CLOSE WINDOW

Gpb047.008: འཁོར་ལོ་ནག་པོ་ཞེས་བྱ་བ
Wylie

། རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ཆེན་པོ་རོག་ཏི་སྲིང་བཞི་དང་བཅས་པའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། རྫོགས་སོ།།།། རྒྱ་གར་སྐད་དུ། ནཱི་ལ་ཙཀྲ་ན་མ། བོད་སྐད་དུ། འཁོར་ལོ་ནག་པོ་ཞེས་བྱ་བ། དཔལ་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདས་པའི་དུས་ན་སྔོན་བྱུང་བ།། རྡོ་རྗེ་སེམས་དཔའི་བསྟན་པ་ལ།། འགྲོ་བའི་ཚུལ་དུ་སྔོན་བྱུང་བ།། དེ་ཚེ་སེམས་ཅན་ཐམས་ཅད་ཀུན། ། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ།། ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས།། ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད།། ཧཱུཾ། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས།། ཁྲོ་བོ་ཉེ་བར་ཞི་མཛད་པ། ། ཁྲོ་ཞི་ཆེ་ལ་ཕྱག་འཚལ་ཏེ།། རྡོ་རྗེ་སློབ་དཔོན་སྨོད་པ་དང།། དམ་ཚིག་ལ་སྡང་དགྲ་བགེགས་རྣམས།། བསྒྲལ་ཕྱིར་འཁོར་ལོ་ནག་པོ་ནི།། ལུང་རྒྱུད་ཀུན་ནས་རབ་བསྡུས་བཤད།། སྔོན་ཚེ་བྱ་བ་སྔོན་བྱུང་སྟེ། ། སྔོན་བྱུང་འདུས་པ་ནག་པོ་ནི།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི།། བསྟན་པ་བྱུང་བའི་བསྐལ་བ་ནི།། བདེ་བ་ཆེན་པོ་ཞེས་བྱ་ལ།། འགྲོ་བའི་ཚུལ་དུ་བྱུང་བ་ནི།། གསང་སྔགས་དོན་རྣམས་ལ་སྤྱད་དེ། ། ངེས་དོན་མ་རྟོགས་དོར་ནས་ནི།། ཇི་བཞིན་བསྒྲལ་བཟུང་ཉོན་མོངས་དང།། མི་དགེ་བཅུ་པོ་སྤྱད་པ་ཡིས།། རྣམ་སྨིན་མནར་མེད་དམྱལ་བར་ལྟུང།། དེ་ལས་རིམས་ཀྱིས་ཐར་ནས་ཀྱང།། རྒྱུ་མཐུན་རྒྱུ་དང་འདྲ་བ་སྟེ། ། དཔལ་ལྡན་ཧེ་རུ་གསལ་བསྒོམ་ནས།། རྣམ་དག་མི་ཤེས་དངོས་པོ་བཟུང།། དེ་ཡི་སྟོབས་ཀྱིས་སྲིན་པོ་ནི།། འདའ་ཤ་གྲི་བ་ལ་སོགས་ཏེ།། གཤིན་རྗེ་མ་མོ་དབང་བསྡུས་ཏེ།། སྲིད་པ་གསུམ་ན་དབང་རེ་ཆེ། ། བརྒྱ་བྱིན་གཤིན་རྗེ་ཆུ་ལྷ་དང།། གནོད་སྦྱིན་འཁོར་དུ་གཏོགས་པ་ནི།། ཤྭ་ན་བཞི་དང་རེའུ་ཏྲི་དང།། བསེ་མོ་དབང་ཕྱུག་བརྒྱད་ལ་སོགས།། འཁོར་དུ་བསྡུས་ཏེ་གནས་པ་ནི།། ལུས་ནི་གཏུམ་བག་ལྡན་པ་སྟེ། ། དབུ་དགུ་དབུ་གསུམ་ལ་སོགས་པ།། ཇི་སྲིད་དབུ་མཐའ་ཡས་པའི་བར།། ལས་ཀྱི་སྲིན་པོ་གཏུམ་པར་སྣང།། གནོད་པའི་བསམ་པ་སྦྱོར་བ་དང།། དྲག་པོའི་སྔགས་ནི་བཟླས་པ་ཡིས།། རྒྱུ་མཐུན་གནོད་བསམ་སྲིད་གསུམ་འཇོམས། ། ངག་གིས་སོད་སྒྲོགས་གཏོགས་ཆོམ་སོགས།། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ།། ཞི་བས་ཕན་པར་མི་འགྱུར་ཏེ།། བྲག་ཕུག་བྱང་དུ་བལྟས་པ་ལ།། ཉི་མ་འཆར་བའི་སྐབས་མེད་ལྟར།། ཞི་བའི་ཐུགས་རྗེས་འབྱུང་མི་སྲིད། ། སྔོན་ཚེ་ལོག་བལྟས་དད་སྐྱེས་པས།། དབང་གི་འབྲས་བུ་འབྱུང་བས་ནི།། དེ་བཞིན་གཤེགས་པ་མ་ལུས་ཀུན།། འདྲེས་འདྲེས་འདྲ་ལ་མ་འདྲེས་པ།། ཤེས་རབ་སྟོང་པའི་བདག་ཉིད་ལས། ། སྙིང་རྗེ་ངང་གིས་སྐྱེས་པ་ཡིས།། བཅོམ་ལྡན་ཀརྨ་ཧེ་རུ་ཀ། ཁྲོ་བོ་ཚུལ་དུ་ཀུན་མངའ་བས།། སྲིན་པོ་འཇིགས་པར་བྱས་པ་ལས།། སྲིན་པོ་ཁྲོ་ཞིང་གཏུམ་པར་སྣང།། དེ་གདུལ་དོན་དུ་ཁམས་གསུམ་རྒྱལ།། ཁྲོ་བོ་བརྒྱ་བྱིན་འཁོར་བཅས་བཏུལ། ། གཤིན་རྗེ་གཤེད་པོ་སྤྲུལ་པ་ཡིས།། ལྷོ་ཕྱོགས་གཤིན་རྗེ་འཁོར་བཅས་བཏུལ།། ཁྲོ་བོ་རྟ་མགྲིན་བཏོན་པས་ནི།། ནུབ་ཕྱོགས་ཆུ་ལྷ་འཁོར་བཅས་བཏུལ།། ཁྲོ་རྒྱལ་སྟོབས་ཆེན་བཏོན་པས་ནི། ། བྱང་ཕྱོགས་གནོད་སྦྱིན་འཁོར་བཅས་བཏུལ།། ཡེ་ཤེས་ལྔ་ལ་རྟོག་མེད་དུ།། སྨོན་ལམ་སྟོབས་ཀྱིས་སྣང་བ་ཡི།། གཙོ་བོ་ཕྱོགས་སྐྱོང་བཞི་པོ་དང།། ཤྭ་ན་བསེ་མོ་རེ་མ་ཏི།། དབང་ཕྱུག་རྩ་བརྒྱད་དབང་བསྡུས་ནས། ། ཁས་བླངས་གཙིགས་ལ་བོར་བའོ།། འཁོར་རྣམས་ཀུན་ལ་བཏུལ་ནས་ཀྱང།། གཙོ་བོ་དེ་དག་གདུལ་དོན་དུ། ཐུགས་ཀ་ནས་ཀྱང་ཧཱུཾ་བྱུང་སྟེ།། ཁྲོ་བོ་ལས་ཀྱི་སྲིན་པོ་ལ།། ཁྲོས་པའི་རྒྱལ་པོ་སྲས་མཆོག་ནི། ། ཞལ་གཅིག་ཕྱག་བཞི་ཞབས་སུར་གསུམ།། ཁྲོས་པས་རུ་ཏྲ་བཏུལ་ནས་ཀྱང།། ཁྲོ་བོའི་སེམས་ནི་ཞི་བྱའི་ཕྱིར།། ལྕགས་ཀྱུས་བླང་ནས་ཞགས་པས་བཅིངས།། ལྕགས་སྒྲོག་བཅིངས་ནས་དྲིལ་བུ་ཡིས། ། ཞལ་དུ་བསྟབས་ཏེ་ཕུལ་བ་ཡིན།། སྐུ་ཀློང་སྤྲོས་བྲལ་ཆོས་སྐུ་རྟོགས།། ཉོན་མོངས་སེམས་ནི་ཞི་བར་འགྱུར།། ལུས་ནི་དཔལ་གྱི་གདན་དུ་ཕུལ།། གུས་པས་ཕྱག་འཚལ་དེ་དད་ཡིན།། མཉམ་ཉིད་ངང་གི་དབང་གིས་ཁྲོ་བོ་བསྟན། ། ཡེ་ཤེས་ཤུགས་ཁྲོ་ལྟར་བཅས་བཅོས་པ་ཡིས།། སྐུ་གསུམ་བཅོ་ལྔའི་ཚོགས་ལ་ཕྱག་འཚལ་ནས།། ཐུགས་ཀྱི་མན་ངག་ཉིང་ཀུ་བདག་ཟགས་པས།། བླ་མའི་ཞབས་ལ་གཏུམས་ཏེ་བདག་གིས་བཤད། །།། བཤམ་པ་འཁོར་ལོ་ནག་པོ་ནི།། དང་པོ་ས་ཕྱོགས་དབེན་པ་རུ།། ས་གཞི་ཆག་ཆག་བྱི་དོར་བྱ།། གཏོར་མ་ནག་པོ་ཆ་གཅིག་བཤམས།། དམ་རྫས་རག་ཏ་བདུད་རྩི་བཤམས།། རྒྱུ་དང་འབྲས་བུ་དབྱིབས་ལྡན་པའི། ། ཕུར་པ་ནག་པོ་བཅུ་བདུན་བཤམ།། སྒོམ་པ་འཁོར་ལོ་ནག་པོ་ནི།། དང་པོར་སྟན་བདེར་རབ་གནས་ནས།། བཅུད་ཀྱི་སྣང་བ་རབ་ཏུ་བསྒོམ།། སྐད་ཅིག་མ་ལ་ལས་ཀྱི་ལྷར་དམིགས་ནས། ། ཉི་མའི་སྟེང་གི་ཧཱུཾ་ལས་ནི།། འོད་འཕྲོས་དཀོན་མཆོག་གསུམ་སྤྱན་དྲངས།། ཡན་ལག་ཕྱག་འཚལ་མཆོད་འབུལ་དང།། སྡིག་བཤགས་ཡི་རང་སྐྱབས་གསོལ་ནས།། ཚད་མེད་བཞི་བསྒོམ་བསོད་ནམས་ཚོགས། ། མཧཱ་ཤུནྱ་ཏ་ཛྙ་རབ་བརྗོད་ནས།། ཕུར་པའི་ཧཱུཾ་ནི་ཉི་མ་དམིགས།། རིམ་གྱིས་འོད་གྱུར་བདག་འདུས་ཞུ།། རིམ་འཕྲོས་བཅུད་ནས་སྣོད་བཅུད་རིམ།། ཐམས་ཅད་ཞུ་སྟེ་འོད་སེམས་ཡིན།། རིམ་པ་བསྡུས་ཏེ་ཧཱུཾ་གི་འོད། ། དེ་ཡང་རིམ་གྱིས་ཐིག་ལེ་སྟེ།། ཐིག་ལེ་ཆོས་ཀྱི་དབྱིངས་སུ་ཐིམ།། དེ་ནི་ཆོས་སྐུར་བྱིན་བརླབས་པའོ།། སྐད་ཅིག་ཙམ་ལས་ལྷར་དམིགས་ཏེ།། ཕྱག་ན་རྡོ་རྗེ་མིག་གཡས་ཉི།། ཧཱུཾ་ལས་ཁྲོ་དཔུང་འབར་བ་ཡིས། ། བགེགས་བསྐྲད་ཐམས་ཅད་བསྲེགས་པར་བསམ།། ཤངས་ཁུང་རླུང་ནག་འཚུབས་པ་ཡིས།། ཐལ་བར་གྱུར་བས་གཏོར་བར་བསམ།། སྤྱན་གཡོན་ཟླ་བའི་དཀྱིལ་ན་ཨ།། དེ་ལས་ཁྲོ་མོ་ཆུ་ཀྱིན་གནས། ། བགེགས་རྣམས་ཐམས་ཅད་བཀྲུས་པར་བསམ།། ཧཱུཾ་ཨོཾ་ཨཱ།། ཧཱུཾ་ཧཱུཾ་ཁཾ། རྡོ་རྗེ་འཁོར་ལོ་རལ་གྲི་དང།། ཕུར་བུ་མདའ་གཞུ་ཐོ་བ་ཡིས།། བགེགས་བསྐྲད་ཚུར་འདུས་གོ་རིམས་བཞིན།། འོག་འཁོར་རྩིབས་བཅུ་མཐར་ཐུག་གསམ། ། གནོད་མཛེས་དེ་ནས་རབ་སྤྲུལ་ཏེ།། ཨོཾ་སུཾ་བྷ་ལ་སོགས་བསྒོ་བར་བྱ།། བགེགས་ཀྱི་བདག་པོ་མནན་པ་ནི།། ཧཱུཾ་བཅུ་ཕུར་བའི་ངོ་བོ་བྱ།། སྔགས་བཅུ་ཁྲ་བཅུ་སྟོང་དུ་སྟེ།། སྨད་ནི་ཕུར་པ་ཟུར་གསུམ་རྩེ། ། གནོད་མཛེས་བསྒོ་བསྔགས་གདབ་པར་བྱ།། དེ་ནས་སྒོམ་བྱེད་འོད་ཞུ་ལ།། ཟླ་གམ་བ་དན་མཚན་མས་བསྐྱོད།། ཟུར་གསུམ་རྡོ་རྗེ་ཟླུམ་པ་ནི།། བུམ་མཚན་གྲུ་བཞི་རྡོ་རྗེས་མཚན།། རི་རབ་སྣ་བཞི་སོགས་སྣང་བ། ། ཐམས་ཅད་དག་པ་ཡིན་པར་བརྗོད།། ཧཱུཾ། སྡུད་དང་འཕྲོ་འདུ་གཞལ་ཡས་ཁང།། གྲུ་བཞི་སོགས་པས་མཚན་མར་བསྒོམ།། འཁོར་ལོ་རྩིབས་བཞི་ཉི་ཟླ་སོགས།། ཡེ་ཤེས་ཆོས་ཉིད་ཧཱུཾ་སྒྲིལ་ལྔ།། སོ་སོའི་སྔགས་བརྗོད་ཐབས་ཤེས་བཅུའོ། ། རྩིབས་མཆན་བཞི་པོ་དག་ལ་ནི།། གཏོར་མ་རག་ཏ་བདུད་རྩི་སོགས།། བྱིན་གྱིས་བརླབ་པར་བྱ་བ་ནི།། ཨ་ཧཱུཾ་ཐོད་ཕུར་ལྔ་ལྔ་གཉིས།། ཕཊ་ཕཊ། ཨོཾ་ཨཱཿཧཱུཾ། རླུང་མེས་སྦྱར་བར་རྟོགས་པ་ལས།། བྱང་ཆུབ་སེམས་བཞིས་དམིགས་པ་ཡིན།། ཛ་ཧཱུཾ་བཾ་ཧོ་ཚད་མེད་བཞི།། སྒོ་མ་བཞི་ཡི་ངོ་བོར་བསྐྱེད།། ཧཱུཾ་ལས་འོད་འཕྲོས་སྤྱན་དྲངས་ནས།། མདུན་དུ་བྱོན་ནས་གཅིག་འདྲེས་ལ། ། གཟུགས་སྒྲ་དྲི་རོ་རེག་བྱ་ཡིན།། ཕྱི་ཡི་མཆོད་པས་མཆོད་པར་བྱ།། དུག་གསུང་བཀུག་སྟེ་མཆོད་འབུལ་སྟེ།། སྒོ་མ་བཞི་ཡི་བདུད་རྩིས་མཆོད།། དེ་དངོས་གྱིས་ནི་རབ་བསྟོད་དེ།། བསྐལ་པ་མེ་ལྟར་འབར་བ་སོགས་པའོ། ། དེ་ནས་འཕྲིན་ལས་རབ་བཅོལ་ཏེ།། ནང་དུ་སྤྱན་དྲངས་རང་ལ་བསྟིམ།། ཡབ་ཡུམ་སྦྱོར་བ་མཛད་པ་ལས།། འདྲེས་པར་གྱུར་ལས་ཧཱུཾ་ཕྱུང་སྟེ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་བརྗོད་སྲས་མཆོག་དག་གྱུར་ནས། ། རིགས་ལྔ་སོ་སོའི་ཡིག་འབྲུ་ཕྱུང།། གནས་ལྔར་བཀོད་པས་བྱིན་བརླབས་པའོ།། སྐུ་གསུང་ཐུགས་སུ་བདག་གནས་སྤྲོ།། ལས་གསུམ་བྱས་པ་གསུམ་དག་རྩེ།། གཅིག་པར་རིགས་སོ་ཁྲོ་བོ་ལས།། འཆོལ་བ་མང་པོ་ཕར་འཕྲོས་ནས། ། སྐུ་ལ་ཐིམ་སྟེ་ཐུགས་བཅུད་བསྡུས།། དེ་ནས་ཕྱུང་སྟེ་འགྲོ་བ་བསྒྲལ།། སླར་འདུས་མ་འདྲེས་སོ་སོར་བསྡུས།། དབང་ནུས་བྱིན་བརླབས་དངོས་གྱུར་པའོ།། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཀྱང། ། འདི་ལ་བྱིན་གྱིས་བརླབ་པར་མཛད།། ལག་པ་ཉི་ཤུ་ཟླ་ཐབས་ཤེས་རབ། སོར་མོ་ལྔ་ཡང་ལྔ་ལྔ་གཉིས།། ཧཱུཾ་ཨ་ཆོས་སྐུ་མཐའ་ཐབས་ཤེས།། འབྲུ་ལྔ་ལྔ་གཉིས་ས་བོན་ཏེ།། སྦྱོར་སྔགས་སྐུར་བསྐྱེད་སྙོམས་པར་བཞུགས། ། འདོད་ཆགས་བསྐྱེད་སྦྱོར་ཨ་ཛ་ལི།། བཛྲ་བྷན་དྷས་འོད་དུ་འཁྱིལ།། དེ་དུས་ཏིང་འཛིན་སྦྱོར་ཀུན་ཞུགས།། རྩེ་གསུམ་འདབ་བརྒྱད་རབ་རྒྱུད་དེ།། ཡེ་ཤེས་ཏིང་འཛིན་ཐིམ་དབང་བསྐུར།། ཨ་ནི་སྤྲོས་ཏེ་འོད་ཐིམ་བསྐུལ། ། ཞེ་སྡང་རྗེས་དྲན་ཏིལ་འབྲུ་ཙམ།། གྲངས་མེད་དག་ནི་སྐུ་ལ་ཐིམ།། བདག་དང་ཁྲོ་བོ་ཡབ་ཡུམ་ལས།། སྦྱོར་བ་མཛད་པའི་བྱང་ཆུབ་སེམས།། སྐུ་གསུང་ཐུགས་སུ་གྱུར་པ་ནི།། བདག་དང་གཉིས་སུ་མེད་པར་ནི། ། སྔགས་དང་ཕྱག་རྒྱས་གྱུར་པ་བྱ།། དེས་ནི་བདག་ཉིད་ཆེན་པོ་སྟེ།། ལས་བྱེད་ནུས་དང་བཞུགས་གསོལ་ནས།། ཕྱི་ནང་མཆོད་པ་གཞུང་བཞིན་དབུལ།། ལྷ་མོས་བསྟོད་པ་བྱས་རྗེས་སུ། ། ལས་ནི་དེ་ལ་བཅོལ་བར་བྱེད།། བཟླས་བརྗོད་ཉེ་བར་བྱ་བ་ནི།། ཕྲ་མོའི་ཏིང་འཛིན་སྒོམ་པ་དང།། བཟླས་བརྗོད་འཕྲོ་འདུས་བསྙེན་ཅིང་བསྒྲལ།། དཀྱིལ་འཁོར་ལུས་བསྡུ་དངོས་གྲུབ་དོན།། ཙིཏྟ་རིན་ཆེན་སྲོག་རྩར་འདུད། ། ཡེ་ཤེས་སེམས་སྙིང་རྡོ་རྗེ་སྟེ།། ལྟེ་བ་ཉི་ཟླ་ཁ་སྦྱར་ནས།། སྔགས་བརྗོད་བུག་ནས་དབུགས་འོད་སྟེང།། བུག་ནས་སྲོག་རྩའི་ནང་དུ་བྱུང།། བད་དབུས་སྲོག་རྩའི་ནང་དུ་བྱུང།། བད་དབུས་སྲོག་རྩའི་ཡ་དབུགས་བཀག། རྭ་དབུས་ཕྱུང་སྟེ་དུ་མ་ལས།། ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་ཆེ་གེ་མོ་ཞིག་མར་ཡ་ཕཊ། ཅེས་བརྗོད་པས། ཕུར་བུ་འདྲ་བའི་ཁྲོ་བོ་ཕྱོགས་བཅུར་སྤྲོས།། དོན་བྱས་གཟའ་བ་བསྒྲལ་ནས་འདུས། ། ཁམས་གསུམ་རྣམ་རྒྱལ་དེ་བཞིན་གཤེགས།། རིགས་དང་སྦྱར་ཏེ་འཁོར་ལོའི་སྟེང།། ཁ་དོག་དཀར་པོ་བུད་དྷར་སྦྱར།། གཤིན་རྗེ་གཤེད་པོ་རིན་ཆེན་རིགས།། སྦྱར་ཏེ་རིན་ཆེན་ཟུར་བརྒྱད་ལྟའི།། ཁ་དོག་མཐིང་ཀར་ད་ནར་སྦྱར། ། ཧ་ཡ་གྲི་བ་པདྨའི་རིགས།། སྦྱར་ཏེ་པདྨ་འདབ་བརྒྱད་ལྟའི།། ཁ་དོག་དམར་པོ་པདྨར་སྦྱར།། ཁྲོ་བོ་སྟོབས་ཆེན་ལས་ཀྱི་རིགས།། སྦྱར་ཏེ་རྡོ་རྗེ་རྒྱ་གྲམ་ལྟའི།། ཁ་དོག་ལྗང་ཁུ་དཀར་དམར་སྦྱར། ། འཕྲོས་པས་ཉོན་མོངས་ལྔ་བསྒྲལ་ཕྱིར།། གནས་ལྔར་བརྒྱབ་སྟེ་བསྒྲལ་བར་བྱ།། ཚུལ་འདུས་སྲས་མཆོག་གནས་ལྔར་འདུས།། ཕུར་པ་དག་ལ་ཐིམ་པས་གྲུབ།། སྐྱོ་བར་གྱུར་ན་རབ་བསྡུ་སྟེ།། སྒོ་མ་ཁྲོ་བོ་ཁྲོ་མོ་ལ། ། དེ་ནི་ཡབ་ཡུམ་གཉིས་མེད་ཐིམ།། ཡབ་ཀྱི་སྤྱོད་པ་ཐམས་ཅད་བྱའོ།། དེ་ནས་ཉམས་ལེན་རིམ་པ་ནི།། མཚན་མའི་བསྙེན་པ་བྱེད་དུས་སུ།། ཐུན་གཅིག་སྤྱོད་པ་ཐུ་གཅིག་བསྒོམ།། ཐུན་གཅིག་བཟླས་ཏེ་མཚན་མོ་ནི། ། ཐུན་གཉིས་ཉལ་ཏེ་གཉིས་དེ་བཞིན།། བསྙེན་པ་གཉིས་པའི་དུས་སུ་ནི།། ཉི་ཕྱེད་མཚན་ཕྱེད་ཐུན་དུས་སུ།། བཞིར་ཕྱེ་གཅི་བསྒོམ་གཅིག་བཟླས་སོ།། རྟགས་དང་དུས་གྲངས་ཐིམ་པར་བྱ།། དབང་ཕྱུག་མ་དང་གནོད་སྦྱིན་མོ། ། ཤ་ཟ་སྲིན་མོ་སྐབས་སུ་མཆོད།། ལས་ཀྱི་ཧེ་རུ་ཀར་གནས་པས།། སྙིང་ཁའི་ཧཱུཾ་ལས་འོད་ཕྱུང་སྟེ།། ཊཱཀྐི་རཱ་ཛའི་སྔགས་བརྗོད་པས།། མདུན་དུ་སྤྲིན་བཞིན་གཏིབས་པར་བསྒོམ།། རང་རང་སྔགས་ལ་དང་པོ་ནི། ། བཏགས་པ་བརྒྱ་རྩ་བརྒྱད་དུ་བརྗོད།། མ་ནུ་རག་ཤ་སི་བྷྱོ། པྲ་མ་ནི་བྷྱོ། ར་ཏྲི་མ་བྷྱོ། བྷེ་ན་བྷེ་བྷྱོ། ཀོ་མ་