CLOSE WINDOW

Gpb046.005x: རྡོ་རྗེ་ཕུར་པ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ཞེས་བྱ་བ
Wylie

ཐུགས་གསང་བ། རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་རྒྱུད་གསང་བ་ཆེན་པོའི་མདོ་རྫོགས་སོ།།།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་ཨག་ནེ་བཛྲ་ཛི་ཧ་མ་ལ་མ་ཧཱ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཁྲག་འཐུང་འཇིགས་བྱེད་ཀྱི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ཉིད་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་ན། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། གསང་བ་གསུམ་ལ་མངའ་བརྙེས་པའི་བདག་པོ་ཐམས་ཅད་ཀྱི་འབྱུང་བའི་གནས་ཡིད་བཞིན་ནོར་བུ་རིན་པོ་ཆེ། སྤྲོས་པ་ཐམས་ཅད་གཅོད་པའི་བདག་ཉིད་རྣམ་པར་ཐར་པའི་དབུ་གསུམ་དང་ལྡན་པ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་བདག་ཉིད། མཚན་དང་དཔེ་བྱད་ལ་མངའ་བརྙེས་པ་ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་ངང་ལ་མཉམ་པར་བཞུགས་པའི་བདག་ཉིད། ། འཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱལ་པོ།། ཉོན་མོངས་པ་ཐམས་ཅད་ཡོངས་སུ་འཇོམས་པར་མཛད་པ་བསམ་གྱིས་མི་ཁྱབ་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མངའ་བརྙེས་པའི་བཅོམ་ལྡན་འདས། རོལ་པའི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སྐུ་མདོག་དང། ཕྱག་མཚན་དང། བཞུགས་ཚུལ་ལ་སོགས་པའི་བདག་ཉིད་དེ། མཐའ་དང་དབུས་མེད་པའི་འོག་མིན་གྱི་གནས་གཉིས་སུ་མེད་པའི་གསང་བའི་ཡུམ་གྱི་བཙུན་མོའི་བྷ་ག་ལ། ཕོ་བྲང་ལྷུན་གྱིས་གྲུབ་པའི་ལོངས་སྤྱོད་ཀྱིས་བརྒྱན་པ། མཐིང་ནག་དྲག་པོའི་གནས་རྒྱུ་རིན་པོ་ཆེ་འབར་བ་སྣ་ཚོགས་དང། དྲག་པོ་འཇོམས་པའི་རྒྱན་དུ་མ་དང་ལྡན་པ། ཡོན་ཏན་དཔག་ཅིང་གཞལ་བ་ལས་འདས་པ། ཐོག་མ་དང་ཐ་མ་མེད་པར་རང་བྱུང་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པའི་འཁོར་རྣམས་དང། ། གཞན་ཡང་རིགས་ལྔའི་སངས་རྒྱས་བཙུན་མོ་དམ་པ་དང་ལྷན་ཅིག་པ་རྣམས་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང། སྒེག་མོ་ལ་སོགས་པ་ཐབས་དང་ཤེས་རབ་ཀྱི་འཁོར་བསམ་གྱིས་མི་ཁྱབ་པ་རྣམས་དང། གཞན་ཡང་ཁྲོ་བོའི་རྒྱལ་པོ་རབ་ཏུ་མི་ཟད་པའི་ཚོགས་ནམ་མཁའ་མཐས་ཀླས་པ་དང། རོལ་པའི་བཙུན་མོ་གཏུམ་བག་ཅན་རྣམས་དང། གདུག་པའི་འཁོར་སྤྲུལ་པའི་འཕྲ་མེན་མ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམས་དང། གཞན་ཡང་ཡེ་ཤེས་དང་ལས་ལས་གྲུབ་པའི་ཚོགས་རྣམས་དང། ནང་དང་ཕྱིའི་རྣལ་འབྱོར་མ་རྣམས་དང། ཁྱ་པར་འཁོར་གྱི་འཁོར་བསེའི་བུ་མོ་བཞི་དང། ཤོ་ན་མ་བཞི་དང། བདག་ཉིད་མ་བཞི་དང། འཇིག་རྟེན་གྱི་དྲེགས་པའི་ཚོགས་རྣམས་དང། གཞན་ཡང་དྲེགས་པའི་ཚོགས་ཀྱི་མ་དང། བུ་མོ་དང། སྲིང་མོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་ཐབས་གཅིག་ཏུ་བཞུགས་སོ། འཁོར་དེ་རྣམས་ཀྱི་ནང་ནས་སྲས་མཆོག་ཀརྨ་ཀཱི་ལ་ཡ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་རབ་ཏུ་མཛེས་པའི་ཚུལ་བཟུང་ནས་བཀའ་ནོད་ཅིང་སྤོབས་པ་ཅན་དུ་བཞུགས་སོ། དེ་ནས་བཅོམ་ལྡན་འདས་གསང་པ་མཆོག་གི་བདག་པོ་དེས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོའི་འོ་དཀྱིལ་ཁྱབ་པར་བྱས་ནས། དྲེགས་པའི་ཚོགས་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མཉམ་པའི་ངང་ལ་རྣལ་ནས་བཞུགས་སོ།། དེ་ནས་འཁོར་འདུས་པའི་ནང་ནས་ཀརྨ་ཀཱི་ལ་ཡ་བཞེངས་ནས།། སྟོན་པའི་ཞལ་དུ་སེང་གེའི་ལྟ་སྟངས་ཀྱིས་བལྟས་ཏེ་མཉམ་པ་ཉིད་ཀྱི་ངང་ལ་གླུ་འདིས་བསྐུལ་ལོ། ། ཀྱེ་ཀྱེ་དཔའ་བོ་ཐུགས་རྗེ་ཅན།། ཁམས་གསུམ་ཐམས་ཅད་སྒྲོལ་བའི་དག། སྟོབས་ཆེན་འབར་བས་ཡོངས་ལ་སྐྱོབ།། གཉིས་མེད་འདུ་འབྲལ་མེད་པའི་བདག། ཆོས་དབྱིངས་གནས་ལ་མངོན་པར་མཁྱེན།། ཚད་མེད་འགྲོ་བའི་དོན་རྣམས་མཛོད།། ཅེས་བསྐུལ་བས། སྟོང་པ་ཉིད་ཀྱི་ངང་ལས་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་འཇིགས་བྱེད་ཀྱི་རྒྱན་ཆས་ཐམས་ཅད་དང་ལྡན་པར་བཞེངས་ཏེ། བཅོམ་ལྡན་འདས་ཀྱི་སྐུ་ལས་ཀྱང། འཇིགས་བྱེད་ཆེན་པོའི་འཁོར་དབུ་སྟོང་མངའ་བ།། ཕྱག་སྟོང་མངའ་བ། སྤྱན་སྟོང་མངའ་བ། འཇིགས་པའི་རྒྱན་དང་ལག་ཆ་བསྣམས་པ་བསམ་གྱིས་མི་ཁྱབ་པ་ཐོན་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་བྲེད་ཅིང་བརྒྱལ་ནས། ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ།། འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ།། ཚིག་རབ་ཏུ་ཚིག། ཀུན་ཏུ་རབ་ཏུ་ཚིག་གོ། འཐོར། རབ་ཏུ་འཐོར། ཀུན་ཏུ་རབ་ཏུ་འཐོར་རོ།། འུར། རབ་ཏུ་འུར་རོ།། ཆེམ། རབ་ཏུ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་མོ།། དབུས་མཐོ་ན་ནི་མཐའ་དམའ་བར་གྱུར་ཏོ།། ཤར་མཐོ་ན་ནི་ནུབ་དམའ་བར་གྱུར་ཏོ། ། ནུབ་མཐོན་ནི་ཤར་དམའ་བར་གྱུར་ཏོ།། ལྷོ་མཐོན་ནི་བྱང་དམའ་བར་གྱུར་ཏོ།། བྱང་མཐོན་ནི་ལྷོ་དམའ་བར་གྱུར་ཏོ།། དེའི་ཚེ་གདུག་པ་ཅན་གྱི་ཚོགས་ཐམས་ཅད་རང་རང་གི་ལག་ཆ་ཤོར་ཏེ་བརྒྱལ་ནས་ཕྱོགས་ཕྱོགས་སུ་ས་ལ་འཁོད་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་སྒྲོལ་བ་ལས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨོཾ་བཛྲ་ཀཱི་ལི་ཀཱ་ལ་ཡ་སརྦ་བིགྷ་ན་ན་བཾ་ཧཱུཾ་མཱ་ར་ཡ་ཕཊ། ཅེས་བརྗོད་པས་དྲེགས་པའི་ཚོགས་ཐམས་ཅད་བསྒྲལ་ཏེ། སྒྲིབ་པ་གཉིས་སྦྱངས་ཏེ་ཕྱིར་མི་ལྡོག་པའི་ས་ལ་བཀོད་དོ།། དེ་ལྟར་དེ་དག་གི་ཡོན་ཏན་འཇིག་རྟེན་དུ་གྲགས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མའོ་བདེ་ཆེན་ཁྲག་འཐུང་གཙོ།། དཀྱིལ་འཁོར་རྣམས་ཀྱི་ངོ་བོ་ཉིད། ། དོན་དམ་ཀུན་རྫོབ་བྱང་ཆུབ་སེམས།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་གསོལ་བ་བཏབ་པས། ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས་ཡེ་ཤེས་མེད་པ་མ་ཡིན་པའི་དབྱིངས་ནས་ཐབས་དང་ཤེས་རབ་ཡོངས་སུ་རྫོགས་པའི་ཚུལ་དུ་བཞེངས་ཏེ། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསུངས་སོ།། ཕྱི་ནང་སྣོད་བཅུད་མ་ལུས་དང།། ཕུང་པོ་ཁམས་དང་སྐྱེ་མཆེད་དང།། འཁོར་དང་མྱ་ངན་འདས་པ་ཀུན། ། རང་བཞིན་ངོ་བོ་ཉིད་ཀྱིས་སྟོང།། གཟུང་འཛིན་རྟོག་པ་དང་བྲལ་བའི།། མ་བཅོས་དེ་བཞིན་ཉིད་ཁོ་ན།། དེ་ལྟར་རིག་པའི་སྐྱེས་བུ་ནི།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ།། གཞན་ཡང་བྱང་སེམས་རིམ་པ་ནི། ། ཡེ་ཤེས་གཅིག་ལ་ས་མ་གཡོས་ཀྱང།། འདུལ་ཐབས་བྱེ་བྲག་ཐ་དད་དེ།། རྟོག་འདུལ་གཉེན་པོར་ཡེ་ཤེས་བསྟན།། སྐྱེ་བོ་མེད་པའི་ཆོས་ཉིད་ལས།། མ་འགགས་རིག་པའི་ཡེ་ཤེས་ཤར།། སྐྱེ་འགག་ཉིད་ན་བརྗོད་དང་བྲལ། ། མེ་ལོང་ཡེ་ཤེས་གསལ་པའོ།། བསམ་དང་བྲལ་བའི་ཆོས་ཉིད་ནི།། ཚིག་དང་ཡི་གེ་སྒྲ་ལས་འདས།། རང་གི་ངོ་བོ་མ་སྐྱེས་བྲལ།། སྟོང་ཉིད་ཡེ་ཤེས་ཞེས་བརྗོད་དོ།། གཉིས་སུ་མེད་པའི་བྱང་ཆུབ་སེམས། ། མ་བཅོས་ཡེ་ནས་མཁའ་འདྲ་པ།། བཙལ་མེད་ཐབས་དང་ཤེས་རབ་དང།། མཉམ་པ་ཉིད་ལས་གཞན་མེད་དོ།། བརྗོད་མེད་ངང་ལས་ཐམས་ཅད་འབྱུང།། རྟོག་མེད་ཡེ་ཤེས་སོ་སོར་གསལ། ། རང་བཞིན་མ་འདྲེས་ཅིར་ཡང་སྣང།། སོ་སོར་རྟོག་པའི་ཡེ་ཤེས་ཡིན།། རྒྱུ་འབྲས་འགྲོ་འོང་མིགནས་ཤིང།། ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ།། གཉིས་མེད་ངོ་བོ་ཉིད་ལས་གནས།། བྱ་བ་གྲུབ་པར་སེམས་བསྐྱེད་དོ། ། བྱང་ཆུབ་སེམས་ཞེས་བྱ་བ་ནི།། དོན་དམ་ཀུན་རྫོབ་དབྱེར་མེད་ལ།། གཅིག་གི་ངང་ལས་གཉིས་མེད་ཀྱང།། བློ་ཆུང་མུན་པར་འཐིབས་པ་ལ།། ཀུན་རྫོབ་བྱང་ཆུབ་སེམས་མེད་ན།། དོན་དམ་རྟོགས་པར་ག་ལ་ནུས། ། སྟོང་ཉིད་ངང་ལས་མ་གཡོས་ཀྱང།། སྙིང་རྗེ་ཆུ་ཟླའི་ཚུལ་ཤེས་པས།། སྐྱེ་མེད་མཆོན་པའི་ཡི་གེ་ཨ།། རྒྱུ་མཆོག་ཡི་གེ་འབྲས་བུ་ཧཱུཾ།། དེ་ཉིད་འབྲས་བུ་ཀུན་ལྡན་པས།། རྒྱུ་ཡི་ཏིང་འཛིན་རིམ་པ་ལས། ། ཨེ་ཡཾ་ར་གེཾ་རཾ། སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དུ།། འབྱུང་བ་ལྔ་ཡི་གཞལ་ཡས་ཁང།། ཉོན་མོངས་ལམ་ལྔ་དག་བྱས་ནས།། ཡུམ་ལྔའི་མཁའ་ཀློང་རྣམ་དག་པར།། རྟོགས་ལྡན་བུ་ཡེ་ཤེས་རབ་ཀྱིས།། ཞེས་བརྗོད་པས། འབྱུང་བ་ཡུམ་གྱི་གཞལ་ཡས་སུ་ཆོས་ཐམས་ཅད་སངས་རྒྱས་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དགོས་པ་ཆེན་པོས་དཀྱིལ་འཁོར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བརྗོད་དོ།། བྲུཾ། ཞེས་ཕྱུང་ནས་ཆེད་དུ་བརྗོད་དོ།། ཨེ་མ་སངས་རྒྱས་ཀུན་གྱི་གནས།། ཟབ་མོ་ཆོས་ཀྱི་འབྱུང་གནས་ཉིད།། གཉིས་མེད་གསང་བ་གསུམ་ལས་བྱུང།། དོན་ཉིད་དམིགས་པར་ག་ལ་རུང། ། མཚོན་བྱེད་གསང་བ་མཆོག་གི་གནས།། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས།། གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན།། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས།། འཁོར་ལོའི་རྒྱན་དང་རྡོ་རྗེའི་རྒྱན། ། ཉི་ཟླ་གསལ་བའི་དཀྱིལ་འཁོར་ལྡན།། ཀ་བ་གདུང་དང་རྟ་བབས་དང།། འཁོར་ལོ་ཏ་ར་ན་ཡིས་བརྒྱན།། གཞན་ཡང་རིན་ཆེན་ཕ་གུ་དང།། དྲ་བ་དྲ་ཕྱེད་ལ་སོགས་ལྡན།། འདོད་པའི་ཡོན་ཏན་ལྔ་ཡིས་འཁྲིགས། ། རིན་ཆེན་རྒྱན་དང་རོམ་མོའི་སྒྲ།། བླ་རེ་རྒྱལ་མཚན་འཕན་གདུགས་མཛེས།། འོད་འཕྲོ་འབར་བས་ཀུན་ཏུ་འཁྲིགས།། ཕྱི་དང་ནང་མེད་ཀུན་ཏུ་ནང།། བདེ་གཤེགས་རྒྱབ་བ་སྲས་བཅས་གནས། ། གཞན་ཡང་ཡོན་ཏན་བརྗོད་ལས་འདས།། དམིགས་པར་སྣང་ཡང་དམིགས་སུ་མེད།། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས།། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངང་ལས། ། ཏིཥྛ་བཛྲ་ཨ། ཞེས་བརྗོད་པས།། དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞུགས་པར་གྱུར་ཏོ།། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས།། ཐམས་ཅད་ལྷུན་གྱིས་གྲུབ་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང། གསུང་དང། ཐུགས་རྡོ་རྗེ་ལས་གསང་བའི་སྙིང་པོ་འདི་བྱུང་ངོ།། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾའུ་ཧཱུཾཾ། ཊྲཾ་ཊྲཾ་ཊྲཾ་ཊྲཾ་ཊྲ?ཾ། ཊྲཾ་ཊྲཾ་ཊྲཾ་ཊྲཾ་ཊྲ?ཾ། ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ། ཛཱ་ཧཱུཾ་བཾ་ཧོ། བྷྱོ་བྷྱོ་བྷྱོ་བྷྱོ། ཀྵ་ཀྵ་ཀྵ་ཀྵ། མཱ་མཱ་མཱ་མཱ། ཞེས་བརྗོད་པས། སྣོད་བཅུད་ཐམས་ཅད་ཁྲག་འཐུང་དཀྱིལ་འཁོར་འབའ་ཞིག་ཏུ་སྣང་བར་གྱུར་པ་ནི། འདི་ལྟ་སྟེ། ཧཱུཾ་བཞི་ལས་ནི་གསལ་བའི་སྐུ། ། ལོག་ལྟ་འཇོམས་པའི་རང་བཞིན་ནམ།། རང་དབང་མེད་པར་ཚེ་འབྲེལ་སྐུ།། གང་ལྟར་བསྐྱོད་མེད་རྒྱན་གྱི་སྐུ།། དྲི་མེད་གསུང་ནི་རྣམ་པར་དག། སྟོབས་ལས་ཡོངས་སུ་གྲུབ་པའི་སྐུ། བདུད་རྩིའི་ཆུ་རྒྱུན་ཡང་དག་འཁྱིལ། ། ཁམས་གསུམ་ལས་ལས་ཡོངས་སུ་རྒྱལ། སྟོབས་ལས་ཡོངས་སུ་གྲུབ་པར་མཛད།། ཧཱུཾ་ལས་ཡང་དག་སྐུ་བསྐྱེད་རྒྱལ།། སྟོང་པའི་སྒྲ་འབྱིན་ཆོས་ཀྱི་དབྱིངས།། རིག་པའི་སྡེར་མོ་ཡང་དག་འཛིན།། ཆོས་ཀྱི་དབྱིངས་སྡུད་དུར་ཁྲོད་སྐུ། ། ཐམས་ཅད་འཇོམས་མཛད་གཏུན་ཁུང་མ།། མཚན་མ་འཇོམས་ཕྱིར་གཏུམ་མོ་སྟེ།། དོན་རབ་བསྐུལ་བ་བསྙེམས་མའོ།། གསལ་ལ་གཡོ་བ་རླུང་འབྱིན་མ།། གསོད་ལ་དགའ་བའི་སྐུ་གཅིག་མ། ། རབ་ཏུ་གནས་ནས་སྐུལ་བྱེད་མ།། ཡང་དག་དབྱིངས་སུ་སྙེམས་བཅས་པའོ།། དེ་ལ་སོགས་ཏེ་སྤྲུལ་པའི་ཚོགས།། གདུག་པའི་འདུལ་བ་འཁོར་རྣམས་ནི།། ཟ་བྱེད་ལུས་ཅན་གཙང་སྨེ་མེད། ། མི་འགྱུར་སྡང་མིག་ཞེ་ལ་གནོན།། འགྲོ་དོན་ནུས་ལ་བབ་ནས་འཇུག། ཁྲག་དང་ཤ་རུས་ཟ་བྱེད་པའོ།། ཐབས་མཁས་རྩལ་གྱིས་ཐམས་ཅད་འདུལ།། ཟ་བྱེད་རྩལ་གྱིས་གསོད་པ་དང།། འཇིགས་པའི་སྟོབས་ཀྱིས་ཐམས་ཅད་གནོན། ། ལས་སུ་གསོད་ཅིང་དབྱིངས་སུ་རྨི།། འཇིགས་བྱེད་གཟུགས་ཏེ་རལ་གསིགས་རྔམ།། རྔམ་པའི་སྟོབས་ཀྱིས་ཟ་བྱེད་པའོ།། རྣམ་རྟོག་མི་མངའ་རང་དབང་མེད།། ཟ་བྱེད་ལུས་ཅན་ཁྲ་ཡི་མགོ། ཆོས་དབྱིངས་གནས་ལས་མཚན་མོ་ལྡང།། ཡང་དག་དབྱིངས་བཞུགས་གཞན་མི་མཐོང།། གདུག་པ་འདུལ་ཕྱིར་གསལ་བཀྲམ།། གསོད་པའི་ལས་ལ་ཐབས་མཁས་མྱུར།། འགྲོ་དོན་ཐབས་མཁས་སྒྱུ་དང་ལྡན། ། ཡང་དང་ཐབས་ཀྱིས་མནན་ནས་འདྲེན།། གདུག་པ་འདུལ་ལ་ཐབས་མངའ་མཁྱེན།། གཞན་པའི་གདོང་འཕྲེང་མཆོག་མངའ་བ།། དེ་ལ་སོགས་པའི་མ་ཚོགས་དང།། གདུག་པའི་འདུལ་པའི་སྤྲུལ་སྐུའི་ཚོགས། ། ཕྱོགས་བཅུ་མ་ལུས་གང་བར་སྣང།། ཞེས་བརྗོད་པས། ཀུན་རྫོགས་ལྷའི་དཀྱིལ་འཁོར་ལ་འཁོར་རྣམས་ཤིན་ཏུ་ངོ་མཚར་བར་གྱུར་ཏེ།། ཀུན་ཀྱང་སྒྱུ་མའི་དོན་ལ་ཡིད་ཆེས་པར་གྱུར་པ་ལས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས། དོན་ཕྱིན་ཅི་མ་ལོག་པའི་ངང་ལས་རྣམ་པར་དག་པའི་སྒྲ་འདི་སྐད་ཅེས་ཕྱུང་ངོ།། ཆོད་རྣམས་སེམས་ཀྱི་འཁྲུལ་པ་སྟེ།། སེམས་ལས་མ་གཏོགས་ཆོས་རྣམས་མེད།། འཁྲུལ་པ་བཟློག་ཕྱིར་ཆོས་བསྟན་པ། ། དེ་ཡི་སྒྱུ་འཕྲུལ་འཁྲུལ་ལ་སྣང།། འཁྲུལ་དང་འཁྲུལ་སྣང་ཆོས་རྣམས་ཀུན།། རང་གི་སེམས་ཡིན་སེམས་ཉིད་སྣང།། སེམས་ཀྱི་རང་བཞིན་དངོས་མ་གྲུབ།། སྔ་ཕྱི་བསྲེས་ན་རང་བཞིན་མེད། ། གདོད་ནས་མ་སྐྱེས་རྣམ་པར་དག། ཡི་གེ་སྒྲ་དང་ཐ་སྙད་བྲལ།། སྟོང་ཉིད་སྟོང་པའི་ཡུལ་ལས་འདས།། དེ་ཕྱིར་སེམས་ཉིད་རྩ་བ་སྟེ།། རྩ་བ་དེ་ཉིད་དེ་ལྟར་སྣང།། སེམས་ཉིད་སྟོང་པའི་དབྱིངས་ཉིད་ལས། ། གནས་དང་སྟོན་འཁོར་ག་ལ་ཡོད།། ཏིང་འཛིན་ཡི་གེ་ཕྱག་མཚན་དང།། རྫོགས་དང་བཞུགས་ཐབས་ལ་སོགས་དང།། ཐབས་དང་རིམ་པ་བགྲང་དུ་མེད།། སྟོང་ཉིད་སྙིང་རྗེའི་སེམས་བསྐྱེད་མེད།། གཟུགས་བསྙན་མེད་ཏིང་འཛིན་མེད། ། བསམ་དང་སྔགས་དང་ཕྱག་རྒྱ་མེད།། ཐུགས་རྗེ་འདུལ་བའི་ཞིང་རྣམས་དང།། མ་རུངས་བ་དག་གདུལ་དུ་མེད།། དེ་བཞིན་དྲག་པོའི་དཀྱིལ་འཁོར་དང།། བྱ་མེད་སྡོམ་པ་ཀུན་ལས་འདས། ། བློ་ཆུང་དྲང་མེད་ཐ་སྙད་ཡིན།། འཁྲུལ་པ་བཟློག་ཕྱིར་རྒྱལ་བས་ཀྱང།། ཀུན་རྫོབ་ཙམ་དུ་བསྟན་པར་ཟད།། དེ་བས་གང་ཟག་དམ་པ་རྣམས།། དེ་ལ་འཇུག་པར་ག་ལ་རུང།། སེམས་ལས་འདས་པའི་ཆོས་ཉིད་དེ། ། ཚིག་དང་ཡི་གེ་ཐ་སྙད་བྲལ།། དཔེ་དང་ཚད་མ་ལ་སོགས་པས།། རྟོགས་པར་ནུས་པ་ག་ལ་ཡིན།། ཞེས་བརྗོད་པས། འདུལ་བའི་འཁོར་རྣམས་གཉིས་སུ་མེད་པའི་དོན་ལ་སེམས་རྣལ་དུ་ཕེབས་ཏེ་ཅང་མི་སྨྲ་བར་གྱུར་རོ། ། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། བྱང་ཆུབ་ཀྱི་སེམས་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་མཆོད་པའི་རྒྱས་པ་དེ་ཁོ་ན་ཉིད་ཀྱིས་མཆོད་ནས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་དཔའ་བོ་ཐུགས་རྗེ་ཅན།། ལས་དང་དངོས་གྲུབ་ཐམས་ཅད་ནི།། སློབ་དཔོན་བྱེད་དང་རྗེས་འབྲེལ་བས།། དེ་ཡི་མཚན་ཉིད་ཇི་ལྟར་ལགས། ། ཞེས་གསོལ་པས།། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། བདག་གཞན་རིམ་པ་ཐམས་ཅད་དང།། ལས་ཀུན་ཡོངས་སུ་རྫོགས་པ་དང།། སྔོན་དུ་བླ་མ་བརྟགས་ཕ་གཅེས། ། དེ་ཡི་རིམ་པ་འདི་ལྟ་སྟེ།། ཕྱི་དང་ནང་དང་གསང་བ་ཡི།། རིམ་པ་ཇི་ལྟར་ཤེས་བྱ་དགོས།། ཉོན་མོངས་ལྔ་ཡི་ན་གསོ་ཞིང།། ཡེ་ཤེས་ལྔ་ནི་རྟོགས་བྱ་ན།། དམ་པའི་མཚན་ཉིད་རྣམ་པ་ལྔ།། བློ་ཡངས་རྒྱུད་ལ་གོམས་པ་དང། ། ཏིང་འཛིན་ལས་སུ་རུང་བ་དང།། སེམས་ཀྱི་རྣམ་རྟོག་ཆོམས་པ་དང།། ཕྱི་ནང་སྡེ་སྣོད་ཐམས་ཅད་ལ།། སོམ་ཉི་མེད་ཅིང་ཐེ་ཚོམ་མེད།། སྲན་ཐོབ་མི་ལྡོག་དད་པ་ཆེ།། གསང་བ་སྦས་པའི་ཐབས་མཆོག་རྣམས། ། སྣོད་ངན་རྣམས་ལ་མི་སྤེལ་དང། གསང་བའི་དབང་མཆོག་ཐོབ་པ་ནི།། རྡོ་རྗེ་འཛིན་པའི་བླ་མར་གསུངས།། ཡན་ལག་རྣམས་ནི་མ་ཉམས་ཤིང།། མདོག་དང་གཟུགས་དང་སྟོབས་དང་ལྡན། ། འཁོར་ལོ་སགཡུར་བའི་མཚན་དང་ལྡན།། ལུས་ལ་དྲི་ཞིམ་ངད་ལྡན་པ།། སངས་རྒྱས་འཁོར་ལོ་ཅན་གྱི་ཡིན།། ཤེས་པ་ཆེ་ཞིང་ཡོན་ཏན་ལྡན།། བཟོ་དང་རིག་པའི་གནས་ལ་མཁས།། ཡོན་ཏན་སྒྲོ་ཡངས་སྤྱོད་ལམ་དག། རྡོ་རྗེ་སྤུན་ལ་གདུང་བ་ནི།། རིན་ཆེན་འཛིན་གྱི་བླ་མར་གསུངས།། རྟག་ཏུ་ཟློས་ལ་བརྩོན་པ་དང།། ངག་འཇམ་མགྲིན་པ་བདེ་བ་དང།། གླུ་དབྱངས་མཁས་ཤིང་བདེན་པར་སྨྲ།། ཆོས་འཆད་པ་ལ་རྟག་ཏུ་དགའ། ། ཚིག་འབྲུ་གསལ་ཞིང་ཁ་དོག་དམར།། པདྨ་ཅན་གྱི་བླ་མར་གསུངས།། བྱ་བའི་ལས་ལ་མ་རྨོངས་ཤིང།། ལས་ཐམས་ཅད་ལ་དབང་ཡང་ཐོབ།། བརྩོན་འགྲུས་ལྡན་ཞིང་དབང་པོ་གསལ།། ལས་ཀྱི་ལྷག་ཆད་སྐོང་བ་ནི། ། སྣ་ཚོགས་ལས་ཀྱི་བླ་མ་ཡིན།། ཡོན་ཏན་ཐམས་ཅད་ལྡན་པ་དང།། ཆོས་རྣམས་ཀུན་ལ་མ་རྨོངས་པ།། དཀྱིལ་འཁོར་སྤྱི་ཡི་བླ་མ་ཡིན།། སྐྱོན་དགུ་རྣམས་པར་སྤངས་པ་ཡིན།། ཡོན་ཏན་དགུ་དང་ལྡན་པ་ནི། ། བསྒྲུབ་པ་ནང་གི་བླ་མར་གསུངས།། དེ་དག་སོ་སོའི་མཚན་ཉིད་ནི།། མཉམ་ཉིད་ངང་ལ་གནས་བཅས་ན།། དོན་དུ་མི་འགྱུར་གང་ཡང་མེད།། ཐམས་ཅད་ངོ་བོ་སེམས་ཉིད་པས།། འདི་ལ་བླང་དང་དོར་བ་མེད། ། ཕྱི་ནང་སྣོད་བཅུད་སེམས་ཉིད་པས།། ཇི་ལྟར་གནས་པ་དེ་ལྟར་བདེ།། མ་ནོར་དོན་ལ་གནས་པས་ནི།། རིག་པའི་བརྟུལ་ཞུགས་སྤྱད་པར་བྱའོ།། གཞན་གྱི་ཞན་པ་དགག་པ་ལ།། སྨྱོན་པ་ལྟ་བུའི་སྤྱོད་པ་བྱ། ། མི་གཙང་རྟོག་པ་གཞོམ་པའི་ཕྱིར།། ཁྱི་དང་ཕག་པའི་སྤྱོད་པ་བྱ།། རྒྱུད་ལྡན་སྣོད་དང་ལྡན་པ་ལ།། མ་ནོར་ཆོས་ཉིད་སྤྱོད་པ་བྱ།། གཞན་ཡང་ཐབས་ཆེན་བསམ་ཡས་པས།། ཇི་ལྟར་འཚམ་པའི་སྤྱོད་པ་བྱ། ། ཕུང་པོ་ཁམས་དང་སྐྱེ་མཆེད་དང།། ཡུལ་དང་དབང་པོ་རྣམ་པར་ཤེས།། ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཆེ།། ཕྱི་ནང་གཉིས་ཀ་རྣམ་པར་དག། བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་རྫོགས།། ནུས་དང་ཕན་པའི་དབང་ཐེབ་ཅིང། ། བསྒྲུབ་པའི་ལས་དབང་མ་ལུས་དང།། གང་གི་དགོངས་པ་ཡོངས་རྫོགས་ཤིག། ཟབ་མོའི་དབང་རྣམས་ཐོབ་པ་ཡིས།། ལས་སུ་བྱ་བ་ཆུད་མི་ཟ།། འཕྲིན་ལས་རྩལ་གྱི་བྱེ་བྲག་ཀྱང། ། བསྒྲུབ་པ་སོ་སོའི་ལས་རིམ་དང།། བདག་གཞ་ཕན་གནོད་བྱེ་བྲག་གིས།། ལས་རྣམས་གང་དང་གང་འོས་བྱས། བློ་ཡི་རིམ་པས་རྣམ་ཕྱེ་ནས།། རིམ་གྱིས་འཇུག་དང་གཅིག་ཅར་འཇུག། བདག་གཞན་ལས་རྣམས་གང་ལ་ཡང། ། གཉིས་མེད་རྟོགས་པ་རབ་ཏུ་གཅེས།། མཉན་བསམ་བསྒོམོ་པའི་ཤེས་རབ་ཀྱིས།། སྣོད་ངན་རྣམས་ཀྱི་སྐྱོན་བསམ་ནས།། ཤེས་དང་བརྟན་དང་གོམས་པར་བྱ།། ཏིང་འཛིན་བརྟན་པའི་བློ་ཅན་གྱིས། ། བླང་དོར་མེད་པས་དོན་བསྒྲུབས་ན།། ཕྱི་ནང་དངོས་གྲུབ་ཐམས་ཅད་ཀྱང།། གང་ལ་དམིགས་པ་འགྲུབ་ཅེས་བཤད།། གཞི་རྟེན་མེད་པར་གྱུར་པས་ན།། ཀུན་གྱི་བླར་ནི་དམ་ཚིག་བསྲུངས།། ཐོག་མ་ནས་མཐར་འདིས་འབྱིན་པས། ། ལྷག་པའི་དམ་ཚིག་གཙོར་བླང་གཅེས།། གཞན་ཡང་དོན་དང་མི་ལྡན་པའི།། གང་ཟག་ཀུན་གྱིས་བྱ་བ་མིན།། ཐོས་པ་ཆུང་དང་མན་ངག་མེད།། འཛིན་རྟོག་ཆེ་དང་བློ་སྡར་བས།། ལས་འདི་བརྩམས་ཀྱང་མི་འགྲུབ་སྟེ། ། རྟོག་པའི་ནད་ཀྱིས་རང་ལ་འཇུ།། དམ་ཚིག་ཉམས་དང་བཀའ་ཆལ་དང།། བསྡིགས་པ་ཙམ་དང་བཅངས་པ་ཡིས།། འགྲུབ་པར་རེ་ལས་མི་འགྲུབ་སྟེ།། རང་གི་འབྲས་བུ་རླག་པར་བྱེད། ། ཆོས་ཉིད་བློ་ལ་མ་ཞུགས་ཤིང།། ལྟ་བ་ཆུང་བས་འཁུ་འཁྲིག་ཟོས།། བཀའ་རྟགས་ཕྱག་རྒྱ་མ་བྱིན་ཤིང།། དབང་བསྐུར་གནང་བ་མ་ཐོབ་པས།། ལས་འདི་བརྩམས་ཀྱང་མི་འགྲུབ་སྟེ།། ཆེ་དང་སྲོག་གི་བར་ཆད་འོང། ། ཉམས་དང་སྡིག་ལ་མི་འཛེམ་དང།། སྙིང་རྗེ་ལམ་དང་བྲལ་བ་ཡིས།། བརྩམས་ཀྱང་འབྲས་བུ་ཐོབ་མི་འགྱུར།། དེ་ཕྱིར་མཁས་ཉམས་ལྡན་པ་ཡིས།། ནང་གི་ལས་རྣམས་བརྩམ་པར་བྱ།། འཇིགས་བྱེད་གསང་བའི་སློབ་དཔོན་ནི། ། གསང་བའི་ཆོས་ལ་གོམས་པ་དང།། སྦས་པའི་བརྡ་དང་ཐབས་ལ་མཁས།། ཕྱི་ནང་རླུང་ཁར་གསེར་ལྟར་ལྕི།། བརྩོན་འགྲུས་ཆེ་ཞིང་ཤེས་རབ་མྱུར།། གཙང་བཙོག་ཆུང་ཞིང་ལས་ལ་མཁས། ། དབང་རྣམས་རྫོགས་ཤིང་ཐོས་པ་ཆེ།། དེ་ལས་བཟློག་པའི་སྐྱོན་སྤོངས་ལ།། གསང་བ་དམ་པའི་བླ་མར་གསུངས།། བླ་མ་ལུང་ལྡན་དེས་ཀྱང་ནི།། སློབ་བུའི་མཚན་ཉིད་བརྟག་པ་གཅེས། ། དད་པས་མི་ལྡོག་དམ་ཚིག་གནས།། རྐྱེན་ཐུབ་ཡིད་ནི་སྦྱངས་པ་དང།། མན་ངག་ལུང་བསྟན་བླ་མ་འཁུར།། རྡོ་རྗེ་འཛིན་པས་བསྒྲུབ་པའི་འཁོར།། བླ་མ་སྤུན་ལ་རིམ་གྲོ་ཆེ།། ལུས་མཛེས་མཚན་དང་དཔེ་བྱད་ལྡན། ། ཡན་ལག་ཐམས་ཅད་ཤིན་ཏུ་མཁས།། འཁོར་ལོ་ཅན་གྱི་འཁོར་ཡིན་ནོ།། ནོར་བུ་རིན་ཆེན་དག་ལ་དགའ།། བླ་མ་ལ་ཡང་འབུལ་བྱེད་ཅིང།། སྤྱོད་ལམ་ཤིན་ཏུ་མཛེས་པ་ནི།། རིན་ཆེན་འཛིན་པའི་འཁོར་ཡིན་ནོ། ། རྫུན་དང་ཕྲ་མ་ཀུན་སྤངས་ཤིང།། གླུ་དབྱངས་དག་ལ་དགའ་བ་དང།། ངག་སྦྱངས་ཚིག་རྩུབ་སྤངས་པ་ནི།། པདྨ་འཛིན་པའི་འཁོར་ཡིན་ནོ།། དཔའ་རྩལ་ཆེ་ལ་མཁས་ཤིང་གསལ།། ལས་ལ་བརྩོན་ཞིང་ཆོས་ལ་མཁས། ། བླ་མའི་དགོངས་པ་སྐྱོང་བྱེད་པ།། སྣ་ཚོགས་ལས་ཀྱི་འཁོར་ཡིན་ནོ།། ཡོན་ཏན་ཐམས་ཅད་ལྡན་པའམ།། ཀུན་གྱིས་ཁུར་ཞིང་སྤྱོད་ལམ་མཛེས།། སྤྱི་ཡི་དཀྱིལ་འཁོར་དག་ལ་ཤིས།། རྐྱེན་ཐུབ་མི་ལྡོག་དམ་ལ་གནས། ། སྣོད་ལྡན་ངང་ཚུལ་རིང་བ་དང།། དེས་ཤིང་འཇམ་ལ་སྙན་པར་སྨྲ།། འཕྲལ་མཛངས་འགྲོགས་ཀྱང་སྐྱོ་དུབ་མེད།། སྤྱོད་པ་ཟབ་མོས་མི་སྐྲག་ཅིང།། རིགས་བཙུན་རྒྱུད་བཟང་བསྒྲུབ་པའི་གཡོགས། ། མི་ཕྱེད་བདུན་དང་ལྡན་པ་ནི།། བསྒྲུབ་པ་ནང་གི་གཡོག་ཡིན་ནོ།། སློབ་མ་དཔའ་བརྟུལ་གཙང་སྦྲ་ཅན།། སྦྱོར་སྒྲོལ་ལས་ལ་ཐོགས་པ་མེད།། ངང་ཚུལ་བཟང་ལ་དོན་གཞུང་སྤྱོད།། རྣམ་རྟོག་ཆུང་ཞིང་ཤེས་རབ་ཆེ། ། རྒྱུད་ལ་བློ་ཞེན་བསྒྲུབ་ལ་བརྩོན།། གསང་བ་དྲག་པོའི་འཁོར་ཡིན་ནོ།། དེ་དང་མི་ལྡན་གང་ཟག་ནི།། དད་པ་ཆུང་དང་ཐེག་པ་དམན། སློབ་དཔོན་མེད་དང་དཔེ་རྟེན་དང།། ཁུ་འཁྲིག་ཚེ་དང་ཚོར་རྐྱེན་དང། ། སྐྱོ་རྐྱེན་སྤུན་རྐྱེན་གསུམ་ལུས་ཀྱིས།། ལས་རྣམས་བརྩམས་ཀྱང་མི་འགྲུབ་སྟེ།། ཉེན་དང་ཡ་ཀ་དག་དང་བཅས།། ཀུན་གྱིས་སྐུར་བའི་གནས་སུ་འགྱུར།། ཞེས་སོགས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ཕྱི་ནང་གསང་བའི་བླ་མ་དང་སློབ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ཁྲག་འཐུང་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། གང་ཟག་དང་པོའི་ལམ་པ་ཡིས།། འདི་ཡི་ས་མཚམས་ཉེས་དམིགས་དང།། དམ་ཚིག་ཇི་ལྟར་བསྲུང་བར་བགྱི།། བདེ་བར་གཤེགས་པས་བཤད་དུ་གསོལ།། ཞེས་གསོལ་བ་བཏབ་པས། བཅོམ་ལྡན་དས་གསང་བ་མཆོག་གི་བདག་པོས། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞུང་འདི་བསྒྲུབ་པའི་རྣལ་འབྱོར་པས།། དམ་ཚིག་མེད་ན་མི་འགྲུབ་པས།། དེ་བས་དམ་ཚིག་ཤིན་ཏུ་གཅེས། ། འདི་ནི་རྣམ་དག་ལེགས་པའི་ལམ།། བྱང་ཆུབ་མཆོག་ཏུ་འགྲོ་བའི་གནས།། བདེ་མཆོག་མི་ཟད་རིན་ཆེན་གཏེར།། དམ་ཚིག་འདི་ནི་མཆོག་ཏུ་གསུངས།། ཡོན་ཏན་མཆོག་གི་འདོད་པ་ནི། ། སྣང་སྲིད་མ་ལུས་ཐམས་ཅད་ཀུན།། མཉམ་པའི་ཞིང་དུ་སྦྱོར་བས་ན།། ཆགས་པ་མེད་པའི་ཚུལ་དུ་སྤྱོད།། གསེར་ལས་བྱས་པའི་རྫས་བཞིན་དུ།། བྱ་བ་བྱེད་ཀྱང་གཡོས་པ་མེད།། འདི་ལ་རྟག་ཏུ་སུ་གནས་པ། ། རྣལ་འབྱོར་དཀའ་ཐུབ་ཆེན་པོ་གནས།། འདི་མེད་དལ་བ་དོན་མེད་པས།། བསྒྲུབས་ཀྱང་འབྲས་བུ་མེད་པར་འགྱུར།། སློབ་དཔོན་རིམ་པ་གསུམ་ཉིད་ལ།། ཕ་མ་མིག་གི་འབྲས་བུ་ལྟར།། རབ་ཏུ་གཅེས་ཤིང་བལྟ་བར་བྱ། ། ཡོན་ཏན་རིན་ཆེན་ཏེར་ཆེན་པོ།། ཐམས་ཅད་མ་ལུས་སྟོན་པ་སྟེ།། ཉོན་མོངས་མ་ལུས་རྩད་གཅོད་ཅིང།། བླ་མེད་འབྲས་བུ་ཐོབ་བྱེད་པས།། རྡོ་རྗེ་སློབ་དཔོན་རྟག་ཏུ་བཀུར།། དགོས་པའི་ཡོ་བྱད་འབྱོར་ཚོགས་དབུལ། ། དེ་ཡིས་དགོས་པ་ཅི་དང་ཅི།། བླ་མ་དམ་པ་དེ་ལ་དབུལ།། གླང་པོ་རྟ་དང་མ་ཧེ་དང།། དགོས་པའི་ཆུང་མ་བུ་སྨད་རྣམས།། རིན་ཆེན་རྒྱན་གྱིས་བརྒྱན་བྱས་ལ།། གཅེས་པའི་ནོར་རྣམས་དེ་ལ་དབུལ། ། རབ་ཏུ་མིག་བཞིན་བལྟ་བར་བྱ།། དེ་ཡིས་བསྒོ་བ་བྲན་བཞིན་ཉན།། མལ་གོས་ཆགས་སོགས་འགོམ་མི་བྱ།། གྲིབ་མ་འགོམ་པར་མི་བྱ་ཞིང།། ངན་པའི་སྤྱོད་དང་ངན་སྨྲ་དང།། ངན་པའི་སེམས་ནི་ནམ་ཡང་སྤངས། ། བླ་མའི་འཁོར་དང་ཆགས་འབྲེལ་ཡང།། རབ་ཏུ་མིག་བཞིན་བལྟ་བར་བྱ།། རྡོ་རྗེ་སྤུན་ལ་གདུང་བ་བསྐྱེད།། གཅིག་ལ་གཅིག་ནི་མིག་བཞིན་བལྟ།། དེ་ལ་ཉེས་པ་མི་བརྗོད་ཅིང།། ཁ་ན་མ་མཐོ་ཐམས་ཅད་བསྲུངས། ། དགོས་པའི་ནོར་ཡང་ཅི་དགར་སྤྱད།། མདོ་དོན་དགོངས་པ་གཅིག་ཏུ་བསྒྲུབ།། སྲོག་ལ་བབ་ཀྱང་ཆང་ལེན་ལ།། རྡོ་རྗེ་སྐུ་ཡི་དམ་ཚིག་ཡིན།། ཇི་ལྟར་བླ་མས་གཏད་པ་ཡི།། སྐུ་མཆོག་གསལ་བར་བསྒོམས་པ་དང། ། ལྷ་ཡི་དེ་ཉིད་མཚོན་བྱེད་པ།། ཕྱག་རྒྱ་ཆེན་པོ་མཚོན་བྱེད་པ།། ཕྱག་རྒྱ་ཆེན་པོ་རྟག་ཏུ་བཅའ།། སྔགས་ནི་རྟག་ཏུ་བཟླས་པའམ།། ཉིན་ཡང་ལན་གསུམ་མཚན་ཡང་གསུམ།། མཁས་བླངས་དམ་དུ་བཅས་ཏེ་གདོན། ། རྡོ་རྗེ་གསུང་གི་དམ་ཚིག་ཡིན།། སྤྱི་གསང་དམིགས་བཅས་རྣམ་གཉིས་དང།། བར་གསང་དཀྱིལ་འཁོར་རྣམ་པ་བཞི།། གསང་འོས་རྫས་ཀྱི་བྱེ་བྲག་རྣམས།། གསང་གཉེར་ཟབ་མོའི་སྦྱོར་སྒྲོལ་ལགས། ། རྡོ་རྗེ་ལྕི་ཡི་ཚུལ་ཡོད་ཀྱང།། ཐེག་པ་དམན་དང་མ་འདྲེས་དང།། ཐོ་ཅོ་རང་ཤེས་ར་ཆོད་དང།། སྐྱེ་བོ་ཕལ་ལ་སྨྲ་མི་བྱ།། བསྒྲུབ་པ་གསང་བའི་ཐབས་མཆོག་དང།། ཡིད་ཆེས་རྟགས་དང་དངོས་གྲུབ་དང། ། དེ་ཡིས་རྫས་དང་ལག་ཆ་དང།། མེད་དུ་མི་རུང་རྫས་རྣམས་ནི།། རབ་ཏུ་གསང་ཞིང་སྦ་བར་བྱ།། རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཡིན།། རྩ་བའི་དམ་ཚིག་གསུམ་པོ་ནི།། ཉམས་འགྱུར་ཉེས་པ་བརྗོད་མི་ལང།། དེ་བས་ནན་ཏན་མཆོག་ཏུ་བྱ། ། ཁམས་གསུམ་འཁོར་བ་ཅན་དག་བསྒྲལ་བར་བྱ།། གཞན་གྱིས་མི་རྟོག་རྫུན་དུ་སྨྲ་བར་བྱ།། དཀོན་མཆོག་མཆོད་ཕྱིར་མ་བྱིན་བླང་བར་བྱང།། རྟོག་མེད་གཞན་གྱི་བུ་མོ་སྤྱད་པར་བྱ། ། འབྱུང་པོ་ཞེ་གཅད་རྔམ་པའི་བརླར་ཚིག་སྨྲ།། འདི་རྣམས་ཁྲག་འཐུང་རྒྱལ་པོའི་མཛད་སྤྱོད་དེ།། སྤྱད་པར་བྱ་བའི་དམ་ཚིག་ལྔ་རྣམས་བསྲུང།། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང།། ཕྲ་གདོག་བདེ་གཤེགས་སྐུ་སྟེ་སྤང་མི་བྱ། ། ཁྲག་འཐུང་ལྔ་དང་ཡེ་ཤེས་ལྔ་ཡིན་པས།། མི་སྤང་དམ་ཚིག་འདི་དག་མཆོག་ཏུ་བསྲུངས།། དཀར་བརྩི་དམར་རྩི་དྲི་ཆེན་ཤ་ཆེན་དང།། དྲི་ཆུ་མཆོད་པའི་རྫས་ཏེ་དང་དུ་བླང། ། དག་པའི་རང་བཞིན་བདུད་རྩི་ལྔ་ཡི་དངོས།། ཟས་མཆོག་བཟའ་ཞིང་མཆོད་པ་དབུལ་བ་དང།། ནད་ལྔ་བསལ་དང་བཅུད་ལྔ་བཏུང་བ་དང།། ཐུན་མོང་དགོས་པ་བསྒྲུབ་ཕྱིར་དང་དུ་བླང།། ཕུང་པོ་འབྱུང་བ་རྣམ་ཤེས་དབང་པོ་དང། ། ཕྱོགས་དང་ཁ་དོག་ཡན་ལག་ཉོན་མོངས་སོགས།། རིགས་ལྔ་ཡེ་ཤེས་ལྔ་རུ་ཤེས་པར་བྱ།། ཕྱི་ནང་སྣང་སྲིད་སྣོད་བཅུད་འཁོར་བའི་ཆོས།། རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ལས། ། རིགས་ཀྱི་ཁྱད་པར་ཡེ་ཤེས་ལྔ་ཉིད་དུ།། རྒྱས་བཏབ་སངས་རྒྱས་ཞིང་དུ་ཤེས་པར་བྱ།། འབྲས་བུ་ཡང་དག་ངེས་གདོན་མི་ཟའོ།། གལ་ཏེ་ཉམས་པར་གྱུར་ན་ནི།། དེ་ལས་བསྐང་བར་བྱ་བའི་ཐབས།། རྩ་བའི་དམ་ཚིག་གསུམ་ཉམས་ན། ། རང་གི་དམ་པ་སྤྱན་དྲངས་ལ།། ཕྱི་ནང་གསང་བའི་དབང་ནོས་ཏེ།། འབྱོར་པ་ཅི་ཡོད་དེ་ལ་དབུལ།། ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར།། ཅི་འབྱོར་མཆོད་པ་ཕུལ་བྱས་ནས།། དེ་ཡིས་སྐོངས་པར་འགྱུར་ཞེས་བཤད། ། ཡན་ལག་ཉམས་ན་ཚོགས་མཆོད་བྱ།། ཉམས་པ་དག་དང་འགྲོགས་མི་བྱ།། ཉིན་མཚན་ནུབ་རེར་དམ་བཅས་ལ།། རང་གི་སྤྱི་བོར་ཟླ་སྟེངས་སུ།། འཁོར་ལོའི་ལྷ་ཚོགས་གསལ་བལྟས་ལ། ། ཕྱི་ནང་གསང་གསུམ་མཆོད་པ་དབུལ།། གཙོ་བོར་ཐུགས་ཀའི་ས་བོན་ལས།། ཕྱི་ནང་ལྷ་མོ་གསལ་འཐོན་ཏེ།། བདུད་རྩི་དག་པའི་ཆུ་རྒྱུན་གྱིས།། བདག་གི་སྤྱི་གཙུག་དག་ནས་བསྐུར།། ལུས་ངག་ཡིད་གསུམ་དག་བྱས་ཏེ། ། གཟུང་འཛིན་རྣམ་རྟོག་བསྲེགས་བསམ་ནས།། འདི་ནི་བསྐང་བའི་དམ་པ་ཡིན།། གཞན་ཡང་བསྲུང་བའི་བའི་རིམ་པ་ནི།། རྡོ་རྗེ་དཔོན་བཀའ་ཉན་ཞིང།། མན་ངག་སྟོན་པར་ཁུར་བྱེད་དང། ། མཆེད་དང་ལྕམ་དྲལ་སྤུན་ལྟར་བརྩེ།། བསྟན་པའི་དོན་བཞི་གཞུང་ཀློག་ན།། འདི་ཡང་བསྲུང་བའི་རིམ་པ་ཡིན།། བསྒྲལ་བའི་ཞིང་བཅུར་གྱུར་པ་ལ།། དཔྱང་ཐག་ཆད་པས་སྒྲོལ་བས་ན།། འདི་ཡང་བསྲུང་བའི་རིམ་པ་ཡིན། ། ཉིན་མཚན་དུས་མེད་སྔགས་ཏིང་འཛིན།། ཕྱག་རྒྱ་མི་སྤོང་བསྲུང་བ་ཡིན།། གསང་ཐུབ་མན་ངག་འཚོ་མཁས་དང།། ཡུན་དུ་བསྟན་དང་ངེས་ཆེ་བ།། བསྲུང་རིམ་མཆོག་ཏུ་གྱུར་པ་ཡིན།། ཤེས་རབ་རྣམ་གསུམ་དངོས་སུ་འཛིན། ། འདུ་འཛི་མི་འཕྲོགས་བསྒྲུབ་ལ་བརྩོན།། གབ་བའི་གསང་བ་གཏིང་འབྱིན་ཅིང།། སྦས་པའི་གསང་བ་གཞུང་ཐུབ་ན།། འདི་ཡང་བསྲུང་པའི་རིམ་པ་ཡིན།། སློབ་དཔོན་མཉེས་པའི་ཡོན་ཕུལ་ནས། ། དབང་རྣམས་རིམ་པར་ནོད་བྱེད་པ།། འདི་ཡང་བསྲུང་བའི་རིམ་པ་ཡིན།། མཆོད་པ་རྒྱུན་མི་འཆད་པར་དབུལ།། ལས་ཀྱི་ཕྱག་རྒྱ་གཞུང་སྲོང་ན།། འདི་ཀུང་བསྲུང་པའི་རིམ་པ་ཡིན། ། སྤྱིར་ན་དམ་ཚིག་བསམ་ཡས་ཀྱང།། བསྙེན་པའི་དམ་ཚིག་རྟོགས་པ་གཅེས།། བསྲུང་བའི་དམ་ཚིག་བསྲུང་བར་བྱ།། ལྷག་པའི་དམ་ཚིག་གནས་བྱས་ནས།། ཐུན་མོང་ཁྱད་པར་མཆོག་རྣམས་འགྲུབ། ། དེ་ཕྱིར་སོ་མཚམས་མཁས་བཞིན་བསྲུང།། སོ་སོའི་ཐེག་པ་བསམ་ཡས་པ།། སོ་སོར་ཉམས་པ་མེད་པ་བདེ།། འཇིག་རྟེན་པ་ལ་ཆད་མདོ་བཙན།། དགེ་བ་སྤྱོད་ལ་མི་དགེ་སྤང།། འདུལ་བ་འཛིན་པ་བསྲུངས་ན་བདེ། ། བྱང་ཆུབ་ས་ལ་གནས་པ་རྣམས།། ཉམས་པ་མེད་པའི་ལས་ཀྱང་བྱ།། གཙང་སྦྲ་ཡོད་ལ་གཙང་སྦྲ་བྱ།། གསང་སྔགས་སྤྱོད་ལ་ཉིད་ཀྱིས་འགྲུབ།། སྤྱིར་ན་ཐེག་པའི་གཞུང་བསྲུངས་ན།། འོག་མའི་འདུལ་སྡོམ་དམ་ཚིག་གསུམ། ། བསྲུངས་བ་མེད་པར་ཐུབ་པས་ན།། དགེ་སློང་བྱང་ཆུབ་སེམས་དཔའ་དང།། རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན།། འདི་དག་ཉམས་པའི་སྐྱོན་རྣམས་ནི།། འདིར་ཡང་ཉེས་པ་སྣ་བཅུ་ཡོང། ། ཆོས་ལ་བྱིན་བརླབས་མི་འབྱུང་ཞིང།། ཅི་བསམ་ལས་ལ་འབྲས་བུ་མེད།། ཡ་ཁ་མ་ཉེས་ཁ་ཡོགས་འབྱུང།། ཀུན་གྱིས་སྐུར་བའི་གནས་སུ་འགྱུར།། མཛེ་དང་ནད་ངན་སྣ་ཚོགས་འོང།། ཕྱིས་ཀྱང་ནག་རག་དམྱལ་བར་སྐྱེ། ། དེ་ལ་སྡུག་བསྔལ་བཟོད་གླགས་མེད།། དེ་ནས་བསྐལ་པར་ཐར་མི་སྲིད།། སྟེང་ནས་ཐོབ་ཐོགས་པས་བརྡུང།། ལོགས་ནས་སྟ་རེ་ཐོགས་པས་གཅོད།། ཞབས་ནས་མཚོན་དང་རལ་གྲིས་འཐུབ། ། དམ་ཅན་ཚོགས་ཀྱིས་སྙིང་ཁྲག་ལེན།། མགོ་བརྙན་ཚོགས་ཀྱི་ཤ་རུས་འབྲེལ།། ཁྲོ་བོ་ཕ་བཅུ་མ་བཅུ་ཡང།། དམ་ཚིག་ཉམས་པའི་བདུད་དུ་འབབ།། རྡོ་རྗེ་གཞོན་ནུ་གཤེད་དུ་འབབ།། འཆི་འཕོ་དམྱལ་བའི་གནས་སུ་འཚེད། ། དེ་བས་ནན་ཏན་བསྐྱེད་ཅེས་གསུངས།། གཞན་ཡང་སེམས་ཅན་དོན་བྱ་བ།། འདི་ཡང་བསྲུང་བའི་རིམ་པ་ཡིན།། མ་ནོར་གཞན་ལ་ཕན་གདགས་ཕྱིར།། རིམ་པ་བཅུ་གསུམ་བསྲུང་བར་བྱ།། མི་དབང་ཤ་ཕྱེ་སྐམས་པ་དང། ། སྤང་རྒྱན་འུག་པའི་ཤ་ཁྲག་དང།། འབྲས་བུ་གསུམ་དང་བ་ལི་ཀ། ལྕེ་པོག་དང་ནི་དུ་ར་ཀ། རྒྱ་སྤོས་ཨ་ཀ་རུ་དག་དང།། ཙན་དན་དཀར་དམར་པདྨ་དང།། ལུག་མིག་གྲིབ་མར་སྐམས་པ་དང། ། གླིང་བཞི་པ་ཡི་བནྡྷ་རུ།། བླུགས་ཏེ་བཟླས་པ་ཁྲི་ཕྲག་གཉིས།། གྲངས་ཚད་ཕྱེ་མར་བཏགས་ནས་ནི།། བདུད་རྩི་ལྔ་དང་རབ་སྤྲུས་ལ།། ལག་ཏེ་གྲུ་གསུམ་སྟེ་བཞག་ན།། བདེ་གཤེགས་ཏིང་འཛིན་འོད་ཀྱིས་བསྟིམ། ། སྔོ་གཅིག་མ་ཡི་ཞུན་དུ་གཏུམ།། བདེན་པ་བདར་ཏེ་མགུལ་དུ་གདགས།། མཁའ་འགྲོ་མ་དང་གདུག་པའི་ཚོགས།། རབ་ཏུ་ཁྲོས་ཀྱང་མི་ཚུགས་ན།། གདོན་རྣམས་གླགས་ལྟ་སྨོས་ཅི་དགོས། ། སྨན་གྱི་བསྲུང་བ་དང་པོའོ།། འབར་བའི་འཁོར་ལོ་རྩིབས་བཅུ་ནི།། དུར་ཁྲོད་དག་གི་རས་ལ་བྲི།། འདྲེ་འབྲོས་ཐང་ཆུ་ཚིལ་ཆེན་བླུག། སྔགས་ཀྱི་འཕྲེང་བས་དབང་བསྐུར་ལ།། ཁྲི་ཕྲག་བདུན་དུ་གསང་སྔགས་བཟླས། ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ།། ཐལ་བའི་ཐིག་ལེ་ཆེན་པོ་བྱ།། དབུས་སུ་འཁོར་ལོ་རབ་བཞག་ལ།། ཏིང་འཛིན་འོད་དང་བཅས་པས་བལྟ།། རབ་ཏུ་གཙིགས་ཤིང་ཞལ་གདངས་པས། ། ཐལ་མོ་ལན་གསུམ་བརྡབ་བྱས་ཏེ།། ཁྲོ་བོ་བཅུ་ཡི་སྟང་སྟབས་ཀྱིས།། ཕྱོགས་མཆམས་ཐམས་ཅད་བསྐོར་བར་བྱ།། འདིས་ནི་ལྷ་སྲིན་སྡེ་བརྒྱད་ཀྱང།། བརྒྱལ་བར་འགྱུར་ཏེ་མི་ཚུགས་ན།། བགེགས་ལ་སོགས་པ་སྨོས་ཅི་དགོས། ། འཁོར་ལོས་བསྲུང་བ་གཉིས་པའོ།། གཞན་ཡང་འཁོར་ལོས་བསྲུང་བ་ནི།། གདུག་པའི་འཁོར་ལོ་རྩིབས་བརྒྱད་པ།། དུར་ཁྲོད་རས་སམ་ཤིང་ཤུན་ལ།། ལྡོང་རོས་དུག་དང་གུ་གུལ་བསེ། ། དུར་ཁྲོད་སྨྱུག་གུས་འཁོར་ལོ་བྲི།། དྲག་པོ་སྔགས་ཀྱི་ཡི་གེ་རྣམས།། མཐའ་མ་སྭཱཧཱ་བཏགས་ཏེ་བྲི།། འཁོར་ལོ་དབུས་སུ་རབ་ཞག་ལ།། ལྷ་རྣམས་བསྐྱེད་ལ་ཡེ་ཤེས་ལྷ།། དགུག་དང་གཞུག་དང་བསྟིམ་པ་བྱ། ། མཆོད་པ་ཕུལ་ཏེ་ཁྲོས་པས་བརྟགས།། རྣལ་འབྱོར་ལག་ཏུ་རབ་བླངས་ལ།། ཨ་ལ་ལ་ཡི་སྒྲ་ཡང་བརྗོད།། ལྕགས་ཀྱུས་འཁོར་ལོ་བསྐོར་བྱས་ལ།། རྡོ་རྗེ་གསང་བའི་བཀའ་འདི་ལ།། སུ་ཡང་འདའ་བར་མ་བྱེད་ཅིག། གལ་ཏེ་བཀའ་ལས་འདས་གྱུར་ན།། གདོན་བགེགས་གནས་པ་སྨོས་ཅི་དགོས།། དེ་བརྗོད་ལག་གཡོན་དཔུང་རྩ་གདགས།། ཆོ་ག་ལེགས་པས་གོ་གོན་ལ།། འབྱུང་པོའི་གདོན་དང་མཁའ་འགྲོའི་ཚོགས། ། འཚེ་བ་རྣམས་ཀྱིས་མི་ཚུགས་སོ།། འཁོར་ལོས་བསྲུང་པ་གསུམ་པའོ།། ཚིལ་ཆེན་མེ་མར་དུད་པ་ལ།། པདྨའི་བནྡྷས་སྟེང་ནས་དགབ།། བདུད་རྩི་དང་སྦྱར་ཁུ་བ་ལ།། དུད་འགྲོ་རྐང་གི་སྨྱུ་གུ་ཡིས།། གསང་སྔགས་ཡི་གེ་འཕྲེང་བ་ནི། ། གྲོ་ག་ཤིང་ཤུན་དག་ལ་བྲི།། སོ་མ་བཏང་བའི་བུམ་པར་གཞག། འབྲུ་རྣམས་རེ་ལ་བརྒྱ་རྩ་བརྒྱད།། སྔགས་ཀྱི་བཟླས་པ་རབ་ཏུ་འབད།། བསྟོད་དང་འཕྲིན་ལས་བཅོལ་བ་དང།། བརྡེག་བརྡུང་དུར་ཁྲོད་རས་ལ་དྲིལ། ། ཁྲོས་པའི་སེམས་བཅས་མགུལ་དུ་གདགས།། གདུག་པ་ཅིས་ཀྱང་ཚུགས་མི་འགྱུར།། སྔགས་མཆོག་བསྲུང་བ་བཞི་པའོ།། དུར་ཁྲོད་རས་སམ་ཤིན་ཤུན་ལ།། གུ་གུལ་ཚིལ་ཆེན་བསྲེས་ལ་བྱུག། དུག་དང་གདུག་བའི་སོལ་བ་ཡིས།། འཁོར་ལོ་བཅུ་འམ་བརྒྱད་དམ་གསུམ།། གཉིས་ལ་སོགས་པ་བྲི་བར་བྱ།། སྔགས་ཀྱི་ཡི་གེ་གསལ་བལྟས་ལ།། སྔགས་ཀྱིས་སེམས་དཔའ་འཁོར་བཅས་བསྐྱེད།། ཡེ་ཤེས་འཁོར་ལོ་དགུག་གཞུག་དང། ། མཆོད་དང་བསྟོད་པ་རྫོགས་པར་བྱ།། ཕྱོགས་དང་མཚམས་རྣམས་འཁོར་ལོས་གཏམས།། བདག་ཉིད་སྙིང་པོར་གནས་བཅས་ལ།། བར་དུ་གཅོད་བ་གང་གིས་ཀྱང། ། དེ་ལ་ཚུགས་པར་མི་འགྱུར་རོ།། འཁོར་ལོས་བསྲུང་བ་ལྔ་པའོ།། དུར་ཁྲོད་རས་ལ་སོར་བཞི་པའི།། དུམ་བུ་གཉིས་ནི་རབ་བླངས་ལ།། ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་བྱུག། དུག་དང་ཚ་བའི་རྫས་རྣམས་ལ། ། ཙ་ར་བམ་གྱི་སྙིང་ཁྲག་སྦྱར།། བྱ་རོག་སྒྲོ་རྩའི་སྨྱུ་གུ་ཡིས།། གཅིག་ལ་ཉི་མའི་དཀྱིལ་འཁོར་བྲི།། གཅིག་ལ་ཟླ་བའི་དཀྱིལ་འཁོར་ལ།། དབུས་སུ་གསང་སྔགས་སྙིང་པོ་བྲི།། འོད་འཕྲོས་ཐབས་དང་ཤེས་རབ་ཀྱིས། ། ལྷ་གཉིས་གསལ་བར་རབ་བལྟས་ལ།། ཆོས་ཀྱི་དབྱིངས་སྒྲུབ་གསང་སྔགས་ཁྲི།། བཟླས་པ་ཁ་སྤྲོད་རྡོ་རྗེའི་རྒྱ།། བཏབ་ལ་རི་ལུ་བྱས་ནས་ནི།། གསང་བ་རྒྱ་ཡིས་ལུས་ལ་བྱུག། གང་གི་སྙིང་ཁར་དེ་བྱུག་ལ། ། རྡོ་རྗེ་གསུམ་གྱི་གནས་བསྲུང་བྱ།། རྡོ་རྗེ་འཛིན་པས་མི་ཚུགས་ན།། གདོན་ལ་སོགས་པ་སྨོས་ཅི་དགོས།། གསང་བས་བསྲུང་བ་དྲུག་པའོ།། དུར་ཁྲོད་རས་ལ་འཁོར་ལོ་བྲི།། བདུག་པའི་སྨན་གྱིས་དེ་ལ་བསྐུ། ། དེ་སྟེང་དང་པོའི་སྨན་རྣམས་གཞག། རི་ལུ་བྱ་ཞིང་སྔགས་བཟླས་ལ།། བདུད་རྩི་ལྔ་པ་སྔགས་ཤིང་གསིང།། སྔགས་བཟླས་ལུས་ལ་བྱུག་པར་བྱ།། བདུད་རྩི་ལྔ་ལ་དུས་བཞི་རུ།། སྔགས་བཟླས་ལུས་ལ་བྱུག་པར་བྱ། ། དེ་ལ་དབང་དང་ཏིང་འཛིན་བསྐུར།། གང་གི་མགུལ་དུ་རི་ལུ་གདགས།། ཅིས་ཀྱང་དེ་ལ་ཚུགས་མི་འགྱུར།། རི་ལུས་བསྲུང་བ་བདུན་པའོ།། འཁོར་ལོ་གཉིས་པ་ལ་གནས་ཏེ།། རབ་ཏུ་འབར་བས་བསྐོར་བར་བྱ། ། རང་གི་འཁོར་ལོ་རྩིབས་བརྒྱད་ལ།། ནང་གི་འཁོར་ལོ་བསྐོར་བར་བྱ།། ཁྲོ་བོ་རྣམ་པ་གཉིས་སྣང་བ།། ག་འུའི་དབུས་ན་གནས་པ་ཡི།། དེ་ལ་བསྲུང་ཞིང་རྒྱས་ཀྱང་གདབ།། སྔགས་པ་རྣམས་ཀྱིས་ཚུགས་མི་འགྱུར། ། བདག་ཉིད་བསྲུང་བ་བརྒྱད་པའོ།། ཉེས་མེད་རས་བལ་གཙང་མ་ལ།། སུམ་བསྒྲིལ་ལན་གཉིས་བྱས་ནས་ནི།། མདུད་པ་གསུམ་མམ་བཅུར་བྱས་ལ།། གཞལ་ཡས་ཁང་བསམ་ཁྲོ་བོ་རིའི།། སྔགས་དང་ལྡན་པས་བཞུགས་པར་བསམ། ། དགུག་གཞུག་བསྟིམ་དང་མཆོད་བྱས་ནས།། སུ་ཡི་སྐྱེ་རུ་བཏགས་པ་ཡིས།། གདོན་ལ་སོགས་པས་མི་ཚུགས་སོ།། མདུད་པས་བསྲུང་བ་དགུ་པའོ།། དུར་ཁྲོད་རས་སམ་ཤིང་ཤུན་ལ། ། གུ་གུལ་ཚིལ་ཆེན་དག་གིས་བྱུག། ཁྲོ་བོ་གང་ཡིན་རྩ་སྔགས་དང།། ལས་སྔགས་སྦྲེལ་བཟླས་པ་བྱ།། བརྒྱ་ར་བརྒྱད་དུ་བཟླས་བྱས་ཏེ།། དྲིལ་ཏེ་མགུལ་ལམ་དཔུང་པར་གདགས།། བར་ཆོད་ཅིས་ཀྱང་མི་ཚུགས་སོ། ། ཁྲོ་བོ་སོ་སོའི་གསང་སྔགས་ཀྱིས། སེམས་ཅན་གང་ཡང་རུང་བ་ལ།། བསྲུང་བའི་རིམ་པ་བཅུ་པའོ།། དུར་ཁྲོད་དག་གིས་རས་མ་ལ།། བསྲུག་བ་བདུན་པའི་རི་ལུས་བྱུག། འཁོར་ལོ་རྣམ་པ་བཞི་བྲིས་ལ།། དེ་ལ་ཡི་གེའི་འཕྲེང་བ་དགོད། ། གསལ་བའི་ལྷ་ཡང་བསམ་པར་བྱ།། ཕྱིར་བལྟས་པ་དང་ནང་བལྟས་པའི།། དེ་ཡིས་རང་བཞིན་བསྲུང་བར་བསམ།། བདག་གམ་གཞན་ལ་ཁྲོ་སེམས་བསྐྱེད།། གནས་བཞི་རུ་ནི་འཁོར་ལོ་གདགས། ། དེ་ལས་འོད་འཕྲོས་ལུས་བསྲུངས་ན།། སྔགས་པ་ནང་གིས་ཚུགས་མི་འགྱུར།། ཕྱིར་བཟློག་བསྲུང་བ་བཅུ་གཅིག་པ།། ལག་གཡས་ཉི་མའི་དཀྱིལ་འཁོར་ལ།། བཅོམ་ལྡན་སྔགས་ཀྱི་རྒྱལ་པོ་བསྐྱེད། ། ལག་གཡོན་ཟླ་བའི་དཀྱིལ་འཁོར་ལ།། འཁོར་ལོ་རྒྱས་འདེབས་བསྐྱེད་པར་བྱ།། རྗེས་སུ་ཆགས་པ་ཚུལ་བཞིན་བསྐུལ།། དབུས་སུ་ཉུངས་ཀར་རྒྱལ་པོ་གཞག། སྦྱོར་བའི་བྱང་ཆུབ་སེམས་དེ་ལ།། འཕྲོས་པས་ཆུང་ལ་འདོད་པའི་སྐུ། ། འབུམ་མམ་བྱེ་བ་བསམ་ཡས་པར།། ཁྲོས་པའི་རྒྱལ་པོ་འབར་བར་བརྟག། དེ་ལ་གསང་སྔགས་མང་བཟླས་ཏེ།། གང་གི་སྐྱེའམ་ལུས་ལ་གདགས།། དེ་ལ་ཅིས་ཀྱང་ཚུགས་མི་འགྱུར། ། ཉུངས་ཀར་བསྲུང་བ་བཅུ་གཉིས་པའོ།། གདུག་པ་དྲག་པོས་བསྲུང་བ་ནི།། བན་དྷ་གླིང་དྲུག་ནང་དུ་ནི།། གུ་གུལ་དཀར་ནག་གཉིས་བསྲེས་ལ།། ཁྱི་དང་སྤྱང་ཁུའི་དྲི་ཆེན་དང།། མེ་རེག་རྐང་གཅིག་ཐང་ཆུ་དང། ། བྱ་དམར་ཁྲག་དང་སྐྱེ་ཚེ་དང།། སྐྱི་འབྲུམ་བཏགས་ཏེ་བནྡྷར་བླུག། བདུད་རྩི་ལྔ་ཡི་ཁུ་བས་བྲན།། གསང་སྔགས་འབུམ་ཏུ་བཏོན་ནས་ནི།། ཉ་ནས་གནམ་སྟོང་བར་དུ་བསྒྲུབ།། ཉི་ཕྱེད་དགོངས་ཀྱི་དུས་སུ་ནི། ། གསང་སྔགས་དྲག་པོར་བཟླས་བྱ་ཞིང།། དུག་ཤིང་གདུག་པའི་མེ་བཏང་ལ།། ཚིལ་ཆེན་ཞུན་མར་དག་དང་སྦྱར།། མཆོག་གི་རྐང་གིས་དཀྲུག་བྱ་ཞིང།། ལེགས་པར་འདྲེས་དང་ཕོག་ལ་དཀྲུག། དེ་ནས་དྲངས་དང་རྐང་གིས་བླངས། གསང་སྔགས་བཟླས་ཤིང་རི་ལུ་བྱ།། ལས་ཀྱི་གསང་སྔགས་འབུམ་དུ་བཟླས།། དེ་ཡི་རི་ལུ་བདུག་པ་དང།། མགུལ་དུ་བཏགས་ན་ཅིས་ཀྱང་ནི།། ཚུག་པར་འགྱུར་བ་ག་ལ་སྲིད།། བསྲུང་བའི་རིམ་པ་བཅུ་གསུམ་པའོ། ། ཞེས་བརྗོད་པས། ཕྱི་ནང་གསང་བའི་དམ་ཚིག་དབྱེ་བ་མེད་པའི་ངང་ལ་ལྷུན་གྱིས་གནས་པར་གྱུར་ཏོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། བྱི་ནང་གསང་བའི་དམ་ཚིག་ངེས་པར་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་ཡང་ཀརྨ་ཀཱི་ལ་ཡས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མའོ་བཅོམ་ལྡན་ཐུགས་རྗེ་ཅན།། དཔའ་བོ་ལས་རྣམས་ཡོངས་རྫོགས་བདག། རྗེས་སུ་འཇུག་པའི་གང་ཟག་ལ།། གནས་ལ་སོགས་པ་མི་འཚལ་ལམ།། དེ་ཡི་ལས་རིམ་ཇི་ལྟར་པས།། སྤང་བླང་རིམ་པ་བཤད་དུ་གསོལ།། ཞེས་གསོལ་བ་བཏབ་པས།། བཅོམ་ལྡན་གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཡང་ཉོན་ཅིག། རྣལ་འབྱོར་ལས་ཀྱི་དང་པོ་ལས།། གནས་ཀྱི་དམ་པ་བརྟག་པ་གཅིག། དེ་ཡིས་སྤང་བླང་རིམ་པ་དང།། ལས་ཀྱིརིམ་པ་ངས་བསྟན་གྱིས། ། རྟོགས་ཤིང་ཁོང་དུ་ཆུད་བར་གྱིས།། གནས་ནི་ཉམས་དགའ་བཀྲ་ཤིས་དང།། བྱིན་བརླབས་གཞུང་དང་ལྡན་པའོ།། དེ་དག་སོ་སོའི་རིམ་པ་ནི།། ཟུར་བརྒྱད་ལ་སོགས་རྩེ་མངས་དང། ། ཆུ་བོ་བཞིན་དུ་མ་བོ་ཞིང།། མཉམ་ཞིང་འོ་གའི་ཆུ་ལྟར་དང།། འདུག་ན་ཉམས་དགའ་བལྟ་ན་མཛེས།། ཉི་མ་བཞིན་དུ་གནས་པ་གཅེས།། ཞབས་ཀྱིས་བཅག་པའི་གནས་དག་ནི།། བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས། ། ཡང་ན་སྔར་གྱི་ནུས་པ་ཅན།། རྟགས་དག་ཕྱིན་པ་མཆོག་ཏུ་ལེགས།། ཕྱི་ནང་གསང་བའི་གཞུང་ལྡན་པ།། རི་བོ་རི་བྲན་འདུས་པའི་སྤྱི།། གངས་རི་བྲག་དཀར་འདབ་ཆེན་ནི།། སེང་ཆེན་འཕྲ་བའི་གནས་ཡིན་ཏེ། ། ཞི་བ་བསྒྲུབ་པའི་ལས་ལ་ཤིས།། ཕུག་ཆེན་དགོན་པ་ཆེན་པོའམ།། བྲག་ཆེན་རྡོ་རྗེ་གཏམས་པ་འདྲ།། གཅན་ཆེན་འཁྲ་བའི་གནས་ཤེས་བྱ།། མངོན་པར་སྤྱོད་པ་བསྒྲུབ་པའི་གནས།། དུར་ཁྲོད་ངམ་གྲོག་གནས་རྣམས་དང། ། སུམ་མདོ་གྲོག་གླེང་བཞུགས་པའི་གནས།། དུར་ཅན་འཁྲ་བའི་གནས་ཤེས་བྱ།། དབང་དུ་བསྡུ་བ་བསྒྲུབ་པའི་གནས།། ནགས་ཚལ་མང་པོས་གཏིབས་པ་དང།། ཤིན་ཏུ་བཙན་དང་འཇིགས་པའི་ངོས། ། སྟག་གཟིག་འཁྲ་བའི་གནས་ཞེས་བྱ།། འདོད་པའི་བསྒྲུབ་པའི་གནས་སུ་ཤིས།། མཚོ་གླིང་ཆུ་མདོ་རྒྱ་མཚོའི་འཇིངས།། ཆུ་ཡི་གླིང་ངམ་རྒྱ་མཚོའི་གནས།། ཆུ་གཅན་འཁྲ་བའི་གནས་ཞེས་བྱ། ། ལས་རྣམས་ཀུན་ལ་དེ་ཤིས་སོ།། ཚེ་དབང་ཆེན་པོ་བསྒྲུབ་པའི་གནས།། འཁོར་ལོ་གནས་ལ་པདྨ་ས།། ལྷུན་སྡུག་རི་བོ་ནགས་ཚལ་ལྡན།། རྒྱུ་འདུད་སྐྱབས་དྲུང་ཡོལ་བ་བཞི།། གནམ་དང་ས་དང་བར་སྣང་བརྟག། དེ་བཞིན་མཚམས་ཀྱང་བརྟག་བྱ་ཞིང།། རབ་ཏུ་མཉམ་ཞིང་སྣུམ་བག་ཅན།། ཆུ་བོ་དངོས་ཀྱི་ཕྱོགས་ནས་འབབ།། མེ་ཏོག་ལ་སོགས་དབང་གྲུབ་རྒྱུ།། འདི་སྟེང་སྤང་བར་བྱ་བའི་གནས།། དྲེད་མོ་རལ་པ་གཡེངས་འདྲ་དང། ། བུད་མེད་བདུན་ཆས་ཞུགས་འདྲ་དག།། སྤྲང་པོ་འཁར་བ་ཐོགས་འདྲ་དང།། ཤིག་གོག་ཆུ་ཡིས་བཤལ་འདྲ་དང།། གཅན་གཟན་སྡེར་མོས་བྲད་པ་དང།། མ་མོ་རྔམ་པའི་སྤར་རྗེས་སམ།། སྲིན་པོས་དྲུད་པའི་མདུང་རྗེས་དང། ། ཁྲོས་པའི་གནོད་སྦྱིན་སྤར་རྗེས་སམ།། ལུང་གསུམ་མདོ་དང་ཤིང་གིཅག་དྲུང།། ཕྱི་ནང་གཉིས་ཀྱི་རིམ་པར་བརྟག། གཞན་ཡང་སྤང་བར་བྱ་བའི་གནས།། དམའ་དང་པོ་བའི་མཚན་ཉིད་དང། ། འགབ་འཆད་དམུ་ཤུར་དོད་པ་དང།། ཚ་སྒོ་ཅན་དང་ལྷ་འདྲའི་ས།། མི་འདོད་གནས་དེ་སྦྱང་པོ་བྱ། བླང་བར་བྱ་བའིགནས་དག་ནི།། རྡོ་རྗེ་བྲག་ཆེན་གཏམས་པའོ།། རི་བོ་འདུས་པའི་རྩེ་རྣམས་སམ། ། མདངས་བཟང་གངས་རི་བྲག་ཆེན་ནི།། རྡོ་རྗེ་རིགས་ཀྱི་བསྒྲུབ་པའི་གནས།། ཕུག་དང་དགོན་པའི་རི་རྣམས་དང།། ནགས་ཚལ་ར་བས་འཐིབས་པའམ།། མདངས་དཀར་ཤར་དུ་གཞོལ་བ་ནི།། དེ་བཞིན་རིགས་ཀྱི་བསྒྲུབ་བའི་གནས། ། རིན་ཆེན་ཁ་དོག་རྣམ་ལྔའམ།། རིན་ཆེན་ཟུར་བརྒྱད་དབྱིབས་འདྲ་དང།། འབྲས་བུ་སྣ་ཚོགས་ཡོད་པ་ནི།། རིན་ཆེན་རིགས་ཀྱི་བསྒྲུབ་བའི་གནས།། ཙན་དན་ནགས་དང་མེ་ཏོག་ཚལ། ། ཀླུ་ཤིང་ཉམས་དགའ་ཡིད་འོང་བ།། མེ་ཏོག་རྣམས་ཀྱིས་ཤིན་ཏུ་མཛེས།། པདྨོ་རིགས་ཀྱི་བསྒྲུབ་པའི་གནས།། དུར་ཁྲོད་ངམ་གྲོག་བཤུང་བའི་གནས།། སུམ་མདོ་གྲོག་གླེ་རྩུབ་པའི་དྲི།། ཤིན་ཏུ་མི་སྡུག་ཚ་སྒོ་ཅན། ། ལས་ཀྱི་རིགས་ཀྱི་བསྒྲུབ་པའི་གནས།། གཞན་ཡང་བླང་བར་བྱ་བའི་གནས།། མེ་ཏོག་མང་པོའི་གླིང་ཡོད་དང།། རིན་ཆེན་སྤུངས་པ་འདྲ་བ་དང།། སྐྱེད་མོས་ཚལ་དང་དཔག་བསམ་ཤིང།། ངང་པ་བུང་པ་སྒྲ་སྒྲོགས་པ། ། སྐད་སྙན་བྱ་ནི་སྣ་ཚོགས་སྒྲོགས།། སྙིང་པོ་མཆོག་གི་འབྲུ་རྣམས་འཁྲུང།། མན་མས་འཁོར་ལོ་པདྨ་འདྲ།། ལུང་པའི་དབྱིབས་ལེགས་ཁ་ཤར་བལྟས།། ལུང་པ་རན་ཅིང་མཛེས་པ་ནི།། བཀྲ་ཤིས་དྲན་གྱི་གནས་ཡིན་ནོ། ། གཞན་ཡང་བླང་བར་བྱ་བའི་གནས།། གནམ་ནི་གྲི་འདྲར་འདུག་པ་དག།། ས་ཡི་དབྱིབས་ཀྱང་ཁ་འདྲ་ལ།། ལོགས་གསལ་ཚེར་མ་ཅན་གྱི་ཤིང།། བྲག་ཆུ་འཐབ་བར་དུ་བསྒྲུབ། ། གཞན་ཡང་བླང་བར་བྱ་བའི་གནས།། ནགས་ནི་ཚེར་མ་གདུག་པ་ཡོད།། སྟག་གཟིག་དོན་དྲེད་སྦྲུལ་དག་རྒྱུ།། མདའ་ཡིས་ཕུག་གམ་གྲིས་གཤགས་འདྲ།། སྲིན་པོ་དྲག་པོ་འཇོམས་པའི་དབྱིབས།། ས་བརྐོས་མེ་དཔུང་འབར་བ་འདྲ། ། དུག་ཤིང་གདུག་པ་སྣ་ཚོགས་སྐྱེ།། བྲག་ནི་སྲིན་པོའི་མཆེ་བ་འདྲ།། གྲོག་པོ་ངམས་ནག་གཏིང་ཡང་ཟབ།། སྟག་སེང་འཐབ་པའི་ཁ་འདྲ་དང།། ཆུ་སྲིན་ཁ་ནི་གདངས་པ་འདྲ།། ལུང་པ་ལྕགས་རི་མེས་ཚིག་འདྲ། ། རྩི་ཤིང་མི་རེང་འགྲོས་པ་འདྲ།། བྲག་ནི་སྲིན་མོ་དུས་པ་འདྲ།། ལོགས་ནི་བསད་པའི་ཁྲག་རྗེས་འདྲ།། སྔོན་ཆད་ཕུང་པའི་བཅས་གཞི་དང།། གྲི་ཆགས་མདེ་སྙིང་མདའ་དུད་མ་ཡོ།། ས་ནི་མེས་ཚིག་གདུག་པའི་ཆུ། ། མེ་དཔུང་གྲུ་གསུམ་མ་རུངས་པ།། བ་ཚ་ཆུ་གྲང་དམྱལ་བའི་ཆུ།། གནོད་སྦྱིན་མང་པོ་འདུ་བའི་ས།། སྲིན་པོ་ཁྲོས་པའི་ཁ་གདངས་འདྲ།། དྲེད་མོ་རལ་པ་གསེབ་ནང་དུ།། དྲག་པོའི་ལས་སུ་བྱ་བ་ཡིན། ། མི་ཤིས་ཀུན་ཏུ་སྤང་བའི་གནས།། རྒྱལ་པོ་གདུག་པའི་འཆག་ས་དང།། ཞང་བློན་གདུག་པའི་རྒྱུན་སྲང་དང།། གདུག་པ་ཀླུ་ཡི་རྒྱུན་སྲང་དང།། ཟ་བའི་ཁ་དང་གདུང་བའི་རྭ།། སྐྱོན་ཅན་རྒྱུ་བའི་ལམ་སྲང་དང། ། ས་བདག་ས་སྲིན་གནས་པ་དང།། ཉན་འབྲེལ་བ་ཡི་གནས་རྣམས་དང།། སྦྲུལ་གདུག་ཕང་དུ་འོངས་ལྟར་སྤང།། གཞན་ཡང་བླང་བར་བྱ་བའི་གནས།། རི་ནི་གཙོ་བོ་ཡབ་ཀྱི་ཚུལ།། གཡོན་ན་ཡུམ་བསྐྱེད་ཁྲོ་མོའི་ཚུལ། ། འཁོར་ནི་ཁྲོ་བོ་བཅུ་ཡི་ཚུལ།། གཡས་ན་ཁྱི་སྦྱང་རྒྱུག་པ་འདྲ།། གཡོན་ན་བུད་མེད་བདུན་ཞུགས་འདྲ།། མདུན་ན་བསེ་མོ་བཀའ་ནོད་ཚུལ།། ཤིན་ཏུ་དྲག་ཅིང་རྩུབ་པའི་རི།། ཁྲོས་པའི་ཚོགས་རྣམས་སྤྲིན་ཕུང་བཞིན། ། དེ་ནི་དྲག་པོ་འཇོམས་པའི་གནས།། གཞན་ཡང་བླང་བར་བྱ་བའི་གནས།། ཀླུ་དང་མཆོད་རྟེན་གཙུག་ལག་ཁང།། ས་བདག་ལྷ་འདྲེ་མ་མོའི་གནས།། ལ་བཙས་མཁར་དཔའི་ཐེམ་འོག་བརྒྱད། ། གདུག་ཅན་བསྒྲལ་བའི་གནས་ཡིན་ནོ།། གཞན་ཡང་བླང་བར་བྱ་བ་ནི།། སྔགས་པ་རྡོ་རྗེ་སྨྱོས་པའི་གནས།། རབ་ཏུ་ཁྲོས་པའི་ཟུར་གསུམ་དང།། ལྷ་ཡི་ཕོ་བྲང་རྨང་ཉིད་དོ། ། གཞན་ཡང་བླང་བར་བྱ་བའི་གནས།། དཀྱིལ་འཁོར་གྲཝ་དང་ལྷ་རྟེན་འོག། རྒྱལ་པོའི་ཕོ་བྲང་ཡུལ་ལྷའི་རྩ།། ཉལ་སའི་འོག་ཏུ་དུར་ཁྲོད་ཤིང།། ཆུ་མིག་མགོ་ཟླུམ་དུར་གྱི་དཀྱིལ།། མཁར་གྱི་རྨང་དང་ཡུལ་གྱི་རྟེན། ། ནང་གི་དཀྱིལ་དང་ཕྱུག་ལྷས་དང།། གང་དང་མི་མཛའི་ས་ཕྱོགས་སུ།། ལས་རྣམས་བྱ་བའི་གནས་ཡིན་ཞེས།། དཔའ་བོ་རྡོ་རྗེ་འཛིན་གྱིས་བཤད།། གཞན་ཡང་གསང་བའི་གནས་དང་ནི།། མཚན་ཉིད་ངེས་པར་བཤད་བྱ་བ། ། ཆེན་པོ་ལྔས་བསྡུས་ཐམས་ཅད་ཀུན།། ཡེ་ནས་ཡུལ་དུ་གནས་མོད་ཀྱང།། དེ་མ་རྟོགས་པའི་གང་ཟག་རྣམས།། མཚན་མའི་ལས་ལ་གཙོར་འཛིན་པ།། བསྒྲུབ་པ་གནས་ཡུམ་སོ་སོར་དབྱེ།། སྨིན་མའི་དཀྱུས་རིང་ལ་གསོར་ཕྲ། ། ཚིགས་ཟླུམ་ལ་སྐེ་སྐབས་ཕྱེ།། འཕྲ་བཤད་ཨུཏྤལ་ངད་ལྡན་ཞིང།། སོ་དཀར་སྐྲ་འཇམ་མཐོན་མཐིང་འཁྱིལ།། མིག་ནི་ཟར་མའི་མེ་ཏོག་འདྲ།། སྐྲ་མཚམསའཁྱུག་པའི་དོག་ཀྱང་གསལ། ། སྣ་བཟང་སྐྱེ་རིང་སེམས་མ་འདྲ།། ལུས་དྲང་ནུ་མའི་དཀྱིལ་ན་མཐོ།། ཁོང་དལ་འགྲོ་ན་འཇམ་པ་དང།། སྐད་ནི་ངང་པའི་རྒྱལ་པོ་འདྲ།། ཅིར་ཡང་མཛེས་པའི་སྟབས་དང་ལྡན།། སྦས་པའི་བརྡ་དང་ཐབས་ལ་མཁས། ། ཕྱི་ནང་རླུང་ཁར་གསེར་བས་ལྕི།། བསྡིག་ཅིང་ཀུན་གྱིས་དྲོད་མི་ལོན།། དོན་ལ་གཞོལ་ཞིང་རྟོག་པ་མེད།། ཟླ་གསང་དཀར་དམར་རླུང་ཁར་ལྕི།། སྤྱི་ཡི་རིགས་དང་མཚན་དུ་བཤད།། ཟླ་བའི་མདངས་ལྡན་དཀར་ལ་གསལ། ། གཙུག་ཕུད་གཡས་འཁྱིལ་སྐད་ཀྱང་ཆེ།། བོང་ཆུང་ལུས་མཛེས་ཚིག་ཏུ་མཉན།། དུང་ལྟར་བཞིན་ལུས་གཡས་སུ་འཁྱིལ།། དུང་ཅན་མ་ཞེས་བྱ་བར་གྲགས།། རྡོ་རྗེ་རིགས་ཀྱི་བསྒྲུབ་པའི་ཡུམ། ། འཕྲ་ཞིང་བཤད་ལ་བཟང་རིང་བ།། བཅུ་གཉིས་ཉི་ཤུ་བཅོ་ལྔའི་བར།། མི་ལ་རཀྟ་ཟགས་པ་ལ།། རྡོ་རྗེ་མཚོན་གྱིས་མ་ཕོག་པ།། སངས་རྒྱས་རིན་ཆེན་སྤྱན་གྱི་ཡུམ།། སྐྲ་ནི་མཐོན་མཐིང་ལྕང་ལོར་བཤད། ། སྲིད་དུ་རིང་ཞིང་འཕྲ་ལ་ལྡེམ།། ལྕུག་ཕྲན་མང་པོའི་འདབ་རྒྱས་པ།། སངས་རྒྱས་པདྨ་ཅན་གྱི་ཡུམ།། འདོད་པ་ཆེ་ལ་བརྟུལ་ཞུགས་ཆེ།། ཤེས་པ་གསལ་ཞིང་བྱད་བཞིན་ཡངས།། བུ་མོ་མིག་ཡངས་ཕྱལ་བམ། ། སངས་རྒྱས་སྣ་ཚོགས་རྡོ་རྗེའི་ཡུམ།། སེར་མོ་གྲུ་བཞི་སྐྲ་ཡང་ཁམ།། སྨིན་ཚོགས་ཆེ་ལ་མིག་ཀྱང་འབུར།། འགྲམ་བརླ་རིང་ལ་སྐྲ་མཚམས་དམའ།། ཤ་འཁོལ་ཆེ་ཞིང་སྣ་བ་རིང།། བན་གླང་ཅན་ཞེས་བྱ་བ་ཡིན། ། སངས་རྒྱས་འཁོར་ལོ་ཅན་གྱི་ཡུམ།། གཞན་ཡང་འཕྲིན་ལས་སོ་སོ་ཡི།། རིགས་ཀྱི་དབྱེ་བ་ཡང་གསུངས་པ།། བཞིན་མདོག་གྲུ་གསུམ་ཁ་དོག་ནག། སྐྲ་རྩུབ་གེལ་ལ་ཁྲོ་གཉེར་མང།། རི་མོ་ཅན་ཞེས་བྱ་བར་བཤད། ། རྒྱས་པ་བསྒྲུབ་པའི་ཡུམ་ཡིན་ནོ།། བཞིན་དབྱིབས་སོགས་ཀ་མདོག་ཀྱང་དམར། མིག་རིངས་སོ་ཐོགས་རབ་ཏུ་དམ།། སོ་ལ་ཤེལ་ཆགས་ལྐོས་ཀོ་འཕྲ།། ལུས་ལ་ཞིམ་པའི་དྲི་འབྱུང་ལ། ། པདྨ་ཅན་ཞེས་བྱ་བ་སྟེ།། ཞི་བ་བསྒྲུབ་པའི་ལས་ལ་ཤིས།། སྐྱེ་བརྒྱུད་མེད་ཅིང་བཀྲ་མི་ཤིས།། གཅིག་པུར་འདུག་པ་གདོང་གཅིག་མ།། དབང་དུ་བསྡུ་བའི་ཡུམ་ཡིན་ནོ།། ཡན་ལག་ཐམས་ཅད་མེས་ཚིག་བཞིན། ། གཏན་དུ་འཕེལ་བའི་རྒྱུད་མེད་མ།། མེ་རེག་མ་ཡི་རིགས་ཡིན་ཏེ།། དྲག་པོའི་ལས་རྣམས་བསྒྲུབ་པའི་ཡུམ།། དེ་ལ་སོགས་པ་རིགས་ཀྱི་ཡུམ།། བསམ་མི་ཁྱབ་པར་སྟོན་པས་གསུངས།། ཡུམ་གྱི་མཚན་ཉིད་གཅིག་ལའང། ། ཐམས་ཅད་བསྒྲུབ་ཏུ་རུང་བས་ན།། ངེས་པ་མེད་པར་ཡང་དག་བཤད།། ད་ལྟའི་སྤང་བླང་རིམ་ཤེས་ནས།། རྒྱལ་པོ་བློན་པོ་བྲལ་ཟེའམ།། ཁྱིམ་བདག་དང་ནི་དམངས་རིས་སམ།། མངོན་དང་མི་མངོན་བདག་པོ་ལ། ། ཐུགས་ཐུ་བར་ཆོད་མ་ཡིན་པར།། རྩོད་པ་ཉེ་བར་ཞི་བའི་ཕྱིར།། སེར་སྣ་སྤངས་བའི་སེམས་ཀྱིས་ནི།། ས་རིན་བཅལ་ཏེ་ས་བསླང་བའོ།། དེའང་རིམ་པ་འདི་ཤེས་བྱ།། འབྲས་ཆན་གཏོར་མ་ལ་སོགས་དང། ། དྲི་ཞིམ་མཆོད་པའི་ཚོགས་རྣམས་དང།། རིན་ཆེན་སྣ་ཚོགས་ཕྱེར་བཏགས་ཏེ།། བྱིན་གྱིས་བརླབ་ཅིང་གཏོར་མ་སྦྱིན།། གཞན་ཡང་རྫས་ཀྱི་རྣམ་པའམ།། ཟས་དང་གོས་དང་རྒྱན་དག་དང།། ག་ལ་དད་ཅིང་མོས་པ་རྣམས། བྱིན་ལ་བདེན་པ་ལེགས་པར་བསྒོ།། འདི་ནི་ས་གཞི་བསླང་བའོ།། བདག་ཉིད་སྦྱོར་བའི་ཏིང་འཛིན་གྱིས།། ཐབས་དང་ཤེས་རབ་རྟབས་བཟུང་ནས།། རྩེ་གསུམ་འགྲོས་ཀྱིས་ཀུན་ཏུ་བསྐོར། ། ཁྲོས་པ་ཧཱུཾ་གི་ང་རྒྱལ་བྱ།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། རྡོ་རྗེ་གཞོན་ནུའི་བཀའ་འབྱུང་གིས།། འདི་རུ་མ་གནས་གཞན་དུ་དེངས།། གལ་ཏེ་མི་འགྲོ་འདུག་གྱུར་ན།། རྡོ་རྗེ་ཡེ་ཤེས་མཚོན་ཆེན་གྱིས། ། མགོ་ལུས་ཚལ་བ་བརྒྱར་འགས་སོ།། ཨོཾ་སུཾ་བྷ་ནི་སུཾ་བྷནི་ཧཱུཾ།། གྲིཧྣ་གྲྀཧྣ་ཧཱུཾ། གྲིཧྣཱ་པ་ཡ་གྲིཧྣཱ་བ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱ་རཱ་ཛ་ཡ་ཧཱུཾ་ཕཊ། ལན་གསུམ་བསྐོར་ཏེ་ལན་གསུམ་བསྒྲགས།། དེ་རྗེས་བརྟག་པར་བྱ་བ་ནི། ། དང་ལ་ལྟོ་འཕྱེའི་མཚན་ཉིད་བརྟག། དེ་བཞིན་ཕྱོག་དང་ས་དགྲ་དང།། སྟེང་འོག་ལ་སོགས་ཐམས་ཅད་བརྟག། མཚན་མས་མཚན་མ་གཞོམ་པའི་ཕྱིར།། རོ་ལྔའི་མཚན་མ་བརྟག་པར་བྱ།། ཁྲུ་གང་ཟབས་སུ་བརྐོ་བྱས་ཏེ། ། དེ་ནང་བདུད་རྩི་ཆུ་ཡིས་དགང།། བདག་ཉིདསྐྱོགས་གང་ཁྱེར་ནས་ནི།། གོམ་བདུན་བོར་ཏེ་སྔགས་འདི་བརྗོད།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སིདྷ་སིདྷ་ཧཱུཾ། སླར་ལོག་བསྐོར་ཕྱོགས་བརྟག་པར་བྱ། ། འདི་ནི་ས་བཞི་བརྟག་པའོ།། དེ་ནས་ས་གཞི་དབང་དུ་བྱ་བའི་ཕྱིར།། སེང་ལྡེང་ཕུར་པ་སོར་བརྒྱད་ལ།། མི་གཡོ་མགོན་དུ་མངའ་གསོལ་ཏེ།། འོག་གི་ཕྱོགས་སུ་གདབ་པར་བྱ།། ཨོཾ་བཛྲ་ཀྲོདྷ་ཨཱརྱ་ཨ་ཙ་ལ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ས་ཉིད་དབང་དུ་བྱ་བའོ།། གནས་དེ་བསོད་ནམས་གཏེར་ལྡན་ཕྱིར།། རིན་ཆེན་ལྔ་དང་སྨན་ལྔ་དང།། འབྲུ་ལྔ་སྤོས་ལྔ་སྙིང་པོ་ལྔ།། ག་འུའི་ནང་དུ་བླུགས་ནས་ནི།། ས་གཞི་གཏེར་དང་ལྡན་པར་བྱ། ། གལ་ཏེ་མཚན་ཉིད་མི་ལྡན་ན།། ལས་བཞིའི་མཆོད་པ་རབ་ཏུ་བརྩམ།། རིམ་པ་རིམ་པའི་སྦྱོར་བ་ཡིས།། འོད་ཞུ་རྣམ་རྟོག་བསྲེགས་ན་འགྲུབ།། དེ་ལྟར་མིན་ན་འདི་ཤེས་བྱ།། རྒྱལ་བའི་སྦྱོར་བའི་ཏིང་འཛིན་གྱིས། ། ཐབས་དང་ཤེས་རབ་གནས་གཉིས་ལ།། ཉི་ཟླའི་དཀྱིལ་འཁོར་རམ་ཡམ་བཅས།། བསྲེགས་གཏོར་སྦྱང་བ་རིམ་པ་བཞིན།། འདི་ནི་ཕྱི་ཡི་སྦྱང་བའོ།། གཞན་ཡང་མཎྜལ་ལེགས་བྱས་ཏེ།། མེ་ཏོག་གཅལ་བཀྲམ་དྲི་ཡིས་བྱུག། བསྐྱེད་ནས་རྫོགས་པའི་མཐར་ཐུག་བར།། ལུགས་བཞིན་འཛབ་ལ་ཐུག་པར་བྱ།། འོད་ཞུ་རྣམ་རྟོག་བསྲེགས་ན་འགྲུབ།། འདི་ནི་ནང་གི་སྦྱང་བའོ།། ཐབས་དང་ཤེས་རབ་རྣམས་བསྐྱེད་པས། ། བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས།། སྦྱང་བའི་རིམ་པ་སྔ་མ་བཞིན།། འདི་ནི་གསང་བའི་སྦྱང་བའོ།། འདི་ནི་ས་གཞི་སྦྱང་བའོ།། ལྷ་མོ་སྦྲན་པའི་ཆོ་ག་ནི།། ས་གཞི་ལམ་ལས་གསེར་མདོག་ཅན།། རིན་ཆེན་རྒྱན་དང་བུམ་པས་མཚན། ། སངས་རྒྱས་སྤྱན་གྱི་རང་བཞིན་ཏེ།། ལྕགས་ཀྱུས་གྲུབ་པའི་གནས་ནས་དགུག། སྐྱོབ་པ་སངས་རྒྱས་བཅོམ་ལྡན་གྱིས།། དཔུང་བཞི་བདུད་ཀྱི་སྡེ་བཏུལ་ལྟར།། ས་དང་ཕ་རོལ་ཕྱིན་པ་ལ། ། ལྷ་མོ་ཁྱོད་ནི་དཔང་མཛོད་ཅིག། འདི་ན་སྦྲན་པའི་ཆོ་གའོ།། རྣལ་འབྱོར་བློ་མཆོག་མི་ལྡན་ན།། གནས་དང་ཆོ་ག་ལ་སོགས་པ།། ལྡན་ཡང་འགྲུབ་པར་མ་གསུང་སྟེ།། བློ་དང་ལྡན་པའི་མི་རྣམས་ཀྱིས། ། གནས་དང་རྫས་དང་ཡོ་བྱད་དང།། ཆོ་ག་ལ་སོགས་མ་ལྡན་ཀྱང།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེ། ད། འོན་ཀྱང་གནས་དང་ཆོ་ག་དང།། ཡོ་བྱད་ལྡན་ན་མྱུར་འགྲུབ་བཅས།། སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས། ། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། གནས་ཀྱི་རིམ་པ་ཡོངས་སུ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་ཀརྨ་ཀཱི་ལ་ཡས། ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་ཁྲག་འཐུང་གསང་བའི་བདག། སྐུ་གསུང་ཐུག་ཀྱི་བདག་ཉིད་གཙོ།། ཡོན་ཏན་འཕྲིན་ལས་ལྷུན་གྱིས་གྲུབ།། མ་ལུས་ཀུན་གྱི་འབྱུང་གནས་གཙོ།། གནས་ལ་སོགས་པ་གསུངས་ལགས་ན།། རེ་ཞིག་ལས་ཀྱི་དང་པོ་བས། ། དཀྱིལ་འཁོར་ཉམས་སུ་ཇི་ལྟར་ལེན།། ཅེས་གསོལ་པ་དང། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྗེས་སུ་འཛིན་པའི་རྣལ་འབྱོར་པས། ། རང་བཞིན་ཏིང་འཛིན་གཟུགས་བསྙན་དག། རྣམ་པ་གསུམ་དུ་ཤེས་པར་བྱ།། མི་ཤེས་རྨོངས་པའི་འགྲོ་བ་ལ།། མཚོན་པས་གསལ་བའི་དོན་སྟོན་ཕྱིར།། ཐ་མའི་མཚན་ཉིད་འདིར་གསུངས་ཏེ། ། བརྟན་ཅིང་མཛེས་པའི་ཁང་བུ་ལ།། འཇམ་པོར་ཞལ་ཞལ་བྱས་པ་ནི།། ཁ་དོག་ལྔ་ཡི་གཟུགས་བྲིས་ལ།། དེ་ཡང་དངོས་གྲུབ་རྟེན་དུ་བཤད།། རས་སམ་གྲོ་ག་འམ་ཤིང་ཤུན་ནམ།། ཏ་ལའི་ལོ་མའམ་དུར་ཁྲོད་རས། ། ཕྱག་རྒྱའི་གཟུགས་སུ་བྲིས་ན་ཡང།། མཚན་མ་འབྱུང་བའི་རྟེན་དུ་བཤད།། རྡོ་དག་ཤེལ་རྡོ་ལ་སོགས་དང།། དུང་ངམ་བ་སོའི་རྒྱུ་ལ་ནི།། ཕྱག་རྒྱའི་གཟུགས་སུ་འབུར་བཏོད་ལ།། དེ་ཡང་དངོས་གྲུབ་རྟེན་དུ་བཤད། ། གསེར་དངུལ་ཟངས་ལྕགས་ལ་སོགས་ལ།། མཁན་གྱིས་ལེགས་པར་བླུག་བྱས་ཏེ།། ཡན་ལག་མ་ཉམས་གཟུགས་བྱས་ལ།། དེ་ཡང་མཚན་མའི་རྟེན་དུ་བཤད།། བླག་ཤ་བྱང་ཆུབ་ཤིང་ལ་སོགས། ། རྒྱུ་ཤིང་མཉེས་ལ་གཟུགས་བྱས་ན།། དེ་ཡང་དངོས་གྲུབ་འབྱུང་བའི་རྟེན།། སྤྱི་ཤིང་མཉེན་པའི་རྒྱུ་རྣམས་ལ།། ཕྱག་རྒྱའི་གཟུགས་སུ་ལེགས་བྱས་ན།། དེ་ཡང་དངོས་གྲུབ་འབྱུང་བའི་རྟེན།། ས་སྟེགས་དབྱིབས་ལེགས་མཛེས་པ་ལ། ། རྡུལ་ཚོན་འདུས་བྱས་རྣམས་ཀྱིས་ཀྱང།། བསྙེན་པའི་དཀྱིལ་འཁོར་བྱས་ན་ཡང།། དེ་ཡང་དངོས་གྲུབ་འབྱུང་བའི་རྟེན།། རེ་ཞིག་ལས་ཀྱི་དང་པོ་བས། ས་སྟེགས་དཀྱིལ་འཁོར་བྱ་བ་ཤིས། ། ཚད་ནི་བློ་ཡི་རིམ་པ་ཡིས།། ཇི་ལྟར་དམིགས་པ་བཞིན་དུའམ།། ཡང་ན་རྒྱང་གྲགས་དཔག་ཚད་དོ།། ཁྲུ་ཚད་ཉི་ཤུ་རྩ་ལྔའམ།། བཅུ་གཉིས་པའམ་བརྒྱད་དུ་བྱ།། ཡང་ན་ཁྲུ་བཞི་ཁྲུ་དོའམ།། མཐོ་གང་སོར་བཞི་ལ་སོགས་ཚད། ། ངེས་པ་མེད་པར་རྒྱལ་བས་གསུངས།། རེ་ཞིག་ལས་ཀྱི་དང་པོ་བ།། དཀྱིལ་འཁོར་འདོམས་གང་གྲུ་བཞི་ལ།། དཔངས་སུ་ཁྲུ་གང་ཚད་དུ་བྱ།། ས་ཞག་སྤོས་ཆེན་རྣམ་ལྔ་ཡིས།། ཁུ་བ་བསྲེས་ནས་ཀུན་ཏུ་ནི། ། བ་ཀོ་ཙམ་དུ་སྐྱང་ནུལ་བྱ།། བདུད་རྩི་ལྔ་ཡི་ཁུ་བ་དང།། པདྨ་རཀྟས་བྱུག་བྱས་ཏེ།། རྡོ་རྗེ་ཚིག་ཏུ་འདི་སྐད་བརྗོད།། ཟ་གམ་དམར་པོ་དབང་གི་གཞལ་ཡས་སུ།། ཆགས་པའི་རང་བཞིན་རཀྟའི་ཆུས་བྱུགས་པས། ། འཁོར་བ་དབང་སྡུད་ཁྲག་གི་འགོ་མ་ཡེང།། མི་གནས་དུར་ཁྲོད་བདག་པོའི་བཞུགས་གནས་ནི།། ཤེས་རབ་ཡུམ་ཀྱི་མཁའ་ལ་ཆུ་བོའི་རྒྱུན་ལྟར་འབེབས།། མཧཱ་རཀྟ་ས་མ་ཡ་ཧཱུཾ། ལྷ་རྣམས་སྦྱོར་བའི་བྱང་ཆུབ་སེམས། ། སྣོད་བཅུད་དབང་དུ་ཡང་དག་གྱུར།། རྡོ་རྗེ་ཐིག་གི་རྒྱུད་དག་ཀྱང།། རྒྱུས་ཆེན་རས་ནི་སྒྲིལ་མའམ།། པདྨའི་རྩ་ལས་ཁ་དོག་བསྒྱུར།། གཅིག་ཀྱང་ཡེ་ཤེས་ལྔ་རང་བཞིན།། བྱིན་བརླབས་ཆོ་ག་རྫོགས་པ་དང། ། གཟུགས་བརྙན་ལེགས་པར་ཚད་བཅས་ལ།། ལས་གཉིས་ཡོངས་སུ་རྫོགས་པར་བྱ། དགོངས་པ་དག་པས་ཤར་བལྟས་ལ། བདག་ཉིད་ལས་ཀྱྀ་ལྷར་བསྐྱེད་དེ།། གསལ་ལྡན་མའམ་བྱིན་བརློབས་ལ། ། རྗེས་སུ་ཆགས་པ་ཚུལ་བཞིན་བསྐུལ།། མཁའ་གསང་བྱིན་བརླབས་སྦྱོར་བའི་བརྡས།། ཛ་ཛ་ཞེས་བརྗོད་སྲད་བུ་གཏང།། བྱང་སེམས་མཁའ་ལ་འབེབས་པ་དེ།། སྟེང་ཕྱོགས་ལོགས་སུ་གདབ་པར་བྱ། ། རང་བཞིན་ཡེ་ཤེས་རྒྱ་ཡོངས་མ་ཆད་པའི།། ཏིང་འཛིན་དཀྱིལ་འཁོར་ངོ་ལ་སྣང་འབྱུང་ཕྱིར།། ནམ་མཁའི་ཁམས་ཀྱང་གྲུ་གསུམ་ཨེ་ཡི་གནས།། བར་སྣང་ཁམས་ཀྱང་གྲུ་གསུམ་ཨེ་ཡི་གནས།། བཛྲ་ཛྙཱན་མཎྜལ་སྟ་ཤིཀྲ་མ་ཧཱུཾ། མཚན་མ་ཅན་གྱི་རྣལ་འབྱོར་ངོ་གང་ལ།། བརྟེན་ནས་མཚན་བསྒོམས་བརྒྱུད་པས་རྟོགས་བྱའི་ཕྱིར།། འོག་གི་ཕྱོགས་ཀྱང་གྲུ་གསུམ་ཨེ་ཡི་གནས།། ཨེ་མཎྜལ་སྟ་ཤིཀྲ་མ་ཧཱུཾ། བརྗོད་དེ་ཚངས་པའི་ཐིག་བཞི་གདབ། ། ཚངས་པའི་ཐིག་གི་ངོས་གཉིས་སུ།། བྱ་རོག་རྗེས་བཙལ་ཐིག་བཏབ་པས།། དཀྱིལ་འཁོར་ཆ་བཞི་དག་ཏུ་འགྱུར།། དབུས་དང་མཐའ་གཉིས་མཉམ་པོར་དབྱེ།། རྒྱས་འབྲིང་གང་རུང་ཚད་དུ་བྱ། ། ཕྱོགས་མ་འཁྲུལ་བར་པྲ་ཡང་བརྟག། བསྟིམ་དང་མཆོད་དང་གཤེགས་སུ་གསོལ།། གསེར་འབྲས་ས་ལས་བྱས་པ་ཡི།། ཁ་དོག་ལྔ་དང་ཡང་དག་ལྡན།། གཅིག་ཀྱང་ཡེ་ཤེས་ལྔ་རང་བཞིན།། ཧཱུཾ་སོགས་ཡིག་འབྲུ་གཅིག་ཀྱང་ལྔ། ། བདེ་གཤེགས་ལྔ་ཡི་བྱིན་བརླབས་ལས།། བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ནི།། དཀར་དང་དམར་དང་སེར་དང་ལྗང།། ནག་པོ་ལས་ཀྱི་རྒྱུ་རུ་བསྟན།། དབུས་ནས་དགྱེས་ཤིང་མཐའ་རུ་གདོན།། ཧཱུཾ། འདི་ནི་ཆོས་དབྱིངས་དག་པ་སྟེ།། དེ་བྱུང་རིགས་ལྔའི་ངོ་བོར་སྣང།། སེམས་ཅན་མ་ལུས་བསྒྲལ་བའི་ཕྱིར།། ཚོན་གྱི་ལས་འདི་བདག་གིས་བརྩམ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲུཾ་ཧཱུཾ་ཕཊ། རང་བཞིན་དཀྱིལ་འཁོར་ཅི་འདྲ་བ། ། ཏིང་འཛིན་དཀྱིལ་འཁོར་བསྒོམ་པར་བྱ།། ཏིང་འཛིན་དཀྱིལ་འཁོར་ཅི་འདྲ་བར།། གཟུགས་བརྙན་དཀྱིལ་འཁོར་བྲི་བར།། ཡན་ལག་བརྒྱན་རྫོགས་སྐུ་ཡི་རྟེན།། ཡིག་འབྲུ་བཀོད་བ་གསུང་ཉིད་ཡིན། ། ཕྱག་མཚན་ཐུགས་ཀྱི་དཀྱིལ་འཁོརཉིད།། རྒྱལ་བ་རྣམས་ཀྱི་ཡང་དག་བཤད། ལྟེ་བ་རྩིབས་དང་ལྡན་པ་ལ།། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས།། གྲུ་ཆད་བཞི་དང་བར་ཁྱམས།། སྒོ་དང་མུ་ཁྱུད་ལྡན་པ་རྣམས། ། རྡོ་རྗེ་འཕྲེང་བའི་རིམ་པ་གཉིས།། ཀ་བ་ཕྱག་རྒྱའི་གདུང་བཞིར་སྦྱར།། གཟུགས་ལ་སོགས་པའི་མཆོད་པ་ལྔ།། བར་སྣང་ཁམས་སུ་འཁྲིག་པར་བྱ།། རིན་ཆེན་ཕ་གུའི་ཁ་བརྒྱན་ཅན།། དྲ་བ་དྲ་བ་ཕྱེད་པ་དང། ། སྣ་འཕྱོང་ལས་བྱུང་ཟེར་ཚགས།། ཆུ་འཕྱང་ཤར་བུ་བྱ་ཁྱུང་དག། རིམ་བཞིན་ཁ་དོག་མཛེས་པར་བྱ།། ཏ་ལའི་སྐྱེ་ཤིང་ཙོང་ཙོང་དྲིལ།། གསེར་གྱི་དྲིལ་བུ་གཡེར་ཁ་འབར།། བུམ་པ་བརྒྱད་དམ་བཅུ་དྲུག་བཞག། གཞན་ཡང་རྒྱན་གྱི་ཁྱད་པར་དག།། རོལ་མོ་ཡིད་འོང་ཅི་འབྱོར་དང།། མཆོད་པའི་ཡོ་བྱད་ཐམས་ཅད་དང།། གཏོར་མ་ལ་སོགས་མཛེས་པར་བྱ།། དབུས་སུ་དྲེགས་པའི་གདན་ལ་ནི།། ཁྲོ་བདག་ཡབ་ཡུམ་མཚན་མ་དགོད། ། ཤར་ཕྱོགས་འཁོར་ལོ་དྲི་ཟའི་སྟེང།། རྣམ་པར་རྒྱལ་བའི་མཚན་མ་དགོད།། ལྷོ་ཕྱོགས་འཁོར་ལོ་གཤིན་རྗེའི་སྟེང།། གཤེད་པོ་ཡབ་ཡུམ་མཚན་མ་དགོད།། ནུབ་ཕྱོགས་འཁོར་ལོའི་ཆུ་བདག་ལ། ། རྟ་མགྲིན་ཡབ་ཡུམ་མཚན་མ་དགོད།། བྱང་ཕྱོགས་འཁོར་ལོའི་གནོད་སྦྱིན་སྟེང།། བདུད་རྩི་འཁྱིལ་བའི་མཚན་མ་དགོད།། ཤར་ལྷོའི་རྩིབས་སྟེང་མེ་ལྷའི་སྟེང།། དབྱུག་སྔོན་ཡབ་ཡུམ་མཚན་མ་དགོད། ། ལྷོ་ནུབ་རྩིབས་སྟེང་བདེན་བྲལ་ལ།། མི་གཡོ་མགོན་པོའི་མཚན་མ་དགོད།། བྱང་ནུབ་རླུང་ལྷའི་རྩིབས་སྟེངས་སུ།། གཞན་གྱིས་མི་ཐུན་མཚན་མ་དགོད།། བྱང་ཤར་འཁོར་ལོའི་རྩིབས་སྟེངས་སུ།། དབང་བསྣོལ་པའི་གདན་སྟེངས་སུ། ། ཁམས་གསུམ་རྣམ་རྒྱལ་མཚན་མ་དགོད།། མདུན་དུ་ཚངས་པའི་གདན་ལ་ནི།། ཧཱུཾ་ཀར་མཚན་མ་དགོད།། རྒྱབ་ཏུ་ས་བདག་གདན་ལ་ནི།། སྟོབས་ཆེན་མཚན་མ་དགོད་པར་བྱ།། ཤར་སྒོར་དུ་ཤུད་མགོ་ཅན་ལ། ། ལྷོ་ནི་སྐྱེ་ཀའི་མགོ་ཅན་ནོ།། ནུབ་སྒོར་དྲིན་བྱིན་མགོ+ཻཾ་ཅན་ལ།། བྱང་སྒོར་ཁྲ་ཡི་མགོ་ཅན་གོད།། ལྷག་པར་གཟུགས་བརྙན་དཀྱིལ་འཁོར་ནི།། སྐུ་ཡི་དཀྱིལ་འཁོར་དག་ལའོ།། གསུང་གི་བནྡྷ་དག་ལ་བྲི། ། འཁོར་ནི་ཡན་ལག་ནེ་སུག་ལའོ།། ཐུགས་ཀྱི་རང་རྟགས་ཕུར་བུ་ལ།། བྲིས་ལ་དར་གྱི་ཅོད་པན་གདགས།། ཐོད་པ་དུམ་བུ་གཅིག་པ་ལ།། ཡུམ་ཆེན་རྒྱས་འདེབས་ཕོ་བྲང་བཤམ།། རབ་བསྐྱེད་སྤྱན་དྲངས་མཆོད་བྱས་ལ། ། བྱིན་རློབས་དཀྱིལ་འཁོར་རིམ་པར་དགོད།། འདི་དེ་ཕྱིར་ཡི་དཀྱིལ་འཁོར་ཡིན།། བསྒྲུབ་པ་ནང་གི་དཀྱིལ་འཁོར་ནི།། གནས་ཀྱི་དམ་པ་དེ་རྙེད་ནས།། ཐུག་ཐུབ་རང་དགར་མ་ཡིན་ཕྱིར། ། བསླང་བའི་ཡུལ་དུ་གྱུར་པ་ཡི།། སྣང་བའི་དངོས་པོ་ཡོད་པ་ལ།། ཇི་ལྟར་འོས་པས་མཉེས་བྱས་ལ།། དེ་ནས་ངག་འཇམ་བདེན་པས་དགྲོལ།། བདག་གི་དབང་དུ་གྱུར་པར་བྱ།། མི་སྣང་ལྷ་འདྲེ་ཆགས་པ་ལ། ། ག་ལ་འོས་པའི་རྔན་པ་སྦྱིན།། ས་བདག་ལྷ་ཀླུ་འཁོར་བཅས་ལ།། མཐུན་པའི་གཏོར་མ་འདི་འབུལ་གྱིས།། ཚེ་རབས་བརྒྱུད་པའི་ཞེ་སྡང་བཅས།། དུས་འདིར་མཐུ་རྩལ་དབྱུང་དུ་གསོལ།། བདག་གི་ལས་འདི་མ་གྲུབ་པར། ། ཁྱེད་ལ་གནས་འདི་གཡར་ལགས་ཀྱིས།། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི།། ལས་རྣམས་ཁྱེད་ཀྱིས་མངོན་པར་བསྒྲུབ།། མ་གྲུབ་པར་དུ་གཞན་དུ་ཟུར།། དེ་སྐད་བརྗོད་ལ་གཏོར་མ་གཏང།། གཟུ་དང་དཔང་དུ་གྱུར་པ་ནི། ། གོང་དུ་ཇི་ལྟར་བཤད་པ་བཞིན།། བརྟག་པ་ལ་སོགས་འདིར་མི་སྦྱར།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། སྦྱོར་བའི་བྱིན་གྱིས་ཆག་ཆག་གདབ།། རོ་རས་སམ་ནི་རྒྱུས་ཆེན་ལ།། སྲད་བུ་ལེགས་པར་ཚད་ལྡན་བྱ། ། རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ།། སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ།། ཤིན་ཏུ་གཤེརབྱས་ཐིག་རྣམས་གདབ།། ཚངས་ཐིག་གོང་བཞིན་བཏབ་པ་ལས།། ཕྱེད་ཀྱི་ཆ་ལས་ཕོ་བྲང་ནི།། རྒྱ་མདུད་ཚུལ་དུ་གདབ་པར་བྱ། ། ཉི་ཤུ་རྩ་གཅིག་རི་མོ་ལ།། ཀ་བ་བརྒྱད་དང་གདུང་བཅུ་གཉིས།། འཕྲིན་ལས་རྣམ་བཞི་ཕོ་བྲང་ལྡན།། ས་ཚོན་བྱིན་རློབས་ཚུལ་བཞིན་བྲི།། བར་ཁྱམས་སྒོ་དང་བཅས་པ་རྣམས། ། གོང་མ་བཞིན་ཏེ་ཁྱད་པར་དུ།། སྟག་དང་ཤེ་ཀན་ཆུ་སྲིན་དང།། ཞིང་གི་རྒྱལ་མཚན་རྣམས་ཀྱང་དགོད།། ཐོད་པ་དུམ་བུ་དགུ་ནང་དུ།། ཏིལ་ཆེན་མེ་མར་ཁ་དགུ་གཏང།། རྡོ་རྗེ་ཤ་ཆེན་ཐང་མར་བརྡལ། ། ཀེང་རུས་ཚོགས་ནི་རི་ལྟར་སྤུངས།། གསུར་ཆེན་དུད་པ་རྒྱུན་མི་བཅད།། ཞིང་གི་བླ་རེ་སྤྲིན་ལྟར་གཏིབས།། ཞིང་ཕྲན་མང་པོའི་འཕན་ཕྲན་འཕྱང།། དབང་པོ་ཚངས་པའི་བནྡྷས་བརྒྱན།། གཞན་ཡང་རྒྱན་གྱི་རིམ་པ་རྣམས། ། ཇི་ལྟར་བཤད་པ་བཞིན་དུའོ།། གྲུ་ཆད་རྣམ་པ་བཞི་རྣམས་ལ།། བནྡྷ་མཚན་དང་བདུད་རྩིས་བཀང།། མཆོད་པའི་ཕྱིར་ན་བཞི་རྣམས་དགོད།། ཟུར་གསུམ་གདུག་པའི་ཆ་ལུགས་ཀྱིས།། གྲུ་གསུམ་མེ་འོད་འབར་འདྲ་བའི། ། དབུས་སུ་དྲེགས་པའི་གདན་དག་ལ།། བཅོམ་ལྡན་སྔགས་ཀྱི་བདག་པོ་དགོད།། ཤར་ལྷོ་ཚངས་པའི་སྟེང་དུ་ནི།། ཧཱུཾ་ཀ་ར་ཡི་མཚན་མ་དགོད།། བྱང་ཤར་ཚངས་པའི་བུ་ཕོའི་སྟེང། ། ཕག་གི་མགོ་ཅན་དགོད་པར་བྱ།། ཤར་ཕྱོགས་བརྒྱ་བྱིན་སྟེང་དུ་ནི།། རྣམ་པར་རྒྱལ་བའི་མཚན་མ་དགོད།། གཡས་སུ་བརྒྱ་བྱིན་བུ་ཕོའི་སྟེང།། སྟག་གི་མགོ་ཅན་དགོད་པར་བྱ།། ཤར་ལྷོ་མེ་ལྷའི་སྟེང་དུ་ནི། ། དབྱུག་པ་སྔོན་པོའི་མཚན་མ་དགོད།། གཡས་སུ་མེ་ལྷའི་བུ་ཕོའི་སྟེང།། གཡག་གི་མགོ་ཅན་དགོད་པར་བྱ།། ལྷོ་ཕྱོགས་གཤིན་རྗེའི་གདན་ལ་ནི།། གཤིན་རྗེ་གཤེད་པོའི་མཚན་མ་དགོད།། གཡས་སུ་གཤིན་རྗེའི་བུ་ཕོའི་སྟེང། ། ཤ་པའི་མགོ་ཅན་དགོད་པར་བྱ།། ལྷོ་ནུབ་སྲིན་པོའི་སྟེང་དུ་ནི།། མི་གཡོ་མགོན་པོའི་མཚན་མ་དགོད།། གཡས་སུ་སྲིན་པོའི་བུ་ཕོའི་སྟེང།། གཟིག་གི་མགོ་ཅན་དགོད་པར་བྱ།། ནུབ་ཏུ་ཀླུ་ཡི་གདན་སྟེངས་སུ། ། རྟ་མགྲིན་མཚན་མ་དགོད་པར་བྱ།། གཡས་སུ་རླང་ལྷའི་ཡི་བུ་ཕོའི་སྟེང།། བྱི་ལའི་མགོ་ཅན་དགོད་པར་བྱ།། ནུབ་བྱང་རླུང་ལྷའི་སྟེང་དུ་ནི།། གཞན་གྱིས་མི་ཐུབ་མཚན་མ་དགོད།། གཡས་སུ་ཀླུ་ཡི་བུ་ཕོའི་སྟེང། ། སྤྱང་ཁུའི་མགོ་ཅན་དགོད་པར་བྱ།། བྱང་ཕྱོགས་གནོད་སྦྱིན་གདན་སྟེངས་སུ།། བདུད་རྩི་འཁྱིལ་བའི་མཚན་མ་དགོད།། གཡས་སུ་གནོད་སྦྱིན་བུ་ཕོའི་སྟེང།། སེང་གེའི་མགོ་ཅན་དགོད་པར་བྱ། ། བྱང་ཤར་དབང་ལྡན་གདན་སྟེངས་སུ།། ཁམས་གསུམ་རྣམ་རྒྱལ་མཚན་མ་དགོད།། གཡས་སུ་དབང་ལྡན་བུ་ཕོའི་སྟེང།། དོམ་གྱི་མགོ་ཅན་དགོད་པར་བྱ།། བྱང་ནུབ་ས་བདག་གདན་སྟེངས་སུ།། སྟོབས་ཆེན་མཚན་མ་དགོད་པར་བྱ། ། གཡས་སུ་ས་བདག་བུ་ཕོའི་སྟེང།། དྲེད་ཀྱི་མགོ་ཅན་དགོད་པར་བྱ།། སྒོ་བ་ལ་སོགས་གོང་མ་བཞིན།། ཁྲོ་བོའི་ཕུར་པ་མང་པོ་ཀུན།། གྲཝ་ཡི་ཕྱོགས་སུ་སྤུངས་ཏེ་གཞག། རྫས་དང་ལ་ཆས་བསྐོར་ཏེ་བཞག། ནང་གི་དཀྱིལ་འཁོར་དམ་པའོ།། གསང་བའི་དཀྱིལ་འཁོར་དམ་པ་གཉིས།། གསང་བ་ཕྱི་ནང་གསང་བ་ནས།། གསང་བ་ཕྱྀ་ཡི་དཀྱིལ་འཁོར་ནི།། ལས་རྣམས་གོང་དུ་བསྟན་པ་ལས། ། ཡེ་ནས་དག་པའི་གཞལ་ཡས་ཁང།། ཆོས་དབྱིངས་འབྱུང་བ་ཨེ་ཡི་དབྱིབས།། གདུག་པའི་གཞིགས་ཕྱིར་འབྲུབ་ཁུང་སྟེ།། གསོད་ཕྱིར་རྩེ་མོ་ལྷོ་རུ་བསྟན།། གདུག་ཕྱིར་དུག་གི་ཆག་ཆག་གདབ།། སྐུ་གསུང་ཐུགས་ལྡན་བར་རིམ་གསུམ། ། ངར་ལྡན་དུར་ཁྲོད་སོལ་བས་བྱུག། འགུགས་ཤིང་འདྲེན་ཕྱིར་ཧཱུཾ་ཕཊ་དགོད།། འཕྲ་མེན་བསྐུལ་ཕྱིར་རྩང་ཐོད་དང།། གཞུག་ཕྱིར་ཐོད་པ་ལྕགས་ཀྱུ་བྲི།། ཐ་དད་ལས་རྣམས་བྱ་བའི་ཕྱིར། ། ལོགས་ལ་ཧཱུཾ་གསུམ་གཞག་པ་ཡིན།། དེ་ལ་གཡོ་བའི་སེམས་འབྱུང་ཕྱིར།། ཟུར་ལ་ཕཊ་གསུམ་གཞག་པ་ཡིན།། དྲི་མ་དྲུག་དང་རྫས་རྣམས་ལ།། ཏིང་འཛིན་ཡེ་ཤེས་གསལ་བའི་ཕྱིར།། ཤིན་ཏུ་གསལ་ཞིང་དོད་པར་བྱ། ། ཀི་ར་མཾ་ས་དུག་གིས་བྱུག། བསྒྲལ་བའི་ཞིང་བཅུ་ཞེ་གཅོད་ཅིང།། ཡང་ནས་ཡང་དུ་སྨིན་པར་བྱ།། མགོ་བོ་ལྷོ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར་མཚམས་སུ་སྟེ།། གན་ཀྱལ་དག་ཏུ་གཞག་པར་བྱ། ། ནང་དུ་གཞལ་ཡས་དྲག་པོ་ལ།། ལྷ་ཚོགས་བཅུ་གཅིག་ཁྲོས་པས་བརྟག། རྒོད་ཅིང་བྱིན་བརླབས་སྔ་མ་བཞིན།། ཁ་ཁྱེར་དང་པོ་དག་ལ་ནི།། ཉི་ཤུ་རྩ་གཅིག་སྲས་ཀྱི་ཚོགས།། ཤིན་ཏུ་དྲག་པོའི་ཆ་ལུགས་ལ། ། ཞབས་ཀྱང་དྲག་པོའི་ཚུལ་དུ་བཞུགས།། དེ་ཡི་ཕྱི་རིམ་ཕོ་ཉའི་ཚོགས།། རྩང་ཐོད་དག་ལས་བསྐྱེད་པར་བྱ།། དེ་ཡི་ཕྱི་རིམ་ཁ་ཁྱེར་ལ།། ལྕགས་ཕྱེ་དང་ནི་ཟངས་ཕྱེ་དང།། རྡོ་ཕྱེ་དུག་དང་ཁྲག་སྣང་དང། ། ཐུན་རྫས་རིམ་པས་མཐའ་བསྐོར་ལ།། གསད་པའི་ལས་མཁན་རྫས་སུ་གཞག་གཞན་ཡང་གནན་དང་བསྲེགས་པ་དང།། འཕང་པའུ+ི་རྫས་རྣམས་ཅི་འབྱོར་བཤམ།། གསད་པ་ལས་ཀྱི་དཀྱིལ་འཁོར་ཡིན། ། གསང་བའི་ནང་དུ་གསུངས་པ་ནི།། རྣམ་པ་གཉིས་སུ་ཤེས་པར་བྱ།། ཆགས་ལ་མོས་པའི་དོན་ཆེད་དུ།། ཕྱི་ཡི་རིགས་དང་སོ་སོའི་རིགས།། པདྨ་ཅན་དང་དུང་ཅན་མ།། ལྗོན་པ་མ་དང་ལྕུག་ཕྲམ།། བན་གླང་ཅན་དང་རི་མོ་ཅན། ། གདོང་ཅིག་རེག་མ་ལ་སོགས་པ།། རིགས་ལྔ་ཕྱི་ཡི་དབང་ཅན་ནས།། ལས་བཞི་སོ་སོ་དབྱིབས་ཀྱིས་བརྟག། མཆོག་དང་རབ་དང་འབྲིང་དང་མཐའ།། པདྨའི་རིང་ཐུང་ཡོད་པས་སོ།། རི་ལུ་དང་འོག་ཐ་ལྟག་སྟེ། ། སྲན་ཙམ་གཉིས་ཀྱང་གླང་པོའི་ཀླུང།། ཡང་དང་ཡང་དུ་རོམ་མོ་བྱ།། ལྕེ་ཡིས་རོལ་མོ་བྱ་བ་ཡིན།། གནད་དགུ་རུ་ནི་སེན་མོ་གདགས།། མ་མཆུ་སོ་ཡིས་བྲུད་པར་བྱ།། དེ་ནས་གཉིས་མེད་སྦྱོར་བ་བྱ། ། སྲ་དང་དྲོད་དང་གཤེར་དང་བསྐྱོད།། བྱང་ཆུབ་སེམས་ནི་སྤྱན་དྲངས་ནས།། དགའ་དང་མཆོག་དགའ་རང་བཞིན་དགའ།། བྲལ་བའི་དགའ་བའི་རང་བཞིན་ཅན།། སྙོམས་འཇུག་ཕོ་བྲང་དེར་ཞུགས་ནས།། སྤྱན་དྲང་རླུང་གི་ལྕགས་ཀྱུ་སྟེ། ། གཟུང་བ་རླུང་ཉིད་བསམ་པའོ།། བརྗོད་པ་རུས་སྦལ་ལྟ་བུ་སྟེ།། སེམས་བཟུང་ཐབས་མཁས་ལྕགས་ཀྱུའོ།། དེ་ལྟར་བྱང་སེམས་རབ་བབས་ནས།། རང་བཞིན་ལྷན་ཅིག་སྐྱེས་པ་འབྱུང། ། གྲོལ་བ་ལམ་པའི་དོན་ཆེད་དུ།། རྟེན་མེད་ནང་གི་དཀྱིལ་འཁོར་ནི།། རང་ལུས་གཞལ་ཡས་འདི་ལྟར་བརྟག། རྐང་པ་རླུང་གི་དཀྱིལ་འཁོར་ལ།། ལྟེ་བ་མཐའ་ཟད་མེ་དཀྱིལ་འཁོར་རོ།། རོ་སྟོད་ས་ཡི་དཀྱིལ་འཁོར་རོ། ། མགོ་བོ་རིབ་རང་བཞིན་ཏེ།། ནམ་མཁའ་ཀུན་གྱི་གོ་འབྱེད་པའི།། དེ་ལས་རང་བྱུང་གཞལ་ཡས་ནི།། སྙིང་ཁར་ཆོས་ཀྱི་ཕོ་བྲང་ནི།། ཁ་དོག་མཐིང་ཁ་ཡི་གེ་དགུ། ཕྱོགས་བཞིར་ཡབ་ཡུམ་ཡི་གེ་བརྒྱད། ། དྲན་རྟོགས་བསྐྱེད་པའི་ཡི་གེ་གཅིག། བརྒྱད་ནི་འཁོར་ལོའི་འདབ་མ་ལའོ།། གཅིག་ནི་འཁོར་ལོའི་དབུས་ནའོ།། སྨྲ་བྱེད་སྒོ་དགུ་ཞེས་བྱའོ།། མགྲིན་པ་ལོངས་སྤྱོད་ཕོ་བྲང་ནི།། འདབ་མ་བཅུ་དྲུག་སྒོ་བཞི་ལྡན། ། འབྱུང་བའི་ཡི་གེ་བཞི་ཡིས་སྤྲས།། དབུས་སུ་ཡི་གེ་ཨོཾ་ཡིན་ཏེ།། སྐུ་ཡི་དངོས་པོ་ཡི་གེ་ལྔ།། ཆགས་འབྱེད་རྟགས་འཛིན་མདུད་པ་གསུམ།། རི་རབ་འབྲས་བུ་བདེ་ཆེན་གནས།། འདབ་མ་སུམ་ཅུ་རྩ་གཉིས་ཏེ། ། ཨཱ་ལི་གཉིས་ཀྱིས་ཡོངས་སུ་སྤྲས།། འབྲས་བུ་བྱང་སེམས་ཡི་གེ་ཧཾ།། མི་ཤིགས་པ་ཡི་སྙིང་པོ་སྟེ།། རྟག་པར་གཞོམ་མེད་ཁ་དོག་བལྟས།། མཚན་མ་མེད་པའི་སྐུ་ཞེས་བྱ།། འབྱུང་འཇུག་བྱེད་པའི་སྒོ་དྲུག་ཅན། ། ས་བོན་ཁ་བ་ལྟ་བུར་གནས།། སྤྲུལ་པའི་ཕོ་བྲང་དྲུག་ཅུ་བཞི།། ཀུན་འབྱུང་སྒོ་ནི་དྲུག་གིས་བརྒྱན།། སྟོན་པ་དེ་དབུས་ཨོཾ་གྱི་གཟུགས།། ཐམས་ཅད་འབྱུང་བའི་ཨོཾ་ཞེས་བྱ།། དེ་ཡི་མཚན་ཉིད་བརྗོད་བྱ་བ།། ཁ་དོག་དཀར་པོ་ཡེ་ཤེས་བཞི། ། དབུས་ཀྱི་རི་བོར་འཛིན་པ་སྟེ།། ལྟེ་བའི་མཐའ་ལ་གནས་ཞེས་བྱ།། རྡོ་རྗེ་གསང་འཇུག་ཕོ་བྲང་ནི།། མཚོན་བྱེད་འོད་གསལ་བདེ་ཆེན་འབྱུང།། རིན་པོ་ཆེ་ཡིས་བརྒྱན་པ་སྟེ།། མཚོན་བྱེད་སྒོ་ནི་གཅིག་པའོ། ། རྡོ་རྗེ་སྙོམས་འཇུག་ཕོ་བྲང་ནི།། རིན་པོ་ཆེ་ཡི་ཁང་པ་ལ།། འབྱུང་བ་ལྔ་ཡི་རྒྱན་དང་ལྡན།། དྲུག་ཅུ་རྩ་བཞི་དབུས་ན་བཞུགས།། བརྗོད་མེད་བརྗོད་བྲལ་དེ་བཞིན་དོན།། མ་བཅོས་ལྷུན་གྱིས་གྲུབ་པར་གནས། ། གཞལ་ཡས་བྱེ་བྲག་དེ་ལྟར་གནས།། གསང་བའི་གཞལ་ཡས་དམ་པ་ལ།། ཀུན་གྱི་མཚན་ཉིད་རྫོགས་ཞེས་བྱ།། དེ་ལ་བརྟག་ཅིང་འཕྲོར་མི་གཞུག། དེ་ཡང་འདི་ལྟར་བརྟག་བྱ་བ།། ཆོས་དབུས་ཡེ་ཤེས་སེམས་དཔའ་སྟེ། ། དེ་དབུས་ཏིང་འཛིན་སེམས་དཔའོ།། ཏིང་འཛིན་ཧཱུཾ་གི་རང་བཞིན་ལས།། འོད་ཟེར་ཕྱོགས་བཅུར་འཕྲོས་གྱུར་པས།། ཕྱི་ནང་གཞལ་ཡས་གསལ་བྱས་ཏེ།། སྲིད་པ་གསུམ་ཡང་གསལ་བྱས་བྱས། ། དུས་གསུམ་སངས་རྒྱས་བྱང་ཆུབ་སེམས།། མི་འགྱུར་བ་ཡི་འོད་ཅེས་བྱ།། ཕྱོགས་བཅུའི་རྒྱལ་བའི་སེམས་བསྡུས་ནས།། སླར་ཡང་རིམ་གྱིས་ཧཱུཾ་ལ་ཐིམ།། ཧཱུཾ་ཡང་རིམ་གྱིས་ཐིག་ལེའི་ནང། ། ཡོངས་སུ་དག་པའི་དོན་ཅེས་བྱ།། ངེས་པར་སྙིང་པོའི་འབྲུ་བཀོད་དེ།། ཙ་ན་ཀ་ཡི་འབྲུ་ཙམ་ལ།། བདེ་བར་གཤེགས་པའི་སྐུ་ཡང་བསྐྱེད།། ཤིན་ཏུ་དོད་ཅུང་གསལ་བལྟས་ལ།། དབུགས་དབྱུང་འགྲོགས་ནས་གཡས་ནས་སྤྲོ། ། མཐོ་གང་མཐོ་དེ་ཇི་སྲིད་བར།། བྱང་ཆུབ་སེམས་ནི་དེར་བཟུང་བྱ།། གལ་ཏེ་ནང་དུ་འཇུག་ན་ཡང།། དབུགས་དང་འགྲོགས་ནས་གཡོན་ནས་འཇུག། ཐིག་ལེ་སྐུ་ལ་ཐིམ་པར་བརྟག། ཡུང་དང་སྐད་ཅིང་ཐུན་ལ་སོགས།། ཇི་ལྟར་གནས་པའི་བར་དུ་བརྟག། དེ་ལྟར་རིམ་པ་ཡང་ནས་ཡང།། སེམས་དེ་ངེས་པར་ཟིན་པ་དང།། མཐར་ནི་དམིགས་པར་མི་འགྱུར་ཏེ།། གང་ལ་དམིགས་པའི་སེམས་མེད་དོ། ། གསང་བའི་རིམ་པ་ཡང་གསུངས་པ།། གསང་བའི་ཕོ་བྲང་དབུས་སུ་ནི།། བྱང་ཆུབ་སེམས་ཆུ་རབ་ཕབས་ནས།། རྡོ་རྗེ་ཆོག་རྣམ་གསུམ་གྱིས།། བདེ་བར་གཤེགས་པའི་སྐུ་རྣམས་བསྐྱེད།། སྐད་ཅིག་མ་ལ་ཡོངས་རྫོགས་བྱ། ། དེ་ལས་ཤིན་ཏུ་ཕྲ་བ་སྟེ།། པདྨའི་སྣ་རྩེ་ལ་རྫོགས་བྱ།། དེ་ལས་སེམས་བསྡུ་བསྟན་པར་གཟུང།། དེ་ལ་སེམས་དེ་བསྟན་པ་ཡང།། དུས་གཅིག་ཏུའམ་རེ་རེ་སྤྲོ།། རིམ་པས་རིམ་པར་གསལ་བར་སྤྲོ། ། འཕྲོས་པས་དེ་ལ་སེམས་གཟུང་གཞག། གལ་ཏེ་དེ་ལ་མི་གནས་ན།། སླར་ལ་ནང་དུ་རིམ་ཞུགས་བརྟག། དེ་ལ་ནན་ཏན་བསྐྱེད་བྱས་ལ།། སེམས་བསྡུས་ནང་ནས་གནས་པར་བྱ།། དེ་ལ་སེམས་གནས་བསྟན་པ་དང། ། འཇིག་རྟེན་གསུམ་དུ་སྤྲོས་འགྱུར་ཡང།། དེ་ལས་གཞན་དུ་མི་གཡོ་བའོ།། དེ་ལས་རང་བཞིན་མེད་བརྟགས་ཏེ།། གང་ལའང་དམིགས་པར་མེད་པར་འགྱུར།། དེ་ལས་རིམ་པ་ཡང་གསུངས་པ། ། རླུང་གིས་རབ་བསྐྱོད་མེ་སྤར་ཏེ།། ཡི་གེ་ཡོངས་སུ་ཞུ་བའི་འོད།། གཡས་བྱུང་ཆོས་སྐུ་ཡོངས་བཞུ་ནས།། དེ་འོད་རྩ་གཡས་ལོངས་སྤྱོད་ལ།། བསྐོར་བ་གསུམ་བྱས་ཡི་གེ་བཞུ།། བདེ་ཆེན་གནས་སུ་ཧཾ་སྤྲོས་ཏེ། ། ཕྱིར་འཐོན་ཕྱོགས་བཅུར་འཕྲོས་པ་ལས།། ཕྱོགས་བཅུའི་རྒྱལ་བའི་བྱང་ཆུབ་སེམས།། ཐམས་ཅད་བསྡུས་ཏེ་སྟེང་སྒོར་ཐིམ།། ཨ་བ་དྷུ་ཏིའི་གནས་ནས་བྱུང།། སམ་པོ་ཀ་རུ་སེམས་གཟུང་བྱ།། ལུས་སེམས་ཡེ་ཤེས་མི་རྟོག་སྐྱེ། ། སྟོན་བས་དེ་ལུང་བསྒོམ་ཞེས་བྱ།། དེ་ནས་འཇུག་པའི་ལམ་ཞུགས་ཏེ།། སྤྲུལ་པའི་གནས་སུ་བཀའ་ལུང་ནོས།། ཡང་དག་པར་ནི་དེ་སེམས་གཞག། གཉིས་མེད་དོན་གྱི་ལུང་ཐོབ་འགྱུར།། དེ་རུ་མ་གནས་དབུས་ནས་གཤེགས། ། ཆོས་སྐུའི་གནས་སུ་ཡང་དག་གནས།། ལུས་རྣམས་ཡང་དང་སྐྱེ་བར་འགྱུར།། སྐྱེས་ནས་བསྐལ་བའི་བར་དུ་གནས།། ཆོས་ཀྱི་དབྱིངས་སུ་མི་གནས་ན།། ནི་རིམ་ཀའི་གནས་སུ་དྲང། ། དེ་རུ་སེམས་ནི་གཞག་པར་བྱ།། དེ་ལྟར་ཡང་ནས་ཡང་དུ་བྱ།། རྣམ་རྟོག་མེད་པའི་ཡེ་ཤེས་སྐྱེ།། འབྱུང་བས་སྲེག་ཅིང་འཇུག་པས་གསོ།། གནས་སུ་བྱང་ཆུབ་སེམས་འོད་ལས།། རྣལ་འབྱོར་མིག་གི་འོད་ཟེར་གྱིས། ། གཡོ་མེད་མི་འགྱུར་འོད་ལ་བལྟ།། སངས་རྒྱས་ཡེ་ཤེས་ནམ་མཁའ་འབྱུང།། འདི་ཡང་ནང་གི་ཐིག་ལེ་ཡིན།། དོན་དུ་གང་ལ་མོས་པ་ནི།། རབ་ཏུ་འབད་དེ་ཡིད་གཞུངས་ན།། ཡེ་ཤེས་སྐྱེ་བོ་ངེས་པར་མེད། ། ཇི་ལྟར་བརྟགས་པ་དེ་སྣང་བས།། སངས་རྒྱས་ཡེ་ཤེས་མཆོག་གྱུར་ཞེས།། དུས་གསུམ་རྒྱལ་བ་རྣམས་ཀྱིས་བཤད།། ཅེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ཕྱི་ནང་གསང་བའི་དཀྱིལ་འཁོར་ཡོངས་སུ་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་ཀརྨ་ཀཱི་ལ་ཡས།། ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། གང་ཟག་དང་པོ་ས་པ་ཡིས།། འདི་ནི་སྒོམ་ཞིང་བསྒྲུབ་པ་དང། ། ཏིང་འཛིན་དཀྱིལ་འཁོར་མི་འཚལ་ལམ།། ཐབས་དང་བཅས་པའི་རིམ་པ་ཡིས།། བསྒོམ་ཞིང་བསྒྲུབ་པ་ཇི་ལྟར་ལགས།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་བཀའ་སྩལ་པ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྗེས་སུ་བསྒྲུབ་པའི་རྣལ་འབྱོར་བས།། ཏིང་འཛིན་དཀྱིལ་འཁོར་བསྒོམ་པ་ཡང།། རིམ་པ་གསུམ་དུ་ཤོས་པར་བྱ།། དང་པོ་ཕྱི་ཡི་རྣལ་འབྱོར་ནི། ། བསྐྱེད་པའི་རིམ་པས་ལེགས་འཇུག་བྱ།། ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས།། བྱམས་དང་སྙིང་རྗེ་སྔོན་བསྟང་ནས།། ཚངས་པའི་གནས་བཞི་བསྒོམ་པར་བྱ།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། ། ལས་རྣམས་ཀུན་ལ་འཇུག་པ་དང།། བར་ཆོད་བགེགས་རྣམས་བསལ་བའི་ཕྱིར།། ཕྱི་ནང་གསང་བའི་མཚམས་སུ་བཅད།། བདག་ཉིད་སྣོད་དུ་གྱུར་ནས་ནི།། དམ་སྲི་མནན་པའི་ལས་བྱ་ཞིང།། དོན་ཡོད་གྲུབ་པའི་ཕོ་བྲང་གདབ། ། རྣམ་བཞི་ལས་ཀྱི་བྲོ་བརྡུང་ངོ།། དུར་ཁྲོད་བདག་པོ་མ་ཏྲམ་ནི།། བརྗིད་པའི་སྟོབས་ཀྱི་མནན་བར་བྱ།། ཁོག་པ་གཞལ་ཡས་ཁང་དུ་བསྐྱེད།། དུར་ཁྲོད་ཆེན་པོའི་གནས་ཆེན་ཡིན།། ཕུར་བ་དར་གྱི་ཅོད་པན་ཅན། ། ཁྲོ་བོ་བཅུ་རུ་བྱིན་རློབས་ལ།། ཕྱོགས་མཚམས་སྟེང་འོག་བགེགས་འདུལ་ལོ།། མ་ནོར་མ་བཅོས་དབྱིངས་ཉིད་ལས།། བཙལ་བ་མེད་པའི་རིག་པ་ཡིན།། སྟོང་པ་ཆེན་པོའི་ཏིང་འཛིན་དུ།། ཇི་བཞིན་པ་ཡི་ངང་ལ་གཞག། ཨོཾ་མ་ཧཱ་ཤུནྱ་ཏ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། སྙིང་རྗེ་ནམ་མཁའི་ངོ་བོ་ལས།། བླང་དང་དོར་མ་ཡེ་མི་བྱེད།། མཚམས་འབྱོར་ཆེན་པོའི་ཏིང་འཛིན་གྱིས།། ཀུན་ཀྱང་ཆུ་ཟླའི་ཚུལ་དུ་བསྒོམ། ། འབྲས་བུ་མཚོན་ཆེན་འབར་བ་ནི།། རྒྱུ་མཆོག་འབྲས་བུ་ཡི་གེ་ཧཱུཾ།། གཉིས་མེད་མཚོན་པའི་ལམ་བཟང་པོ།། ཟུང་དུ་འཇུག་པའི་རང་བཞིན་ཡིན།། ཆོས་ཀུན་རྩ་བ་སེམས་ཉིད་པས།། ཕྱི་ནང་དངོས་པོ་མ་ལུས་ཀུན། ། རཾ་གྱིས་བསྲེགས་ལ་ཡཾ་གྱིས་གཏོར། ཁཾ་ལས་ཆུ་བྱུང་དག་པར་བསམ།། ཧཱུཾ་གིས་འོད་ཟེར་རབ་འབར་བས།། སོ་སོའི་སྐུ་རུ་གསལ་བལྟས་ཏེ།། དེ་ལ་འོད་ཟེར་འཕྲོས་པ་ཡིས།། ལས་གཉིས་བྱས་ནས་སླར་འདུས་པས། ། རྡོ་རྗེའི་ར་བ་དྲ་བ་དང།། ཁང་པར་ཡོངས་སུ་བསམ་པར་བྱ།། དེ་ནི་ཐུན་མོང་མཚམས་ཞེས་བྱ།། ཁྱད་པར་བཀའ་ཡི་འཁོར་ལོ་ནི།། བདག་གིས་དེ་ལ་བཀའ་སྩལ་ནས།། བགེགས་ཀྱི་ཚོགས་ལ་ཡོངས་བཏབ་པས། ། དགེ་སྡིག་ལས་ཀྱི་ཤན་ཕྱེ་ནས།། དབང་བསྐུར་ལས་ཀྱི་གཉེར་གཏད་དོ།། ཧཱུཾ་ཉིད་ཤེས་རབ་ཨར་བསལ་བས།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། ཨེ་ལས་མཐིང་ཁ་ནམ་མཁའི་དབུས། ། ཡཾ་ལས་རླུང་གི་དཀྱིལ་འཁོར་ཆེ།། ར་ལས་རཀྟའི་རྒྱ་མཚོར་གྱུར།། སུ་ལས་མཆོག་ཕྲན་ས་གཞིར་ཆགས།། དེ་སྟེང་ཀམ་ལས་རི་རབ་སྟེང། རམ་ལས་ཡེ་ཤེས་མེ་བྱུང་སྟེ། ལས་གཉིས་ཡོངས་སུ་རྫོགས་སུ་རྫོགས་བྱས་ནས། ། འབྲས་བུའི་མམཚན་ཉིད་དེར་ཤེས་བྱ།། དེ་སྟེང་རྟེན་གྱི་དཀྱིལ་འཁོར་ནི།། བྷྲུཾ་ལས་གྲུབ་པའི་གཞལ་ཡས་ཁང།། མཐའ་དང་དབུས་མེད་མཁའ་དང་མཉམ།། ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། ། ཕྱི་དང་ནང་མེད་ཀུན་ཏུ་ནང།། འཁོར་ལོ་རྩིབས་བརྒྱད་རབ་ཏུ་འབར།། མཛེས་པའི་གྲུ་ཆད་བཞི་དང་ལྡན།། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས།། ཚད་མེད་བཞི་ཡི་སྒོ་ལྡན་ཞིང།། ཐོད་པ་འབར་བའི་རྩིག་པ་ལ། ། ཞིང་ཆེན་ཀ་བ་མཆོག་གི་གདུང།། མཆོག་ཕྲན་དྲལ་ཕྱམ་ཉི་ཟླའི་མིག། རཀྟ་འབར་བའི་ཞམ་ཆུ་འབབ།། ཞིང་གི་བླ་རེ་ཞིང་ཆུང་འཕན།། རྒྱལ་མཚན་ཙིཏྟའི་ཏོག་དང་ནི།། གདུག་པའི་སྒོ་དང་སྒོ་རྒྱན་བཅས། ། ཞིང་གི་ལྷུ་ཚིགས་མང་པོ་དང།། དུར་ཁྲོད་རྒྱན་གྱིས་མཛེས་པར་བརྒྱན།། མཐིང་ནག་པོ་ཡི་འོད་དང་བཅས།། ཕྱི་རིམ་རིན་ཆེན་འབར་བ་ལ།། ཁ་དོག་ལྔ་དང་ཡང་དག་ལྡན།། དེ་ལ་སོགས་པའི་རྒྱན་རྣམས་ནི། ། གཞན་ལས་གྲགས་པ་བཞིན་དུའོ།། དེ་དབུས་ཉི་ཟླའི་པདྨའི་སྟེང།། དྲེག་པའོ་གདན་དང་ཞིང་རྣམས་བསམ།། འདི་ནི་རྟེན་གྱི་དཀྱིལ་འཁོར་རོ།། རྒྱུ་ཡི་ཏིང་ངེ་འཛིན་རིམ་པ་ཡིས། ཆོས་ཀྱི་དབྱིངས་ལས་རང་སྒྲས་བསྐུལ། ། ཆོ་ག་གསུམ་གྱི་སྦྱོར་བ་ལས།། རབ་ཏུ་སྲོལ་གི་གོར་ཤར་བས།། རྡོ་རྗེ་གཞོན་ནུའི་དག་པའི་དབྱིངས། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ། ། དང་པོ་རྩེ་དགུ་མེ་དཔུང་བསྣམས།། བར་པ་རྩེ་ལྔ་ཁ་ཊྭཱཾ་ག། ཐམ་རི་རབ་ཕུར་བུ་འདྲིལ།། ཞིང་གི་གཡང་གཞིས་ཡ་བ་བསྐོར།། གླང་ཆེན་ཀོ་རློན་སྟག་གི་ཤམ།། མདོ་བཞི་སྦྲུལ་གྱི་ཆུན་པོ་ལ།། ཐོད་པ་ཚར་གསུམ་འཕྲེང་བས་བརྒྱན། ། ཐལ་ཆེན་ཞག་དང་རཀྟ་དང།། སྲོག་རྩ་ཨན་ཙ་ན་ཡིས་བརྒྱན།། དབུ་སྐྲ་ཁན་ནག་རལ་པ་ཅན།། དུར་ཁྲོད་སྨུག་ནག་མེ་རི་འཁྱིལ།། ཞབས་བཞི་བརྐྱང་བསྐུམ་ཚུལ་གྱིས་བཞུགས།། སྡང་མིག་བགྲད་པ་ཞེ་ལ་གནོན། ། མཆེ་བ་རབ་ཏུ་རྔམ་པ་གཙིགས།། ཨག་ཚོམ་འབར་ཞིང་འཇིགས་གཟུགས་ལྡན།། རབ་ཏུ་སྲོག་གི་གོ་ཤར་ནས།། གཉིས་མེད་སྐུ་དང་གསུང་ཐུགས་ལྡན།། ཆ་ལུགས་གཙོ་དང་མཐུན་པའམ། ། ཡང་ན་ཞལ་གཅིག་ཕྱག་གཉིས་པ།། གཡས་གཡོན་དྲིལ་བུ་བནྡྷར་ལྡན།། སྙིང་གི་གོ་རུ་བསྒོམ་བྱ་བ།། བྱང་ཆུབ་སེམས་ཀྱི་ངང་ཉིད་དེ།། རང་ལས་བྱུང་བའི་ཡེ་ཤེས་མཆོག། རྒྱལ་ཀུན་བ་གྱིས་མི་བརྙེས་ཏེ། ། དེ་ཉིད་ཚུལ་ནི་རྣམ་པ་གཉིས།། རང་གིས་བསྐོར་ནི་གནས་པ་དང། ཉོན་མོངས་དོན་དུ་ཡིག་འབྲུར་གནས།། དང་པོའི་ཚུལ་ནི་འདི་ལྟ་སྟེ།། སྐྱོན་གྱི་དྲི་མས་མ་གོས་པའི།། དཀར་པོའམ་རང་གི་མདོག་ཏུ་བསྟན། ། རྒྱུ་དང་འབྲས་བུར་ཡང་དག་ལྡན།། ཆ་ལུགས་དེ་བཞིན་ཕྱག་དེ་བཞིན།། གཡས་གཡོན་དང་པོ་རང་རྟགས་རྣམས་འཛིན།། བ་ཞེངས་དང་བཞུགས་དང་སྟང་སྟབས་ཚུལ།། ངེས་པ་མེད་པར་དག་བཤད། ། ཕུང་པོ་རྡོ་རྗེ་གཏམ་བྱས་ནས།། ཐབས་དང་ཤེས་རབ་གཉིས་མེད་ལྟར།། རྣམ་པར་ཤེས་པ་རྡོ་རྗེ་བསྒོམ།། ཡང་ན་ཡི་གེ་ཨོཾ་དུ་བསྒོམ།། གང་ཟག་རྣམས་ཀྱི་ཕུང་པོ་ཡང།། དཔེར་ན་རས་སྤྱིལ་ཉི་ཟེར་བཞིན། ། ཀུན་ཏུ་རྩ་ཡིས་གང་མོད་ཀྱང།། རྩ་ཡི་ངོ་བོ་གསུམ་མ་མ་ལྔ།། འོད་ཀྱི་རྣམ་པ་དངས་སྙིགས་གཉིས།། ཡི་གེ་འབྲུ་རུ་གནས་པ་སྟེ།། དག་པས་ཉོན་མོངས་སྤྲིན་རྣམས་འཇོམས།། ཁམས་གསུམ་ཉོན་མོངས་འཇོམས་པའི་མཆོག། དེ་ལས་འོད་ཀྱིས་རབ་བསྐུལ་བས།། ཕྱོགས་བཅུའི་རྒྱལ་བ་སྤྱན་དྲངས་ནས།། ཕྱི་ནང་གསང་བའི་མཆོད་པ་དང།། བསྟོད་དང་ཐུགས་དམ་རྗེས་བསྐུལ་བ།། རྡོ་རྗེ་གཞོན་ནུའི་རིགས་འཛིན་རྣམས། ། སྲིད་པ་རྡོ་རྗེ་བསྒྲུབས་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་ཟད་པ།། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ།། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས།། དབང་དང་བྱིན་བརླབས་འདིར་སྩོལ་ཅིག། དབང་བསྐུར་བྱིན་བརླབས་ནུས་མཐུར་བཅས། ། ལུས་དང་ཤེས་པ་རྒྱས་པ་ཡིས།། འབྲས་བུ་མངོན་པར་ཤར་བ་དང།། མཁའ་གསང་བྱིན་བརློབ་སྦྱོར་བའི་བརྡ།། ཐབས་དང་ཤེས་རབ་བསྣོལ་མར་བསྐུལ།། ཆོ་ག་ཐབས་ཀྱི་ཡན་ལག་བཞིས། ། གང་ལ་འཚམ་པའི་ཐབས་སུ་སྦྱར།། ཡང་ན་ཆོ་ག་གསུམ་གྱིས་ཏེ།། ཐམས་ཅད་གཡས་གཡོན་དང་པོ་ནི།། རྡོ་རྗེ་བནྡྷར་ཡང་དག་ལྡན།། ཐམས་ཅད་སྒྲོལ་བའི་མཐའ་བརྙེས་པས།། ཐ་མ་རི་རབ་ཕུར་བུ་འདྲིལ། ། རྣམ་རྒྱལ་རྡོ་རྗེ་འཁོར་ལོ་བསྣམས།། དབྱུག་སྔོན་རིན་ཆེན་མེ་དཔལ་བསྣམས།། གཤེད་པོ་ཐོད་དབྱུག་དགྲ་སྟའོ།། རྡོ་རྗེ་ཞགས་པ་མི་གཡོ་མགོན།། རྟ་མགྲིན་རལ་གྲི་སྦྲུལ་ཞགས་ཏེ།། བནྡྷ་རྔ་ཡབ་གཞན་མི་ཐུབ། ། རིན་ཆེན་དབྱུག་ཏོ་བདུད་རྩི་འཁྱིལ།། འཁོར་ལོ་མདའ་གཞུ་ཁམས་གསུམ་རྒྱལ།། ཧཱུཾ་ཆེན་རྒྱལ་པོ་མདའ་གཞུ་ལ།། སྟོབས་ཆེན་ཞགས་པ་ཐོ་བའོ།། རྡོ་རྗེ་སྲིན་མོ་ཆེན་མོ་རྣམས།། འཇིགས་བྱེད་ཆེན་པོ་ཇི་ལྟ་བར། ། གཡོན་ན་རང་རྟགས་དྲིལ་བུ་འཛིན།། ཤེས་རབ་ལྷ་མོས་ལུས་བརྒྱན་པའོ།། འཁོར་ལོ་གདན་ལ་རིམ་བཞིན་དུ།། ཕྱོགས་བཅུ་ཕྲ་མོ་འཁོར་བཅས་དགོད།། མདུན་དང་རྒྱབ་ཀྱི་ཕྱོགས་དང་དག་ཏུ། ། སྟེང་འོག་ཁྲོ་བོ་འཁོར་བཅས་དགོད།། ཐུགས་ན་འབར་བའི་སྲོག་ཀྱང་བཞུགས།། དབུ་ལ་རྫོགས་པའི་སངས་རྒྱས་བསྲུང།། ཀུན་ཀྱང་རིགས་དང་ཡེ་ཤེས་དབྱེ།། འཕྲ་མེན་རྣམས་ཀྱི་མདོག་དང་རྒྱ།། རྣམ་བཞི་ལས་ཀྱི་རིམ་པ་ཡིས། ། ཅིར་ཡང་འགྱུར་ཞིང་སྣ་ཚོགས་ཐོགས།། ཡང་ན་ཉིད་ཀྱི་རྟགས་འཛིན་པས།། ངེས་པ་མེད་པར་ཡང་དག་བཤད།། སྙིང་པོ་ཡི་གེ་ཧཱུཾ་བཅས་པའོ།། ཤར་སྒོ་པུ་ཤུད་མགོ་ཅན་ལ།། ལྷོར་ནི་སྐྱེ་ཀའི་མགོ་ཙན་དགོད། ། ནུབ་ཏུ་སྲིན་བྱའི་མགོ་ཅན་ལ།། བྱང་སྒོར་ཁྲ་ཡི་མགོ་ཅན་རྣམས།། ཞིང་ཆེན་གདན་ནམ་དམིགས་པའི་རྟེན།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང།། དྲིལ་བུ་ལ་སོགས་རིམ་པར་ལྡན།། ཕོ་ཉ་དཔུང་ཚོགས་ཉི་ཤུ་ནི། ། གཅིག་ལའང་གསུམ་གསུམ་དྲུག་ཅུར་ལྡན།། ཡང་ན་སུམ་བརྒྱ་དྲུག་ཅུར་སོགས།། བསམ་མི་ཁྱབ་པར་སྟོན་པས་གསུངས།། རང་རང་རྟགས་དག་བྱིན་བརླབས་པ།། ཐམས་ཅད་གོང་དང་མཐུན་པར་གསུངས། ། སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས།། ཡི་གེ་གསུམ་གྱི་འཕྲོ་འདུ་ཡིས།། བདག་དང་འཁོར་ནི་ཐམས་ཅད་ལ།། སྲོག་དང་དབང་དང་ཡེ་ཤེས་རྣམས།། ལུས་ངག་ཡིད་ལ་བསྐུར་བར་བྱ། ། ཡང་ན་རྡོ་རྗེ་གསུམ་གྱི་ལྷས།། བྱིན་གྱིས་བརླབ་པར་ཡང་དག་བཤད།། དང་པོ་སྟོན་པ་ཆོས་ཀྱི་སྐུ།། ཁྲོ་ཚོགས་ལོངས་སྤྱོད་རྫོགས་པའི་སྐུ།། དེ་ལས་བྱུང་བ་སྤྲུལ་པའི་སྐུ།། དེ་བཞིན་གཅིག་ལ་ཀུན་ཚང་བས། ། ངེས་པ་མེད་པར་ཡང་དང་བཤད།། རང་བཞིན་དཀྱིལ་འཁོར་བསྒྲུབ་པ་ནི།། སྲིད་པའི་ཕུར་བུ་བསྒྲུབ་པ་དང།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ལྕགས་ཀྱུས་བདེ་གཤེགས་གནས་ནས་དགུག། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ། དྲག་པོའི་འཕྲིན་ལས་རྫོགས་པའི་ཕྱིར།། དཀྱིལ་འཁོར་དང་བཅས།། རྟེན་དང་བཅས་པ་སྤྱན་དྲངས་ལ།། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང།། གཟུགས་དང་གཉིས་སུ་མེད་པར་བསྟིམ། ། རྟགས་དང་མཚན་མ་བསྟན་པ་དང།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། གདན་དང་ཕྱག་དང་བསྟིམ་ལ་སོགས།། ཕྱི་ནང་གསང་བའི་མཆོད་པས་མཆོད།། བསྟོད་དང་འཕྲིན་ལས་དྲག་པོས་བསྐུ།། བཟླས་དང་དངོས་གྲུབ་ནོད་པ་དང། ། བསྐྲད་དང་བསྡུ་དང་བསྲུང་བ་དང།། རིགས་མི་ནུབ་དང་སྤྱོད་ལམ་རྣམས་ལས།། ལ་འབྲས་བུ་ཅི་ཡོད་བཤད།། འདི་ནི་ཕྱི་ཡི་རིམ་པ་ཡིན།། ནང་གི་རིམ་པ་ཡང་གསུངས་བ།། ཉི་ཤུ་རྩ་གཅིག་ཨེ་ཡི་དཀྱིལ། ། མཐིང་ནག་འབར་བའི་གཞལ་ཡས་ལས།། དྲག་པོ་སྒྲོལ་བའི་ནུས་པར་ལྡན།། གཞལ་ཡས་མེ་འོད་འབར་བར་བསྒོམ།། ལོག་པར་ལྟ་བ་བསྒྲལ་བ་དང།། ངན་སེམས་འཆང་བ་མནན་སླད་དུ། ། འཇིགས་བྱེད་དྲག་པོའི་དཀྱིལ་འཁོར་ལ།། མཐིང་ནག་འབར་བའི་ཁྲོ་བོ་རྣམས།། ཞལ་གཅིག་ཕྱག་ཀྱང་གཉིས་པ་ལ།། ཕྱག་ན་དབང་དྲ་ག་ཕུར་བུ་དྲིལ།། ཡང་ན་གདུག་པའི་མཚོན་ཆ་བསྣམས། ། ཀུན་ཀྱང་མཐུན་པར་ཤེས་པར་བྱ།། གསོད་པ་ལས་མཁན་བསྐྱེད་པ་ནི།། ཚད་མེད་སྙིང་རྗེ་བསྐྱེད་པ་དང།། བྱང་ཆུབ་སེམས་ལ་དགའ་བ་ནི།། སྔོན་དུ་འགྲོ་བའི་མཆོག་ཡིན་ཏེ།། བསྒྲུབ་པ་པོས་ནི་ནན་ཏན་བྱ། ། ཁྲག་འཐུང་ཐུགས་ལ་གནས་པ་ནི།། ཡེ་ཤེས་རྩེ་མོ་མཆོག་ཡིན་ཏེ།། ཧཱུཾ་གསུམ་ལས་ནི་འདས་པའི་ཕྱིར།། རྩེ་མོ་མེད་པའི་ལས་སུ་བསྟན།། འདི་ནི་གཟུངས་དང་བྱིན་རླབས་དང།། བཟླས་བརྗོད་དང་ནི་འཕྲིན་ལས་དང། ། དུས་དང་གནས་དང་བདག་ཉིད་དང།། ཕུན་སུམ་ཚོགས་པ་བདུན་པོ་ཡིས།། དྲག་པོའི་ལས་ཀྱང་གྲུབ་པར་བྱེད།། རེ་ཞིག་རིམ་པ་འདི་བསྒོམ་བྱ།། བཅུ་གཅིག་ཉི་ཤུ་རྩ་གཅིག་གམ།། བཞི་བཅུ་གཉིས་སམ་བརྒྱ་རྩ་བརྒྱད། ། བདུན་ནམ་ལྔའམ་བཞིའམ་གཅིག། གནས་སྐབས་རང་གི་རིམ་པས་བསྐྱེད།། རྫས་ཀྱི་ཕུར་པ་གཞལ་ཡས་ཁང།། རྩེ་མོ་ཆོས་འབྱུང་རང་བཞིན་ཏེ།། རྒྱ་མདུད་གནམ་ས་གཉིས་བར་དུ། ། ལྕུམ་ཞོགས་རིན་ཆེན་ཟུར་བརྒྱད་དེ།། ནང་དུ་རིན་ཆེན་གཞལ་ཡས་ཁང།། རྒྱན་ལ་སོགས་པ་གཞུང་བཞིན་བསམ།། ནང་དུ་ཞིང་དང་ཉི་ཟླའི་སྟེང།། ཁྲག་འཐུང་ལྷ་ཚོགས་བསམ་པར་བྱ།། དེ་ཡང་བདག་ཉིད་ཐུགས་ཁའི་ཧཱུཾ། ། འོད་འཕྲོས་ཁྲག་འཐུང་སྤྱན་དྲངས་ཏེ།། གཞལ་ཡས་ཁང་དུ་བཞུགས་པར་བསམ།། ཕྱི་ནང་གསང་བའི་མཆོད་ཕུལ་ནས།། རྟེན་དང་བཅས་པར་འོད་དུ་ཞུ།། བདག་གི་ཞལ་ཐིམ་ལྟེ་དབུས་སྦྱང། ། ཡུམ་གྱི་མཁའ་ལ་སྤྲོས་པ་དང།། སྲས་ཀྱི་སྐུ་རུ་ཡོངས་རྫོགས་བསམ།། ཡང་ན་ཆོ་ག་གསུམ་ལས་ནི།། ཞལ་གསུམ་ཕྱག་བཞི་དྲག་པོའི་ཚུལ།། སྐུ་སྟོད་ཡན་ཆད་ཆས་རྣམས་ནི།། རྡོ་རྗེ་གོ་ཆ་ན་བཟར་གསོལ། ། སྦྲུལ་དང་ཐོད་རློན་འཕྲེང་བས་བརྒྱན།། ཐམས་ཅད་མཐུན་ཏེ་གཙོ་བོ་བཞིན།། ལྟེ་བ་མན་ཆད་ཆས་རྣམས་ནི།། ཨུཏྤལ་སྔོན་པོའི་མདོག་ཀྱང་འདྲ།། ཡེ་ཤེས་ཕུར་པ་དབུ་གསུམ་པོ།། བཏབ་ན་ལྷ་ཡང་རླག་པར་བྱེད། ། གཡས་ཀྱི་དང་པོ་སྟ་གྲི་ལ།། འོག་མ་རི་རབ་གནོན་ཚུལ་འཛིན།། གཡོན་པ་ཁ་ཊྭཱཾ་དྲིལ་བུ་འཛིན།། འོག་མ་ཕུར་པ་འདེབས་པའི་ཚུལ།། རྟག་པ་ཆེན་པོར་བཞུགས་པར་བསྒོམ།། བྱིན་བརླབས་དབང་བསྐུར་གཟི་བསྐྱེད་ལ། ། གདན་ལ་ཞུགས་སུ་གསོལ་བ་གདབ།། སྤྱི་བོ་ཟླ་སྟེངས་ཨོཾ་དཀར་པོ།། མགྲིན་པར་འདབ་བརྒྱད་དམར་པོ་ཧྲི།། ཐུགས་ཁར་ཉི་སྟེངས་ཕཊ་མཐིང་ནག། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསམ། ། ཡང་ན་སྤྲོ་བསྡུས་བྱིན་བརླབ་བསྡུ།། སྐུ་གསུང་ཐུགས་སུ་བྱིན་བརླབ་པའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི།། ཐུགས་ཁར་ཡི་གེ་འབྲུ་གསུམ་བསམ།། ལྟེ་བར་ཟུར་བརྒྱད་སྟེང་དུ་ས།། སྟེང་འོག་ཉི་སྟེང་ཧ་བསྒོམས་ཏེ། ། འཕྲོས་འདུས་ཡེ་ཤེས་ལྔར་ལྡན་བསམ།། འབྲུ་ལྔས་གནས་ལྔར་བྱིན་བརླབ་པའོ།། ལོགས་གསུམ་ཧཱུཾ་ལ་ཟུར་གསུམ་ཕཊ།། སྐུ་གསུང་ཐུགས་ཀྱི་རང་བཞིན་དང།། དེ་ཡི་འཕྲིན་ལས་རྣམ་གསུམ་གྱིས། ། དྲག་པོ་སྒྲོལ་བའི་ནུས་ལྡན་པར།། ཡེ་ཤེས་རྩེ་གཅིག་བྱིན་བརླབ་པའོ།། སྒྲོལ་བ་ལས་ཀྱི་སྐབས་སུ་ནི།། བྱི་ན་གྱིས་བརླབ་པ་ཡང་གསུངས་པ།། སྐུ་གསུང་ཐུགས་ཀྱི་ཁྲོ་བོ་ནི།། རེ་རེ་ལའང་གསུམ་གསུམ་དགུ། འཕྲོས་པས་ལན་གཉིས་རྫོགས་བྱས་ནས།། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ལ།། དྲག་པོའི་བྱིན་བརླབས་མཛད་པར་བསྐུལ།། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི།། དཀྱིལ་འཁོར་ལྷ་ཚོགས་བྱིན་བརླབ་བསྐུལ། ། རང་རང་རྟགས་འཛིན་ཁྲོ་བོ་རྣམས།། ཕུར་པའི་སྐུ་ལ་རབ་ཞུགས་པས།། རྟེན་དང་རྟེན་ཅན་ཚུལ་དུ་སྣང།། སྲིད་གསུམ་སྒྲོལ་བའི་ནུས་པར་ལྡན།། རིགས་ཀྱི་ཁྲོ་བོས་བྱིན་བརླབས་པའོ། ། གཞན་ཡང་བྱིན་གྱིས་བརློབ་པ་ནི།། གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་ལ།། དབུས་སུ་ཀུན་བཟང་ཡབ་ཡུམ་བསྐྱེད། ཆོ་ག་གསུམ་གྱི་སྦྱོར་བ་ཡིས།། རིགས་ལྔ་ཡབ་ཡུམ་རྫོགས་པར་བལྟ།། དེའང་རིམ་པ་འདི་ལྟ་སྟེ། ། གུང་མོ་རྣམ་པར་སྣང་མཛད་ལ།། མཐེ་བོང་མི་བསྐྱོད་པ་ཡི་སྐུ།། མཛུབ་མོ་རིན་ཆེན་འབྱུང་ལྡན་ཏེ།། སྲིན་ལག་དོན་ཡོད་གྲུབ་པའོ།། མཐེའུ་ཆུང་སྣང་བ་མཐའ་ཡས་སོ།། ཡུམ་ཡང་རིམ་པ་ཇི་ལྟ་བར། ། ཐབས་དང་ཤེས་རབ་གཉིས་མེད་བསྒོམ།། དམ་ཚིག་བླང་དང་སྙོམས་པར་འཇུག། བསྐྱོད་དང་བྱང་སེམས་འོད་འཕྲོས་པས།། ལས་གཉིས་ཡོངས་སུ་རྫོགས་བྱས་ནས།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། ། ཤིན་ཏུ་དྲག་པོའི་འཕྲིན་ལས་བསྐུལ།། སྦྱོར་བའི་བྱིན་བརླབས་འོད་དུ་ཞུ།། ཐུགས་ཁར་ཐིམ་ནས་སྐུ་ཡི་དབྱིག། རྡོ་རྗེའི་ལམ་ཞུགས་ཡུམ་གྱི་མཁའ།། ཙ་ན་ཀ་ཡི་འབྲུ་ཙམ་དུ།། སྲས་ཀྱི་སྐུ་ལ་རབ་བཞུགས་པས། ། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི།། ངོ་བོ་ཉིད་དུ་གྱུར་པས་བརྟག། གསང་བའི་དབང་དང་བྱིན་བརླབ་ནོས།། རིགས་ལྔ་ཉིད་དུ་འོད་ཞུ་བསྟིམ།། ལག་གི་རྩོལ་བས་བྱིན་བརླབས་པའོ།། ཐབས་དང་ཤེས་རབ་གཉིས་བར་དུ། ། གའུའི་དབུས་སུ་ཉུངས་ཀར་བཞག། ཐབས་དང་ཤེས་རབ་དག་གི་མཐུས།། ཁྲོ་ཆུང་འཇིགས་པའི་གཟུགས་ཅན་ནི།། ཤིན་ཏུ་དོད་ལ་བསམ་མི་ཁྱབ།། བསྣུན་པས་གཟུགས་དང་གཉིས་སུ་མེད། ། ཤིན་ཏུ་རྣོ་ཞིང་དབལ་དང་ལྡན། འོད་ཟེར་འབར་བར་གྱུར་པས་བརྟག། ཐབས་མཆོག་ཉི་མའི་དབུས་སུ་ནི།། ཧོ་ལས་མེ་དཔུང་འབར་བར་གྱུར།། འདྲེ་འབྲོས་ཐང་ཆུ་དེ་ལས་བསྲེགས།། བདུག་པས་མཉེས་པའི་མཆོད་པ་དབུལ། ། ཧོ་ལས་བྱུང་བའི་དུར་ཁྲོད་མེ།། སྨུག་ནག་དཀྱིལ་ན་བཞུགས་པར་བརྟག། ར་ཡི་ཁྲག་དང་གསུར་ཆེན་དང།། པདྨ་རཀྟ་ནིམ་པའི་ལོ།། སྡོང་པོ་རྐང་གཅིག་ཁྲག་གིས་བྱུག། ཤིན་ཏུ་ཆགས་ཤིང་ཞེན་པར་བསམ། ། ཧཱུཾ་བཞི་གསལ་འཕྲོ་ཧཱུཾ་བཞིའི་ཚོགས་ལས་བསྐྱེད།། སྐུ་གཅིག་དང་ལས་དཀྱིལ་འཁོར་ཐམས་ཅད་རྫོགས།། དབུ་ལ་རྒྱ་མདུད་རང་བཞིན་ཐབས་ཡིན་ཏེ།། དབུས་སུ་རྒྱ་མདུད་བསྟན་པས་ཤེས་རབ་པོ། ། ཐབས་དང་ཤེས་རབ་གཉིས་ལས་ཡོངས་རྫོགས་པ།། ལོ་བརྒྱད་རང་བཞིན་ཁྲོ་བོ་ཆེན་པོ་བརྒྱད།། ཟུར་བརྒྱད་འབྱུང་བའི་རང་བཞིན་ཁྲོ་མོ་བརྒྱད།། ཟུར་སྟེང་ཆུ་སྲིན་ཁ་ན་སྒོ་མོའི་ཚོགས། ། ཐུགས་མཆོག་མཉམ་པའི་དབྱིངས་ནས་སྤྲུལ་པ་འགྱེད།། རྩེ་མོ་ཟུར་གསུམ་རང་བཞིན་སྐུ་གསུང་ཐུགས།། སྟེང་འོག་གཉིས་སུ་གནས་པ་ཡབ་ཡུམ་གཉིས།། རྒྱ་མདུད་འོག་མར་སྟེང་འོག་ཁྲོ་རྒྱལ་གཉིས། ཡབ་ཡུམ་སྤྲུལ་པར་བཅས་པའི་རང་བཞིན་ནོ།། ཁོང་སྟོང་བྱང་ཆུབ་སེམས་ཀྱི་རང་བཞིན་ལས།། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། མ་གཡོས་རྣམ་དག་ཆོས་དབྱིངས་ཀྱི་ནས་བཞེངས།། སྐུ་གསུང་ཐུགས་ལྡན་དྲག་པོ་མི་བཟད་པ། ། གདུག་ཅན་ལོག་པར་ལྟ་བའི་སེམས་ཅན་རྣམས།། ཐུགས་རྗེས་ཁྱད་པར་དབྱིངས་སུ་སྒྲོལ་ཞིང་སྡུད།། ཞི་བས་འདུལ་བའི་སྐལ་དང་མི་ལྡན་ཡང།། དྲག་པོས་བསྒྲལ་བའི་འཕྲིན་ལས་ཁྱེད་ཀྱིས་མཛོད། ། དེ་སྐད་བརྗོད་ལ་ཐུགས་དམ་བསྐུལ།། ཕྱི་ནང་གསང་བའི་མཆོད་པ་དང།། འཕྲིན་ལས་དུས་ཀྱི་རིམ་པས་བྱ། ནང་གི་གསང་བ་ཞེས་བྱའོ།། གསང་བའི་རིམ་པ་འདི་ལྟ་སྟེ།། གཉིས་མེད་གསང་བ་ཆེན་པོའི་དོན། ། ཀུན་གྱིས་རྟོགས་པར་ག་ལ་ནུས།། རྟག་དང་ཆད་པའི་རང་བཞིན་གྱིས།། དེས་ཀྱང་གསང་དོན་རྟོགས་པ་མིན།། བདེ་ཆེན་སྟོང་པའི་རང་བཞིན་གྱིས།། དེས་ཀྱང་གསང་དོན་རྟོགས་པ་མིན།། ཡེ་ཤེས་སྐུ་ཡི་རིམ་པ་ཡིས། ། དེས་ཀྱང་གསང་བའི་དོན་མི་རྟོགས།། བྱང་ཆུབ་སེམས་ནི་བདེ་ཆེན་པོས།། དེས་ཀྱང་རྟོགས་པར་ག་ལ་ནུས།། རྟག་ཆད་མཐའ་ནི་ངེས་སྤང་ཞིང།། རང་བཞིན་སྟེང་པའི་རང་བཞིན་ཅན།། དབུ་མའི་དོན་ཆེན་ཟབ་མོ་ཡིས། ། དེར་ཀྱང་རྟོགས་པར་ག་ལ་ནུས།། གསང་བ་དམ་པ་ལས་བྱུང་བ།། སངས་རྒྱས་སྐུ་ནི་རབ་རྒྱས་མཛད།། སྣང་བ་མ་ཡིན་མི་སྣང་མིན།། ཡེ་ཤེས་སྐུ་ནི་རབ་གསལ་བ།། ཁྱད་པར་མི་གཉིས་ཐམས་ཅད་དེ། ། དག་ཅིང་དང་བའི་རང་བཞིན་ཅན།། གསལ་བའི་དོན་ཉིད་དེ་དྲན་བྱ།། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན།། སྒྱུ་མའི་རང་བཞིན་ཉིད་ཡིན་ཏེ།། དེ་ལ་ཡང་དང་ཡང།། འདྲིས་ན།། དེ་ཡིས་ཐམས་ཅད་མཁྱེན་པར་འགྱུར། ། གདོད་ནས་སྒྱུ་མའི་རང་བཞིན་པས།། རང་བཞིན་གྱིས་ནི་དེ་ལྟའོ།། དམ་པ་རྣམས་ཀྱིས་དཔེས་མཚོན་བྱས།། ཐམས་ཅད་གསངབ་ལས་བྱུང་བ།། རིམ་གྱིས་དེ་ཉིད་ལ་ཐིམ་པས། ། སྒྱུ་མའི་ལུས་ཅན་ཉིད་དུ་འགྱུར།། སྒྱུ་མ་སྨིག་རྒྱུ་མེ་ལོང་གཟུགས།། ཆུ་ཟླ་རྨི་ལམ་ཆུ་བུར་དང།། དབང་པོ་གཞུ་ཡི་རང་བཞིན་དང།། བྲག་ཆ་སྒྲ་བརྙན་ཉེར་གནས་པ།། སྒྱུ་མའི་དཔེ་ནི་བརྒྱད་རྣམས་ནི།། དོན་ནི་གསུམ་དུ་ཤེས་པར་བྱ། ། རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཡང།། སྒྱུ་མའི་རང་བཞིན་ཉིད་དུ་བྱ།། སྤྱོད་ལམ་དག་ནི་ཐམས་ཅད་དུ།། སྒྱུ་མའི་ཚུལ་ཅན་དེ་དང་དེ།། ཐམས་ཅད་རྗེས་སུ་བྱ་བ་ཡིན། ། ཐོག་མ་མེད་པའི་དུས་ཤེས་ནས།། ཤེས་རབ་གསུམ་ལ་རབ་སྦྱངས་ཀྱང།། གསང་བའི་དོན་རྣམས་ཤེས་པ་མིན།། ཡང་དག་གསང་བའི་དོན་གསང་བ།། མཁས་པས་ཀྱང་ནི་མི་ཤེས་ཏེ།། རྣ་བརྒྱུད་གདམས་པའི་ལུང་མེད་པར། ། མངོན་སུམ་བྱ་བར་མི་ནུས་སོ།། དོན་ཉིད་གསང་བ་ལས་བྱུང་བའི།། འགྲོ་བ་དྲུག་གི་སེམས་ཅན་གྱིས།། རང་དགར་རྙེད་པར་མི་འགྱུར་ཏེ།། བསྐལ་བ་གྲངས་མེད་དུ་སྦྱངས་པའི།། ལས་འཕྲོ་དང་ལྡན་བླ་མའི་དྲིན། ། འབད་པའི་དབང་གིས་རྙེད་པར་ག་ལ་ནུས།། འདི་ལ་དཀའ་ཐུབ་དཀའ་སྤྱད་མིན།། འདི་ལ་ཁྲུས་དང་གཙང་སྦྲ་མེད།། འདི་ལ་བརྟུལ་ཞུགས་སྤྱོད་པ་མེད།། སྒྱུ་མའི་ཚུལ་ཅན་ཏིང་འཛིན་གྱིས། ། སངས་རྒྱས་ཉིད་དུ་དེ་གནས་འགྱུར།། ཐམས་ཅད་སྒྱུ་མའི་རང་བཞིན་ཡིན།། རྟོག་གེ་བ་རྣམས་སྨོད་བྱེད་ཀྱང།། ཡང་དག་དེ་ཡིས་ཤེས་པ་མིན།། རང་བཞིན་གསང་བའི་དོན་ཉིད་དེ།། རང་ལུས་ཉིད་ལ་གནས་པ་སྟེ། ། རྟོག་པ་དང་བཅས་མི་མཐོང་ངོ།། ཤེས་དང་ཕུང་བྱེད་རྣམ་པར་ལྡན།། ཡིད་ལུས་དབང་པོའི་གཞུ་དང་འདྲ།། བརྒྱད་ཀྱི་དཔེ་ལ་རྨོངས་པ་ཡིས།། གསང་བའི་དོན་ཉིད་མི་མཐོང་ངོ།། གསང་བའི་དོན་ཉིད་མི་མཐོང་ངོ། ། གསང་བའི་དམ་པ་མཆོག་གི་ལམ།། འབྲས་བུ་སངས་རྒྱས་སྐུར་གསལ་བ།། སེམས་ཅན་ཁམས་རྣམས་དེ་འདྲར་བརྟག། བརྟན་གཡོའི་རང་བཞིན་ཐམས་ཅད་ཀྱང།། སྔགས་ཀྱི་བདག་ཉིད་དེ་ལས་མེན། ། གསང་བ་ལས་རྙེད་རང་བཞིན་ཏེ།། འགྲོ་བའི་གནས་མེད་དེ་བཞིན་ཉིད།། ཆོས་སྤྱོད་བཅུ་ཡིས་ལས་མི་བྱེད།། ལས་བྱེད་སྒྱུ་མའི་རང་བཞིན་ནོ།། དང་པོའི་ལས་ཅན་དེ་དང་དེ།། སྒྱུ་མའི་རང་བཞིན་མ་དམིགས་ན། ། གསང་བའི་དོན་བྲལ་འབྲས་བུ་མེད།། ས་ཡི་རིམ་པ་དེ་དང་དེ།། རབ་ཏུ་གནས་པའི་སྐབས་སུ་ཡང།། སྒྱུ་མའི་ལུས་ཅན་སྤྱོད་མེད་ན།། བྱས་ལ་གསང་བའི་འབྲས་བུ་མེད།། གསང་བའི་རིམ་པ་ཡང་གསུངས་བ། ། དང་པོར་སྔགས་ཀྱི་རྒྱུ་ཉིད་ནི།། གསལ་ལ་དྲི་མ་དག་པ་ཡི།། མཁའ་དབྱིངས་གཉིས་མེད་སྤྲོལ་བྲལ་ལྡན།། མཆོག་གི་སྙིང་པོ་དེ་བརྙེས་ནས།། ཐོག་མ་དང་ལྡན་མེ་ཡི་མཐུས།། རབ་ཏུ་བསྐུལ་བར་དེ་ཤེས་ལ། ། འཕར་བ་ཉ་དང་ཆུ་ཡི་ཚུལ།། དེ་ཉིད་མཐུས་ནི་དབུ་མ་གསལ།། དེ་ལས་རླུང་གི་ལྕགས་ཀྱུ་ཡིས།། ཐབས་དང་ཤེས་རབ་སྤྱན་དྲངས་ལ།། ཉིན་ཐབས་གཉིས་ལ་རབ་གནས་བྱ།། བདེ་བ་ཆེན་པོའི་འཁོར་ལོའི་གནས། ། གསལ་བའི་དབྱིངས་དང་ལྡན་པར་གནས།། དེ་དཀྱིལ་ལྟེ་བའི་བུ་ག་རུ།། ཨ་དང་མ་ལས་གྱུར་པ་ཡི།། དེ་དཀྱིལ་གསང་བའི་ཡི་གེ་ཀྵ།། ཡིད་དང་གཉིས་སུ་མེད་པ་སྟེ།། ཐབས་དང་ཤེས་རབ་རང་བཞིན་ཡིན། ། ཆོས་ཀྱི་སྙིང་པོར་བསམ་བྱ་བ།། ཐབས་དང་ཤེས་རབ་ཡི་གེ་ནི།། ཉི་ཟླའི་དབུས་སུ་བསམ་པར་བྱ།། དེ་བདེ་བརྟེན་འགྱུར་གསལ་བ་ནི།། དཀྱིལ་འཁོར་ཆེན་པོ་རྫོགས་ཞེས་བྱ།། བདེ་བ་རྒྱས་འདེབས་དྷུ་པེ་སྟེ། ། མཛེས་པ་མེ་ཏོག་མ་རུ་གྲགས།། འོད་དང་ལྡན་དུས་མར་མེ་ལ།། བདེ་དང་ལྡན་པའི་དྲི་ཆབ་མོ།། མེ་ཏོག་དོར་བ་དྲི་ཡིས་དངོས།། དེ་ཡི་ཚིམ་ལྡན་རོ་ཞེས་བརྗོད།། བྱུག་པ་ཆོས་ཉིད་བདེ་བས་རེག། ཡོངས་སུ་རྒྱས་བྱེད་སྒྲ་ཚོགས་ཡིན།། གཞན་པས་མི་འགྱུར་ས་ལེ་སྟེ།། རྒྱུན་མི་འཆད་བར་འཕྲེང་པར་འདོད།། ཐམས་ཅད་རོལ་པའི་པི་ཝང་སྟེ།། ཅིར་ཡང་སྣང་བ་གར་མའོ།། རྣམ་རྟོག་མི་མངའ་བདུད་རྩི་སྟེ། ། དམིགས་པར་མི་གནས་གཏོར་མར་བཤད།། དུག་གསུམ་མི་གནས་རཀྟ་སྟེ།། སྙིང་པོ་ཉིད་དེ་བྱང་ཆུབ་སེམས།། མི་འབྲལ་དུས་ན་ལྕགས་ཀྱུ་མ།། གཉིས་སུ་མི་གནས་ཞགས་པར་བརྗོད།། དེ་ལུང་ལྡན་པར་ལྕགས་སྒྲོག་སྟེ། ། བསྟན་པ་ཉིད་ན་དྲིལ་བུ་ཡིན།། འདི་ལྟར་གསལ་བར་རང་བྱུང་ནས།། བདེ་བ་རྒྱས་པར་འགྱུར་བ་ཡིན།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐུས།། ཡང་དག་གསལ་བར་བྱུང་བ་ཡིན།། དེ་ལྟར་གསལ་བར་སུ་བསྒོམ་པ། ། དག་པའི་ཞིང་ལ་གནས་པ་སྟེ།། འདི་ཡང་ཏིང་འཛིན་རིམ་པ་ཡིན།། གསང་བའི་རིམ་པ་ཡང་གསུངས་པ།། མགོ་བོ་དཔལ་གྱི་རི་བོ་ཉིད།། དཔག་བསམ་ཤིང་བུ་ཡལ་གའི་ཚུལ།། སྒོ་བརྒྱད་པ་ཐག་ཁུག་པར་ལྟར། ། ཡེ་ཤེས་ཐམས་ཅད་སྐྱེས་པར་བྱེད།། ས་བོན་ཁ་བ་ལྟ་བུར་གནས།། སྐྱེ་གནས་སྙིང་མགྲིན་ལྟེ་བར་ཡང།། རྩ་ཡི་དང་མ་དར་དཀར་ཚུལ།། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། ། གཉིས་མེད་ཡེ་ཤེས་བཙལ་བར་བྱ།། ལུས་ལས་ཡེ་ཤེས་ཆེན་པོ་གནས།། རྟོག་པ་ཐམས་ཅད་སྤོང་བར་བྱ།། རང་ལ་གནས་ཤིང་རང་གི་བསྐྱེད།། དེ་བས་ལུས་ཀྱིས་མཚོན་པར་བྱེད།། གཉིས་མེད་སྐྱེ་བའི་རྒྱུ་དང་རྐྱེན། ། རྣམ་པ་གཉིས་སུ་ཤེས་བྱ་སྟེ།། རེ་ཞིག་རྒྱུ་ལ་རྣམ་པ་གཉིས།། འོད་གསལ་ཀུན་རྫོགས་བྱང་ཆུབ་སེམས།། དེ་བཞིན་རྐྱེན་ཀྱང་རྣམ་པ་གཉིས།། གཞུང་དང་མཐུན་པའི་གཟུངས་མ་དང།། རྡོ་རྗེ་པདྨར་བྱིན་བརླབས་ལྡན། ། རྒྱུ་རྐྱེན་རྣམ་པ་གཉིས་ཤེས་ནས།། ཧཱུཾ་ལས་བྱང་ཆུབ་སེམས་འཕྲོས་ཏེ།། ཕྱོགས་བཅུ་རྒྱལ་བའི་ཐུགས་ཀར་བཞུགས།། ཡེ་ཤེས་བདུད་རྩིས་བླང་ནས་ཀྱང།། འབར་འཛིན་དང་པོའི་སྒོར་ཞུགས་ཏེ། ། དཀྱིལ་འཁོར་རིམ་གྱིས་བགྲོད་ནས་ཀྱང།། བདག་ཉིད་ཡི་དམ་ལྷར་བསྐྱེད་བསྒོམ།། ཡུམ་ཡང་འཁོར་ལོ་རྒྱས་འདེབས་ཉིད།། གཉིས་མེད་གསལ་བའི་ཐུགས་ཀ་ནས།། དལ་ནས་དལ་བའི་འདུ་བྱེད་ལས།། ལྟེ་བའི་དཀྱིལ་དུ་གཤེགས་པའི་ཚེ། ། འདོད་ཆགས་རས་ལ་མར་ཁུའི་ཚུལ།། བ་ཀ་ར་ཏ་ཀི་ཙ་རི་ལ།། རྡོ་རྗེ་སེམས་དཔའི་ཕོ་བྲང་ནི།། རྗེས་འཇུག་སྙོམས་པར་འཇུག་པ་གཉིས།། ཐ་མ་བརློང་བའི་བདག་ཉིད་དེ།། དལ་ནས་བརྟག་ཅིང་མ་སྐྱེས་བསམ། ། ངལ་བསོད་དལ་པའི་རིམ་པ་ལས།། ཀུན་རྫོབ་ནོར་བུ་ཀུན་དའི་ཚུལ།། རིམ་གྱིས་འདྲེས་པའི་བདེ་བ་ལས།། སྙོམས་པར་ཞུགས་པའི་ཕོ་བྲང་རྣམས།། གང་ཚེ་རྡོ་རྗེ་རྩེ་གནས་པ། ། དེ་ཚེ་པདྨའི་སྣ་ཡི་རྩེ།། བཞག་པས་ཞིག་ཅིང་བདེ་བར་གནས།། མི་དམིགས་པ་ཡི་བདེ་བ་འཐོབ།། ཐིག་ལེ་རིམ་གྱིས་འདྲེས་པ་ལས།། བཤང་སྒོར་ཀྵ་ཡིས་སྒོ་བཀག་སྟེ།། རྩ་གསུམ་འདོམ་པའི་དཀྱིལ་ཉིད་དུ། ། གང་ཚེ་ཀུན་རྫོབ་དོན་དམ་གཉིས།། གཟུགས་དང་གཟུགས་ཀྱི་ཚུལ་གྱི་གནས།། གང་ཚེ་ལ་བས་བདེ་རྙེད་པ།། དེ་ཚེ་བྱང་སེམས་ཀུན་དྷའི་ཚུལ།། འགྲོ་འཇུག་གནས་ལ་བཞོན་པ་སྟེ།། རྡོ་རྗེ་བཟླས་པར་བརྗོད་པ་ཉིད། ། འབྱུང་བ་རིག་པོའི་ཚུལ་ལས་གྲུབ།། འཇུག་པ་དེ་ཡི་ཕྱེད་ཀྱི་ཚད།། གཉིས་ཀྱིས་གནས་པ་རྙེད་པ་ཉིད།། གང་ཚེ་བཞོན་པའི་བདག་ཉིད་ལྟར།། དེ་ཚེ་ཀུན་དྷའང་དེ་ལྟར་གནས།། གཡས་ཀྱི་རྩ་ལས་འབྱུང་བ་ཉིད། ། གཡོན་གྱི་རྩ་ལ་འཇུག་པ་ཉིད།། དབུ་ལ་གནས་པ་གྲུབ་པ་ཉིད།། རྟ་དང་བཞོན་པ་ཐ་མི་དད།། སྙོམས་འཇུག་ཕོ་བྲང་གནས་པའི་ཚེ།། བརྗོད་པ་རུས་སྦལ་ལྟ་བུ་སྟེ།། བཅུ་ཡི་ཚུལ་ལས་མགོ་ལུས་ཁྱབ། ། གཙོ་བོའི་དབང་དུ་སྨོས་པ་དང།། འཁོར་བ་མྱ་ངན་འདས་པ་དང།། ཡེ་ཤེས་བསྐྱེད་པ་གསུམ་ཉིད་ནི།། རྒྱུ་དང་རྐྱེན་དང་འབྲས་བུའི་ཚུལ།། ཀུན་འདུས་པ་ལས་དམིགས་མེད་ཐོབ།། དེ་ཚེ་ཐོག་མ་ཐ་མ་མེད། ། དངོས་དང་དངོས་པོའི་སྤྱོད་ཡུལ་མིན།། དེ་ལ་དལ་པའི་བདེ་འཐོབ་པ།། དེ་ནས་དངོས་མེད་མེད་འགྱུར་ཏེ།། ཞི་བ་གཅིག་པུ་མངོན་ཕྱོགས་ནས།། སྐད་ཅིག་དག་ལས་བདེ་ཐོབ་པ།། དེ་ནས་སྐད་ཅིག་གཉིས་པར་བརློབ། ། དེ་ནས་གསུམ་པར་བརླབ་པ་སྟེ།། ཐང་ཅིག་ཆུ་ཚོད་ཐུན་གཅིག་ཐོབ།། དེ་ནས་ཞག་དང་ཟླ་བས་ཐོབ།། རྩལ་དང་བརྩོན་འགྲུས་ལྡན་པ་ཡིས།། ལྷག་མ་ཉིད་ལས་སངས་རྒྱས་ཐོབ།། ལུས་མ་སྤང་བར་སངས་རྒྱས་ཉིད། ། དེ་ལས་ཅུང་ཟད་ཉམས་ཆུང་བས།། བར་མ་སྲིད་པ་དག་ལ་ཐོབ།། ལ་ལས་སྐྱེ་བ་གཅིག་ལ་ཐོབ།། ལ་ལས་གཉིས་དང་བཅུ་ཚུན་ཆད།། ལས་འཕྲོ་བླངས་པ་ཉིད་ཀྱིས་འགྲུབ།། ཅེས་གསུངས་སོ། ། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རིམ་པར་ཕྱེ་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་ཀརྨ་ཀཱི་ལ་ཡས།། ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསུངས་ཏོ། ། ཀྱེ་ཀྱེ་དཔའ་བོ་ཐུགས་རྗེ་ཅན།། ལས་རྣམས་ཡོངས་སུ་རྫོགས་པའི་བདག། ཁམས་གསུམ་དྲི་མ་སེལ་མཛད་པ།། སྟོང་པའི་སྟོབས་ཀྱིས་ཐམས་ཅད་འདུལ།། ཏིང་འཛིན་བསྒོམ་པའི་གང་ཟག་ལ། ། རྫས་ལ་སོགས་པ་མི་འཙལ་ལམ།། འདི་ལ་ནན་ཏན་ཇི་ལྟར་བགྱི།། ཞེས་གསོལ་པ་ལས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ཆེན་པོས། རྡོ་རྗེ་ཡིད་ཀུན་བཟང་པོ་ལ་འདི་སྐད་ཅེས་གསུངས་སོ། ། དང་པོ་ལས་ཅན་རྣལ་འབྱོར་པས།། ཏིང་འཛིན་རིམ་པར་བསྒོམ་པ་ལ།། རྫས་དང་ཡོ་བྱད་ལ་རྟེན་ནས།། རྟོགས་པར་བྱ་ཕྱིར་ངས་བཤད་ཀྱིས།། ལས་ཀྱི་སེམས་དཔའ་དེ་ཡང་ཉོན།། གང་ཟག་བློ་ཡི་རིམ་པ་ཡོས། ། རྫས་དང་དཀྱིལ་འཁོར་ཏིང་འཛིན་ལ།། རང་བཞིན་ཏིང་འཛིན་གཟུགས་བརྙན་གྱིས།། ངེས་པ་མེད་པར་ཡང་དག་བཤད།། རེ་ཞིག་རིམ་པ་འདིར་ཤེས་བྱ།། རང་བཞིན་ཏིང་འཛིན་བྱང་ཆུབ་སེམས། ། མཚན་མའི་རྫས་དང་བཞིར་གསུངས་སོ།། དེ་ལ་རང་བཞིན་ཕུར་པ་ནི།། བཙལ་དུ་མེད་པའི་ཆོས་ཉིད་ལ།། བསྒོམ་དུ་མེད་པའི་འབྲས་བུ་ཤར།། ཐམས་ཅད་རང་བྱུང་བཀག་པ་མེད།། རྒྱུ་དང་རྐྱེན་ལ་མི་ལྟོས་ཤིང། ། སྤྲོས་མཻད་རང་བྱུང་ལྷུན་གྱིས་གྲུབ།། ཕུར་པ་ཞེས་ནི་དེ་ལ་བྱ།། ཡུལ་དུ་སྣང་བ་ཐམས་ཅད་ནི།། དབྱིངས་ཉིད་ནམ་མཁའ་ལྟ་བུའི་ངང།། སེམས་སུ་སྣང་བ་ཐམས་ཅད་ནི།། མ་བཅོས་རིགས་པ་དེ་ཉིད་ཡིན། ། ཐམས་ཅད་དབྱེར་མེད་མཉམ་པ་ཉིད།། དེ་ཡི་ངང་དུ་ཐམས་ཅད་འདུས།། ཕུར་པ་ཞེས་ནི་དེ་ལ་བྱ།། རྒྱུ་རྐྱེན་གཉིས་ལས་མྱ་ངན་འདས།། གདོད་ནས་མ་བཅོས་ཡེ་ནས་གྲུབ།། དུས་གསུམ་དབྱེར་མེད་གཅིག་པར་ལྟ། ། སྲིད་པ་གསུམ་ནི་རང་གི་རྐྱེན།། ཁམས་གསུམ་སྤྲོས་མེད་དབྱིངས་སུ་གཅིག། ཐམས་ཅད་ཡེ་ནས་དབྱེར་མེད་པས།། རང་བྱུང་སྐྱེ་མེད་དབྱིངས་སུ་གཅིག། ཕུར་པ་ཞེས་ནི་དེ་ལ་བྱ།། དེ་ལ་ཆོས་ཉིད་ཕུར་པ་ནི། ། ཆོས་ཅན་གང་ལ་མི་གནས་ཤིང།། མ་བཅོས་ངང་དུ་ཐམས་ཅད་འདུས།། ཕུར་པ་ཞེས་ནི་དེ་ལ་བྱ།། དེ་ལས་སེམས་ཉིད་ཕུར་པ་ནི།། སྐྱེ་མཆོད་ཁམས་ལ་མི་གནས་ཤིང།། རང་བྱུང་ངང་དུ་ཐམས་ཅད་འདུས། ། ཕུར་པ་ཞེས་ནི་དེ་ལ་བྱ།། དེ་ལ་ནམ་མཁའི་ཕུར་པ་ནི།། ཁདོག་དབྱིབས་ལ་མི་གནས་ཤིང།། ཁྱབ་བརྡལ་ངང་དུ་ཐམས་ཅད་འདུས།། ཕུར་པ་ཞེས་ནི་དེ་ལ་བྱ།། ཕུར་པ་བྱང་ཆུབ་སེམས་ཀྱི་རྟགས།། བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། ། སྲིད་གསུམ་འགྲོ་བའི་བདར་ཤ་བཅད།། མ་བཏབ་བཞིན་དུ་ལྷུན་གྱིས་རྫོགས།། མཉམ་པའི་རྒྱལ་པོས་རིག་པས་བཏབ།། ཕུར་པ་ཆོས་ཀྱི་དབྱིངས་ཀྱི་རྟགས།། གཞན་དུ་གདབ་པའི་གནས་མེད་དོ། ། རང་རིག་བྱང་ཆུབ་སེམས་ལ་གདབ།། ཕུར་པ་འཛིན་ཆགས་མྱ་ངན་འདས།། གཟུང་འཛིན་རྣམ་རྟོག་ཉིད་ལ་གདབ།། ཕུར་པ་དངོས་པོ་ཀུན་དང་བྲལ།། དངོས་མེད་སེམས་ཀྱི་ཕུར་པ་ཡིས།། དངོས་པོ་ཕྱིན་ཅི་ལོག་ལ་གདབ། ། ཕུར་པ་བསྐྱེ་བ་མེད་པའི་དོན།། སྐྱེ་མེད་སེམས་ཀྱི་ཕུར་པ་ཡིས།། སེམས་ལ་བཏབ་པས་རིག་པ་ཤར།། དབྱིངས་ལས་བཏབ་པས་ལྷུན་གྱིས་གྲུབ།། གཉིས་སུ་མེད་པར་བརྡལ་པའི་ངང། ། ཁྱབ་བརྡལ་ཆེན་པོའི་ཕུར་པ་ཡིས།། སྣང་སྲིད་ཀུན་ལ་ཁྱབ་པར་གདབ། ཕུར་པ་ཆོས་ཀྱི་དབྱིངས་ཞེས་བྱ།། པ་ནི་བླ་མ་ཆེན་པོར་བསྟན།། ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ།། པ་ནི་རིག་པའི་ཡེ་ཤེས་སོ།། ཕུར་ནི་སྐྱེ་བ་མེད་པའི་དབྱིངས། ། པ་ནི་འགག་པ་མེད་པའི་དོན།། གཉིས་སུ་མེད་པར་ཕུར་པའི་ངང།། ཕུར་ནི་ཐབས་ཀྱི་རྒྱལ་པོ་ཡིན།། པ་ནི་ཤེས་རབ་ཡུམ་གྱི་དོན།། གཉིས་སུ་མེད་པས་ཕུར་པས་བྱ། ། དེ་ལ་ཏིང་འཛིན་ཕུར་པོ་ནི།། སྣང་སྲིད་དྲུག་ཅུ་རྩ་གཅིག་བསྒོམ།། ཡེ་ཤེས་ཆོས་ཉིད་ཡོན་ཏན་བསྡུ།། སྐུ་གསུང་ཐུགས་ནི་རང་བཞིན་འདུས།། ཡབ་ཡུམ་གཉིས་ནི་རང་བཞིན་གནས།། ཡུམ་ཡང་ཧཱུཾ་འདུས་ཏིང་འཛིན་ཧཱུཾ། ། སེམས་དཔའ་རྩེ་དབུས་ཧཱུཾ་དྲངས་ལ།། ཡེ་ཤེས་སྣ་བཀག་སྲོག་རྩེ་བརྒྱད།། རང་སྙིང་རྩ་དགུའི་ནང་བརྒྱུད་དེ།། ཤངས་ཀྱི་རླུང་བྲོམ་རྩེ་ལ་བཏོན།། སོར་བཞི་ཕར་འཕྲོས་སླར་འདུས་ཏེ།། འདུས་པས་ཉི་ཟླའི་དབུས་ཞུ་དགོད། ། ཨ་ཡི་ཚུལ་དུ་གནས་པར་བྱ།། ཧཱུཾ་ལྡན་ཨོཾ་གྱིས་ཚུར་འདུས་པ།། སྲིད་གུམ་འགྲོ་བའི་རང་སྣང་ཞིང།། ཕྱི་ནང་སྣོད་བཅུད་དེ་ཉིད་དེ།། སེམས་དང་ཡིད་དང་རྣམ་ཤེས་ཉིད།། དེ་ཉིད་ལས་ནི་འཁྲུལ་ལས་བརྟགས། ། རྣམ་རྟོག་བག་ཆགས་སྤངས་པའི་ཕྱིར།། བདག་དང་ཕུར་པའི་གཞལ་ཡས་ཁང།། བྱང་ཆུབ་སེམས་ནི་གསུམ་དུ་བཤད།། དང་པོ་བདག་གི་བྱང་ཆུབ་སེམས།། སྙིང་ཁའི་པདྨས་ཨ་བསམ་ཏེ། ། ཕར་འཕྲོས་ཐམས་ཅད་འོད་དུ་འགྱུར།། ཨ་ནི་མར་མེའི་རྩེ་ལྟར་འབར།། གཟུང་བཟླ་བའི་འོད་ལྟར་ཏེ།། འཛིན་པའི་རྩེ་རྣམས་ཤིན་ཏུ་དམིགས།། ཡང་ཡང་དེ་ལ་ཡིད་ཀྱིས་བསྒོམ།། འཕྲོ་བར་གྱུར་ན་སྤྲོས་ཏེ་བསྒོམ། ། བྱིང་བར་གྱུར་ན་བཟླས་པ་བྱ།། གཟུང་འཛིན་འགགས་པར་ཤེས་པ་གསོ།། ཉི་མའི་འོད་ཟེར་ཚུལ་ལྟ་བུའོ།། འདི་ནི་ཕུར་པའི་བྱང་ཆུབ་སེམས།། དེ་ནས་སེམས་ཀྱི་རྣམ་པ་ནི།། ཨ་ཡི་ཚུལ་གྱི་རྩེ་ལྟ་བུས། ། འཛིན་པ་འགགས་པས་ཤེས་པ་གསལ།། ཨ་ཡི་རང་བཞིན་འགགས་འགྱུར་ཏེ།། ཨ་ཚུལ་མི་དམིགས་ནམ་མཁའ་བཞིན།། དངས་ཤིང་གསལ་ལ་རྙོག་པ་མེད།། གཟུགས་འཛིན་ཤེས་ཀྱིས་འགགས་གྱུར་ན། ། གཞལ་ཡས་བྱང་ཆུབ་སེམས་ཞེས་བྱ།། གཞལ་ཡས་ཕུར་པ་བདག་གི་ནི།། བྱང་ཆུབ་སེམས་ནི་རླུང་བཅས་པའི།། གཉིད་ལོག་སད་པ་ཇི་བཞིན་དུ།། ཡེ་ཤེས་རང་བཞིན་སྐུར་གྲུབ་པའི།། ལོངས་སྤྱོད་རྫོགས་སྐུར་གྱུར་ཅེས་བྱ། ། ཡེ་ཤེས་རླུང་སྟེ་རླུང་འོད་ཟེར།། སྣང་བ་འོད་ཀྱི་དཀྱིལ་འཁོར་དེ།། གཞལ་ཡས་བྱང་ཆུབ་སེམས་ཞེས་བྱ།། འོད་དང་ཐིག་ལེ་ཡིག་འབྲུ་དང།། ལོངས་སྤྱོད་དང་ནི་སྤྲུལ་སྐུ་དང།། ཅིར་སྣང་ཅི་སྲིད་ཐམས་ཅད་ཀུན། ། ཉོན་མོངས་འཇོམས་ཕྱིར་ཕུར་པ་ཡིན།། དེ་ཕྱིར་ཏིང་འཛིན་ཕུར་པ་ལ།། བསམ་གྱིས་མི་ཀྱབ་མཐའ་ཡས་མཆོག། ཐམས་ཅད་བརྗོད་པར་ག་ལ་ནུས།། རྟེན་གྱི་དཀྱིལ་འཁོར་གཅིག་ལ་ཡང། ། དཀྱིལ་འཁོར་ཐམས་ཅད་རྫོགས་པ་དང།། སྐུ་གསུང་ལྷུན་གྱིས་གྲུབ་པར་བསྟན།། དེ་ཡང་ཇི་ལྟ་བུའི་ཞེ་ན།། སྟོང་ཉིད་སྐུ་མཆོག་ལེགས་པའི་དོན། སངས་རྒྱས་ཀུན་གྱི་ལུས་ཀྱི་དངོས།། དེ་ཕྱིར་སངས་རྒྱས་ཀུན་གྱི་ཡབ། ། ཆོས་ཀྱི་སྐུ་ཉིད་ཕུར་པ་ཡིན།། ཡེ་ཤེས་རྣམ་པ་མཚན་མའི་གཟུགས།། རིགས་ལྔ་ཁྲག་འཐུང་ལ་སོགས་པའི།། མཚན་དག་དཔེ་བྱད་ཡོངས་རྫོགས་པ།། ལོངས་སྤྱོད་རྫོགས་སྐུ་ཕུར་པ་ཡིན། ། རྒྱུ་དྲུག་ལམ་ན་གནས་པ་ཡི།། ཉོན་མོངས་སེམས་ཀྱི་རྣམ་པ་དང།། ངན་སོང་ཐམས་ཅད་རྣམ་སྦྱང་ཕྱིར།། སྐུ་གསུང་ཐུགས་ཀྱི་རྒྱུད་བཟུང་ནས།། འགྲོ་བའི་དོན་ལ་དེ་བཞིན་གཤེགས།། དེ་ཕྱིར་སངས་རྒྱས་སྐུ་ཡི་སྲས། ། སྤྲུལ་པའི་སྐུ་ཡང་ཕུར་པ་ཡིན།། གཞན་ཡང་བསྐྱེད་དང་རྫོགས་པ་དང།། རྫོགས་པའི་རྫོགས་པ་ལ་སོགས་པ།། ཐམས་ཅད་ཏིང་འཛིན་ཕུར་པར་གསུངས།། བྱང་ཆུབ་སེམས་ཀྱི་རིམ་པ་ནི།། བསྒོམ་པའི་ཐབས་ལས་ཤེས་པ་ལས། ། མཚན་མའི་རྫས་ལས་བྱས་པ་མིན།། གནས་སྐབས་དག་ཏུ་གདམས་པ་བླང།། གསང་བ་མཆོག་གི་ཐབས་དམ་པས།། གཉིས་མེད་ཡུམ་གྱི་མཁའ་ལ་གདབ།། གཟུགས་འཛིན་རྣམ་རྟོག་བཅོམ་ནས་ནི། ། གཉིས་མེད་ཡེ་ཤེས་དོན་མཚོན་པས།། ཕུར་པ་ཞེས་ནི་དེ་ལ་བྱ།། གཞན་ཡང་གང་ཟག་ལམ་པ་ཡིས།། མཚན་པའི་ཐབས་ལ་བརྟེན་དགོས་པས།། རྣམ་བཞི་ལས་ཀྱི་ཕུར་པ་ཡིས།། གསེར་དངུལ་ཟངས་ལྕགས་ལ་སོགས་པ། ། སྤྱི་ལས་གྲགས་པ་བཞིན་དུ་བཤད།། ཁྱད་པར་བྱེ་བྲག་འདི་གསུངས་པ།། ཙན་དན་དཀར་པོའི་ཤིང་དུ་ནི།། མཆོག་ཏུ་ཞི་བའི་ལས་ལ་ཤིས།། དགོན་པའི་གནས་ནས་སྐྱེས་པའི་ཤིང། ། དཀར་ལ་འཇམ་པས་གང་དང་གང།། འདི་ཡང་ཞི་བའི་ལས་ལ་ཤིས།། གཞན་ཡང་བྱང་ཆུབ་ཤིན་བུའམ།། འོ་མ་ཅན་གྱི་ཤིག་དག་གམ།། མངར་དང་བཅས་པའི་ཤིང་མཆོག་རྣམས།། འདི་ཡང་ཞི་བའི་ལས་ལ་ཤིས། ། དཀར་བས་བྱང་ཆུབ་སེམས་ཞེས་བྱ།། འཇམ་པས་གནོད་པའི་སེམས་མི་འབྱུང།། དགོན་པའི་གནས་ནས་སྐྱེས་པ་ཡིན།། གནོད་པ་ཐམས་ཅད་ཞི་བར་བྱེད།། བྱང་ཆུབ་སེམས་ཀྱིས་ངག་རྩུབ་ཞི།། ཙན་དན་དཀར་པོས་ནད་རྣམས་ཞི། ། འོ་མ་དང་བཅས་དཀར་པོ་ཡིས།། ཐམས་ཅད་ཐམས་ཅད་ཞི་བར་བསྟན།། གཞན་ཡང་རྒྱས་པའི་ཕུར་པ་ནི།། རྒྱལ་པོའི་གནས་ནས་སྐྱེས་པའི་ཤིང།། སེར་པོའི་རིགས་རྣམས་གང་ཡང་རུང། ། འདི་ནི་རྒྱས་པའི་ལས་ལ་ཤིས།། ཐམས་ཅད་ཐམས་ཅད་རྒྱས་པར་འགྱུར།། སྐྱེར་པའི་ཁ་དོག་སེར་པོའི་ཤིང།། ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད།། བསེ་ཤིང་ཕུར་པས་རིགས་རྒྱས་བྱེད།། གསེར་ཤིང་བྱང་ཆུབ་སེམས་རྒྱས་བྱེད། ། གཞན་ཡང་སེར་པོ་མཐའ་དག་ནི།། ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད།། དབང་གི་ཕུར་པའི་རྒྱུ་བསྟན་པ།། ཆོས་མཁན་གདུག་པའི་གནས་ནས་སྐྱེས།། ཁ་དོག་མི་ལྡན་གང་ཡང་རུང། ། ཐམས་ཅད་དབང་གི་ཕུར་བའི་རྒྱུ།། འདིས་ནི་ཐམས་ཅད་དབང་དུ་སྡུད།། ཙན་དན་དམར་མོའི་ཕུར་པ་ཡིས།། བུ་མོ་དབང་དུ་བྱ་བ་འགྲུབ།། མཛོ་མོས་བློན་པོ་དབང་དུ་སྡུད།། སོང་ཤིང་དམངས་རིགས་དབང་དུ་སྡུད། ། ཟངས་ལ་སོགས་པའི་ཕུར་པ་ཡིས།། རྒྱལ་པོ་དབང་དུ་འགྱུར་བ་ཡིན།། ཁ་དོག་དམར་པོ་མཐའ་དག་གིས།། གདོན་རྣམས་ཐམས་ཅད་དབང་དུ་འགྱུར།། བསད་པ་དྲག་པོའི་ཕུར་པ་ནི། ། དུག་ཤིང་གདུག་པ་ཅན་ལ་བྱ།། ལས་ལ་ཕན་འདོགས་ཡོད་པས་ན།། དེ་ཡིས་ངར་སྐྱེད་མཆོག་ཏུ་བསྔགས།། གདུག་པ་སྦྲུལ་གྱི་གནས་སྐྱེས་པ།། ཤིང་མཆོག་ཚེར་མ་མི་ལྡན་ཡང།། ཁྱད་པར་དྲག་པོའི་ཡོན་ཏན་འབྱུང། ། སེང་ལྡེང་སྨུག་ནག་གདུག་པའི་ཤིང།། དབང་དྲག་གཉིས་ལ་མཆོག་ཏུ་བསྔགས།། སྟག་གཟིག་དོམ་གྱི་གནས་དག་ནས།། གང་དང་སྐྱེས་པའི་ཚེར་མ་ཅན།། གསད་པའི་ལས་ལ་ལྷག་པར་མྱུར།། ཁྱད་པར་གསད་པའི་རིམ་པ་ནི། ། དྲག་ཅིང་གཏུམ་པ་ཐིག་གི་ལྕགས།། ཞེ་སྡང་འཇོམས་པའི་ཕུར་པར་ཤིས།། འཇིག་ཅིང་དྲལ་བ་ས་ཡི་ལྕགས།། ཕྲག་དོན་འཇོམས་པའི་ཕུར་པར་ཤིས།། སྲ་ལ་ངར་ལྡན་ཁྲོ་ཆུ་སྟེ།། ང་རྒྱལ་འཇོམས་པའི་ཕུར་པ་ཤིས། ། མི་རྟ་བས་པའི་ནུས་པ་ཅན།། གཏི་མུག་འཇོམས་པའི་ཕུར་པར་ཤིས།། ཐམས་ཅད་སྡུད་བྱེད་ཕལ་པའི་ལྕགས།། འདོད་ཆགས་འཇོམས་པའི་ཕུར་པར་ཤིས།། ལྔ་ཆར་གཅིག་ཏུ་སྡོམ་པ་ནི། ། དྲག་པོའི་ཕུར་པའི་རྒྱུ་རུ་ཤིས།། གཞན་ཡང་ཁྱད་པར་ཕུར་པ་ནི།། ཡན་ལག་འཕེལ་བའི་རྒྱུན་བཅས་ཕྱིར།། ཤེར་ཤིང་ཕུར་པའི་རྒྱུ་རུ་ཤེས།། གདུག་ཅན་ནུས་པར་ལྡན་པའི་ཕྱིར།། སློས་པའི་རུ་ལེབ་རྭ་ལས་བྱ། ། ཞེ་སྡང་ནུས་པར་ལྡན་པའི་ཕྱིར།། སྔགས་པ་ནག་པོའི་མཆོག་ཕུར་གྲགས།། སྐྱེ་བའི་རྒྱུན་རྣམས་བཅད་པའི་ཕྱིར།། དྲེ་ཏོལ་ནག་པོའི་རྐང་ལས་བྱ།། རང་བཞིན་ནུས་པར་ལྡན་པ་ཡི།། གདུག་པའི་ཚེར་མ་ཅན་ལ་བྱ། ། སྔོན་ཅན་ཕུ་ཞིང་བཀྲ་མི་ཤིས།། ཁྲོ་དགུ་ཤི་བའི་འཕང་ལ་བྱ།། སྤྱི་ཡི་རྒྱུ་རྣམས་གང་ཡང་རུང།། སྟེང་དུ་སོར་གཅིག་རྒྱ་མདུད་བྱ།། གཞལ་ཡས་ནམ་མཁའི་རང་བཞིན་གྱིས།། འོག་མིན་མཚོན་པར་བྱེད་པའོ། ། སྐེད་པར་སོར་གཅིག་རྒྱ་མདུད་བྱ།། སྐྱེད་ཅིག་གནས་པའི་རང་བཞིན་པས།། ཐབས་དང་ཤེས་རབ་མཚོན་པའི་བརྡ།། རབ་ཏུ་རིན་ཆེན་ཟུར་བརྒྱད་དེ།། རིན་ཆེན་ལས་གྲུབ་རྩིག་པ་ཡིས།། གཞལ་ཡས་ཁང་ནི་མཚོན་པའོ། ། རྩེ་མོ་འཕྲིན་ལས་སོ་སོའི་རིམ།། དབྱིབས་དང་ཁ་དོག་སོ་སོར་བྱ།། དབང་དྲག་འདྲེན་པའི་གཟུགས་ཅན་ནི།། རྩེ་མོ་ཆུ་སྲིན་ཁ་ནས་དབྱུང།། ཆོས་དབྱིངས་རྒྱུ་ལས་བྱུང་བས་ན།། རྩ་བའི་ཕྱོགས་སུ་རྒྱ་མདུད་བྱ། ། ལས་རྣམས་གང་ཡིན་འགྲུབ་པའི་ཕྱིར།། རྩེ་མོའི་འཕྲིན་ལས་རིམ་དུ་བྱ།། ཐམས་ཅད་ཚད་དང་ལྡན་པ་རུ།། ཤིན་ཏུ་དོད་ཅིང་ལེགས་པར་བྱ།། ཕྱི་ཡི་རྟགས་དང་ནང་གི་རྟགས།། གསང་བའི་རྟགས་དང་བཅས་པར་བསྟན། ། ཐམས་ཅད་གཞུང་ལས་བྱུང་བ་བཞིན།། རྫས་རྣམས་འཚོགས་ནས་འགྲུབ་ཅེས་བྱ།། ལེག་པར་བསག་ན་ཆུད་མི་ཟ།། ལེགས་ཤིང་དོད་ན་དང་བ་སྐྱེ།། ངན་པས་རྟོགས་པ་བཅས་གྱུར་ན།། བྱ་བའི་ལས་ནི་འགྲུབ་མི་འགྱུར། ། བརྙེད་བཙན་བྱས་ན་བྱིན་རློབས་མེད།། རྒྱུར་མ་གསུངས་ན་བཀའ་དང་འགལ།། ཐམས་ཅད་ཐམས་ཅད་གཞུང་བཞིན་བྱ།། རེ་ཞིག་འདི་ལ་གནས་པ་ནི།། མཚན་མ་ཅན་ལས་གསུངས་པ་སྟེ། ། མ་ནོར་བྱང་ཆུབ་སེམས་རྟོགས་ན།། མཚན་མར་བཅས་པ་ལས་མི་དགོས།། ཏིང་འཛིན་མ་ནོར་དྲོད་ལྡན་ཞདིང།། བྱིན་བརླབ་དབང་བསྐུར་མ་ནོར་ལ།། དམ་ཚིག་མ་ཉམས་གཞུང་ཐུབ་ན། ། རྒྱུ་ནི་གང་དངགང་ཡིན་ཡང།། བདེ་གཤེགས་ས་བོན་བསྐྱེད་པ་འདྲ།། ངེས་པར་གཉིས་མེད་དོན་རྟོགས་ཅིང།། མཉམ་པའི་ངང་ཉིད་རྟོགས་གསལ་ན།། མཚན་མའི་རྟེན་ཀྱང་རྣམ་རྟོག་ཡིན།། དེ་བས་འདི་ཀུན་མཚོན་པ་ཙམ། ། ཡང་དག་དོན་ཆེན་རྟོགས་པ་གཅེས།། མཚན་མ་འཇོམས་ལ་ཞི་བ་བཟང།། ལོག་རྟོག་འཇོམས་ལ་འཁྲོ་འདུལ་འཇོམས།། ཉོན་མོངས་ལྔ་འདུལ་ཡེ་ཤེས་བཟང།། ཡོན་ཏན་རྒྱས་པའི་ཏིང་འཛིན་དེང། ། དེ་བས་བློ་ལྡན་དམ་པ་ཡིས།། ཀུན་ཀྱང་མཚན་ཉིད་རྟོགས་པ་གཅེས།། ཐམས་ཅད་ནན་ཏན་ཁོ་ནར་བྱ།། གཞན་ཡང་རྫས་ཀྱི་རིམ་པ་ནི།། འཚོ་བ་ཟས་དང་རྐྱེན་བཟློག་སྨན།། བར་ཆད་དགྲ་བཟློག་ཡོ་བྱད་ནི། ། གོ་མདུང་མདའ་གཞུ་ལ་སོགས་པ།། བར་ཅད་བཟློག་བའི་རྐྱེན་དུ་བཤམ།། བསྒྲུབ་པའི་བྱེ་བྲག་མཆོད་པའི་རྫས།། དབང་དང་དཀྱིལ་འཁོར་ཚེ་བསྒྲུབ་དང།། སྤྲེའུ་གསོད་དང་གདོན་བསྒྲལ་དང།། བསྒྲད་དང་མནན་དང་བསྲེག་པ་དང། ། དབབ་དང་འཕགས་དང་གཏུམ་ལ་སོགས།། ཡོ་བྱད་བརྗོད་ཀྱིས་མི་ལངས་བས།། རང་རང་སྐབས་ལམ་ཤེས་པར་བྱ།། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ཡོ་བྱད་ཕུན་སུམ་ཚོགས་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་གསང་བའི་དཀྱིལ་འཁོར་བདག། ། མ་བཅོས་འདོད་ནས་ལྷུན་གྱིས་གྲུབ།། སེམས་ཅན་དོན་མཛད་བརྒྱད་པའི་གཙོ།། དཔའ་བོ་ལས་རྣམས་གསུངས་ལགས་ན།། རྣལ་འབྱོར་དང་པོའི་ས་བོན་ཡིས།། དམིགས་པར་བྱ་བའི་དངོས་པོ་ལ།། ཉམས་སུ་བླངས་ནས་འགྲུབ་པ་ལ། ། འདི་ལ་དུས་ཚོད་མི་འཚལ་ལམ།། དེ་ཡི་རིམ་པ་ཇི་ལྟར་ལགས།། ཞེས་གསོལ་བ་དང།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བསྙེན་དང་བསྒྲུབ་དང་ཟོར་ཐུན་བཅས།། དེ་ཡི་དུས་ཚོད་ངས་བསྟན་གྱི།། ཀརྨ་ཧེ་རུ་ཉིད་ཀྱིས་ཉོན།། ཕྱི་ནང་གསང་བའི་རིམ་པ་ཡི།། དུས་ཀྱི་རིམ་པ་བསམ་མི་ཁྱབ།། ལོ་དང་ཟླ་བ་གཟའ་སྐར་ཚེས། ། ག་ལ་བཟང་བའི་དུས་དེར་འཇུག། ཡང་ན་རབ་བཞི་དག་ལ།། ཞི་བ་རྒྱས་པ་བསྒྲུབ་པའི་དུས།། འབྲིང་པོ་བཞིའམ་ཚེས་གྲངས་བཟང།། སློབ་མ་དབང་རྣམས་བསྐུར་བའི་དུས།། ཐ་ཆུང་བཞི་འམ་མར་དོལ། ། དྲག་པོའི་ལས་རྣམས་བྱ་བའི་དུས།། གཞན་ཡང་བསྒྲུབ་པའི་རིམ་པ་ནི།། དབྱར་ཟླ་གསུམ་ལ་ཞི་བ་སྟེ།། སྟོན་ཟླ་གསུམ་ལ་རྒྱས་པ་འགྲུབ།། དགུན་ཟླ་གསུམ་ནི་དབང་ཡིན་ཏེ།། དཔྱིད་ཟླ་གསུམ་ལ་དྲག་པོ་འགྲུབ། ། འདི་ནི་ཕྱི་མའི་རིམ་པ་ཡིན།། གྲངས་དང་མཚན་མ་རྟགས་གསུམ་པའོ།། ལས་སུ་གང་རུང་འགྲུབ་པའི་དུས།། གཞན་ཡང་བསྒྲུབ་པའི་དུས་ཚོད་ནི།། ཕག་སྦྲུལ་སྟོན་སྤྱིད་ར་བ་ལ།། རྟ་དང་བྱི་བ་འབྲིང་པོ་སྟེ། ། གླང་ལུག་གཉིས་ནི་ཐ་ཆུང་ལའོ།། སྟག་སྤྲེལ་དབྱར་དགུན་ར་བ་ལ།། བྱ་ཡོས་གཉིས་ནི་འབྲིང་པོ་ལའོ།། ཁྱི་ཕག་ཐང་ཆུ་དག་ལ་འགྲུབ།། དེ་ནི་ལེ་གཤེད་ཟླ་བའི་རྒྱགས།། ཁྱད་པར་ཉི་མའི་གཤེད་གཉིས་ནི། ། དབྱར་ལྡུང་འཇུག་དང་དགུན་ལྡུང་འཇུག། འདི་ནི་ཁྱད་པར་གསད་པ་ཡི།། རབ་བཞི་ལ་བཅུ་བཞི་ཤིས།། འབྲིང་པོ་བཞི་ལ་བཅོ་ལྔ་སྟེ།། ཐ་ཆུང་བཞི་ལ་བཅུ་དྲུག་གོ། གཞན་ཡང་བརྡེག་པའི་དུས་ཚོད་ནི། ། དཔྱིད་ཟླ་གསུམ་ལ་བརྡེག་པ་ནི།། ཉི་ཤུ་གཉིས་དང་བཅུ་དྲུག་དང།། བཅུ་བཞི་རྣམས་ལ་བརྡེག་པ་ཡིན།། ཤར་དང་ཤར་ལྷོ་ལ་སོགས་བལྟ།། དབྱར་ཟླ་གསུམ་ལ་བརྡེག་པའི་དུས།། བརྒྱད་དང་བཅོ་ལྔ་དུས་དྲུག་ཏུ། ། ནུབ་བྱང་བྱང་ཤར་ལ་སོགས་པར།། ཁ་བལྟས་བརྡེག་པར་བྱ་བ་ཡིན།། སྟོན་ཟླ་གསུམ་ལ་བརྡེག་པ་ནི།། ཉི་ཤུ་བཅོ་བརྒྱད་ཉ་གསུམ་ལ།། བྱང་ཤར་བྱང་དང་ནུབ་དག་ཏུ།། ཁ་བལྟས་བརྡེག་པར་བྱ་བ་ཡིན། ། དགུན་ཟླ་གསུམ་ལ་བརྡེག་པའི་དུས།། བཅུ་གསུམ་བཅུ་དང་ཐམས་ཅད་ལ།། བྱང་དང་ལྷོ་དང་རང་ཐད་བལྟས།། བརྡེག་པ་བྱ་བར་ལས་ལ་སྦྱར།། དེའང་ཉི་ཤུ་བདུན་ནས་མར།། སྲོག་བསྡུད་ཆེན་པོའི་ལས་བྱེད་པས། ། ཉི་ཤུ་དགུ་འམ་གནམ་སྟོང་ལ།། བརྡེག་པའི་དུས་ལ་བབ་བ་ཡིན།། གཞན་ཡང་སྲོག་བསྡུད་བཤད་བྱ་བ།། ལྷ་སྲིན་འཁོར་དང་བཅས་པ་ནི།། གཤིན་རྗེ་འཁོར་དང་བཅས་པ་དང།། གནོད་སྦྱིན་འཁོར་དང་བཅས་པ་དང། ། ལྷ་ཆེན་བརྒྱད་པོ་འཁོར་བཅས་དང།། སྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང།། འཇིག་རྟེན་མ་མོ་འཁོར་བཅས་དང།། ཕུང་བྱེད་གདུག་པ་ཐམས་ཅད་དང།། ཀླུ་ཆེན་བརྒྱད་པོ་ཐམས་ཅད་དང། ། གཟའ་ཆེན་བརྒྱད་པོ་འཁོར་བཅས་དང།། མ་བདུད་མི་རྐུན་འཁོར་བཅས་དང།། བརྟན་མ་བཅུ་གཉིས་འཁོར་བཅས་དང།། བདུད་མོ་ནག་མོ་མི་བཟད་རྣམས།། དེ་རྣམས་སྲོག་བདུད་ཡིན་པས་ན།། དུས་དེར་བརྡེག་དང་བསད་དང་མནན། ། ལས་ལ་ཕན་འདོགས་ཡོད་པར་བཤད།། དུས་མིན་ནོར་ན་ལྡོག་པའི་དུས།། དཔྱིད་ཟླ་གསུམ་ལ་བཟློག་པའི་དུས།། བཅུ་བདུན་བཅུ་དགུ་པ་དང་ནི།། ཉེར་གཅིག་ཉི་ཤུ་བརྒྱད་པ་དག། ། གན་མ་སྟོང་དག་ལ་བཏབ་གྱུར་ན།། ས་བདག་ཆེན་པོ་རབ་བརྒྱུས་པས།། རྣལ་འབྱོར་དམ་པ་ཉིད་བརླག་འགྱུར།། དབྱར་ཟླ་གསུམ་ལ་ལྡོག་པའི་དུས།། བཅུ་གཅིག་དྲུག་དང་ཉི་ཤུ་ལྔ།། བརྡེག་པར་མི་བྱ་བདག་ཉིད་བརླག། སྟོན་ཟླ་གསུམ་ལ་ལྡོག་པའི་དུས།། ཉི་ཤུ་ལྔ་དང་གསུམ་དང་གཉིས།། ཏིང་ཏིང་མ་རྩེ་འཁོར་བཅས་ཉུལ།། དུས་དེར་མི་གདབ་ལྡོག་པའི་དུས།། དགུན་ཟླ་གསུམ་ལ་ལྡོག་པའི་དུས། ། ཉི་ཤུ་བདུན་དང་ཉི་ཤུ་དང།། བཅོ་བརྒྱད་དག་ལ་ལྡོག་པའི་དུས།། དྲག་པོ་ཆེན་པོ་གདོང་དྲུག་རྒྱུ།། འདི་དུས་དྲག་པོའི་ལས་བྱས་ན།། རྣལ་འབྱོར་ཚེ་ཐུང་ཡ་ཁས་འཕོགས།། འཁོར་ཡང་ཕུང་ལ་ཡོ་བྱད་འབྲི། ། ཕྱུགས་དང་ནོར་སྟོང་དབུལ་པོར་འགྱུར།། སྨྱོ་འབོག་འོན་དིག་ལྐུགས་པ་དང།། ཞ་གྲུབ་དབང་པོ་མ་ཚང་དང།། ནད་དང་ལྷོག་འབྲས་སྣ་ཚོགས་འོང།། ལྷུང་ནད་འཐིབས་དང་གཏུམ་པ་ཡི།། རྒྱུ་གཟེར་མཛེ་ནད་འབྱུང་འགྱུར་བས། ། རྣལ་འབྱོར་དམ་པས་རབ་བརྟགས་ལ།། ཐམས་ཅད་ནན་ཏན་ཁོ་ནར་བྱ།། ཚེས་གྲངས་ཟླ་བར་བསྟུན་པ་ནི།། བསད་པའི་ལས་ལ་ཤིས་པ་སྟེ།། དཔྱིད་ཟླ་ར་བའི་ཚེས་བདུན་ལ།། འབྲིང་པོ་བཅུ་བདུན་དག་ལ་སྟེ། ། ཐ་ཆུང་ཉི་ཤུ་བདུན་ལ་ཤིས།། དབྱར་ཟླ་ར་བའི་བརྒྱད་ལ་ཤིས།། འབྲིང་པོ་བཅོ་བརྒྱད་དག་ལ་ཤིས།། ཐ་ཆུང་ཉི་ཤུ་བརྒྱད་ལ་ཤིས།། སྟོན་ཟླར་བའི་ཚེས་དགུ་ལ།། འབྲིང་པོ་བཅུ་དགུ་དག་ལ་ཤིས། ། ཐ་ཆུང་ཉི་ཤུ་དགུ་ལ་ཤིས།། དགུན་ཟླ་ར་བ་ཚེས་བཅུ་ལ།། འབྲིང་པོ་ཉི་ཤུ་དག་ལ་ཤིས།། ཐ་ཆུང་ལ་ནི་གནམ་སྟོང་ངོ།། རྣལ་འབྱོར་དམ་པས་རབ་བརྟགས་ལ།། བཟབས་ལ་ལས་འདི་བྱ་བ་ཡིན། ། གཞན་ཡང་གཟའ་ཡི་དུས་ཚོད་ནི།། མིག་དམར་ཕུར་བུ་གཟའ་ལག་གསུམ།། དར་བའི་དུས་སུ་དུས་ལ་བབ།། གཟའ་སྐར་གཉིས་ཀྱི་མཐུན་སྦྱོར་ནི།། རིམ་པ་ཅུང་ཟད་ཡང་སྨོས་པ།། ཉི་མ་སོགས་པ་ཆུ་སྨད་འཁྲོད། ། མིག་དམར་ཁྲུམ་དང་ནམ་གྲུམ་འཕྲོད།། གཟའ་ལྷག་མོན་གྲེ་སྨིན་དྲུག་འཕྲོད།། ཕུར་པ་ནམ་སོ་རྒྱལ་ལ་འཇེབས།། པ་ཝ་སངས་ནི་མོན་གྲུ་དང།། བྲེ་ལ་འཕྲོད་དེ་གོང་མ་བཞིན།། སྤེན་པ་ལ་ནི་ས་ག་སྟེ། ། འདི་རྣམས་གཟའ་སྟེ་ཕྱི་ཡི་དུས།། ཕན་པར་བྱ་བའི་ལས་ལ་ཤིས།། མི་མཐུན་བདུད་ཀྱི་ཉི་མ་ཤིས།། མི་མཐུན་བདུད་ཀྱི་ཉི་མ་ནི།། ཉི་མ་ལྷ་མཚམས་བྲ་ཉེ་གསུམ།། ཟླ་བ་རྒྱལ་དང་ཆུ་སྨད་གསུམ།། མིག་དམར་གྲེ་དང་སྒྲོག་འཕྲད་བདུད། ། གཟའ་ལྷག་ཐ་སྐར་ཉིད་ལ་འཇིག། ཕུར་པ་མགོ་རུ་ཕྲད་ན་འཇིག། པ་ཝ་སངས་ནི་ནམ་གྲུ་དང།། སྐག་དང་ཕྲད་ན་འཇིག་པར་འགྱུར།། སྤེན་པ་ཉེ་བཞི་སྐག་ལ་འཇིག། འདི་ནི་ནང་གི་རིམ་པ་སྟེ། ། ཁྱད་པར་བསད་པའི་ལས་ལ་ཤིས།། གཞན་ཡང་མི་འཕྲོད་རིམ་པ་ནི།། ཉི་མ་ཁྲུ?མས་སྨད་མི་འཕྲོད་དོ།། ཟླ་བས་གར་མི་འཕྲོད་དོ།། མིག་དམར་ལག་ཏུ་མི་འཕྲོད་དོ།། གཟའ་ལྷག་སྣརོན་དུ་མི་འཕྲོད་དོ། ། ཕུར་པ་མོན་གྲེ་མི་འཕྲོད་དོ།། པ་ཝ་སངས་དང་ཆུ་སྨད་དུ།། མི་འཕྲོད་དེ་ལྟར་བདུན་རྣམས་ནི།། ཕན་བྱའི་ལས་ལ་མི་བསྔགས་སོ།། གཞན་ཡང་འཇིག་པར་བསྟན་པ་ནི།། ཉི་མ་དང་ནི་ས་ག་འཇིག། ཟླ་བ་དང་ནི་སྣར་མར་འཇིག། མིག་དམར་མོན་གྲེ་ཕྲད་ན་འཇིག། གཟའ་ལག་མོན་གྲུར་འཇིག་པར་བཤད། ཕུར་པ་ལ་ཡང་སྣར་མར་འཇིག། པ་ཝ་སངས་ལས་མོན་གྲུས་འཇིག། སྤེན་པ་ལ་ནི་བཞིས་མེ་བཞིས་འཇིག། མི་འཕྲོད་པ་དང་འཇིག་པ་དང།། བདུད་ཀྱི་ཉི་མ་གསང་བར་ཤིས།། གཞན་ཡང་སྐར་མ་གསུམ་འཆར་ཏེ།། རབ་བཞི་ནི་མཆུ་ལ་གཅོད།། འབྲིང་པོ་བཞི་ནི་བྲེ་ལ་གཅོད།། ཐ་ཆུང་བཞི་ནི་སྦོལ་གཅོད། ། ཟླ་གཅིག་ཞག་ནི་སུམ་ཅུ་ལ།། ཚེས་བཞི་བརྒྱད་དང་བཅུ་གཅིག་དང།། བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས། ཉི་ཤུ་ལྔ་དང་ཉི་ཤུ་དགུ། ཚེས་གྲངས་དུས་ཚོད་བརྒྱད་པོ་ལ།། འཇུག་དག་འབྱུང་བ་ཤེས་པ་གཅེས། ། ལོ་ཆེན་དག་དང་བརྩི་བ་ནི།། ས་ཡི་ཁམས་ནི་དཔྱིད་ཟླ་གསུམ།། ཤིང་ནི་དབྱར་ཟླ་མེ་ནི་སྟོན།། དགུན་ནི་ལྕགས་ཁམས་བསད་པའི་དུས།། གཞན་ཡང་བློ་ཚེ་འཁྱམས་པའི་དུས།། ཤ་བའི་བླ་ནི་སྲོད་ལ་རྒྱུ། ། ལུག་དང་གཉེན་ནི་གུང་ལ་སྟེ།། ཕག་ནི་ཐོ་རང་ཉི་ཚེ་བྱ།། ཉིན་གུང་རྟ་དང་ཉི་ཤུ་ནུབ།། གཡག་དང་གླང་ནི་སྲོད་ལ་རྒྱུ།། དེ་དུས་བསད་པའི་ལས་ལ་ཤིས།། བསྒྲུབ་པ་དང་ནི་ཟླ་བ་དང།། དུས་ཚོད་དག་གིས་གསོད་པར་བྱེད། ། སྐག་ནི་གཤེད་པོ་གླང་ལུག་གཉིས།། ལོ་དགྲ་བྱ་དང་སྤྲེལ་ཡིན་ཏེ།། ཟླ་བ་དབྱར་དགུན་ཐ་ཆུང་གཉིས།། དུས་ཚོད་ནམ་ཕྱེད་ཡོལ།། གསོད་པར་འགྱུར་ཏེ་སྔ་མ་བཞིན།། ཁྱི་འབྲུག་བྱ་ཡི་གཤེད་པོས་ཏེ། ། ཕག་དང་བྱི་བའི་ལོ་དགྲ་ཉིད།། ཟླ་གཤེད་སྟོན་གྱི་ཐ་ཆུང་སྟེ།། དུས་ནི་སྲོད་དང་ཐོ་རངས་སོ།། གུང་ལ་ཁྱི་འབྲུག་ཤིང་ཁམས་པ།། ལོ་དགྲ་སྟག་དང་ཡོས་བུ་ཉིད།། ཟླ་གཤེད་སྟོན་དཔྱིད་ར་བ་སྟེ།། དུས་ནི་ཕྱེད་དང་ཕྱེད་དུས་སོ། ། འུ་ལ་གླག་ལུག་ས་ཁམས་པ།། ལོ་དགྲ་རྟ་སྦྲུལ་རྣམ་པ་གཉིས།། ཟླ་བ་དབྱར་དགུན་ར་བ་གཉིས།། དུས་ཚོད་མཚན་མོ་རངས་པ་སྟེ།། མི་མཐུན་རྫས་ཀྱིས་འཇོམས་གྱུར་ན།། སྔགས་ཀྱི་སྦྱོར་བ་སྨོས་ཅི་དགོས། ། ཉི་མ་དྲོས་པ་མྱོས་པའི་དུས།། ཉིན་གུང་བཙན་ལ་ནམ་གུང་བདུད།། ཉི་མ་ནུབ་ཀ་སྲིན་པོའི་དུས།། འདི་ཡང་ཐུན་དང་གདབ་པའི་དུས།། གཞན་ཡང་དུས་ཀྱི་རིམ་པ་ནི།། དང་པོར་ཏིང་འཛིན་ཚུལ་གནས་བྱ། ། བར་དུ་བདེ་གཤེགས་ཀུ་བསྐྱེད་བསྟིམ།། ཐ་མ་སྲས་བསྐྱེད་བཟླས་པ་བྱ།། བླ་ཡི་ཤིང་བཅད་བླ་རྡོ་བཅག། བླ་མཚོ་བསྐམས་དང་མེ་བསད་དང།། མཁར་གྱི་སྒོ་བཅག་ཉི་ཟླ་ནུབ།། སྲོག་ཆགས་བསད་ནས་ཀོ་བ་ཉིད། ། འདི་བྱུང་བསྒྲུབ་པའི་ལས་ལ་འཇུག། བྱ་ནག་ཚོགས་རྣམས་མཐོང་བ་དང།། གོང་དང་མཚོན་ཆ་བཤམ་པ་དང།། དམག་འདྲེན་ཆུ་ནག་བྲུག་པ་དང།། རྔོན་དང་རི་དགས་ཤོར་བ་དང། ། གནས་སུ་ལྟས་ན་བྱ་རྣམས་འཁོར།། སྲོག་ཆགས་དེ་དང་འཚེག་པ་ནང།། ལྟས་ན་དག་གི་སྒྲ་གྲགས་ན།། སྒྲུབ་པ་ཆེན་པོའི་ལས་དག་བརྩམ།། གཞན་ཡང་རྟགས་ཀྱི་རིམ་པ་ནི།། རབ་ཀྱིས་མངོན་དུ་ཁུགས་པར་འགྱུར། ། འབྲིང་གིས་ལིང་ག་འགུལ་བར་འགྱུར།། ཐ་མས་ཉམས་སམ་རྟགས་འོང་སྟེ།། འབར་དང་འཕྲོག་དང་འཚོགས་པ་དང།། འོད་དང་ཉམས་པ་རྨི་ལམ་དང།། འོད་དང་དུ་བ་ལ་སོགས་པ། ། རིམ་པ་དུས་ཚོད་བཟུང་ཞིང་སྦྱར།། གཞན་ཡང་ཁྱད་པར་དག་གིས་ལྟས།། ཞིབ་ཅན་དག་དང་མོན་པ་དང།། དགེ་བཤེས་དག་ཏུ་འོང་བ་དང།། ཤ་བ་གླ་བ་ལ་སོགས་དང།། བཙན་པོ་བ་གླང་སྦྲུལ་རྣམས་དང། ། སྤྲེའུ་བྱ་རྒོད་འབྲུག་ཐོག་གློག། མི་རང་ཁྱི་ཁྲིད་འོད་འོང་ཞིང།། ཁྲ་སྦྱང་དག་གིས་སྲོག་ཆགས་འདེད།། འདི་དེ་དུས་ལ་བབ་པ་ཡིན།། བུད་མེད་གཅེར་བུར་བྱུང་བ་དང།། གཡག་དང་སྤྱང་ཁུ་དངོས་སུ་འོངས། ། མི་རིངས་མཚོན་ཆ་ཁུར་དང་ཉོ།། ཟོར་ལ་རླང་དང་སྒྲ་རྣམས་འབྱུང།། འདི་དེ་ལས་ཀྱི་སྦྱོར་ཀ་བྱ།། གཞན་ཡང་ཚུབ་མ་བུ་ཡུག་དང།། ཁ་ཆར་བུད་མེད་ཆོ་ངས་འདེབས།། སྐྱེས་པ་མང་པོ་ན་བ་དང།། བྱིས་པ་གཅེར་བུས་འདེབས་པ་དང། ། ནམ་མཁའ་སྔོན་པོར་མཐོང་བ་དང།། གློག་དང་འོད་ལ་མདོག་མེད་དང།། རང་གི་མདོག་ཉམས་སྐད་མདངས་འཆག། འདི་བྱུང་དམ་ཚིག་གསོ་བའི་དུས།། རྒྱ་མཚོ་དག་ལ་གྲུ་བརྒལ་དང། ། རྫིང་མནན་མེ་ཏོག་ཤིང་རྩི་ལྔ།། ཁྲག་དང་སྒྱུ་མའི་ལོངས་སྤྱོད་དང།། གདབ་ཆད་དང་གྲོག་པོ་བྱུང།། ཉི་མ་ཐང་ལ་ལྷུང་བ་དང།། ནམ་མཁའ་རལ་དང་རྒྱ་མཚོ་ལུད།། སྣང་སྲིད་མུན་ནག་མེ་ཆེན་འབར། ། འདི་དུས་ལས་ཀྱི་མཐའ་ལ་གཟུད།། གཞན་ཡང་ལས་ཀྱི་རིམ་པ་ཡི།། བསམ་མི་ཁྱབ་པས་སྟོན་པར་གསུངས། སྔགས་དང་ཏིང་འཛིན་དེང་ལྡང་ཞིང།། རྟོགས་དང་མན་ངང་ལྡན་གྱུར་ན།། རྣལ་འབྱོར་དུས་ལ་ངེས་པ་མེད། ། ཅེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས།། བསྙེན་བསྒྲུབ་ལ་སོགས་བའི་དུས་རིམ་པར་ཕྱེ་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་ཀར་མ་ཧེ་རུ་ཀས། བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་བཅོམ་ལྡན་རྣམ་པར་དག། དོན་དམ་ངོ་བོ་མ་བཅོས་སྐུ།། ཨེ་མ་བཅོམ་ལྡན་སྔགས་ཀྱི་བདག། གསང་ཆེན་གསང་བའི་བདག་ཉིད་ཅན།། འདི་བསྒྲུབ་པ་ཡི་གང་ཟག་ལ། ། བསྐྱེད་དང་སྤྱན་དྲང་བྱིན་བརླབས་དང།། བསྒྲུབ་དང་བསད་དང་ཐུན་དང་ཟོར།། བསྲེག་དང་བཏབ་དང་མནན་དང་བསྲུང།། ཞི་རྒྱས་ལ་སོགས་འཕྲིན་ལས་ལ།། གསང་བའི་དྲག་སྔགས་མི་འཚལ་ལམ། ། བོད་རྦད་བསད་པ་ལ་སོགས་པ།། སྔགས་རྣམས་ཇི་ལྟར་ཤེས་པར་བགྱི།། ཞེས་གསོལ་པ་དང། ཁྲག་འཐུང་བཛྲ་ཀཱི་ལ་ཡས། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེསབཀའ་སྩལ་ཏོ།། གང་ཟག་དང་པོ་ས་པ་ཡིས། ། ཡང་དག་དོན་རྟོགས་འདོད་པ་དང།། ལས་ཀྱི་བྱ་བ་རྫོགས་བྱའི་ཕྱིར།། ཕྱི་ནང་བསྙེན་བསྒྲུབ་རིམ་པ་དང།། ཟབ་མོའི་སྔགས་རྣམས་ངས་བསྟན་གྱིས།། ཉོན་ཅིག་ཀརྨ་ཧེ་རུ་ཀ། དག་པོའི་ཡི་གེ་ཐམས་ཅད་ནི། ། མིང་མེད་བརྗོད་པ་རྣམས་དང་བྲལ།། ཚིག་དང་སྒྲ་ཡི་སྤྱོད་ཡུལ་མེན།། དམིགས་མེད་གདོད་ནས་དག་པ་སྟེ།། སེམས་ཅན་ལས་དང་སྨོན་ལམ་དང།། ཐུགས་རྗེའི་བྱིན་བརླབས་སྟོབས་དག་གིས། ། དེ་ཡི་དབང་གིས་འདི་གསལ་འབྱུང།། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ་ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་རལ་ཝ། ཤ་ཥ་ས་ཧཀྵ། དེ་ནི་ཐོག་མའི་ཡི་གེ་སྟེ།། སྔགས་རྣམས་འབྱུང་བའི་ས་བོན་ཡིན།། ང་དང་བདག་ཏུ་གདགས་པའི་དབང།། འཁོར་བའི་གཟུགས་སུ་བཏགས་པ་ལས།། དེ་ལུས་ཡི་གེ་ཨ་ལ་རྟེན།། ཨ་ལས་ཡི་གེ་སྡེ་དང་བཅས། ཐབས་དང་ཤེས་རབ་ཡི་གེ་བྱུང།། དེ་ལ་ཡི་གེའི་ཚོགས་ཞེས་བྱ།། ཡི་གེའི་ཚོགས་ལ་སྡེ་ཚན་དགུ། སྒྲ་ཡི་ཡི་གེས་ཡོངས་ལ་བརྒྱན།། དེ་ནི་མིང་གི་ཚོགས་ཞེས་བྱ།། ཨཱ་ལི་ལ་སོགས་སྡེ་ཚན་གྱིས།། ཀཱ་ལི་སོགས་པའི་སྡེ་ལ་བརྒྱན། ། དེ་ནི་ཚིག་གི་ཚོགགས་ཞེས་བྱ།། དེ་ལ་སྔགས་ཀྱི་ཚོགས་རྣམས་འབྱུང།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བིགྷན་བཾ་ཧཱུཾ་ཕཊ། ཏིཔྟ་ཙ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། ཨོཾ་བཛྲ་ཀྲོདྷ་མ་ཧ་བ་ལ་ཧཱུཾ། ཨོཾ་བཛྲ་ཀྲོདྷ་ནི་ལ་དཎྜ་ཧཱུཾ། ཨོཾ་བཛྲ་ཀྲོདྷ་ཡ་མནྟ་ཀ་ཧཱུཾ། ཨོཾ་བཛྲ་ཀྲོདྷ་ཨཱརྱ་ཨ་ཙ་ལ་ཧཱུ་ཕཊ། ཨོཾ་བཛྲ་ཀྲོདྷ་ཧ་ཡ་གྲྀ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ཨ་པ་ར་ཛི་ཏ་ཧཱུཾ། ཨོཾ་བཛྲ་ཀྲོདྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཨོཾ་བཛྲ་ཀྲོདྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོདྷ་མ་ཧཱ་བ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ལ་ཀྵི་ཡ་བྱ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ལཱ་སེ་ཀི་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷི་ཏ་ཏྲི་བྱ་ཏ་ཧཱུཾ།། ཨོཾ་བཛྲ་ཀྲོ་དྷི་ཏ་ན་པ་ཏི་ཧཱུཾ།། ཨོཾ་བཛྲ་ཀྲོ་དྷི་མུ་ཧ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ཛ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ཀྵ་ཡ་བྱ་ཏི་ཧཱུ། ཨོཾ་བཛྲ་ཀྲོདྷི་ཏ་བ་ཡ་བེ་ཧཱུཾ། ཨོཾབཛྲ་དྷི་སྟིར་མ་ནི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ཙུན་དྷེ་མུ་ནེ་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཨཾ་ཨཾ་ཨཾ། ཨོཾ་ཨོཾ་ཨོཾ། ཨོཾ་ཨེ་ཧྱ་ཧི་བྷ་ག་བན། མ་ཧཱ་ཀ་རུ་ནི་ཀ་ཏྲི་ཤ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟོཾ། ཛ་ཧཱུཾ་བཾ་ཧོ། ཏདྱ་ཐཱ་རཀྵ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ། ཏདྱ་ཐཱ་རཀྵ་རུ་རུ་རོ་རུ་ཨ་ག་ཤུག་མེ་ཧཱུཾ། ཏདྱ་ཐཱ་རཀྵ་རུ་རུ་རོ་རུ་བ་ཏོ་སིཧཱུཾ། ཏདྱ་ཐཱ་རཀྵ་རུ་རུ་རོ་རུ་བ་སྟོ་སྟ་ཧཱུཾ། ཛ་ཡ་དུ་ཧཱུཾ། མནྟི་ཧཱུཾ། ཤ་རི་ཧཱུཾ། ནི་ལ་པུ་ཏི་ཧཱུཾ། སུ་ཏྲི་བ་ར་ཧཱུཾ། ཡོ་གི་ཤོ་རི་ཧཱུ~ཾ། བར་ཙི་ཏ་ཧཱུཾ། ཡ་མ་ཙིཏྟ་ཧཱུཾ། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བ་ནན། མོ་ཧག་ཡ། བྷ་ག་བན་ཤྲི་ཀྲི་བི་ཀྲི། བཛྲ་ཧཱུཾ་ཀ་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཀཱི་ལ་ཡ། ཛ་ཧཱུཾ་བཾ་ཧོ། སརྦ་བིགྣན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀ་ར་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨ། ཧཱུཾ་པ་ར་བྱི་ཊ་ཏན་ཧཱུཾ་ཕཊ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། གྲྀ་ཎ་གྲྀ་ཎ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ཧ་ཏ་ན་ཧཱུ~ཾ། ཤྲི་ཀྲིན་ཨ་ན་ཡ་ཧཱུཾ་ཕཊ།། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུཾ་ཕཊ། བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུཾ་ཕཊ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏ་ཀ་ཏེ་ཡ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཊི་ཏེ་ཨ་པ་ཛི་ཏི་ཡ། མ་ར་སྱ་ན་པྲ་མར་ཏ་ན་ཡ་ཧཱུཾ། ཧཱུཾ་ཧཱུཾ་མ་མ་བ་ཤིཾ་ཀུ་རུ། མ་ཏཾ་ཉ་ཀ་ར། ཨི་ན་ཎ་དི་ཏི། མ་མ་ཀརྨ་ཤྲི་ཏྲཾ་ཀ་རེ་ཡ། སརྦ་ཨ་ན་ཡ་ཧཱུཾ་ཕཊ། ཏདྱ་ཐཱ་ཡ་ཏང་ཐ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྴ་ཀྲོདྷ་ཁ་ཧི་ཁ་ཧི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཁ་ཐཾ་ཁ་ཐཾ་ཁ་ཐཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། རཾ་ཛྭ་ལ་ས་རན་ཧཱུཾ་ཕཊ། ཨོཾ་བཛྲ་སུ་མེ་ཏྲུཾ་ཧཱུཾ་སྭ་མ་སྟཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། རི་ཤུ་ནི་ཏ་ཀི་ཙ་ཏི་བི་ཙ་ཏི་ཧུ་ཡ་ཧུ་ཡ་ཧཱུཾ་ཕཊ། སརྦ་ཏ་ཐཱ་ག་ཏ་བཛྲ་ཀུ་ལན་བི་ཤོ་ཏ་ཡ་བྷི་ར་ཧཱུཾ་ཕཊ། ཨོཾ་བཛྲ་ས་ཏོ་རྭ་ཛ་ཧཱུཾ། ཨོཾ་ཙྪིནྡྷ་ཙྪིནྡྷ་ཧཱུཾ། ཨོཾ་ཕཊ་མི་རི་ཀུནྡྷ་ལི། ཐམས་ཐུམས་རྦད། ཁྲག་ཏི་སྨ་ར་ཡ་ཕཊ། རྡུལ་ཕྲན་ཉུར་ཐུམས་རྦད། ཁྱི་ཁྲིད་ར་ཁྲིད་རོལ་ཁྲག་འཐུང་ཀང་ཀང། ཀེང་ཀེང་ཀང་ཀང་ཡ། ཏང་པར་ལ་ཏོ་ཤ་ལ་ཀྱི་སྤྱང་ཧི་ཏི་ཕཊ། ཤག་ཤག་རྒྱོབ་རྒྱོབ་ཡ་ཡ། ཨོཾ་ཏྲི་ནི་བག་མར་ཐུན། པ་ལ་ཧྲི་ཡཀྵ་ནི་གར་ལན་པར་མན། ཕྲ་མ་རི་ཧི་ལི་ཛ་ཛ། ཧཾ་མ་ཧཱ་ཀ་ལི་ཧཾ་ཕཊ་ཛ། སྤར་ཤ་ཏྲི་ཏྲི་ཧཱུཾ་ཡཀྵ་ཡ་ཕཊ། ཨོཾ་ཧི་ལི་རཀྴ་ཏྲི་ཤ་ཀུ་རུ་ཧཱུཾ། ཏྲི་ཤ་ཀུ་རུ་ཧཱུཾ། བ་རི་སད་ཉ། ཏྲིསྟཾ་ཤ་བ་རི་ཧཱུཾ། ཀརྟི་པ་ར་ཡ་ཏྲཾ། ཡ་མ་ཧྲི་དྷིདུན་ཧཱུཾ་ཀ་ར་ལ་བི་ཤ་ཧཱུཾ། བཛྲ་ས་དྷུ་ཧཱུཾ། ཨོཾ་ཏྲི་ཏྲི་པུ་ཀ་ཧི། བཛྲ་ས་ཏིར་ཡ་མ་ར་དུ་ན་ཐ། ཨོཾ་ཐ་པ་རི་རྦ་ན་ཧཱུཾ། ཨི་པཾ་བྷྱོ། ཏེ་པཾ་བྷྱོ། ཨེ་པཾབྷྱོ། ཧེ་པ་བྷྱོ། སིན་ཙ་ན་ར་ར་བྷྱོ། མ་ཀརྨ་ཤ་རི་བྷྱོ། ནརྀ་ཊྲྀ་ཎྲྀ་ཊྲྀ་བཾ་ཤན་ཀུ་རུ་ཏི་པ་ཤ་ཧཱུཾ། ཧྲི་ཕི་ཀམ། ཁ་ཏྲྀ། ཤཾཏྲྀ། ཁཾ་ཧྲ་ཐང། ཐི་བཛྲ་བཛྲ་པུ་ཧཱུཾ། ཧ་ཧ་ཧ་ཧ། ཀྲཾ་ལཾ་ཏྲཾ། དྷྲི་དྷྲི་དྷྲི་དྷྲི་དྷྲི་དྷྲི་དྷྲི། དྷྲི་དྷྲི་དྷྲི་དྷྲི་དྷྲི་དྷྲི་དྷྲི། དྷྲི་དྷྲི་དྷྲི་དྷྲི་དྷྲི་དྷྲི་དྷྲི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཨོཾ་བཛྲ་ས་མ་ཡོ་གི་ནི་པྲ་ཏི་ཛ་ཧཱུཾ་ཧཱུཾ། ཨོཾ་རོ་རུ་པ་ཏི་སྟ་ས་མ་ཡ་ཧཱུཾ་བྷྱོ་ཧཱུཾ། ཨེ་ཨ་ར་ལི་ཀི་ལ་བཾ་ཧོ། ཁ་ཁ་དུར་ཏི་མ་ཏུང་ང། རུ་ལུ་རུ་ལུ་ཧཱུཾ་ཧཱུཾ་བྷྱོ་བྷྱོ། ཀུ་མ་ད་རྀ། ཤུ་ལ་རི། ཙ་མུན་དྷི་ད་རི། ཀང་རྐ་ད་རི། ཁ་རཾ་ཡོ་གི་ནི་ཁཱ་ཧི་ས་མ་ཡ་ཨ་མྲྀ་ཏཱ་ཨརྒཾ་པྲ་ཏྲི་ཛ་ཁཱ་ཧི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀརྨ་གྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ལ་བ་ཤཾ་ཀུ་རུ་སྭཱཧཱ། པུཥྟིཾ་ཀུ་རུ། ཤནྟི་ངྐུ་རུ། སུམྦྷ་ནི་ཀུ་རུ་མི་སྭཱ་ཧཱ།། གརྫ་གརྫ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ།། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཧཱུཾ་ལུ་ཧཱུཾ་ལུ་ཧཱུཾ་ཕཊ། ཏིཥྟ་ཏིཥྟ་ཧཱུཾ་ཕཊ། ཚིནྡྷ་ཚི་ནྡྷ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷཕཊ། ཕོཊ་ཕོཊཧཱུཾ་ཕཊ། གཞན་ཡང་བསྒྲུབ་པ་སོ་སོ་ཡི།། སྔགས་ཀྱི་རིམ་པ་བརྗོད་མི་ལང།། གནས་སྐབས་དང་དག་ལས་ཤེས་པར་བྱའོ།། དེ་འདྲའི་གདམས་པ་ཡོད་པའི་མིས།། གདུག་པའི་སྔགས་ནི་རབ་ཏུ་འཇུག། ཅེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། སྙིང་པོ་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་བཛྲ་ཀཱི་ལ་ཡས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། འདི་བསྒྲུབ་པ་ཡི་གང་ཟག་ལ།། རང་རང་རྟགས་ཀྱི་ཕྱག་རྒྱ་ཡིས།། ལས་རྣམས་ཡོངས་སུ་རྫོགས་པ་དང།། དེ་ཡི་ཡོན་ཏན་ཇི་ལྟར་ལགས།། འདི་སྐད་གསོལ་བ་གསན་ནས་ཀྱང། ། ཁྲག་འཐུང་ཆེན་པོས་བཀའ་སྩལ་པ།། རྣལ་འབྱོར་ལས་ལ་བསྒྲུབ་ལ།། ཕྱག་རྒྱ་སྦྱོར་བ་ཤིན་ཏུ་གཅེས།། ངས་བཤད་གུས་པས་ཡིད་ཀྱིས་ཉོན།། གཟུགས་བརྙན་ལས་ཀྱི་དཀྱིལ་འཁོར་དུ།། བསྙེན་པ་ཡོངས་སུ་རྫོགས་པ་དང། ། ཏིང་འཛིན་བརྟན་པའི་བློ་ཅན་གྱིས།། ཁྲོས