Wylie |
།།། རྒྱ་གར་སྐད་དུ། ཤྲི་བཛྲ་ཀཱ་ལི་ཤི་བི་ཛ་ཏི་གྷུ་ཡ་ཀར་མ་ཏན་ཏྲ་ན་མ། བོད་སྐད་དུ། དཔལ་རྡོ་རྗེ་ནག་མོ་རལ་པ་སྤྱི་བཅིངས་གསང་བ་འཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་དཔལ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་དཔལ་འཇིགས་བྱེད་ཆེན་པོ། གསང་བ་དུར་ཁྲོད་ཆེན་པོ་ཆགས་པ་རྣམ་དག་རང་གྲོལ་བ་ཞེས་བྱ་བའི་ཀློང་ན། རང་བཞིན་གྱི་ཡེ་ནས་གནས་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། དགེས་པ་ཆེན་པོའི་སྒྲ་མ་ཧཱ་སུ་ཀ་ཞེས་བརྗོད་པས། ལྷག་པ་ཡེ་ཤེས་ཀྱི་འཁོར་རྣམས་དང། ཆེད་དུ་འཛིན་པ་རྡོ་རྗེ་མཁའ་འགྲོ་མའི་འཁོར་དང། ལས་ཀྱི་འདུས་པ་ལས་ཀྱི་མཁའ་འགྲོ་ཤ་ཟ་འབུམ་དང། དྲེགས་པ་ཅན་བསམ་གྱིས་མི་ཁྱབ་པ་དགེས་བ་ཆེན་པོའི་ངང་དུ་བཀའི་སྟོབས་ཀྱིས་རང་དབང་མེད་པར་འདུས་སོ། ། དེ་ཡང་ཇི་ལྟར་འདུས་ན། ལྷག་པའི་ཡེ་ཤེས་ཆེན་པོ་ཕྱི་ནང་གསང་བ་གསུམ་འབྲེལ་བའི་ཚུལ་དུ་གནས་ཏེ། བྷ་ག་དག་པ་བརྡལ་བའི་ཀློང་ནས། རིག་པ་ཡེ་ཤེས་ལྷའི་དངོས་པོས་མཚོན་ཆ་གདུག་པ་འདུལ་བའི་དོན་གྱི་ན། མི་སྒྲིབ་པའི་ཡེ་ཤེས་ཆེན་པོ་ཕྱི་ནང་མེད་པར་ཤེས་ཏེ་ཡོངས་སུ་འཁོད་དེ། ཆེད་དུ་འཛིན་པ་མཁའ་འགྲོ་རྣམ་བཞི་ཡི་ཚུལ་དུ་སྣང་བ་ནི། ཕོ་ཉ་ཐམས་ཅད་ཀྱི་གཙོ་མོ། བདུད་མོ་ཐམས་ཅད་ཀྱི་རྒྱལ་མོ། སྨན་ཕྲན་ཐམས་ཅད་ཀྱི་གཙོ་མོ། ཉུལ་ལེ་མ་ཐམས་ཅད་ཀྱི་གཙོ་མོ། འཁོར་བསམ་གྱིས་མི་ཁྱབ་པའི་དབུས་ན། འཇིག་རྟེན་གྱི་ཁམས་ལ་མངའ་མཛད་ཅིང་བཀའི་བྱ་ར་བར་དགོངས་ནས་གནས་པ། ནག་མོ་འབུམ་གྱི་གཙོ་མོ་རེ་མ་ཏི་དང། སྨུགས་མོ་འབུམ་གྱིས་གཙོ་མོ་རེ་མ་ཏྲི་དང། སེར་མོ་འབུམ་གྱི་གཙོ་མོ་རེ་མ་ཛ་དང། དཀར་མོ་འབུམ་གྱི་གཙོ་མོ་རེ་མ་ཛུ་ལ་སོགས་པ་ནི། ལས་བཞི་མངོན་དུ་མཛད་པར་དགོངས་ཏེ། ཕྱོགས་བཞི་ན་བཞུགས་སོ།། ལས་ཀྱིས་འདུལ་བའི་མཁའ་འགྲོ་མ། ཁྲག་མཚོ་འཁོར་མའི་ནང་ལ་གནས་པ། རོ་དང་དབུགས་ཀྱི་དབས་དང་ངད་ཀྱི་ཁྲག་མཚོ་སྐྱིལ་ཞིང་སྐོལ་བ། བུད་མེད་ནག་མོ་འབུམ་སྲིད་པའི་ཚེ་སྲོག་ལ་དབང་བྱེད་པ། གནོད་སྦྱིན་བདུད་ཀྱི་ཆ་ལུགས་འཆང་བ། དབང་པོའི་སྟོབས་ཅན་དང། མིག་གི་མཚོན་ཆ་ཅན་དང། རྣ་བའི་མཚོན་ཆ་ཅན་དང། སྣའི་མཚོན་ཆ་ཅན་དང། ལྕེའི་མཚོན་ཆ་ཅན་དང། ལུས་ཀྱི་མཚན་ཆ་ཅན་དང། ཡིད་ཀྱི་མཚོན་ཆ་ཅན་དང། དམོད་པའི་མཚོན་ཆ་ཅན་དང། དུག་གི་མཚོ་དང། རཀྟིའི་ཁྲག་གི་མཚོ་དང། ཞག་གི་མཚོ་ལས་བཞེངས་ཏེ། མེ་དཔུང་ནས་བཞེངས་པ་དག། ནག་མོ་ཐོད་པའི་ཁྲག་སྤྱོད་མ་དང། སྨུག་ནག་ཐོད་པའི་ཁྲག་སྤྱོད་མ་དང། སེར་ནག་ཐོད་པའི་ཁྲག་སྤྱོད་མ་དང། ལྗང་ནག་ཐོད་པའི་ཁྲག་སྤྱོད་མ་བསམ་གྱིས་མི་ཁྱབ་པ་སྤྲུལ་པ་བྱེ་བ་ས་ཡར་བཅས་པ་དག་གོ། འཁོར་དུ་འདུས་པའི་དྲེགས་པ་ཅན་གྱི་ཚོགས་ནི། བདུད་དང། གཤིན་རྗེ་དང། གནོད་སྦྱིན། སྲིན་མོ་དང། གིང་གི་ཚོགས་དཔག་ཏུ་མེད་པ། དུག་གི་ན་བུན་དང།། དུག་རླངས་ཀྱི་ངད་རབ་ཏུ་ཚབ། ནད་ཀྱི་རླངས་པ་སྤྲིན་དུ་ཆགས་པ། ཁྲག་དང་དུག་གི་བུ་ཡུག་རླུང་དམར་དུ་འཁྲུག་པ། ནད་ཀྱི་མཚོན་སྤྲིན་འཁྲིགས་པ། ཡིད་ཀྱི་དུག་མདའ་ཚ་ཚར་འཕྲོ་བ། ལ་ལ་ནི་མེ་སྤོར་བ་ཤ་སྟག་གོ། ལ་ལ་ནི་ཁྲག་གི་མཚོ་སྐོལ་བ་དག་གོ། ལ་ལ་ནི་ཁྲག་མཚོ་ནང་ནས་བཞེངས་ཏེ་དམོད་པ་འདོར་བ་བདག་གོ། ལ་ལ་ནི་དུར་ཁྲོད་ན་དམོད་པ་འདོར་བ་ཤ་སྟག་གོ། ལ་ལ་ནི་སྤྱུགས་པའི་གླུས་འཁོར་བསྡུས་པ་དག་གོ། ལ་ལ་ནི་དར་ནག་གི་གཡབ་མོ་འདོར་བ་དག་གོ། ལ་ལ་ནི་གདུག་པའི་འོ་དོད་དང་ང་རོ་མི་སྙན་པ་སྒྲོག་པ་ཤ་སྟག་གོ། དེ་དག་ཀྱང་ཁྲོ་ཞིང་གཏུམ་པ་རྨོངས་པའི་མཚོན་ཆ་ཅན་ཤ་སྟག་གོ། དེའི་ཚེ་དེའི་དུས་ན། ཅོམ་ལྡན་འདས་ཀྱིས་རྔམ་པའི་སྒྲ། མ་མ་རུ་ལུ་ཤྲི། མ་ཧཱུཾ་མ་ཧཱུཾ། ཛ་ཛ་བྷྱོ་ཛ་ཛ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཞེས་ཆེད་དུ་བརྗོད་པས་ནམ་མཁའ་ཉིད་ཨེ་གྲུ་གསུམས་པར་གྱུར་ཏོ།། ཁྲག་གི་རྒྱ་མཚོ་འཁྲུག་གོ། ལས་ཀྱི་རླུང་རྡོ་རྗེ་རྒྱ་གྲམ་ཕྱོགས་བཅུར་འཐོར་རོ། ། འཁོར་གྱི་མཁའ་འགྲོ་ཐམས་ཅད་ནི་བྲེད། རབ་ཏུ་བྲེད། ཀུན་ཏུ་རབ་ཏུ་བྲེད་དེ་རིངས་པར་རྒྱུག་ཅིང། དགའ་བའི་ཚུལ་གྱིས་གཙོ་བོ་ལ་འདུད་དོ།། ལ་ལ་ནི་ངུ་བའི་ཚུལ་གྱིས་འདུད་དོ། ། ལ་ལ་ནི་དངང་པའི་ཚུལ་གྱིས་འདུད་དོ།། ལ་ལ་ནི་རྔམ་པའི་ཚུལ་གྱིས་འདུད་དོ།། ལ་ལ་ནི་སྟོབས་བྲི་བའི་ཚུལ་གྱིས་འདུད་དོ།། དེའི་ཚེར་རང་རྟགས་སྲོག་གི་སྙིང་པོས་རྣམས་གཙོ་བོ་ལ་ཕུལ་ལོ།། དེ་ནས་རྡོ་རྗེ་ཁྲག་འཐུང་འབར་བ་དེས། སྲོག་གི་ཡི་གེ་འབར་བ་དེ་དག་ནུས་པའི་མཐུ་ཅན་དུ་བྱིན་གྱིས་བརླབས་ཏེ། དྲེགས་པའི་འཁོར་དེ་དག་དཀྱིལ་འཁོར་རྫོགས་པ་དེ་ཁོ་ནར་གྱུར་ཏོ།། དེའི་ཚེ་དེའི་དུས་ན། མ་མོ་དེ་དག་གི་ནང་ནས་ལྷ་མོ་བདེ་བྱེད་ནག་མོ་ཞེས་བྱ་བ་མངོན་དུ་ཕྱུང་སྟེ་རལ་པ་སྤྱི་བཅིངས་སུ་བྱས་ཏེ། རྡོ་རྗེ་ཁྲག་འཐུང་དཔལ་གྱི་སྤྱན་སྔར་འདུག་སྟེ། ཐལ་མོ་སྦྱར་ཏེ་གུས་པའི་ཚུལ་གྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་རྡོ་རྗེ་ཁྲག་འཐུང་དཔལ། ། འབར་བའི་རྒྱལ་པོ་ཧེ་རུ་ཀ། འབར་བྱད་འཇིགས་པའི་གཏུམ་རྔམ་གྱིས།། ཁྲོ་རྒྱལ་འབར་བའི་སྐུ་ཁྲོས་ཏེ།། འཁོར་གྱི་མཁའ་འགྲོ་དབང་བསྡུས་ནས།། དཀྱིལ་འཁོར་རྫོགས་པའི་ལྷ་ནི་བ། ། བདག་ཅག་མ་མོ་མཁའ་འགྲོ་ཡི།། དོན་གྱི་ངོ་བོ་རང་བཞིན་གང།། མིང་དང་མཁན་དུ་གྲགས་པ་གང།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། ཕྱི་རབས་རྣལ་འབྱོར་དོན་ལྡན་པས།། བསྟེན་ཅིང་བསྒྲུབ་པ་བྱ་བ་དང། ། འཕྲིན་ལས་སྦྱོར་བ་ཇི་ལྟ་བུ།། རྩ་བ་ཡན་ལག་སྦྱོར་བ་ཡི།། ལས་ཀྱི་སྦྱོར་བ་ཇི་ལྟ་བུ།། འབར་བྱེད་སྐུ་ལ་བདག་ཉེན་འཚལ།། ཅེས་གསོལ་ཏོ།། དེ་ནས་རྡོ་རྗེ་དཔལ་ཁྲག་འཐུང་དེ་ཉིད་འཕྲིན་ལས་རྒྱ་མཚོ་འགྲོ་བ་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། འདི་དག་ཆེད་དུ་བརྗོད་པར་གྱུར་ཏོ།། ཉོན་ཅིག་མཁའ་འགྲོ་བདེ་བྱེད་མ།། ཆོས་ཉིད་བྷ་ག་བརྡལ་ཡངས་ནས།། འགྱུར་མེད་ཡེ་ཤེས་ཀུན་ཁྱབ་བོ།། དོན་གྱི་ངོ་བོ་རྣམ་འབྱོར་སྐུ། ། འཕྲིན་ལས་རྣམ་བཞི་སྐུ་ལ་རྫོགས།། སྤྲུལ་པའི་མཁའ་འགྲོ་རྩ་བརྒྱད་སྟོང།། དབྱིངས་ལས་ཡེ་ཤེས་སྐུ་ཤར་བའོ།། རང་བཞིན་ཁོ་ན་སྤྲོས་དང་བྲལ།། ནམ་མཁའ་ཆོས་ལྟར་ཡེ་ཀློང་ཡིན། ། མིང་ནི་རྣམ་པ་དགུར་གྲགས་ཏེ།། ཕོ་ཉ་རྒྱུ་བའི་ཚུལ་དུ་སྣང།། དངོས་ནི་མཁའ་འགྲོ་རྣམ་པ་བཞི།། དུས་བཞི་འབྱུང་བའི་རྒྱལ་མོ་ཡིན།། མཁན་ནི་བཅུ་ཕྲག་བཅུ་རུ་གྲགས།། རྩ་བརྒྱད་སྟོང་དུ་གྱུར་པ་སྟེ། ། ནག་མོ་འབུམ་པ་དབང་བསྒྱུར་བའི།། རིགས་ཀྱི་གཙོ་མོའི་སྣང་ཚུལ་ཡིན།། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས།། ཉེ་གནས་རྣམ་བཞིའི་ཚུལ་དུ་བསྒྲུབ།། འཕྲིན་ལས་སྦྱོར་བ་དུ་མ་ལས།། འདི་ནི་རྣམ་པ་གསུམ་དུ་སྟེ། ། བསྒྲུབ་དང་དམོད་པ་དྲག་སྔགས་སོ།། བསྒྲུབ་པ་སྲོག་བསྒྲུབ་རྩ་བ་དང།། དྲག་པོའི་ཐུན་དུ་ཤེས་པར་བྱ།། ཐུན་ལ་མང་དུ་བཤད་ཀྱིས་ཀྱང།། རྣམ་གྲངས་བཞི་ཡང་སྙིང་པོ་གཅིག། བསྒྲུབ་པའི་དཀྱུག་དང་སོ་རུ་བཤད། ། དམོད་པ་མ་མོ་གཅིག་པུ་ཉིད།། ལས་ཀྱི་བཅོང་དུ་བཞག་པ་ཡིན།། དྲག་པོ་སྔགས་ནི་མངའ་སྒྱུར་ཏེ།། ཕྱི་དང་ནང་ནི་ཁང་བུ་ལ།། ནག་མོ་དྲག་སྔགས་ཛ་དུར་ཏེ།། ཏྲེ་མོ་ཤུ་ཤུར་བསྒྲུབ་པ་ཡིན། ། ཡན་ལག་སོ་སོའི་མཚན་ཉིད་ཅན།། ཇི་ལྟར་དམིགས་པ་བཞིན་འགྲུབ་པས།། རྩ་བརྒྱད་སྟོང་གི་བསྒྲུབ་པར་བཤད།། ཅེས་གསུངས་སོ།། དེ་ནས་བདེ་བྱེད་ལྷ་མོ་རལ་པ་སྤྱི་བཅིངས་ཀྱིས་གསོལ་བ། ཨེ་མ་རྡོ་རྗེ་ཁྲག་འཐུང་དཔལ། ། ནག་མོ་རལ་པ་སྤྱི་བཅིངས་ཀྱི།། ཉེ་བར་བསྡུས་པའི་གསང་རྒྱུད་འདིར།། རྒྱུད་ཅེས་བྱ་བ་ཅི་ལ་བྱ།། མ་མོ་བཞི་ཡི་དོན་ནི་གང།། གོ་རིམས་འབྲེལ་བ་ཇི་ལྟར་ལགས།། ཞེས་གསོལ་པས། དེ་ནས་རྡོ་རྗེ་ཁྲག་འཐུང་དཔལ་གྱིས་འདི་སྐད་ཅེས་གསུངས་སོ། ། རྩ་བརྒྱུད་སྟོང་གི་རྒྱུད་ཆེན་ལས།། ནག་མོ་རལ་པ་སྤྱི་བཅིངས་ཀྱི།། གསང་བ་ཉེ་བའི་རྒྱུད་དུ་བཤད།། རྒྱུད་ཅེས་བྱ་བ་འབྲེལ་བའི་དོན།། ཕྱི་དང་ནང་དང་གསང་བ་དང། ། ལྟ་སྤྱོད་དཀྱིལ་འཁོར་དམ་ཚིག་དབང།། ལས་རིམས་འབྲེལ་བས་རྒྱུད་ཅེས་བྱ།། གཞི་དང་ཐབས་དང་འབྲས་བུའོ།། མ་མོ་ཞེས་བྱ་བའི་དོན་ཉིད་ནི།། ཆོས་དབྱིངས་སྐྱེ་བ་མེད་པ་ལ།། དབྱིངས་ཀྱི་མ་མོ་ཞེས་སུ་བཤད། ། སྣ་ཚོགས་ལོངས་སྐུ་རྫོགས་པ་ལ།། ཡེ་ཤེས་ཞེས་སུ་ཡང་དག་བཤད།། ཞི་རྒྱས་དབང་དྲག་སྐུ་ལ་རྫོགས།། འཕྲིན་ལས་སྣ་ཚོགས་མ་འགག་པས།། ཡུལ་དང་ལས་ཀྱི་མ་མོ་ཡིན།། ལས་རིམས་འབྲེལ་བའི་བཤད་པའི་དོན། ། བསྒྲལ་བ་དམིགས་ཀྱི་དམ་པ་ལ།། ལས་ཀྱི་ཟོར་ཐུན་བསྒྲུབ་པའི་ཕྱིར།། གནས་དང་ལས་ཀྱི་རིམ་པ་དང།། བསྐྱེད་ཅིང་རྩ་བའི་སྙིང་པོ་བོད།། ཐུགས་དམ་བསྐུལ་ཞིང་གྲུབ་རྟགས་བལྟ། ། མི་འགྱུར་རྩ་བའི་སྔགས་བསྟན་ཅིང།། བསྒྲུབ་དང་དམོད་པ་དྲག་སྔགས་བསྟན།། མཁའ་འགྲོ་གནད་ནས་བསྐུལ་བ་དང།། དྲག་པོ་ཐུན་གྱི་འཕྲིན་ལས་དང།། རྫས་བཞི་ཟོར་ཁ་བཞི་བསྒྲུབ་དང། ། ཁྲག་ལ་བསྒྲུབ་ཅིང་དུག་གིས་གསད།། ཀུན་གྱི་མཆོག་ཏུ་ཡང་སྙིང་བསྟན།། མ་མོའི་དམག་དཔུང་དབབ་པ་དང།། དབང་དང་དམ་ཚིག་བསྟན་པ་དང།། ཡན་ལག་འཕྲེང་བའི་རིམ་པར་བསྟན།། མཁའ་འགྲོ་རྣམ་བཞི་གསང་བའི་རྒྱུད། ། ངེས་པར་ཡང་དག་ངས་བཤད་ཀྱིས།། བདེ་བྱེད་ལྷ་མོ་ཡིད་ལ་ཟུང།། ཞེས་གསུངས་སོ།། ནག་མོ་རལ་པ་སྤྱི་བཅིངས་གསང་བའི་རྒྱུད་ཧེ་སྡུད་འབར་མ་ལས། གླེང་གཞིའི་རྟོག་པ་དང་པོའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་ཐུང་ཆེན་པོས། འཕྲིན་ལས་ཀྱི་རིམ་པ་གདུག་པ་སྔགས་ཀྱི་མཚོན་ཆ་རྣོ་དབལ་བཤད་པའི་ཕྱིར། བསྒྲལ་བའི་ཞིང་དུ་དམིགས་པ་འདི་དག་གསུངས་སོ། ། ཐོག་མར་ཤེས་བྱ་བློས་སྤྱངས་ཏེ། བླ་མེད་བྱང་ཆུབ་རྗེས་བསྒྲུབ་བས།། སངས་རྒྱས་བསྟན་པ་དམ་པ་ལ།། གནོད་པ་བསྒྲལ་བའི་ཞིང་བསྟན་པ།། ཉམས་པ་བསྒྲལ་བའི་ཞིང་བཅུ་ནི།། ཕ་མ་མཁན་པོ་སློབ་དཔོན་གསོད། ། རྡོ་རྗེ་ནང་གི་དམེ་བྱེད་པ།། སྲོག་ལ་ཉམས་པ་བསྒྲལ་བའི་ཞིང།། སློབ་དཔོན་བཀའ་བསླུས་དྲན་ཕྱར་སེམས།། སྔགས་དང་ཕྱག་རྒྱ་རྒྱུན་བཅད་ནས།། གསང་བའི་མན་ངག་སྤེལ་བ་ནི།། དོན་ལས་ཉམས་པས་སྒྲལ་བའི་ཞིང། ། སྐུ་མཚང་འབྲུ་དང་ཨ་ཀ་འདོན།། ཡང་དག་དོན་ལ་སྐུར་བ་འདེབས།། དོན་ལས་ཉམས་པས་བསྒྲལ་བའི་ཞིང།། བྱ་རུང་མི་རུང་སྣ་ཚོགས་བྱེད།། རྫས་དང་ལག་ཆ་མངོན་པར་སྟོན། ། སྦྱོར་སྒྲོལ་འཕྲིན་ལས་འཆོལ་བར་སྤྱོད།། དམ་ཉམས་དེ་ནི་བསྒྲལ་བའི་ཞིང།། ལྟ་བ་ཆོས་ཉིད་རྒྱབ་ཏུ་བོར།། ལོག་པའི་སྤྱོད་པ་མང་དུ་ལེན།། མན་ངག་དོན་རྟགས་ལོག་པར་གོ། ཕ་རོལ་དོན་ལ་ལོག་ཆོས་པའི། ། དོན་ནི་ཕྱི་ཅི་ལོག་ལ་མཁས།། བཀའ་གཞུང་བོར་ནས་ལོག་པར་བརྩོན།། དམ་ལས་ཉམས་པའི་བསྒྲལ་བའི་ཞིང།། སྐྱེ་གནས་བདག་དང་མི་གཅིག་པར།། སྔོན་གྱི་ཁོན་འགྲས་མེད་ཀྱང་ནི།། ཉེས་མེད་གཞན་ལ་གནད་དུ་འཛུགས། ། སྲོག་ལ་འཆིང་ཞིང་ལོག་ཚིག་སྨྲ།། རང་དོན་བོར་ནས་གཞན་ལ་རྐུ།། བདག་ལ་མཐུ་དང་རྩལ་འདེད་པ།། དབང་མེད་གནད་ལ་འཛུགས་པ་ནི།། ལས་ཀྱི་ཉམས་པ་བསྒྲལ་བའི་ཞིང། ། སློབ་དཔོན་གསང་ནས་རང་ཆེ་འབྱིན།། བཀའ་རྐུན་བྱས་ནས་གཞན་ལ་འཚོང།། དེ་ཡང་བསྒྲལ་བའི་ཞིང་ཡིན་ནོ།། དགེ་འདུན་སྔགས་སྡེའི་དབྱེན་བྱེད་ཅིང།། སྔགས་ཀྱི་བསྟན་པ་ནུབ་པ་དང།། སྦྱོར་བ་སྔགས་ཀྱི་མཐུ་བཟློག་མཁན། ། ཨུར་མོ་འདྲོལ་བའི་བར་དུ་འཇུག། ཉམས་པ་ཆེན་པོ་བསྒྲལ་བའི་ཞིང།། གཉིས་མེད་དོན་ལ་ཕྱག་ཆར་འཛིན།། ཐུགས་དམ་ཅན་གྱི་བསམ་གཏན་དཀྲུག། ང་ནི་མཐུ་དང་རྩལ་ཆེ་ཟེར། ། གཞན་ལ་ཁྲོ་ཞིང་གནད་དུ་འཛུགས།། མཚམས་མས་ཉམས་པས་བསྒྲལ་བའི་ཞིང།། གཉན་པས་གོ་ཞིང་རྟོག་མེད་པར།། མཐུ་ཆེན་བཙན་པར་འདོད་པ་ཡིས།། ལས་ཀྱི་གཙོ་རུ་མཚན་མ་སྤྱོད།། ལས་ཐོད་ཁུར་ནས་དམར་སྣོད་བཏགས། ། འདོད་པའི་ནོར་གྱིས་སྙིང་བྲུས་ནས།། གསོད་པར་ཤེས་ཀྱང་འདོད་པས་བརྒྱལ།། གོང་དུ་ཕུང་ཡང་སྔགས་པ་འཇོམས།། དུག་ཏུ་ཤེས་ཀྱང་ལྟོ་རུ་ཟ།། གཉན་ཞིང་བཙུན་ཡང་ཐབས་ཀྱིས་སྨོད། ། ཐོབ་ཏུ་འདོད་ན་གསང་སྔགས་རྐུ།། བཟའ་རུ་འདོད་ན་རྣལ་འབྱོར་ཟ།། ཟས་སུ་བསྒྲུབ་པའི་ལོངས་སྤྱོད་ཟ།། འདོད་པས་ཉམས་པས་བསྒྲལ་པའི་ཞིང།། བསྒྲལ་བའི་ཞིང་ནི་ཉམས་པ་བཅུ།། དབེན་རིས་འཇོམས་ཤིང་རྣལ་འབྱོར་འཚེ། ། སངས་རྒྱས་བསྟན་པ་སྣུབ་པ་ཀུན།། ཏིང་འཛིན་སྔགས་དང་སྦྱོར་ཀ་བསྒྲལ།། དེས་ཀྱང་གསོད་པར་མ་གྱུར་ན།། སྦྱོར་བ་རྫས་ཀྱིས་བསྒྲལ་བ་དང།། མཚོན་ཆ་རྣོན་པོས་བསྒྲལ་ཀྱང་ནི། ། དེ་དག་བསྒྲལ་ན་རྣལ་འབྱོར་བཙུན།། བདུད་རྣམས་བཏུལ་བས་བསྟན་པ་འཕེལ།། གནོད་བྱེད་བསྒྲལ་བས་བར་ཆད་ཉུང།། དེ་དག་མ་བསྒྲལ་དམྱལ་ཁམས་འཕེལ།། གཞུང་བསྲོང་རྣལ་འབྱོར་སྒྱིད་ལུག་ནས། ། གསང་སྔགས་ཐེག་པའི་ཆོས་སྒོ་འགག། ནག་པོའི་ཕྱོགས་ཀྱི་བདུད་རྣམས་ཀྱང། གཟེངས་མཐོ་བསྟན་པའི་བར་དུ་གཅོད།། ཕྱིན་ཅི་ལོག་གི་བསྟན་པ་འཕེལ།། དེ་ནས་བསྒྲལ་བའི་དམིགས་སུ་བཤད། ། ཅེས་གསུངས་སོ།། ནག་མོ་རལ་པ་གཅིག་པའི་འཕྲིན་ལས་གསང་བའི་རྒྱུད་ཧེ་སྡུད་འབར་མ་ལས། བསྒྲལ་བ་དམིགས་བརྟགས་པའི་རྟོག་པ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་དཔལ་གྱིས། འཕྲིན་ལས་ཀྱི་བདག་མོ་མཁའ་འགྲོ་མ་བཞིན་དུ་བསྒྲུབ་པའི་ཐབས་འདི་གསུངས་སོ།། དུར་ཁྲོད་ཆེན་པོའི་གནས་དག་གམ།། རྫ་དྲུང་དམར་ནག་འཇིགས་པ་འམ།། དམར་ནག་བྲག་རི་རྩི་ཤིང་ཅན། ། ཡང་ན་བྲག་དམར་ཆོས་བཟངས་འདྲ།། ཤིན་ཏུ་དབེན་བའི་གནས་སུ་བསྒྲུབ།། དམ་ཚིག་བདག་མོ་ཡིན་པས་ན།། ཡི་དམ་བསྒོམ་ཞིང་བླ་མ་མཆོད།། བདུན་དང་བཅུ་བཞི་ཉི་ཤུ་གཅིག། དམ་ཚིག་དབང་གི་ལས་ལ་བྱོན། ། མ་ཉེས་དབང་གཟུགས་གསེར་སྐྱེམས་གཏང།། དུར་ཁྲོད་ས་ལ་མཎྜལ་བརྩིགས།། དམར་ནག་གྲུ་གསུམ་མདའ་གང་ལ།། དབུབ་ནས་བཞི་ལྡན་མེ་རི་འབར།། ཟླ་གམ་དམར་པོ་མུ་ཁྱུད་དཀར།། གྲུ་ཆད་ཁྲག་མཚོའི་སྒོ་བཞི་མཛེས། ། མཐའ་མ་དམར་ནག་མེ་རིས་བརྒྱན།། ཁང་བུ་གྲུ་གསུམ་དེ་དག་ཏུ།། ཛ་བཞི་རྩ་བའི་སྙིང་པོ་བྲི།། ཞི་བ་ཁྱམས་ལ་འཁོར་གྱི་སྔགས།། ནག་མོ་འབུམ་ཕྲག་རྫོགས་པར་བྲི།། ཁང་པ་ཟུར་གསུམ་ལྕགས་ཕུར་གསུམ། ། སྙིང་གསུམ་ལྡན་པའི་དགོད་པར་བྱ།། ཐོད་པ་ཇ་རིལ་དག་ཏུ་ཡང།། རཀྟ་དིར་བུ་གསུམ་ཡང་དགྲམ།། བྱ་ནག་མཁའ་ལྡིང་དར་ལྕེས་བརྒྱན།། ཤེལ་ནག་དུང་གི་ཐིག་ལེས་བརྒྱན། ། ནམ་གྱི་གུང་རེས་བསྟན་བྱ་ཞིང།། ཞག་ལྔའི་ནུབ་མོ་ཐུགས་དམ་བསྐང།། ཤེལ་ནག་བསྒྲལ་བའི་ཙིཏྟ་ཡང།། དམ་དུ་བཅས་ལ་རྟ་རུ་བཟུང།། རྣལ་འབྱོར་ཏིང་འཛིན་ལྡན་པས་བསྒྲུབ།། གདུང་བའི་དབྱངས་ལ་མ་མོ་བསྟེན། ། སྦོས་ཆེན་དུ་བ་རྒྱུན་མི་བཅད།། ཚིལ་ཆེན་མར་མེ་རྒྱུན་དུ་བཏང།། ཐོད་པའི་རྔ་བརྡུང་རྐང་གླིང་འབུད།། མེ་ཏོག་སྣ་ཚོགས་མདངས་ཀྱིས་བསྐང།། བསྐང་དང་བཤགས་པ་རྒྱུན་དུ་བྱ།། ཛ་བཞི་བོད་པའི་གསང་སྔགས་ཀྱང། ། སྨྲ་བ་བཅད་དེ་མཚན་མོ་བཟླས། རཀྟ་དམར་ཆེན་བརླབ་བྱ་ཞིང།། མིང་ནས་བོད་དང་བསྐང་གསོ་བྱ།། དམར་གྱི་གཏོར་མ་ཆ་རེ་ལ།། མཁན་རྒྱས་གནད་ནས་བསྐུལ་བྱ་ཞིང། ། སྲོད་དང་ཐོ་རངས་རྒྱུན་དུ་བཏང།། དུས་བཞིའི་རྒྱལ་མོས་ལས་ལ་བསྐུལ།། མིང་རུས་གཟུགས་སུ་བཅས་པ་ཡང།། ཁང་བ་གྲུ་གསུམ་ནང་དུ་གཞུག། ལས་ཀྱི་བྱ་བ་རྫོགས་པ་དང།། ཏིང་ངེ་འཛིན་ལ་རབ་ཏུ་འཇུག། མི་རྟོག་བདེ་ཆེན་མཉམ་པའི་སྐུ།། སྤྲོས་བྲལ་དེ་ཉིད་མཉམ་པའི་ངང།། སྣང་མེད་དབྱིངས་ལས་ཁྱབ་པའོ།། སྣང་སྲིད་མ་ལུས་སྒྱུ་མའི་ངང།། སྙིང་རྗེ་ཆེན་པོ་བྱམས་དང་ལྡན།། ནམ་མཁའི་གཟུགས་བརྙན་ཆུ་ཟླ་འདྲ། ། སྐྱེ་བ་མེད་པའི་སེམས་ཉིད་ནི།། སྐྱེ་བའི་ཆོ་འཕྲུལ་མཐིང་ནག་འབར།། དེ་ལ་སེམས་ཀྱི་འབྲས་བུ་གཟུངས།། མཐིང་ནག་གྲུ་གསུམ་ནམ་མཁའ་ལ།། རྒྱ་གྲམ་རླུང་གི་དཀྱིལ་འཁོར་གཏམས། ། རཀྟ་དམར་གྱི་རྒྱ་མཚོ་འཁྲུག། མཆོག་ཕྲན་ས་གཞི་ཀེང་རུས་གཏམས།། བསྐལ་པའི་མེ་དཔུང་འབར་བའི་ཀློང།། གྲུ་གསུམ་མཐིང་ནག་ཨེ་ཀློང་དུ།། སྲོག་གི་སྙིང་པོ་རྒྱུད་དང་འབྲས།། ཨོཾ་རུ་རུ་རུ་རུ། རོ་ཧཱུཾ་རོ་ཧཱུཾ། མ་ཧཱུཾ་ཧཱུཾ། ཙ་ཙ་མ་མ། བྷྱོ་བྷྱོ་བྷྱོ་བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི།། སྐུ་མདོག་མཐིང་ནག་འབར་བ་ལ།། སྤུ་གྲི་གཡས་ལ་ཐོད་ཁྲག་གཡོན།། ཆིབས་སུ་དྲེ་རྟ་རྐང་གསུམ་བཅིབས།། ཞལ་དང་ཤངས་ཀྱི་རླངས་པ་ལས། ། བུད་མེད་ནག་མོ་འབུམ་ཕྲག་འགྱེད།། དཔལ་ལྡན་སྨུག་ནག་རེ་མ་ཏི།། སྐུ་མདོག་སྨུག་ནག་འབར་བ་ལ། ལྕགས་ཀྱུ་གཡས་ལ་ཐོད་ཁྲག་གཡོན།། ཆིབས་སུ་ཆུ་གླང་སྔོན་པོ་ཆིབས།། ཞལ་དང་ཤངས་ཀྱི་རླངས་པ་ལས། ། བུད་མེད་སྨུག་ནག་འབུམ་ཕྲག་འགྱེད།། སྨུག་མོ་འབུམ་གྱི་དབུས་སུ་བསམ།། དཔལ་ལྡན་སེར་མོ་མེ་མ་ཛ།། སྐུ་མདོག་སེར་ནག་འབར་བ་ལ།། ཟོར་བ་གཡས་ལ་ཐོད་ཁྲག་གཡོན།། ཆིབས་སུ་ཤ་བ་ཡུ་ཆུང་ཆིབས། ། ཞལ་དང་ཤངས་ཀྱི་རླངས་པ་ལས།། བུད་མེད་སེར་ནག་འབུམ་ཕྲག་འཕྲོ།། སེར་ནག་འབུམ་གྱི་དབུས་སུ་བསམ།། དཔལ་ལྡན་ནག་མོ་རེ་མ་ཛུ།། སྐུ་མདོག་ལྗང་ནག་འབར་བ་ལ།། ཁྲམ་བམ་གཡས་ལ་ཐོད་ཁྲག་གཡོན། ། ཆིབས་སུ་རྔ་མོ་རླུང་ལ་ཆིབས།། ཞལ་དང་ཤངས་ཀྱི་རླངས་པ་ལས།། བུད་མེད་དཀར་མོ་འབུམ་ཕྲག་འཕྲོ།། དཀར་མོ་འབུམ་གྱི་དབུས་སུ་བསམ།། བུད་མེད་ནག་མོ་འབུམ་གྱི་ཚོགས། ། ནད་དང་རིམས་ཀྱི་བདག་མོ་སྟེ།། རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས།། ནག་མོ་ཐོད་པའི་ཁྲག་སྤྱོ་མ།། སྲོག་དབུགས་ཀུན་གྱི་བདག་མོ་སྟེ།། ཧཱུཾ་མ་མོ་ནག་མོ་བྷྱོ་བྷྱོ། ཧཱུཾ་བྷྱོ་བྷྱོ་བྷྱོ་བྷྱོ། མཁའ་དབྱིངས་ཀློང་ཡངས་བརྡལ་བ་ཡི། ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ།། གྲུ་གསུམ་ཨེ་ཡི་ཕོ་བྲང་ནས།། ནད་ཀྱི་བདག་མོ་སྤྱན་དྲངས་ལ།། དམ་རྫས་དབུལ་ཞིང་འཕྲིན་ལས་བཅོལ།། དེ་ནས་སྲོག་གི་སྙིང་པོ་དྲང།། ཨོཾ་ཏདྱ་ཐཱ། ད་རུ་རོ་འགོ་དེ་སྭཱཧཱ། བ་ཏི་སི་རུ་རུ་བེ་སྭཱཧཱ། རྩ་བའི་སྙིང་པོ་ལུས་ཀྱི་ཚུལ།། དེ་ནས་བཅོམ་ལྡན་འདས་ཀྱིས་དམ་ཚིག་སྲོག་གི་སྙིང་པོ་བཞིས་འབོད་ཅིང་བསྙེན་པའི་སྔགས་འདི་གསུངས་སོ། ཨོཾ་ཏདྱ་ཐཱ། ཏྲག་རག་ཤ་རུ་པི་ནན་མུགས་ཏི་བཾ་རུ་ལུ་རུ་ལུ་ཛ་ཛ། ཨོཾ་པདྨ་ར་ཏི་རེ་མ་ཏི་ཙིཏྟ་རུ་ལུ་རུ་ལུ་ཛ་ཛ། ཨོཾ་རུ་ལུ་ཀོ་ཧཱུཾ་མེ་སེན་མེ་ན་ནན་ཛཱ་ཛཱ། ཨོཾ་ཨུ་སྟི་དུ་རུ་དུ་རུ་ཚལ་པ་མེ་ཛཱ་ཛཱ། མ་མོ་ཐུགས་ཁར་མ་ཉིད་ལས།། འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། ། སྲོག་རྩ་འགུགས་པའི་འཕྲེང་བ་བསྐོར།། དམ་ཚིག་བདག་མོ་ལས་ལ་བྱོན།། དེ་ཚེ་གྲུབ་རྟགས་མངོན་དུ་སྟེར།། མ་དང་སྲིང་མོ་གྲོགས་མོ་དང།། གནག་དང་རྒྱ་མཚོ་འཁྱིལ་བ་དང། ། མོན་མོ་བཙུན་མོ་ན་ཆུང་མ།། རྒྱན་ལྡན་མཛེས་པས་ཡིད་འོང་བྱེད།། རླུང་ཚུབ་ཁ་བ་འབྲུག་དང་སྒྲ།། ཐོག་སེར་ལ་སོགས་འབྱུང་བར་བྱེད།། དེ་ལ་ཚད་མའི་རྟགས་བཟུང་བ།། གྲུབ་རྟགས་བསྟན་པ་འདི་ལྟ་སྟེ། ། དངོས་སུ་སྟོན་དང་མུན་ནག་དང།། ཉམས་དགའ་བྱིན་ཆེ་ཤེས་པ་བསྟན།། དམ་རྫས་འཕེལ་གྱི་ན་ལུད་པའོ།། དངོས་གྲུབ་བླང་ཞིང་འཕྲིན་ལས་བརྩམས།། གཏོར་མ་གཏང་ཞིང་འཕྲིན་ལ་བཅོལ།། ཉམས་འཇིགས་བྱིང་ཞིང་སེང་བོར་བྱེད། ། མེ་ཐུམ་མཐོ་དང་འོད་དཀར་དང།། གཉིད་བྲོ་བྱིང་ཞིང་སྐྱོ་བ་དང།། ཁྱིམ་དུ་འགྲོ་སྙིང་འདོད་པ་ནི།། མ་མོ་མ་གྲུབ་པ་ཡི་རྟགས།། དེ་ལ་ཤེལ་ནག་མཁའ་ལྡིང་གིས།། བསྐང་ཞིང་བསྙེན་པ་གནད་ལ་དབབ། ། མ་དང་སྲིང་མོ་བྲན་མོ་དང།། དམ་ཆ་ཕྱག་འཚལ་བསྒོ་བ་ཉན།། དྲེའུ་དང་བོང་བུ་འོང་བ་ནི།། མ་མོ་དབང་དུ་འདུས་པ་ཡིན།། དམ་རྫས་བྱིན་ལ་ལས་ལ་སྤྱར།། མ་མོ་མི་བསྲུན་རལ་པ་ཅན། ། མདོག་ནི་སྡུག་ཅིང་ཁྲོ་བ་དང།། ཛོ་མོར་འོང་དང་ཆུང་མར་འོང།། གཅན་གཟན་འོང་ན་གྲུབ་ཀྱང་ནི།། མ་མོ་དབང་དུ་མ་འདུས་པས།། ལྟ་བ་གྱབ་དང་གཉེན་པོ་སྟོབས།། མ་མོ་དབང་དུ་བསྡུ་བར་བྱ།། བུད་མེད་ནང་འཐབ་བྱེད་པ་དང། ། བྱ་ནག་འཐབ་དང་དུ་བ་ལྷགས།། མཚོན་ཆའི་ཆར་པ་དབབ་པ་དང།། མེ་ཏོག་ཆར་པ་འབེབས་པ་དང།། ཁྲག་གི་ན་བུན་བྱུང་བ་ན།། མ་མོ་འཁྲུག་པའི་རྟགས་ཡིན་ཏེ།། མ་ཏྲང་བཞི་བསྣོལ་མདོས་བཞི་ལ། ། རིགས་ཀྱི་གཙོ་མོ་བཞི་ཡི་རྫས།། བསགས་ཏེ་ཐུགས་དམ་མདོས་ཀྱིས་བསྐང།། ལྟོ་བཀྲེས་ཁ་སྤྱལ་དུ་བྲཽ་ཞིང།། འགྲོ་སྙིང་འདོད་དང་སྙིང་མི་དགའ།། ཆ་ལུགས་སྟོན་དང་མཚན་མ་སྟོན། ། དབང་རྟགས་སྟོན་དང་དུ་བ་ལྷགས།། མ་མོ་ལོག་པའི་རྟགས་ཡིན་པས།། ཚོགས་དང་དམ་རྫས་རྣམས་ཀྱིས་བསྐང།། རྟགས་ཀྱི་རྣམ་པ་གང་ལ་ཡང།། རེ་དང་དགའ་དང་འཇིགས་པ་ཡང།། ངན་པས་སེམས་ནི་མ་བསླད་པར། ། རེ་དང་དགའ་དང་འཇིགས་པ་སྤང།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། མཁའ་འགྲོ་མ་བཞི་གནད་ལ་བསྐུལ་ཞིང་ཕོ་ཉར་གཏང་བ་དང། བསྐང་བའི་ལས་བྱ་བ་དང། དམ་རྫས་བྱིན་ཏེ་སྲུང་མར་མངའ་གསོལ་བ་དང། ལས་ཐམས་ཅད་ཀྱི་མངག་པར་ཐུགས་དམ་བསྐུལ་བ་འདི་དག་གསུངས་སོ།། ནམ་མཁའ་ཁམས་ཀྱི་དབྱིངས་ཕྱུག་མ།། གནམ་ཕྱེད་སྟེང་ནས་གོན་པས་སྦྱི་བོ་ཟངས་སེ་ཟངས། ། ས་ཕྱེད་གདན་དུ་བཏིང་ཡང་རྐང་མཐིལ་སྟོང་བར་ལས།། ཁྲུ་གང་ཙམ་གྱི་གནམ་མ་བསླེབས།། ཆགས་གང་གྱིས་ཙམ་སམ་བསླེབས།། རལ་པ་ཕྱེད་ཀྱིས་གནམ་ཁབས་མ།། རལ་པ་ཕྱེད་ཀྱི་ས་ཁབས་མ། ། རལ་པའི་ཟེར་ལ་སྐར་འཕྲུལ་མ།། ཁྲག་དང་ཞག་གི་ཐིག་ལེས་མཚན།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། དེ་ཡི་བཀའ་ཉན་གསུང་སྡོད་ནི།། ནམ་མཁའ་ཁམས་ཀྱི་དཔལ་མོ་བཙན།། ཆིབས་སུ་འབྲུག་མོ་འཚམས་ལ་ཆིབས། ། རོལ་དུ་གློག་མོ་འགྱུར་ལ་རོལ།། སྤྱན་ནས་ཁྲག་འཛག་རྒྱ་མཚོར་འཁྱིལ།། ཤངས་ནས་རླུང་འབྱུང་སྲིད་གསུམ་འགེངས།། ཞལ་ནས་ཧུས་བཏབས་སྲིད་གསུམ་སྐེམས།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། ། དེ་ཡི་བཀའ་ཉན་ཕོ་ཉ་ནི།། ནམ་མཁའ་ཁམས་ཀྱི་པ་རྣ་ཤ་བ་རི།། སྐུ་ལ་ཤ་ཐུལ་མཉེན་མོ་གསོལ།། ཕྱག་ན་ཞགས་འདོམ་དགུ་བརྒྱ་དགུ་བཅུ་བསྣམས།། ཆིབས་སུ་ཤ་བ་ཡུ་ཆུང་ཆིབས།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། ། དེ་ཡི་བཀའ་ཉན་གསུང་སྡོད་ནི།། ནམ་གྱི་གུང་ལ་རྒྱུ་ཞིང་དགྲ་ཡི་སྙིང།། འཇིབ་ཅིང་གསོལ་བའི་ལྷོ་མོ་ནམ་གྲུ་མ། ཆིབས་སུ་སྤྱན་རྣོ་འུག་པ་ཆིབས།། ཕྱག་ན་ཁྲག་སྐམ་ལྕགས་ཀྱུ་བསྣམས། ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། དེ་ཡི་བཀའ་ཉན་གསུང་སྡོད་ནི།། བར་སྣང་ཁམས་ཀྱི་གཟི་འཕྲེང་མ།། མཛེས་པའི་སྐུ་ལ་གཟི་ཡི་ཐུལ་པ་གསོལ།། ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབས།། ཕྱག་ན་གཟི་ཡི་ཁྲམ་བམ་བསྣམས། ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། དེ་ཡི་བཀའ་ཉན་གསུང་སྡོད་ནི།། བར་སྣང་ཁམས་ཀྱི་དབང་ཕྱུག་མ།། ཆིབས་སུ་རླུང་དང་བུ་ཡུག་ཆིབས།། ཕྱག་ན་ཁ་ཆར་སེར་བ་བསྣམས།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། ། དེ་ཡི་བཀའ་ཉན་གསུང་སྡོད་ནི།། བར་སྣང་ཁམས་ཀྱི་གློག་མ་སྲིན།། ཆིབས་སུ་སྟག་མོ་གྲུས་མ་ཆིབས།། ཕྱག་ན་གཡུ་ཡི་ཞགས་པ་སྔོན་པོ་བསྣམས།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། ། དེ་ཡི་བཀའ་ཉན་གསུང་སྡོད་ནི།། དཔལ་ལྡན་ནག་མོ་རེ་མ་ཏི།། སྐུ་སྟོད་རེ་ལྡེ་ནག་པོ་གསོལ།། སྐུ་སྨད་དྲེད་ཀྱི་པགས་པ་གསོལ།། ཆིབས་སུ་ཏྲེ་རྟ་ནག་པོ་ཆིབས།། སྲིན་པོའི་ཡ་མགལ་སྔ་རུ་བགྱིས།། སྲིན་པོའི་མ་མགལ་ཕྱི་རུ་བགྱིས། ། སྲིན་པོའི་པགས་བས་སྒ་གཡོག་བགྱིས།། སྦྲུལ་ནག་འཁྲིལ་བས་གོང་རྨེད་བགྱིས།། དེ་ལྟ་བུ་ཡི་ཆིབས་ལ་ཆིབས།། ཕྱག་མ་གཡས་ན་བདུད་ཀྱི་ཁྲམ་བམ་བསྣམས། སྔགས་འཆང་བདག་གི་དགྲ་བོ་འདི། ། ཁྲམ་ལ་གདབ་པའི་དུས་ལ་བབ།། ཕྱག་ན་གཡོན་ན་ནད་ཀྱི་རྐྱལ་བ་ཐོགས།། སྔགས་འཆང་བདག་གི་དགྲ་བོ་ལ།། མི་ནད་ཁྲག་ནད་རླངས་ཐབས་བཏང་དུ་གསོལ།། འཕོངས་ན་མཚོན་གྱི་གྲུ་གུ་བསྣམས། ། མཚོན་ནད་ཁྲག་ཏུ་སྐྱུག་ཏུ་ཆུག། གོང་ན་ཤོད་ཀྱི་སྡེའུ་ཅུང་བསྣམས།། དགྲ་བོ་ཤོད་ལ་བོར་དུ་གསོལ།། ཁྱོདཀྱི་ཐུགས་དམ་དུས་ལ་བབ།། དེ་ཡི་བཀའ་ཉན་གསུང་སྡོད་ནི།། དཔལ་ལྡན་ནག་མོ་རེ་མ་ཏི། ། ན་བཟའ་སྨུག་ནག་གཏིབས་པ་གསོལ།། མེ་སྟག་སྟོང་གི་ཆ་གས་བསྐོར།། ཆིབས་སུ་ཀླུ་གླང་ནག་པོ་ཆིབས།། རྒྱུག་ནི་དུར་ཁྲོད་ཀློང་ན་རྒྱུག། ལེན་ནི་སྤྱུགས་པའི་གླུ་རྒྱངས་ལེན།། འབེབས་མིན་ལྟས་ངན་སྣ་ཚོགས་འབེབས། ། ཟ་ནི་མི་ཤ་རློན་པ་ཟ།། འགེངས་ནི་གྲགས་པས་སྟོང་གསུམ་འགེངས།། འཐུང་ནི་རྟ་ཁྲག་རློན་པ་འཐུང།། བཞིན་ནི་མིག་རྩ་དམར་པོར་སྟོན།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། ། མིང་དགུ་བོས་ཀྱང་རེ་མ་ཏི།། མཁན་རྒྱས་བསྐུལ་ཀྱང་རེ་མ་ཏི།། ནད་བདག་མོ་ཡི་དུས་ལ་བབ།། ཅེས་ཆེད་དུ་གསུངས་སོ།། ནག་མོ་རལ་པ་སྤྱི་བཅིངས་གསང་བའི་རྒྱུད་ལས། རེ་མ་ཏི་མཆེད་བཞི་བསྒྲུབ་ཅིང་ཐུགས་དམ་བསྐུལ་བའི་རྟོག་པ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་གིས། སྣང་སྲིད་མ་མོ་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་དེ་ཁོ་ན། མཁའ་འགྲོ་མ་བཞི་ཡི་རྩ་སྔགས་སུ་བཏུས་ཏེ་གསུངས་སོ། ། ནག་མོ་ཚོགས་ཀྱི་གཙོ་མོ་ཡི།། སྲོག་གི་སྙིང་པོ་བཏུ་བྱ་བ།། རྒྱུ་རྐྱེན་གཉིས་ལ་ཡིག་འབྲུར་ཤར།། མིང་དང་དབྱངས་ཀྱི་སྡེ་ལས་བཏུས།། རྣམ་པར་སྣང་མཛད་དབུ་རུ་གཞག། དགུ་ཡི་གསུམ་པའི་དང་པོ་ལ། ། གསུམ་པའི་གསུམ་གྱིས་རབ་ཏུ་སྤྲས།། དྲུག་པའི་དང་པོ་གྲལ་ལ་བཞག། དེ་འོག་གསུམ་པའི་གཉིས་པའོ།། དེའི་འོག་གསུམ་པའི་དང་པོ་ལ། འོག་ཏུ་དྲུག་པའི་གསུམ་པས་བརྒྱན།། དང་པོའི་གསུམ་པས་སྤྲས་པའོ། ། དྲུག་པ་ཡི་ནི་གསུམ་པ་ལ།། དང་པོའི་ཡི་ནི་གསུམ་པས་སྤྲས།། དེ་འོག་བདུན་པའི་དང་པོ་གཞག། དྲུག་པའི་གསུམ་པ་དག་ལ་ནི།། འོག་ཏུ་དབྱངས་ཀྱི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་དང་པོ་ལ།། དབྱངས་ཀྱི་བདུན་པས་སྟེང་དུ་བརྒྱན། ། གསུམ་པའི་ལྔ་པ་གཉིས་སུ་ལྡན།། ལྔ་པའི་ལྔ་པ་དག་ལ་ནི།། འོག་ཏུ་དབྱངས་ཀྱི་ལྔ་པས་བརྒྱན།། དང་པོ་ཡི་ནི་གསུམ་པ་དང།། བདུན་པའི་གསུམ་པ་གྲལ་གཅིག་བཞག། བདུན་པ་ཡི་ནི་གསུམ་པ་ལ། ། འོག་ཏུ་གསུམ་པའི་དང་པོས་བརྒྱན།། སྟེང་དུ་དབྱངས་ཀྱི་བདུན་པས་སྤྲས།། དྲུག་པའི་གཉིས་པའི་སྟེང་དུ་ཡང།། ལྔ་པ་ཡི་ནི་ལྔ་པ་བཞག། དྲུག་པ་ཡི་ནི་གསུམ་པ་ལ།། འོག་ཏུ་དབྱངས་ཀྱི་ལྔ་པས་བརྒྱན། ། དེ་འོག་དྲུག་པའི་བཞི་པ་ལ།། དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན།། དེ་འོག་ཏུ་ཡང་དེ་བཞིན་ནོ།། དེ་འོག་གཉིས་པའི་གསུམ་པ་གཉིས།། འགུག་པར་བྱེད་པའི་ལྕགས་ཀྱུའོ།། དགྲ་བོའི་སྙིང་ལོ་བྷྱོ་བྷྱོ་ཞེས་བཏགས་ན། ། རྦད་ཅིང་བསྒྲུབ་པའི་སྔགས་སུ་བསྟན།། ནག་མོ་འབུམ་གྱི་གཙོ་མོ་ཡི།། གསང་སྔགས་སྙིང་པོ་དེ་དག་གོ། དབུ་ལ་རྣམ་པར་སྣང་མཛད་དེ།། ལྔ་པ་ཡི་ནི་དང་པོ་ལ།། གསུམ་པའི་གསུམ་པས་གྲལ་དུ་བརྒྱན། ། དེ་འོག་ལྔ་པའི་ལྔ་པའོ།། དེ་འོག་དྲུག་པའི་གསུམ་པས་ཏེ།། གསུམ་པ་ཡི་ནི་དང་པོ་ལ།། དབྱངས་ཀྱི་གསུམ་པས་སྟེང་དུ་བརྒྱན།། དྲུག་པའི་གསུམ་པའི་འོག་ཏུ་ཡང།། དབྱངས་ཀྱི་ལྔ་པས་བརྒྱན་པའོ།། དེ་འོག་གསུམ་པ་ཡི་དང་པོ་ལ།། དབྱངས་ཀྱི་བདུན་པས་སྟེང་དུ་བརྒྱན།། དྲུག་པའི་གསུམ་པ་དེ་དག་སྟེ།། དབྱངས་ཀྱི་བཅུ་གཅིག་རབ་ཏུ་བརྒྱན།། དེ་འོག་ལྔ་པའི་ལྔ་པའོ།། གསུམ་པ་ཡི་ནི་དང་པོ་ལ། ། སྟེང་དུ་དབྱངས་ཀྱི་གསུམ་པས་བརྒྱན།། གཉིས་པ་ཡི་ནི་དང་པོ་ལ།། སྟེང་དུ་དབྱངས་ཀྱི་གསུམ་པའོ།། གསུམ་པའི་དང་པོ་དེ་བཞིན་ཏེ།། གཉིས་པའི་དང་པོ་སྟེང་དུ་ཡང།། དབྱངས་ཀྱི་གསུམ་པས་བརྒྱན་པའོ། ། དྲུག་པ་དག་ནི་གསུམ་པ་ལ།། འོག་ཏུ་དབྱངས་ཀྱི་གསུམ་པས་བརྒྱན།། དྲུག་པའི་བཞི་པ་དག་ལ་ཡང།། འོག་ཏུ་དབྱངས་ཡིག་ལྔ་ལྡན་པའོ།། གཉིས་པའི་གསུམ་པ་གཉིས་སུ་སྟེ།། ལྕགས་ཀྱུ་སྲོག་གི་དེ་ཉིད་དོ། ། དགྲ་སྙིང་དག་ལ་དུན་བྷྱོ་བྷྱོ།། བཏགས་ན་བསྒྲུབ་ཅིང་རྦད་པའོ།། དེ་དག་སྨུག་མོའི་གཙོ་མོ་ཡི།། གསང་སྔགས་ནོར་བུའི་འཕྲེང་བའོ།། རྣམ་པར་སྣང་མཛད་དེ་བཞིན་དབུར།། དྲུག་པ་ཡི་ནི་གསུམ་པ་ལ།། འོག་ཏུ་དབྱངས་ཀྱི་ལྔ་ཡིས་བརྒྱན། ། དྲུག་པོ་བཞི་པའི་འོག་ཏུ་ཡང།། དབྱངས་ཀྱི་ལྔ་པས་བརྒྱན་པ་སྟེ།། དང་པོ་ཡི་ནི་དང་པོ་ལ།། དབྱངས་ཀྱི་བཅུ་གསུམ་སྟེང་དུ་བརྒྱན།། གྲལ་དུ་སྡུད་པ་ལྔ་པའོ།། ལྔ་པའི་ལྔ་པ་དེ་བཞིན་ཏེ། ། བདུན་པའི་གསུམ་པའི་སྟེང་དུ་ཡང།། དབྱངས་ཀྱི་བཅུ་གཅིག་བརྒྱན་པའོ།། གྲལ་དུ་གསུམ་པའི་ལྔ་པ་བཞག། གསུམ་པའི་ལྔ་པ་གཉིས་གྲལ་གཅིག། གཉིས་པའི་གསུམ་པ་གཉིས་གཉིས་ཏེ།། བསྙེན་ཅིང་བོད་པའི་ལྕགས་ཀྱུའོ། ། རུ་ལུ་རུ་ལུ་དགྲ་སྙིང་ལ།། བྷྱོ་བྷྱོ་བཏགས་ན་བསྒྲུབ་པ་སྟེ།། སེར་མོའི་གཙོ་མོ་སྔགས་བཤད་པའོ།། དབུ་ལ་རྣམ་པར་སྣང་མཛད་དོ།། དེ་འོག་དབྱངས་ཀྱི་དྲུག་པ་ལ།། སྟེང་དུ་ལྔ་པའི་ལྔ་པས་བརྒྱན། ། བདུན་པ་ཡི་ནི་གསུམ་པ་ལ།། འོག་ཏུ་གསུམ་པའི་དང་པོས་བརྒྱན།། སྟེང་དུ་དབྱངས་ཀྱི་གསུམ་པས་བརྒྱན།། གསུམ་པ་ཡི་ནི་གསུམ་པ་ལ།། འོག་ཏུ་ཨ་ལི་ལྔ་པས་ཏེ།། དྲུག་པ་ཡང་ནི་གསུམ་པ་ལ། ། ཨ་ལེ་ལྔ་པ་འོག་ཏུ་ལྡན།། གསུམ་པ་ཡི་ནི་གསུམ་པ་ལ།། ཨ་ལི་ལྔ་པ་འོག་ཏུའོ།། དྲུག་པའི་གསུམ་པའི་འོག་ཏུ་ཡང།། ཨ་ལི་ལྔ་པ་དེ་བཞིན་ནོ།། གཉིས་པ་ཡི་ནི་གཉིས་པ་ལ།། དྲུག་པའི་བཞི་པ་གྲལ་ལ་བཞག། དེ་འོག་ལྔ་པའི་དང་པོས་ཏེ།། ལྔ་པའི་ལྔ་པ་སྟེང་དུ་ཡང།། ཨ་ལི་བཅུ་གཅིག་པ་ཡིས་བརྒྱན།། གཉིས་པའི་གསུམ་པ་གཉིས་བཞག་པའོ།། དེ་དག་འབོད་པའི་ཡི་གེ་སྟེ།། རུ་ལུ་རུ་ལུས་དགྲ་སྙིང་ལ།། བྷྱོ་བྷྱོ་བཏགས་ན་བསྒྲུབ་པའོ། ། དཀར་མོའི་གཙོ་མོ་སྔགས་བཏུ་བའོ།། རྩ་བའི་གསང་སྔགས་འདི་དག་ནི།། རྒྱུན་དུ་རྣལ་འབྱོར་བྱས་པ་ན།། དགྲ་བརྒྱ་ཡོད་ཀྱང་ནུབ་རེ་ལ།། སྙིང་བརྒྱ་ཕྱུང་ནས་བདག་ལ་སྟོབས། ། བགེགས་རིགས་སྟོང་ཕྲག་དུ་མ་སྲུན།། བཙན་ཕྱུག་འཕན་ལ་དར་བ་དང།། ནོར་རྫས་འབྲུ་རྣམས་ཡོངས་སུ་འཕེལ།། ཚེ་རིང་བཀྲ་ཤིས་ཕུན་སུམ་ཚོགས།། སྟག་དང་མེ་ཆུ་དུར་ཁྲོད་དང།། མ་རུངས་གཅན་གཟན་ཁ་འཆིང་ཞིང། ། དགྲ་དང་དུག་གི་མཚོན་ལས་ཐར།། ཕྱི་མར་མི་ནུབ་རྒྱལ་མཚན་གྱི།། གྲགས་པ་ཆེན་པོར་འདི་འགྱུར་རོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། སྲིད་པའི་མ་མོ་ཐམས་ཅད་ཀྱི་མཐུ་དྲིལ་ནས། ། མཁའ་འགྲོ་མ་བཞིའི་གསང་སྔགས་གསུངས་པ། མ་མ་མུགས་ཐུན་རྦད། སྙིང་རྩ་ལ་མུགས་ཐུན་རྦད། སྲོག་པ་རྩ་ལ་ཡཾ་རྦད། མ་མ་སྙིང་ཟ་བའི་ཚིལ་ལ་ཤ་རོ་ལ་ཁྲག་ཐུམ་ནི་ཛི་རྦད། ། མ་མ་གཏུབས་ཙིཏྟ་བམ་སྙིང་ཁ་ལ་རག་ཁས་བྷྱོ་ཙ་རྦུད།། མ་མ་རུས་སྲོག་སྙིང་ལ་ཡ་ཁྲག་ལ་དུད་རྦད། གསད་པའི་མཆོག་ཏུ་གསུངས་པ་ཡིན།། སྲིད་པའི་མ་མོ་ཐམས་ཅད་ཀྱི།། སྲོག་གི་སྙིང་པོ་དྲིལ་ནས་ནི། ། མཁའ་འགྲོ་བཞི་པོ་ལས་ལ་གཟུད།། ཨོཾ་ཛཱ་ཛཱ་ཛཱ་ཛཱ། ནག་མོ་ཧར་ཧུར་ནག་མོ་ཧར་ཧུར་བྷྱོ། ནག་མོ་དུ་ནི་ཏང་ཧེད་བྷྱོ། ནག་མོ་ཤ་ལ་ཛཱ་ཛ། ནག་མོའི་སྙིང་ལ་ཛཱ་ཛཱ། ནག་མོ་ཙ་ལ་ཛཱ་ཛཱ། ནག་མོ་སྲོག་ལ་ཛཱ་ཛཱ། ནག་མོ་དབུགས་ལ་ཧར་ཧུར་བྷྱོ། དགྲ་བོའི་སྙིང་ལ་ཛཱ་ཛཱ། རྦད་ཅིང་ཕོ་ཉ་དགྱེ་བ་ནི།། བྷྱོ་ཛཱ་ཛཱ་བྷྱོ་ཛཱ་ཛཱ་ནག་མོ་བམ་རི་ལི་ལི། ནག་མོ་ཤ་ལ་རི་ལི་ལི། ནག་མོ་ཁྲག་ལ་རི་ལི་ལི། ནག་མོ་རྩ་ལ་རི་ལི་ལི། ནག་མོ་སྙིང་ལ་རི་ལི་ལི། ནག་མོ་སྲོག་ལ་ཆོ་ཆོ། བཾ་རི་ལི་ལི། ནག་མོ་འབུམ་གྱི་སྲོག་བསྡུས་པ། མ་མོ་ནག་མོ་བྷྱོ། མ་མོ་དུན་ཏིང་མ་ལས་ལ་དུན་ཛ་དུན་བྷྱོ། སྲོག་གཅོད་ཡང་སྙིང་དྲིལ་བ་ནི། ཨོཾ་ཛཱ་ཛཱ་ཛཱ་ཛཱ། རེ་མ་ཏི་བ་ཤ་ཙ་པ་ལ་ཛ་ཛ། སྙིང་རྒྱུས་ཙ་ལ་ཛཱ་ཛཱ། རྩ་རྒྱུས་སྲོག་པ་རྩ་ལ་ཛ་ཛ། ཤ་རྒྱུས་སྙིང་ལ་ཛ་ཛ། སྙིང་རྒྱུད་དབུགས་ལ་ཛ་ཛ། རེ་མ་ཏི་པ་ཤ་རྩ་པ་ལ་ཛཱ་ཛཱ། དགྲ་བོའི་སྙིང་ལ་ཛ་ཛ་མ་ར་ཡ། ཕུར་བུ་མཚོན་གྱིས་གདབ་པ་ནི།། ཛཱ་ཛཱ་རེ་མ་ཏི་པ་ཤ་ཅ་པ་ལ་ཛཱ་ཛཱ། ནག་མོ་དགྲ་བོའི་སྙིང་ལ་ཐུམ་རིལ་རྦད། ནག་མོ་དགྲ་བོའི་སྲོག་ལ་ཐུམ་རིལ་རྦད། ནག་མོ་དགྲ་བོའི་ཤ་སྟཾ་བཾ་རིལ་རྦད། ནག་མོ་དགྲ་བོའི་དབུགས་ལ་ཧུར་ཐུམ་མ་ར་ཡ་རྦད། ནག་མོ་དགྲ་བོའི་ཁྲག་ལ་ཐུམ་རིལ་རྦད། པ་ཙ་པ་ཙ་མ་ར་ཡ་ཐུན་རིལ་རྦད། ཐུན་གྱིས་བྲབ་པའི་གསང་སྔགས་ནི།། ནག་མོ་ཧར་ཧུར་ནག་མོ་དུན་ཏི་ཧེད། ནག་མོ་ཤ་ལ་ཛ་ཛ། ནག་མོ་སྙིང་ལ་ཛ་ཛ། ནག་མོ་དབུགས་ལ་ཛ་ཛ། ནག་མོ་ཏིང་ཧུར་ཏིང་ཧུར། མ་མོ་ནག་མོ་ཤ་ལ་ཙེ་མ་བྷྱོ། མོ་མོ་ནག་མོ་སྙིང་རྩ་མ་བྷྱོ། མ་མོ་ནག་མོ་དབུགས་རྩེ་མ་བྷྱོ། མ་མོ་ནག་མོ་སྲོག་རྩེ་མ་བྷྱོ། ཨ་ཙེ་སྙིང་བམ་ཐུན། ཨ་ཙེ་ཁྲག་བཾ་ཐུན། ཨ་ཙེ་དབུགས་བམ་ཐུན། རེ་མ་ཏི་བླ་ལ་ཐུན་བྷྱོ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགྲ་བོ་གནད་ལ་དབབ་པའི་ཆོ་ག་དྲག་སྔགས་འདི་དག་གསུངས་སོ།། རེ་མ་ཏི་དགྲ་བོའི་ཙིཏྟ་ནི། ཤ་ལ་པ་ལ་ཙཀྲ་དུ་ཡ་ཁུག་ཅིག་ཁུག་ཅིག། ཛ་ལ་ས་མུན་ཏི། ཤུ་ཤི་ཧི་ནི་ནི་ཤི་ཀ་ཤུ་རྦུད། རཀྟ་ཙཀྲ་ཙཀྲཾ། དེ་བ་ནི་ཤི་ཤི་ཐུམ་ཐུམ་རྦད། ཡ་དོ་མོ་ཧ་ས་ད་ཀ་ལ་ཟི་ན་ཟི་ན་ཤི་ནི་རྦད། ཐུམ་རག་ཤ་ཁ་ཁ་ཁུག་ཅིག་ཁུག་ཅིག། སིད་སིང་འཇམ་པ་ལ་ལོ་དུན་ན། དགྲ་བོ་ནི་མ་ར་ལ་ཛ། ནརི་མ་ར་ཡ་ཛ། དེ་བ་ཤག་ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། དེ་བ་ཙིཏྟ་ཡེ་ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། ཙིཏྟ་མ་ལ་ན་ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། མ་མ་ག་ཆུ་ཡ་ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། ན་མ་བུས་ཡེ་ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། ས་མ་ཡ་ཡོ་ག་ནི་ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། རྩ་བ་ལས་སྔགས་གྲོགས་དང་བཅས།། མ་མོ་སྲོག་རྒྱུན་སྙིང་པོའི་དོན།། མཁའ་འགྲོ་མ་ཡི་དྲ་བ་སྟེ།། ཡང་གསང་མཆོག་གིས་རིམ་པར་གསུངས། ། ནག་མོ་རལ་པ་སྤྱི་བཅིངས་གསང་བའི་རྒྱུད་ལས། གསང་སྔགས་བསྟན་པ་སྟེ་རྟོག་པ་བཞི་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་རྡོ་རྗེ་དེས། བསྟན་པའི་དགྲ་ལྔ་འདུལ་བའི་ཕྱིར་དགྲ་སྔགས་ཀྱི་དམོད་པ་འདི་དག་ཆེད་དུ་གསུངས་སོ། ། སྲོག་ཁ་ལ་ཐུམ་ཐུམ་སྙིང་འདུ་འདུ་སྙིང་ལ་བྷྱོ། སྙིང་ཁྲག་རྩ་ལ་བྲེང་བྲེང། ཨོཾ་ཛ་ལ་ཏི་ཁས་མུགས་མུགས། ཧཱུཾ་ཧ་སྲོག་རྩ་ལ་ཐུགས་ཐུགས། ཁྲག་སྙིངས་ལ་རྦུད་རྦུད། ཨོཾ་ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད། སྙིང་རྩ་སྙིང་རྩ་རྦད་རྦད་རྦུད་རྦུད། ནིར་ནིར་སྙིང་ནིར། སྙིང་རྩ་མུགས་མུགས། ཐུམ་ཐུམ་སུ་སྙིང་སུ་རྦད། ཁ་འདར་ཡེད་ཡེད། ཐུཾ་ཐུཾ་རྦད། སེ་ཁ་ཁ་ལོང་རྦད་རྦད། ཡང་སྨྲས་པ། འདི་ལྟ་སྟེ། རག་མོ་སྙིང་ལ་ཡ་ཙ་མོ་ཏྲི་སྙིང་ལ་ཤད་ཤད། བ་ཏི་ཙཀྲ་སྲོག་ལ་ཡ་ཡ། མ་རཾ་རཀྴ་དབུགས་ལ་ཡ། ཤི་ཙི་ཀ་མ་ནི་ཤ་ཛཱ་ཛཱ། མ་ཧཱ་མོ་སྟ་བཾ་མུགས། དམར་མ་ཟ་བྷྱོ། ཐུན་མུགས་ཀ་ཤ་དེ་རྦད། ཡང་སྨྲས་པ། འདི་ལྟ་སྟེ། ཨོཾ་ནརི་རག་ཤ་རག་མོ་ཨ། ཧི་མ་ཏི་མ་འདུ་འདུ་སྙིང་ལ་ཛཱ་ཛཱ། དུན་དུན་བྷྱོ་བྷྱོ། མ་རག་མོ་ཛ་ཕ་ལ་དུན་དུན་བྷྱོ་བྷྱོ། ཏྲག་རག་ཤ་ཁ་མུན་ཏྲ་སྙིང་ལ་རག་མོ་ནི་དུན་བྷྱོ་བྷྱོ། མ་རག་མོ་ཛ་ཛ། རུ་ལུ་རུ་ལུ་བྷྱོ་བྷྱོ། མ་མ་སྙིང་ཁ་རག་སྙིང་ཁ་རག། མ་རག་ཤ་མ་རག་ཤ་ཛ་ཛཱ། ཏིང་ཏིང་རུ་རུ་རེ་མ་ཏི་ཆེ་གེ་མོའི་སྲོག་པ་རྩ་ལ་བྷྱོ་བྷྱོ། ཆོ་ཆོ་ཡ། སྲོག་ལ་ཡ་ཡ། ཤིག་ཤིག་བྷྱོ། ཡང་སྨྲས་པ། འདི་ལྟ་སྟེ། ན་རག་མོ་ཧུ་རི་ཏྲ་ཧུར་བྷྱོ། ཧ་ར་ཧ་ར་ཀྲཾ་ཀྲཾ་མི་ཤ་དམ། ཁ་ཁ་ཧ་ཧ་ཏྲ་ཏྲི་ཏྲ་ཏྲཾ་ཛ་ཛ་བྷྱོ་བྷྱོ། ཡང་སྨྲས་པ། རག་མོ་ཨ་ཛཱ་ཛཱ་ཐིག་ཀྱི་ཁ་ལ་མ་བྷྱོ། ལ་ཛ་ཛཱ་མ་ཐུམ། རིལ་སྙིང་རྩ་འདུ། སྲོག་བྲིག་བྲིག་ཤིག་ཤ་ཁྱེར་བྷྱོ། རག་མོ་ཨཱརྱ་རེ་མ་ཏི་ཁ་ལ། ཡང་སྨྲས་པ། ཧི་པ་མ་ཧེ་པ་ཧི་པ་ཡ། རུ་ཐུམ་རུ་ཐུམ། ནག་མོ་རལ་པ་སྤྱི་བཅིངས་གསང་བའི་རྒྱུད་ལས། རེ་མ་ཏིའི་དམོད་སྔགས་བསྟན་པ་རྟོག་པ་སྟེ་ལྔ་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་དཔལ་གྱིས། དྲག་སྔགས་ཀྱི་རིམ་པ་གསུངས་སོ།། མ་མ་ཤ་ཤ་རུ་ཁྲག་མ་དུ་ཧྲིང། ཙིཏྟ་དགྲ་བོའི་སྙིང་ལ་ཐུན། ཐུན་འུབ་ཐུན་འུབ། རིལ་རིལ་མ་སྙིང་ལ་རིལ་རིལ། ཏྲག་རག་ཤ་རུ་ཁྲག་སྙིང་ལ་ཛ་ཛ། ཤ་ཤ་ཁུག། དུ་ཤ་མ། དུ་རུ་ནི་ཏི་སྟ་རྦད། ཏྲིག་ཏྲིག་ཧྲིང་མ་མ། རུ་རུ་རག་མོ་མཀྵ་ནི་ཙ་བ་ལ་ལྷ་མོ་ཡཾ་དུང་ཧྲིང་མ་ཡ་དུ་མ་ཛཱ་ཛཱ། ད་དུ་མ་མུ་ཤ་ཤ་ཁུག་ཁུག། དུ་ཤ་མ་མ་བཾ་རིལ་དུ་ཏིང་མ་མ་སྙིང་ཕྱུང། ས་མ་ཡ་སྲོག་ཆོད། དུ་ཤན་དུ་ཡ་མ་མ་ཏི་རིལ་དུ་ཡ། ཤ་ཤ་མ་མ་རྦད་བུ་ཡ་ཡ། ནི་ནི་བྷྱོ་བྷྱོ་སོད་སོད། མ་དུ་ཡ་མ་དུ་ཡ། ཚལ་པ་རྦད། ཡེད་ཡེད། ཤ་ཐུམ་ཤ་ཐུམ་རྦད། ཙ་ཐུར་མ་ཐུར་རྦད། ཤ་ཐུ་ཡ་བྷྱོ། ཙ་ཐུམ་མ་ཡ་བཟློག། མ་དུ་ཤ་ཤ་ཛ་ཛ། མ་དུ་མ་དུ་ཤ་ཛ་ཛ། རུ་མ་ད་དུ་མ་མ། བཾ་ཁ་ཤག་བཾ་ཁ་ཤག། མ་དུ་ཙིཏྟ་རྦད། མ་ན་ཙིཏྟ་རྦད། མ་མ་ཙིཏྟ་རྦད།། ཙིཏྟ་ཙིཏྟ་མ་མ། ཡེར་ཡེར། ཁ་ཐུམ་རྦད་ཁ་ཐུམ་རྦད། མ་མ་ཁ་ཐམ་མ་མ་ཁ་ཐམ། ཏིག་སྣ་རྦད། ཏིག་སྣ་རྦད། མུགས་མུག་དགྲ་ཤ་ལ་མུག་རྦད་རྦད། སྲོག་རྩ་ལ་རྦད། ཁཾ་ཁཾ་རྦད་རིལ་སྲོག་ཐུམ་ནི་ཛ། གྲོད་གྲོད། ཤ་ལ་རྦད། སྲོག་ཐུམ་མ་མ་ཙིག་ཙིག། སྲོག་ལ་ཡཾ་ཡཾ་མ་མ། རུ་ལུ་རུ་ལུ་བྷྱོ་བྷྱོ། ནཾ་ནཾ་ཧ་ར་ཧ་དེ་མ་བྷྱོ། རུ་ལུ་རུ་ལུ། རག་མོ་ཏེ་ཙ་ན་རག་མོ་རག་མི་ནི་ལ་ཁ་ཐུན་ཏིང་ཏིང་ཆེམ་ཆེམ། ཀྲོལ་ཀྲོལ་ས་མ་ཡ་སརྦ་སྦྲེ་ས་མ་ས་ལ་བྷྱོ་བྷྱོ། ཏི་མ་ཤུ་ཤུ་ཡག་ཤ་ནག་མོ་ཁཱ་ཧི། ཤྲི་དེ་བི་མ་ཧཱ་ཀ་ལི་ཁཱ་ཧི། རག་མོ་རག་ཤ་ཁཱ་ཧི། མ་རག་མོ་དུན་ཏིང་ཁཱ་ཧི། མ་རག་མོ་རག་མོ་ཁྲག་ལ་མི་ཁཱ་ཧི། མ་མ་མུགས་ཏི་གྲི་ན་ཁཱ་ཏི། མ་རེ་མ་ཏི་ཁཱ་ཧི། མ་རེ་མ་ཏི་མ་ནུ་རག་མོ་ཁཱ་ཧི། ཏྲེ་མོ་ཤུ་ཤུ་ཡག་ཤ་ནག་མོ་ཁཱ་ཧི། ཞེས་གསུངས་པས་སྲོག་ཆད་པ་དང། ཤ་རུས་ཟད་པ་དང། མཛེ་ནད་དང། བལ་ནད་སྣ་ཚོགས་པ་དང། རིམས་ཀྱི་དལ་ཀས་ཡོངས་ལ་ཁྱབ་པས་བསྡུས་ཏེ། ལྕོ་དྲི་དང། རྒྱུ་གཟེར་དང། ལྟས་ངན་སྣ་ཚོགས་དགྲ་ལ་ཁྱབ་པར་འགྱུར་རོ། ། ནག་མོ་རལ་པ་སྤྱི་བཅིངས་གསང་བའི་རྒྱུད་ལས། དྲག་སྔགས་བསྒྲལ་བའི་ལེའུ་སྟེ་རྟོག་པ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་དང་དཔལ་རྡོ་རྗེ་ཁྲག་འཐུང་དེས། མཁའ་འགྲོ་རྣམ་པ་བཞིའི་གནད་ནས་བསྐུལ་བའི་ཕྱིར། མཁན་རྒྱས་གནད་ནས་བསྐུལ་བ་འདི་དག་གསུངས་སོ།། རྒྱ་ཡུལ་གཏིང་ན་བཞུགས་པའི་ཚེ།། རྒྱ་མོ་ཅན་ཕྲན་མ་ཡི་མཁན།། མོན་ཡུལ་གཏིང་ན་བཞུགས་པའི་ཚེ།། མོན་མོ་སྤྱི་རིངས་ལན་འཕྲན་མ་ཡི་མཁན། ། དབུས་ཀྱི་དུར་ཁྲོད་ཀློང་ན་བཞུགས་པའི་ཚེ།། ཨེ་ཀ་ཛ་ཊི་རལ་པ་ཅན་གྱི་མཁན།། དམར་གྱི་རྒྱ་མཚོ་འགྲམ་དུ་གཅིག་བུར་བཞུགས་པའི་ཚེ།། ནག་མོ་གཡུ་ཡི་རལ་གཅིག་མ་ཡི་མཁན། ། འཁོར་དུ་བུད་མེད་ནག་མོ་འབུམ་གྱིས་བསྐོར།། ཁྱེད་བཞིས་མིག་རྩ་བཟློག་ཅིག་མཆེ་བ་གཙིགས་པའི་ཚེ།། བུད་མེད་ནག་མོ་འབུམ་ཡང་རིག་རིག་ལྟ།། ཁྱེད་བཞིས་རྐན་སྒྲ་བརྡབས་ཤིང་འཕྲིན་ལས་མཛད་པའི་ཚེ། ། ད་ལྟ་ཉིད་དུ་འཕྲིན་ལས་གྲུབ་པར་བྱེད།། མ་ཧཱ་མ་ལ་བྷྱོ། དགུན་བཞིན་གངས་ཀྱི་ལྟོངས་ནས་གཤེགས་པའི་ཚེ།། རླུང་དང་བུ་ཡུག་ཀུན་གྱི་སྣ་འདྲེན་མ་ཡི་མཁན།། དབྱར་བཞིན་རྒྱ་མཚོ་འགྲམ་ནས་གཤེགས་པའི་ཚེ། ། མེ་ཏོག་སྤོས་རྩ་འཇིབ་མའི་མཁན།། དཔྱིད་ཅིང་རླུང་ནག་ནང་ནས་གཤེགས་པའི་ཚེ།། ཁྲག་དང་ཞག་གི་རྗེས་གཅོད་པ་ཡི་མཁན།། སྟོན་ཞིང་ལོ་ཏོག་ནང་ནས་གཤེགས་པའི་ཚེ།། འབྲས་བུ་ལོ་ཏོག་བཅུད་ལེན་མ་ཡི་མཁན། ། དུས་ལ་བབ་པོ་ད་ཚུར་རྒྱུག། དཔལ་ལྡན་ནག་མོ་རེ་མ་ཏི།། རྒྱ་གར་ཡུལ་གྱི་དུས་ན་ནི།། ལྷ་མོ་ནམ་གྲུ་མ་ཡི་མཁན།། བདུད་ཀྱི་བུ་མོ་མཛད་པའི་ཚེ།། བདུད་ཀྱི་ལྕམ་ཅིག་གཤིན་རྗེའི་ཡུམ་གྱི་མཁན། ། དབང་ཕྱུག་གྲལ་དུ་གཙོ་མོ་མཛད་པའི་ཚེ།། མི་ཡི་སྲིན་མོ་ཚངས་མ་དམར་སེར་མ་ཡིན་མཁན།། མ་མོ་སྟོང་གི་གཙོ་མོ་མཛད་པའི་ཚེ།། ཛ་ཛ་འཇིགས་བྱེད་ཤོ་ན་མ་ཡི་མཁན། ། དཔལ་ཆེན་ཧེ་རུའི་གཟུངས་མ་མཛད་པའི་ཚེ།། ཀྲོ་དྷི་ཤྭ་རི་དཔལ་འབར་མ་ཡི་མཁན།། རྟ་མགྲིན་དབང་གི་གསུངས་མ་མཛད་པའི་ཚེ།། ཨེ་ཀ་ཛ་ཏི་རལ་གཅིག་མ་ཡི་མཁན།། དཔལ་ཆེན་ཞལ་ནི་མངོན་སུམ་མཐོང་བས་ན། ། བྷ་ག་ཧྲི་སྟི་མཁའ་ལ་ཆར་འབེབས་མ་ཡི་མཁན།། རྣལ་འབྱོར་དགྲ་རྣམས་ཕུང་བར་མཛད་པའི་ཚེ།། དགྲ་བླའི་རྒྱལ་མོ་མཐུ་མོ་ཚེ་ཡི་མཁན།། སྐུ་ལ་སྨུག་ནག་གཏིབ་པ་གསོལ་བའི་ཚེ།། ནག་མོ་ཆེན་མོ་དམིགས་རིངས་མ་ཡི་མཁན། ། ནམ་མཁའི་ཁམས་སུ་རྒྱུག་པའི་ཚེ།། ཨེ་ཀ་ཛ་ཏི་མ་ཡི་མཁན།། བར་སྣང་ཁམས་སུ་རྒྱུག་པའི་ཚེ།། འགྲོ་བ་དབང་སྒྱུར་མ་ཡི་མཁན།། འཛམ་བུ་གླིང་བཞིར་བཞུགས་པའི་ཚེ། ། གླིང་བཞི་ཀུན་འབྱམ་རྡོ་རྗེ་གྲགས་མོ་རྒྱལ་གྱི་མཁན།། གདུག་པ་སྦྲུལ་གྱི་གདུག་གུ་སྐུ་ལ་བཞག་པའི་ཚེ།། གདུག་པའི་སྐྱེ་འགྲོ་སྲོག་གཅོད་མ་ཡི་མཁན།། ཤེལ་གྱི་མཆོད་རྟེན་དབུ་ལ་བསྣམས་པའི་ཚེ།། རིགས་ལྔ་ཀུན་གྱི་གསང་བའི་དགྱེས་སྡེ་མོ་ཡི་མཁན། ། དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུས་གཅིག་བརྒྱུགས་པའི་ཚེ། ལེགས་ཉེས་ལྟང་འཛིན་དམ་ཚིག་རྗེ་གཅོད་མ་ཡི་མཁན།། དབང་གི་རག་ཏ་དགུ་ཡིས་སྐུ་ལ་བརྒྱན་པའི་ཚེ། ། དབང་གུ་དབང་གི་རྒྱལ་མོ་དམར་གྱི་ཐིག་ལེ་མ་ཡི་མཁན།། རྒྱ་བལ་གཏིང་ན་བཞུགས་པའི་ཚེ།། རལ་གཅིག་རྒྱ་མཚོ་མར་སྐོལ་མ་ཡི་མཁན།། དགྲ་ཤ་གསོལ་ནས་དགྱེས་ཏེ་རྐན་སྒྲ་བརྡབས་ཤིང་སེ་གོལ་གཏོགས་པའི་ཚེ། ། ཧཱུཾ་དང་ཕཊ་ཀྱི་སྒྲ་འབྱིན་མ་ཡི་མཁན།། སྲིད་པ་གསུམ་དུ་བསྐལ་པ་བཏང་བའི་ཚེ།། ཞལ་གྱི་རྐན་སྒྲས་སྟོང་གསུམ་སྒྲོགས་པའི་མཁན།། ཐུགས་ཀྱི་ཕོ་ཉ་མང་པོ་འགྱེད་པའི་ཚེ།། འཇིག་རྟེན་བག་ཆགས་ཐལ་བར་རློག་པའི་མཁན། ། དམ་ཚིག་གཉན་པོ་རྗེས་སུ་བསྲུང་བའི་ཚེ།། དམ་ཚིག་དབང་གིས་སྐུ་ལ་བརྒྱན་པའི་མཁན།། ཐུགས་དམ་བསྐུལ་ནས་ཚུལ་བཞིན་ལས་མཛད་པས།། ཁྲོ་མོ་ཆེན་མོ་ཆ་ལུགས་སྟོན་པའི་མཁན། ། དབང་ཕྱུག་ཆེན་མོ་ལས་རྣམས་མཛད་པའི་ཚེ།། དབང་ཕྱུག་གྲུབ་པའི་འཕྲིན་ལས་མཛད་པའི་མཁན།། ཞལ་གྱི་སྤྱུགས་པའི་ལྷ་རྣམས་བསྲུང་པའི་ཚེ།། མཛེས་པའི་ལྷ་མོ་གཞོན་ནུ་མ་ཡི་མཁན།། དྲང་སྲོང་ཆ་ལུགས་ཚུལ་བཞིན་བསྲུང་བའི་ཚེ། ། ཨེ་ཀ་ཛ་ཏི་གཡུའི་འོད་མ་མཁན།། ལྷ་རྣམས་རྫོང་དུ་དུས་གཅིག་བཅུག་པའི་ཚེ།། རྫོང་གི་ལྷ་མོ་ཕུང་བྱེད་མ་ཡི་མཁན།། རི་རབ་ཁོར་ཡུག་དུས་གཅིག་བསྲས་པའི་ནི།། མེ་ཟ་བྲག་གྱོན་མ་ཡི་མཁན། ། རྒྱུད་དྲུག་རྩད་ནས་གཅོད་པ་ནི།། ངན་སོང་ཐལ་བར་རློག་པར་བྱེད་པའི་མཁན།། སྲིན་པོ་ཐོད་རུས་འཇོམས་ཤིང་གསོལ་བས་ན།། སྲིན་མོ་ཆེན་མོ་ཤ་ཟ་མ་ཡི་མཁན། ། བདུད་ཀྱི་བུ་མོ་བཞི་ཡི་གཙོ་མོ་མཛད་པའི་ཚེ།། རྡོ་རྗེ་གཡུའི་སྒྲོན་གཅིག་མ་ཡི་མཁན།། གནོད་སྦྱིན་བུ་མོའི་གཙོ་མོ་མཛད་པའི་ཚེ།། དབུ་ལ་རལ་གཅིག་ཁམས་གསུམ་ཀུན་གྱི་མཁན།། སྨན་གྱི་བུ་མོའི་གཙོ་མོ་མཛད་པའི་ཚེ། ། གསེར་ཆེན་མཁའ་ལྡིང་རྡོ་རྗེ་རླུང་མོའི་མཁན།། སྟག་ལྤགས་རློན་པས་སྐུ་ལ་བརྒྱན་པའི་ཚེ། ཁྱུང་གི་བུ་མོ་ཁྲག་འཐུང་མ་ཡི་མཁན།། ཀེའུ་རི་བརྒྱད་ཀྱི་གཙོ་མོ་མཛད་པའི་ཚེ།། ཀཽ་རི་ན་མོ་མཆེ་བ་ཅན་གྱི་མཁན། ། སིང་ང་བརྒྱད་ཀྱི་གྲལ་ན་བཞུགས་པའི་ཚེ།། ནག་མོ་བྱ་རོག་མིག་སྦྲུལ་མ་ཡི་མཁན།། དུར་ཁྲོད་ཀློང་དུ་གནས་ཆེན་བཅས་པའི་ཚེ།། གསོད་བྱེད་པ་རྣ་ཤ་བ་རི་ཡི་མཁན།། གསུང་གི་སྒྲ་དབྱངས་ཧ་ཧ་བཞད་པའི་ཚེ། ། དགེས་བྱེད་ཆེན་མོ་ཀངྐ་རི་ཡི་མཁན།། དམ་ཚིག་ཉམས་པ་སྒྲོལ་ལ་མཁས་པས་ནི།། སྒྲོལ་སྙིང་འཇིབས་མའི་མཁན།། སྲིད་པ་ཆགས་པའི་སྲོག་ལ་མངའ་མཛད་པས།། ནག་མོ་སྲོག་བདག་མ་ཡི་མཁན། ། སྲོག་ཆགས་འབུམ་གྱི་ཁྲག་ལ་མངའ་མཛད་པས།། ཆགས་བཞི་ཆེན་མོ་ཁྲག་གི་མའང་བདག་མ་ཡི་མཁན།། དུས་ལ་བབ་བོ་ད་ཚུར་སྤྱོན།། འཇིགས་སུ་རུང་བའི་མ་མོ་རེ་མ་ཏི།། ཤ་ཟ་ཁྲག་འཐུང་མ་གཡེལ་རྟག་ཏུ་གྲོགས་ལ་སྤྱཽན། ། བྷྱོ་བྷྱོ་བྷྱོ་བྷྱོ། ཛ་ཛ་ཛ་ཛ། ནག་མོ་བཾ་རི་ལི་ལི། ནག་མོ་ཁྲག་ལ་རི་ལི་ལི། ནག་མོ་སྙིང་ལ་རི་ལི་ལི། ནག་མོ་སྲོག་ལ་ཆོ་ཆོ། བཾ་རིལ་རྦད། འཛམ་བུ་གླིང་བཞིར་ཕུད་ཉུལ་བས།། གླིང་བཞི་ཀ་ཏ་ར་མའི་མཁན། ། བསྐལ་པ་སྟོང་གི་མངའ་མཛད་པས།། བསྐལ་པའི་བུ་མོ་གློང་འགྱུ་མ་ཡི་མཁན།། སྲིད་པ་འབུམ་གྱི་སྐོས་བཏབ་པས།། སྲིད་པའི་བུ་མོ་སྐོས་བཏབ་མ་ཡི་མཁན།། དགེ་སྡིག་གཉིས་ཀྱི་ལྟང་བྱེད་པས། ། ལྟང་འཛིན་ཆེན་མོ་ཉིད་ཀྱི་མཁན།། སྟི་རའི་གནས་ཉུལ་མཛད་པའི་ཚེ།། དམ་ཚིག་ཉམས་པའི་རྗེས་གཅོད་མ་ཡི་མཁན།། སྲིན་པོ་འབུམ་ཕྲག་བྲན་དུ་བཀོལ་བའི་ཚེ།། སྲིན་པོ་འབུམ་གྱི་གཙོ་མོ་མཛད་པའི་མཁན། ། བསྐལ་པ་སྟོང་གི་ཤ་གསོལ་བས།། སྲིན་མོ་ཤ་ཟ་རུས་འཆའ་མ་ཡི་མཁན།། གླིང་བཞི་འབུམ་གྱི་ཁྲག་འཐུང་པས། དམར་མོ་ཁྲག་དམར་འཐོར་བའི་མཁན།། བར་སྣང་ཁམས་ན་བཞུགས་པའི་ཚེ།། ཐོག་གི་བུ་ཡུག་ཕྱག་ནས་གཏོང་བའི་མཁན། ། ཤ་ཟ་ཁྲག་འཐུང་རོད་རོད་སྡོད་པའི་ཚེ།། ཡུད་ཙམ་གྱིས་ནི་དགྲ་སྙིང་འབྱིན་པའི་མཁན།། སྲིན་པོའི་ཆུང་མ་མཛད་པའི་ཚེ།། སྲིན་པོས་ཤམ་ཤམ་མ་ཡི་མཁན།། སྲིད་པ་འབུམ་གྱི་འདོད་པ་སྐོང་པའི་ཚེ། ། ནག་མོ་ཆེན་མོ་ཧལ་ཧལ་མ་ཡི་མཁན།། སྲས་སུ་སྲིན་ཕྲུག་ལྔ་བརྒྱ་འཁྲུངས་པའི་ཚེ།། སྐྱེ་འགྲོ་ཀུན་གྱི་ཤ་ཁྲག་འཇིབ་མའི་མཁན།། སྐུ་ལ་རེ་བ་ནག་མོ་གསོལ་བའི་ཚེ།། ནག་མོ་ཆེན་མོ་རེ་རད་གུ་ཟུ་ཅན་གྱི་མཁན། ། ཆིབས་སུ་དྲེ་རྟ་ནག་པོ་ཆིབས་པའི་ཚེ།། ནག་མོ་ཆེན་མོ་དྲེ་རྟའི་མངའ་བདག་མ་ཡི་མཁན།། ཕྱག་ན་ཁྲམ་བཾ་ནག་པོ་བསྣམས་པའི་ཚེ།། སྲོག་ཆགས་ཐམས་ཅདཁྲམ་ལ་འདེབས་པའི་མཁན། ། མདུན་ན་ཤོད་དྷེའུ་དཀར་ནག་འགྲཻམ་པའི་ཚེ།། དབུགས་ཐོགས་ཐམས་ཅད་རྩིས་སུ་འདེབས་པའི་མཁན།། བུད་མེད་ནག་མོ་འབུམ་གྱིས་བསྐོར་བའི་ཚེ།། མ་མོ་འབུམ་གྱི་མངའ་བདག་ཆེན་མོའི་མཁན། ། ཁྲག་སྐམས་ལྕགས་ཀྱུ་ཀླད་ལ་བསྐོར་བའི་ཚེ།། དགྲ་རྣམས་ཀུན་གྱི་སྲོག་གཅོད་མ་ཡི་མཁན། གསེར་གྱི་སྐོན་པ་ཕྱག་ན་བསྣམས་པའི་ཚེ།། ལོ་ཏོག་ཀུན་གྱི་ཡུལ་ལེ་མ་ཡི་མཁན། ཞགས་པ་ནག་པོ་ཀླད་ལ་བསྐོར་པའི་ཚེ། ། འཇིགས་སུ་རུང་བ་བདུད་ཀྱི་བུ་མོ་མཁན།། གསེར་གྱི་ཆོ་ལོང་ཕྱག་ན་བསྣམས་པའི་ཚེ།། སྲིད་པ་གསུམ་དུ་བྷྱོ་བཟློག་མཛད་པའི་མཁན།། སྦྱོར་བདག་ཆེན་མོའི་མངའ་བདག་མཛད་པའི་ཚེ། ། ཐམས་ཅད་ཀུན་གྱི་རེ་བ་སྐོང་བའི་མཁན།། མཆེ་བ་གཙིགས་ཤིང་རྐན་སྒྲ་བརྡབས་པའི་ཚེ།། བདུད་དང་སྲིན་པོ་མ་ལུས་འདུལ་བའི་མཁན།། ཞིང་ཆེན་གཡང་གཞི་སྐུ་ལ་གསོལ་བའི་ཚེ།། མུ་སྟེགས་འདྲེ་གདོན་འབངས་སུ་འཁོལ་མའི་མཁན། ། དྲེད་མོའི་པགས་པས་སྐུ་ལ་བརྒྱན་པའི་ཚེ།། གདུག་བྱེད་ཐམས་ཅད་ཟིལ་གྱིས་གནོན་པའི་མཁན།། སྟག་གི་གཡང་བཞིས་སྐུ་ལ་བརྒྱན་པའི་ཚེ།། མ་མོ་འབུམ་རྣམས་འབངས་སུ་འཁོལ་བའི་མཁན། ། ཞིང་ཆེན་གཡང་གཞི་ཕྱག་ན་བསྣམས་པའི་ཚེ།། རྒྱལ་ཆེན་བཞི་ལ་ཁྱད་པར་མཛུད་པའི་མཁན།། ཐོད་པ་སྐམ་རློན་ཕྱག་ན་བསྣམས་པའི་ཚེ།། བདེར་གཤེགས་རྣམས་ལ་དགྱེས་མཆོད་འབུལ་བའི་མཁན། ། ཁྲོ་མོ་ནག་མོའི་ཆ་ལུགས་བཞུགས་པའི་ཚེ།། སྣང་སྲིད་ཀུན་གྱི་བག་ཆགས་སེལ་བའི་མཁན།། སྲིན་མོ་སྨུག་ནག་ཆ་ལུགས་བཞུགས་པའི་ཚེ།། བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བའི་མཁན།། ལྷ་མོ་དཀར་མོའི་ཆ་ལུགས་བཞུགས་པའི་ཚེ། ། བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་པའི་མཁན།། བདུད་རྩིས་ལྔ་ཡི་བཅུད་རྣམས་ཞལ་དུ་གསོལ་བའི་ཚེ།། འབྲས་བུ་ཡིད་བཞིན་ཟས་ལ་མངའ་བརྙེས་མ་ཡི་མཁན།། དབུ་ལ་རལ་པ་དམར་ནག་གསོལ་བའི་ཚེ། ། བརྟུལ་ཞུགས་རྩལ་རྣམས་དུས་གཅིག་འབྱིན་པའི་མཁན།། སྤྱན་རྩ་དམར་པོ་གྱེན་དུ་བཟློག་པའི་ཚེ།། རྟ་ཁྲག་དམར་པོ་ཞལ་དུ་གསོལ་བའི་མཁན།། ཞལ་ནས་སྒྲེགས་པ་བྱུང་བའི་ཚེ། ། མི་རོ་བརྒྱ་ཙམ་དུས་གཅིག་གསོལ་བའི་མཁན།། ཤངས་ནས་རྣག་དང་ཆུ་སེར་འཛག་པའི་ཚེ།། སྟོང་ཁམས་གསུམ་དུ་བག་ཆགས་སྦྱོང་བའི་མཁན།། ཞལ་ལ་ཚོན་རྩི་དམར་པོས་བསྐུས་པའི་ཚེ།། དབང་ཕྱུག་ཚོགས་ལ་སྒེག་ཅིང་འགྱིད་པའི་མཁན། ། སྤྱན་མིག་དབུས་མ་ཐུར་དུ་གཟིགས་པའི་ཚེ།། ངན་སོང་གནས་རྣམས་དོང་ནས་སྤྲུགས་པའི་མཁན།། དབུ་ཡི་རལ་པས་སྟོང་གསུང་བཀང་པའི་ཚེ།། སྲིད་པ་གསུམ་ཆར་མ་མོས་འགེངས་པའི་མཁན། ། སྤྱན་ནས་ཁྲག་གི་མཆི་མ་ཤར་བའི་ཚེ།། འཛམ་བུ་གླིང་བཞིར་ཤས་རྒྱལ་འབེབས་པའི་མཁན།། ཞལ་ནས་སྤྱུགས་པའི་གླུ་རྒྱངས་བླངས་པའི་ཚེ།། རྣལ་འབྱོར་པ་ཡི་དྲོད་ཚད་རྟོགས་པའི་མཁན། ། མགུལ་ཆུ་བྱིས་པའི་མགོ་བོས་བརྒྱན་པའི་ཚེ།། རྣལ་འབྱོར་པ་ཡི་ཏིང་འཛིན་རྟོགས་པའི་མཁན།། ཚེའུ་སེག་ནེའུ་སེག་དོ་ཤལ་མཛད་པའི་ཚེ།། ཐུགས་དམ་སྙིང་པོ་བསྙེན་གྱི་དོགས་པའི་མཁན། ། ཞིང་ཆེན་བགས་པ་སྐེད་ལ་བཅིངས་པའི་ཚེ།། དགྲ་བོའི་མགོ་ལུས་ལོ་ཏོག་འབྱེད་པའི་མཁན།། སྐུ་ལ་དར་ནག་གུ་ཟུ་གསོལ་བའི་ཚེ།། འཁོར་གྱི་མ་མོ་རྣམས་ལ་འགྱིང་བག་སྟོན་པའི་མཁན།། ཐ་མ་ཐོད་པ་སྐམ་པོས་བརྒྱན་པའི་ཚེ། ། མ་མོ་འབུམ་རྣམས་དུན་དུན་འཁོར་བའི་མཁན།། ཆར་བུ་ནག་པོས་གོང་སྒྲོགས་མཛད་པའི་ཚེ།། སྐུ་ལུས་ཟོན་ལ་གནས་ཤིང་འཕྲིན་ལས་རྫོགས་པའི་མཁན།། ཕྱག་མ་གཡས་ན་ཁྲག་གི་དིར་བུ་གསལ་བའི་ཚེ། ། འདོད་ཆགས་ཉིད་ལས་ཆོག་མཐའ་མེད་པའི་མཁན།། ཕྱག་ན་གཡོན་ན་གསལ་བའི་མེ་སྒྲོན་བསྣམས་པ་ནི།། དམ་ཚིག་ཉམས་པ་གང་ན་གནས་པ་ཚོལ་བའི་མཁན།། ཆགས་སྒྲོགས་སྦྲུལ་ནག་ཁྲ་བོས་མཛད་པའི་ཚེ། ། གདུག་བྱེད་ཀླུ་རྣམས་འཁོར་བའི་མཁན། ཆུ་གླང་ནག་པོ་ཆིབས་སུ་ཆིབས་པའི་ཚེ།། རྒྱ་མཚོ་གཏིང་ནས་རྙོག་ཅིང་འཁྲུག་པའི་མཁན།། དུས་ལ་བབ་བོ་ད་ཚུར་རྒྱུག། འཇིགས་སུ་རུང་བའི་མ་མོ་ཁྱོད། ། དཔལ་ལྡན་ནག་མོ་རེ་མ་ཏི།། ཁྱོད་ལས་ལྷག་པའི་མ་མོ་ནི།། བུད་མེད་འབུམ་གྱི་མ་མོ་མེད།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ཅེས་གནད་ནས་བསྐུལ་ལོ།། ནག་མོ་རལ་པ་སྤྱི་བཅིངས་གསང་བའི་རྒྱུད་ལས། མཁན་བརྒྱ་གནད་ནས་བསྐུལ་པའི་རྟོག་པ་བདུན་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས།། ཐུན་བསྒྲུབ་ཀྱི་དགྲ་བོ་བསྒྲལ་བ་འདི་གསུངས་སོ།། དུས་ནི་ལོ་ཟད་ཟླ་ཟད་དམ།། ཟླ་བ་ནག་པོ་བདུད་ཀྱི་མེ་ལོང་ལ། ། དྲག་པོ་ཐུན་གྱི་དཀྱིལ་འཁོར་བཅའ།། གྲུ་གསུམ་བསྣོལ་མ་ཐུར་དུ་བྲུ།། ལྕགས་ཕུར་བཞི་ལྡན་དར་ནག་ལྕེ།། སྙིང་པོས་མཚོན་ཏེ་མངའ་གསོལ་གཟུགས།། མོན་ན་མ་རབས་ཆད་ཐོད་པ་བཞིར། ། ནག་མོ་འབུམ་གྱི་སྙིང་པོར་བྲི།། མི་རྟ་ཁྱི་ར་བཞི་ཡི་ཁྲག། མཛེ་ནག་སྨྱོ་རིམས་འདུས་པའི་ཁྲག། མཚོན་ཆའི་ཕྱེ་དང་གཅན་གཟན་གྱི།། སྙིང་མཆུ་སྡེར་མ་མོ་མ་ལུས་དང།། དུག་དང་དམེ་ཁྲག་སྦྱར་བྱས་ལ། ། མཐིང་ནག་དར་གྱིས་ཁ་བཅད་ལ།། མཚོན་ཆ་རྣམས་ཀྱིས་བསྐོར་ཏེ་བཞག། ལིང་ག་མིང་རུས་ཁྲམ་ལ་གདབས།། ཉུངས་ཀར་ཉུངས་ནག་སྐྱེ་ཙེ་ཏིལ།། ལྕགས་ཕྱེས་སྦྱར་ལ་ཐུན་རྫས་བྱ།། གཙོ་མོ་བཞི་དང་འཁོར་ནི་འབུམ། ། སྙིང་པོ་བོད་རྦད་གསད་པར་དྲིལ།། སྔ་དྲོ་གུང་བསླེབས་རེ་མ་ཏི།། གུང་ནས་དམར་ཐག་རེ་མ་ཏྲི།། སྲོད་ནས་ནམ་གུང་རེ་མ་ཛ།། གུང་ནས་ཐོ་རངས་རེ་མ་ཛུ།། བརྒྱ་བརྒྱ་སྟོང་སྟོང་ཐུན་ལ་བསྟིམ། ། དབུས་ནས་བསྐྱལ་བ་དེ་ཉིད་དེ།། དེ་ནས་མཐའ་ནས་དབུས་སུ་དྲིལ།། དྲལ་ཏེ་བོད་རྦད་གསད་རྫོགས་ནས།། ཐ་མ་དགྲ་ལ་བརྡེག་པར་བྱ།། གཞལ་ཡས་ཁྲག་གི་རྒྱ་མཚོ་ནས།། ཐུན་གྱི་མ་མོ་སྐུ་བཞེངས་ཏེ། ། ནད་དང་མཚོན་གྱི་སྦྱོར་བ་ཡིས།། ཉམས་པའི་དགྲ་བོ་བསྒྲལ་བར་བྱ།། ཞེས་གསུངས་སོ།། ནག་མོ་རལ་པ་སྤྱི་བཅིངས་གསང་བའི་རྒྱུད་ལས། ཐུན་བསྒྲུབ་ཀྱི་རྟོག་པ་སྟེ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་དཔལ་གྱིས། ། འཕྲིན་ལས་ཀྱིས་བརྣག་པ་སྲོག་ཏིག་གསང་བའི་ལས་འདི་དག་སྐུ་གསུང་ཐུགས་རྡོ་རྗེ་ལས་ཐོན་ཏོ།། དམར་ནག་རི་ཕུག་དུར་ཁྲོད་གླིང།། རང་ཉམས་དབེན་པའི་ས་ཕྱོགས་སུ། ། དུར་ཁྲོད་ས་ལ་མཎྜལ་ནི།། དམན་ནག་གྲུ་གསུམ་མེ་རིས་སྤྲས།། བྱ་ནག་ཁྲག་དང་སྙིང་སྣ་དང།། ཕུར་བུ་དམ་རྫས་དེ་བཞིན་བསབ།། བདག་ཉིད་རྡོ་རྗེ་ཁྲག་འཐུང་གིས།། ཏིང་འཛིན་དང་ལས་མ་མོ་བསྐྱེད། ། སྲོད་དང་དགུང་དང་ཐོ་རངས་དང།། དྲོ་ཀར་ལས་ཀྱི་སྙིང་པོ་བཟླས།། གྲུབ་པ་རྟགས་ལ་ཕེབ་པ་དང།། གསད་པའི་ལས་ལ་འཇུག་པར་བྱ།། མདའ་དང་རྡོ་དང་ཁྲག་དང།། གདུག་པ་རྫས་ཀྱི་མཚོན་ཆ་བཞིས། ། དཀྱིལ་འཁོར་ཟོར་བཞིས་བསྐོར་བར་བྱ།། དྲག་པོ་ཐུན་གྱི་སྔགས་བཟླས་ཤིང།། མ་མོ་བསྐུལ་ཞིང་གཟུགས་ལ་དབབ།། ལིང་ག་དངོས་སུ་གསལ་བ་ལ།། རྫས་དང་ཟོར་གྱིས་ཡང་ཡང་བསྣུན།། ཁྲག་དང་སྙིང་ཕུར་བྱ་རྣམས་དང། ། རིམ་པས་གདབ་དང་ཟོར་དུ་འཕང།། སྲོག་བཞི་ཐིམ་ནས་ཟོར་བཞིས་བཟླས།། རྫས་བཞིས་གསད་པའི་རྒྱ་ཀ་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་མ་མོ་ལས་ཀྱི་སྲོག་སྔགས་འདི་དག་གསུངས་སོ། ། རེ་མ་ཏི་སྲོག་བརྩད་ནས་ཆོད། རྒྱུས་པ་རྩད་ནས་ཐོན་ཡ། མུགས་ཤ་མུགས་ཤ་དུག་ཤ་དུ་མུག་ཤ་དུ། སེ་བ་ཡ་ཡ་ལྐུགས་རྩད་ན་ཆོད།། མ་མོ་ཏྲ་ག་རག་ཤ་བཾ། རུ་བི་ཚལ་པ་ཁ་ཐུན་ཏྲི་རུ་ལུ་བྷྱོ། རག་མོ་ནི་ཤ་ལ་ཀུ་རུ་ཐུམ་རིལ་རྦད། རག་མོ་ཁ་ལ་ཙ་ཙ་ཐུན་བྷྱོ། རག་ཏ་ཐུན་རྦད། རྦད་ཁ་ལ་ཙ་ཙ་ཐུན་བྷྱོ། ཙ་ཏི་རྦད་སྙིང་ལ་ཐུན་བྷྱོ། རག་མོ་ཁ་ལ་ཙ་ཙ་ཐུན་བྷྱོ། ས་མ་ཡ་དུན་བྷྱོ། འབྱུང་བ་བཞི་ལས་བསྐྱེད་པ་ཡི། ། མཁའ་འགྲོ་ནག་མོ་མཆེད་སྡེ་བཞི།། དུར་ཁྲོད་དབྱིངས་ནས་སྐུ་བཞེངས་ཏེ།། སྒྲོལ་བྱེད་ཁ་ནས་མེ་འབར་ལས།། བུད་མེད་ནག་མོ་འབུམ་བཀྱེ་ནས།། འབྱུང་བ་བཞི་ཡི་རྒྱ་ཡི་འཇིགས་ཤིང།། རྩ་རྒྱུད་གཅོད་པའི་མཚོན་ཆ་ཅན། ། གྲོང་ཁྱེར་ཀུན་ལ་དམོད་པ་འདོར།། སྒྲོལ་གིང་ཆེན་མོའི་གསང་སྔགས་ཏེ།། མདའ་དང་རྡོ་དང་དུག་ཁྲག་ལ།། བཟླས་ཤིང་བསད་པའི་ལས་སུ་བཤད།། ཨོཾ་རུ་རུ་རོ་རུ་ཏི་སྟ་བ་ཏོ་སི་སྭཱཧཱ། མ་མ་ལུས་སྲོག་སྙིང་ལ་ཡ་ཤ་ཁྲག་ལ་ཐུན་རྦད། ། མ་མོ་རག་མོ་སྙིང་ལ་ཛ་ཛ། ནག་མོ་ཧར་ཧུར་མ་ཧཱ་ཆོ་ཆོ། ཀུར་ཀ་མེ་ཤ་མ་ར་ཁ་ཁ་ཧ་ཧ། ཏྲ་ཏྲ་ཏི་ཏི་ཛ་ཛ་སྙིང་པ་རིལ་སྙིང་ཁ་རག་ཚལ་པ་རྦད། རྦུད་མ་རཱ་ཡ་ཕཊ། རེ་མ་ཏི་ཙ་པ་ལ་རག་ཏ་མུ་རུ་ཚལ་མ་མ་སྲོག་ལ་ཛ་ཛ། བྱ་དང་དིར་བུ་ཁྲག་དང་ནི།། སྙིང་དང་ཕུར་བུ་ཟོར་བུ་བརྡེག། རེ་མ་ཏི་དང་གཤིན་བུ་རྗེས།། མཆོག་གི་ཕུར་པས་གདབ་པ་དང།། སྲོག་ཏིག་སྔགས་དང་ཕུར་རྫས་ཀྱིས། ། ལིང་ག་བསྣུན་ཅིང་དགྲ་ལ་འཕང།། ཤེལ་ནག་སྤྱི་དཀར་དབེན་དུ་བཅའ།། དགྲ་རྟགས་བྱུང་ནས་གཏང་རག་གཏང།། སྲོག་བསྒྲུབ་ཤན་པ་ལས་ལ་རྦད།། རྒྱལ་པོར་གྲོང་བཞིར་སྦྱར་བ་འམ། ། གདུག་པ་ལས་མ་མངག་པ་སྟེ།། ལན་གསུམ་སྤོགས་ཀྱང་རྟགས་མེད་ན།། སྒྲོལ་གིང་ཤན་པ་ལས་ལ་མངག། བརྡེག་དང་འཕང་བའི་གསང་སྔགས་ནི།། ནརྀ་ཤ་ཀུ་རུ་ནི་ཛ། རག་མ་ཐུམ་ལིང་སྙིང་རྩ་འདུས། སྲོག་པྲིག་པྲིག་ཤམ་ཁྱེར་ཁྲག་ཤ་ལ་ཐུན་རྦད་ཡ། དངོས་བསམ་ཁང་ཁྱིམ་ཡུལ་ལ་འཕང།། མཁའ་ལྡིང་ནག་མོ་ཁྲག་ཡང་གདབས།། སྐེ་ལ་ཙིཏྟིའི་འཕྲེང་བས་བརྒྱན།། རྒྱ་མཚོའི་གཏིང་ངམ་ཆུ་ལ་གཏང།། མ་མོ་མཆོད་པའི་ཁྲག་དིར་ཡང། ། ཐུན་དུ་བསྒྲུབ་ལ་དགྲ་ལ་འཕངས།། ཏི་ཏ་བཞི་པོ་ཁྲག་ཕོར་གཞུག། སྙིང་སྔགས་དགྲ་ལ་འཕང་བར་བྱ།། ལས་རྫོགས་ཤེལ་ནག་ཐུགས་དམ་བསྐང།། ཙིཏྟ་རྟག་གཟུངས་སྐབས་སུ་མཆོད། ། དེ་ལྟར་བྱས་ནམ་མཁའ་འགྲོ་ཡང།། རྔོན་པའི་ཁྱི་བཞིན་ཕྱི་བཞིན་འབྲཻང།། ཇི་ལྟར་བཅོལ་བའི་ལས་ཀྱང་བྱེད།། ནག་མོ་རལ་པ་སྤྱི་བཅིངས་རྒྱུད་ཧེ་སྡུད་འབར་མ་ལས། སྲོག་ཏིག་གསང་བའི་ལེའུ་སྟེ་དགུ་པའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་གིས། མཁའ་འགྲོ་མ་བཞི་མྱུར་དུ་ལས་ལ་མངག་པའི་ཕྱིར། ཡང་དག་བཀོད་པའི་འཕྲིན་ལས་འདི་གསུངས་སོ།། དུར་ཁྲོད་རྫ་དྲུང་ནག་པོ་འམ།། བྲག་རི་དམར་ནག་ཡོད་པར་ཡང། ། ས་བདག་ལྷ་ཀླུ་ཞི་བར་བྱ།། དུར་ཁྲོད་ས་ལ་མཎྜལ་བྱ།། མཐིང་ནག་གྲུ་གསུམ་བསྣོལ་མར་བརྩིགས།། བསྒྲུབ་རྫས་བསག་པ་དེ་བཞིན་ཏེ།། བྷན་དྷ་མཚན་ངན་དེ་བཞིན་ནང།། མཁའ་འགྲོ་བཞི་ཡི་སྲོག་སྙིང་བྲི། ། གྲུ་གསུམ་བཞི་རུ་རྫོགས་པར་དགོད།། དིར་བུའི་རཀྟ་ཐོད་པར་བླུག། རྦད་པའི་ཡང་སྙིང་ཐུན་ཚད་དབྱེ།། དྲག་མོ་དམེ་ཁྲག་སྣ་ཚོགས་དང།། བལ་ནད་རྒྱུ་གཟེར་འབུམ་ནག་དང།། ཀླད་གཟེར་ཤི་བའི་རཀྟ་ཡང། ། ནད་ནི་སོ་སོར་གཏད་ཕྱིར་བླུག། ཁྲག་ནི་ནད་ཀྱི་རྒྱུ་རུ་བཤད།། བཙན་དུ་ཨ་བྱི་བོང་ང་དང། པདྨ་ནག་པོ་བསྐམ་པ་རྣམས།། གསོད་པའི་རྗེས་སུ་ཤིས་པར་བླུག། འབྲས་ཆང་རྒུན་ཆང་གྲོ་ཡི་ཆང། ། སློང་བར་བྱེད་པའི་རྗེས་སུ་བརྩི།། ཐུན་སྤྱར་གྲུ་གསུམ་བཞི་རུ་དགྲམ།། དབུས་ཀྱི་ཁྲག་ཐུན་མདངས་དག་ལ།། ཉ་བོའི་གཟུགས་ནི་ཅི་འདྲ་བར།། བྲིས་ལ་ཐུན་གྱི་བླངས་ལ་བཞག། བདག་ཉིད་རྡོ་རྗེ་ཁྲག་འཐུང་གི། ཐུགས་ཀྱི་ས་བོན་རྒྱུད་དང་འབྲས།། ཐུན་གྱིས་མ་མོ་མཆེད་བཞི་བསྐྱེད།། དབུས་ནས་མཐའ་རུ་ཞག་བདུན་ནམ།། དགུ་འམ་བཅུ་བཞིའི་བར་དུ་བསྒྲུབ།། མཐའ་ནས་བཟློག་པ་བརྩམ་པར་བྱ།། རྩ་བའི་བསྒྲུབ་སྔགས་བཞི་བསྐོར་ལ། ། བཅུ་བཞི་དག་གི་ཡང་སྙིང་གདགས།། འབྱུང་བ་རྒྱ་བཤིག་མ་མོ་ཡིས།། དམག་དཔུང་འབེབས་པའི་གསང་སྔགས་ཏེ།། གཙོ་མོ་བཞི་དང་འཁོར་འབུམ་དང།། དེ་བཞིན་སྲོག་གི་ཡང་སྙིང་དང། ། རྦད་པའི་སྔགས་དང་གསང་སྔགས་ལ།། བཅུ་བཞི་དུག་ཐུན་ཡང་སྙིང་དང།། བཅུ་བདུན་སྤུ་གྲིའི་ཡང་སྙིང་གདགས།། ཁོལ་དང་རླངས་པ་མདོག་འགྱུར་དང།། གསད་པའི་སྦྱོར་བ་དྲིལ་བྱ་བ། ། མཐའ་ནས་དབུས་སུ་དྲིལ་ལ་བརྡེག། ཐུན་རྨུགས་བར་དུ་དགྲ་མིང་གདབས།། རེ་མ་ཏི་ཡི་དགྲ་ལ་དྲིལ།། གལ་ཏེ་གྲུབ་པར་མ་གྲུབ་ན།། བཟློག་ཅིང་དཀྲུག་པ་དག་ཀྱང་བྱ།། གྲུབ་རྟགས་བྱུང་ན་ཐུན་ལམ་བཙལ། ། མིང་དགུས་བསྐུལ་ཞིང་མཁན་རྒྱས་གནད་དུས་བཞི་རྒྱལ་མོས་ཐུན་འཕང་སྟེ།། སྔགས་པ་མ་མོའི་མདུན་ཆས་འཇུག། དངོས་སམ་ཁང་ཁྱིམ་ཡུལ་ཕྱོགས་འཕང།། འགགས་སམ་ཞིག་པ་ལ་སོགས་འབྱུང། ། རླུང་ཚུབ་ཐོག་སེར་གློ་བུར་འོང།། ཡ་བག་ཤ་ཡའི་ལས་སུ་བཤད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་དཔལ་གྱིས། སྐུ་གསུང་ཐུགས་རྡོ་རྗེ་ལས་གསང་བ་ཡང་ཏིག་གི་ཐུན་སྔགས་འདི་སྟོན་ཏོ། ། ཁ་བེ་ཤ་ཀ་ཏྲི་ཤམ་བེ་ཤ་རུ་དབེ་ཤ་ཁ་ཐུན། མུག་ཏི་ཧྲོཾ་མུག་ཏི་ཧོ། ཙ་ལི་ཙ་ལ་ཤག། ཙ་ལ་ཙ་ལ་ཁས། ལས་ཀྱི་སྤུ་གྲིས་གཤག་པའི་ཐུན།། གསོད་པའི་སོ་རི་དུག་མདའ།། གནག་པའི་འཕྲིན་ལས་ཡང་གསང་བཅུད། ། ཡ་བག་ཤ་ཡ་ཧ་ལ་དུག། ཀུན་ཁྱབ་སུ་རྱ་འོད་ཟེར་ཅན།། ཡང་སྙིང་དྲིལ་བའི་སྲིན་མོའི་ལས།། མྱོས་བྱེད་གདུག་པ་གཡེང་བྱེད་རླུང།། འཕྲོ་འདུ་ཡིད་ཀྱི་སྦྱོར་བ་ཡིས།། དགུ་བསྐོར་ཐུན་གྱི་དམིགས་པས་བསྒྲལ། ། བརྟན་པའི་བློ་དང་བདེ་བའི་སྟོབས།། སྦྱོར་བ་ཚད་དང་དངོས་པོའི་གཞི།། ཐབས་རྣམས་འབྱོར་ན་གཉིས་ཀ་གྲོལ།། དེ་མ་ཡིན་ན་རང་རྒྱུད་བསྲེག། ཅེས་གསུངས་སོ།། ནག་མོ་རལ་པ་སྤྱི་བཅིངས་གསང་བའི་རྒྱུད་ལས། ཁྲལ་ལ་བསྒྲུབ་ཅིང་དུག་གི་གསད་པ་གསང་བ་ཡང་ཏིག་གི་རྟོག་པ་བཅུ་པའོ།།།། དེ་ནས་རྡོ་རྗེ་ཁྲག་འཐུང་དཔལ་གྱིས། མཁའ་འགྲོ་མ་ལས་ལ་མྱུར་དུ་མངག་པ་གསང་བ་ཡང་ཏིག་འདི་དག་གསུངས་སོ། ། གནས་མཆོག་དབེན་པའི་ས་ཕྱོགས་སུ།། དྲག་པོ་ཐུན་གྱི་མཎྜལ་བྱ།། དམར་ནག་གྲུ་གསུམ་བསྣོལ་མ་ལ།། ཐུན་བཞི་སོ་སོར་དགྲམ་པར་བྱ།། བདག་ཉིད་དཔལ་གྱི་སྐུར་གསལ་བས།། ཐུན་གྱི་ཐུན་བར་མ་མོ་བསྐྱེད། ། རང་བཞིན་མ་མོ་དེ་ལ་བསྟིམ།། དུས་བཞིའི་མ་མོ་རྒྱུ་དུས་སུ།། གཙོ་མོས་མཐའ་རུ་བསྐྱལ་བར་བྱ།། གསད་པ་མཐའ་ནས་དབུས་སུ་དྲིལ།། སྙིང་ཐིག་ཐུན་ལ་ཞག་གསུམ་བརྣག། ཅེས་ནི་བླ་མེད་བདག་པོས་གསུངས། ། བུད་མེད་འབུམ་དང་བཅས་པ་ཡིས།། མཁའ་འགྲོ་མ་ཡི་དྲ་བའི་སྡོམས།། ལས་ཀྱི་མོ་མ་རྣམས་ཀྱི་སྲོག། མཚོན་ཆའི་སྐུ་ལ་དུག་གི་ད།། ཉི་མ་སོ་རི་ཀམ་བ་ཏའོ།། ཡག་ཤ་ནག་པོ་ཙ་མ་རི། ། ཕྱག་རྒྱ་རྫོགས་དང་རླུང་གི་ཤུགས།། དམིགས་པའི་བུ་ག་དགུ་རུ་ཐིམ།། སྔོ་དམ་ནག་དང་མཚོན་ཆའི་སོ།། རྩ་སྲོག་མ་ལུས་ཀུན་གཅད་ནས།། ཁྲག་སྐྱུག་ནད་དང་བ་ཙིས་ཀ། བལ་ནད་རིམས་ནད་མཚོན་འཁྲུགས་དང། ། འདུ་བ་རྣམ་བཞི་མེ་འབར་ལྟར།། ཁྲག་འཐུང་རྒྱལ་པོས་ངེས་པར་བཤད།། དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བའི་ཐུན་སྔགས་འདི་གསུངས་སོ།། ཨོ་ཏདྱ་ཐཱ། ཏྲག་རག་ཤ་རུ་པི་ནན། མུག་ཏི་བཾ། རུ་ལུ་རུ་ལུ། དགྲ་བོའི་སྙིང་ལ་བྷྱོ་བྷྱོ། ཨོཾ་པདྨ་རི་ཏ་རུ་ཏི་རེ་མ་ཏི་ཙིཏྟ་ཙིཏྟ་རུ་ལུ་དགྲ་བོའི་སྙིང་ལ་དུན་བྷྱོ། ཨོཾ་རུ་ལུ་ཀོ་ཧཱུཾ་མེ་སེན་མེན་ནན། ཛ་ཛ་རུ་ལུ་རུ་ལུ། དགྲ་སྙིང་ལ་བྷྱོ་བྷྱོ། ཨོཾ་ཨུ་ཏི་དུ་རུ་ཚལ་པ་མེ་ཛ་ཛ། རུ་ལུ་རུ་ལུ་དགྲ་སྙིང་ལ་བྷྱོ་བྷྱོ། ཐུན་བསྒྲུབ་ཡང་སྙིང་དེ་ཉིད་དེ།། དབུས་ནས་མཐའ་རུ་དྲིལ་ལ་གཏད།། ནག་མོ་འབུམ་གྱི་ཡང་སྙིང་དེ།། སྲོག་ཕུར་སྔགས་ཀྱི་ཁ་གསོར་ཤེས།། མིང་དགུ་མཁན་གྱིས་འཕྲིན་ལས་བསྲང། ། གསད་པ་མཐའ་ནས་དབུས་སུའོ།། དེ་ཡི་མཚོན་ཆ་དེ་ཉིད་དོ།། མ་མ་མུག་ཐུན། རྦད་སྙིང་རྩ་ལ་མུག་ཐུན་རྦད། སྲོག་པ་རྩ་ལ་ཡཾ་རྦད། མ་མ་སྙིང་ཟ་བའི་ཚིལ་ལ་མ་ཤ།། རོ་ལ་ཁྲག་འཐུང་ནི་ཛ་ཛ་རྦད། མ་མ་གཏུབ་ཙིཏྟ་བཾ། སྙིང་ཁ་ལ་རག་ཤ་ཁ་ལ་བྷྱོ་རྦུད། མ་མ་རུ་ལུ་སྲོག་སྙིང་ལ་ཡ་ཁྲག་ལ་དུན་རྦད། ཐ་མ་ཡང་སྙིང་དྲིལ་ལ་བསྒྲུབ།། སྔགས་འདི་ཡང་གསང་མཆོག་ཏུ་གསུང།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོས། ཡང་གསུང་ཐུགས་ཀྱི་གསང་སྔགས་འདི་དག་གསུངས་སོ།། བྷྱོ་རུ་ལུ་བྷྱོ་རུ་ལུ། སྙིང་ཁ་རག་སྙིངས་ཁ་རག་ཐུན་བྷྱོ། ཁ་མུན་ཏྲ་ཁ་མུན་ཏྲ། རུ་ལུ་རུ་ལུ་ཐུན་བྷྱོ། རཀྟ་ཙ་ར་ཆེ་གེ་མོ་མ་ར་ཡ་ན་སྟོབས། སྟམ་པ་ན་རག་ཤ་ར་མོ་ཙིཏྟ་ཧཱུཾ། དགྲ་བོ་བཾ། རབ་ཏུ་དགྲ་བོ་ཤ་ཤིས་དགྲ་བོ་མ་ར་ཡ་ཙིཏྟ་ཧཱུཾ། བཛྲ་ཏི་སྟ་ཛྙ་ན་ཙཀྲ་རྦད་བུ་གཤམ་པར་རྦད། ཏི་ཏ་བ་ག་བན་ཏི་རྦད་ཤམ་བ་རུ་ཁྲག་པར་ཤིང་འདུ་སྟམ་པ་ན་རྦད། མ་ར་ཙིཏྟ་མ་ར་ཙིཏྟ་རྦད། སྙིང་ལ་ཡ་ཡ་སྲོག་པ་རྩལ་ཐུན་བྷྱོ། ཡང་གསང་སྙིང་པོ་མཚོན་ཆ་མེད།། ཡང་གསང་དུག་གི་ཡི་གེ་སྟེ།། རྩ་བརྒྱད་སྟོང་གི་ཡང་སྙིང་ཡིན།། འབུམ་ཕྲག་བརྗོད་ན་ཡུལ་ཁམས་ཀྱང། ། ངེས་པར་འཇིག་པ་ཡང་དག་བཤད།། ངོ་དམར་སྲིན་པོ་གཏུམ་བྱེད་དང།། གཅན་གཟན་གདུག་པ་ཀུན་ཀྱང་བརླག། འདི་ནི་བརྣག་པ་ཀུན་གྱི་མཆོག། སྙིག་ཏིག་ལས་ཀྱི་ཐུན་དུ་བཤད།། ནག་མོ་རལ་པ་སྤྱི་བཅིངས་འཕྲིན་ལས་གསང་བའི་རྒྱུད་ལས། གསང་བ་ཐུན་གྱི་ལས་བསྟན་པའི་རྟོག་པ་བཅུ་གཅིག་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་དཔལ་གྱིས། དགྲ་ལ་ནད་ཀྱི་ཐུན་དབབ་པའི་ཕྱིར། ཐུན་གྱི་མ་མོ་དབྱིངས་ནས་བསྐུལ་བ་འདི་དག་གསུངས་སོ། ། རལ་ཀ་ནག་པོ་གོན་པ་དང་ཤུན་ཆེན་སློག་པ་དེ་བཞིན་བགོ། སྲིད་པ་སྤྱི་ལུག་ཞ་གོན་ཏེ།། ནེ་སག་འཕྲེང་བ་དེ་བཞིན་བགྲང།། ལག་ཏུ་རལ་པ་ནག་པོ་ཐོགས། ། གསུར་ཆེན་དུད་པ་གཏང་ནས་ཀྱང།། ལྷ་སྲིན་རྣམས་ལ་ཕུད་གཏོར་ལ།། མ་ཉེས་དབང་གཟུགས་འཕྲིན་ལས་བཅོལ།། བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས།། དཔལ་ལྡན་ནག་མོ་རེ་མ་ཏི། ། སྐུ་མདོག་མཐིང་ནག་ཆེན་མོ་ལ།། ཞལ་གཅིག་སྤྱན་གསུམ་ཕྱག་རྒྱ་བཞི།། གཡས་ཀྱི་དང་པོ་ཁ་ཊྭཾ་འཕེན།། གཡས་ཀྱི་འོག་མ་ཏྲི་ཤུལ་བརྡེག། གཡོན་གྱི་དང་པོ་ཁྲམ་བྱང་བསྣམས།། གཡོན་གྱི་འོག་མ་ནད་རྐྱལ་བསྣམས། ། ན་བཟའ་ཞིང་ཆེན་གཡང་གཞི་གསོལ།། ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས།། ཉིན་གྱི་དུས་སུ་རྟོག་བྱེད་ཅིང།། མཚན་གྱི་དུས་སུ་རྒྱུག་བྱེད་མ།། རྒྱབ་ན་ནད་ཀྱི་རྒྱལ་པ་ཁུར།། ནད་ཀ་སྤྱོད་དང་མ་ཅིག་མ། ། རིམས་ཁ་བསྒྱུར་དང་ལྕམ་ཅིག་མ།། སྣ་ཚོགས་ནད་ཀྱི་བདག་མོ་སྟེ།། བལ་ནད་ཚ་བ་དགྲ་ལ་ཐོང།། མ་ཡི་དམ་ཚིག་དུས་ལ་བབ།། བྷྱོ། བཞེངས་ཤིག་ནམ་མཁའི་དབྱིངས་ནས་བཞེངས།། དཔལ་ལྡན་ནག་མོ་རེ་མ་ཏི། ། དམར་ནག་རེ་བའི་གོ་ཟུ་ཅན།། ཁྲག་གི་རལ་པ་ཤ་ར་ར།། ཆིབས་སུ་ཆུ་གླང་སྔོན་པོ་ཆིབས།། འབྲུག་དང་གློག་གི་སྣ་འདྲེན་མ།། སྒྲོལ་གིང་ཆེན་མོ་དམ་ཅན་མ།། གཡས་ན་སྦྲུལ་ཞགས་ཀླད་ལ་བསྐོར། ། གཡོན་པ་བསྡིགས་པའི་མཛུབ་མོ་སྒྲེང།། འཛིགས་པའི་རེ་ལྡེ་སྐུ་ལ་གསོལ།། ལག་ན་ནད་ཀྱི་ཕོར་ཐོགས་ཤིང།། རྒྱལ་ཁམས་ཡོངས་ལ་འཐོར་བྱེད་མ།། ནད་དང་རིམས་ཀྱི་སྣ་དྲོངས་ལ།། རྒྱུག་གཟེར་ནད་ཀྱི་དལ་ཕོབ་ཅིག། མ་ཡི་དམ་ཚིག་དུས་ལ་བབ།། བཞེངས་ཤིག་རི་རབ་རྩེ་ནས་བཞེངས།། དཔལ་ལྡན་ནག་མོ་རེ་མ་ཛ།། སྐུ་མདོག་སེར་ནག་ཆེན་མོ་ལ།། ཁྲག་གི་རལ་བ་མུན་ལྟར་གཏིབས།། རྨ་བྱ་མཛེས་པའི་ཐུལ་ཆེན་གསོལ། ། ཆིབས་སུ་སྨན་ཤ་ཡུ་ཆུང་ཆིབས།། གྲོང་དང་དུར་ཁྲོད་རྒྱབ་པར་འགྲོ།། གཡས་པ་དོར་བུ་ཁུར་བུ་ཁུར།། གཡོན་པ་ཐོག་པ་ཁྲག་གིས་བཀང།། ཞལ་ནས་མེ་འབར་རྒྱ་མཚོ་སྐེམས།། ལག་ན་རྡོ་འཕེན་རི་རབ་བསྙིལ། ། སྣ་ཚོགས་ནད་ཀྱི་བདག་མོ་སྟེ།། སྡང་བའི་དགྲ་བོ་བདེ་འབྱམ་ལ།། ཀླད་གཟེར་ནད་ཀྱི་དལ་ཕོབ་ཅིག། བཞེངས་ཤིག་རྒྱ་མཚོའི་གཏིང་ནས་བཞེངས།། དཔལ་ལྡན་ལྷ་མོ་རེ་མ་ཛུ།། སྐུ་མདོག་ལྗང་ནག་འབར་བ་ལ། ། ཁྲག་གི་རལ་པ་མུན་ལྟར་གཏིབས།། ན་བཟའ་ཆུ་དར་ཐུལ་བ་གསོལ།། ཆིབས་སུ་རྔ་མོ་ནག་མོ་ཆིབས།། ཟས་སུ་སྲིད་པའི་ཤ་ལ་ཟ།། གཡས་ནས་འཕན་རིངས་ཀླད་ལ་བསྐོར།། གཡོན་པ་བདུད་རྩིའི་བུམ་པ་བསྣམས། ། རྣལ་འབྱོར་ཡོངས་ཀྱི་ཚེ་འཛིན་མ།། མ་ཅིག་དཔལ་ལྡན་རེ་མ་ཛུ།། སྣ་ཚོགས་ནད་ཀྱི་བདག་མོ་སྟེ།། འབྲུ་ནག་ནད་ཀྱི་དལ་ཕོབ་ཅིག། མ་དུར་ང་དུར་རུ་རུ་རོ་རུ་བྷྱོ། ཁྲོས་པས་གདོང་ཁྲག་བྱུག་ལ། ། དྲེའུ་འམ་བོང་བུ་ཞོན་ནས་ཀྱང།། གནོད་སྦྱིན་མོ་རྣམས་དབང་དུ་སྡུད།། མི་མགོ་ལྟག་སྤྲོད་དྲག་ཏུ་བརྡུང།། ང་ནི་སྲིད་པའི་རྒྱལ་མོ་སྟེ།། སྲིད་པའི་མ་མོ་དམ་ལ་འདུ།། ང་ནི་དཔལ་ལྡན་རེ་མ་ཏི།། ནག་མོ་འབུམ་ཁྲི་དམ་ལ་འདུ། ། ང་ནི་དཔལ་ལྡན་རེ་མ་ཏྲི།། དམར་མོ་འབུམ་ཁྲི་དམ་ལ་འདུ།། ང་ནི་དཔལ་ལྡན་རེ་མ་ཛ།། སེར་མོ་འབུམ་གྱི་དམ་ལ་འདུ།། ང་ནི་དཔལ་ལྡན་རེ་མ་ཛུ།། ལྗང་ནག་འབུམ་ཁྲི་དམ་ལ་འདུ། ། འདུ་འདུ་མ་ཚོགས་དམ་ལ་འདུ།། ཞེས་པས་མ་མོ་དམ་ལ་འདུ།། དེ་ནས་ཟོར་ཁ་འཕང་བྱ་བ།། ནག་མོ་ཁྲག་འཐུང་རྡོ་རྗེ་རལ་པ་ཅན།། འཇིགས་པའི་སྐུ་གཅིག་སྟོང་ཁམས་ཡོངས་སུ་ཁྱབ།། ལག་ན་ནད་ཀྱི་རྐྱལ་པ་ཐོགས། ། རྒྱལ་ཁམས་ཡོངས་ལ་འཐོར་བར་བྱེད།། ནད་དང་རྒྱུག་ཟེར་སྣ་འདྲེན་མ།། མཁའ་འགྲོ་འབུམ་གྱི་སྣ་ལ་འགྲོ།། སྲིན་མོའི་དམ་ཚིག་མི་ཤ་ཟ།། སྲིན་མོའི་དམ་ཚིག་མི་ཁྲག་འཐུང།། ཉིད་ཀྱི་དམ་ཚིག་ཁྲག་མདའ་འདི། ། ད་ནི་འཕང་བའི་དུས་ལ་བབ།། སྡང་བའི་དགྲ་བོ་བདེ་འབྱམ་འདི།། དང་པོ་ཞེ་སྡང་ཕ་ཡི་སྐད།། བར་དུ་འདོད་ཆགས་མ་ཡི་མངལ།། དེ་ནས་དྲི་ཟ་ལྟེ་བར་འཁོར།། དེ་ནས་ཉོན་མོངས་ལྔ་ཡི་གཟུགས། ། ལྔ་ཕུང་རྩད་ནས་བཅད་པའི་ཕྱིར།། དབང་པོ་བརྟེན་པ་མགོ་ཡིན་པས།། མགོ་ཡི་དཀྱིལ་དུ་ཁྲག་ཟོར་ཡ།། ལྟ་བའི་མིག་ལ་ཁྲག་ཟོར་ཡ།། འཛིན་པའི་ལག་ལ་ཁྲག་ཟོར་ཡ།། ཡུལ་མཁར་ཁྱིམ་ལ་ཁྲག་ཟོར་ཡ། རེ་མ་ཏི་བྷྱོ། རེ་མ་ཏྲི་བྷྱོ། རེ་མ་ཛ་བྷྱོ། རེ་མ་ཛུ་བྷྱོ། མའོ་མའོ། མ་བྷྱོ་མ་བྷྱོ། མ་མོ་ནག་མོས་ཕྲོལ། ཡོད་མོ་སོད་ནི་ཛ་རྦད། ཐུན་སོད། དུར་ཁྲོད་ཆེན་པོའི་ཆད་ཁའམ།། བྱང་རི་མཐོན་པའི་ཁ་ནས་འཕང། ། ཁང་ཁྱིམ་འགས་ཤིང་རྡིབ་པ་ཡང།། རླུང་ནག་ཚུབ་མ་ཆེན་པོ་འབྱུང།། ནག་མོ་རལ་པ་སྤྱི་བཅིངས་མ་གསང་བའི་རྒྱུད་ལས། ཐུན་གྱི་མ་མོ་བསྐུལ་བའི་རྟོག་པ་བཅུ་གཉིས་པའོ།།།། དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་དཔལ་གྱིས། ། སྣང་སྲིད་ཐམས་ཅད་ཁྲག་གི་མཚོར་བྱིན་གྱིས་བརླབས་ཏེ། འཁོར་ལ་དབང་བསྐུར་བའི་རིམ་པ་འདི་དག་གསུངས་སོ།། རང་ཉམས་དབེན་པའི་བདེ་གནས་སམ། ། བཀྲ་ཤིས་བྱིན་བརླབས་ཡོད་པ་སྟེ།། རིགས་འཛིན་ཀུན་གྱིས་ཡང་དང་ཡང།། ས་ནི་སྦྱང་ཞིང་བྱིན་བརླབས་པར།། དེར་ནི་དཀྱིལ་འཁོར་རབ་ཏུ་བཤམ།། མཎྜལ་པདྨ་བཞི་ལྡན་དབུས།། རང་བྱུང་བུམ་པ་རྫས་ལྡན་ལ། ། མ་མ་སྲོག་གི་སྙིང་པོས་བསྐོར།། པདྨ་བཞི་ལ་རཀྟ་ཡི།། དིར་བུ་བཞི་ཡང་བཞག་པར་བྱ། ལྕགས་ཕུར་དར་ནག་ལྕེའུ་ལྡན་པ་དང།། ཙིཏྟ་བཞི་ཡང་དགོད་པར་བྱ།། དཔལ་དང་མ་མོའི་གཏོར་མ་དག། བདུད་རྩི་རཀྟ་དག་ཀྱང་དགོད།། རྔ་དང་ཕུར་བ་ཉུངས་ཀར་དང།། ཐུན་རྫས་མ་ལུས་བསགས་པར་བྱ།། རལ་ཀ་ན་བུན་ཅོད་པན་ཅན།། ནུབ་ཀྱི་ལས་ཀྱི་བུམ་པ་དགོད།། སྲོག་གི་སྙིང་པོ་དེ་བཞི་ལ།། ཨཱ་ཡུ་ཤེ་དང་སི་ཏི་གཏགས། ། ཡབ་ཀྱི་སྔགས་ཀྱི་དབུ་མནན་ལ།། ནག་མོ་འབུམ་དང་བཅས་པ་ཡིས།། སྙིང་པོ་ཡང་ནས་ཡང་དུ་དྲང།། ཅིག་ནི་ཚེ་ཡི་འཛབ་དྲངས་ཏེ།། མ་ཏྲང་བཞི་ཡི་མདོས་ཀྱང་བཤམ།། བསྙེན་པ་རྫོགས་པར་གྱུར་པ་དང། ། སློབ་མ་དཀྱིལ་འཁོར་གཞུགས་པའི་ཕྱིར།། ཁྲུས་བྱ་དཀྱིལ་འཁོར་གཞུག་པའི་ཕྱིར།། དམ་ཚིག་དཔོག་ཅིང་པྲ་བརྟགས་དང།། གདོང་གཡོགས་དགྲོལ་ཞིང་ལྷ་ཡང་བསྟན།། དེ་ནས་དབང་བསྐུར་བྱ་བའི་ཕྱིར། ། སློབ་མས་ཡོན་དབུལ་གསོལ་བ་གདབ།། བླ་མ་དབང་ཐོབ་མན་ངག་ཅན།། ནུས་པ་ཁྱད་པར་ཡོད་པ་དེས།། དང་པོ་ཁྲག་འཐུང་སྤྱི་ཡི་དབང།། སློབ་མ་དེ་ལ་རྫོགས་པར་བསྐུར།། དེ་ནས་ཁྱད་པར་མ་མོའི་དབང། ། རང་བྱུང་བུམ་པ་ཁ་རྒྱན་ཅན།། འདི་ནི་མ་མོ་ཆེན་མོ་སྟེ།། རིགས་ཀྱི་བུ་ལ་དབང་བསྐུར་རོ།། ལྕེ་ཡི་པདྨའི་དཀྱིལ་འཁོར་དུ།། མ་ཡི་འཕྲོ་འདུ་གསལ་བཀོད་དེ།། བཟླས་དང་བསྐུལ་ཚིག་བརྗོད་པ་ཡིས། ། མ་མོ་བོད་པའི་དབང་བསྐུར་རོ།། སྙིང་ཁར་ཉི་མའི་དཀྱིལ་འཁོར་དུ།། མ་ཡི་འཕྲོ་འདུ་གསལ་བཀོད་དེ།། བཟླས་པའི་ཡི་གེ་འཕྲེང་བས་བསྐོར།། མ་མོ་བསྒྲུབ་པའི་དབང་བསྐུར་རོ།། དུག་གསུམ་རྩད་གཅོད་ཀཱི་ལ་ཡ། ། དམར་ནག་འབར་བའི་རལ་པ་ཅན།། སྐུ་སྨད་ལྕགས་ཕུར་ཟུར་གསུམ་པོ།། དགྲ་བགེགས་རྩད་ནས་གཅོད་ཕྱིར་སྦྱིན།། འགྲོ་བའི་ཚེ་སྲོག་གཅོད་ཕྱིར་ནད་ཀྱི་རྒྱུ།། སྣང་སྲིད་མ་མོའི་ཟས་དང་གནས། ། རཀྟ་བུམ་པའི་དབང་བསྐུར་བས།། ཁམས་གསུམ་དབང་དུ་སྡུད་པར་བྱོས།། རྨད་དུ་བྱུང་བའི་གཏོར་མ་ལ།། ཡེ་ཤེས་ལྔ་ཡི་འོད་སྤྲོས་ཤིང།། འདོད་པའི་ཡོན་ཏན་ལྔ་དང་ལྡན།། བ་ལིང་ཏ་ཡི་དབང་བསྐུར་རོ། ། ཤེས་རབ་ཐོད་པའི་རྔ་བོ་ཆེ།། ཐལ་ཆེན་སོར་འཕྲེང་ཕོ་ལྡོས་བདུད།། མ་མོ་འདུ་བའི་དབང་ལྡན་ཤོག། བསྟན་པ་འཇིག་པའི་རུ་ཏྲ་ལ།། ལས་ཀྱིས་འཐུན་ཕབ་ནད་ཀྱི་རྒྱུ་བསྟན།། གསང་བ་ཐུན་གྱིས་དབང་བསྐུར་བས། ། བསྟན་པ་བསྲུང་ཞིང་དགྲ་བོ་སྒྲོལ།། འཇིགས་པའི་ལན་བུ་ཅོད་པན་འདི།། རལ་པའི་ཟར་བུ་རེ་རེ་ལ།། ལས་ཀྱི་སྤྲུལ་པ་འཕྲོ་ཞིང་འདུ།། མ་མོ་སྤྲུལ་པ་འདུ་བར་ཤོག། དེ་ལྟར་དབང་མཆོག་བསྐུར་ནས་ནི། ། མ་མོ་བསྐུར་ལུགས་ཤེས་པར་བྱ།། བསྒྲུབ་པའི་དུས་སུ་བྲན་ལྟར་བཀོལ།། དབང་བསྐུར་མ་མོ་བསྐུར་ཤེས་པས།། ལུས་དང་གྲིབ་མ་བཞིན་དུ་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་ནི་ངེས་བཤད་པ། ། དབང་མཆོག་ཐོབ་ནས་བསྲུང་བྱ་བ།། སྤྱི་ཡི་དམ་ཚིག་བསྲུང་བྱ་བ།། སྐུ་གསུང་ཐུགས་དང་ཡན་ལག་ནི།། ཉི་ཤུ་རྩ་ལྔ་ཤེས་པར་བསྲུང།། ཁྱད་པར་དམ་ཚིག་འདི་རྣམས་སོ།། བླ་མ་ཕ་མ་རྟག་ཏུ་བཀུར། ། མ་དང་སྲིང་མོ་མཛའ་མོ་བརྟེན།། བྲན་ལ་ཁ་ངན་མི་སྨྲ་སྟེ།། དྲེའུ་དང་བོང་བུ་བརྡུང་བ་མིན།། རུ་ཏྲ་དག་ལ་བྱམས་པ་ཡི།། ཀར་ཤ་པ་ནིའི་རྒྱན་རྣམས་གདགས།། སྐྲ་དཀྱིལ་གུ་ཟུ་ཟངས་ནག་གོན།། ཚེར་མ་ཅན་གྱི་འཁར་བ་བཅང།། དྲག་པོའི་ལས་འཇུག་མདུན་ཆས་བྱས།། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད།། མི་ནག་མོ་དང་ཉམས་པ་དང།། ཁ་ཕོར་གཅིག་ཏུ་མི་བྱ་སྟེ།། ཉམས་པ་ཕལ་དང་ཁ་གཏམ་སྤངས།། མཆོད་པ་ཁ་གཏམ་མིས་གཅད་ཅིང།། གར་རྒལ་མ་མོ་བོང་མི་བྱ།། དཀོན་མཆོག་སྤྱི་མཆོད་ཡི་དམ་ལྷ།། མ་མོ་ཉིད་ལ་རྟག་ཏུ་མཆོད།། སྔགས་ཀྱི་སྒྲ་དག་ཉམས་མི་བྱ།། རང་དམ་རང་གིས་མི་བཟློག་གོ། རྣམ་པར་མ་རྟོགས་ཆོས་ཉིད་ལ།། བསྒོམ་པ་ཐུན་རེ་གནས་པར་བྱ།། རྟག་ཏུ་མ་ཡེངས་བསམ་གཏན་གྱིས།། འཁོར་ལོ་སེམས་ཀྱི་མེ་ལོང་བལྟ།། ཡི་དམ་མི་བསྟན་མ་མོ་གསང།། མ་མོ་རང་གི་མ་ཡིན་པས། ། སྤྲོས་བསྡུ་མ་དང་བུ་ཡི་ཚུལ།། མ་མོ་རང་གི་སྲིང་ཡིན་པས།། གདུང་ཞིང་བོད་དང་མཆོད་ཅིང་བརྟེན།། མ་མོ་རང་གི་གྲོགས་ཡིན་པས།། བསྒྲུབ་པའི་དུས་སུ་ཡུམ་དུ་གཟུང།། མ་མོ་རང་གི་བྲན་ཡིན་པས། ། མངག་པའི་དུས་སུ་བྲན་ལྟར་རྦད།། ཐམས་ཅད་བྱང་ཆུབ་སེམས་ཡིན་པས།། མ་མོའི་སྙིང་པོ་སེམས་སུ་བལྟ།། ཞེས་གསུངས་སོ།། ནག་མོ་རལ་པ་སྤྱི་བཅིངས་གསང་བའི་རྒྱུད་ལས། དབང་དང་དམ་ཚིག་བསྟན་པ་ལེའུ་རྟོག་པ་བཅུ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་དཔལ་གྱིས། ཡན་ལག་གི་བསྒྲུབ་པ་འཕྲིན་ལས་ཀྱི་རིམ་པ་འདི་དག་གསུངས་སོ།། བསྟན་པ་འཇིག་པའི་དགྲ་གཟུགས་ཏེ། ། འབུབ་གནས་བཅུ་ལ་སྙིང་ཀར་གནད།། ཞག་གྲངས་ལྔ་འམ་དགུ་ཡི་བར།། དགྲ་བོ་བསྒྲལ་བའི་ཆོ་ག་བྱ།། དེ་ཡི་གཏོར་མ་བྱང་ཤར་གྱི།། ལས་ཀྱི་བདག་མོ་ཡི་ཞེས་གྲགས།། མཚོ་དང་ཆུ་མིག་དེ་ལ་མི།། གཏོར་མ་དགྲ་གཟུགས་བཅུག་ལ་ཡང། ། ལམ་གྱི་བཞི་མདོར་སྦ་ཞེས་བཤད།། ཟླ་གམ་དཀྱིལ་འཁོར་བན་དྷའོ།། གཟུགས་ཀྱི་སྙིང་ཁར་མིང་རུས་གཞུག། ལས་ཀྱི་མ་མོ་མོན་མོ་སྟེ།། གསེར་གྱི་སྣ་ཆ་ཅན་དུ་འདོད།། དེ་དག་དཔལ་ལྡན་རེ་མ་ཏིའོ། ། གཟས་པ་གཅེར་བུ་འདུག་པ་དང།། རྟ་རྒན་སྔོན་མོབླ་རྟགས་ཡིན།། སྲོག་དང་མ་མོ་ཚར་གཅད་ཅིང།། རྟག་པར་བཟླས་ཤིང་དམོད་པས་གདབ།། མྱུར་དུ་ལས་ལ་ཚུད་པར་འགྱུར།། ཕ་ཚེ་རོག་པོར་མིང་བཅུ་གསང། ། ཉི་མའི་ཟེར་ལ་བརྡབས་ཀྱང་ནི།། མྱུར་དུ་བརླག་པར་ཡང་དག་བཤད།། ཉི་མ་དམར་མོ་འབུམ་གྱི་སྟེང།། འཁོར་ལོ་དམར་པོ་འབུམ་གྱི་སྟེང།། ཟླ་བ་བཅུ་དྲུག་འོད་ཀྱིས་གང། ། གཞལ་མེད་ལྟ་བུའི་དཀྱིལ་འཁོར་ནས།། མ་མོ་ཆེན་མོ་ལྗང་ནག་མ།། གསེར་མིག་ཆེན་མོ་གཡུ་ཡི་སྤྱན།། དབུ་ལ་གསེར་གྱི་ཐོད་འཕྲེང་ཅན།། ལྔགས་ལ་ལྕགས་ཀྱི་གསེར་ཆེན་འབེབས།། ཕྱག་ན་གླིང་བུ་འབུད་བྱེད་ཅིང། ། སྐུ་ལ་རྨ་བྱའི་ཐུལ་པ་གསོལ།། གཤེད་ལ་བབ་པོ་དགྲ་བོའི་གཤེད།། ཐུན་ལ་བབ་བོ་ཉུངས་ཀར་ཐུན།། དགྲ་བོ་ཀུན་གྱི་སྙིང་ནས་དྲོངས།། སྐུ་ནི་བསྐལ་པའི་མེ་རི་ལ།། ཞལ་ནི་གནམ་སའི་གཏོས་དང་མཉམ། ། དབུ་གསུམ་སྤྱན་བགྲད་མཆེ་གཙིགས་པས།། ཁྲོ་མོ་རྡོ་རྗེ་གསང་བའི་ཡུམ།། འདོད་ཁམས་གཟུགས་ཁམས་ཁྱབ་པར་སྒྲོགས།། བདུད་ཀྱི་མ་མོ་ཆེན་མོ་ལ།། དཔལ་རྡུལ་ཆེན་མོའི་ཕོ་ཉ་མོ།། བསྐལ་བའི་མེ་རི་འབུམ་གྱིས་བརྒྱན། ། དཔལ་ལྡན་ནག་མོ་རེ་མ་ཏི།། བསྒྲུབ་པའི་བཀའ་ཉན་དམ་ཚིག་ཅན།། ཅེས་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། དྲག་པོ་སྔགས་ཀྱི་སྦྱོར་སོ་ནི།། ཕྱི་རུ་དུར་ཁྲོད་ཁང་བུ་བཅའ། ། ལྷ་ཆེན་པདྨའི་མཚན་མ་ལ།། མཆོག་གི་གཏོར་མ་རྒྱན་མི་གཅད།། ནང་དུ་འབྲུབ་ཁུང་དུར་ཁྲོད་སྟེང།། ཡི་དགས་རོ་ཡིས་མཚན་པར་ཡང།། ཕྱོགས་སུ་ཁ་གདང་གཞག་པར་བྱ།། སོ་བྱ་ཁྱིམ་བྱ་ལུག་ནག་ཀྱང། ། གསུམ་དྲུག་གཅིག་གི་གསོབ་རྣམས་སོ།། ཤེལ་ནག་དྲོད་པ་དག་དང་ནི།། ཀུ་ཀུ་ཤོ་ན་དེ་བཞིན་ཏེ།། ག་གསད་གཉིས་སུ་དེ་ཤེས་བྱ།། བྲ་བ་ཕུས་པ་བྱིས་པ་སྟེ།། སླུ་དབུས་བ་ཏི་སྦོས་ནད་འབྱུང། ། བྱ་ཏྲི་ཧ་ལ་ཀ་བྷི་ར།། རིངས་ཤིང་འཆིང་བའི་མན་ངག་སྟེ།། རྩ་བཅུ་ཡིད་དཀྲུག་འབྱུང་བ་བསྡམས།། གནམ་ལྕགས་འབེབས་ན་ཐོག་བྲི་སྟེ།། གསེར་དང་མཁར་བའི་ཕྱེ་མས་འགྲུབ།། ལྐུག་པ་ལུག་ནག་ཙིཏྟར་བྱ། ། སྨྱོས་འབྲོས་ཁྱི་དཀར་ཐོད་པ་ལ།། གྲགས་སོ་ཤ་ཤི་ཁ་ཤོག་པ།། དེས་ནི་འགྲུབ་པར་དབའ་བོས་བཤད།། རིམས་དལ་འབེས་པ་དེ་ཡི་རྫས།། འདུ་བ་རྣམ་བཞི་གང་ལ་ཡང།། ནད་ཀྱི་ས་བོན་རྟ་དང་བསྟུན། ། མོན་པ་ཕོ་མོས་གཅན་གཟན་དང།། འདབ་ཆགས་གྲངས་ནི་ཇི་སྙེད་པ།། ལྟས་ངན་དམག་གི་རྒྱལ་མོ་སྟེ།། དྲག་པོ་སྔགས་ཀྱི་སྦྱོར་ཀ་ཡིས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ནག་མོ་རལ་པ་སྤྱི་བཅིངས་གསང་བ་འཕྲིན་ལས་ཀྱི་རྒྱུད་ལས། ཡན་ལག་གི་ལས་སྟོན་པར་བྱེད་པ་རྟོག་པ་བཅུ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་དཔལ་གྱིས། འདུས་པའི་ཚོགས་ལ་བཀའ་སྩལ་པ། ཨེ་མ་འཁོར་དུ་འདུས་པའི་ཚོགས། ། ལྷག་པའི་ཡེ་ཤེས་ཆེན་པོ་དང།། ཆེད་དུ་འཛིན་པའི་མཁའ་འགྲོ་དང།། ལས་ཀྱིས་འདུས་པའི་མཁའ་འགྲོའི་ཚོགས།། ངོ་བོས་བཤད་ཀྱི་རྒྱུད་ཆེན་འདི།། འདས་དང་མ་འདས་མ་མོ་ཡི། ། སྲོག་སྙིང་དོན་དུ་དྲིལ་ནས་ཀྱང།། མཁའ་འགྲོ་ནག་མོ་མཆེད་བཞི་ཡི།། སྲོག་གི་སྙིང་པོའི་དོན་བཤད་པ།། ནག་མོ་རལ་པ་སྤྱི་བཅིངས་གསང་བའི་ལུང།། རྩ་སྔགས་དམིགས་པའི་རྒྱུད་འདི།། དམ་ཅན་རྣལ་འབྱོར་རྣམས་ཀྱིས་ལོང། ། དད་ལྡན་དམ་ཚིག་ལྡན་པ་ཡིས།། ལུང་དང་མན་ངག་ལྡན་བྱས་ཏེ།། དང་པོ་མ་མོའི་སྲོག་རྩ་འགྲུབ།། གྲུབ་པ་རྟགས་ལ་ཕེབས་པ་ན།། ལས་ཀྱི་སྦྱོར་བ་གང་བྱས་ཀྱང།། མྱུར་དུ་འགྲུབ་པར་ཡང་དག་བཤད། ། རྩ་བ་ཡན་ལག་འཕྲིན་ལས་ཀུན།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། གང་ཞིག་གསང་བའི་བཀའ་རྒྱུད་འདི།། རྣམ་རྒྱལ་ཁང་པའི་བྱང་ཤར་གྱི།། ཡོངས་སུ་ས་བརྟོལ་ཁོག་པར་སྦོས།། རྒྱུད་འདི་གནས་པའི་ས་ཕྱོགས་དེར། ། དགྲ་ཡི་གནོད་པ་མི་འབྱུང་ཞིང།། འཇིག་རྟེན་མི་ཡིན་ལས་ཐར།། དུག་དང་མེ་ཆུ་ལྕེ་འབབ་དང།། སྟག་དང་དོམ་དྲེད་ལ་སོགས་པ།། འཇིགས་པ་ཀུན་ལས་ངེས་པར་ཐར།། ཡང་དག་བླ་མེད་བྱང་ཆུབ་ཐོབ། ། གསང་བའི་བཀའ་རྒྱུད་འདི་བཅངས་པས།། མཁའ་འགྲོ་འབུམ་གྱི་གཙོ་མོ་བཞི།། ལས་དང་ཡེ་ཤེས་མ་མོ་ཡིས།། བསྲུང་དང་སྐྱབས་དང་བཀུར་སྟི་བྱེད།། འདི་དག་ཡིད་ལ་བྱས་པ་ཡིས། ། མ་མོ་རྣམས་ཀྱི་སྲོག་ཀྱང་ཟིན།། འདི་དག་བྲིས་པ་ཙམ་ལ་ཡང།། འཇིག་རྟེན་མ་མོ་དབང་བསྐུར་བྱེད།། འདི་ནི་གསང་བའི་ཡང་སྙིང་སྟེ།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། རྣལ་འབྱོར་གང་ཞིག་སུ་བསྒྲུབ་པ། ། མིང་པོ་རྡོ་རྗེ་དེ་ཡིན་གྱིས།། མཁའ་འགྲོ་ཁྱེད་ཀྱིས་བསྟན་པ་སྲུངས།། ཞེས་གསུངས་ནས་གཏད་དོ།། ནག་མོ་རལ་པ་སྤྱི་བཅིངས་གསང་བ་ཕྲིན་ལས་ཀྱི་རྒྱུད་ལས། གཏད་པའི་རྟོག་པ་བཅོ་ལྔའོ། །།། ཧེ་སྡུད་འབར་མ་འཕྲིན་ལས་ཀྱི་རྒྱུད་ཀྱི་ཡང་སྙིང་ཞེས་བྱ་བ། ཤིན་ཏུ་ཟབ་པར་གསུངས་པའི་རྒྱུད་ཕྱི་མ་བྱིན་གྱིས་བརླབས་ཀྱིས། རྒྱ་གར་གྱི་ཡུལ་གྲོང་ཁྱེར་མ་རུ་བྱ་བར་མཁའ་འགྲོ་མས་ལུང་བསྟན་པའི་རྒྱུད་རྫོགས་སོ། ། གྷུ་ཡ་རྒྱ་རྒྱ།།།།
CLOSE WINDOW