རི་བྷྱོ། ཨིནྟྲ་མ་བྷྱོ། པིང་ལ་བྷྱོ། ཨ་མྲྀ་ཏ་བྷྱོ། སྱེ་མྱ་སྱེ་བྷྱོ། དན་ད་སྱེ་བྷྱོ། རགྴ་སི་བྷྱོ། བག་ཤ་སི་བྷྱོ། པྲ་མ་ནི་བྷྱོ། ར་ཏི་བཛྲ་བྷྱོ། ར་ཏི་རེ་མ་ཏི་བྷྱོ། ཨེ་ཀཱ་རཱ་ཛ་མ་བྷྱོ། མ་ནོ་ཧ་ར་མ་བྷྱོ། སི་ཏི་ཀ་བྷྱོ། མཧཱ་ཀརྨ་བཛྲ་བྷྱོ། ཨགྣེ་མ་བྷྱོ། བ་ར་ཧི་བྷྱོ། ཙུ་མུ་ཏི་བྷྱོ། ཨུ་ཏ་ན་བྷྱོ། མཧཱ་ཀཱ་ལ་བཛྲ་བྷྱོ། ཙ་ཀ་ལ་བྷྱོ། ཀུཾ་པ་ཀ་རན་བྷྱོ། བཛྲ་ལཾ་པོ་ད་ར་བྷྱོ། ཏདྱ་ཐཱ། ཏྲག་རག་ཤ་ཏ་བི་རུ་ནན། མུག་ཏི་བཾ་རུ་ལུ་རུ་ལུ་ཛ། ཛ་ཧཱུཾ་བཾ་ཧོ། ཨེ་ཧྱེ་ཧི་བྷ་ག་ཝཱན་བི་ཏ་ཤ་ཡ་ཀྵི་ཛྲ་བྷྱོ་བྷྱོ་རུ་ལུ་ཧཱུཾ། ཞེས་པས་སྤྱན་དྲངས་དེ། མདུན་དུ་བྱ་ནག་གཏིབས་པ་ཙམ་བསྒོམ། དེ་ནས་ཟིལ་གྱིས་མནན་ཅིང་བསྡིགས་པར་བྱ་སྟེ། ཛ་ཧཱུཾ་བཾ་ཧོ། ཤྲི་ཧེ་རུ་ཀ་མཧཱ་བཛྲ་སརྦ་དང་སྟ་ཨ་བི་དང་ཤྟ། ཨ་བི་སྟཾ་ཀ་ཡ་ཧཱུཾ་ཕཊ། ཅེས་བརྗོད་དོ།། མཆེ་པའི་ཕྱག་རྒྱ་བཅས་ནས་ཟ་བའི་ཚུལ་བསྟན་ཏེ་བསྒོམ་པས་བསྡིགས་སོ། ། ཛ་ཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་མཧཱ་བཛྲ་ཨ་ཀ་ཏ་ཡ་ཨ་ཀ་ཏ་ཡ། པྲ་བེ་ཤ་ཡ་བྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། བི་ཏང་ས་ཡེ་བུ་ཏ་གཤེ་ཏྲི་པྲ་རི་ཨ་བྷི་སྟཾ་པ་ཀ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། གཤོག་པའི་ཕྱག་རྒྱ་བཅས་པའི་རྡོ་རྗེ་གཤོགས་པས་ཟིལ་གྱི་མནན་པར་བསྒོམ་མོ།། དེ་ནས་རྩ་སྔགས་ལ། ཨརྒྷ་པྲ་ཏཱི་ཙྪ་ཧོ་བཏགས་པས་ཞལ་དབྱེའོ།། རྩ་སྔགས་ལ། ཨོཾ་ས་མ་ཡ་མཧཱ་པཉྩ་ཨ་མྲྀ་ཏ་ཨརྒྷ་པྲ་ཏཱི་ཙྪ་ཧོ། བརྗོད་པས་གཏོར་མ་འབུལ། རྩ་སྔགས་ལ། མཱ་ར་ཡ་ཞེས་པ་དང་སྤེལ་བས་ལས་བཅོལ་ལོ།། ཡ་ཧི་ག་ཛ་ཞེས་པས་གཤེགས་སུ་གསོལ་ལོ།། བསྙེན་པའི་འཁོར་ལོ་ནག་པོ་ནི།། སྣོད་རབ་ལ་ཡང་གསུམ་ཕྱེ་ནས། ། རབ་ཀྱི་མཐའ་ལ་བསྟན་པར་བྱའོ།། འབྲིང་རྣམས་མན་ཆད་བསྟན་མི་བྱ།། ཨྠི+ྀ::།། ཧཱུཾ། ཁྲག་འཐུང་ཐུགས་སུ་གནས་པ་ནི།། ཡེ་ཤེས་རྩེ་མོ་མཆོག་ཉིད་ལ།། རྟོགས་པའི་ཚུལ་གྱིས་རབ་བཏུད་དེ། ། བསྒྲུབ་པའི་འཁོར་ལོ་ནག་པོ་བསྟན།། བདག་དང་དུས་དང་གནས་གཟུགས་ཉིད།། བྱིན་བརླབས་བཟླས་བརྗོད་འཕྲིན་ལས་ནི།། འཁོར་ལོ་རྫོགས་པའི་ནག་པོ་སྟེ།། འདིས་བཏབ་ཅི་འདོད་བྱིན་ནོ་ཞེས། ། དམ་ཚིག་བདག་པོས་རབ་ཏུ་གསུངས།། འདས་ན་ལྷ་ཡང་བརླག་པའི་ཕྱིར།། རང་གི་བཀའ་ལས་རང་མི་འདའ།། འདི་རྒྱུད་མང་དུ་ཐོས་པ་ཡིས།། ལས་ལ་མཁས་ཤིང་ཡིད་ཆེས་པའི།། དད་ཐོབ་གཞན་གྱིས་མ་ཟློགས་ཤིང། ། དབང་ཚིག་ལས་ལ་གནས་པ་དང།། བརྩོན་འགྲིས་དྲག་ཅིང་འབྲས་བུ་ནི།། མཾ་ས་སྟོང་བྱུང་རྣམ་པ་ལྔ།། དེ་རྟགས་བྱུང་ན་ཕྲག་དོག་མེད།། བསྒྲུབ་པ་ཆེན་པོ་འདི་ཉིད་ཀྱིས།། བར་ཆད་བསལ་ནས་བྱང་ཆུབ་ལ། ། བློ་བཞག་ཉིད་དུས་ནག་པ་ནི།། བསྒྲུབ་བཞི་ཡིན་པས་སྔོན་དུ་བསྟན།། བཅུ་བདུན་ཡན་ཆད་ཡར་ངོ་ནི།། བསྙེན་པའི་དུས་ཡིན་ཟླ་རྒྱས་ལྟར།། བསོད་ནམས་ཡེ་ཤེས་ཚོགས་རྒྱས་པས།། བདག་གི་དོན་གྱི་དུས་ཡིན་བཤད། ། དེ་ཕྱིར་བསྙེན་པ་ཚང་བ་དང།། རྟགས་བྱུང་གཞན་གྱི་དོན་བྱའི་ཕྱིར།། བཅུ་བདུན་མན་ཆད་མར་ངོ་དང།། ཕུར་བུ་མིག་དམར་ལ་སོགས་པ།། ཟླ་འབྲིང་བསོད་ནམས་འབྲིང་པོ་དང།། ཐེབས་དང་བཀྲི་མི་ཤིས་པའི་ཕྱིར། ། དུས་འདིར་བསྟུན་བསྒྲུབ་ལ་འཇུག། དུས་ཀྱི་འཁོར་ལོ་ནག་པོའོ།། དེ་ཡིས་རྗེས་སུ་རབ་ཏུ་བསྟན།། དུར་ཁྲོད་མ་མོ་ཤིང་རྐང་གཅིག། གནོད་སྦྱིན་ཡོད་པར་ངེས་པའི་གནས།། དེར་བྱས་མ་མོ་གནོད་སྦྱིན་གདོན། ། དབང་བསྡུས་དམ་ལ་ལེ་ལན་གྱིས།། གཟའ་བ་ཕོ་ནི་བསྒྲལ་ཕྱིར་རོ།། གནས་ཀྱི་འཁོར་ལོ་ནག་པོའོ།། མཚམས་ཀྱི་འཁོར་ལོ་ནག་པོ་ནི།། གཏོར་མ་ནག་པོ་བཅུ་བཞི་བཤམ།། མཐོ་ནག་བཅུ་བཞི་ཕྱོགས་སྐྱོང་དང། ། རྒྱལ་ཆེན་བཞི་རུ་མངའ་གསོལ་ཏེ།། གཏོར་མ་བྱིན་བརླབ་དེ་ལ་དབུལ།། ཕྱི་མཚམས་བསྲུང་བ་དེ་ལ་བཅོལ།། ནང་མཚམས་གོང་དུ་བཤད་བཞིན་ནོ།། དཀྱིལ་འཁོར་འཁོར་ལོ་ནག་པོ་ནི། ། འདོམ་གང་མདའ་གང་གྲུ་བཞི་ལ།། སྒོ་བཞི་གྲཝ་བཞིར་བསྐོར་བའི་དཀྱིལ།། ཐིག་བཞི་དཀྱིལ་ནས་འཁོར་ལོ་ནི།། རྩིབས་བཞི་ལྟེ་བ་ཟླུམ་པོའི་དཀྱིལ།། ཟུར་གསུམ་སུམ་བརྩེགས་བསྐོར་བ་ལ།། ས་ཚོན་བྱིན་གྱིས་བརླབས་ཏེ་དབྱེ། ། གཟུགས་ཀྱི་འཁོར་ལོ་ནག་པོ་ནི།། ལྕགས་སམ་ལྕགས་ལྔ་ཚེར་མ་ཅན།། ཤིང་ལས་རྒྱུ་དང་ཚད་དང་བྱིབས།། ལྡན་པ་བཅུ་བདུན་བཤམ་ནས་ནི།། བདུན་ནི་གྲུ་གསུམ་དབུས་སུ་གཟུགས། ། བཤམ་པ་འཁོར་ལོ་ནག་པོ་ནི།། མཾ་ས་སྟོང་བྱུང་རྣམ་པ་ལྔ།། གླང་པོ་རྟ་དོམ་ཁྱི་ལ་སོགས།། ཤ་རྣམས་ཁྲག་ནི་སྣ་ཚོགས་ལས།། གཏོར་མ་ནག་པོ་ཆ་གཅིག་བཤམ།། དེ་རྐྱེན་མཆོད་ཡོན་རག་ཏ་ནི། ། གོང་ལ་སོགས་པ་རྣམ་པ་ལྔ།། མྱོས་བྱེད་སྣ་ཚོགས་སྦྱར་བ་ནི།། རགྟ་མཆོད་པའི་རྫས་སུ་བཤམ།། ར་ས་ཡ་ན་ཚོགས་པ་ལ།། མྱོས་བྱེད་དུ་མ་སྦྱར་བ་བཤམ།། དགྲ་བགེགས་མྱུར་རུ་བསྒྲལ་བའི་ཕྱིར།། དུག་གཏོར་ནག་པོ་ཆ་གཅིག་དང། ། ཕྱེ་མ་གསུམ་དང་ར་ཁྲག་སྦྱར།། གཉིས་པ་གདོན་ལ་བཏབ་རྫས་བཤམས།། ཞིང་ཆེན་བླ་རེ་ཆེན་པོ་དང།། ཤ་ཆེན་ལྷུག་དུམ་བཀྲམ་པ་དང།། གསུར་ཆེན་དུད་པ་བཀྲམ་པ་དང།། ཐེ་ཚོམ་མེད་པར་འདི་རྣམས་བསམ། ། སྔོན་བྱ་འཁོར་ལོ་ནག་པོ་ནི།། འབོལ་ཞིང་འཇམ་པའི་སྟན་བཏིང་ནས།། དེ་སྟེངས་རྣལ་འབྱོར་བདག་གནས་ཏེ།། སྙིང་པོ་ནང་ཉིད་དཀྱིལ་འཁོར་སྟེང།། ཧཱུཾ་ལས་འོད་ཟེར་སྣ་ལྔ་ནི། ། འཕྲོས་པས་དཀོན་མཆོག་གསུམ་སྤྱན་དྲང།། ལུས་ནི་བཅོ་ལྔར་རབ་སྤྲུལ་ཏེ།། ཚིགས་བཅད་འདིས་ཀྱང་བསྟོད་པ་ནི།། ལྕེ་བཅོ་ལྔ་ནི་དབྱངས་བཅོ་ལྔ།། ཤིན་ཏུ་ཁྲོས་ཤིང་གཏུམ་པ་ལ།། ཞི་བས་ཕན་པར་མི་འགྱུར་ཏེ། ། ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས།། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད།། ཧཱུཾ། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས།། ཁྲོ་བོ་ཉེ་བར་ཞི་མཛད་པ།། ཁྲོ་ཞིང་ཆེ་ལ་ཕྱག་འཚལ་ལོ།། ཞེས་བརྗོད་སྤྱི་ཞབས་ལ་བཞུགས། ། ཧཱུཾ་ལས་འོད་འཕྲོས་ཕྱི་ནང་གི། མཆོད་པས་ཉེ་བར་མཆོད་པར་བྱ།། ཐོག་མེད་དུས་ནས་སྡིག་བྱས་བཤགས།། འོད་འཕྲོས་སྡིག་པ་ཚིག་པར་བསམ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི།། དགེ་ལ་རྗེས་སུ་ཡི་རང་ངོ། ། དཀོན་མཆོག་གསུམ་ལ་སྐྱབས་སོང་བས།། འཁོར་ལོ་རྩེ་ལ་གནས་པར་བྱའོ།། དོན་བྱ་སྡུག་བསྔལ་གྱིས་གསུངས་དང།། དགའ་དགོད་དམིགས་མེད་ཚད་མེད་བཞི།། མཧཱ་ཤུ་ནེ་ཛྙཱ་ན་བརྗོད་ནས། ། སྟོང་ཉིད་བྱང་ཆུབ་སེམས་ལ་གཞོལ་བ།། སྔོན་དུ་འགྲོ་བའི་མཆོག་ཡིན་ནོ།། ཡང་མཚམས་འཁོར་ལོ་ནག་པོ་ནི། སྐད་ཅིག་མ་ལས་བགེགས་གདབ་བོ།། ཕྱག་ན་རྡོ་རྗེ་གསལ་བར་རབ་དམིགས།། སྐུ་མདོག་ལྗང་ཁུ་ཕྱག་གཡས་ན། ། རྡོ་རྗེ་གཡོན་པ་སྐུ་ལ་རྟེན།། སྤྱན་གཡས་ཉི་མའི་དཀྱིལ་སྟེང་དུ།། ཧཱུཾ་ལས་ཁྲོ་བོ་མེ་དཔུང་འབར།། བགེགས་བསྐྲད་ཐམས་ཅད་བསྲེགས་པར་བསམ།། གཡོན་པའི་བར་གྱི་ཤངས་ཁུངས་ནས། ། བགེགས་གཏོར་གཡོན་དུ་ཨ་ལས་ཟླ།། ཆུ་ནང་གནས་པའི་ཁྲོ་མོ་ཡིས།། བགེགས་བསྐྲད་ཆུ་ཡིས་ཁྱེར་བར་བསམ།། ཧཱུཾ་ཨོཾ་ཧ་ཧཱུཾ་ཧཱུཾ་ཁཾ། རྡོ་རྗེ་འཁོར་ལོ་རལ་གྲི་དང།། ཕུར་བ་མདའ་གཞུ་ཐོ་བ་ཡིས། ། བགེགས་བསྐྲད་ཚུར་འདུས་གོ་རིམས་བཞིན།། འོག་འཁོར་རྩིབས་བཅུ་མཐར་ཐུགས་བསམ།། ཐུགས་ཁའི་ཧཱུཾ་ལས་ཧཱུཾ་བྱུང་ལ།། དེ་ནས་གནོད་མཛེས་རབ་སྤྲུལ་ཏེ།། ཨོཾ་སུཾ་བྷ་ལ་སོགས་བསྒོ་བར་བྱ། ། བཅུའམ་གཅིག་གིས་རིམས་ཀྱིས་བསམ།། གཅིག་པར་བགེགས་ཀྱི་བདག་པོ་ཀུན།། དེ་རྗེས་མནན་པ་མཚམས་ཕུར་བཅུ།། ཧཱུཾ་འཕྲོས་འོད་ཞུ་ཆོས་སྐུ་ཡིན།། ཧཱུཾ་བཅུར་གྱུར་པ་ལོངས་སྤྱོད་རྫོགས།། དེ་ལས་སྐུར་བསྐྱེད་ཕྱིར་བརྗོད་པས། ། བི་ཛ་ཡ་བཛྲ་མཧཱ་ཀྲོདྷ་ཧཱུཾ་ཕཊ། ནཱི་ལ་དཎྜ་བཛྲ་མཧཱ་ཀྲཱ+ོ་དྷ་ཧཱུཾ་ཕཊ། ཡ་མཱནྟ་ཀ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུཾ་ཕཊ། ཨཱརྱ་ཨ་ཙ་ལ་བཛྲ་མཧཱ་ཀྲོདྷ་ཧཱུཾ་ཕཊ། ཧ་ཡ་གྲི་བ་བཛྲ་མཧཱ་ཀྲོདྷ་ཧཱུཾ་ཕཊ། ཨ་པ་རཱ་ཇི་ཏ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུ~ཾ་ཕཊ། ཨ་མྲྀ་ཏ་ཀུནྜ་ལི་བཛྲ་མ་ཧཱ་ཀྲོ་དྷ་ཧཱུ~ཾ་ཕཊ། ཏྲེ་ལོ་ཀྱ་བའི་ཤ་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུ~ཾ་ཕཊ། ཧཱུ~ཾ་ཀ་ར་ཧཱུ~ཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུ~ཾ་ཕཊ། མ་ཧཱ་པ་ལ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུ~ཾ་ཕཊ། དཀར་མཐིང་སྔོ་ནག་སྔོ་སྐྱ་དམར་ལྗང་སེར་སྔོ་སྐྱ། ། དུད་ཁ་ཞལ་གཅིག་ཕྱག་གཉིས་པ།། གཡས་པ་ཕུར་པ་གཡོན་པ་ཐོ།། སྨད་ནི་ཕུར་པ་ཟུར་གསུམ་རྩེ།། ཨོཾ་གྷ་ལ་སོགས་བསྒོ་བས་གདབ།། ཅི་ཙམ་འདོད་པས་མཚམས་བཅད་དོ།། བྱིན་བརླབ་འཁོར་ལོ་ནག་པོ་ནི། ། ཕུར་པ་བདུན་པ་དག་ལ་སྟེ།། ཕུར་པའི་ཧཱུཾ་ནི་ཉིད་ལ་དམིགས།། རིམས་ཀྱིས་འོད་འདུས་བདག་འདུས་ཞུ།། རིམས་འཕྲོས་མཆེད་ནས་སྣོད་བཅུད་རིམ།། ཐམས་ཅད་ཞུ་སྟེ་འོད་སེམས་ཡིན། ། རིམ་པར་བསྡུས་ཏེ་ཧཱུཾ་གི་འོད།། དེ་ཡང་རིམས་ཀྱིས་ཐིག་ལེ་སྟེ།། ཐིག་ལེ་ཆོས་ཀྱི་དབྱིངས་སུ་ཐིམ།། དེ་ནི་ཆོས་སྐུར་བྱིན་བརླབས་པའོ།། དེ་རྗེས་འཁོར་ལོའི་ནང་དུ་ཧཱུཾ།། འཕྲོ་འདུ་ཟླ་ཁམ་བ་དན་དང།། ཟུར་གསུམ་རྡོ་རྗེ་ཟླུམ་པོ་ནི། ། བུམ་མཚན་གྲུ་བཞི་རྡོ་རྗེས་མཚན།། རི་རབ་སྣ་བཞི་སོགས་སྣང་བ།། ཐམས་ཅད་དག་པ་ཡིན་པར་བརྗོད།། ཧཱུཾ་སྡུད་འཕྲོ་འདུའི་གཞལ་ཡས་ཁང།། གྲུ་ཆད་སོགས་པ་མཚན་མར་བསྒོམ། ། དཀྱིལ་འཁོར་ཐོག་རིམས་འཁོར་ལོ་ནི།། རྩིབས་བཞི་ཤར་ལྷོ་ནུབ་བྱང་རྣམས།། དཀར་སེར་དམར་ལྗང་གོ་རིམས་བཞིན།། རུ་ཏྲ་བརྒྱ་བྱིན་གཤིན་རྗེ་དང།། ཆུ་ལྷ་གནོད་སྦྱིན་རྒྱལ་ཆེན་བཞི།། དབུས་ནས་བྱང་དུ་བྱི་ཆིངས་བསམ། ། ཉི་དཀྱིལ་ཡེ་ཤེས་ཆོས་ཉིད་ནི།། ཧཱུཾ་བསྒྲིལ་ལྔ་ཡི་ཁ་དོག་བཞིན།། སྔོན་གྱི་སྨོན་ལམ་རྐྱེན་གྱིས་ལངས།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས།། དེ་ལས་རང་སྒྲ་བྱུང་བ་ནི།། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ། ཀརྨ་ཀཱི་ལི་ཀི་ཡ་མཧཱ་ཅཎྜ་སརྦ་དུཥྟཾ། ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཀ་རཾ་ཀྲོ་དྷི་ཤྭ་རི་ཧཱུཾ། ཞེས་བརྗོད་པ། ཀར་མ་ཧེ་རུ་ཀ་ནི་ཡབ་ཡུམ་དམིགས།། སྐུ་མདོག་ལྗང་ཁུ་དཀར་དང་དམར།། ཞབས་བགྲད་སྤྱན་དགུ་སྡང་མིག་འགྱུར། ། གཡས་ཕྱག་དང་པོ་འཁོར་ལོ་ནི།། ནམ་མཁར་འཕྱར་ཞིང་གདེང་བ་དང།། ཏྲི་ཤུལ་དགྲ་སྟ་གཡས་གཉིས་ལ།། རྒྱ་གྲམ་ཐུགས་ལར་བསྟན་པ་དང།། བནྡྷ་དམར་བཀང་ཕུར་པ་འགྲིལ། ། གཡོན་གྱི་ཕྱག་ནི་རིམ་པ་བཞིན།། ཞབས་བཞི་བརྐྱང་བསྐུམ་གྱད་དོར་ཐབས། རྣམ་ཐར་ཡེ་ཤེས་ཚད་མེད་རྣམས།། མེ་ལོང་ལྟ་བུར་དག་པའོ།། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་བཛྲ་མཧཱ་ཀྲོདྷ་ཧཱུཾ་ཕཊ། ཀྲོ་དྷིཤྭ་རི་ཧཱུཾ། ཞེས་བརྗོད། ཤར་དུ་ཧཱུ~ཾ་བསྒྲིལ་མ་ལས་བསྐྱེད། ཁྲ་བོ་རྣ་རྒྱ་ཡབ་ཡུམ་ནི། ཞལ་གསུམ་དཀར་དང་སྔོ་དམར་པོ། ཨོཾ་ཡ་མནྟ་ཀ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུ~ཾ་ཕཊ། ཀྲོ་དྷི་ཤྭ་རི་ཧཱུ~ཾ། མཉམ་ཉིད་ཡེ་ཤེས་ཆེན་པོའི་རྟགས། ། ལྷོ་རུ་ཧཱུཾ་བསྒྲིལ་ལས་བསྐྱེད་པ།། གཤིན་རྗེ་གཤེད་པོ་ཡབ་ཡུམ་ནི།། སྔོ་ནག་དཀར་དང་དམར་བའི་ཞལ།། ཨོཾ་ཧྱ་གྲི་བ་བཛྲ་མཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རི་ཧཱུཾ། སོ་སོར་ཀུན་རྟོགས་ཡེ་ཤེས་རྟགས། ནུབ་ཕྱོགས་ཧཱུཾ་བསྒྲིལ་ལས་བཞེངས་པ། ། ཁྲོ་རྒྱལ་རྟ་མགྲིན་ཡབ་ཡུམ་ནི།། དམར་པོ་དཀར་སྔོ་རྟ་ཡི་དབུ།། ཨོཾ་མཧཱ་བ་ལ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རི་ཧཱུཾ། བྱ་བ་གྲུབ་པའི་ཡེ་ཤེས་རྟགས།། བྱང་གི་ཧཱུཾ་བསྒྲིལ་ལས་འཐོན་པ། ། ཁྲོ་བོ་སྟོབས་ཆེན་ཡབ་ཡུམ་ནི།། ལྗང་ཁུ་དཀར་དང་དམར་བའི་ཞལ།། བནྡྷ་དམར་བཀང་ཐོད་དབྱུག་དང།། རྡོ་རྗེ་དབྱུག་པ་རྒྱ་གྲམ་རྩེ།། བཞི་པོ་གཡས་ཀྱི་དང་པོ་སྟེ།། ཉོན་མོངས་ཕུང་པོ་ལྷ་འཆི་བདག། བདུད་བཞི་འཇོམས་ཕྱིར་གོ་རིམས་བཞིན།། གླང་ཆེན་ཞིང་ལྤགས་སྟག་དང་སྦྲུལ།། ཐོད་པ་ཞག་དང་ཁྲག་ཐལ་བས།། གཅེར་བུའི་དབུ་ལ་བརྒྱན་པ་ཡི།། གཡོན་པའི་ཕྱག་གིས་རང་རིག་འཁྱུད།། ཏྲི་ཤུ་དགྲ་སྟ་བར་བར་སྟེ། ། ཐབས་དང་ཤེས་རབ་མཐའ་ཕུར་འདྲིལ།། དམོ་འོག་ཟེར་འོག་འཇིགས་པའི་འོག། ཤ་བ་འུག་པ་འགྱིང་བའི་འོག། བྱི་ལ་པུ་ཤུད་མཛེས་པས་མགྱོགས།། དྲེད་དང་བྱི་བ་རྩལ་འོག་མང།། ཀུན་ཀྱང་མི་ལུས་གོང་མའི་འོག། གཙོ་འདྲ་རང་གི་འོག་འདྲའོ།། གཡས་པའི་ཕྱག་གིས་ལྕགས་ཀྱུ་འཛིན།། གཡོན་པའི་ཕྱག་ནི་ཕུར་པ་འདྲིལ།། ཞབས་ནི་རྒྱུག་པའི་ཚུལ་དུ་བཞུགས།། རྩིབས་མཆན་བཞི་པོ་དག་ལ་ཡང། ། གཏོར་མ་རག་ཏ་བདུད་རྩི་དང།། ཤ་ཆེན་མང་པོ་དུམ་བུར་གཏོར། ཁྱད་པར་དགྲ་བགེགས་སྐྱོ་བ་བཏང།། ཨ་ཧཱུཾ་ཨོཾ་ལས་གྲུབ་པ་ནི།། ཐོད་པ་མི་འཆི་དཔའ་བོ་ལྔ།། ཕུར་པ་བཞི་ཡང་དམིགས་པ་ཡིན།། ཡཾ་རཾ་ཨོཾ་ཨཱཿཧཱུཾ་འབྲུ་ཡི། ། རླུང་མེས་སྦྱར་འབར་རྟོགས་པ་ལས།། བྱང་ཆུབ་སེམས་བཞི་དམིགས་པ་ཡིན།། ཛ་ཧཱུཾ་བཾ་ཧོ་ཚད་མེད་བཞི།། སྒོ་མ་བཞི་ཡི་ངོ་བོར་བསྐྱེད།། ཧཱུཾ་ལས་འོད་འཕྲོས་སྤྱན་དྲངས་ནས།། མདུན་དུ་བྱོན་ནས་གཅིག་འདྲེས་ལ། ། གཟུགས་སྒྲ་དྲི་རོ་རེག་བྱ་ཡིས།། ཕྱི་ཡི་མཆོད་པས་མཆོད་པར་བྱའོ།། དུག་གསུམ་བཀུག་སྟེ་མཆོད་འབུལ་ཏེ།། སྒོ་མ་བཞི་ཡིས་མཆོད་པར་བྱའོ།། དེ་དངོས་ཀྱིས་ནི་རབ་བསྟོད་དེ།། བསྐལ་པ་མེ་ལྟར་འབར་སོགས་པའོ། ། དེ་ནས་འཕྲིན་ལས་རབ་བཅོལ་ཏེ།། རང་འདོད་ལས་ལ་བསྒོ་བར་བྱ།། ཐུགས་ཀའི་ཧཱུཾ་ཛ་འཕྲོས།། ལྕགས་ཀྱུ་ཐོགས་པ་ལྷ་དྲང་སྤྲོ།། ཕྱོགས་བཞི་ལྷ་ནི་ཕྱོགས་མཐུན་བསྒོ།། དབུས་ཀྱི་ལྷ་ཚོགས་ལྷོ་སྒོ་ནས། ། སྤྱན་དྲངས་རང་རང་མདུན་དུ་དམིགས།། རང་རང་གི་ནི་ཕྱོགས་ཀྱི་ཡང།། བདུད་རྩི་མཆོད་པའི་རྗེས་སུ་ནི།། རང་རང་ཧཱུཾ་ཞགས་ཐོགས་ནས།། གྲངས་དང་མཉམ་པར་རང་ལ་བསྟིམ། ། ཧཱུཾ་ལས་བཾ་འཕྲོས་ལྕགས་སྒྲོག་ཅན།། གྲངས་མཉམ་ཞབས་དང་བཅིང་བར་བྱ།། ཧཱུཾ་ལས་ཧོ་འཕྲོས་དྲིལ་བུ་ཅན།། གྲངས་མཉམ་རང་རང་དགྱེས་པ་བསྐྱེད།། ཡབ་ཡུམ་སྦྱོར་མཛད་བྱང་ཆུབ་སེམས།། འདྲེས་པར་གྱུར་ལས་ཧཱུཾ་ཕྱུང་སྟེ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་བརྗོད་སྲས་མཆོག་དག་གྱུར་པ།། དབུ་སྐྱེས་ཁམ་ནག་ཟུར་གསུམ་གྱེན།། ཀ་བ་ལ་དང་ལྟོས་འགྲོས་བཅིངས།། ལྟེ་བ་ཡན་ཆད་མཐིང་ནག་སྟེ།། ཆོས་བརྒྱད་སྤྱན་གསུམ་ལྡན་པ་ལ། ། ལྟེ་བ་མན་ཆད་ལྕགས་ཕུར་ནི།། ཟུར་གསུམ་གཡས་ཀྱི་དང་པོ་ནི།། སྟ་རེ་གྱེན་བསྟན་བསྡེག་པ་དང།། རྡོ་རྗེ་རབ་གནོན་ཐབས་ནི་མཁའ།། གཡོན་གྱི་ཕྱག་ན་གོ་རིམས་བཞིན།། ཁ་ཊྭཱཾ་འཁོར་རྡུང་ཕུར་པ་འདྲིལ། ། ཁྲོ་རྒྱལ་འདུས་པ་ཐམས་ཅད་པས།། མཐུ་ཆེན་གྲུ་གསུམ་ལ་བཞུགས་བསམ།། ཟླ་བའི་དཀྱིལ་འཁོར་ལྔ་སྟེངས་སུ།། རིགས་ལྔ་སོ་སོའི་ཡིག་འབྲུ་ཕྱུང།། ཨོཾ་ཨཱཿཧཱུཾ་ཏྲཾ་ཕཊ། གནས་ལྔའི་ཁ་དོག་སོ་སོར་དགོད། ། སྐུ་གསུང་ཐུགས་སུ་དག་ནས་སྤྲོས།། ཟླ་པད་ཉི་མའི་དཀྱིལ་སྟེངས་སུ།། ཨོཾ་ཧྲི་ཕཊ། ཕཊ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ། ལན་གསུམ་བྱས་པས་གསུམ་དག་རྩེ།། གཅིག་པར་བྱིན་གྱིས་བརླབ་པའོ།། སྐུ་ལྟས་ཏིང་འཛིན་གསལ་བ་དང། ། རིགས་ལྔའི་ཁྲོ་བོ་འཁོར་བཅས་ལས།། ཏིང་འཛིན་རྒྱུ་ལས་འཕྲོས་གསལ་བ།། རང་རང་འདྲ་བའི་སོ་སོར་འཕྲོས།། ཡེ་ཤེས་ལྔ་ཡི་བཅུད་བསྡུས་ཏེ།། ཉོན་མོངས་ལྔ་པོ་རབ་བཅོམ་ནས། ། གནས་ལྔར་བསྒྲལ་བའི་ཚུལ་བྱས་ནས།། ཞལ་ནས་ཕཊ་ཀྱི་སྒྲ་སྒྲོགས་ཤིང།། སླར་འདུས་ཧཱུཾ་གི་སྒྲ་བརྗོད་ནས།། དབང་བྱིན་སོ་སོར་འདུས་པས་ཐོབ།། དེ་ལྟར་དབང་ཐོབ་བྱིན་བརླབས་སྟོབས།། འགྲོ་བའི་དོན་དུ་རབ་གཤེགས་ནས། ། ཕྱོགས་བཅུར་བདེ་གཤེགས་ཐམས་ཅད་ཀྱང།། བྱང་ཆུབ་སེམས་དཔའི་མཛད་སྤྱོད་དུས།། སྟོང་གྲོགས་མཛད་པར་ཞལ་བཞེས་པ།། འདི་ཡི་སྟོང་གྲོགས་མཛད་དུ་གསོལ།། ཏིལ་འབྲུ་ཙམ་འདུས་བདེ་གཤེགས་འདུས། ། ལག་པ་ཉི་ཟླ་ཐབས་ཤེས་རབ།། སེན་མོ་ལྔ་ལ་ལྔ་ལྔ་གཉིས།། ཧཱུཾ་ཨ་ཆོས་སྐུ་མཐའ་ཐབས་ཤེས།། གུང་མོ་སྡིག་པ་མཐེ་འོང་དང།། ཐ་ལྟག་དང་ཡང་ཐ་ཆུང་ལ།། ཨོཾ་ཨཱཿཧཱུཾ་ཧྲི་ཧ་ལས་བྱུང། ། འབྲུ་ལྔ་ལྔ་གཉིས་ས་བོན་ཏེ།། སྦྱར་སྔགས་སྐུར་བསྐྱེད་མཉམ་པར་བཞུགས།། ཐལ་སྦྱར་སུ་ར་ཏ་སྟྭཾ་པ་ཡིས།། སེར་པོ་དཀར་པོ་མཐིང་ཀ་དང།། དམར་པོ་ལྗང་ཁུ་ཞལ་གཅིག་པ།། ཕྱག་གཉིས་འཁོར་ལོ་རྡོ་རྗེ་དང། ། རིན་ཆེན་པདྨ་རལ་གྲི་དང།། དྲིལ་བུ་གཡོན་ན་འཛིན་པར་བྱེད།། འདོད་ཆགས་བསྐྱེད་སྦྱོར་ཐལ་མཉམ་སྦྱར།། ཨོཾ་བཛྲ་ཨ་ཛ་ལི་ཧཱུཾ། སོར་མོ་ཅུང་ཟད་བསྣོལ་བ་ནི།། ཕྲད་པའི་བདེ་བ་ཡང་དག་འབྱུང། ། ཨོཾ་ཛྲ་བན་དྷ་ཧཱུཾ། རྒྱབ་ཏུ་བསྣོལ་དེ་བསྡམས་པ་ཡིས།། ཡབ་ཡུམ་བཅུ་པོ་འོད་དུ་ཞུ།། ས་མ་ཡ་སྟྭཾ། ཕུར་བླངས་ཆང་བའི་ནང་བཅུག་ནས།། ལག་མཐིལ་ཕྱེ་ལ་མཐེ་བོང་གཉིས།། སྲིན་ལག་མཐེ་ཆུང་བར་དུ་གཞུག། མཐེ་བོང་ཅུང་ཟད་བསྒུལ་ཞིང་དྲུད།། ཨོཾ་བཛྲ་ཨཱ་བེ་ཤ་ཨ་ཨ་ཨ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཀྱི།། ཡབ་ཡུམ་སྲས་དང་བཅས་པ་ཀུན།། ཞེ་སྡང་རྗེས་སུ་དྲན་པའི་སྐུ།། ཡུངས་འབྲུའི་ཚད་ཙམ་བར་མཚམས་མེད། ། གྲངས་མེད་དག་ནི་བསྡུ་ཞིང་ཐིམ།། སོར་མོ་རྒྱབ་བསྣོལ་གུང་མོ་གཉིས།། བསྒྲེང་བའི་བར་དུ་ཕུར་པ་བཟུང།། ཨོཾ་བཛྲ་ས་ཏྭ་རཱ་ཛ་ཧཱུཾ། ཐུགས་ཀྱི་སྙོམས་པར་འཇུག་པ་ཡི།། བྱང་ཆུབ་སེམས་མཆོག་ཕཊ་ལ་བསྡུ། ། སོར་མོ་པུག་པུག་བར་བྱས་ཏེ།། ལག་པའི་རྟིང་པས་ཕུར་པ་བཟུང།། ཨོཾ་ཧྲི་ཕུར་བུ་ཕཊ། གསུང་གི་བདག་ཉིད་སྙོམས་ཞུགས་པས།། བྱང་ཆུབ་སེམས་མཆོག་ཧྲི་ལ་བསྡུ།། སོར་མོ་རྒྱབ་བསྣོལ་མཐེ་བོང་གཤིབས། ། ཆང་པར་ཕུར་པ་རབ་བཅུག་ནས།། ཨོཾ་ཧ་ན་ཧ་ན་ཏིབ་ཏ་ཙཀྲ་ཧཱུཾ་ཕཊ། སྐུ་ཡི་བདག་ཉིད་ཆེན་པོ་ཀུན།། སྙོམས་འཇུག་བྱས་པའི་བྱང་ཆུབ་སེམས།། ཨོཾ་ལ་འདུ་ཞིང་བསྟིམ་པ་སྟེ། ། བཅུ་གཅིག་གནས་ལས་ཁྲོ་ཆུང་ནི།། སྟོང་ཁམས་གང་བར་མེ་ཏོག་འཕྲོ།། དམིགས་པ་ཐམས་ཅད་ངེས་འགྲུབ་པའི།། དབང་བྱིན་ཆེན་པོ་ལྡན་པར་འགྱུར།། ཨེ་ཡི་གདན་ལ་བཞུགས་གསོལ་ནས།། ལག་གཡས་ཉི་མའི་དཀྱིལ་སྟེངས་སུ། ། ཧཱུཾ་ལས་ཁྲོ་བཅུར་གྱུར་པ་བསྟིམ།། གུ་གུལ་སྦྱར་བའི་དུད་པ་ཡིས།། བདུགས་ཏེ་མེ་དཔུང་ནག་པོར་གྱུར།། ཕྱི་ནང་མཆོད་པ་ཅི་འབྱོར་དབུལ།། བདུད་རྩིའི་མཆོད་པ་དབུལ་བར་བྱ།། ཡིད་ལ་བརྣག་པའི་འཕྲིན་ལས་བཅོལ། ། བཟླས་བརྗོད་འཁོར་ལོ་ནག་པོ་ནི།། ཕྲ་མོའི་ཏིང་འཛིན་བསྒོམ་པ་དང།། བཟླས་བརྗོད་འཕྲོ་འདུས་བསྒྲལ་ཞིང་བསྙེན།། དཀྱིལ་འཁོར་ལུས་བསྡུ་དངོས་གྲུབ་དོན།། ཙིཏྟ་རིན་ཆེན་གཞལ་ཡས་ཁང། ། ཡེ་ཤེས་སེམས་སྙིང་རིན་པོ་ཆེ།། ཟུར་བརྒྱད་ལྟེ་བར་ཉི་ཟླ་ནི། ཁ་སྦྱར་གནས་དཀྱིལ་ཧཱུཾ་མཐིང་ཁ།། སྔགས་བརྗོད་བུག་ནས་དབུགས་འོད་སྟེང།། སྤྱི་གཙུག་སྲོག་རྩའི་ནང་དུ་བྱུང། ། པད་ཐུགས་སྲོག་རྩ་ཡང་དབུགས་བཀག། ར་དབུས་ཕྱུང་སྟེ་དུ་མ་ལས།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཞིག་མཱ་ར་ཡ་ཕཊ། ཕུར་པའི་ཁྲོ་བོ་ཕྱོགས་བཅུར་སྤྲོས།། དོན་བྱས་སླར་འདུས་བསྒྲལ་ནས་སུ།། ཕུར་པ་དག་ལ་ཐིམ་པས་འགྲུབ། ། སྐྱོ་བར་གྱུར་ན་རབ་བསྡུས་ཏེ།། སྒོ་མ་ཁྲ་ཐབས་ཕོ་མོ་ལ།། དེ་ཡང་ཁྲོ་བོ་ཁྲོ་མོ་ལ།། དེ་ཡང་ཡབ་ཡུམ་གཉིས་མེད་ཐིམ།། ཡབ་ཀྱི་སྤྱད་པ་ཐམས་ཅད་བྱའོ།། རྡོ་རྗེས་གོང་དང་འདྲར་བསྐྱར་བ། ། བཅུ་བདུན་བརྩམས་ཤིང་ཉི་ཤུ་དགུའི་བར་དུ་རབ་ཏུ་བྱའོ།།།། སྦྱོར་ཀའི་འཁོར་ལོ་ནག་པོ་ནི།། རུས་པ་རྣམས་དང་བྱང་སེམས་དང།། ཁྲག་དང་རྐང་དང་ནང་ཁྲོལ་དང།། བཤང་དང་གཅི་བ་རྣམས་སུ། ། ཐལ་ཆེན་སྐེ་ཚེ་ལན་ཚྭ་ཁྲག། སྲུབ་མོ་ཁྲེ་དང་ཇུ་ཙེའི་ཕུབ།། བྲིས་ནས་སྙིང་ཁར་གླན་པ་ནི།། གྲོག་མཁར་ས་དང་མགར་དང་བཔའི།། བདུད་རྩི་ལ་སྤྲུ་བྱ་བའམ།། རི་མོ་སྨུག་ནས་བྲིས་པའང་རུང། ། ཤུད་པ་ལ་སོགས་ནརི་རགྟས།། ཧཱུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། རྣམ་ཤེས་རྟེན་གང་ཡིན་པའོ།། མགོ་ནི་ལྷོ་ཕྱོགས་གཤིན་རྗེར་གཏད།། ཆོས་འབྱུང་རྩེ་མོ་གཤིན་རྗེའི་གནས།། སྟེང་དུ་གན་རྐྱལ་གནས་རྣམས་བསམ། ། ལས་བྱེད་ལྷ་འདིས་བསྐྱེད་པ་ཡང།། ཉི་ཤུའི་གནས་ལས་མི་འགྱུར་བ།། ཐ་དད་ཕྱུང་སྟེ་ལྷོ་ཕྱོགས་སྒོར།། འདུས་ལ་ཀཱི་ལ་ཀཱི་བརྗོད་པས།། ཞལ་གཅིག་ཕྱག་བཞི་ཕུར་ཞབས་ཀྱིས།། ཉམས་པའི་མགོན་བྱེད་བརྫིས་པར་བསྒོམ། ། བྱིན་རླབས་དབང་བསྐུར་ཚུལ་བཞིན་བྱ།། དགུག་པ་འཁོར་ལོ་ནག་པོ་ནི།། རང་གི་སྙིང་ཁའི་ཧཱུཾ་ཉིད་ལས།། ཊཀྐི་རཱ་ཛ་ཞལ་གཅིག་པ།། ཕྱག་གཉིས་ཐོ་བ་ལྕགས་ཀྱུ་ཐོགས།། མདུན་ན་བཀའ་སྡོད་ལ་བསྒོམ་པ། ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། གྲི་ཧྣ་གྲིཧྣ་ཧཱུཾ་ཧཱུཾ་ཕཊ་ཕཊ། གྲིཧྣ་པ་ཡ་གྲིཧྣ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད་ཁྲོས་ཚུལ་ནས་ཕྱིན་པས།། ཤངས་ཁུང་ནང་རླུང་བྱུང་འོག་ཟླ་གམ། ། སྤྱན་ནས་མེ་ནི་གྲུ་གསུམ་ལ།། ཤ་དྲུང་དེ་ན་གནས་པར་བསམ།། ལྕགས་ཀྱུས་སྙིང་བཟུང་ཐོ་བས་མོས།། འོག་འདེགས་བཀུག་ནས་ཁུགས་པ་ནི།། མ་གསལ་བར་དུ་ཡང་ཡང་དམིགས། ། ཅུང་ཟད་བྱིན་ཆུང་མ་ཁུགས་ན།། མངག་གཞུག་བདག་པོས་དགུག་པའི་ཕྱིར།། སོ་སོའི་སྔགས་ལ་ཛ་བརྗོད་སྤྲོ།། ཀརྨ་ཧེ་རུ་ཀ་ལ་སོགས་པའི།། སོ་སོའི་ཐུགས་ལ་སྤྲུལ་པ་འཕྲོ།། དགྲ་བགེགས་ལ་ནི་བསྐོར་ཏེ་གནས། ། དེ་རྗེས་བསྐུལ་བར་བྱ་བ་ནི།། འཁོར་ལོ་རྩིབས་བཞི་འབར་བའི་སྟེང།། མི་བསྐྱོད་དབྱིངས་ལས་མ་གཡོས་ཀྱང། ཁྲག་འཐུང་པ་ཡི་སྐུ་བཞེངས་པ།། འཇིགས་བྱེད་ཚོགས་ལ་ཕྱག་འཚལ་ཏེ།། དགྲ་བགེགས་གནས་ནས་དགུག་པའི་ཕྱིར། ། འཇིགས་བྱེད་ཆེན་པོ་ཧེ་རུ་ཀ། ལྗང་ནག་འཇིགས་བྱེད་ཆེན་པོ་ནི།། ཁྲོ་གཏུམ་སེམས་ཅན་བཏུལ་བ་བཞིན།། དམ་ཉམས་དགྲ་བགེགས་གནས་ནས་དྲོངས།། རྣམ་ཤེས་ཕུང་པོ་རྡུལ་དུ་ལྷོགས། ། གོང་མའི་ཚིག་སྦྱར་དེ་རྗེས་སུ།། ཁྲོ་རྒྱལ་རྣམ་གསུམ་རྣམ་རྒྱལ་དཔལ།། དཀར་བ་འཇིགས་བྱེད་ཆེན་པོ་ནི།། ཉམས་པའི་མགོ་གཅོད་རབ་ཏུ་བརྩོན།། དེ་ཡི་ཐུགས་དམ་རྒྱུད་བསྐུལ་བ།། མི་གནས་དབྱིངས་སུ་རབ་སྒྲོལ་མཛད། ། རྡོ་རྗེ་གསོད་མ་ཆེན་པོ་སྟེ།། དགྲ་བགེགས་སྤྱི་བོའི་གཙུག་ནས་དྲོངས།། གཟུགས་ཀྱི་ཕུང་པོ་རྡུལ་དུ་ལྷོགས།། ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ནི།། འཆི་བདག་ཚོགས་ལ་དབང་སྒྱུར་བའི། ། མཐིང་ནག་འཇིགས་བྱེད་ཆེན་པོ་སྟེ། དེ་ཡི་ཐུགས་དམ་རྒྱུད་བསྐུལ་བ།། རྡོ་རྗེ་གཏུམ་མོ་ཆེན་མོ་སྟེ།། བཏང་སྙོམས་མི་བཤོལ་ལས་ལ་བརྩོན།། ངག་གི་གནས་ནས་དགྲ་བགེགས་དྲོངས།། འདུ་བྱེད་ཕུང་བུ་རྡུལ་དུ་ལྷོགས། ཁྲོ་རྒྱལ་སྟོབས་པོ་ཆེ་ཉིད་ནི།། བླ་མེད་གནས་སུ་སྟོབས་མཛད་མ།། ལྗང་ནག་འཇིགས་པ་གནོད་སྦྱིན་འདུལ།། དེ་ཡི་ཐུགས་དམ་རྒྱུད་བསྐུལ་བ། རྡོ་རྗེ་སྐུལ་བྱེད་ཆེན་པོ་སྟེ། ། དབྱིངས་ཀྱི་དོན་ནི་ཡེ་ཤེས་བསྐུལ།། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ།། ཡན་ལག་གནས་ནས་སྡུས་ལ་ཤོག། འདུ་ཤེས་ཕུང་པོ་རྡུལ་དུ་ལྷོགས།། དེ་ཡི་བཀའ་ཉན་གསུང་སྟོད་པ།། སྐུ་གསུང་ཐུགས་ཀྱི་བྱིན་རླབ་ལས། ། མོས་བྱེད་ཆེན་མོའི་ཏིང་འཛིན་ལྡན།། དོམ་གྱི་མགོ་ཅན་དུས་ལ་བབ།། གཡོ་མེད་ཏིང་འཛིན་ནུས་ལྡན་པ།། ཤ་བའི་མགོ་ཅན་དུས་ལ་བབ།། མཁས་བརྩོན་ཏིང་འཛིན་ནུས་ལྡན་པ།། བྱི་ལའི་མགོ་ཅན་དུས་ལ་བབ། ། སྟོབས་ལྡན་ཏིང་འཛིང་ནུས་ལྡན་པ།། དྲེད་ཀྱི་མགོ་ཅན་དུས་ལ་བབ།། དེ་ཡི་བཀའ་ཉན་གསུང་སྡོད་པ།། མགྱོགས་མ་ཡང་རྩལ་ལྡན་པ་མོ། སྲེ་མོའི་མགོ་ཅན་དུས་ལ་བབ།། མུན་མཐོང་དབུ་མ་ནུས་ལྡན་པ། ། འུག་པའི་མགོ་ཅན་དུས་ལ་བབ།། འོད་བྱེད་ཆེན་མོ་གསལ་བཀྲ་ལྡན།། པུ་ཤུད་མགོ་ཅན་དུས་ལ་བབ།། འཕྲ་མེན་སྐུ་མཁན་སྒོ་མངས་ལ།། བྱི་བའི་མགོ་ཅན་དུས་ལ་བབ།། ལྕགས་ཀྱུས་སྙིང་ནས་རབ་ཏུ་དྲོངས། ། ཞགས་པས་ཡན་ལག་རབ་ཏུ་ཆིངས།། ལྕགས་སྒྲོག་དབང་པོ་བསྡམས་ནས་ཀྱང།། དྲིལ་བུས་མ་འཁྲུགས་དགའ་བར་གྱིས།། མ་མོ་བརྒྱད་ཀྱི་དུས་ལ་བབ།། སིང་ཧ་བརྒྱད་ཀྱི་དུས་ལ་བབ།། ཤྭ་ན་མུ་ཁའི་དུས་ལ་བབ། ། ས་བདག་ཆེན་མོའི་དུས་ལ་བབ།། བདག་ཉིད་ཆེན་མོའི་དུས་ལ་བབ།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། སོ་སོའི་གནས་ནས་དྲངས་ནས་ཀྱང།། གཟུགས་ལ་གཉིས་སུ་མེད་པར་བསྟིམ།། ཅུང་ཟད་བྱིན་ཆུང་མ་ཁུགས་ན། ། ཕྱག་རྒྱ་བཞི་ཡིས་དགུག་པའི་ཕྱིར།། ཡེ་ཤེས་སེམས་དཔའི་ཐུགས་ཀའམ།། རང་གི་སྙིང་ཀར་ཟླ་དཀྱིལ་འཁོར།། ཛྫ་བརྩེགས་དམར་པོ་གཅིག་བཞག་ལ།། ཛ་ཧཱུཾ་བཾ་ཧོ་ཆེ་གེ་མོ་བཛྲ་ཨཾ་ཀུ་ཤ་ཆེ་གེ་མོ་ཞིག་ཧཱུཾ་ཛྫ། ལྷ་མོ་དམར་མོ་ལྕགས་ཀྱུ་ཅན།། གྲངས་མེད་བརྒྱུད་དམར་བྱུང་ནས་ཀྱང།། སྙིང་ནས་བཟུང་སྟེ་དེར་འོངས་པས།། ཛ་ཧཱུཾ་བཾ་ཧོ། ཆེ་གེ་མོ་ཞིག་པྲ་བེ་ཤ་ཧཱུཾ། ཏིང་འཛིན་གསལ་བར་བརྗོད་ནས་ཀྱང། ། གཟུགས་སུ་རི་མོ་ལ་བབ་སྟེ།། ཛ་ཧཱུཾ་བཾ་ཧོ་བརྗོད་ནས་ཀྱང།། ལྕགས་ཀྱུ་ཞགས་པས་ལྕགས་སྒྲོག་དང་དང།། དྲིལ་བུའི་ཕྱག་རྒྱ་བཅས་ནས་ཀྱང།། ཧཱུཾ་འབྱུང་ཡིག་བསམས་དེ་ཉིད་བསྒྱུར།། བཅིང་དང་བསྡམ་དང་དེ་ཡི་སེམས། ། མ་འཁྲུགས་དགའ་བ་བྱ་བའི་ཕྱིར།། ཡང་དང་ཡང་དུ་གསལ་བར་བྱའོ།། གདུག་པའི་འཁོར་ལོ་ནག་པོ་ནི།། དགྲ་བོ་ལྷ་ལྔ་དབྱེ་བའི་ཕྱིར།། གུ་གུལ་སྦྱར་མས་བདུག་པ་དང།། བུད་མེད་ཞབས་མ་ལ་སོགས་པས། ། དེ་ལ་ཡང་ཡང་བདུག་བའོ།། བརྡེག་པའི་འཁོར་ལོ་ནག་པོ་ནི།། བརྡེག་པའི་དང་པོ་གསལ་གསུམ་ལྡན་བྱའི་ཕྱིར།། དེ་ནས་ཕུར་པ་རབ་བླངས་ཏེ།། ལས་ཀྱི་ལྷ་ཡི་སྙིང་པོ་ལ།། རྡོ་རྗེ་རྡེར་མོ་བཏབ་སྟེ་བརྗོད། ། ལྷ་དང་སྲས་མཆོག་གནས་བདུན་ནི།། དབྱེ་བས་གསལ་བར་གསུམ་ལྡན་བྱ།། ཐལ་མོ་སྦྱར་ཐབས་རབ་གསོལ་ཏེ།། ཏིང་འཛིན་གསལ་བར་མ་ཁུགས་པར།། ཡང་རིག་སྔགས་བཟླས་བསླང་བར་བསྒོམ། ། ཏིང་འཛིན་གསལ་བར་ཞུགས་པ་དང།། ལིང་ག་སྙིང་གི་སྟེང་དག་ཏུ།། རྩེ་མོ་ནས་གང་མ་རེག་གཟས།། ཁྲོ་བོའི་སྐེ་ན་ལག་གཡོན་བཟུང།། ལག་གཡས་རྡོ་རྗེ་ཐོ་བའམ།། སྟ་རེ་པགས་པས་བརྡེག་ཅིང་སྔགས། ། རྡོ་རྗེ་སྡེར་མོ་བརྗོད་ཅིང་གདབ།། ན་མ་ས་མ་ན་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ནན། ཨོཾ་གྷ་གྷ། གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྟ་ཆེ་གེ་མོ་ཞིག་ཕཊ་ཕཊ། ཀཱི་ལི་ཀཱི་ལ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་དྲག་ཏུ་བརྗོད་དོ།། གསུམ་མམ་བདུན་ནམ་ཉི་ཤུ་གཅིག། ཇི་ཙམ་གསལ་གསལ་རབ་ཏུ་བཟླས།། ཤེས་པ་ཀུན་གྱི་རྟེན་ཡིན་ཕྱིར།། དང་པོར་སྙིང་ལ་རབ་ཏུ་གདབ། ། དཔྲལ་བ་ཆེ་ཡི་གནས་རྟེན་དང།། སྲོག་རྩའི་ལས་གྱེས་དཔུང་མགོ་གཉིས།། འོག་གི་སྲོག་རྩ་ལས་གྱེས་པ།། བརླ་ཡི་ནང་རོལ་གཉིས་ན་གནས།། དེ་ཀུན་འདུས་པའི་གྱེས་པ་ནི།། ལྟེ་བ་ལ་ཡང་རབ་ཏུ་གནས། ། རྩ་ལ་སྲོག་ནི་རབ་བརྟེན་ཅིང།། དེ་ཀུན་གཅད་ཕྱིར་སྡོང་པོ་ནི།། སྲོག་རྩ་བྱེ་བྲག་དག་ལ་དབབ།། ངེས་པའི་ལུང་བཞིའི་གོང་ལྟར་གདབ།། མནན་པའི་འཁོར་ལོ་ནག་པོ་ནི།། ཕུར་པ་དེ་རྣམས་བཏབ་ནས་ཀྱང། ། ལྕགས་ཀྱུ་ཞགས་པས་བཀུག་བཅིངས་ནས།། ལག་གཉིས་སོར་མོ་བསྣོལ་བ་ལ།། མཐེའུ་ཆུང་ངོས་སྤྲད་ནས་རྐྱང།། དྲང་པོར་བསྲང་སྟེ་དེ་སྔགས་ལ།། ཨོཾ་བཛྲ་ཀརྨ་ཀྲོ་དྷ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བདུན་གསུམ་ཉི་ཤུ་གཅིག་ཏུ་བཟླས།། བདུན་ཕོགས་གཡས་ཕྱོགས་ཕོགས་གསུམ་བཏུབ།། རྩལ་ཕྲོགས་སྐུ་གསུང་ཐུགས་མནན་ཕྱིར།། གཡས་མཐའ་རྡོ་རྗེ་རི་རབ་ཀྱིས།། དེ་སྟེང་དུ་གནས་པ་བརྗིད།། ཕུར་པ་མི་འབྱུང་མི་ཕྱིན་ཕྱིར། ། ལྷག་པར་ཟུང་ཅིག་ཐལ་ཕྱིན་བསམ།། བསྐྱར་བའི་འཁོར་ལོ་ནག་པོ་ནི།། སྲས་མཆོག་ཉིད་ཀྱི་སྤྲུལ་པས་བྱ།། དེ་ནས་དམ་ཚིག་ཕྱག་རྒྱས་བསྟན།། སོར་རྣམས་རྒྱབ་བསྣོལ་བཅངས་པ་ལས། ། གུང་མོ་གཉིས་སྦྱར་རྩེ་རྣོན་བྱས།། ཕུར་བུའི་ཀླད་དུ་གནན་བྱས་ཏེ།། ཕུར་པའི་ལྷ་དང་བགེགས་ཁྱོད་ཀྱང།། དམ་ཚིག་ལས་ནི་མ་འདའ་ཞིག། ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཕཊ། རང་སྙིང་ཐུགས་ཀའི་རྡོ་རྗེ་ཡི།། ཧཱུཾ་ལས་འཕྲོས་ཏེ་ཐུགས་ཉིད་ཧཱུཾ། ། དཀར་པོའི་འོད་ཟེར་བརྒྱུད་མཉེས་ཚིམ།། བསྒོ་བ་ཐམས་ཅད་ཉན་པར་བསམ།། སོར་མོ་ནང་བསྣོལ་མཐེ་བོང་དང།། མཐེའུ་ཆུང་ངོས་སྦྱར་སྒྲེང་བ་ལ།། སོར་མོ་ཕྱིར་བཀྱེད་ཕུར་སྟེངས་མནན། ། ཨོཾ་བཛྲ་ཀྲོདྷ་ཧ་ན་ཧ་ན། པ་ཙ་པ་ཙ། བནྡྷ་བནྡྷ། ཚིནྡྷ་ཚིནྡྷ། རྦ་ན་རྦ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། བདུན་གསུམ་ཉི་ཤུ་རྩ་གཅིག་བཟླས།། དབུ་བརྒྱན་ཁྲོ་རྒྱལ་དང་བཅས་ཀྱིས།། འདེབས་པའི་དབང་བསྡུས་བཀའ་ནན་ཏེ། ། བགེགས་དབང་བསྡུས་ཏེ་རིམས་ཉན་བསམ།། ཡུངས་ཀར་རྒྱལ་པོས་རབ་བརྡེགས་ཏེ།། ལག་མཐིལ་ཉི་མའི་སྟེང་དུ་ཧཱུཾ།། ཁྲོ་བོ་རྒྱལ་པོ་བཟླས་པ་ཡིས།། ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུག། ཕུར་པ་ཐིམ་པས་གཟི་བྱིན་ལྡན།། བགེགས་ལ་བརྒྱབ་པས་བཏུལ་བར་བསམ།། གུ་གུལ་སྦྱར་མས་བདུགས་པ་ཡིས།། ཕུར་པ་དབལ་བསྐྱེད་བགེགས་སུབས་དང།། དགྲ་བོའི་ལྷ་ལྔ་དབྱེ་བར་བསམ། ། ལག་གཉིས་རྒྱབ་སྦྱར་མཐེའུ་ཆུང་གཉིས།། གཅིག་ལ་གཅིག་འཁྱུད་མཛུབ་མོ་ཡང།། ཁ་འགྲམ་གཡས་གཡོན་ཡིད་དགུར་བསྒྲེང།། ལྷ་རྣམས་ནང་བཅངས་མཛུབ་མོ་གཉིས།། མཆེ་བར་བསམས་ཏེ་ལས་ཀྱི་ལྷས། ། མཆེ་བ་ལས་==ཀི9:ལཔཀྱང་ཁྲོ་ཚོགས་གཡོས།། བཟའ་ཞིང་གཡོན་བརྐྱང་སྙིང་མནན་མོས།། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཧ་ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ལག་གཉིས་ལུ་གུ་རྒྱུད་དུ་བསྣོལ།། མཐེ་བོང་གཡས་པ་གཡོན་སྟེང་བཞག། མཇུབ་གཉིས་ངོས་སྦྱར་བསྒྲེང་ནས་བརྡེག། སྡང་མིག་བགྲད་པའི་ནང་བྱུང་བའི།། ཁྲོ་བོ་ཁྲོ་མོ་དུ་མ་ནི།། ལག་པ་མདུང་རྩེ་རྣོན་པོ་ཡིས།། གནད་པའི་གནས་སུ་ཕུག་བསམས་ཏེ། ། བདུན་ནམ་ཉི་ཤུ་རྩ་གཅིག་གམ།། བརྒྱ་རྩ་བརྒྱད་རིམ་གསལ་རིམ་བསྒོམ།། ཨོཾ་བཛྲ་ཀྲོདྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭ་ན་ས་ཡ། ཙིཏྟ་ལཾ་བོ་ད་ར་ཨུ་ཙུས་སྨ་ཀྲོདྷ་ཧཱུཾ་ཕཊ། ཡུངས་ཀར་བརྡེག་ཅིང་གུ་གུལ་བདུག། གོང་དང་འདྲ་ཕྱིར་འདིར་མ་བཤད།། ལས་འདི་བསྟན་ཞིང་གྲུབ་པར་ནི།། སྲས་མཆོག་དེ་ལ་བཅོལ་བར་བྱ།། མནན་པའི་འཁོར་ལོ་ནག་པོ་ནི།། ངེས་པའི་དོན་དུ་བཤད་ཕྱིར་རོ།། ཅུང་ཟད་བྱིན་ཆུང་མི་དགའ་ན། ། རྡོ་རྗེས་བརྗིད་ཅིང་མནན་པ་ཡིས།། བསམ་གཏན་དག་གིས་མནན་པའི་ཕྱིར།། ཛ་ཧཱུཾ་གོང་གི་འཕྲོ་འདུ་ཡིས།། ལྕགས་ཀྱུས་མགྲིན་བཀུག་ཞགས་པས་བཅིང།། སྲས་མཆོག་སྤྱི་བོ་བསྡུས་པའི་སྟེང།། ཧཱུཾ་མཐིང་ནག་ལས་རྡོ་རྗེ་ནི། ། རྒྱ་གྲམ་མེ་ལྕེའི་འཕྲེང་བསྐོར་དཀྱིལ།། སུ་ནི་གསེར་བཙོའོ་ཁ་དོག་འདྲ།། ཨོཾ་བཛྲ་སཱུ་མེ་རཾ་ཧཱུཾ་ས་མ་ཡ་སྟྭཾ། ཞེས་བརྗོད་གསེར་གྱི་རི་རབ་ནི།། པདྨ་བྱེ་བ་གྲུ་བཞི་པ།། དེ་སྟེངས་བྲུཾ་ལས་གཞལ་ཡས་ཁང། ། འཁོར་ལོ་རྩིབས་བཞི་དཀྱིལ་སྟེངས་སུ།། བསྒྲིབ་མ་ལས་ནི་བཅོམ་ལྡན་འདས།། དོན་ཡོད་གྲུབ་པ་ལྗང་ཁུ་ནི།། ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ཁྲོ་བོ་ཡབ་ཡུམ་ཁྲ་ཐབས་བརྒྱད། ། སྒོ་མ་བཞི་འཁོར་བཅས་པ་བསྒོམ།། སྤྱན་དྲངས་བྱིན་བརླབས་དབང་བསྐུར་ནས།། མཆོད་བསྟོད་བཟླས་བརྗོད་ཚུལ་བཞིན་བྱ།། འོད་ཟེར་འཕྲོ་དུ་རི་རབ་བརྗིད།། རི་རབ་ཀྱིས་ཀྱང་འཁོར་ལོ་མནན། ། འཁོར་ལོ་འཁོར་བས་རྒྱ་གྲམ་ཡང།། བརྗིད་པས་ཧཱུཾ་འཕྲོས་ཧཱུཾཾ་རྡོ་རྗེས། ཁྲོ་བོས་གཟིར་ཅིང་མི་གཡོ་བར།། བསྐལ་བའི་མཐའ་རུ་མནན་པ་དང།། ཧཱུཾ་ལས་སྲས་མཆོག་འཕྲོ་འདུ་ཡིས།། གཟའ་བ་བསྒྲལ་ཞིང་ནན་པར་བསམ། ། འཕྲིན་ལས་དེ་བཞིན་བཅོལ་བའི་ཕྱིར།། ཚིག་དང་དབྱངས་ཀྱིས་བསྐུལ་བ་ནི།། ཁྲོ་བོས་མི་བཏང་གཟིར་བའི་ཕྱིར།། རྒྱ་གྲམ་རྡོ་རྗེ་གཟིར་བར་མཛོད།། འཁོར་ལོས་རྡོ་རྗེ་གཟིར་བར་མཛོད། ། འཁོར་ལོས་རྡོ་རྗེ་གཟིར་བ་དང།། རི་རབ་ཀྱིས་ཀྱང་འཁོར་ལོ་ཡི།། བྱིན་བསྐྱེད་དོན་དུ་གཟི་ལྡན་མཛོད།། རི་རབ་གཟི་བྱིན་ལྡན་པའི་ཕྱིར།། ཁྲོ་རྒྱལ་ཚོགས་ཀྱིས་མནན་པར་མཛོད།། ཉིན་ཞག་གཅིག་ནི་དེ་ལ་བསྒོམ། ། གལ་ཏེ་དེས་ཀྱང་མ་གྲུབ་ན།། བསྟན་པའི་འཁོར་ལོ་ནག་པོ་ནི།། དུག་གཏོར་ནག་པོ་ཆ་གཅིག་ལ།། ཧཱུཾ་ནག་གཟི་བྱིན་ལྡན་པ་ཡིས།། འཕྲོ་འདུ་དུག་གི་རླངས་པ་དང།། མཚོན་ཆའི་ཆར་དུ་གྱུར་པ་ཡིན། ། ནག་པོ་ནག་མོ་དྲག་མོ་ནི།། དུག་གིས་ཕྱག་ཚང་ཡིན་པའི་ཕྱིར།། དེ་ཡི་བསྒོམ་པ་འདི་ལྟར་བྱ།། ནག་པོ་ཆེན་པོ་རལ་པ་ཅན།། གསེབ་ནས་དུག་སྦྲུལ་མགོ་གསུམ་པས།། ཁ་ནས་དུག་སྐྱུག་སྤྱི་གཙུག་ནས།། རྩ་འགྲམ་ཐམས་ཅད་འགེངས་པར་བྱེད། ། དཔྲལ་ནས་དུག་མིག་ལྷང་ཙེར་ནས། ཁྲོ་རྒྱལ་དུག་གིས་དུད་འདྲ་བས།། མིག་ནས་ཞུགས་ཏེ་ལུས་ཀུན་བརླག། རྣ་བ་དུག་གི་སྒྲ་སྒྲོགས་པས།། སྣ་ནི་དུག་གི་དུད་པ་དང། ཁ་ནས་དུག་གི་མ་ཆུ་དང།། སྙིང་ནི་དུག་གི་འཕྲོ་འདུ་ཅན།། ཤངས་ནི་དུག་གི་དུད་པ་དང། འཇོམས་པ་དུག་གི་ཆུ་རྒྱུན་དག། ལྡན་པའི་དུ་མ་བྱུང་བ་ཡི།། བུག་དགུར་ཞུགས་པས་ལས་བྱས་ཏེ།། གདོན་ནི་དེ་ལ་བླུད་པའི་ཕྱིར། ། ཨོཾ་བཛྲ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུཾ་ཕཊ། སྟོང་ཕྲག་གཅིག་ཏུ་ངེས་པར་བཟླས།། མཧཱ་དེ་བ་དབང་བསྡུས་པས།། ཕྱག་ཚང་ཡིན་པར་བཤད།། དཔལ་ལྡན་རེ་ཏྲི་དབང་བསྡུས་ཕྱིར།། ནག་མོ་སྐྲ་གཅིག་མིག་གཅིག་ལས། ། བུག་དགུ་མཚོན་ཆ་སྤྲོས་པའོ།། བགེགས་ཀྱི་ཚོགས་ལ་བརྒྱབ་པར་དམིགས།། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། སྟོང་ཕྲག་གཅིག་ནི་ཉེ་བར་བཟླས།། ཡ་སྟབས་འཁོར་ལོ་ནག་པོ་ནི། བསྒྲུབ་པའི་གཏོར་མ་ནག་པོ་དེ། ། དབུལ་ཕྱིར་འདི་ལྟར་བསྒོམ་པར་བྱ།། ཡེ་ཤེས་ལྷ་དང་འཇིག་རྟེན་པ།། ཧེ་རུ་ཡབ་ཡུམ་ཁྲོ་བོ་ལ།། ཡབ་ཡུམ་ཁྲ་ཐབས་ཡབ་དང་ཡུམ།། སྒོ་མ་བཞིར་དམིགས་མ་མོ་དང།། སིང་ཧ་གནོད་སྦྱིན་སྲིན་མོ་དམིགས། ། ཧཱུཾ་ལས་འོད་འཕྲོས་སྤྱན་དྲངས་ཕྱིར།། ཛ་ཧཱུཾ་བཾ་ཧོ་ཨེ་ཧྱེ་ཧི་བྷ་ག་ཝཱན། བིད་ད་ཡ་ཤ་ཛ་བྷྱོ་བྷྱོ་རུ་ལུ་རུ་ལུ་ཧཱུཾ། ལན་བདུན་བརྗོད་པར་སྤྱན་དྲང་ངོ།། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཏེ།། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། ། འོད་ཟེར་འཕྲོ་འདུས་དབང་བསྐུར་རྗེས།། གཏོར་མ་ལ་ཧཱུཾ་འཕྲོས་པ་ལས།། འོད་ཟེར་འདོད་ཡོན་ལྔ་རུ་དམིགས།། མཆོད་པར་དམིགས་ཏེ་སྔགས་འདི་བརྗོད།། ཨོཾ་པྲ་ཏི་ཛ། ལན་བདུན་གཏོར་མ་དབུལ་བའོ། ། བདུད་རྩི་དེ་ལ་དབུལ་བ་ནི།། རིགས་མཐུན་རྡོ་རྗེ་རིན་ཆེན་དང།། པདྨ་རལ་གྲི་ལྕེ་དེ་ཡིས།། བདུད་རྩི་ལ་ནི་གསོལ་བར་དམིགས།། ཨོཾ་ས་མ་ཡ་ཨ་མྲྀ་ཏ་ཨ་མྲྀ་ཏ་པྲ་ཏི་ཛ་ཧཱུཾ་སྭཱཧཱ། ལན་བདུན་བཟླས་ཏེ་ཨ་མྲྀ་ཏ། ། ཕུལ་ནས་ཅི་འདོད་ལས་བཅོལ་བ།། ཞི་རྒྱས་དབང་དྲག་ལས་རྣམས་ཀྱང།། ཅི་དགའ་བཞིན་དུ་བྱེད་པར་དམིགས།། ཁྱད་པར་དྲག་པོ་ཉིད་བྱེད་དམིགས།། རྗེས་བསྟབ་འཁོར་ལོ་ནག་པོ་ནི། ། གཏོར་མ་ནག་པོ་ཆ་གཅིག་བཤམས།། ཕྱག་ན་རྡོ་རྗེ་རྒྱལ་དམིགས་ཏེ།། འོད་འཕྲོས་སྤྱན་དྲང་དམིགས་པ་ནི།། མགོན་བྱེད་བདུན་ཅུ་རྩ་གཉིས་སོ།། དམ་ཚིག་ཅན་འཁོར་དང་བཅས་པ་དང། ། འཇིག་རྟེན་ནང་ན་མཐུ་ཆེ་བ།། ཀུན་ཏུ་རབ་ཏུ་སྤྱན་དྲངས་ཏེ།། ཧཱུཾ་ལས་འོད་འཕྲོས་ཐམས་ཅད་ཀྱང།། འོད་དུ་ཞུ་སྟེ་ཆོས་སྐུ་ཡིན།། དག་པའི་ལས་སུ་བསྐྱེད་པ་ལ།། གཏོར་མ་འོད་ཞུ་འོད་ཟེར་ལས།། འདོད་ཡོན་གྱུར་པ་དབུལ་བར་དམིགས། ། སྲས་མཆོག་ཐུགས་ཀའི་ཧཱུཾ་ལས་ཀྱང།། བདུད་རྩིར་གྱུར་པས་སྣོད་བཀང་སྟེ།། ཕུལ་བའི་དུས་སུ་ལས་བཅོལ་བས།། གསོད་པའི་ལས་ལ་བརྩོན་པར་དམིགས།། གཤེགས་གསོལ་ཏིང་འཛིན་བསྡུ་བ་ནི། ། རིམ་པ་བཞིན་དུ་ཤེས་པར་བྱའོ།། བསྒྲུབ་པའི་འཁོར་ལོ་ནག་པོ་ནི།། བཅུད་དུ་གྱུར་པའི་མན་ངག་སྟེ།། རབ་ཀྱི་འབྲིང་ལ་བསྟན་པར་བྱུའོ།། རབ་མཐའ་མན་ཆད་བསྟན་མི་བྱ། ། བསྒྲུབ་པའི་འཁོར་ལོ་ནག་པོའོ།། རྫོགས་སོ།།།།

CLOSE WINDOW