CLOSE WINDOW

Gpb047.009: རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བ་ཞེས་བྱ་བའི་རྒྱུད
Wylie

རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་པ་ར་གུ་ཧྱ་ཨེ་ཀ་ཏན་ཏྲ་ནཱ་མ། བོད་སྐད་དུ།། རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བ་ཞེས་བྱ་བའི་རྒྱུད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་ན་སྲས་མཆོག་དང།། མ་མོ་དང། གིང་ལས་བྱེད་དང་བཅས་པ་རྣམས་བཞུགས་སོ།། དེ་ནས་རྡོ་རྗེ་འདུས་པ་རང་གི་སྟན་ལས་ལངས་ཏེ། ཡེ་ཤེས་ཀྱི་ཕུར་པ་གཙོ་བོའི་ཐུགས་ཁར་གཏད་དེ་དྲིལ་ནས་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་གསང་བདག་བཅོམ་ལྡན་འདས།། ཕུར་གཅིག་ཟབ་མོའི་དོན་ལྡན་པ།། ཕྱི་རབས་པ་ལ་སྨན་སླད་དུ།། དཔའ་བོ་ཆེན་པོས་བཤད་པའི་རིགས། ། ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ཏེ་དབྱེར་མེད་པར་གྱུར་པས། བཅོམ་ལྡན་འདས་རྡོ་རྗེ་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་ཀའི་འོད་ཟེར་གྱིས་འཁོར་ཐམས་ཅད་ལ་ཁྱབ་སྟེ་སྣོད་དང་ལྡན་པར་བྱས་ནས། སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་དོ། རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ། །།། དེ་ནས་ཁྲོས་པའི་རྒྱལ་པོ་ཡིས།། གསང་བའི་དོན་དག་བཀའ་སྩལ་པ།། བསྙེན་ཕུར་གྱིས་ནི་ལས་ཀུན་བྱེད།། དཀྱིལ་འཁོར་བྱི་དོར་ལེགས་བྱས་ལ།། མཆོད་རྫས་ལ་སོགས་བསགས་པར་བྱའོ།། ལྟ་བ་རྡོ་རྗེ་དབྱེར་མེད་ཤེས། ། ཁྲོས་པས་ཁྲོ་བཅུའི་ཞེ་སྡང་གཅོད།། ཡེ་ཤེས་མཚོན་ཆེན་ཧཱུཾ་སྔོན་ལས།། འོད་འབར་ཡོ་བྱད་བྱིན་གྱི་བརླབས།། དེ་བཞིན་ནམ་མཁའི་དཀྱིལ་ཉིད་ནས། ཁྱབ་པའི་སྙིང་རྗེས་མཚམས་སྦྱར་ནས། ། ཐིགས་པ་ལྟ་བུར་ཧཱུཾ་ཤོར་རོ།། སྙིང་གི་གོར་སྐྱེད་ཧཱུཾ་ལས་ནི།། དབང་ཆེན་གཞལ་ཡས་གདན་བཅས་བསྒོམ།། གདན་ཐོག་ཧཱུཾ་ལས་འོད་འཕྲོས་ཏེ།། སྙིང་རྗེས་སེམས་ཅན་ཀུན་བསྒྲལ་ནས། ། འཕགས་མཆོད་སྔགས་མཆོད་སྔགས་ཀྱི་སྐུར་བསྐྱེད་པ།། ཐ་མལ་ལྟ་བུ་མ་ཡིན་ཏེ།། རང་གི་ཕུར་པ་རྡོ་རྗེའི་སྐུ།། མཐིང་ནག་ཞལ་གསུམ་ཕྱག་དྲུག་པ།། རྡོ་རྗེ་རྩེ་ལྔ་རྩེ་དགུ་དང།། མེ་དཔུང་ཁ་ཊྭཱཾ་ཕུར་པ་འདྲིལ། ། རྒྱན་རྣམས་ཀུན་དང་ལྡན་པ་སྟེ།། སྐུ་སྨད་ཕུར་པ་ཟུར་གསུམ་གྱིས།། དྲེགས་པའི་གདན་ལ་བཞུགས་པའོ།། རྣམ་ཤེས་རྟེན་མ་སྙིང་དཀྱིལ་དུ།། ཡེ་ཤེས་སེམས་ཐུགས་ཉི་རྡོ་རྗེ།། དེ་ལ་སྔགས་ཀྱིས་བསྐོར་བར་བསྒོམ། ། སྟོང་པའི་དམ་ཚིག་ཆེན་པོ་སྟེ།། གཡོན་དུ་ཡུམ་ནི་བསྒོམ་པར་བྱའོ།། དེ་ནས་ཡུམ་གྱི་བརྡ་བསྐལ་ཏེ།། རྡོ་རྗེའི་གཞོན་ནུའི་རིགས་འཛིན་རྣམས།། སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། ། ཡེ་ཤེས་ཁྲོ་བོ་གྲུབ་མཛོད་ཅིག། ཅེས་པས་གསང་བའི་སྦྱོར་མཚམས་ནས།། ཡིག་འབྲུ་ལྔ་ལས་སྔགས་ཀྱིས་བསྐུལ།། སྲས་མཆོག་ལྔ་པོ་བསྒོམ་བྱ་བ།། མཐིང་ནག་གཅེར་བུ་ཕུར་པ་འདྲིལ།། སྐུ་སྨད་ཕུར་པ་ཤ་སྟག་ལ། ། སྒྲོ་དང་གཙོ་བོ་དག་ལ་ཐིམ།། དེ་ནས་དཔལ་གྱི་ཐུགས་ཀ་ནས།། དྷ་ཧ་མ་ཏྲི་ཀྵ་ལས་ནི།། མ་ཁྱམས་ཕྱོགས་བཞིར་བསེ་མོ་བཞི།། ཡ་ཕྱིན་ཞལ་གཅིག་ཕྱག་གཉིས་མ།། མཐིང་ནག་འབྲུག་ཞོན་རྒྱུན་གྱིས་བརྒྱན། ། དེ་ཕྱིན་སེར་མོ་ཆུ་སྲིན་ཞོན།། ཞགས་པ་ཕུར་པ་ཐོགས་པའོ།། བསེ་ཕྱིན་དམར་མོ་གློག་ལ་ཆིབས།། ལྕགས་སྒྲོག་ཕུར་པ་ཐོགས་པའོ།། ཕག་ཕྱིན་ལྗང་ནག་རུ་སྦལ་ཞོན།། དྲིལ་བུ་ཕུར་པ་ཐོགས་པའོ། ། མཁྱམས་སྟོད་བཞིར་བདག་ཉིད་བཞི།། རི་ཏི་ནག་མོ་དྲེ་རྟ་ཞོན།། ཁྲམ་ཤིང་ཕུར་པ་ཐོགས་པའོ།། རེ་འདུ་ལྗང་ནག་རྔ་མོང་ཞོན།། མཚོན་གྱི་གྲུ་བུ་ཕུར་པ་ཐོགས།། མ་ཁྱམས་སྨད་བཞི་ཤོ་ན་བཞི།། ཤྭ་ན་མཐིང་ཀ་ལྕགས་སྤྱང་ཞོན། ། ཐོ་དབྱུག་ཕུར་པ་ཐོགས་པའོ།། ཀྲི་ཏ་སེར་མོ་འཕར་བ་ཞོན།། ལྕགས་ཀྱུ་ཕུར་པ་ཐོགས་པའོ།། སྲི་ལ་དམར་མོ་ཝ་ལ་ཞོན།། རྡོ་རྗེ་ཕུར་པ་ཐོགས་པའོ།། ཀུ་ཀུ་ལྗང་ནག་ཁྱི་ལ་ཞོན།། ཞིང་ཆུང་ཕུར་པ་ཐོགས་པའོ། ། མཁྱམས་མཐའ་བཞིར་མིང་པོ་དང།། ཤན་པ་ཕོ་མོ་བསྐྱེད་པ་ནི།། ཤེལ་སྐྱེས་དཀར་པོ་སེང་གེ་ཞོན།། བསེ་སྐྱེས་དམར་མོ་སྟག་ལ་ཞོན།། བསེ་ཡི་ཟ་གྲི་ཕུར་པ་ཐོགས།། ཤན་པ་དཀར་དམར་མཆེ་བ་ཅན། ། གྲི་ཁུག་ཕུར་པ་ཐོགས་པའོ།། མོ་ནི་སྔོ་དམར་གཅེར་བུ་སྟེ།། གྲི་ཁུག་ཕུར་པ་ཐོགས་པ་སྟེ།། སྟག་དང་སྤྱང་ཁུའུ+ི་མགོ་ཅན་ནོ།། ཟོར་ལ་དེ་ལྟར་སྐྱེད་དུས་སུ།། མིང་སྲིང་དྲུག་དང་ཤན་པའོ།། དེ་རྣམས་ངང་ཉིད་ཆོས་དབྱིངས་ལས། ། སངས་རྒྱས་ཀུན་མཐུན་ཡེ་ཤེས་སྐུ།། གོང་གི་ཁྲོ་བོ་མི་བཟད་པ།། ཆོས་སྐུ་དབྱིག་གི་རྒྱས་གདབ་བོ།། རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུད་ལས། ཏིང་ངེ་འཛིན་ཀྱི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་གཉིས་པའོ། །།། དཔའ་བོས་སྔགས་རྣམས་བཀའ་སྩལ་པ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བཾ་ཧཱུཾ་ཧཱུཾ་ཕཊ། རྩ་བའི་རིག་པའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། དྷ་ཧི་མ་མ་ཤི་ཀྲང་ཀརྨ་མ་ཀ་ར་ཡ། ཆེ་གེ་མོ་མཱ་ར་ཡ། ཧ་ས་ཡ་ར་ཧ་དཾ་ན་ཡ། བི་ད་ཡ་བི་ད་ཡ། ཤི་ཀྲིན་ཨ་ན་ཡ། ཛྭ་ལཱ་པ་ཡ་ཛྭ་ལ་པ་ཡ། ཨཱ་བེ་ཤ་ཡ་ཨ་བེ་ཤ་ཡ། ཏ་ཐཱ་ཡ་ཏ་ཐཱ་ཡ། མ་ར་ས་ན་པྲ་མརྟ་ན་ཡ་ཧཱུཾ་ཕཊ། འཕྲེང་བའི་སྔགས་སོ། ། ཨོཾ་བཛྲ་ཀྲོདྷ་ཧཱུཾ་ཀ་ར་ཧཱུཾ། ག་རྫ་ག་རྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། པ་ཙ་པ་ཙ་ཕཊ། ཨོཾ་བཛྲ་#ཀྲོ་དྷ་ཨཱརྱ་ཨ་ཙ་ལེ་ཧཱུཾ། བན་དྷ་བན་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ཧ་ཡ་གྲི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཙིཏྟ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིན་དྷ་ཚིན་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བྷིན་ད་བྷིན་ད་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། བགེགས་ཚར་བཅད་པའོ།། ཧཱུཾ་པ་ར་བི་ཏན་ཧཱུཾ་ཕཊ། བིན་ད་བིན་ད་ཧཱུཾ་ཕཊ། གྲིཧྣ་གྲིཧྣ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། སྲས་མཆོག་གི་རིམ་པའོ། ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཏེ་ཡ། ཛ་ཡེ་བི་ཛ་ཡེ་ཡ། ཨ་ཙི་ཏེ་ཡ། ཨ་པ་ར་ཙི་ཏེ་ཡ། མ་མ་པ་ཤི་ཀུ་རུ། མ་ཏང་ཉ་ཀ་ར་ཨི་ནན་ཏ་ཀི།། མ་མ་ཀརྨ་དྷ་ཏི་མཱ་མ། ཤི་ཀྲང་ཀརྨ་ཀ་ར་རེ་ཡ། དམ་ཅན་གྱི་སྔགས་ཟོར་དང་ཐུན་ལ་བཟླས་སོ།། ཨོཾ་ལཾ་ཧཱུཾ་ལཾ།། ཛ་ཧཱུཾ་བཾ་ཧོ་སྟཾ་པ་ནན། མནན་པའོ།། ཨོཾ་བཛྲ་ཡག་ཤ་ཀྲོདྷ་བི་ད་ཡ། ཁཱ་ཧི་ཁཱ་ཧི། སྦྱིན་སྲེག་གིའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་རབ་ཏུ་གྲགས་པའི་འོད་འཕྲོས་ཏེ། གདུག་པ་ཕོ་མོའི་སྲོག་ནས་བཀུག་སྟེ་མདུན་ན་བི་བཀའ་སྩོལ་ཅེས་འདོར་རོ།། དཔའ་བོ་ཆེན་པོས་བཀའ་སྩལ་པ། ཕྱི་རབས་པ་ནི་བསྐྱང་བར་བྱོས། ། བསེ་བདུག་ཕོ་མོས་སྔགས་བཞིན་སྨྲས།། ཨོཾ་དུ་དུ་ཏྲག་རག་ཤ་ཤ་ལ་ཀྱི་ལ་ཁྱང་རོལ་མུག་ཏི་སྙིང་ཁ་རག་མ་ཧཱ་དེ་བ་ཙིཏྟ་ཛྭ་ལ་ཛྭ་ལ་བྷྱོ་བྷྱོ། ཨོཾ་སུ་ཀྲི་བ་ར་ཡ་བ་ར་ཙིཏྟ་ཡ། ཡོ་གི་ཤྭ་ར་ཡ། ཡ་མ་ཙིཏྟ་ཡ་བྷྱོ་བྷྱོ། དེ་ནི་བདག་གི་སྲོག་ལགས་སོ།། ཨོཾ་བཾ་ཧྲཾ་ཧ་ཆེ་གེ་སྟཾ་བྷ་རཾ་སྲུཾ་ཧྲ་ཧཱུཾ་བཛྲ་ཧ་ན་ཧ་ན་ཆེ་གེ་ཨ་བི་ཙ་ར་ཧཱུཾ་ཕཊ། དེས་ནི་བདག་གིས་དགྲ་བོ་འགུག་པར་བྱེད་དོ།། མ་མ་དུན་བྷྱོ་ཆེ་གེ་ནརི་བྀ་རོལ་གཟེར་མུ་ཏྲི་མ་ཧེ་ད་ནག་མོ་ཐུཾ་རི་ལི་ལི། སྙིང་འབྱིན་ཏྲིག་དོན་ཕྱུང། ནི་ཤའུ་རུ་ཁ་སོ་བ་ཏི་ཡམ། སེན་མན་སེན་ཡཾ། དགྲ་བོ་པྲ་བེ་ཤ་ཡ། དུ་ཏྲི་ཡཾ། སྙིང་རྩེ་ཆོད་སྲོག་སྲིག་ཕྲིག་ཤཾ་ཁྱེར་བྷྱོ། ཁུ་ལེ་ཟ་ཁུང་ཟ་སྙིང་ལ་རྦུད། ལྕེ་དང་མ་སོད་ལྕེ་དུར་མ་སོད། ། དེས་ནི་བདག་གིས་གཟས་པ་བརྡེག་པར་བྱེད་དོ།། དེ་ནས་ཤན་པ་ཕོ་མོས་སྨྲས། བྷྱོ་བཛྲ་ཤྭ་ན་མུ་ཁ་ཨཾ་ཀུ་ཤ་ཛ། ཤལ་ཀྱི་ཁྱེ་བྲེང་ཐལ་ཤཾ་ཤཾ་ཡ་མ་ག་རི་ལ་སྙིང་ལ་ཡ་སྙིང་གོང་ཆོད་ཙིཏྟ་རྦད་ཐུ་བ་རིལ་ཁཱ་ཧི། ཨོཾ་དེ་ཨི་ཨ་དམར་དུ་ཙེ་ནི། ར་ཡ་ཛ་རྦད་སི་དི་ས་མ་ཡ་ཐིབས་ཛ། དེ་ནི་བདག་ཅག་གི་སྲོག། མཁའ་ལ་ཡི་ཟན་ཡུགས་མི་འབར་ཏི་རྦད། ཐུམ་རིལ་ཡ་ཤལ་ཀྱི་སྤྱང་ཀང་ཀ་ཤ་ལ་ཡ་འདུ་སྲུགས་ཤིག། སྙིང་ལ་ཡ་རྦད་པུ་རྦད་པུ་རྩ་རྒྱུད་དྲུངས་ནས་ཕྱུང་ཅིག་ནི་མཱ་ར་ཡ་ཛ་ཛ། ཛ་དུ་སྲོག་ལ་མྱོས་མྱོས་དམར་དུ་ཅེ་སྲོག་ལ་མྱོས་མྱོས། མ་ར་ཡ་སོད་འདུ་འདུ། དེ་ནི་བདག་ཅག་གི་བརྣག་པ་རྡེག་པར་བྱེད་པའོ། ། དཔའ་བོས་དྲག་སྔགས་བཀའ་སྩལ་པ།། ཏྲག་རག་ཤ་སྙིང་ལ་ཏྲག་ཤ། ཙིཏྟ་སྲོག་ཏུང་ཧུ། སྲོག་ལ་འདུ་འདུ། ཐུ་ལིཾ་ས་དུ་དུ། སྲོག་བྲིག་སྲིག། ཤ་ཁྲེར་མ་མ་ནིའི་སྲོག་ལ་ཛ་ལ་རག་ར་ཡ་ཧཱུཾ་ཕཊ། དར་པ་ཝ་ཡི་ཐོད་པ་རུ། ། བླ་རྡོ་བཅུག་ལ་གདུག་པ་བོད།། དྲོད་ལ་ཕེབས་ན་སྤྱང་ཐོད་དུ།། ལིང་ག་བཅུག་ལ་བླ་ཚེ་དགུག། རྟགས་བྱུང་ནས་གསད་པར་བྱ།། གནད་མ་ཤེས་ན་རང་ལ་ལྡོག། རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུས་ལས། སྔགས་ཀྱི་ལེའུ་སྟེ་གསུམ་པའོ།།།། དབང་བསྐུར་བྱིན་བརླབས་བསྟན་པ་ནི།། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ།། ཐུགས་ཁའི་འོད་ཟེར་འཕྲོས་པ་ཡིས།། བྱམས་དང་སྙིང་རྗེས་གང་འདུལ་བཏུལ། ། མི་འདུལ་དྲག་པོ་རྫོགས་པས་བཏུལ།། ཐམས་ཅད་འདུས་ཏེ་དབང་བསྐུར་ཞིང།། དེ་ལས་འཕྲོས་པས་བསྙེན་ཕུར་བརྒྱབ།། དེ་ནས་སྤྱན་དྲང་མཆོད་པ་ནི།། སྲིད་པ་ཕུར་བུ་བསྒྲུབ་པ་དང།། དབང་དང་དངོས་གྲུབ་བསླང་བའི་ཕྱིར། ། ཐུགས་ཀའི་ཧཱུཾ་ལས་ཛ་འཕྲོས་པས།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། བཞུགས་ཤིང་ཕྱག་ཀྱང་བཙལ་བར་བྱ།། ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང།། མཚོན་པ་རྣམ་གསུམ་སྔགས་ཀྱི་དབུལ། ། དགོས་པ་རྟགས་དང་མཚན་མ་སྟོན།། ཀཱི་ལ་ཡ་ཡི་དངོས་གྲུབ་སྟེར།། དེ་རྣམས་ལྷ་རུ་གསལ་བྱས་ལ།། ཕུར་པ་སྲས་སུ་གསལ་བ་ནི།། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོ་དུས་ལ་བབ། ། ཕྱག་བརྙན་ཆེན་པོའི་དུས་བབ།། ཤྭ་ན་མུ་ཁའི་དུས་ལ་བབ།། བདག་ཉིད་ཆེན་པོའི་དུས་ལ་བབ།། ས་བདག་ཆེན་མོའི་དུས་ལ་བབ།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། མཐུ་རྩལ་དབྱུང་བའི་དུས་ལ་བབ། ། གཅིག་ནི་སྤྱིར་བཏང་གཞན་དངོས་སོ།། རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུད་ལས། དབང་བསྐུར་བྱིན་བརླབ་དང་ཕུར་པ་སྲས་སུ་གསལ་བའི་ལེའུ་སྟེ་བཞི་པའོ།།།། དཔའ་པོས་བསྒྲལ་ཞིང་མཆོད་པ་གསུངས། ། དུར་ཁྲོད་རོ་ཚས་སྦྱང་བྱས་ལ།། བྲིས་མཁན་དམ་ཚིག་ཡོད་པ་ཡིས།། དཔལ་གྱི་སྐུ་བྲིས་མེ་རི་ཡི།། ཕྱི་རོལ་ཏྭ་ར་ཎ་དག་དང།། རིན་ཆེན་རྒྱན་གྱིས་བརྒྱན་པར་བྱ།། རབ་གནས་བྱས་ལ་དངོས་གྲུབ་རྟེན། ། འབྲུབ་ཁུང་ནང་དུ་ལིང་ཁ་གཞུག། དགུག་གཞུག་བྱས་ལ་གཟས་པར་གསལ།། རྒྱུད་ལྔའི་ཤེས་པ་བཀུག་ལ་བསྟིམ།། བདུད་རྩི་དག་ལ་བརྟེན་ལ་མཆོད།། དམ་ཚིན་ཆེན་པོའི་དུས་ལ་བབ། ། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་ཆེན་པོའི་དུས་ལ་བབ།། ཤྭ་ན་མུ་ཁའི་དུས་ལ་བབ།། བདག་ཉིད་ཆེན་པོའི་དུས་ལ་བབ། ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ།། ས་བདག་ཆེན་མོའི་དུས་ལ་བབ། ། མཐུ་རྩལ་དབྱུང་བའི་དུས་ལ་བབ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ།། དུས་གསུམ་རྒྱལ་བའི་གདུང་འཚོབ་པ།། རིགས་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས། ། བདུད་དང་བར་དུ་གཅོད་པ་དང།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས། མངོན་སྤྱོད་ཚུལ་དུ་བསྒྲལ་བ་དང།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང། ། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་པ་ནན། མོ་ཧ་ག། བྷ་ག་ཝན། ཤི་ཀྲི་བི་ཀྲི་བཛྲ་ཧཱུ~ཾ་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལི། ཀཱི་ལ་ཡ་ཀཱི་ལ་ཡ། ཛ་ཧཱུཾ་བཾ་ཧོ། སརྦ་བིགྷ་ནན། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ་ཕཊ། བཛྲ་ཧཱུཾ་ཀ་ར་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀ་ར་ཧཱུཾ་ཨ། གཟས་པའི་ཙིཏྟའི་དཀྱིལ་ཉིད་ན། ཁྲག་གི་སྦལ་པ་ནརི་ཏྲིར་བཅས།། བཏབ་པས་སེམས་བསྟེན་དག་པར་བྱས།། ཕུལ་བས་ལྷ་ཡི་འཇིག་རྟེན་བསྒྲལ། ། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམས།། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས།། རིངས་པར་ཁུག་ལ་སྨྲར་ཆུག་ཅིག། ཕོབ་ཅིག་རྣམ་པར་གཟིར་བར་བགྱིས།། ང་ཡི་དབང་དུ་གྱུར་ནས་ཀྱང།། བསྒོ་བའི་བཀའ་རྣམས་ཉན་པར་གྱིས།། ཧཱུཾ་པ་ར་བིད་ཏན། ཙྪིན་དྷ་ཙྪིན་དྷ་ཧཱུཾ་ཕཊ། བྷིན་དྷ་བྷིན་དྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བན་དྷ་བན་དྷ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱཡ་ཧཱུཾ་ཕཊ། ཧ་ས་ར་ན་ཧ་ཏ་ན་ཧཱུཾ་ཕཊ། ཤི་ཀྲིན་ཨ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བི་ད་ཡ་བི་ད་ཡ་ཧཱུཾ་ཕཊ། ལུས་རྟེན་ལྟེ་བ་བསྡོམ་བརྫིས་འདྲ།། བཏབ་པས་ལུས་ཀྱི་སྒྲིབ་པ་དག། ཕུལ་བས་བྱོལ་སོང་འཇིག་རྟེན་སྟོངས།། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། སྔོན་ཆད་ཇི་ལྟར་དམ་བཅས་པའི། ། མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད།། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ། ཨ་ར་པཱ་རཱ་ཙི་ཏི། མ་ར་ས་ན། པྲ་མརྟ་ནརི་ཡེ་ཧཱུཾ་ཕཊ། ངག་རྟེན་མགྲིན་པ་པདྨ་འདྲ།། བཏབ་པས་ངག་གི་སྒྲིབ་པ་དག། ཕུལ་པས་ཡི་དྭགས་འཇིག་རྟེན་བསྒྲལ།། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ། ། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཧཱུཾ་མ་མ་བི་ཤམ་ཀུ་རུ། མ་ཏང་ཉ་ཀ་ར་ཨི་ནན། འདའ་ཏི་མ་ཀརྨ་ཤི་ཀྲང་ཀར་ཀང་ཀར་ཉེ་ཡ། ཚེ་རྟེན་དཔྲལ་བ་ཟླ་ཚེས་འདྲ།། བཏབ་པས་ཚེ་ཡི་རྒྱུད་སྐད་ཆད།། ཕུལ་བས་མི་ཡི་འཇིག་རྟེན་བསྒྲལ།། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷའམ་འོན་ཏེ་བདུད་ཀྱང་རུང། ། ང་ལ་བར་ཆད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པ་རུ་བྱོས།། སརྦ་ཨ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཏ་ཧཱུཾ་ཕཊ། མཐུ་རྟེན་རྐང་མཐིལ་འཁོར་ལོ་འདྲ།། བཏབ་པས་མཐུ་དང་རྫུ་འཕྲུལ་དག། ཕུལ་བས་དམྱལ་བའི་འཇིག་རྟེན་བསྒྲལ།། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློག། ཁྲོ་མོ་འབར་བའི་གཏུན་ཁུང་དུ། ། རྡོ་རྗེ་ཐོ་བས་བརྡུངས་བྱས་ནས།། ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ།། ཁ་ཐཾ་ཁ་ཐཾ་ཁ་ཐཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡག་ཤ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། མཁའ་གསང་ལྷ་ཡི་རང་བཞིན་དུ།། ཕུང་པོ་གདོས་བཅས་དག་བྱས་ལ།། དྲུག་གི་ལིང་རོ་ཐོད་པར་བླུག། རྡོ་རྗེ་གནོད་སྦྱིན་སྔགས་ཀྱིས་བཏབ།། ཧ་ཧ་ས་ཞལ་དབྱེ་རུ་གསོལ།། སངས་རྒྱས་མཉེས་ཤིང་སྨོན་ལམ་གདབ། ། དེ་ནས་སྔགས་ཀྱི་བཟླས་པ་བྱ།། དེ་ནས་ཟོར་ཐུན་ལས་ལ་སྦྱར།། ཐ་མ་རྒྱུན་གྱི་སྤྱོད་ལམ་བྱ།། གང་ལ་བྱ་བ་བརྡེག་བར་ནུས།། རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུད་ལས། གཟས་པ་གསལ་བ་དང་མཆོད་ཅིང་བསྒྲལ་བའི་ལེའུ་སྟེ་ལྔ་པའོ། །།། དཔའ་བོས་གཏད་པ་བཀའ་སྩལ་པ།། ཟབ་མོ་དོན་གྱི་སྙིང་པོ་འདི།། དགོས་འདོད་ཀུན་འབྱུང་རིན་ཆེན་འདྲ།། གཏད་དོ་གཏད་དོ་མ་ནུབ་པར།། དམ་པར་གཟུང་ལ་རབ་ཏུ་ཆོངས། ། དེ་ནས་འཁོར་འདུས་པ་ཐམས་ཅད་ཡི་རངས་ཏེ། རྣལ་འབྱོར་གྱི་གྲལ་དུ་འཁོད་དོ།། རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་དྲུག་པའོ། །།། ཕུར་གཅིག་མ་དོན་གསང་བའི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། མ་མ་ཀརྨ་ཏན་ཏྲ་ལོ་ཀ་ཨུ་པ་དེ་ནཱ་མ། བོད་སྐད་དུ། མ་མོ་ལས་ཐམས་ཅད་སྲིད་པའི་རྒྱུད་ལུང་ཞེས་བྱ་བ།

CLOSE WINDOW