨིས་མ་ཡ་འུར་འུར་ས་མ་ཡཱ། སྙིང་ཙིཏྟ་ཁ་ལོང་རྦད། བ་ལ་ཁ་ལ་ཡཀྴ་ཏྲག་ས་མ་ཡ་པྲ་མོ་ཀུ་ཏིང་པྲག་མོ་ཀུ་ཏིང་པྲཾ་དཾ་ཛ་ཛ། སྙིང་སྙིང་ནི་འུར་ཐེད་ཐེད་ཁྲེལ་ཎྲི་ཤ་བ་ཁ་ལ་རག་ཤ་ཛ་ཛ། དེ་ནས་བསྒྲུབ་པ་བྱའོ།། འདིས་གནད་ལ་ཕབ་པ་དངོས་སུ་དབྱུང་ངོ།། ཏྲག་ཏྲག་རག་ཤ་ནིར་བྷྱོ་བྷྱོ། རག་ཤ་རོ་ལ་སྙིང་ཕྱུང། ནི་སྙིང་ལ་ཛ་ཛ། ཧེ་ནི་ཤག་ཛ་ཛ་བྷྱོ། ཞེས་བསྐུལ་ལོ།། ཧཱུཾ། གསང་སྔགས་གཉན་གྱི་བྱ་ལུག་སྨུག་མོའི་སྙིང་སྣ་བསོགས། གཙོར་ནི་སྤྱང་ཀུའི་ཁྲག་གཅེས་སོ།། མེ་ཡི་ཟིལ་པ་དང་དུ་བླང།། ཤ་ཁྲག་སྣ་ཚོགས་ཅི་འབྱོར་བཤམས། ། མཐིང་ནག་དར་གྱི་ཐོད་པས་དྲིལ།། བསྲུངས་མ་ཁྱོད་ནི་མཐུ་མོ་ཆེ།། བལ་མོ་ནག་མོ་མི་བཟད་མ།། མཐིང་ནག་ཅེར་བུ་དབུ་དགུ་མ།། སྐུ་མདོག་ནག་མོ་ཙེ་རེ་རེ།། ཞེ་སྡང་ཐོར་ཚུགས་གཅིག་ཏུ་བཅིངས། ། རལ་པ་ནག་མོ་མུན་ལྟར་གཏིབས།། རལ་པའི་ཟར་བུས་གཡས་ནས་གཡོན་དུ་འཁྱིལ།། སྐུ་ལ་ཞིང་ལྤགས་གཡང་མན་བས།། གཡུ་ཡི་སྨིན་མ་ཁྱུགས་སེ་ཁྱུགས།། ཁྲག་གི་མཆི་མ་ཤ་ར་ར།། དུག་གི་མཆི་མ་ཙ་ར་ར། ། བསེ་ཡི་སེན་མོ་ཟངས་སེ་ཟངས།། གཡས་ན་ཞིང་གི་ཙིཏྟ་དགུ་འཕྲེང་བསྣམས།། གཡོན་ན་གཡུ་ཡི་སྤྱང་མོ་ཁྲོ་ཐབས་བསྣམས། བལ་མོ་གདུག་པ་གསུམ་ནི་ཐུགས་ལས་ཕོ་ཉར་འགྱེད།། ཙིཏྟ་དམར་འདོན་བྱེད་པའི་མངའ་བདག་མོ། ། ཞེས་བསྐུལ་ན། མ་དང་སྲིང་ལྟར་ཐུགས་དམ་ལ་གནས་པར་འགྱུར་རོ།། ཉུངས་ཀར་ཉུངས་ནག་ཐལ་ཆེན་དང།། བལ་མོ་ནག་མོས་སྙིང་མངོན་དུ་དབྱུང་བའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་ཡང་གསད་པ་སྔགས་ཀྱི་ལེའུ་འདི་གསུངས་སོ།། ཉུངས་ཀར་ཉུངས་ནག་ཐལ་ཆེན་ལ།། ཙ་ར་རོག་པོའི་ཁྲག་གིས་བྱུག། རིལ་བུ་ཉི་ཤུ་རྩ་གཅིག་བྱ།། དྲག་པོ་འདི་ཡིས་ཉི་ཤུ་རྩ་གཅིག་བཅས་ཏེ་བརྡེབ། ། ལིང་ག་ཉི་ཤུ་རྩ་གཅིག་ཀྱང།། དུག་སྦྲུལ་ནག་པོའི་ལིང་ག་བྲི།། དྲག་པོ་དགུ་པོ་འདི་ཡིས་བསྐོར།། ཧཱུཾ་རྦད་རྒྱབ་ཉ་མ་རབ་ཧོཾ་དང་ངན།། དྲག་པོ་བཅུ་བདུན་དགུ་རུ་བསྡུས།། འཐོར་བྱེད་དྲག་པའི་ཡི་གེ་ནི། ། ལྟས་ཀྱི་ཡི་གེ་བཅུ་བདུན་ཡིན།། སྣ་ལ་གང་འཆི་བརྟག་པའི་ཕྱིར།། མིང་རུས་ཡི་གེ་བཅུ་བདུན་ནི།། སྣ་ལ་གང་འགྲོ་འབྲུབ་ཁུང་ནས།། དྲག་པོས་བྲབ་ན་དེ་བཞིན་འགྱུར།། ཐ་མར་ཕྱི་ཡི་སྦྱིན་སྲེག་བྱ།། དང་པོ་ཡི་གེ་ཨཾ་བྲིས་ཏེ། ། གཉིས་པ་ཡི་གེ་ཨོཾ་ཡིན་ནོ།། གསུམ་པ་ལ་ནི་ཨོཾ་ལས་འཛུག། བཞི་པ་ཧཱུཾ་ཡིན་གཅིག་པའི་སྒྲ།། ལྔ་པ་ཡི་གེ་རྦད་ཡིན་ཏེ།། ནི་ཞེས་བྱ་བ་རབ་ཏུ་འཇུག། དར་རྒྱ་ཡི་གེ་དྲུག་པའོ།། བ་ནི་བདུན་པ་རྦད་ལ་འཇུག། ཧར་བྱ་ཡི་གེ་བརྒྱད་པར་འཇུག། ཉ་ཞེས་བྱ་བ་མིང་ཡིན་ཏེ།། དགུ་པའི་ཡི་གེ་དང་པོར་འགྱུར།། མ་ཧཱ་ལི་ནི་བཅུ་པ་སྟེ།། ཏྲག་ཏྲག་རྦད་ནི་བཅུ་གཅིག་པ།། ཧཱུཾ་ནཾ་སྡུད་བྱེད་བཅུ་གཉིས་པ། ། ཧར་མོ་སྔགས་ནི་སྤྱོད་པ་བཅུ་གསུམ་པ།། མ་མ་ནི་ནི་སྣང་བའི་ཡི་གེ་སྟེ།། བཅུ་བཞི་པར་ནི་གྲགས་པ་ཡིན།། ད་ད་ཧས་ནི་བཅུ་དྲུག་འགྱུར།། ནན་ཞེས་བྱ་བ་དཀྱུས་སུ་འགྱུར།། བཅུ་བདུན་མཐོར་བྱེད་སྔགས་ཀྱིས་བརྡེག། བལ་མོ་ནག་མོའི་སྔགས་ཏེ།། ཐམས་ཅད་གྲུབ་པའི་སྔགས་ཡིན་ཏེ།། བཅུ་བདུན་ཡི་གེ་སྔགས་སུ་བརྡེབ།། གང་ཡིན་ལས་ཀྱི་འཁོར་ལོས་སྟོན།། འཕྲིན་ལས་སྦྱིན་སྲེགས་སྔགས་ཀྱིས་བྱ།། དེ་ཡང་དང་པོ་གྲུ་གསུམ་བརྩིགས། ། ནང་དུ་སོལ་ཆེན་གཏང་བར་བྱ།། ཁ་ཁྱེར་ཐལ་ཆེན་བསྐོར་བར་བྱ།། མུ་ཁྱུད་ཟླུམ་པོ་ཟླ་ཁཾ་བམ།། ཐོད་པའི་ར་བ་ཤེས་པར་བྱ།། དབུས་སུ་ཀྴ་དང་ཏྲག་གཉིས་བྲི།། ཟླ་གམ་གསུམ་ལ་གྲུ་གསུམ་བྲི། ། དབུས་སུ་ཁྲག་གིས་མ་གསུམ་བྲི།། དེའི་ཚེ་ཚེར་མའི་ཤིང་བུ་ལ།། མགོ་བོ་བསྣོལ་ལ་དེ་བཞིན་བརྩིགས།། དྲག་པོའི་སྔགས་འདིས་དབུལ་བར་བྱ།། སྣ་ཚོགས་རྫས་དང་བཅས་པ་བསྲེག། ཅེས་དྲག་པོས་གསུངས་སོ། ཨོཾ་ཧཱུཾ་ཆེ་གེ་མོ་ཞིག་རྦད། ཨོཾ་ཏྲ་རྒྱ་ཆེ་གེ་རྦད། མ་མ་ཆེ་གེ་མོ་རྦད། ཆེ་གེ་མོ་ཧར་རྒྱ་མ་ཧཱ་ལིང་ཏྲག་ཏྲག། རྦད་ཧཱུཾ་ཧ་ར་ལིང་ཏྲག་རྦད་ཧཱུཾ། ཆེ་གེ་མོ་ནན། ཞེས་བསྲེགས་ནས། ཡང་དེ་ཉིད་དུ་གྱིས་བསྲེག་པར་བྱའོ། ། བརྡེག་ན་ཡང་དེ་ཉིད་ཀྱིས་བརྡེག་པར་བྱའོ།། ལས་ལ་ཡང་དེ་ཉིད་ཀྱིས་གཟུད་པར་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་སྙིང་ཐུན་འདི་གསུངས་སོ།། ཇི་བཞིན་མཐུན་པའི་རྫས་རྣམས་ལ། ། དྲག་པོ་འདི་ཡིས་གཟེར་བར་བྱ།། ཏྲག་རག་ཤ་ཙག་ལེ་ལེ་མུ་རུ་མྱག། ལིང་ནི་ཤ་ཁཾ། ཙག་ལེ་མུ་རུ་སོད། སྙིང་བཾ་རིལ་ཏྲག་རག་མོ་སྙིང་ཁ་རག་ཏིཥྟ་རྦད། ཏྲད་གྲལ་ཙིཏྟ་རྦད་བ་ནི། དགའ་བའི་མཆོག་ཆེན་པོའོ། ། ཨེ་ཕཊ་སྲོག་བཾ་མ་ཏིལ་ཙིཏྟ་ར་ནན་རྦད། ཨེ་ཕཊ་སྲོག་གྲོལ་ད་ར་ན་ཀུངས་རྦད། ཁ་ཐུམ་ན་ཤག་ཚལ་པ་རྦད། ཨེ་ཕཊ་ཙིཏྟ་ལ་མུག་ཐིམས་མ་ཡ་སྣིས། སྲོག་ཁྱེར་རྦད་སོད་སོད།། ཨ་ལོ་ཀྵུ་སྲོག་ཁྱེར། ཙིཏྟ་ལ་བཾ་རིལ་རྦད། ཅེས་བསྒྲུབ་པའི་གནད་ལ་ཕེབས་པར་འགྱུར།། ཨེ་ཀ་ཙ་ཏི་དྲག་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཐབས་འཕྲིན་ལས་ཀྱི་རྒྱལ་པོ། བལ་མོ་ལྟས་ངན་དབབ་པ་འདི་གསུངས་སོ། ། བདག་ཉིད་ཆེན་པོས་རབ་བརྟགས་ཏེ།། མཚན་ངན་དུམ་བུ་དྲུག་པ་རུ།། སྙིང་སྣ་ཁྲག་སྣ་ཚང་བར་བ་སོག། འབྲུ་སྣ་ཚོང་བའི་ངར་བླུད་བྱ།། ལྟས་ངན་སྣ་ཚོགས་གཟུགས་བརྙན་བྲི།། རྟ་འམ་ཁྱི་ནག་ཐོད་པར་གཞུག། དེ་བཞིན་ཕྱོགས་སུ་བསྐྱལ་ལ་གནན།། དེ་ནས་རྨེ་ཡི་ཁྲག་རྣམས་ལ།། ལྗགས་ཀྱི་དུང་མ་འདི་ཡིས་བརྡེག། ཚེས་བཞིའི་སྲོག་ལ་ཕྱོགས་སུ་འཕང།། ཏྲག་རག་ཤ་ཁ་མུན་ཏྲག་ཨེ་ཀ་ཙ་ཏི་སྙིང་ཁ་ལ་རག་ཤ་མ་བྷྱོ། རག་མོ་ཧེར་མ་ཧེད་ཏིང་ཁ་རག་བྷྱོ། མ་མ་སྙིང་ཁ་རག་དུན་བྷྱོ། ཞེས་བསྐུལ་བར་བྱའོ།། འདིས་ཕེབས་པར་འགྱུར་རོ།། ཏྲག་རགྴ་ཨེ་ཀ་ཛ་ཏི་ནི་ཡེ་ཁ་ཏེ།། ཁཾ་ཤཾ་ཤཾ་ལས་ལ་བྷྱོ། ཞེས་པའོ།། བྱ་རྣམས་འདིས་བསྐུལ་ལོ། ། ཏྲག་མ་ར་ཏྲག་ཁ་ལ་དུན་བྷྱོ། ནག་མོ་དུན་ཏིང་ལིང་ཤར་མ་བྷྱོ། ཞེས་བསྐུལ་བར་བྱའོ།། ཚིགས་བཅད་འདིས་བསྐུལ་ལོ།། ཧཱུཾ། གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས།། ཡང་དག་སྐུ་གཅིག་འབྱུང་བ་ནི། ། མ་མོ་ཀུན་གྱི་གཙོ་མོ་སྟེ།། རལ་གྲི་རྒྱ་མཚོའི་ཀློང་ནས་བསྐལ་པའི་མེ་འབར་མ།། དབུ་ཡི་གཙུག་ནས་བྱ་གཅན་མང་པོ་སྤྲུལ།། སྙན་ཆ་གཡས་ནས་དུང་གི་སེང་ཆེན་མཆོང།། གཡོན་ན་སྟག་སྨད་འབུམ་གྱིས་བརྒྱན། ། ཞལ་ནས་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་འགྱེད།། གཡས་ནས་གསེར་གྱི་བྲག་ཆེན་ཟངས་སེ་ཟངས།། གཡོན་ནས་གཡུ་ཡི་མཚོ་ཆེན་ཁྱི་ལི་ལི།། གསེར་གྱི་ཉ་སྤྲུལ་ཤིགས་སེ་ཤིགས། ། སེན་མོ་མཛེས་མ་བདུན་ནི་ཤ་ར་ར།། མོན་སྐད་མང་པོ་དི་རི་རི།། མོན་མོའི་སྙན་ཆ་མང་པོ་ཁྲ་ལ་ལ།། ལྟས་ངན་ཝ་སྤྱང་མང་པོ་འདུ་རུ་རུ།། གཡས་ན་རུ་དར་ནག་པོ་འཕྱར།། གཡོན་ནས་ཁྲག་བསྐམ་ཉུངས་ཀར་འཐོར། ། ལྟས་ངམ་འུག་སྲིན་མང་པོ་དི་རི་རི།། བདག་ཉིད་དམ་ཉམས་དགྲ་ལ་ལྟས་ངན་ཕོབ།། ཅེས་ལྟས་ངན་སྣ་ཚོགས་ཀྱི་རྒྱལ་མོ་བསྐུལ་བྱའོ།། དེ་ནས་བལ་མོ་ངན་སྔགས་ཀྱི་བསྒྲུབ་པའི་ཐབས་འཕྲིན་ལས་ཀྱི་རྒྱལ་པོ་འདི་གསུངས་སོ། ། གང་ཡིན་པེ་ཏ་ལི་ཡིས་བླངས་ཏེ།། སྣ་ཚོགས་དུག་གི་ཁུ་བས་བསྐུ།། ལིང་ག་ཚད་དུ་བྱས་ནས་ནི།། རས་སམ་དར་རམ་གྲོག་ལ།། དགྲ་བོ་དག་གི་ལིང་ག་ལ།། དྲག་པོ་སྔགས་ཀྱིས་བསྐོར་ནས་ཀྱང། ། གུ་གུལ་དཀར་ནག་གཉིས་ལ་དགུག། ལྷ་དང་དྲག་པོ་འདི་ལས་དབྱེ།། སྭ་ནམ་མུད་ཏུད་ཁ་ཡུག་ཏི།། ཏི་ཁ་ཡུག་ཏེ་སྡེ་ཤིག་ཤིག། གྲཾ་ཡལ་གྲམ་ཡལ་སྭཱཧཱ། ཞེས་ལྷ་དང་དབྱེ་བར་བྱའོ།། ག་གོན་ནག་མོའི་རྗེས་སུ་གཞུག། དེ་བཞིན་གདུག་བྱེད་སྙིང་ཀར་གཞུག། བདུན་ནམ་བཅུ་དྲུག་དག་ལ་བསྲིག། ཐལ་བ་བ་རུའི་ནང་དུ་གནན།། ཆུ་མིག་ནག་པོའི་ནང་དུ་བསྐྱལ།། ཞེས་གསུངས་སོ།། བལ་མོ་ནག་མོའི་ཆོ་འཕྲུལ་དྲག་པོའི་སྔགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ། །།། ཨེ་ཀ་ཙ་ཏིའི་སྔགས་རྒྱུད་ནག་མོ་ཞེས་བྱ་བ་རྫོགས་སོ།།།།
CLOSE WINDOW