་པའི་སེམས་སུ་རབ་གནས་ཏེ།། གཡས་པ་རྡོ་རྗེ་རྩེ་ལྔ་འཕྱར།། གཡོན་པ་རྡོ་རྗེ་ཕུར་པ་འདེབས་པའི་ཚུལ།། ཞབས་གཉིས་བགྲད་དེ་གསང་སྔགས་བཟླས། ། ཁྲག་འཐུང་རྒྱལ་པོའི་ཕྱག་རྒྱ་ཡིས།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། དུས་གསུམ་སངས་རྒྱས་ལ་སོགས་ཀུན།། བརྒྱལ་བར་འདོད་ན་བརྒྱད་བར་བྱེད།། འཆི་བར་འདོད་ན་འཆི་བར་བྱེད།། ཁམས་གསུམ་པ་རྣམས་སྨོས་ཅི་དགོས། ། ཡུམ་གྱི་མཚན་མ་དེ་བཟུང་ནས།། གཡས་ནས་དྲིལ་བུ་བསྣམས་ཏེ་འཁྱུད།། གཡོན་ན་དུང་ཁྲག་སྟོབས་པའི་ཚུལ།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་མཉེས་ནས་དབང་དུ་སྡུད། ། ཁམས་གསུམ་པ་རྣམས་སྨོས་ཅི་དགོས།། རྐང་གཉིས་མཐིལ་སྤྲད་ཐུར་དུ་བཙུག། གཡས་པ་སྟ་རེ་སྡེབས་པའི་ཚུལ།། གཡོན་པ་ཕུར་པ་འདེབས་པའི་ཚུལ།། བཅུ་ཐབས་ཟུར་གྱིས་མནན་ཅིང་བལྟ། ། འདི་ནི་སྲས་མཆོག་ཆེན་པོའི་རྒྱ།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། རྡོ་རྗེ་འཛིན་པའང་འཆིང་འགྱུར་ན།། ཁམས་གསུམ་སྐྱེ་བོ་སྨོས་ཅི་དགོས།། ལག་གཉིས་ཐལ་སྦྱར་གྱེན་དུ་བསྒྲེང།། རྐང་པ་མཐིལ་སྦྱར་ཐུར་དུ་བཙུགས། ། འགྱིང་ཞིང་རོལ་པས་གར་བྱེད་པ།། ཧཱུཾ་ཀར་ཡི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། དུས་གསུམ་སངས་རྒྱས་འགུགས་འགྱུར་ན།། རྒྱལ་པོའམ་བུ་མོ་ལ་སོགས་ཀུན།། ཁྲིའམ་བརྒྱ་རྩ་བརྒྱད་བཟླས་ན། ། འགུགས་པར་འགྱུར་ཏེ་ཐ་ཚོམ་མེད།། གཡོན་པ་ཁྲོ་མཛུབ་སྙིང་ཁར་སྦྱར།། གཡས་པ་ལྕགས་ཀྱུ་ལྟར་བྱས་ནས།། སྤྱན་བཟློག་གཡས་བརྐྱང་གཡོན་བསྐུམ་ལ།། རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན། ། སྔགས་དང་ཕྱག་རྒྱ་འདི་བཏབ་ན།། རླུང་ཆེན་ཆུ་ཆེན་འབྲུག་ལ་སོགས།། གང་ཡང་བཟློག་པར་གདོན་མི་ཟ།། གཡོན་པ་ཁྲོ་མཛུབ་སྙིང་ཁར་བསྒྲེང།། གཡས་པ་བེ་ཆོན་བརྡེག་པའི་ཚུལ།། གཡོན་བརྐྱང་ཚུལ་གྱིས་གནས་པ་ནི། ། དབྱུག་པ་སྔོན་པོའི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། རྡོ་རྗེའི་བྲག་ཀྱང་འཇོམས་པར་ནུས།། བསད་པའི་ལས་ལ་ལྷག་པར་འཇེབས།། ལག་གཉིས་ཁུ་ཚུར་བཅངས་པ་ལས། ། གུང་མོ་གཉིས་ནི་རྩེ་མོ་སྤྲད།། རྡོ་རྗེ་རྩེ་གཅིག་ཚུལ་དུ་བྱས།། མཛུབ་མོ་རྒྱབ་ཀྱི་ཕྱོགས་སུ་དཀྲི།། མཐེ་བོང་གཞིབས་ཏེ་མདུན་དུ་གཞག། ཁ་ཡི་ཚུལ་དུ་བྱས་པ་དང།། གཤིན་རྗེ་ཞབས་གཉིས་ལངས་ནས་བཀུག། གཤིན་རྗེ་གཤེད་པོའི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། དགུག་པར་རང་དབང་མེད་པར་འོང།། གསོད་པའི་ལས་ལ་ལྷག་པར་འཇེབས།། དབྱེ་དང་འཐབ་ལ་ཐེ་ཚོམ་མེད། ། བསྐྲད་པས་འཇིག་རྟེན་གཞན་དུ་འགྲོ། ལག་པ་གཉིས་ཀྱི་མཐེ་བོང་གིས།། སྲིན་ལག་མཐེ་ཆུང་སེན་མོ་བསྣན།། གུང་མོ་མཛུབ་མོ་གཞིབས་ཏེ་བརྐྱང།། རལ་གྲི་ཤུགས་ནས་འབྱིན་པའི་ཚུལ།། གཡས་པ་བརྐྱང་པ་གཡོན་པ་བསྐུམ། ། མི་གཡོ་མགོན་པོའི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། ལྷ་ཀླུ་གནོད་སྦྱིན་མ་མོ་རྣམས།། གང་བསྒོམ་ལས་རྣམས་བྲན་བཞིན་བྱེད།། ལོག་འདྲེན་ཚོགས་རྣམས་སྐྲོད་འདོད་ན། ། སྲིན་ལག་རྩེ་ལ་རི་ལུ་དག། བསྟན་པ་ཙམ་གྱིས་འཕྲོས་པར་འགྱུར།། ལག་གཉིས་རྡོ་རྗེ་ཁུ་ཚུར་བཅིངས།། མཐེའུ་ཆུང་ལུ་གུ་རྒྱུད་དུ་སྤྲེལ།། མཛུབ་མོ་གཞིབས་ཏེ་བསྒྲེང་བ་ལ།། ལན་གསུམ་གཡས་ནས་མགོ་ལ་བསྐོར། ། དཔྲལ་བའི་སྟེང་དུ་གཞག་པར་བྱ།། གཡས་པའི་རྐང་པ་སྒྱིད་ཁུང་བསྐུམ།། གཡོན་པ་རྐང་མཐིལ་བཙུག་པ་ནི།། རྡོ་རྗེ་རྟ་ཡི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། དུག་གིས་ཟིན་པ་འཇོམས་པར་བྱེད། ། སེར་བ་ལ་སོགས་བཟློག་པ་དང།། འཇིགས་པ་ཀུན་ལས་ཐར་པར་བྱེད།། ལག་གཉིས་ཁུ་ཚུར་བཅངས་པ་ལས།། རྒྱབ་སྤྲད་མཐེའུ་ཆུང་ལུ་གུ་རྒྱུད།། མཛུབ་མོ་རྩེ་སྤྲད་ཞགས་པའི་ཚུལ།། རྐང་པ་གཡས་པའི་སོར་མོ་གཟུགས། ། གཡོན་པ་དྲང་པོར་བྱས་པ་ནི།། གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། བདེ་གཤེགས་སྲས་དང་བཅས་པ་རྣམས།། ལས་ལ་བསྐུལ་ཞིང་གདན་ལ་འབེབས། ། གདོན་རྣམས་ཐམས་ཅད་གཟིར་བར་བྱེད།། མ་རུངས་པ་རྣམས་གནོན་པར་ནུས།། ལག་པ་གཉིས་ཀྱི་ཐེ་བོང་གིས།། མཐེ་ཆུང་གཉིས་ཀྱི་སེན་མོ་མནན།། ལྷག་མ་གསུམ་ནི་སྒྲེང་ནས་ནི།། སོ་སོར་དཔུང་མགོར་བསྒྲེང་བ་ནི། ། རྐ་པ་དྲང་པོར་མགོ་གང་བར།། པུས་མོ་བག་ཙམ་བསྐུམ་པ་ན།། བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། སེམས་ཅན་དོན་དངས་ལས་བསྐུལ། ། གདུག་ཚོགས་བསྐྱེད་དང་བགེགས་ཆེན་འབྱེར།། ལག་གཉིས་ཁུ་ཚུར་བཅངས་པ་ལས།། མཛུབ་གཉིས་བསྒྲེང་སྟེ་མཁྲིག་མ་བསྣོལ།། རྐང་པ་གཡས་གཡོན་བགྲད་བྱས་པ།། ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིན། ། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། དུས་གསུམ་སངས་རྒྱས་གདན་ལས་འགྲེ། གདུག་པ་ལོག་པ་སྨོས་ཅི་དགོས།། གཡོན་པ་ཁུ་ཚུར་སྙིང་ཁར་གཞག། གཡས་པ་སྟ་གྲི་ཕྱར་ནས་བརྡེག། གཡས་བརྐྱང་གཡོན་པ་ཅུང་ཟད་བསྐུམ།། སྟོབས་པོ་ཆེ་ཡི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། ཐན་པ་བྱུང་ན་ཆར་འབེབས་ཤིང།། ཆར་ཆེས་ན་ཡང་གཅོད་པར་བྱེད།། རྒྱལ་བའི་ལས་ལ་ཡུད་ཀྱིས་ཆོག། ལས་རྣམས་སྐད་ཅིག་གཅིག་གིས་འགྲུབ།། ཁྲོ་མོའི་མཚན་མ་བཟུང་ནས་ནི།། གཡས་འཁྱུད་གཡོན་དུ་གཙོ་ལ་སྟོབ།། ཁྲོ་མོ་རྣམས་ཀྱི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་བཅིངས་བྱས་ལ། ། ལས་རྣམས་ཐམས་ཅད་ཐོགས་མེད་འགྱུར།། གཞན་ཡང་ལས་རྣམས་སོ་སོ་ཡི།། ཕྱག་རྒྱའི་རིམ་པ་བཤད་བྱ་བ།། ལག་གཉིས་ཁུ་ཚུར་བཅིངས་ནས་ནི།། རྒྱབ་སྤྲས་མཐེ་ཆུང་གཉིས་ལ་འཁྱུད།། མཛུབ་གཉིས་རྒྱབ་སྤྲད་བསྒྲེང་བྱས་ལ། ། ལག་པ་ལྕགས་ཀྱུ་ལྟར་བྱས་ལ།། འགུགས་ཤིང་འདྲེན་པའི་ཕྱག་རྒྱ་ཡིན།། ལག་པ་གཉིས་ནི་ཐལ་མོ་སྦྱར།། གུང་མོ་རྩེ་སྤྲད་མཐེ་ཆུང་བརྐྱང།། མཛུབ་སྲིན་གཉིས་ནི་རྒྱབ་ཏུ་བསྣོལ། ། མཐེ་བོང་གཞིབས་ལ་དྲག་ཏུ་དྲིལ།། འདི་ནི་ཕུར་བ་པ་དྲིལ་བའི་རྒྱ།། མཐེབ་མཛུབ་བར་དུ་ཕུར་པ་བཟུང།། གྱེན་དུ་གསོར་ལ་ལས་བསྐུལ།། འདི་ནི་ཕུར་པ་གསོར་བའི་རྒྱ།། སོར་མོ་རྣམས་ནི་སྦྲེལ་ལ་བསྡམ། ། ཚིགས་ནི་ཟུར་ཙམ་ནང་དུ་དགུག། མཐེ་བོང་གཉིས་ཀྱང་གཞིབས་བྱས་ལ།། མདུན་རྒྱབ་བྱས་པའི་ཕྱག་རྒྱ་ཡིན།། སོར་མོརྣམས་ནི་རྒྱབ་ཏུ་བསྣོལ།། ཀུན་ཀྱང་བརྐྱང་སྟེ་ཁ་སྤུབ་ལ།། གཟུགས་ལ་དབབ་པའི་ཕྱག་རྒྱ་ཡིན། ། གཡོན་པ་མཛུབ་བསྒྲེང་ཁུ་ཚུར་བཅངས།། སྐུ་རུ་བཞག་ལ་རྐང་པས་བགྲ་ད། ལག་གཡས་པ་ཞགས་པ་འཕེན།། གཡོན་པ་ཕུར་པ་འདེབས་པ་ལ།། གཡས་ཀྱི་རྡོ་རྗེ་ཐོ་བས་བ་སྡིགས།། འདི་ནི་ཕུར་པ་གདབ་པའི་རྒྱ། ། ལག་གཡོན་ཁུ་ཚུར་བཅངས་པ་ལས།། མཛུབ་མོས་ལྕགས་ཀྱུ་སྙིང་ཀར་བཟུང། གཡས་པའྀ་རལ་གྲིས་དུམ་བུར་གཏུབ།། གཟུགས་ཕུང་བཤིག་པའྀ་ཕྱག་རྒྱ་ཡིས།། སོར་མོ་རྣམས་ནི་བསྣོལ་ཏེ་བསྡམ། ། གུང་མོ་བཞི་བ་ལ་ཕུར་པ་བཟུང།། ཚེ་ལུང་ཆེན་པོའི་ཕྱག་རྒྱ་ཡིན།། གཡོན་པ་ཁུ་ཚུར་བཅངས་པ་ལ།། གཡས་པ་དེ་བཞིན་སྟེང་དུ་བཞག། སྤྱི་ཡི་སྟེང་དུ་བཞག་པ་ནི།། སྟན་དུ་བསྲུང་བའི་ཕྱག་རྒྱ་ཡིན། ། རྐང་པ་གཡོན་པས་སྙིང་ཁར་མནན།། གཡས་པ་བགྲད་པའི་སྡང་མིག་ལྟ།། ལག་གཉིས་མཆེ་བའི་ཚུལ་དུ་བྱ།། ཀཱི་ལ་ཡ་ཡི་སྔགས་རྗེས་ལ།། མཱ་ར་ཡ་དང་བྲ་བེ་ཤ།། ཕཊ་ཅེས་ཁོང་དྲལ་བཅུད་སྟོན་པ། ། བཅིངས་པའི་ལྕགས་སྒྲོག་དགྲོལ་བའི་རྒྱ།། གོང་མའི་ཕྱག་རྒྱ་དེ་ཉིད་ལ།། གྱེན་དུ་གསོར་བའི་ཚུལ་བྱེད་པ།། འདི་ནི་ཞལ་དུ་བཏབ་རྒྱལ་བའི།། ལག་གཡོན་བནྡྷ་ཐོགས་པའི་ཚུལ།། གཡས་ཀྱི་མཐེབ་མཛུབ་གཉིས་པོ་ཡིས། ། བསྡུས་ཀྱིན་རི་ལུར་འབུལ་བྱེད་པ།། འདི་ནི་སྦྱིན་སྲེག་ལས་ཀྱི་རྒྱ། ལག་གཉིས་སྙིམ་པ་འཛེད་པ་ལས། བཅུས་ནས་འཐོར་བའི་ཚུལ་བྱེད་པ། འདི་ནི་ཟོར་དུ་འཕང་བའི་རྒྱ། གཡས་གཡོན་ཐལ་མོ་སྦྱར་བ་ལས། ། མཐེ་བོང་གཉིས་ནི་གྱེན་དུ་བསྒྲེང། མཐེའུ་ཆུང་ཐུར་དུ་བརྐྱང་བྱས་ཏེ།། གུང་མོ་ཐད་ཀར་སྲིན་ལག་དག། རྡོ་རྗེའི་རྒྱ་གྲམ་ཚུལ་དུ་བྱས།། འདི་ནི་མནན་པ་ལས་ཀྱི་རྒྱ།། ལག་པ་གཡོན་པ་བརྐྱང་པ་ལ། ། གཡས་པ་སྟེང་དུ་པདྨའི་ཚུལ།། འདི་ནི་གཏོར་མ་བསྔོ་བའི་རྒྱ།། དེ་ལས་སོགས་པའི་ལས་རྣམས་དང།། མ་མོ་ལས་མཁན་ལ་སོགས་པ།། བསམ་གྱིས་མི་ཁྱབ་ཕྱག་རྒྱ་རྣམས།། གཞན་ལས་གྲགས་པ་བཞིན་དུ་བྱས། ། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ཕྱག་རྒྱ་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་དཔའ་བོ་མཐུ་བརྙེས་པའི།། མཁའ་འདྲ་སྔགས་ཀྱི་ངོ་བོ་ཉིད།། ལས་ཀུན་ཡོངས་སུ་རྫོགས་པའི་བདག། འདི་ནི་ཉམས་སུ་ལེན་པའི་མིས།། བསྒྲུབ་པའི་རིམ་པ་ཇི་ལྟར་བགྱི། ། དེ་ནི་རྣམ་གྲངས་དུ་ཞིག་མཆིས།། ཀཱི་ལ་ཡ་ཡིས་བཤད་དུ་གསོལ།། ཅེས་གསོལ་པས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་ཐམས་ཅད་རྫོགས་ལོངས་སྤྱོད་པའི་བདག་ཉིད་དེ། ། ཨུཏྤལ་ཅིར་ཡང་འགྱུར་བའི་ལྗགས་བརྐྱང་སྟེ།། ཐེ་ཚོམ་ཡོངས་སུ་བཅོམ་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྗེས་སུ་འཇུག་པའི་གང་ཟག་དང།། བསྙེན་པ་ལས་སུ་རུང་བའི་མིས།། བསྒྲུབ་པའི་ཐབས་རྣམས་རྟོགས་པ་གཅེས། ། བསྒྲུབ་པ་སྦྱི་དང་བྱེ་བྲག་གཉིས།། གང་ཡིན་ངོ་ཡིས་ཟིན་པར་བྱས།། རྩ་བ་བསྒྲུབ་དང་ཡན་ལག་བསྒྲུབ།། ཁྱད་པར་ཉིད་ལག་ལ་སོགས་རྣམས།། བྱེ་བྲག་ཡོངས་སུ་ཤེས་པར་བྱ། ། དང་པོ་ཕྱི་ནང་གསང་བ་གསུམ།། དེ་ཡང་རིམ་པ་འདི་ཤེས་བྱ།། བསྒྲུབ་པའི་ཡན་ལག་སུམ་ཅུ་དྲུག། ངེས་དོན་ཐབས་ཀྱིས་འཁྲུལ་པ་དྲང།། ལྷ་དབྲལ་གནས་ནས་དགུག་པ་དང། དབབ་ཅིང་བྱད་དང་སྨྱོ་རུ་གཞུག། ངེས་པར་བསྒྲལ་དང་ཞལ་དུ་བཏབ།། དྲག་པོའི་འཕྲིན་ལས་ནུབ་བདུན་བཏུད།། རེ་རེ་ལའང་སྔགས་དང་མཆོད།། ཕོ་ཉ་རྫས་དང་ཏིང་ངེ་འཛིན།། དམོད་མོ་གཞག་པ་དྲུག་ཏུ་འགྱུར།། དམ་ཚིག་ཆེན་པོའི་དུས་ལ་བབ། ། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་ཆེན་པོའི་དུས་ལ་བབ།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། ཤོ་ན་མུ་ཀའི་དུས་ལ་བབ།། བདག་ཉིད་ཆེན་པོའི་དུས་ལ་བབ།། ས་བདག་ཆེན་མོའི་དུས་ལ་བབ། ། མཐུ་རྩལ་དབྱུང་བའི་དུས་ལ་བབ།། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། རྟོགས་ཤིང་གྲོགས་དང་བྲལ་བར་གྱིས།། ཕོབ་ཅིག་རྣམ་པར་གཟིར་བར་གྱིས།། ཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམ། ། རིངས་པར་ཁུག་ལ་སྨྲར་ཆུ་གཅིག། ལུས་ངག་རྡུལ་དུ་བཤིག་ནས་ཀྱང།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ང་ཡི་དབང་དུ་གྱུར་ནས་ནི།། བསྒོ་བའི་བཀའ་རྣམས་ཉན་པར་གྱིས། ། དེ་དག་རིམ་པ་ཇི་ལྟ་བར།། སྨྱོལ་ཐང་ཕྲོམ་འདའ་དུ་ར།། དབབ་པ་ཡུངས་ཀར་འདྲེ་གསོད་ཡིན།། བྱད་དུ་གཞུག་པ་ཚོན་སྣ་ལྔ།། དབྲལ་བརྒྱ་ཚིལ་གུ་གུལ་ཤིས།། བརྡུང་བ་ཕུར་པ་ཐོ་བ་སྟེ།། སྟོབ་པ་ཧོ་མ་གཟར་ཡིས་བྱ། ། དེ་དག་ཏིང་འཛིན་སྨོད་མོ་ཡང།། སྐབས་ཀྱི་རིམ་པ་ཤེས་པར་གྱིས།། འདི་ནི་ཞི་དང་རྒྱས་པ་དང།། དབང་དང་མངོན་སྤྱོད་ལ་སོགས་པ།། ལས་ཐམས་ཅད་ལ་ཤེས་པ་སྟེ།། དམ་པའི་ངང་དང་ལྡན་པ་ཡིས། ། སྐབས་ཀྱི་རིམ་པ་འདིར་ཤེས་བྱ།། གཞན་ཡང་རིམ་པའི་འཁོར་ལོ་ནི།། ཐབས་ཀྱི་རིམ་པ་བཞི་རུ་གསུངས།། དང་ལ་འཁོར་ལོ་ཕྱི་མ་ནི།། བཞི་བཅུ་རྩ་བརྒྱད་འཁོར་ལོ་ལ།། ཡི་གེ་གཉིས་དང་ལྡན་པར་བྱ། ། དེ་འོག་དགུག་པའི་འཁོར་ལོ་ནི།། ཉི་ཤུ་རཀྟ་ནི་མ་པའོ།། འཁོར་ལོ་སྔགས་ཀྱི་རྒྱུ་རུ་གསུངས།། ཡི་གེ་བཅུ་གཅིག་རྣམ་པར་ལྡན།། འོད་ཟེར་སྤྲོས་པས་དེ་བཀུག་བསྟིམ།། དེ་ནི་དགུག་པའི་འཁོར་ལོའོ། ། བཀུག་ནས་བསད་པའི་རིམ་པ་ནི།། རྩིབས་བརྒྱད་པ་ཡི་འཁོར་ལོ་ལ།། སྐེ་ཚེ་ཐར་ནི་བོང་ང་གནག། སྤྱང་ཚེར་ལྡོང་རོས་རེ་ལྕག་པ།། སྤྱང་དུག་ཀྱི་ལྕེ་མེ་རེག་ཁྲག། དེ་ནི་གཉིས་ཀ་རྒྱུ་རུ་གསུངས།། ཡི་གེ་བཅུ་བདུན་གཡོན་ནས་བསྐོར། ། རྣམ་སྣང་ཐུགས་གཉིས་ཡང་གསུམ་བརྐྱང།། ལྷག་མ་ཟུང་དུ་གནས་པའོ།། དེ་ལས་འོད་འཕྲོས་དམིགས་པ་བསྒྲལ།། གཉིས་སྡོམ་དྲག་པོའི་འཁོར་ལོ་ནི།། བསད་པའི་འཁོར་ལོ་རྩིབས་མཆན་ལ། ། ཧཱུཾ་ཕཊ་མི་ལྡན་བརྒྱད་དུ་གསུངས།། དེ་རྒྱུ་གོང་མ་དག་དང་འཐུན།། གཞན་ཡང་མ་ཐུབ་སྤོགས་པའི་ཐབས།། འཁོར་ལོའི་རིམ་པ་ཡང་གསུངས་པ།། དགུག་པའི་འཁོར་ལོ་གདབ་བརྒྱད་ལ།། ཡི་གེ་ནང་དུ་མགོ་བསྟན་ཏེ། ། རྒྱུ་ཡང་དེ་བཞིན་གོང་མ་སྟེ།། མ་གྲུབ་སྤོགས་པའི་འཁོར་ལོ་ཡིན།། དང་པོ་བསྙེན་བསྒྲུབ་ལས་རུང་ནས།། དྲག་པོའི་ལས་ལ་སྦྱོར་འདོད་པས། དུར་ཁྲོད་དག་གམ་ཤིང་དྲུག་དང།། ཀླུ་ཡི་གནས་སམ་འབྱུང་པོའི་སྲང། ། མར་གྱི་བརྒྱད་ནས་གནམ་སྟོང་དུ།། དང་པོ་སྒོ་བཞི་བདེན་པ་བདར།། དེ་ནས་ལས་མཁན་གཏོར་མ་གཏང།། བསྒོ་བའི་ལས་གཉེར་གཏད་པ་དང།། བདག་ཉིད་ལུས་ཀྱང་གཅེར་བུར་བྱ། སྐྲ་ཡང་སྤྱི་བོར་བཅིང་བྱ་སྟེ།། ལུས་ལ་ཐལ་བ་ཆེན་པོ་བྱུག། རང་གི་གདོང་ཡང་རྒྱ་སོལ་དང།། རང་བྱུང་མེ་ཏོག་དག་གིས་མཛེས།། ཁ་ཡང་ལྷོ་ཕྱོགས་དག་ཏུ་བལྟ།། གཉིས་སྡོམ་འཁོར་ལོ་བྲི་བར་བྱ།། དེ་དུས་ལྷ་ཡི་ང་རྒྱལ་དང། ། གསང་བའི་སྙིང་པོར་ལྡན་པར་བྱ།། བྲིས་ནས་ཡི་གེ་དགུག་བསྟིམ་དང།། མཆོད་པ་དབུལ་བ་རྫོགས་པར་བྱ།། བསྟོད་དང་འཕྲིན་ལས་དྲག་པོར་རོ།། གྲུབ་པའི་ཉི་མ་ཐ་མ་ལ།། བཅུ་གཉིས་རྫས་དང་གཟུགས་བྱས་ཏེ། ། བསྒྲལ་བའི་ཞིང་བཙུ་ཞེ་གཅད་ཅིང།། དགུག་ཅིང་བཏབ་བ་དྲག་པོ་བྱ།། དྲག་པོའི་ལྟོ་བར་དེ་བཅུག་ལ།། འཇིགས་བྱེད་འབར་བའི་ཞལ་དུ་བརྫང།། གདོན་མི་ཟ་བའི་ལས་ལ་འཇུག། གྲུབ་པའི་རྟགས་དག་བྱུང་བ་དང།། གསལ་བ་གསུམ་གྱི་ལས་ལ་འཇུག། དེ་ཡི་རིམ་པ་དེ་ཤེས་བྱ།། ཡན་ལག་སོ་སོར་བསྒྲུབ་འདོད་ན།། རིམ་པའི་འདི་ལྟར་ཤེས་པར་བྱ།། ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། ། གཞུང་ལས་འབྱུང་བའི་གནས་དག་ཏུ།། དགོས་པའི་ཡོ་བྱད་རབ་བསོགས་ལ།། རང་རང་ལས་ལ་འཇུག་པ་ནི།། རྣམ་པར་རྒྱལ་བའི་དཀྱིལ་འཁོར་ནི།། མཐིང་ནག་གྲུ་གསུམ་རྒྱན་དང་ཆས། ། འཁོར་ལོའི་རྒྱན་དང་ཉི་ཟླའི་གདན།། དྲག་པོའི་གདན་རྣམས་ཇི་ལྟ་བར།། བསྐྱེད་ནས་རྫོགས་པའི་མཐར་ཐུག་བྱ།། བྱིན་གྱིས་བརློབ་ཅིང་དབང་ཡང་བསྐུར།། ཇི་ལྟར་གསལ་བའི་རིམ་ཤེས་ནས།། ཁྲི་ཕྲག་གསུམ་མམ་ཅི་རིགས་པར། ། རྟགས་གསུམ་དྲོད་ཚད་ཐོབ་པའི་མིས།། ལས་གཉིས་བརྩམས་པའི་དུས་ལ་བབ།། རྩིབས་བརྒྱད་འབར་བའི་ལྟེ་བ་ལ།། རླུང་གི་སྙིང་པོ་དེ་ཉིད་བསྐྱེད།། ཡེ་ཤེས་དགུག་བསྟིམ་མཆོད་པ་དབུལ། ། བ་ཡ་བེ་ཡི་སྙིང་པོ་བཟླས།། སོ་མ་བཏབ་པའི་གའུ་རུ།། སྔོན་དམར་ཞགས་པས་རྒྱ་གྲམ་བཅིངས།། སྟེང་དུ་ཉི་ཟླའི་དཀྱིལ་འཁོར་བཅས།། དེ་སྟེང་ཧཱུཾ་ལས་རྡོ་རྗེར་གྱུར།། དེ་དབུས་མེ་དཔུང་འབར་བའི་དབུས། ། མགོན་པོ་ཕྱག་ན་རྡོ་རྗེ་ཉིད།། གསལ་བས་རླུང་ལྷ་རབ་གཟིར་བས།། རླུང་གི་སྦྱོར་བ་རྒྱུན་ཆད་འགྱུར།། དྲག་པོའི་རྒྱུན་ལས་བྱ་བའི་ཤིང།། སྐུར་བསྐྱེད་བྱིན་བརླབས་དབང་བསྐུར་ནས།། བཟླས་པ་ཉི་ཁྲི་བདུན་འབུམ་ལམ། ། བྱེ་བ་ས་ཡར་བསྐྱལ་ནས་ནི།། འོད་ཟེར་འཕྲོ་འདུ་སྦྱོར་བ་ཡི།། རྟགས་དང་མཚན་མ་བྱུང་བ་དང།། སོབརྒྱད་བརྗེན་པའི་ལིང་ག་བྱ།། གཡས་པའི་ཞབས་ཀྱིས་མནན་བྱས་ལ།། ཕུར་པའི་སྦྱོར་བ་བྱས་པ་ཡིས། ། ལྷ་ལ་སོགས་པ་སྨོས་ཅི་དགོས།། ཆུ་ལ་བཏབ་ན་གྱེན་ལ་བཟློག། ཤྭ་ལ་བཏབ་ན་འགྱུར་བར་ངེས།། རླུང་ལ་བཏབ་ནས་རྒྱུན་ཆད་འགྱུར།། གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་ནི།། མཐིང་ནག་འབར་བའི་དཀྱིལ་འཁོར་རོ། ། ཟུར་ལ་བེ་ཆོན་དག་གིས་མཚན།། དམིགས་པར་བྱ་བའི་གཟུགས་དག་ནི།། གཡོ་བ་དག་ལ་གཟུགས་བྱས་ལ།། གདུག་པའི་རྫས་ཀྱིས་དེ་ལ་བྱུག། མཚན་ཆེན་དག་གིས་རབ་སྤྲས་ལ། ། གཟུགས་ནི་སོར་བཞིའི་ཚད་དུ་བྱ།། མ་རུངས་རྫས་ཀྱིས་དེ་ལ་བྱུག། དམིགས་པའི་གནས་སུ་གན་རྐྱལ་གཞག། དེ་ཡི་སྙིང་ཁར་བདག་པོའི་སྐུ།། ཆོ་ག་གསུམ་གྱི་སྦྱོར་བས་བསྐྱེད།། བྱིན་གྱིས་བརླབ་ཅིང་དབང་བསྐུར་ལ། ། ཡེ་ཤེས་དཀྱིལ་འཁོར་དགུག་གཞུག་དང།། མཆོད་དང་བསྟོད་པ་ལ་སོགས་བྱ།། བཟླས་པའི་སྦྱོར་བ་རབ་འབད་དེ།། སྐབས་སུ་ཐུན་གྱི་སྦྱོར་བ་བྱ།། དེ་ལྟར་ལས་སུ་རུང་བ་དང།། བསད་པའི་སྦྱོར་བ་རྫོགས་པར་བྱ། ། ཐང་ཅིག་ཡུད་ལ་དེ་བརླག་འགྱུར།། གལ་ཏེ་དབྱེ་བར་འདོད་པ་ན།། དུར་ཁྲོད་དག་གི་རས་མ་ལ།། གོང་གི་རྫས་ཀྱིས་འཐབ་པར་བྱ།། ཚིལ་ཆེན་དག་གི་དུད་པས་ནི།། པདྨ་བནྡྷའི་སྣོད་དུ་བསག། གུ་གུལ་ཆུ་དང་རབ་སྦྱར་རམ།། པདྨའི་རཀྟ་དག་དང་སྡར།། རྔ་མོ་བོང་བུ་དག་གིས་གཟུགས།། དུར་ཁྲོད་རྐང་གི་སྨྱུག་གིས་བྲིས།། ཤིན་ཏུ་འཐབ་ཅིང་མི་མཛའ་གཟུགས།། བྱས་ལ་གསང་སྔགས་འབུམ་དུ་བཟླས། ། རྩིག་པའི་རྨང་ངམ་ཐེམ་པའི་འོག། སྦས་ཏེ་གསང་སྔགས་བརྒྱར་བཟླས་ན།། གང་འདོད་ལས་ནི་གདོན་མི་ཟ།། གལ་ཏེ་གནད་ནས་བསྐྲད་འདོད་ན།། ས་ལ་མ་ལྷུང་ཤིང་ལོ་ལ།། གབ་པའི་འཁོར་ལོ་རྫོགས་པར་བྲི། ། རླུང་གི་སྟེང་དུ་རྔ་མོ་གཞག། དམིགས་པའི་དངོས་པོ་དེ་བསྐྱོན་ལ།། བཟླས་ཐིམ་གོང་གི་སར་སྦས་ན།། གང་འདོད་གནས་དེ་ངེས་པར་འཕོ།། གལ་ཏེ་དགུག་པའི་ལས་བྱེད་ན།། ལས་ལ་སྦྱོར་བ་སྔ་མ་བཞིན། ། བྱས་ཏེ་རླུང་གི་ལྕགས་ཀྱུས་དགུག། ཐང་ཅིག་ཡུད་ལ་ཐེ་ཚོམ་མེད།། རྟ་མགྲིན་རྒྱལ་པོའི་དཀྱིལ་འཁོར་ནི།། གྲུ་གསུམ་དམར་ནག་དཀྱིལ་འཁོར་དུ།། ཟླ་གམ་གསུམ་གྱིས་མཐའ་བསྐོར་ཏེ། ། རི་རབ་བུམ་པ་གསུམ་བཀོད་ལ།། ཕྱི་རིམ་པདྨས་མཛེས་པར་བྱ།། དབུས་སུ་ཆུ་བདག་བསམ་པར་བྱ།། སྟེང་དུ་སྔགས་ཀྱི་བདག་པོ་བསྐྱེད།། ཆོ་ག་ཡོངས་སུ་རྫོགས་པ་དང།། མདུན་དུ་ལས་ཀྱི་སེམས་དཔའ་བསྐྱེད། ། བཟླས་པ་ཁྲི་ཕྲག་བདུན་དུ་བྱ།། དེ་ནས་ལས་ལ་སྦྱོར་འདོད་ན།། མི་རྟག་པ་ལས་གཟུགས་བྱས་ཏེ།། མེ་རེག་ཁྲག་གིས་སྦྱངས་པའི་གཟུགས།། སོར་བརྒྱད་ཚད་ལ་འདོད་པར་བྱ།། ལྟོས་འགྲོ་དག་གི་ཁར་བཅུག་ལ། ། ཡོངས་སུ་སྨིན་པའི་ལས་དག་བྱ།། དེ་ནས་ལས་རྣམས་རྫོགས་པ་དང།། སངས་རྒྱས་ཉིད་ཀྱང་གདན་ལ་འདྲེ།། དུག་གི་སྦྱོར་བ་བཟློག་པ་ན།། རིན་ཆེན་རྒྱུ་ལས་བྱུང་བ་ཡི།། བུམ་པ་བདུད་རྩིས་དགང་བྱས་ལ། ། ནང་དུ་གདན་དང་ཡིག་འབྲུ་བསམ།། གཞུང་དང་བཀོལ་བའི་ཏིང་འཛིན་བྱ།། འདབ་བརྒྱད་སྟེང་དུ་དམིགས་ལ་གཞག། དང་པོར་ཕོ་བྲང་སོ་སོར་གཏུག། འོད་ཞུ་ཚངས་པའི་བུ་ག་ནས།། བདུད་རྩི་ཆུ་ཡིས་རབ་བཀྲུས་ནས། ། བསྡུས་ཤིང་བསྲེག་སྟེ་མི་གནས་པར།། ཡང་ནས་ཡང་དུ་སྨོན་པར་བྱ།། ཐ་མ་དེ་འོག་དག་ནས་འཐོན།། ཤིན་ཏུ་དག་ཅིང་དྲི་བྲལ་བར།། བསམས་ཏེ་ལས་རྣམས་དེ་ལ་བྱ།། གདོན་མི་ཟ་བར་བཟློག་པར་འགྱུར། ། གལ་ཏེ་སེར་བ་བཟློག་པ་ན།། གདོང་ལ་ཐལ་བའི་མཚན་མ་གདབ།། གཡོ་བའི་ཙས་དང་རབ་བསྲེགས་ལ།། སྤྱན་བཟློག་གསང་སྔགས་དྲག་པར་བཟླས།། སྡིགས་མཛུབ་བཅས་ལ་རྫས་ཀྱིས་བྲབ། ། དེ་ཡིས་འགྲུབ་པར་ཐེ་ཚོམ་མེད།། གལ་ཏེ་བསྲུང་བར་འདོད་པའི་མིས།། པདྨའི་སྣོད་དུ་བདུད་རྩི་བླུགས།། སྨན་ལྔ་དང་དང་རབ་སྦྱར་བས།། བསྐྱེད་ནས་རྫོགས་པའོ་མཐར་ཐུག་བྱ།། བཟླས་པ་འབུམ་ཕྲག་བརྒྱད་དུ་བྱ། ། སྨན་རྣམས་གང་གི་སྤྱི་གཙུག་ཏུ།། བཏགས་ནས་འཇིགས་པ་བརྒྱད་ལས་ཐར།། བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་ནི།། གྲུ་གསུམ་ལྗང་ནག་འབར་བ་ལ།། ཐ་མ་གདུག་པའི་མཚོན་ཆས་བསྐོར།། དེ་ནས་རླུང་གི་དཀྱིལ་འཁོར་སྟེང། ། ཉི་ཟླ་དག་གི་གདན་སྟེངས་སུ།། ཆོ་ག་གསུམ་གྱི་སྦྱོར་བ་ཡིས།། ཡོངས་སུ་རྫོགས་པར་ལྷར་བཀོད་དེ།། དགུག་གཞིག་མཆོད་དང་བསྟོད་པ་དང།། གསང་བདག་གི་ཕུར་པ་ལ། ། རྫས་ཀྱི་སྐུ་རུ་རབ་ལྟས་ཏེ།། བྱིན་གྱིས་བརླབ་པ་རྫོགས་པ་དང།། བཟླས་པ་ཁྲི་ཕྲག་བཅུ་རུ་བྱ།། དམིགས་པར་བྱ་བའི་ལིང་ཁ་ནི།། ཡབ་ཡུམ་བྱང་ཆུབ་སེམས་དག་གིས།། སྟག་གི་པགས་པ་དག་ལ་བྲི། ། གནས་ཀྱང་གོང་མ་ཉིད་བཞིན་ཏེ།། ལས་རྣམས་གོང་བཞིན་རྫོགས་བྱས་ནས།། བརླག་པར་དེ་ལ་ཐེ་ཚོམ་མེད།། གལ་ཏེ་གནས་ནས་བསྐྱལ་འདོད་ན།། དུར་ཁྲོད་ཞིང་གི་རས་མ་ལ།། གསང་བའི་འཁོར་ལོ་རྫོགས་པར་བྱ། ། ཤ་བ་དག་གི་རྒྱབ་ཏུ་བསྐྱོད།། བསྐྲད་པ་དག་གི་གསང་སྔགས་ནི།། ཁྲི་ཕྲག་ལྔའམ་བཅུ་བཟླས་ཏེ།། རླུང་གི་དཀྱིལ་འཁོར་བསྐྱོད་པ་ཡིས།། ཀུན་གྱིས་ལས་རྣམས་ཡོངས་བྱས་ན།། གཤིན་རྗེའི་གནས་སུ་བསྐྱལ་ལ་བཏང། ། དུར་ཁྲོད་དག་གི་དབུས་སུ་གནས།། གནས་ལས་འཕོ་བར་ཐེ་ཚོམ་མེད།། གལ་ཏེ་གདོན་དག་མ་རུངས་པ།། བསྐྲད་དང་བསྲུང་བར་འདོད་པའི་མིས།། འདྲེ་འབྲོས་ཐང་ཆུ་སྦྱར་བ་ལ། ། གསང་བའི་མན་ཏྲ་ཡོངས་རྫོགས་བྱ།། ཁྲོ་བའི་སེམས་སུ་རབ་གནས་ཏེ།། དུར་ཁྲོད་མེ་ལ་བསྲེགས་པ་ཡི།། དུད་པས་གདོན་དང་འབྱུང་པོ།། མུ་སྟེགས་ལྷ་དང་མ་རུངས་པ།། གདུག་པ་བརྒྱལ་བར་ཐེ་ཚོམ་མེད། ། འདི་དགུག་པ་ཡི་མཆོག་ཡིན་ནོ།། དབྱུག་པ་སྔོན་པོའི་དཀྱིལ་འཁོར་ནི།། གྲུ་གསུམ་མཐིང་ནག་འབར་བ་ལ།། ཐོད་པ་གསུམ་དང་དབྱུག་པས་བརྒྱན།། དབུས་སུ་དུར་ཁྲོད་དག་གི་ཚོགས།། སྟེང་དུ་སྔགས་ཀྱི་བདག་པོ་བསྐྱེད། ། ཞལ་བགྲད་མཆེ་བ་གཙིགས་པ་དང།། རྐང་བརྡབས་ལྗགས་འདྲིལ་སྤྱུག་པ་ལེན།། ཧཱུཾ་གི་སྒྲ་ཆེན་འཇིགས་པར་སྒྲོགས།། དེ་ཡི་མདུན་དུ་བསམ་བྱ་བ།། གང་དུ་དམིགས་པའི་དངོས་པོ་དེ།། ར་སོག་དག་ལ་གཟུགས་བྱས་ལ། ། ཡོངས་སུ་སྨིན་པར་བྱས་ནས་ནི།། གན་རྐྱལ་དག་ཏུ་བཞག་པ་ནི། ལྕགས་ཐག་དག་གིས་སྐྱེ་ནས་གདགས།། རྐང་པ་བརྒྱད་པའི་སྦྱོར་བ་ཡིས།། གང་ཡིན་གནས་ནས་དགུག་པར་བྱ། ། ལས་ཀྱི་རིམ་པ་ཡོངས་རྫོགས་ན།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། མི་གཡོ་མགོན་པོའི་དཀྱིལ་འཁོར་ནི།། གྲུ་གསུམ་སྨུག་ནག་འབར་བ་ལ།། རྩེ་མོ་མེ་དཔུང་འབར་བར་བྱ།། ལོགས་ལ་པདྨ་འདབ་མས་བརྒྱན། ། དབུས་སུ་མེ་ཡི་གདན་དག་ལ།། ཉི་ཟླའི་སྟེང་དུ་ས་བོན་ལས།། སྔགས་ཀྱི་བདག་པོ་རྫོགས་པར་བསྐྱེད།། མི་ཐུང་བྱིས་པའི་གཟུགས་འདྲ་ལ།། ཤིན་ཏུ་འཇིགས་པ་རྔམ་གཟུགས་ཅན།། བསྐྱེད་ནས་རྫོགས་པའི་མཐར་ཐུག་བྱ། ། མདུན་དུ་ལས་ཀྱི་སེམས་དཔར་བསྐྱེད།། བཟླས་པ་ཁྲི་ཕྲག་དྲུག་ཏུ་བྱ།། མཚན་མ་མཐོང་ནས་ལས་ལ་སྦྱར།། རེ་བ་དག་ལ་གཟུགས་བརྙན་བྱ།། མིང་དང་རུས་ནི་གནས་སུ་གཞུག། ཡོངས་སུ་སྨིན་པའི་ལས་བྱས་ཏེ། ། ལས་ཀྱི་འཁོར་ལོ་རྫོགས་པར་བྱ།། ཟླ་བ་གཟའ་ཡིས་ཟིན་དུས་སུ།། མཚོན་གྱིས་བསད་པའི་ཤ་ཁྲག་དང།། འདྲེ་འབྲོས་ཐང་ཆུ་རབ་བསྲེས་ལ།། དུར་ཁྲོད་རས་མ་དག་ཏུ་གཏུམ།། གསང་སྔགས་ཁྲི་ཕྲག་གསུམ་བཟླས་ན། ། ཐམས་ཅད་བྲེད་ཅིང་བརྒྱལ་བར་འགྱུར།། གཞན་གྱིས་མི་ཐུབ་དཀྱིལ་འཁོར་ནི།། རྡོ་རྗེ་རྒྱ་གྲམ་ལྟེ་བ་ལ།། སེར་ནག་རྒྱ་གྲམ་ལྟེ་བ་ལ།། དབུས་སུ་སྔགས་ཀྱི་བདག་པོ་བསྐྱེད། ། དུར་ཁྲོད་རྐང་ངམ་མཚན་ལྡན་ལ།། ཕུར་པ་སོར་བརྒྱད་ཚད་དུ་བྱ།། རྒྱུས་ཆེན་དག་གིས་ར་རབ་སྦྲེལ།། གནས་སུ་གསལ་བའི་ཡི་གེ་དགོད།། ཉི་ཁྲི་བདུན་འབུམ་བཟླས་པ་བྱ།། མཚན་བདུན་བཟླས་ནས་ལས་ལ་སྦྱར། ། དུར་ཁོརྡ་གཡས་པ་སྡོང་པོ་ལ།། གཟུགས་དང་མིང་རུས་བཅས་པར་བྱ།། ལྕགས་ཐག་བཏགས་ཏེ་རབ་གཏོད་ལ།། གོང་བཞིན་ཡོངས་སུ་སྨིན་པར་བྱ།། དཀྱིལ་འཁོར་རྣམས་གསུམ་འཁོར་དང་བཅས། ། ཤིན་ཏུ་དྲག་པར་སྔགས་པ་ཡིས།། རང་དབང་མེད་པར་འགུགས་པར་བྱེད།། དེ་ནས་དེ་བཞིན་རྫོགས་པར་བྱ།། གལ་ཏེ་གནོད་དང་མ་རུངས་པ།། ཡོངས་སུ་གནོད་པའི་ལས་བྱེད་པ།། གོང་མ་ཉིད་ཀྱི་ནང་ལོགས་སུ། མེ་རེག་ཐང་ཆུས་གཟུགས་བྲིས་ཏེ།། གོང་མའི་སྦྱོར་བའི་རྫོགས་བྱས་ནས།། རྒྱ་གྲམ་ལམ་དུ་དེ་མནན་ན།། ཐམས་ཅད་ཀུན་ལས་རྒྱལ་བར་འགྱུར།། འདི་ནི་ལས་ཀྱི་མཆོག་ཅེས་བྱ།། ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་ནི། ། གྲུ་གསུམ་རབ་ཏུ་མི་བཟད་པ།། སོར་བཞིན་ཟབས་སུ་བརྐོ་བྱས་ཏེ།། རབ་ཏུ་འབར་བའི་མེ་རིས་བསྐོར།། ནང་དུ་སྔགས་ཀྱི་བདག་པོ་བསྐྱེད།། ཡོངས་སུ་རྫོགས་པར་གྱུར་པ་དང།། མཚན་དང་ལྡན་པའི་མཆོག་ཕུར་ལ། ། བཟླས་པ་ཁྲི་ཕྲག་བདུན་དུ་བྱ།། དེ་ནས་མཚན་མ་མཐོང་བ་དང།། བཅུ་གཉིས་རྫས་ལ་ལིང་ག་བྱ།། མིང་རུས་གང་ཡིན་གནས་སུ་བཞག། ཡོངས་སུ་སྨིན་པར་གྱུར་པ་དང།། ཤིན་ཏུ་ཚད་དང་ལྡན་པ་ལ། ། བརྡབ་དང་གཏུབ་དང་རྡུངས་དང་སྟབ།། ཀུན་ལ་ཡོངས་སུ་རྫོགས་པར་བྱ།། འདི་ནི་ལས་རྣམས་འགྲུབ་པ་ཡིན།། ཧཱུཾ་ཆེན་ཀ་རའི་དཀྱིལ་འཁོར་ནི།། ཟླ་ཁམ་དམར་པོའི་དཀྱིལ་འཁོར་དུ།། ཆོ་ག་གསུམ་གྱི་སྦྱོར་བ་ཡིས། ། སྔགས་ཀྱི་བདག་པོ་བསྐྱེད་པར་བྱ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། བཟླས་པའི་ཡི་གེ་བརྗོད་པར་གསལ།། བུམ་པ་དམར་པོའི་མདོན་ཅན་ལ།། ཨ་ཤོག་ནད་འམ་འབྲས་བུ་ཅན།། ཁ་རྒྱན་དམར་པོའི་གཟུངས་ཐག་གདགས། ། ཐམས་ཅད་བཅུད་དང་ལྡན་པ་ལ།། བཟླས་པ་འབུམ་དང་ཉི་ཁྲི་བྱ།། མཚན་མ་བཟང་པོ་མཐོང་བ་དང།། དྲག་པོའི་ལས་སྦྱར་བར་བྱ།། ལུས་ལ་ཙན་དན་དམར་པོ་བྱུག། སྲོད་དང་ཐོ་རངས་བཟླས་པར་བྱས།། ཉུངས་ཀར་རྫས་ཀྱིས་རབ་སྦྱངས་ལ།། ལས་རྣམས་ཡོངས་སུ་རྫོགས་པར་བྱ།། གསད་ནས་དགུག་དང་དབང་དུ་སྡུད།། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། ། སྟོབས་པོ་ཆེ་ཡི་དཀྱིལ་འཁོར་ནི།། རྡོ་རྗེ་རྒྱ་གྲམ་ལྟེ་བ་ལ།། གྲུ་གསུམ་མེ་འོད་འབར་བ་བྲི།། ཕྱི་རིམ་པདྨ་འདབ་བརྒྱད་དང།། རྡོ་རྗེ་ར་བའི་བར་དུ་བྲི།། ནང་དུ་སྔགས་ཀྱི་བདག་པོ་ཉིད།། ཆོ་ག་གསུམ་གྱི་སྦྱོར་བ་ཡིས། ། བསྐྱེད་ནས་རྫོགས་པའི་མཐར་ཐུག་བྱ།། མདུན་དུ་ལས་ཀྱི་སེམས་དཔའ་ནི།། སེང་ལྡེང་ཕུར་པ་དག་ལས་བསྐྱེད།། སྔོ་དམར་དག་གིས་སྦྲེལ་ཏེ་བཟླས། གསང་སྔགས་ཁྲི་ཕྲག་བདུན་དུའོ། ། སྐབས་སུ་བསྡིགས་ཤིང་ཐུན་ཡང་བརྡེག། མཚན་མ་མཐོང་ནས་ལས་ལ་སྦྱར།། སྤྲ་ཚིལ་དག་ལ་གཟུགས་བྱས་ལ།། མིང་རུས་དུར་ཁྲོད་མཚལ་གྱིས་བྲི།། རང་གི་གནས་སུ་དེ་བཅུག་ལ།། དུས་བཞིར་དགུག་ཅིང་བསྟིམ་བྱས་ལ། ། མཚན་མ་བཟང་པོ་བྱུང་བ་དང།། ལས་ཀྱི་འཁོར་ལོ་རྫོགས་པར་བྱ།། དེ་ཡིས་འགྲུབ་པར་ཐེ་ཚོམ་མེད།། བསད་པའི་རིམ་པ་ཡང་གསུངས་པ།། གང་ཞིག་གདུག་པ་མ་རུངས་པ།། སངས་རྒྱས་བསྟན་ལ་གནོད་པ་ལ། ། བསྒྲུབ་པའི་ལས་ཀྱིས་མི་འདུལ་ན།། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་དུ།། དམ་ཅན་གནད་ལ་བོར་བྱས་ཏེ།། རྩ་བ་རབ་ལོག་ཐུན་གྱིས་བསད།། དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ལ། ། ཕྱིང་ནང་རྒྱལ་ལ་དག་གིས་བྱུག། ནང་དུ་ལྷ་ཕུར་བསྐྱེད་བྱས་ཏེ།། ཁ་ཁྱེར་ལས་ལ་སྲས་མཆོག་དགོད།། ཕྱི་རིམ་བར་དག་འོག་མ་ལ།། ཐུན་གྱི་རྫས་དང་བཤོས་བུ་དགོད།། དབུས་སུ་ལིང་ག་གཞག་པར་བྱ། ། མཆོད་དང་ལས་ཀྱི་གཞུང་ཉིད་ལ།། ལུགས་སུ་འཛབ་ལ་ཐུག་པ་དང།། སྔགས་དྲུག་གོ་རིམ་ཚུལ་བཞིན་དྲངས།། རྟགས་དང་མཚན་མ་ཟིན་པ་དང།། དམ་ཅན་སྔགས་གསུམ་སྦྲེལ་བཟླས།། གལ་ཏེ་ལས་ལ་མ་ཆུད་ན། ། མགོ་གནོན་བཅུན་སྔགས་བཏགས་ལ་བཟླས།། རྟགས་དང་མཚན་མ་བྱུང་བ་དང།། དྲག་པོའི་ལས་ལ་སྦྱར་བར་བྱའོ།། སྔགས་སྟོད་སྟོང་སྟོང་བཟླས་ནས་ཀྱང།། སྔགས་སྨད་བརྒྱ་བརྒྱ་བཟླས་པར་བྱ།། དེ་ནས་ཟོར་སྔགས་ལྔ་བརྒྱ་བཟླས། ། བརྒྱ་སྟོང་ལྔ་བརྒྱ་རྫོགས་པ་དང།། ཉི་ཤུ་རྩ་གཅིག་ཐུན་རྣམས་བླུག། དྲག་པོའི་འཕྲིན་ལས་ནུབ་བདུན་བཏུད།། གདབ་ཅིང་གཏུབས་ཏེ་ཞལ་དུ་བསྟབ།། ཐ་མ་མནན་སྲེགས་འཕང་དང་གསུམ། ། ལས་ཀྱི་འཁོར་ལོ་རྫོགས་པར་བྱ།། ཤིན་ཏུ་གསང་བའི་ལས་རྣམས་ནི།། ལས་ཀྱི་སྦྱོར་བ་ལྟོ་འབྲེལ་ཏེ།། སྔན་མའི་སྦྱོར་བ་ཇི་ལྟ་བར།། དཀྱིལ་འཁོར་ཕྱི་རིམ་གྲུ་བཞི་ལ།། སྲོག་ཆགས་གཟུགས་དང་རྫས་རྣམས་ནི། ། ཀུན་གཞི་ཉི་ཤུ་རྩ་གཅིག་སྟེ།། བསྐང་བ་ལུག་གི་གཟུགས་དག་ཀྱང།། དེ་བཞིན་མཆོད་པར་བྱ་བའི་རྫས།། བཤོས་བུ་ཉི་ཤུ་རྩ་གཅིག་ལ།། མདའ་བཀྲ་ཉི་ཤུ་རྩ་གཅིག་གཟུགས།། གཞན་ཡང་བསེ་ཕོར་ནང་དུ་དམར་དུ། ། མཐེབ་ཀྱུ་ཉི་ཤུ་རྩ་གཅིག་ལ།། རཀྟའི་ཐིག་ལེ་རེ་རེ་བྱ།། རྙན་དང་གླ་བ་སྤྲེལ་དང་ཁྭ།། གཞན་ཡང་སྲོག་ཆགས་ཐམས་ཅད་ཀྱི།། སྙིང་དང་ཤ་དང་ཁྲག་རྣམས་བསོག། ཁ་ཁྱེར་ཕུར་པ་རྩ་གཅིག་ལ། ། རེ་རེའི་སྙིང་པོ་ཁྲག་གིས་བྲི།། སྟོབས་ལྡན་ཧྲི་ཡིས་ཟིལ་མནན་ལ།། བསྒྲུབ་པ་ཕྱི་ནང་གསང་བ་གསུམ།། གང་ཡིན་ལས་ལ་འཇུག་པར་བྱ།། ལོ་གཅིག་ཟླ་བ་བཅུ་གཉིས་ཀྱི།། ཐ་ཆུང་བཞི་ཡི་མར་ངོ་ལ། ། ལས་ཀྱི་བྱ་བ་རྫོགས་པར་བྱ།། ཁྱད་པར་དཔྱིད་ཟླ་ཐ་ཆུང་ངམ།། ཡང་ན་རང་རེའི་ཟླ་བ་ལ།། འཇུག་དང་བསད་པའི་ལས་རྣམས་བྱ།། ལས་ངན་དམིགས་པའི་དངོས་པོ་དེ།། ཚེ་རབས་སྔ་མའི་ལས་འཕྲོ་འམ། ། འཇིག་རྟེན་འདི་ནི་ལྷ་གཉན་འགོ། དགེ་ཚོགས་ཕྲ་མོའི་ནུས་མཐུ་ཡིས།། ཡོང་ཞིང་མཐའ་ལ་མ་ཆུད་ན།། བསྒྲུབ་པ་གསང་བའི་ལས་འདི་ནི།། ཤིན་ཏུ་སྤགས་ལ་བྱ་བར་གསུངས།། ཉིན་མོ་ཕོ་རྣམས་གཏེམ་བྱ་ཞིང། ། མཚན་མོའི་ཆ་ལ་མོ་རྣམས་གཏེམ།། རྟགས་དང་མཚན་མ་བརྟགས་བྱས་ལ།། ཟོར་ཀྱང་དེ་བཞིན་མནན་ཏེ་བསད།། གདབ་པ་ལ་སོགས་ལས་ཀྱི་མཐའ།། ཀུན་ཀྱང་སྔ་མའི་སྦྱོར་བ་བཞིན།། འདི་ནི་ཤིན་ཏུ་གསང་བའི་ལས། ། ཉི་ཤུ་རྩ་གཅིག་གྲངས་ངེས་པའམ།། རང་རང་མཐུན་པའི་གཟུགས་སུ་བྱ།། དབང་པོ་བརྒྱ་བྱིན་ཤི་བར་གསུངས།། གསང་བའི་རིམ་པ་ཡང་གསུངས་པ།། ཐེམས་ལས་བཟློག་པའི་དཀྱིལ་འཁོར་ནི། ། མཐིང་ནག་གྲུ་གསུམ་འབར་བ་ལ།། ལས་དང་བྱ་བ་མཚན་ཉིད་དང།། ཁ་དོག་རྫས་དང་རྒྱན་ལ་སོགས།། ཡོངས་སུ་བྱ་བ་རྫོགས་བྱས་ཏེ།། བཅུ་གཉིས་རྫས་ལ་གཟུགས་བྱས་ན།། ལན་གཉིས་བྱས་ཏེ་སྔ་མ་བཞིན། ། རྫས་དང་ལྷ་དང་སྔགས་དག་དང།། གསང་བ་ལ་སོགས་རིམ་པ་བཞིན།། ལས་ཀྱི་འཁོར་ལོ་ལྟོ་བཟློག་ལ།། ལས་བྱེད་བཅུད་ལ་བོར་བ་ཡིན།། དེ་ཡི་རིམ་པའང་འདི་ལྟ་སྟེ།། རྫས་ཀྱང་སྒྱུ་ནས་བཟློག་པ་དང། ། དགོད་པའི་རིམ་པའང་དེ་བཞིན་ནོ།། གཞན་ཡང་ལྷ་ཡི་རིམ་པའང།། ལྷོ་འཁོར་བཟློག་དང་གི་རིམ་བཟློག། བཞུགས་ཐབས་བཟློག་དང་ཕྱག་མཚན་བཟློག། གསང་བ་ཐམས་དང་ཤེས་རབ་བཟློག། ཀུན་ཀྱང་དྲག་པོའི་ཆ་ལུགས་ལ།། ཤིན་ཏུ་ཁྲོས་ཤིང་འབར་བར་བརྟག། ཡི་གེ་བཅོ་ལྔའི་བདག་ཉིད་ནི།། སྔ་མ་བཞིན་དུ་སོར་བཞག་ལ།། དེ་ནས་ལས་ཀྱི་རིམ་པ་གཉིས།། ཡེ་ཤེས་གྲངས་ཀྱིས་ཡར་མར་བཟློག། ལྔ་མའི་ལས་ཀྱིས་རྫོགས་བྱས་ནས།། ཐ་མའི་ལས་ལ་གོ་རིམ་བཟློག། གཏུམ་པ་མན་ཆད་གཞུང་དང་བསྙག། འདི་ནི་སྤྱི་དང་བྱེ་བྲག་དང།། ཁྱད་པར་བྱེ་བྲག་སྦགས་པ་ཡི།། བསྒྲུབ་པའི་ཡན་ལག་བཞི་རུ་གསུངས། ། ཤིན་ཏུ་གསང་བའི་སྦྱོར་བ་འདི།། སྣོད་ངན་རྣམས་ལ་བསྟན་གྱུར་ན།། མནར་མེད་དམྱལ་བའི་གནས་སུ་འཚོད།། དེ་བས་ཤིན་ཏུ་ནན་ཏན་བྱ།། གསང་བའི་གསང་བར་བསྟན་པ་ནི།། ཡང་དང་དག་དོན་ལ་སྦྱོར་འདོད་པས། ། དང་པོ་རིན་ཆེན་འོད་དེ་ལས།། གཅིག་པ་དྲངས་ནས་གསང་བའི་འོད།། དེ་འོད་འབར་བས་རབ་དྲངས་ནས།། གཉིས་པའི་དབང་ལས་ཡང་དག་གསལ།། སྟོང་པ་མ་ཡིན་འདི་དག་སྦྱང། ། འཁོར་ལོ་ཡེ་ཤེས་བླ་ན་མེད།། གསལ་བ་འདི་ཉིད་རབ་གང་མཐོང།། འདི་ནི་གསལ་བ་དང་པོའོ།། དང་པོའི་རིམ་པ་གཅིག་དང་གཉིས།། ཡང་དག་གཉིས་ལས་རྡོ་རྗེ་བསྒོམ།། རྡོ་རྗེ་དབུས་སུ་སྐུ་གསུང་ཐུགས། ། དེ་དབུས་སངས་རྒྱས་འབྱུང་བའི་གཞི།། ས་བོན་ལས་ནི་ཡོངས་སུ་རྫོགས།། བསོད་ནམས་འབྲས་བུ་འགྲུབ་པར་བརྟག། དེ་དཀྱིལ་སྒོ་ང་ལས་སྐྱེས་པར།། བསྒྲུབ་དང་བསྒྲུབ་པ་ཆེན་པོའི་དབང། ། ཡོངས་རྫོགས་བལྟས་ལ་ཏིང་འཛིན་བྱ།། དེ་ནས་རིན་ཆེན་འོད་དེ་ལས།། ཡང་དང་ཡང་དུ་བྱུང་གྱུར་པས།། རིན་ཆེན་འབར་བས་ཡོངས་གང་བས།། རྟོག་ཅན་རྣམ་བསྲེགས་བདེ་བ་ཆེ།། མཉམ་ཉི་ཡེ་ཤེས་ས་ནས་འཕགས། ། འདི་ནི་བསྟན་པ་གཉིས་པའོ།། དེ་ནས་གསང་ལས་པད་རྫོགས་པས།། དེ་ལས་འོད་འཕྲོས་འཇིག་རྟེན་གང།། ཇི་ལྟར་བརྟགས་པའི་དེར་སྣང་བས།། གང་དུ་ཡང་ནི་གཡོ་བ་མེད།། སོ་སོར་རྟོགས་པས་བསྟན་རྒྱུ་མེད། ། འདི་ནི་གཟུང་བྱ་གསུམ་པའོ།། དེ་ལས་འོད་འཕྲོས་ཡང་དག་བསྐྱེད།། བརྟན་འགྱུར་གསལ་བའི་རང་བཞིན་ཅན།། བདེ་ཆེན་འོད་ལས་ཐམས་ཅད་བསྐྱེད།། ཉི་མ་གནས་སུ་བརྟན་པར་གསལ། ། ཐམས་ཅད་དཀྱིལ་འཁོར་ལྷན་ནེའོ།། བཟུང་བ་བརྟན་པའི་བཞི་པའོ།། དེ་བཞིན་འོད་ལས་རྡོ་རྗེ་རྫོགས།། དེ་དེ་ལས་གཉིས་ཐམས་ཅད་གསལ།། ཡོངས་གསལ་བརྟན་པའི་རང་བཞིན་ཅན། ། ལུས་གཉིས་ཡོངས་སུ་གསལ་གང་བའོ།། དེ་འཕྲོས་ལས་བྱས་སངས་རྒྱས་དངོས།། ཐམས་ཅད་དེ་ལས་བྱུང་བཞིན་འཕྲོ།། ཞི་རྒྱས་དབང་དྲག་སྟོབས་བཞི་པའོ།། དེ་ཡི་དབང་གིས་གསལ་བ་ལས།། རང་མཐོང་ཞི་བའི་ལས་ཀྱིས་མིན། ། དགེས་པ་དབང་ལ་གྲངས་པ་མིན།། ཚེ་དང་དབང་དང་རྒྱས་པ་མིན།། ལོག་ལྟ་སྒྲོལ་བའི་དྲག་པོ་མིན།། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས།། རབ་ཏུ་བསྔགས་པའི་ཞི་རྒྱས་བཞི། ། འདི་ལྟར་འཕྲིན་ལས་རྣམ་བཞི་ནི།། རྣལ་འབྱོར་པ་ཡིས་ཉམས་སུ་བླང།། ཐམས་ཅད་དེ་ལས་འབྱུང་བ་མིན།། མི་གནས་པས་ན་ཞི་བའི་མཆོག། ཡེ་ཤེས་ཕུན་སུམ་ཚོགས་པས་བརྒྱན།། རང་རིག་མཆོག་ཐོབ་གསང་བའི་དབང། ། མི་གནས་མྱ་ངན་འདས་དྲག་པོ།། རིག་པ་མཆོག་གི་ས་བོན་གྱིས།། ཐམས་ཅད་རྫོགས་པ་དེ་ལ་བྱ།། གཅིག་རྫོགས་གསལ་བའི་མེ་ལོང་ལྟར།། སྣང་བ་ཐམས་ཅད་གསལ་མེད་པ།། མགོན་པོ་ཆེན་པོས་མཉམ་ཉིད་གསལ། ། ཐམས་ཅད་སོ་སོར་མཉམ་ཉིད་རྟོགས།། ཐབས་ཆད་གཉིས་དང་འདི་ཞེས་པ།། བརྟག་ཅིང་གསལ་བར་གྲུབ་རྒྱུ་མེད།། དེ་དེ་གསལ་ལས་རང་བཞིན་ཤར།། ཐར་མེད་འཁོར་བའི་འོབས་ནས་གནས། ། གལ་ཏེ་འཁོར་བ་ལས་བརྒལ་ཡང།། མྱ་ངན་འདས་པའི་འཁོར་བར་གནས།། འདི་མེད་ལམ་ལ་བགྲོད་མི་སྲིད།། དཀའ་བ་མེད་པའི་ལམ་མཆོག་བགྲོད།། ཐབས་ཀྱི་ནང་ན་དམ་པ་ཡིས།། འདི་ནི་སངས་རྒྱས་ཐབས་དམ་པ། ། འདི་འགྲུབ་འཁོར་བར་ཡོངས་མི་ལྟུང།། འདི་ལ་འབད་དེ་ཉམས་སུ་བླང།། འདི་ནི་ཡང་དག་ཕུར་པ་སྟེ།། འདས་དང་ད་ལྟར་མ་འོངས་དང།། འདོད་དང་གཟུགས་དང་གཟུགས་མེད་དང། ། ཕུང་པོ་ཁམས་དང་སྐྱེ་མཆོད་དང།། འདི་ལྟར་གྲགས་ཤིང་སྣང་བ་རྣམས།། ཐམས་ཅད་དབྱིངས་སུ་འདུས་པའི་ཕྱིར།། དེ་ཕྱིན་ཕུར་པ་ཆོས་ཀྱི་དབྱིངས།། ཕྱི་ནང་ཀུན་གྱི་ཆོས་རྣམས་ཀུན།། ངོ་བོ་ཉིད་ཀྱིས་མྱ་ངན་འདས། ། དེ་ཕྱིར་ཆོས་ཉིད་འོད་གསལ་ནི།། དུས་གསུམ་རྟག་ཏུ་འདུས་མ་བྱས།། རང་བཞིན་ཆོས་ཉིད་ཕུར་པ་ཡིན།། དེ་བསྒྲུབ་པ་ཡིས་ཐབས་དག་ཏུ།། བསྐྱེད་དང་རྫོགས་པའི་རིམ་པ་དང། ། དོན་དམ་ཀུན་རྫོབ་ལ་སོགས་པ།། མཆོད་དང་བཟླས་དང་བསྟོད་པ་དང།། དམ་ཚིག་དབང་དང་འཕྲིན་པས་དང།། སྦྱིན་སྲེག་དཀྱིལ་འཁོར་ལ་སོགས་ལས།། རང་བཞིན་ཕུར་པ་བསྒྲུབ་པ་ཡི།། ཐབས་སུ་རྒྱལ་བས་གསུངས་པར་ཟད། ། ཚིག་ཏུ་བརྗོད་བྲལ་སྐུ་མི་མངའ།། སྒྲ་ལས་འདས་པའི་ཆོས་ཉིད་ཡིན།། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། བསྒྲུབ་པ་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་ཀརྨ་ཀཱི་ལ་ཡས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་སྔགས་ཀྱི་བདག་ཉིད་ཆེ།། ཀྱེ་མ་འགྲོ་བའི་སྡུག་བསྔལ་སེལ།། ཀྱེ་མ་ཡོན་ཏན་མཆོག་འགྱུར་བདག། ཀྱེ་མ་གདུལ་དཀའ་འདུལ་མཛད་པ།། འདི་ནི་དོན་རྣམས་ལྷུར་ལེན་པའི།། གང་ཟག་དང་པོའི་ས་པ་ལ།། རྒྱུན་གྱི་ཏིང་འཛིན་མ་མཆིས་སམ།། འདི་ཡི་བྱེ་བྲག་ཇི་ལྟར་ལགས།། ཞེས་གསོལ་བ་དང། ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ལས་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། འདི་བསྒྲུབ་པ་ཡི་གང་ཟག་གིས། ། ལས་ཀྱི་བྱ་བ་ལྷུར་ལེན་ན།། རྒྱུན་གྱི་ཏིང་འཛིན་རིམ་པ་རྣམས།། ཡང་དག་ཉིད་དུ་ངས་བསྟན་གྱིས།། ཉོན་ཅིག་ཀརྨ་ཧེ་རུ་ཀ། དང་པོ་ཚངས་པའི་གནས་བཞི་བསྒོམ།། ཏིང་འཛིན་རྣམ་གསུམ་རིམ་པ་ལས། ། རྟེན་གྱི་དཀྱིལ་འཁོར་ཡོངས་རྫོགས་པའི།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ།། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ།། དེ་དབུས་བདག་པོའི་སྐུ་བསམས་ཏེ།། ལས་རྣམས་ཐམས་ཅད་བརྩམ་པར་བྱ། ། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན།། རྣམ་བཞིའི་ཚུལ་དུ་སྐུ་བསྐྱེད་དེ།། དེ་ཡང་ཇི་ལྟ་བུ་ཞེ་ན།། ཁྲོ་ཆེན་ཧཱུཾ་ཀ་ར་ནི།། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད།། གཡས་དཀར་གཡོན་དམར་དབུས་སྔོའི་མདོག། དང་པོ་རྡོ་རྗེ་དྲིལ་བུ་དང།། ཐ་མ་ཕུར་བུ་འཛིན་པ་ནི།། ཀུན་ཀྱང་མཐུན་པར་ཤེས་པར་བྱ།། གཡས་གཡོན་གཉིས་ཀྱི་བར་པ་ནི།། དཀྱིལ་འཁོར་གཉིས་སུ་བརྟན་པའོ།། རྣམ་རྒྱལ་སྔོ་སེར་དཀར་བའི་མདོག། དང་པོ་རྡོ་རྗེ་དྲིལ་བུ་དང།། ཐ་མ་ཕུར་པ་འཛིན་པ་ནི།། ཀུན་ཀྱང་མཐུན་པར་ཤེས་པར་བྱ།། གཡས་གཡོན་གཉིས་ཀྱི་བར་པ་ནི།། དཀྱིལ་འཁོར་གཉིས་སུ་བསྟན་པའོ།། དབྱུག་སྔོན་སྔོན་དམར་ལྗང་བའི་ཞལ། ། གཤིན་རྗེ་ལྗང་ནག་སྔོ་བའི་ཞལ།། མི་གཡོ་ལྗང་སྔོན་སྨུག་པའི་ཞལ།། རྟ་མགྲིན་དཀར་སྔོ་དམར་བའི་ཞལ།། དཔལ་ཆེན་དམར་སེར་དཀར་བའི་ཞལ།། བདུད་རྩི་དཀར་སྨུག་པའི་ཞལ། ། ཁམས་གསུམ་དཀར་སྔོ་ལྗང་སེར་ཞལ།། སྟོབས་ཆེན་གཡས་དམར་དུ་དུ་དཀའི་ཞལ།། དབུ་དང་ཕྱག་ཞབས་ཀུན་ཀྱང་འདྲ།། སྤྲུལ་པ་ལྕམ་དྲལ་གཡས་གཡོན་བཞིན།། ཕྱག་མཚན་བར་མ་དེ་བཞིན་ཏེ། ། འདི་ནི་རྒྱུན་གྱི་ཏིང་ངེ་འཛིན།། ཞེས་གསུངས་སོ།། དེ་ནས་ཡང་མཆོད་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྱི་ནག་གསང་བ་མཆོད་པའི་ཚོགས།། ཚུལ་བཞིན་བཤམས་ཏེ་བྱིན་གྱིས་བརླབ། ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་རྣམས།། ཕྱག་རྒྱ་བཞི་ཡིས་སྤྱན་དྲངས་བྱོན། བསྟིམ་ནས་གཉིས་སུ་མེད་པ་ལ།། བདག་ཉིད་གཙོ་བོའི་ཐུགས་ཀ་ལ་ནས།། འདོ་ཀྱི་ཚུལ་དུ་རབ་འཐོན་ཏེ།། རྣམ་པར་སྨིན་པའི་ཆ་གཟུང་ནས། ། ལྷ་མོའི་ཚོགས་དང་མགྲིན་སྡེབས་ཏེ།། ལས་དང་མཐུན་པའི་ཚུལ་རྟགས་ལ།། མཆོད་པའི་བྱེ་བྲག་དབུལ་བ་ཡིན།། དྷུ་པེ་དཀར་མོ་སྤོས་མེ་ཐོགས།། ནམ་མཁའི་སྙིང་པོ་ཉིད་ལ་དབུལ། ། གཉིས་མེད་དྲི་ཡིས་ཚིམ་ནས་ནི།། སེམས་ཅན་དོན་རྣམས་ཡོངས་རྫོགས་བསམ།། པུཥྤེ་སེར་མོ་མེ་ཏོག་ཐོགས།། རྣམ་པར་སྣང་མཛད་ཉིད་ལ་དབུལ།། ཨ་ལོ་དམར་མོ་མར་མེ་བསྣམས།། ས་ཡི་སྙིང་པོའི་གནས་སུ་དབུལ། ། གནྡྷེ་ལྗང་ཁུ་དྲི་ཆབ་བསྣམས།། མི་བསྐྱོད་པ་ཡི་གནས་སུ་དབུལ།། ལ་སེ་དཀར་མོ་མེ་ལོང་བསྣམས།། ས་ཡི་སྙིང་པོ་མཉེས་བར་བྱེད།། རིན་ཆེན་དཔལ་འཕྲེང་མཛེས་པ་ཡིས།། རྣམ་པར་སྣང་མཛད་གདུགས་སུ་གྱུར། ། གིརྟི་སྒྲ་དབྱངས་ལྡན་པ་ཡིས།། ཕྱག་ན་རྡོ་རྗེ་མཆོད་པར་མཉེས།། ནིརྟི་གར་གྱི་བྱེ་བྲག་རྣམས།། བྱམས་པ་མེ་ཏྲི་མཆོད་པས་མཉེས།། རོ་ཡི་ལྷ་མོ་ཞལ་ཟས་བསྣམས།། སྤྱན་རས་གཟིགས་ལ་མཆོད་བྱས་པས། ། ལོངས་སྤྱོད་བདེ་དང་མཉེས་འགྱུར་ནས།། ཚོགས་གཉིས་ཡོངས་སུ་རྫོགས་པར་བསམ།། རེ་རེའང་བྱེ་བ་རྡུལ་སྙེད་དུ།། བསམསཏེ་མཆོད་པ་ཕུལ་པ་ཡིས།། རྟེན་དང་རྟེན་ཅན་གཉིས་ཀ་ཐིམ། ། དག་པའི་ཞིང་དུ་འགྲོ་བའི་རྒྱུས།། རྒྱུ་དང་འབྲས་བུར་གཉིས་ལྡན་པས།། ཡང་དག་ཉིད་དེ་གདོན་མི་ཟ།། འདི་ནི་ཕྱི་ཡི་རིམ་པར་གསུངས།། ནང་གི་མཆོད་པ་དམ་པ་ནི།། ང་བདག་བྲལ་བའི་བནྡྷ་རུ། ། བདུད་རྩི་ལྔ་ཡི་བཅུད་གཏམ་སྟེ།། ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ།། རཾ་ལས་མེ་འོད་འབར་བ་ལས།། ཨ་ལས་འཆི་མེད་བནྡྷ་བསམ།། གཞལ་ཡས་འཁོར་ལོ་རྩིབས་བཞི་པའི།། སྟེང་ནས་གདན་ལྔ་གནས་པ་ལས། ། དམ་རྫས་ལྔ་དང་ཤ་ལྔ་ལས།། རྒྱལ་བའི་གདན་ལྔ་སེམས་ཅན་ལྔ།། དེ་སྟེང་ཆོག་གསུམ་ལས་ནི།། གཙོ་བོ་ཡབ་ཡུམ་རབ་བསྐྱེད་ལ།། བར་སྣང་ཟླ་བའི་དཀྱིལ་འཁོར་ཏེ།། རྡོ་རྗེ་ལས་ནི་ཧཱུཾ་གིས་མཚན།། དེ་ལས་བསྐུལ་བའི་འོད་ཟེར་གྱིས། ། ཡེ་ཤེས་དཀྱིལ་འཁོར་དགུག་གཞུག་བསྟིམ།། མཆོད་དང་བསྟོད་པ་ལ་སོགས་དང།། ཏིང་ངེ་འཛིན་ནམ་དངོས་གྲུབ་བྱ།། མཁའ་གསང་བྱིན་བརླབ་སྦྱོར་བའི་བརྡས། ། བསྐུལ་ནས་སྦྱོར་བའི་བྱིན་བརླབས་ཀུན།། ཡུམ་གྱི་གནས་ནས་ཕྱོགས་བཅུར་འཕྲོས།། དོན་གཉིས་བྱས་ནས་རྒྱལ་བའི་བཅུད།། བསྡུས་ཏེ་སྐུ་ལྔ་ཉིད་ལ་བསྟིམ།། འདོ་ཞུ་བྱང་ཆུབ་སེམས་སུ་གྱུར།། རླུང་གིས་མེ་སྦར་རིམ་པར་བཞུ། ། ཐབས་དང་ཤེས་རབ་ཆ་ལས་གྲུབ།། བདུད་རྩི་བྱང་ཆུབ་སེམས་ཀྱི་དངོས།། ཡིག་འབྲུ་གསུམ་གྱིས་ཁ་བཅད་ལ།། རྒྱལ་བ་སྤྱན་དྲངས་མཆོད་པ་དང།། མཁའ་འགྲོ་ལས་མཁན་རྣམས་ལ་སྦྱིན། ། འདི་དེ་ནང་གི་མཆོད་པ་ཡིན།། དྲག་པོའི་མཆོད་པ་རྣམ་པ་གཉིས།། གཞུང་ལ་གྲགས་བ་བཞིན་དུའོ།། གསང་བ་དམ་པའི་མཆོན་པ་ནི།། ཡབ་ཡུམ་ཡོངས་སུ་རྫོགས་པ་ལས།། གོང་གི་རྗེས་སུ་ཤེས་པ་སྟེ། ། སྤྱན་རས་གཟིགས་དབང་མཆོད་པའམ།། ལུས་དང་ཤེས་པ་རྒྱས་པར་བསམ།། དེ་ནི་དངོས་གྲུབ་མྱུར་བ་ཡིན།། དེ་ནས་བདག་ཉིད་གསུམ་གྱིས་སྦྱང།། ཡི་གེ་གཟུགས་སུ་གྱུར་པ་ལས།། བདག་པོའི་གནས་སུ་ཐིམ་པར་བརྟག། ཅེས་གསུངས་སོ།། དེ་ནས་ཡང་བཟླས་བརྗོད་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། བདག་པོའི་བདུན་དུ་སྲས་ཀྱི་ཚོགས།། ཡོངས་སུ་གསལ་བར་ལྟས་པ་ལས།། རྣམ་གསུམ་རྟེན་གྱི་དཀྱིལ་འཁོར་ལ། ། ཡི་གེ་འཕྲེང་བ་རྣམ་པ་གསུམ།། ཁ་དོག་ལས་ཀྱི་སྐབས་ཀྱིས་ཤེས།། སྐུ་གསུང་ཐུགས་ཀྱི་སྦྱོར་བ་གསུམ།། གང་ཡིན་ལས་ལ་རབ་ཏུ་འབད།། སྤྲོ་དང་བསྡུ་བའི་རིམ་པ་ཡིས།། ལྕགས་ཀྱི་ཚ་ཚ་བརྡབས་པ་ལྟར། ། ཤིན་ཏུ་ཕྲ་བའི་བཟླས་པ་བྱ།། བསྡུས་ནས་དོན་གྱི་གནས་སུ་བསྟིམ།། ཤིན་ཏུ་ཡི་གེའི་འཕྲེང་བ་བསྟིམ།། དེ་ནས་རྟེན་དང་བདག་པོ་བསྟིམ།། ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ།། ངག་ནས་གོང་མའི་རིམ་པ་གསོས། ། དང་པོའི་ས་ལ་སྙེགས་པ་དང།། རིམ་པ་ཇི་བཞིན་ཡང་དང་ཡང།། ཐ་མར་འོད་གསལ་བདེ་བ་ཆེ།། འདི་ནི་བསྟན་པ་དང་པོ་སྟེ།། དུབ་པར་གྱུར་ན་བཟླས་པ་བྱ།། བཟླས་པ་ནང་གི་རིམ་པ་ནི།། མེ་ལྟར་འབར་བའི་བཟླས་པ་སྟེ། ། གཙོ་བོ་དབང་དུ་བྱས་པ་དང།། འཁོར་གྱི་དབང་དུ་བྱས་པའོ།། དང་པོའི་རིམ་པ་གང་ཞེ་ན།། བསྐྱེད་ནས་རྫོགས་པའི་མཐར་ཐུག་ལ།། ཤིན་ཏུ་འཕྲོས་པ་ཇི་བཞིན་པས།། གནས་ནས་ནི་གཙོ་བོའི་སྐུ། ། ཁྲོ་མོ་རིམ་པ་གྲངས་མེད་འཕྲོས།། ལྕགས་ཀྱུ་ཐོགས་པའི་གཟུགས་ཅན་དེས།། རང་གྲུབ་ཨ་ལ་བརྟེན་པའི་ཧཱུཾ།། དེ་ནི་རྒྱུ་དང་རྐྱེན་ཡང་དེས།། དེས་བསགས་དངས་སྙིགས་རྣམ་པ་གཉིས།། མཚན་མ་གཉིས་ཀྱི་གནས་ནས་དྲང། ། གཏིབས་ཏེ་ཤིན་ཏུ་མཚན་ལྡན་པ།། གཙོ་བོའི་དབང་དུ་བྱས་པའོ།། གཉིས་པའི་རིམ་པ་ཡང་གསུངས་པ།། བདག་ཉིད་གནས་ནས་དེ་ཉིད་སྤྲོ།། སོ་སོའི་ཆ་འཛིན་དེ་ཕོག་པས།། ཕྱག་མཚན་སྣ་ཚོགས་དག་གི་ལས། ། སྲིན་བུ་མེ་ཁྱེར་ཇི་ལྟ་བར།། བློ་ཡིས་བརྟགས་ཏེ་གཉིས་མེད་འགྱུར།། ཤིན་ཏུ་རྫོགས་པར་གྱུར་པ་དང།། གསལ་བ་གསུམ་ལ་སོགས་པ་ཡིས།། ལས་རྣམས་ཡོངས་སུ་རྫོགས་པར་བྱ། ། གསང་བའི་རིམ་པ་བསྟན་པ་ནི།། བདག་དང་ཏིང་འཛིན་དཀྱིལ་འཁོར་ནི།། ཚོགས་དང་བཟླས་པའི་བར་དུ་སྟེ།། མཚན་དང་དཔེ་བྱད་རྣམ་པར་གསལ།། དེ་ལས་ཡུན་རིངས་གནས་པ་གཅེས།། རྡོ་རྗེ་བདག་པོའི་ཐུགས་ཁ་རུ། ། སེམས་དཔའ་གསུམ་བརྩེགས་གསལ་བྱས་ལ།། བརྟན་པར་འཕྲོ་འདུའི་རིམ་པར་བྱ།། གནས་གསུམ་དག་ནས་འབྲུ་གསུམ་ནི།། ཡེ་ནས་རང་གྲུབ་ཚུལ་དུ་གནས།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། ། སྐུ་གསུང་ཐུགས་གནས་ས་བོན་ཉིད།། འཁོར་བ་ཡེ་ནས་སྐུ་གསུང་ཐུགས།། འབྱུང་བ་ཉིད་ལས་འཕྲོ་བས་ཏེ།། གཞི་མོ་ཉིད་ཧཱུཾ་ལས་འཕྲོ་ཉིད།། བཞི་མོ་ཉིད་ཀྱི་སྙིང་ཁར་གནས། ། གཡས་ནས་འབྱུང་བ་སོར་བཞི་བཟླས།། དེ་ནས་སྣ་རྩེར་གསལ་བ་སྟེ།། དེ་ལ་རྒྱུན་དུ་བཟླས་པ་བྱ།། དེ་ནས་འཇུག་པ་གཡོན་པ་ནས།། སོར་བཞི་བ་སློབས་ནས་གཞི་པོར་ཐིམ།། གནས་པ་ཉིད་ལ་གསལ་བར་བལྟ། ། ཡང་ན་བཞི་པོ་ལས་འཕྲོས་ཏེ།། རིམ་པ་སྔར་བཞིན་སྣ་རྩེར་གནས།། ཕར་འཕྲོས་ཁྲོ་བོའི་དཀྱིལ་འཁོར་གསལ།། སྒོ་ནས་བྱུང་སྟེ་གསུམ་ཡང་གསལ།། སླར་ཡང་ཞི་ཞིང་འཁྱིལ་བ་ནི།། རྟ་རྔའི་ཉག་ཙམ་བཟླས་པ་བྱ། ། འཇུག་པའི་ཚུལ་གནས་བདག་ཉིད་བསྡུད།། དེ་ནས་ཡེ་ཤེས་སེམས་དཔའ་བསྡུ།། ཏིང་འཛིན་བསྡུས་ནས་བཞི་པོར་གནས།། རིགས་ལྔ་ཡེ་ཤེས་ལྔ་ཉིད་ནི།། རླུང་ཉིད་ཡིན་ཏེ་ཐིག་ལེའི་ཚུལ།། ཞབས་ཀྱུ་ཐིམ་ནས་ན་རོའང་ཐིམ། ། ཐིག་ལེའི་ཙ་ནའི་འབྲུ་ཙམ་ལས།། གཉིས་མེད་བྱང་ཆུབ་སེམས་སུ་འགྱུར།། ཡུན་རིངས་དེ་ལས་བཟླས་པ་ནི།། རྡོ་རྗེ་བཟླས་པ་ཞེས་སུ་གསུངས།། རྡོ་རྗེ་གཉིས་མེད་ཡེ་ཤེས་ཏེ།། བཟླས་པ་འབྱུང་དང་འཇུག་པ་ཉིད། ། དེ་གཉིས་ལས་ནི་བདེ་རྙེད་པ།། དེས་ན་རྡོ་རྗེ་བཟླས་པ་བྱའོ།། ཡང་ན་རྡོ་རྗེ་བཟླས་པ་ནི།། རྡོ་རྗེ་འོད་གསལ་ཆོས་ཀྱི་དབྱིངས།། ཡང་ནས་ཡང་དུ་དེ་སློབ་པ།། དེ་ནི་བཟླས་པའི་མཆོག་ཡིན་ཏེ། ། གཉིས་མེད་ཡེ་ཤེས་ངོ་བོ་ཉིད།། རྡོ་རྗེ་བཟླས་པ་ཞེས་བྱའོ།། འདི་ནི་བཟླས་བརྗོད་ཏིང་འཛིན་ནོ།། ཞེས་གསུངས་སོ།། དེ་ནས་བསྒྲུབ་པའི་རྒྱུན་གྱིས་ཏིང་ངེ་འཛིན་འདི་གསུངས་སོ།། བསྙེན་པ་རྫོགས་ནས་ལས་བྱས་ཏེ། ། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ལ།། དྲིལ་ཏེ་བསྒྲུབ་པའི་སྡེགས་སུ་བཤད།། དུས་བཞིའི་ཆོ་ག་གཞུང་བསྲང་ལ།། ཚོགས་དང་མཆོད་པ་ལ་སོགས་ཀྱིས།། མཆོད་དང་ཕོ་ཉ་ལ་སོགས་ཀྱི།། ཕྱག་རྒྱ་བཞི་དང་ལྡན་པར་བྱ། ། བཟླས་པ་རབ་ཏུ་འབད་བྱས་སྟེ།། སྨད་ཚོང་མ་ཡི་ལྡུམ་ར་ནས།། ཉུངས་ཀར་རྒྱལ་པོ་ཧོར་བསྐྱེད་ལ།། ཁ་སྦྱར་དབུས་སུ་དྲིལ་ནས་སུ།། སྟོང་སྟོང་ཚང་ནས་བརྡེག་པར་བྱ།། སྒྲོལ་བའི་རྫས་མཆོད་དམ་པ་སྟེ། ། རྟེན་འབྲེལ་ནུས་བའི་རྫས་མཆོག་གིས།། བཏབ་ན་ཤིན་ཏུ་མཆོག་ཏུ་འགྱུར།། དང་པོ་ཤིན་ཏུ་འཕྲོས་པ་ལས།། འགུག་པའི་ཡི་གེ་གདགས་པར་བྱ།། དེ་ནས་གཟུགས་ལ་དབབ་པའི་ཕྱིར། ། སྙིང་ཁར་ཉི་མའི་དཀྱིལ་འཁོར་ལ།། ཡི་གེ་ཛ་ནི་གཞག་པར་བྱ།། འོད་ཟེར་ལྕགས་ཀྱུས་དྲངས་ནས་ནི།། གཟུགས་སམ་རི་མོ་ཐིམ་པར་བྱ།། ཕྱག་རྒྱ་བཞི་པའི་རང་བཞིན་གྱིས།། དགུག་ཅིང་བསྡམ་དང་མགུ་བར་བྱ། ། དེ་ལྟར་གཟུགས་ལ་ཕོབ་པ་དང།། ཚོན་སྣ་ལྔ་ཡི་སྐུད་པའམ།། སྐུད་པ་ནག་པོས་བཅིངས་ནས་ཀྱང།། དགུག་ཅིང་བསྟིམ་པ་རྣམས་བྱས་ཏེ།། སྔགས་དང་ཕྱག་རྒྱ་ཏིང་འཛིན་ཅིང།། ཡན་ལག་འཁུམ་མི་ནུས་པར་བསམ། ། དེ་ལྟར་སྨིན་པར་གྱུར་པ་དང།། གཟིར་ཅིང་དབང་དུ་བསྡུ་བའི་ཕྱིར།། དམིགས་པར་བྱ་བའི་ཡུལ་རྣམས་ལ།། དཀར་ནག་གཉིས་ཀྱིས་མཚམས་སུ་ཡང།། བྱང་ཆུབ་སེམས་ཀྱི་རྩེ་གཏད་དེ། ། ཕུར་པའི་རི་རབ་ཕྱག་རྒྱ་ཡིས།། ཤིན་ཏུ་འཁུབ་མི་ནུས་པར་བྱ།། འགོ་བའི་ལྷ་དག་དབྲལ་བའི་ཕྱིར།། མེ་ཏོག་སྔོན་པོ་ལ་སོགས་པའི།། དུག་གི་གཏོར་མ་ཟ་རུ་གཞུག། འབྲེལ་བའི་རྫས་མཆོག་དམ་པ་རྣམས། ། རྟེན་འབྲེལ་ནུས་པར་ལྡན་པ་ཡིས།། ཐམས་ཅད་བྱེར་ཅིང་འབྲོས་པར་འགྱུར།། གལ་ཏེ་དམ་པའི་སྒོར་ཞུགས་ནས།། སྔགས་དང་ཕྱག་རྒྱའི་ནུས་པ་ཡིས།། བཅིང་བའི་ལྕགས་སྒྲོག་ཡོད་ན་ཡང།། བདག་ཉིད་མན་ངག་གདེང་ལྡན་པས། ། མཆེ་བའི་ཕྱག་རྒྱས་སྙིང་དྲལ་ཏེ།། སྔགས་ཀྱི་བདག་པོ་སྤྱན་དྲངས་ལ།། ཡེ་ཤེས་གསལ་བསྟིམ་མཆོད་པ་དབུལ།། བསྟོད་པ་བྱས་ཏེ་འཕྲིན་ལས་བསྐུལ།། བཀའ་བསྒོ་བདག་ལ་བཞུགས་པར་བརྟག། དེ་ནས་སྡིག་པ་འཐོལ་བའི་ལས།། ཐང་ཕྲོ་མ་དང་ནི་ད་རུ་ར།། མྱོས་པའི་ཆུ་ཡིས་ཚིམ་པར་བྱ།། གུ་གུལ་ཚིལ་ཆེན་ལ་སོགས་པས།། གདུག་པས་སྡིགས་པ་མཐོལ་བ་དང།། མྱོས་ཤིང་སྨྲ་བའི་ནུས་ལྡན་བསམ། ། ཤིན་ཏུ་སྨིན་པར་གྱུར་པ་དང།། འབྲོས་ཀྱི་ས་མཐར་མནན་གཟིར་བྱ།། མཐུ་དང་རྫུ་འཕྲུལ་འཕྲོག་པ་དང།། ཡན་ལག་འཁུམ་མི་ནུས་པར་བྱ།། ཞེས་གསུངས་སོ།། དེ་ནས་ཡང་དག་གདབ་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། ། ལས་རྣམས་གང་དང་གང་གིས་ཡང།། བསྒྲུབ་པ་ཡོངས་སུ་རྫོགས་པ་ན།། གདབ་པའི་སྔགས་ཀྱི་འཕྲེང་བ་ཡང།། བསྙེན་དག་བསྒྲུབ་པ་ལས་རུང་ནས།། རྟགས་དང་དྲོད་ཚད་ཟིན་པའི་མིས། ། གདུག་པའི་སྔགས་ཆེན་བཟླས་བྱས་ལ།། གནས་སུ་རྩ་དང་སྦྲགས་ཏེ་གདབ།། གསེར་སྐྱེམས་བཏང་ཞིང་བདེན་བས་བསྒོ།། རཀྟ་ཕྱར་ཞིང་དམ་ཅན་བོད།། དགུག་ཅིང་སྨིན་པར་བྱ་བ་གཅེས།། གསལ་བ་རྣམ་གསུམ་བྱས་ནས་ནི། ། གསོ་བ་རྣམ་པ་གསུམ་ཡང་བྱ། བདག་ཉིད་གསོ་དང་ཕུར་པ་གསོ།། གཟས་པ་པོ་དང་དེ་བཞིན་གསོ།། དེ་ཡང་རྣམ་པ་གཉིས་ཡིན་ཏེ།། གཙོ་བོའི་ཕུར་པ་བཏབ་པ་དང།། འཁོར་གྱི་ཕུར་པ་གདབ་པའོ། ། དང་པོ་གཙོ་བོའི་བདག་ཉིད་ལ།། ནུས་པ་ཐོབ་ཅིང་དབང་ནོས་ནས།། བྱིན་བརླབས་དག་དང་ལྡན་པར་བྱ།། ཉིད་ཀྱི་ཆ་ལས་བྱུང་བ་ཡིས།། སྲས་ཀྱི་ཕུར་པ་ར་བླངས་ལ།། བསྟོད་དང་བྱིན་གྱིས་བརླབ་པ་དང། ། འཕྲིན་ལས་དྲག་ཏུ་བསྐུལ་བྱས་ཏེ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དུས་གསུམ་རྒྱལ་བའི་གདུང་འཚོབ་ལ།། རིགས་འཛིན་བདག་ཅག་རྣམས་ལ་ནི།། གདུག་ཅིང་གནོད་པའི་དགྲ་དང་བགེགས། ། བདུད་དང་བར་དུ་གཅོད་པ་རྣམས།། ཁྲོ་བོ་ཆེན་པོའོ་བྱིན་བརླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང། ། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ཉི་ཤུ་རྩ་གཅིག་ཀཱི་ལ་ཡ།། རབ་ཏུ་གསོར་ཞིང་བཟླས་ནས་ཀྱང།། ཀཱི་ལ་ཡ་དང་ཆེ་གེ་མོ།། དཀར་ནག་མཚམས་དང་ཧཱུཾ་ཕཊ་མཐའ།། བཅོ་བརྒྱད་བཟླས་ཏེ་དྲིལ་བྱས་ནས། ། སྲོག་གི་གོ་རུ་ཤར་བ་དང།། སྙིང་གི་གོ་རུ་ཀཱི་ལ་ཡ།། རྩ་བའི་སྔགས་དང་ལས་ཀྱི་སྔགས།། སྒྲོག་པའི་སྔགས་གསུམ་བཟླས་པ་ཡིས།། ལྷན་གྱི་བཏབ་པས་ཀུན་གཞི་ཡི།། བྱང་ཆུབ་སེམས་ལས་ཨ་རུ་གྱུར། ། ཨ་ནི་སེམས་ཀྱི་རང་བཞིན་ཏེ།། འདི་ནི་ཏིལ་གྱི་འབྲས་བུར་གནས།། དེ་ནི་ཀུན་གཞིའི་བདག་ཉིད་ཡིན།། འོད་དེ་ཁྲག་གི་སྦས་པ་ཡིན།། གཏུམ་པས་ཉོན་མོངས་ཅན་གྱིས་ཡིད།། ཕུར་པས་ཁྲག་གི་སྦལ་པ་བསྲེགས། ། འོད་དེ་ཕུར་པའི་དབལ་ལ་འདུས།། ཡི་གེ་ཨ་ཡི་རང་བཞིན་གྱུར།། དངས་མའི་ལུས་དང་དངས་མའི་སེམས།། བསད་ཅིང་གནས་པ་མ་ཡིན་ཏེ།། ཨ་ནི་ཕུར་པའི་དབལ་ལ་འདུས།། ཟིལ་པའི་ཚུལ་དུ་གནས་པ་ལས། ། རི་རབ་སྟེང་ནས་ཧཱུཾ་ཀ་རས།། དམ་ཚིག་ཚུལ་གྱིས་བདག་ལ་བསྟིམ།། ལུས་དང་ཤེས་པ་རྒྱས་པར་འགྱུར།། དེ་ནི་ཚེ་ལུང་ངེས་པའོ།། དེ་ནས་རྟེན་ཀྱང་བླར་ཕུལ་ནས།། དེ་ཉིད་དེ་ལ་ཐིམ་པར་བརྟགས། ། བྱང་ཆུབ་སེམས་ཀྱི་ཕུར་པ་དེས།། ལོག་པའི་ཤེས་པ་རྟེན་སྦྱངས་ནས།། ཡི་གེ་ཨ་རུ་གསལ་སྤྲོ་ཐིམ།། དེ་ཉིད་བྱང་ཆུབ་སེམས་ཀྱི་ཁྲུས།། དེ་ཡང་གོ་རིམ་བཟློག་པ་ཡིས།། གཉིས་ཀ་ཡོངས་སུ་རྫོགས་པར་ཤར། ། དེ་ནས་གཉིས་པར་གྱུར་པ་ཡི།། འཁོར་གྱི་རིམ་པས་གདབ་པ་ནི།། དང་པོར་རིམ་པ་ཇི་ལྟ་བར།། ཐམས་ཅད་ཀུན་ལ་དེ་བཞིན་ནོ།། བྲན་དང་ཕོ་ཉ་དཀའ་ཉན་ཚོགས།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། སྔོན་ཆད་ཇི་བཞིན་དམ་བཅས་པའི། ། མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད།། རང་རང་སྔགས་དང་ཕུར་པ་ཡིས།། གནས་སུ་རྩ་བ་དང་སྦྲགས་གདབ།། རྣམ་པར་ཤེས་པའི་ཚོགས་བརྒྱད་ལ།། ཕྱོགས་མཚམས་ཁྲོ་མོ་རྣམས་ཀྱིས་གདབ། ། དགེ་སྡིག་བག་ཆགས་ས་བོན་ལས།། སྟེང་འོག་ཁྲོ་བོའི་ཕུར་པས་གདབ།། གནས་དང་རྩ་ཡི་རྟེན་ལ་ཡང།། ཁྲ་ཐབས་རྣམས་ཀྱི་ཕུར་པས་གདབ།། དེ་ཡང་རིམ་པ་ཇི་ལྟ་བར།། མིག་དང་རྣ་བ་སྣ་དང་ལྕེ། ། ལུས་ནི་ཆགས་བྱེད་ལྟེ་བ་སྟེ།། གཡས་ན་ཡིད་ཀྱི་རྣམ་ཤེས་རྒྱུ། གཡོན་ན་ཉོན་མོངས་ཅན་གྱི་ཡིད།། དབུས་ན་ཀུན་གཞིའི་རྣམ་ཤེས་ཏེ།། གསུམ་ནི་སྙིང་ཁ་དག་ན་གནས།། གདུལ་བྱ་གཉེན་པོའི་ཚུལ་དུ་ནི། ། རྣམ་པར་རྒྱལ་དང་དབྱུག་སྔོན་ཅན།། གཤིན་རྗེ་གཤེད་དང་མི་གཡོ་མགོན།། བདུད་རྩི་འཁྱིལ་དང་འདོད་པའི་རྒྱལ།། རྟ་མགྲིན་ཁམས་གསུམ་རྣམ་རྒྱལ་དང།། ཧཱུཾ་ཀ་ར་དང་སྟོབས་པོ་ཆེ། ། ཕྲ་ཐབས་རྣམས་ཀྱིདེ་བཞིན་གནས།། གཞན་ཡང་གདབ་པའི་རིམ་པ་ནི།། བྱུང་ཚོར་རྒྱུ་བའི་གནས་རྣམས་སུ།། འཕྲིན་ལས་རྣམ་བཞིའི་ཕུར་པ་གདབ།། ཡན་ལག་ལྔ་ནི་གྱུར་པའམ།། ཉོན་མོངས་སྐྱེ་བའི་གནས་རྣམས་སུ། ། སྲས་མཆོག་ལྔ་ཡི་ཕུར་པ་གདབ།། རྩ་བའི་སྔགས་དང་ལས་ཀྱི་སྔགས།། མགོ་གནོན་གནད་དང་མིང་དུ་བཅས།། ཀུན་ཀྱང་ལྔ་ལྔ་ཤེས་པར་བྱ།། དེ་ནས་ཡང་གཏུབ་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། ། གསང་བའི་དབྱིབས་ཀྱི་དབུས་དག་ཏུ།། ཁྲོ་བོའི་དཀྱིལ་འཁོར་བསྒོམས་ནས་ཀྱང།། གཟུགས་བརྙན་དག་ནི་བྱས་པ་ལ།། བཀུག་ནས་དེ་ཡི་གཟུགས་ཉིད་ལ།། རྡོ་རྗེ་ཕུར་པ་བཤད་པས།། དེ་ཡི་ཚོགས་བརྒྱད་དག་པར་སྤྱད། ། བཏབ་པའི་རྫས་མཚོག་ལྷག་མ་ལ།། མཚོན་ཆ་ཆེན་སྔོན་པོ་འབར་བ་ཡི།། རལ་གྲི་ལ་སོགས་མཚོན་ཆ་ལྔས།། གཟུགས་བརྙན་ཕྱེ་མར་གཏུབ་པའམ།། ཡང་ན་དུམ་བུ་གསུམ་དག་ཏུ།། རྣོ་བའི་མཚོན་གྱིས་གཏུབ་པར་བྱ། ། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད། ། གཡོན་གྱིས་མནན་ལ་གཡས་ཀྱིས་གཏུབ།། ཁྲོ་བོ་སྟོབས་ཀྱི་རྒྱལ་པོ་ཡིས།། ཁྲོམ་མཚོན་ཆར་དུ་ཕབ་ནས་ཀྱང།། ལུས་ལ་ཕོག་ནས་ཞིག་པར་བསམ།། དོན་གྱི་གཟུང་འཛིན་རྒྱལ་མོ་བྲ། ། མ་རིག་མུན་པ་བྲལ་བྱས་ཏེ།། རིགས་ངེས་སྲས་སུ་གྱུར་པར་བྱ།། ཞེས་གསུངས་སོ།། དེ་ནས་ཡང་བྲབ་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། གང་ཞིག་གདུག་པ་མ་རུངས་པ།། སངས་རྒྱས་བསྟན་པ་འཚེ་བྱེད་ཅིང། ། ལུ་གུ་རྒྱུད་ལ་འགལ་བྱེད་ཅིང།། ལས་གཉིས་ཡོངས་སུ་རྫོགས་པ་ཡིས།། ནན་ཐུར་ལས་རྣམས་ཡང་གསུངས་པ།། ཕྲ་ཐབས་རྣམས་དང་སྲས་མཆོག་རྣམས།། དམ་ཅན་མ་མོའི་ཚོགས་རྣམས་ཀྱིས།། སྟེང་ནས་མཚོན་ཆའི་ཆར་དུ་བབས། ། ནད་ངན་གདུག་པའི་ཚོགས་རྣམས་ཀྱིས།། ཁ་རླངས་བུ་ཡུག་ཚུབ་མར་འཁྱིལ།། གདུག་ཅིང་སྡང་སེམས་བྱེད་པ་རྣམས།། ལྷའམ་འོན་ཏེ་བདུད་ཀྱང་རུང།། ང་ལ་བར་ཆད་བྱེད་པ་རྣམས། ། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། ཐུན་རྫས་རྣམས་དང་མཚོན་ཆ་ཡིས།། ཆར་ཏུ་བབ་སྟེ་ཞིག་པར་བསམ།། ལས་ཀྱི་སྔགས་ལ་སྟེང་འོག་ཉིད།། སྒྲོག་པའི་སྔགས་སུ་ལྡན་པར་བྱེད།། འདི་ནི་བྲབ་པའི་ལས་སུ་འགྱུར། ། ཞེས་གསུངས་སོ།། དེ་ནས་ཡང་བརྡུང་བ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་དུ།། ཞེ་སྡང་ཆེན་པོའི་དཀྱིལ་འཁོར་ནི།། ཕུར་པའི་ཁྲོ་བོ་རྫོགས་བྱས་ལ། ། རྡོ་རྗེ་ཐོ་བས་བསྒོམ་བྱས་ཤིང།། གཡོན་པས་རྐེ་ནས་བཟུང་བྱ་ཞིང།། གཡས་པ་རྡོ་རྗེ་ཐོ་བས་བརྡེག། ཡུམ་གྱི་མཁའ་ཡི་གཏིང་དག་ཏུ།། དངོས་པོ་གྱུར་པའི་གནས་ཆེན་ལ།། རྡུལ་ཕྲན་བཞིན་དུ་བརྡུངས་བྱས་ན། ། ཤ་ཁྲག་ཁམས་གསུམ་གང་བར་དམིགས།། རྡོ་རྗེ་ཚིག་ཏུ་བསྐུལ་བ་ནི།། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོག། ཁྲོ་མོ་འབར་མའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུང་བྱས་ནས་ལྷ་ཡང་རུང་སྟེ་བསྒྲལ་བར་བྱ།། ཏད་ཐ་ཨ་ཏད་ཐ་ཡ་ཁ་ཐཾ་ཧཱུཾ་ཕཊ།། གསང་བའི་མཁའ་དང་འཇིགས་བྱེད་ཞལ།། མཐིང་ནག་འབར་བའི་གནས་གསུམ་དུ། ། རིམ་པ་བཞིན་དུ་ཐབས་རྣམས་དང།། ཆོ་གའི་ཡན་ལག་ཤེས་པར་བྱ།། ཞེས་གསུངས་སོ།། དེནས་ཡང་བསྟབ་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། གསང་བའོ་དཀྱིལ་འཁོར་ཆེན་པོ་རུ། ། བཅོམ་ལྡན་སྔགས་ཀྱི་བདག་པོ་རྣམས།། ཤིན་ཏུ་གསལ་ཞིང་ཞལ་གདངས་པར།། རིལ་བུ་བསྡུས་ནས་དབྱིངས་སུ་མཆོད།། ནམ་མཁའི་ཁྲོ་མོ་ཁ་གདངས་སུ།། ཐུགས་རྗེས་འགྲོ་ཀུན་ཡིད་ལ་བསྟབ། ། ངས་བསྟབ་ཁྱེད་ཀྱིས་ཡུད་ལ་རོལ།། རོལ་པས་དགེས་པའི་རྐན་སྒྲ་སྒྲོགས།། རོལ་པའི་ལྕགས་ཀྱུ་འབར་བ་ཡིས།། གཉིས་མེད་ཞལ་དུ་ར་བསྡུས་ལ།། ཡེ་ཤེས་ཁོང་གི་མེ་ཆེན་གྱིས།། རབ་ཏུ་ཟོ་ལ་མྱུར་དུ་བསྲེགས། ། ལས་ལ་འབྲས་བུ་ཡོད་ཅེས་བྱ།། ཇི་ལྟར་སྔོན་གྱི་དེ་བཞིན་དུ།། སྨོན་པའི་བྱང་ཆུབ་ལམ་དུ་ཞུགས།། མཚན་མའི་བག་ཆགས་དེར་སྦྱངས་སོ།། དབྱིངས་ལ་སྲོ་ཞིང་ཨ་ལ་བསྟིམ།། ཞེས་གསུངས་སོ།། དེ་ནས་ཤེས་པ་གནས་ཀྱི་ཕྱི་མོ་དང་སྤྲད་པ་སྤར་བ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། ། ཞིང་དུ་སྦྱངས་པའི་སེམས་ཅན་དེ།། གསང་བའི་ལམ་ནས་མཐོན་པའམ།། སྔོན་གྱི་ཚུལ་དུ་ཕྱིར་བཏོན་ནས།། བག་ཆགས་རྣམས་ཀྱག་བྱང་བྱས་ནས། ། རྣམ་ཤེས་གསེར་ཞུན་ལྟ་བུ་དེ།། ཟླ་བའི་དཀྱིལ་འཁོར་སྟེང་བཞག་ནས།། རླུང་གི་དཀྱིལ་འཁོར་དག་གིས་བསྐྱོད།། ཧཱུཾ་ཧཱུཾ་ཞེས་རབ་ཏུ་བསྡུས་པས།། མི་དམིགས་དབྱིངས་སུ་ཕཊ་ཀྱིས་འཕངས། ། རིགས་ངེས་རྒྱལ་བའི་སྲས་སུ་བཀོད།། མི་ལྟུང་སེམས་ཅན་དོན་གྱི་ཕྱིར།། གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ།། མི་འཁོར་སེམས་ཅན་དོན་གྱི་ཕྱིར།། ངན་སོང་སྒོ་གསུམ་ཤིན་ཏུ་བཅད།། རྣམ་ཤེས་ཆོས་ཀྱི་སྐུར་གནས་བསམ། ། དེ་ནས་ཆོ་གའི་སྦྱོར་བ་ཡིས།། གཟུགས་སྐུ་གཉིས་སུ་རྫོགས་བྱ་བ།། དབང་བསྐུར་ནུས་དང་ལྡན་པར་བྱ།། འགྲོ་བའི་དོན་ལ་བསྐུལ་བ་ནི།། ཧཱུཾ། རྒྱལ་བའི་སྲས་པོ་གཉིས་མེད་གཙོ།། བདེ་ཆེན་བྱང་ཆུབ་སེམས་ལ་བྱུང། ། འཇིག་རྟེན་ཁམས་མང་ཇི་སྙེད་ན།། ཉོན་མོངས་ལྔས་གཟིར་སེམས་ཅན་གྱི།། དོན་རྣམས་མ་ལུས་ཁྱེད་ཀྱིས་གྱིས།། དེ་སྐད་བརྗོད་ལ་ཕྱིར་བཏོན་ཏེ།། ཞིང་ཁམས་རྣམས་སུ་ལས་ལ་བཏང། ། བདག་ལ་སྒྲིག་པ་མི་གོས་ཤིང།། གཅིག་ཉིད་ཚེ་ཡི་དངོས་གྲུབ་ཐོབ།། དེ་ཕྱིར་ཐབས་ཀྱི་ཁྱད་པར་མཆོག། ཅེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། རྒྱུད་ཀྱི་ཏིང་ངེ་འཛིན་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་སངས་རྒྱས་ཀུན་གྱི་ཡབ་ཆེན་པོ།། ཐབས་ཆེན་མ་འགས་ཀུན་གྱི་གཙོ། ། ལས་རྣམས་རྫོགས་པར་གསུངས་ལགས་ན།། རྣལ་འབྱོར་ལས་མཐར་འབྱིན་པ་ལ།། མ་མོའི་དཀྱིལ་འཁོར་མི་འཚལ་ལམ།། འདི་ཡི་རིམ་པ་གང་ལྟར་ལགས།། དེ་སྐད་ཅེས་ནི་གསོལ་བ་དང། ། བཅོམ་ལྡན་སྔགས་ཀྱི་བདག་པོ་ཡིས།། འགྲོ་མགོན་ལས་ཀྱི་སེམས་དཔའ་ལ།། འདི་སྐད་ཅེས་ནི་བཀའ་སྩལ་ཏོ།། ཉམས་པའི་མཚན་ཉིད་བདུན་རྣམས་དང།། ངན་སོང་གསུམ་དང་བཅུ་པོའམ།། ཡང་ན་རིམ་པ་འདི་ལྟ་བར། ། ཞེ་སྡང་མེ་ལྟར་འབར་ཏེ་གཅིག། ཕྲག་དོག་རླུང་ལྟར་འཚུབ་སྟེ་གཉིས།། འདོད་ཆགས་ཤིང་ལྟར་སྤུངས་ཏེ་གསུམ།། གཏི་མུག་རི་ལྟར་སྤུངས་ཏེ་བཞི།། ང་རྒྱལ་བསེ་ལྟར་ཁེངས་ཏེ་ལྔ།། སེར་སྣ་རྩི་ལྟར་འབྱར་ཏེ་དྲུག། གཏུམ་ཁྲོ་ཁྲོ་ཆུ་འདྲ་སྟེ་བདུན།། གསོད་གཅོད་སྲིན་པོ་འདྲ་སྟེ་བརྒྱད།། འཕྲོག་རློམ་རྐུན་པོ་འདྲ་སྟེ་དགུ། ཆོས་ལོག་ཁང་དཔོན་བྱེད་དང་བཅུ།། འདི་ལྟ་བུ་ཡི་གང་ཟག་ལ།། ཞི་བས་སྨྲས་ཀྱང་མི་འདུལ་བས། ། མ་མོའི་དཀྱིལ་འཁོར་ལྷག་པར་གཅེས།། ཡང་དག་ཉིད་དུ་ངས་བསྟན་གྱིས།། ལས་ཀྱི་སེམས་དཔའ་ཡིད་ཀྱིས་ཉོན།། བདག་ཉིད་ཆེན་མོའི་དཀྱིལ་འཁོར་ནི།། བྲག་དམར་ཆོལ་བཟང་འདྲ་བ་དང། ། ཁང་རལ་དབེན་སར་སོང་ནས་ནི།། ལས་ཀྱི་བྱ་བ་རྫོགས་པར་བྱ།། ཁྲ་ཐབས་རྣམས་ཀྱང་དེ་བཞིན་གནས།། གཞན་ཡང་གདབ་པའི་རིམ་པ་ནི།། བྱུང་ཚོར་རྒྱུ་བའི་གནས་རྣམས་སུ།། འཕྲིན་ལས་རྣམ་བཞིའི་ཕུར་པ་གདབ། ། ཡན་ལག་ལྔ་ནི་གྱུར་པའམ།། ཉོན་མོངས་སྐྱེ་བའི་གནས་རྣམས་སུ།། སྲས་མཆོག་ལྔ་ཡི་ཕུར་པ་གདབ།། རྩ་བའི་སྔགས་དང་ལས་ཀྱི་སྔགས།། གོམ་གནོན་གནད་དང་མིང་དུ་བཅས།། ཀུན་ཀྱང་ལྔ་ལྔར་ཤེས་པར་བྱ། ། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། ཡོངས་སུ་རྫོགས་པའི་ལས་བྱས་ཏེ།། དབུས་སུ་མཐིང་ནག་གྲུ་གསུམ་ལ།། མཐའ་མ་རོ་ཡི་ཕུང་པོ་དགོད།། ཤ་ཁྲག་སྣ་ཚོགས་གཏོར་མ་ལ།། མ་ཚངས་ཤན་ཕྱེ་བཏབ་བྱས་ལ། ། ཙིཏྟ་འུག་པའི་ཤ་ཚིལ་དང།། སེང་གེ་སྟག་དང་བྱ་རྒོད་དང།། སྐྱུང་ཀའི་ཤ་དང་ཚིལ་བུར་བཅག། གཡོ་བ་རྫས་ཀྱིས་རབ་སྤྲས་ཏེ།། དེ་ཡི་དུས་དྲུག་མཆོད་པའམ།། དུས་ནི་བཞིའམ་གཉིས་སུ་མཆོད། ། འཕྲིན་ལས་ཡོངས་སུ་རྫོགས་བྱའི་ཕྱིར།། དང་པོ་ཚངས་པའི་གནས་བཞི་དང།། ས་དགུ་ནོན་པའི་ཏིང་འཛིན་བྱ།། ཁྲག་འཐུང་ཡབ་ཡུམ་གསལ་བ་དང།། ཤར་དུ་དཔལ་ལྡན་རེ་མ་ཏི། ། བོང་བུ་དག་གི་སྟེང་དུ་བསྐྱེད།། ཞལ་གཅིག་ཕྱག་ཀྱང་བཞི་པ་སྟེ།། གཡས་གཉིས་རལ་གྲི་ལྕགས་ཀྱུ་ལ།། གཡོན་པ་ཐོད་པ་ཏྲི་ཤུལ་ལ། རོ་ཉེ་མཛེས་པའི་རྒྱན་ཆས་ཅན།། སྐུ་མདོག་མཐིང་ནག་འབར་བ་ལ། ། རལ་པ་སེར་ནག་གྱེན་དུ་བརྫེས།། སྐུ་སྟོད་ཞིང་ཆེན་གཡང་གཞི་ལ།། སྐུ་སྨད་རེ་ལྡེའི་རྒྱན་ཆས་ཅན།། གཡས་ཀྱི་སྙན་ཆ་སེང་གེ་བྱས།། གཡོན་པ་སྦྲུལ་གྱི་གདེང་ཁ་ཅན།། ཁྲག་ཞག་ཐིག་ལེས་ལུས་བརྒྱན་ཅིང། ། མཆེ་བ་བཙིགས་ཤིང་འཇིགས་གཟུགས་ཅན།། ཕྱིན་ཕྱོགས་ཞོན་ནས་ནང་དུ་བལྟ།། རྒྱན་རྣམས་སྤྱི་དང་མཐུན་པར་བསཀཡེད།། གཞན་མ་རྣམས་ཀྱང་དེ་འདྲར་བརྟགས།། རེ་མ་ཛེ་ནི་ལྷོ་རུ་སྟེ།། རེ་མ་ཛུ་ནི་ནུབ་ཏུའོ། ། རེ་མ་ཏི་ནི་བྱང་དུའོ།། རྟ་སྐྱ་ལྕགས་ཀྱི་ཕག་པ་དང།། རྫུ་འཕྲུལ་རྔ་མོའི་སྟེང་དུ་བསྐྱེད།། དམར་ནག་དཀར་མོ་དམར་སེར་དང།། རིམ་པ་བཞིན་དུ་ཤེས་པར་བྱ།། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། ། གཡས་པ་ཟླ་བའི་རུ་མཚོན་ལ།། གཡོན་པ་ཏྲི་ཤུལ་རྩེ་གསུམ་མོ།། དེ་བཞིན་རྡོ་རྗེ་ལྕགས་ཀྱུ་དང།། མདུང་དང་ཞགས་པ་བསྣམས་པ་སྟེ།། རྒྱན་དང་ཆ་ལུགས་གོང་བཞིན་བསྐྱེད།། སྒོ་བཞི་དག་ཏུ་བསྒོམ་པ་ནི། ། ཤར་དུ་རུས་སྦལ་ནག་པོའི་སྟེང།། དཀར་མོ་ཉི་ཟླའི་སྤྱན་གཅིག་མ།། དབུ་ལ་རུས་སྦལ་གོ་ཅོག་ཅན།། གཡས་པ་ལྕགས་ཀྱུ་གཡོན་ཙིཏྟ།། ལྷོ་སྒོར་སྦྲུལ་ནག་མགོ་གསུམ་སྟེ།། སྔོན་མོ་གཡུ་ཡི་རལ་པ་ཅན།། རུས་སྦལ་གོ་ཅོག་དག་དང་ལྡན།། གཡས་ཞགས་གཡོན་པ་ཟངས་ཀྱི་སྒྲ།། ནུབ་སྒོར་ཕག་མོ་སུམ་གྲུས་ཏེ།། དམར་མོ་ཁྱུང་གཤོག་གཡག་རྒོད་མགོ། གཡས་པ་བསེ་ཡི་ཐོ་བ་སྟེ།། གཡོན་པ་མེ་སྒྲོན་བསྣམས་པའོ། ། བྱང་སྒོར་ལྕགས་ཀྱི་སྤྱང་མོའི་སྟེང།། ལྗང་ནག་སྤྱང་མགོ་དྲིལ་བུས་བརྒྱན།། ལག་གཉིས་དྲིལ་བུས་དགེས་མཛད་མའོ།། ཧཱུཾ་ཨེ་ཀྵ་ཀྵ་ཀྵ་ཀྵ། ཡཾ་བྷྱོ་བྷྱོ་བྷྱོ་བྷྱོ།། ཨོཾ་ཤྲཱི་བཛྲ་ཀུ་མ་ར་ཡག་ཤ་ཧཱུཾ་ཨ། བཛྲ་ཀྲོདྷི་ཨེ་ཀ་ཙ་བཛྲ་ཧཱུཾ། ཏདྱ་ཐཱ་རུ་རུ་རོ་རུ་ཙ་པ་ལ་ཧཱུཾ། ཏདྱ་ཐཱ་རུ་རུ་རོ་རུ་ཨ་ཤུག་མེ་ཧཱུཾ། ཏདྱ་ཐཱ་རུ་རུ་རོ་རུ་བ་ཏི་སྟ་ཧཱུཾ། ཏདྱ་ཐཱ་རུ་རུ་རོ་རུ་བ་ཏོ་སི་ཧཱུཾ། དེ་རྣམས་སྐུ་གསུང་ཐུགས་བལྟས་ལ།། དམ་ཚིག་ཚུལ་བཞིན་བསྒྲག་པར་བྱ། ། མ་མ་སམ་ཡ་རག་བག་ཤ་ཧཱུཾ། རང་བཞིན་གྲུབ་པའི་དཀྱིལ་འཁོར་རྣམས།། སོ་སོའི་གནས་ནས་སྤྱན་དྲངས་ཏེ།། གཉིས་སུ་མེད་པར་གྱུར་པར་བྱ།། བསྟིམ་དང་བཞུགས་སུ་གསོལ་བ་དང།། ཕྱག་འཚལ་བ་དང་གསོལ་བ་གདབ། ། དེ་ལ་དམར་གྱི་ཨརྒྷ་དང།། མེ་ཏོག་ནག་པོའི་མཆོད་པས་མཆོད།། བདུད་རྩི་མཆོད་ཅིང་དངོས་གྲུབ་བླང།། མ་མ་ཏྲིག་ནན་རེ་ཏི་ཙ་བ་ལ་ཏྲག་རག་ཤ་ཁ་མུན་ཏྲ་བ་དུན་དུན་ཛ་ཧྲི། གཙོ་བོའི་སྙིང་ཁར་ཧཱུཾ་ཕཊ་དགོད། ། མ་མོའི་སྙིང་ཁ་རང་སྙིང་པོ།། སྲས་ལ་གསོད་པའི་སྙིང་པོ་དགོད།། རྟགས་དང་མཚན་མ་ཟིན་པ་དང།། སེང་ལྡེང་ཕུར་པ་ལྔ་བཤམས་ལ།། ལྷ་མོ་བཞི་དང་གཙོ་བོའི་སྐུ།། ལྟེ་བ་མན་ཆད་གདུག་པའི་ལུས། ། སྔོ་བསངས་འཇིགས་པའི་རྒྱན་གྱིས་བརྒྱན།། མིང་གི་ཡི་གེ་དང་པོ་ཡིས།། ཡུལ་དང་ཡུལ་ཅན་དེ་བསྐྱེད་ལ།། དགུག་བསྟིམ་བྱས་ལ་ཉེས་པ་བསྒོ།། མཆོད་ལ་གནས་སམ་གཤེད་དུ་བསྒོ། ། རང་དབང་མེད་པར་བཀུག་པ་དེ།། ལྷ་མོ་ཉིད་ཀྱི་ཕྱག་ཏུ་གཏད།། མ་མ་ཏྲག་ཤ་ཁ་མུན་ཏྲ། སྙིང་ཁ་རག་རག་རག་མོ་དུན་དུན་བྷྱོ་བྷྱོ་ཛ་ཛ། རུ་ལུ་རུ་ལུ་བྷྱོ། རུ་རུ་རེ་བེ་ཧཱུཾ་ཏི་སྟབ། དྷི་རག་མོ་སྙིང་ཁ་རག་མོ་ཧཱུཾ་བྷྱོ་བྷྱོ་ཛ་ཛ། འཕྲིན་ལས་རྣམས་ཀྱང་བཅོམ་བྱ་ཞིང།། རྦད་པ་ཡང་དང་ཡང་དུ་བྱ།། རག་མོ་ཐུམས་ལིས་སྙིང་རྩ་འདུས།། སྲོག་ཕྲིག་ཕྲིག། ཤམ་ཤམ་ཁྱེར་བྷྱོ། སྙིང་ཁྲག་རྩ་སྲོག་བྲེང་བྲེང་རྦད། ཨོཾ་ཛ་ལ་ཧཱུཾ་ཕཊ། མ་ཏྲོག་ཏུག་ཏུག་ཁྲ་ལོང་སྙིང་རྦུད། མ་ཧཱ་སྲོག་ཐུན། སྙིང་ལ་མ་བྷྱོ། མ་ར་ཡ་ཕཊ། ཁ་ཐུན་ནི་ཛ་ཛ། སྟོངས་བྱེད་ལྷ་དང་ཕྲལ་ནས་ནི།། མཚན་མ་བྱུང་ནས་ཕུར་པས་གདབ།། དུག་དང་མེ་ཏོག་རྣམས་དང་ནི།། ཁྲག་དུག་རྣམས་ཀྱི་ཐུན་ཡང་བརྡེག། མཐིང་ནག་དར་གྱི་གཡབ་མོ་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ། ཏ་དྱ་ཐཱ་རུ་རུ་རོ་རུ་ཙ་པ་ལ་ཐུམས་རྦད་མ་མ་པ་ཤི་ཀུ་རུ་མ་ཐཾ་ཉ་ཀ་ར་ཨིན་ནྡྷ་ཏིམ་མ་ཀརྨ་ཤྲི་ཀྲམ་ཀ་རེ་ཡ་ཆེ་གེ་མོའི་སྙིང་ཁྲག་སྤྱོས་ཤིག། ཁ་རག་བོདྷི་ཙིཏྟ་ལ་མཱ་ར་ཡ་ཧཱུཾ་ཕཊ།། སྔགས་བཟླས་ནག་མོ་འབུམ་སྡེའི་འཁོར་ཡོངས་སུ་བསྐོར་ནས་ཆིངས་འདེབས།། རྒོད་དང་ཟ་ཞིང་རོལ་པ་དང།། རྔམ་པའི་སྒྲ་འབྱིན་སྤྱུག་གླུ་ལེན།། མཚོན་ཆ་སྣ་ཚོགས་འདེབས་ཤིང་རོལ། ། དེ་བྱས་སྐད་ཅིག་དེ་ཉིད་ལ།། ནད་དང་རིམས་དང་དུག་དང་མཚོན།། མྱུར་དུ་འབབ་ཅིང་དེ་གསོད་འགྱུར།། གཏུབ་དང་བརྡུང་དང་བསྟབ་པ་བྱ།། མཐར་གྱི་ལས་རྣམས་གང་ཡིན་ཀྱང། ། གཅིག་གམ་ཡང་ན་རྫོགས་པར་བྱ།། གཏུབས་པའི་ཕྱི་མ་ཁྲག་ར་སྦྱར།། ཁྲག་ཐུན་སྙིང་རྩ་མ་ལུས་རྣམས།། སྡོང་པོ་སྐད་ཅིག་གཏུན་ནང་དུ།། གཡོ་བའི་རྫས་ཀྱིས་རབ་སྤྲས་ལ།། ནན་ཐུར་ལས་ལ་ཤིན་ཏུ་འབབ། ། མ་མ་རང་གི་སྙིང་ཁྲག་གིས་ཐུམས་རྦད། ཐང་མུ་ལེ་ཐང་མུ་ལེ་ཙིཏྟ་རྦད། ཙ་ཐང་ཙ་ཐང་རྦད་རྦད། མུཾ་སྣི་མུཾ་སྣི་ཙིཏྟ་ནཎ། རག་མོ་ནི་རག་མོ་ནི་ཁ་ལོ་ཙིཏྟ་རྦད་རྦད། དུག་སྣི་དུག་སྣི་ཁ་ལོ་ཙིཏྟ་རྦད་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་ཙིཏྟ་རྦད་རྦད། ཙ་ཏི་ཙ་ཏི་ཙ་ཏི་རྦད། ནིར་ཏི་ནིར་ཏི་མུགས་མུགས། ཐུམས་ཐུམས་སུབས་སྟི་སྟི་ཙིཏྟ་རྦད་རྦད། ཁ་འདར་ཡེད་ཡེད། ཐུམས་ཐུམས་རྦད་རྦད། སེ་ཁ་ལོ་མུ་ཁ་ལོ་ཕཊ་རྦད། འབུམ་མམ་བདུན་འབུམ་བཟླས་ནས་ནི། ། ཐུན་ལམ་བསལ་ལ་འཕང་བ་དང།། བསྲེག་དང་མནན་དང་སྣ་གླན་དང།། ལས་གཞུག་ཡོངས་སུ་རྫོགས་པར་བཅད།། ཅེས་གསུངས་སོ།། ཤོ་ན་མུ་ཀའི་དཀྱིལ་འཁོར་ནི།། དུར་ཁྲོད་དབེན་པའི་ས་ཕྱོགས་སམ། ། འཕར་སྤྱང་ཤ་ལ་སྟོད་འདྲའི་རི།། དེ་རུ་ལས་རྣམས་རྫོགས་པར་བྱ།། དཀྱིལ་འཁོར་གྲུ་བཞི་ལེགས་བྱས་ལ།། ཕྱི་རོལ་པདྨ་འདབ་བརྒྱད་བྲི།། བསྒྲུབ་པའི་ཡོ་བྱད་ཐམས་ཅད་དང། ། སྟག་དང་སྤྱང་ཁུ་འཕར་བ་དང།། སེང་གེ་དོམ་ལ་སོགས་པ་དང།། གཅན་གཟན་སྣ་ཚོགས་སྙིང་དང་ཤ།། ཙན་དན་དམར་པོའི་བདུད་རྩི་དང།། ཤ་སྣ་ཚོགས་པའི་གཏོར་མ་བཤམས།། བནྡྷར་སྦྱར་ཏེ་མཆོད་པར་བསྟབ། ། དང་པོ་ཚངས་པའི་གནས་བཞི་ནས།། ལས་སུ་རུང་བའི་རིམ་པ་རྣམས།། གོང་མ་དག་ལས་ཤེས་པར་བྱ།། མཱ་མཱ་མཱ་མཱ། ཛ་ཡ་དུ་ཧཱུཾ། མན་ཏི་ཧཱུཾ། ཤ་རི་ཧཱུཾ། ནི་ལ་པུས་ཏི་ཧཱུཾ། ཐབས་དང་ཤེས་རབ་མཐུ་ལས་ནི། ། ཤར་དུ་འཇིགས་བྱེད་དཀར་མོ་ལ།། ལྷོ་རུ་འགུགས་བྱེད་སོར་མོའོ།། ནུབ་ཏུ་རྒྱུག་བྱེད་དམར་མོ་སྟེ།། བྱང་དུ་ཟ་བྱེད་ལྗང་ཁུའོ།། སེང་གེ་སྟག་དང་ཝ་སྤྱང་མགོ། ལྕགས་ཀྱུ་ལ་སོགས་འཛིན་རྒྱུག། གཡོན་ན་ཕུར་པ་འདྲིལ་བར་བྱེད།། ཀུན་ཀྱང་འཇིགས་པའི་རྒྱན་ཆོས་ཅན།། ཤིན་ཏུ་རྔམ་ཞིང་རྒྱུག་པའི་བརྟགས།། བྱང་ཤར་ལ་སོགས་མཚམས་རྣམས་སུ།། སྤྱང་ཀི་དང་ནི་ཁྱི་ལ་སོགས།། བཞི་བཞིས་ཡན་ལག་ཞིང་ཟ་བར་བརྟགས། ། ཛ་ཧཱུཾ་བཾ་ཧོ་རྣམ་བཞི་ལས།། སྒོ་བཞིར་རལ་ཅན་བཞི་རྣམས་ནི།། སྤྱི་ལས་གྲགས་པ་བཞིན་དུའོ།། དེ་ལྟར་གསལ་བར་གྱུར་པ་ལས།། ལྕགས་ཀྱུ་ལ་སོགས་སྦྱོར་བ་ཡིས།། དགུག་གཞུག་ཐིམ་དང་གཉིས་མེད་བྱ། ། བསྟིམ་ཞིང་གཉིས་མེད་རབ་བཞུགས་ལ།། ཕྱག་དང་གདན་ལ་སོགས་པས་མཆོད།། སྤྱང་ཁུའུ་ཤ་ལ་གཞི་བླངས་ལ།། ཤ་སྣ་ཚོགས་པའི་གཏོར་མ་དང།། སྣ་ཚོགས་ཁྲག་ལ་གཞི་བླངས་ལ། ། ཁྲག་སྣ་ཚོགས་པའི་རཀྟ་སྦྱར།། མདུན་དུ་གནས་པར་དེ་བརྟགས་ལ།། མེ་ཏོག་དམར་པོ་ལ་སོགས་པའི།། དམར་བའི་རྫགས་རྣམས་ཀུན་གྱིས་མཆོད།། དེ་ནས་འཕྲིན་ལས་བསྐུལ་བ་ནི།། ཤོ་ན་མུ་ཀའི་དུས་ལ་བབ། ། པདྨའི་རིགས་ལས་སྤྲུལ་པའི་ལྷ།། མཐུ་རྩལ་བྱུང་བའི་དུས་ལ་བབ།། ཟངས་ཀྱི་ཝ་མོ་ཆེན་མོ་ནི།། སྤུ་ནི་ལྕགས་ཀྱུ་བསྲེགས་པ་འདྲ།། མིག་ནི་ཉི་མའི་འོད་བས་འཚེར།། མཆེ་བ་རྡོ་རྗེ་གཏམས་པ་འདྲ། ། སྡེར་མོ་ལྕགས་ཀྱུ་ཞུན་མ་འདྲ།། རྔ་མ་དྲིལ་ཞགས་སྡོག་པ་འདྲ།། སྐད་ནི་འབྲུག་པས་ངེས་པར་ཆེ།། བང་ནི་གློག་བས་ངེས་པར་མགྱོགས།། དེ་ལྟ་བུ་ཡི་ཝ་མོ་ལ།། ཟངས་ཀྱི་མི་མོ་ཆེན་མོ་ཞོན།། དབུ་བརྒྱ་མོ་ལ་སྤྱན་སྟོང་མ། ། གཡས་ན་ལྕགས་ཀྱུ་ལ་སོགས་ཐོགས།། གཡོན་གྱི་ཕྱག་ན་ཕུར་པ་འདྲིལ།། པདྨའི་རིགས་ཀྱི་སྤྲུལ་པ་སྟེ།། ལྕགས་ཀྱི་སྤྱང་བརྒྱད་སྤྲུལ་པར་འགྱེད།། དཔལ་གྱི་ཁྱི་བརྒྱད་ལས་ལ་གཏོང།། ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ། ། སྔོན་ཆད་ཁས་བླངས་ཇི་བཞིན་དུ།། དམ་ཚིག་གཉན་ལས་མི་འདའ་བར།། མཐུན་པའི་གཏོར་མ་འདི་ལོང་ལ།། སྤྲུལ་པས་འཁོར་བའི་གནས་བསྒྲལ་ཕྱིར།། ང་ཡིས་ཁྱེད་ལ་རབ་བསྐུལ་བས། ། སྲོག་སྙིང་དམ་ལས་མ་འདའ་བར།། དྲག་པོའི་ལས་རྣམས་གྲུབ་པར་མཛོད།། ཨོཾ་ཛ་ཡ་དུ་མན་ཏི་ཤ་རི་ནི་ལ་པུ་ཏི་ཛཱ་ཛཱ་ཛཱ་ཛཱ་ཐུམས་ཐུམས་རྦད་ཁྲག་ཏི་སྨ་ར་ཕཊ་རྦད། གཙོ་བོ་ལ་སོགས་རིམ་གསུམ་ནི། ། ཡིག་འབྲུ་དགོད་པ་སྔ་མ་བཞིན།། བཟླས་པའི་རིམ་པ་བྱ་བ་ཡིན།། དེ་ལྟར་བྱས་པས་མཚན་མ་འབྱུང།། དེ་ནས་ལས་ལ་སྦྱར་བ་ན།། བཅུ་གཉིས་རྫས་ལས་གཟུགས་བྱས་ཏེ།། མེ་ཏོག་དམར་པོ་ཡང་དག་ལྡན། ། དཀྱིལ་འཁོར་རིམ་པ་ཇི་ལྟ་བར།། མིང་རུས་བྲིས་ལ་གཟུགས་བརྙན་ལ།། ཕོ་དང་མོ་ཡི་གཤག་ཕྱེ་ལ།། རང་རང་གནས་སུ་ཆུད་པར་བྱ།། དགུག་དང་བསྟིམ་དང་བྲལ་བ་དང།། འཐུན་རྫས་བྱིན་ལ་བསྒོ་བྱ་ཞིང། ། གནས་བཞིན་བསྐྱལ་ལམ་གཤེད་དུ་བསྒོ།། དེ་ནས་ཟངས་ཀྱི་ཕུར་པའམ།། དམར་ལས་བྱས་པའི་རིམ་པ་ལས།། རང་རང་རིགས་ཀྱི་སྐུ་ལྟར་ཏེ།། སྙིང་པོ་དགོད་ཅིང་བཟླས་བྱས་ལ།། སྤྲོག་པའི་སྔགས་དང་ལྡན་བྱས་ལས། ། མཚན་མ་བྱུང་ནས་གནས་ལྟར་གདབ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཡ་དུ་རག་ཙིཏྟ་སྨེར་ཐུམས་མ་ཐཱ་མ་ཐཱ་བཛྲ་ཆེ་གེ་མོའི་དབང་པོ་རྣམས་ཐལ་བར་ལྷོག་ཤོག། མན་ཏི་ཛ་མཱ་ར་ཡ་ཧཱུཾ་ཕཊ། རྩ་བ་བཞི་དང་ཤམ་བུ་བཞི། ། རིམ་པ་བཞིན་དུ་སྦྱར་བྱས་པས།། བརྡབ་དང་གཏུབ་དང་བརྡེག་དང་འཕང། ལས་ཀྱི་ཤབ་བུ་ཤེས་པར་བྱ།། ཐུན་གྱི་སྐབས་སུ་ཉིན་མཚན་གཉིས།། ཡ་དང་བྷྱོ་ཡིས་གསལ་བར་ཏྲང། ། མཐར་གྱིས་ལས་རྣམས་ཀུན་ཀྱང་དྲང།། འདི་བཞིན་རིམ་པ་གསལ་བལྟས་ཏེ།། ལས་ཀྱི་རིམ་པ་རྫོགས་བྱས་ན།། སངས་རྒྱས་ཉིད་དཀྱང་གདན་ལས་འགྲོ། ལོག་པར་ལྟ་བའི་སེམས་ཅན་རྣམས།། ཐང་ཅིག་ཡུད་ཀྱིས་བརླག་པར་བྱེད། ། ཅེས་གསུངས་སོ།། ས་བདག་ཆེན་མོའི་དཀྱིལ་འཁོར་ནི།། ཤིན་ཏུ་དྲག་པའི་གནས་དག་གམ།། ས་ཕུག་ཁང་སྟོང་ལ་སོགས་སུ།། ལས་ཀྱི་བྱ་བ་རྫོགས་བྱས་ཏེ།། རྟགས་དང་དྲོད་ཚད་ཟིན་པའི་མིས། ། དང་པོ་དཀྱིལ་འཁོར་མངོན་བཞེངས་ལ།། པདྨ་འདབ་མ་བཞི་དང་ལྡན།། དབུས་སུ་འཇིགས་བྱེད་དྲག་པོར་བྱ།། འདབ་མ་རེ་ལ་གྲུ་གསུམ་རེ།། ཡང་ན་ཟླ་གམ་དག་ཏུ་བྱ།། འོ་མ་སྦྲང་རྩི་མར་ཁུ་དང། ། མངལ་ཁྲག་རག་ཏ་ལ་སོགས་བསོག། ཝ་དང་སྤྱང་ཁུའི་སྙིང་ཁྲག་དང།། ཤ་ལ་སོགས་པ་ཐམས་ཅད་ཀུན།། མཆོད་དང་རྟེན་པའི་རྫས་སུ་དགོད།། དུར་ཁྲོད་དམར་མོའི་ཐོད་པ་དང།། མཆོད་པའི་ཡོ་བྱད་རབ་བསགས་ལ། ། བསྐྱེད་ནས་རྫོགས་པའི་མཐར་ཐུག་བྱ།། གཉིས་མེད་སྦྱོར་བའི་བྱིན་བརླབས་ལས།། ཀུ་ཙུ་ཀུ་ཙུ་རྣམ་བཞི་ལས།། རང་རང་གདན་ལ་གསལ་བར་འཐོན།། འཕྲོ་འདུ་འོད་དུ་ཞུ་བ་ལས།། སུ་ཏྲི་པ་ར་ལ་སོགས་བཞིས། ། སོ་སོའི་སྐུ་རུ་གསལ་འཐོན་ཏེ།། ཤར་དུ་པདྨ་འདབ་མ་ལ།། ཡ་བྱིན་ཞལ་གཅིག་ཕྱག་གཉིས་པ།། སྔོན་མོ་ལྕགས་ཀྱུ་ཕུར་པ་བསྣམས།། དེ་བཞིན་འདབ་མ་གསུམ་པོ་ལ།། ལྷོ་རུ་བསེ་བྱིན་དམར་པོ་ལ། ། ཞགས་པ་དང་ནི་ཕུར་བུ་ལྡན།། ནུབ་ཏུ་ཕག་བྱིན་ལྗང་མོ་ལ།། ལྕགས་སྒྲོག་དང་ནི་ཕུར་པར་ལྡན།། བྱང་དུ་དེ་བཞིན་སེར་མོ་ལ།། དྲིལ་བུ་ཕུར་པར་ལྡན་པར་བསྐྱེད།། ཀུན་ཀྱང་སྦྲུལ་གྱི་རལ་པ་ཅན། ། བསེ་ཁྲབ་སྐུ་ལ་གསོལ་བར་བརྟག། ཤིན་ཏུ་འཇིགས་ཤིང་ཞལ་གདངས་ལ།། ལྗགས་འདྲིལ་ཚེམས་ཀྱང་འདར་བར་བརྟག། དེ་ལྟར་བསྐྱེད་ནས་སྤྱན་དྲངས་དང།། བཞུགས་སུ་གསོལ་དང་ཕྱག་བཙལ་དང། ། དམ་བཅའ་མཆོད་པ་དབུལ་བ་དང།། འཕྲིན་ལས་བཅོལ་བ་རྣམ་པ་བདུན།། ལས་ཀྱི་རིམ་པ་ཡོངས་ཤེས་ནས།། བཟླས་པའི་ཐབས་གསུམ་གསལ་བར་བྱ།། ཨོཾ་སུ་ཏྲི་པ་ར་ཡ། བར་ཙིཏྟ་ཡ།། ཡོ་གི་ཤྭ་ར་ཡ། ཡ་མ་ཙིཏྟ་ཡ། མཐའ་ཡི་སྔགས་དང་སྦྱར་བ་ཡི།། རྟགས་དང་མཚན་མ་འབྱུང་བར་ངེས།། དེ་ནས་བསད་པའི་ལས་རྣམས་བརྩམ།། བརྡ་མི་ཕྲད་པའི་ཐོད་པ་རུ།། ལིང་ཁ་མཚན་དང་ལྡན་པར་བྱ།། རྟེན་སྐྱོབ་སྐྱེ་དང་དབྲལ་བར་བྱ། ། ལས་རྣམས་ཐམས་ཅད་འདྲ་བར་བཤད།། ཀུན་མན་དྷ་རི་ཛཱ་ཛཱ། ཤུ་ལ་དྷ་རི་ཛཱ་ཛཱ། ཙ་མུན་དྷ་རི་ཛཱ་ཛཱ། ཀང་ཀདྷ་རི་ཛཱ་ཛཱ། གནས་སྐབས་དེ་དང་དེ་རུ་བཟླས།། ཁྱི་ཁྲིད་ར་ཁྲིད་རོ་ལ་ཁྲག། འཐུང་ཀཱང་ཀཱང་ཀེང་ཀེང་ཀ་ཡ། སྙིང་ཟ་བའི་ཙིཏྟ་མ་ལ་རོ་ལ་ཁྲག་འཐུང་ཀཱང་ཀཱང་ཀེང་ཀང་ཀེང་ཀ་ཡ་ཧང་པར་ལ་ཧོ། ཤ་ཀྱིང་སྤྱང་ཏི་ཧི་ཧཱུཾ་ཕཊ། རོ་ལ་ཁྲག་འཐུང་ཀཱང་ཀཱང་ཀེང་ཀེང་ཀཱང་ཀ་ཡ། ཙི་པི་རི་ཙཀྲ་པཱ་ཨ་ས་མ་ཡ་ཚལ་པཱ་ཨ་ནརི་ཏྲི་མཱ་ར་ཡ་ཨཾ་གུ་ཤ་ཛ་ཛ་ཛ་ཛ། ནཱ་ག་མཱ་ར་ཡ་ཚལ་པ་ཚལ་པ་ཨ་ནརི་ཏྲི་མཱ་ར་ཡ་ཨཾ་གུ་ཤ་ཛཱ་ཛཱ་ཛཱ་ཛཱ། ཤུ་ཤུར་ག་ཚལ་པ་ཨ་ནརི་ཏྲི་མཱ་ར་ཡ་ཨཾཀུ་ཤ་ཛཱ་ཛཱ་ཛཱ་ཛཱ། ཨ་བེ་ཤ་ཚལ་པ་ཨནརི་ཏྲི་མཱ་ཡ་ར་ཨཾ་གུ་ཤ་ཛཱ་ཛཱ་ཛཱ་ཛཱ། ཆེ་གེ་མོ་མཱ་ར་ཡ་རྨ་རྨ་ར་རྨ་རྦད་རྦད། ཨོཾ་ཚིནྡྷ་ཚིནྡྷ། ཧ་ན་ཧ་ན། ད་ཧ་དཧ། ད་ཧ་ད་ཧ། ཏིབ་ཏ་ཙཀྲ། བཛྲ་ས་ཏྭ་ས་མ་ཡ་ཛ་ཛ་ཧཱུཾ་ཧཱུཾ། ཆེ་གེ་མོ་ལ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཨོཾ་ཨོཾ། དགྲ་ནི་མཱ་ར་ཡ། ཡཱ་མཱ་སྙིང་ཡཱ་སྙིང་ཡཱ་མཱ་ཁྲག་ཚལ་པ་བཾ་རིལ་ཤག་པ་དམ་པ་དུམ་བུ་མར་ཡ་ཧཱུཾ་ཕཊ། ། ཨོཾ་བཛྲ་མུད་ཀ་ར་མུ་ཏི་གྲན། ཀ་པཱི་ར་ཙ་ཡ་ཧཱུཾ་ཕཊ་རྦད།། ཨོཾ་པྲ་བེ་ཤ་ཡ་རྦད་ཕཊ། ཨ་བེ་ཤ་ཡ་ཨ་ཨ་ཧཱུཾ་ཕཊ།། ཧཱུཾ་ཕཊ་མོ་རི་ཀུན་དྷ་ལི་བཾ་ཐུམས་རྦད། ཁྲག་ཏི་སྨར་ཕཊ་རྦད། ཨོཾ་སྟན་སྟན་རྦད་རྦད། རྦན་རྦུད་རྦན་རྦུད། ཙིཏྟ་སྙིང་ཤོས་པ་ཡ། ཕྲི་ལི་ལི་ལི་ཕྲི་ལི་ལི་ལི། ཤག་ཤག། རྒྱོབ་རྒྱོབ། ཡ་ཡ་བཛྲ་མ་ཧཱ་ཡག་ཤ་དུན་ཡ། མཱ་ར་ཡ་ཏོད་པ་མཱ་ར་ཡ་ཐུན་ཡ། ཏ་ཀྲི་ནི་ལ་ཏོད་པ་མཱ་ར་ཡ་ཐུན་ཡ། ཀྵུ་ལ་རི་མཱ་ར་ཡ་ཐུན་ཡ། རྩིའུ་རི་མཱ་ར་ཡ་ཐུན་ཡ། ཨ་ཕྲ་ཏྲི་ཏྲི་མཱ་ར་ཡ་ཐུན་ཡ། ནཱ་ག་མཱ་ར་ཡ་ཀྵུ་ལ་རི་མཱ་ར་ཐུན་ཡ།། ཆེ་གེ་མོའི་སྙིང་ལ་ཏོད་པ། རྣམ་ཤེས་མཱ་ར་ཡ་ཏོད་པ། གཟུགས་ཕུང་མཱ་ར་ཏོད་པ། འཁོར་བཅས་མཱ་ར་ཏོད་པ། རག་རག་ཤ་མཱ་ཡ་ཏོད་པ། དེ་ལྟར་བཟླས་པའི་སྔགས་རྣམས་ཀུན།། རིམ་པས་མ་ནོར་ཤེས་བྱ་སྟེ།། ཐོད་པ་གཉིས་ལ་ལས་རིམ་གྱིས།། སྒོ་དང་ཕུགས་ཀྱི་གནད་དུ་བྱ། ། གོང་འོག་མན་ངག་རབ་སྡེབས་ཏེ།། ལས་ཀྱི་སྐུ་མདོག་གནས་སྐབས་སྦྱར།། དཀྱིལ་འཁོར་གཉིས་དང་གསུམ་དུའམ།། བསྒྲུབ་པའི་རིམ་པས་ཕྱེ་བ་ཡིན།། གཅིག་ཏུ་དྲིལ་དང་རྐྱང་པ་དང། ། བཏུས་པའི་རིམ་པ་རྣམ་གསུམ་ལས།། གང་ཡིན་ངོ་ཡིས་ཟིན་པར་བྱ།། གདབ་དང་གཏུབ་པ་ལ་སོགས་པའི།། ལས་རྣམས་ཀུན་ཀྱང་དེའདྲར་བརྟག། ཐ་མའོ་ལས་ལ་འཇུག་པ་ན།། ཐུན་གྱི་རིམ་པ་ཡང་གསུངས་ལ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། རོ་ལ་ཁྲག་འཐུང་ཅིནྡྷ་མ་ཏང་པར་ལ་ཤོ་ཤལ་ཀྱི་སྤྱང་ཀ་ཏང་ཀ་ཏེ་ཡ། ཛ་ཡེ་བི་ཛ་ཡ། ཨ་ཙིཏྟི་ཨ་པ་ར་ཙི་ཏ་ཡ། མ་ར་ས་སྲ་མ་རྟ་ན་ཡ། ཆེ་གེ་མོའི་ཡན་ལག་དོན་སྙིང་མཱ་ར་ཡ་ཧཱུཾ་ཕཊ། ཁྲག་དང་ཉུངས་ཀར་ཚ་དང་ནི།། རྡོ་ནག་ལ་སོགས་ཐུན་རྫས་རྣམས།། སྤྱི་དང་བྱེ་བྲག་ཤེས་པར་བྱ།། མཐར་གྱིས་ལས་རྣམས་རྫོགས་པར་བྱ།། ཞེས་གསུངས་སོ།། མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ཁྱད་པར་གྱི་ལས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བསྟ་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ཡང་ཀརྨ་ཀཱི་ལ་ཡས། བཅོམ་ལྡན་འདས་མངའ་བདག་ཡོངས་སུ་རྫོགས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། གང་ཟག་དང་པོའི་ས་བ་ཡིས།། ལས་ཀྱི་བྱ་བ་རྫོགས་བྱེད་ན།། སྦྱིན་སྲེག་རིམ་པ་མི་འཚལ་ལམ།། གྲངས་ཀྱི་རིམ་པ་དུ་ཞིག་མཆིས།། འདི་སྐད་ཅེས་ནི་གསོལ་པ་དང།། གསང་མཆོག་བདག་པོས་བཀའ་སྩལ་པ། ། འདི་ནི་རྗེས་སུ་བསྒྲུབ་པ་ཡི།། སྣོད་དང་ལྡན་པའི་གང་ཟག་ལ།། འཕྲིན་ལས་ཡོངས་སུ་རྫོགས་པ་ཡི།། སྦྱིན་སྲེག་རིམ་པ་ངས་བསྟན་གྱིས།། ལས་ཀྱི་སེམས་དཔའ་དེ་ཡང་ཉོན།། ལས་ཀྱི་སྔོན་དུ་འགྲོ་བ་དང། ། འཕྲིན་ལས་ཡོངས་སུ་རྫོགས་པ་དང།། ལས་རྣམས་མཐའ་རུ་འདོན་པའི་ཕྱིར།། དེ་ཕྱིར་ལས་འདི་མཆོག་ཏུ་བསྔགས།། དེ་ཡི་རིམ་པ་རྣམ་གཉིས་ཏེ།། སྤྱི་དང་བྱེ་བྲག་དག་ཏུ་དབྱེ།། དེའང་རྣམ་པ་གཉིས་ཡིན་ཏེ། ། རྩ་བ་དང་ནི་ཡན་ལག་གོ། དང་པོ་སྤྱི་ཡི་རིམ་པ་བཞི།། ཞི་དང་རྒྱས་དང་དབང་གི་ལས།། མངོན་སྤྱོད་དྲག་པོའི་རིམ་པའོ།། རང་རང་མཚན་ཉིད་འདིར་གསུངས་པ།། ཞི་བར་གྱུར་པའི་ཐབ་ཁུང་ནི།། ཟླུམ་པོ་གྲུ་གང་ཚད་དུ་བྱ། ། ཁྱེད་ནི་ཐུར་དུ་བྲུ་བ་ཡིན།། ཁ་ཁྱེར་ལ་ནི་སོར་བཞི་ཚད།། དང་པོ་རྡོ་རྗེ་ར་བ་སྟེ།། ཕྱི་རིམ་དག་ལ་འཁོར་ལོའོ།། རྡོ་རྗེ་རིན་ཆེན་པདྨ་དང།། རལ་གྲི་ལ་སོགས་རིམ་པ་བཞིན།། རིམ་པ་རིམ་པར་དབུས་སུ་དགོད། ། དཀར་དང་སེར་དང་དམར་དང་ནག། ཁ་དོག་རིམ་བཞིན་ཤེས་པར་བྱ།། ཡབ་ཤིང་རོན་པའམ་འདབ་མ་ཅན།། རྩེ་མོ་ལས་བྱུང་ཆག་གང་བ།། ཆུ་རུ་མཛུབ་གང་ཡོད་པ་ལ།། ཙན་དང་འོ་མ་སྦྲང་རྩི་དང། ། དྲི་ཞིམ་ཆུ་གཙང་ཞི་ལའོ།། བུད་ཤིང་དཀར་པོ་དྲི་ཞིམ་པ།། ཇི་ལྟར་འཚམ་པའི་རིམ་པའོ།། སྔ་དྲོལ་སོགས་དུས་བཞི་རུ།། ཕྱོགས་བཞི་དག་ཏུ་ཁ་བལྟས་ལ།། མཆོད་པའི་རྫས་རྣམས་ཐམས་ཅད་གཡོན།། དེ་བཞིན་བསྲེག་རྫས་གཡས་སུ་ཤིས། ། ཞི་བ་དམར་ལ་རྒྱས་བཞོ།། དབང་ལ་ཨུཏྤལ་ལས་དྲང་ཤིང།། དྲག་པོ་ཚེར་མ་ཅན་གྱི་ཤིང།། རེ་རེ་སྣ་གྲངས་དབུལ་བར་བྱ།། སྤོས་ཀྱི་རྣམ་པ་མང་པོ་དང།། ཙན་དན་དམར་པོའི་འོ་མར་བཅས། ། སྦྲང་རྩི་མངར་དང་ལྡན་པའམ།། དངུལ་ཕྱེ་འབྲས་ཆན་དཀར་པོ་རྣམས།། ཞི་བར་གྱུར་པའི་གཏོར་མ་སྟེ།། ལས་ཀྱི་དུས་སུ་སྦྱར་བར་བྱ།། དེ་བཞིན་གཏོར་མ་མང་པོ་རྣམས།། ལས་མཁན་ཕྱོགས་སྐྱོང་ལ་ཡང་སྦྱིན། ། རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱིས།། སྔ་མའི་ལས་རྣམས་ཡོངས་རྫོགས་ནས།། བགེགས་བསྐྲད་བསང་ཞིང་འོད་ཟེར་སྤྲོ།། དངུལ་ལ་སོགས་པའི་སྣོད་ནང་དུ།། དགོན་པའི་གནས་ནས་མེ་བླངས་ལ། ། བསང་ཤིང་ཡཾ་དང་ཛྭ་ལ་རཾ།། བརྗོད་དེ་བུད་ཤིང་དག་ལའོ།། ཀུ་ཤས་སྟན་བྱད་ལྷོར་བསྟན་ན།། རིམ་པ་གཉིས་ལས་བསྒྱུར་བར་བྱ།། དྲག་པོ་ལས་ནི་ཕྱིར་བསྟན་ནོ།། དགང་བླུགས་གཉིས་དང་ལྡན་བྱས་ལ། ། པཾ་ལས་སྣ་ཚོགས་འདབ་བརྒྱད་དབུས།། རྣམ་པར་རྒྱལ་བའམ་གཙོ་བོའི་སྐུ།། ཆོ་ག་གསུམ་ལས་ལྷར་བསྐྱེད་དེ།། མཆོད་བསྟོད་འོད་དུ་ཞུ་བ་ལས།། ཡི་གེ་གཉིས་ལས་གུ་དྷེ་དང།། ལྕགས་ཀྱུར་གྱུར་ཏེ་འོད་དུ་ཐིམ། ། ཡབ་ཡུམ་གཉིས་སུ་ཡོངས་གྱུར་ནས།། ཞལ་གསུམ་ཕྱག་དྲུག་ལྡིར་བའི་གཟུགས།། དང་པོ་གཉིས་ནི་རིགས་མ་འཁྱུད།། བར་མ་གུ་དྷེ་ཟེའུ་འབྲུ་ལ།། ཐ་མ་མཆོད་སྦྱིན་བགྲང་འཕྲེང་འཛིན།། རལ་པའི་ཐོར་ཚུགས་དག་དང་ལྡན། ། ཡུམ་ཡང་ཞལ་གཅིག་ཕྱག་གཉིས་པ།། དྲིལ་བུ་ལྕགས་ཀྱུ་བསྣམས་ནས་འཁྱུད།། སྐུ་མདོག་ལས་དང་སྦྱར་བྱ་ཞིང།། ཐུགས་ཁར་ཧཱུཾ་དང་ཛ་བསམས་ལ།། བསྐྲད་ཅིང་བསང་དང་མཆོད་བསྟོད་བྱ། ། དེ་ནས་ཡེ་ཤེས་སེམས་དཔའ་དགུག། ལས་བཞི་ཡོངས་སུ་རྫོགས་པར་བྱ།། རང་གི་སྔགས་ལ་མཐའ་བཏགས་ལ།། ལྔ་གཉིས་གསུམ་དང་གཅིག་པོ་ཡིས།། ཕྱི་ནང་གསང་བའི་རྫས་རྣམས་དབུལ། ། ཉི་ཤུ་རྩ་གཅིག་བརྒྱ་དང་སྟོང།། རབ་འབྲིང་ཐ་མའི་རིམ་པ་ཡིས།། ཡེ་ཤེས་དཀྱིལ་འཁོར་མུ་ཡིས་གཤེགས།། ཐིམ་ནས་བསྟོད་དང་གཤེགས་སུ་གསོལ།། དེ་ནས་རྩ་བའི་རིམ་པ་ཉིད།། ལས་གཉིས་བྱས་ཏེ་གཞུང་ལ་འཇུག། རྡོ་རྗེ་ཆོ་ག་གསུམ་གྱིས་བསྐྱེད།། སྤྱན་དྲངས་མཆོད་དང་བསྟོད་པ་རྣམས།། ལས་གཉིས་གོང་བཞིན་རྫོགས་བྱས་ནས།། ཡེ་ཤེས་དཀྱིལ་འཁོར་མུ་ཡིས་གཤེགས།། འཁོར་གྱི་ལྷ་ཚོགས་མཆོད་པའམ། ། འཁོར་གསུམ་ཡོངས་སུ་དག་པར་བྱ།། མཐའ་ཡི་ལས་ལ་འབད་བྱ་ཞིང།། ལས་ལ་འབྲས་བུ་ཡོད་ཅེས་བྱ།། ཀུན་ཀྱང་དེ་བཞིན་ཤེས་པར་གྱིས།། ཞེས་བྱ་བ་འདི་ནི་ཞི་བའི་ལས་ཡོངས་སུ་རྫོགས་པའོ།། དེ་ནས་ཡང་རྒྱས་པའི་ལས་ཡོངས་སུ་སྡུས་པ་འདི་གསུངས་སོ། ། རྒྱས་པར་གྱུར་པའི་ཐབ་ཁུང་ནི།། གྲུ་གསུམ་པ་ལ་གྲུ་བཞིན་བྱ།། དབུས་སུ་ཁྲུ་དོ་སོར་བཞི་འགྱེད།། ཁ་ཁྱེར་སོར་བཞི་མཉམ་པོར་བྱའོ།། ཕྱི་རོལ་སོར་བཞི་བོར་བ་ལ། ། འཁོར་ལོ་དག་གི་འཕྲེང་བ་བྱ།། དང་པོ་རྡོ་རྗེར་བས་བསྐོར།། ཡཾ་ཤིང་སྲིད་དུ་ཁྲུ་གང་ལ།། སྡོམ་ནི་གོང་དང་མཐུན་པ་ལ།། དབུས་ཀྱི་ཆ་ལས་བྱུང་བའི་ཤིང།། ཞོ་མར་ལྡོང་རོས་ལ་སོགས་སྤངས། ། རྒྱས་པར་གྱུར་པའི་ལས་ལ་ཤིས།། བུད་ཤིང་སེར་པོ་ལས་བྱས་པའི།། ཇི་ལྟར་འཚམ་པའི་ཚད་དུ་བྱ།། ཁ་བའི་རོ་ལྡན་སེར་པོའི་རྫས།། གསེར་ཕྱེ་འབྲུ་རྣམས་སེར་པོ་ལ།། གཏོར་མ་བྱས་ཏེ་རྒྱས་པར་དབུལ། ། འབྲས་ཆེན་སེར་པོ་རབ་བསྒྱུར་ལ།། ལས་མཁན་བྱིན་ལ་འཕྲིན་ལས་བཅཽལ།། ལས་རྣམས་གོང་བཞིན་རྫོགས་བྱས་ལ།། གཤིན་རྗེ་གཤེད་དུ་རབ་བསྒོམས་ཏེ།། རྒྱས་པའི་ལྷ་ཚོགས་སྤྱན་དྲངས་ལ། ། དང་བའི་སེམས་ཀྱིས་མཆོད་སྦྱིན་བྱ།། ཞེས་བྱ་བ་འདི་ནི་རྒྱས་པའི་ལས་བསྡུས་པའོ།། དེ་ནས་ཡང་དབང་གི་ལས་བསྡུ་བ་འདི་གསུངས་སོ།། དབང་དུ་བྱ་བའི་ཐབ་ཁུང་ནི།། རྒྱ་ལ་སོར་ནི་བཅུ་བཞི་སྟེ།། ཁ་ཁྱེར་དེ་ཡི་ཕྱེད་ཀྱི་ཚད། ། ཟླ་གམ་དབྱིབས་ལ་སོར་བཅུ་བརྐོ།། ཁ་ཁྱེར་དག་ལ་ལྕགས་ཀྱུ་བཏང།། དེ་ཡི་ཕྱི་མ་ཞགས་པའོ།། ཡམ་ཤིང་སོར་ལྔ་འདབ་མར་བཅས།། སྦོམས་སུ་ཆགས་གང་ཡོད་པ་ལ།། བདུད་རྩི་དག་ལ་སྦངས་ཏེ་དབུལ། ། བུད་ཤིང་ཁ་དོག་དམར་པོ་ལས།། ཇི་ལྟར་འཚམས་པའི་ཐབས་སུ་བྱས།། སྐྱུར་ཞིང་མངར་བའི་རྫས་རྣམས་དང།། ཟངས་ཕྱེ་འབྲུ་རྣམས་དམར་པོ་ལ།། གཏོར་མ་བྱས་ཏེ་དབང་ལ་དབུལ།། རྡོ་རྗེ་ལྟ་ནི་རྣམ་བསྒོམས་ཏེ། ། དབང་གི་ལྷ་ཚོགས་སྤྱན་དྲངས་ལ།། མཆོད་དེ་དབང་དུ་གྱུར་བར་བྱ།། ཞེས་བྱ་བ་འདི་ནི་དབང་གི་ལས་བསྡུས་པའོ།། དེ་ནས་ཡང་དྲག་པོའི་ལས་ཡོངས་སུ་བསྡུ་བ་འདི་གསུངས་སོ།། ཁྲོས་པར་གྱུར་པའི་དཀྱིལ་འཁོར་ནི། ། མཐིང་ནག་གྲུ་གསུམ་འབར་བ་ལ།། ངོས་རེརེ་སོར་ནི་ཉི་ཤུ་བྱ།། ཁ་ཁྱེར་སོར་གསུམ་ཕྱིར་བཀྱེད་ལ།། ཞེང་དང་དཔངས་ནི་མཉམ་པོར་བྱེད།། དེ་ཡི་ཕྱིར་རིམ་སོ་གསུམ་དང། ། ཐོད་པ་རྡོ་རྗེ་རྩེ་གསུམ་དང།། མདའ་གཞུ་མདུང་རྩེ་གསུམ་པ་སྤེལ།། དེ་ཡི་ཕྱི་རིམ་རྩང་གིས་བསྐོར།། ལྕགས་ཐག་དག་གིས་རབ་བསྐོར་ལ།། རལ་གྲིའམ་རྒྱ་གྲམ་མཚན་མ་དགོད།། ཡམ་ཤིང་སོར་བཞི་གོང་གི་ཕྱེད། ། རྩེ་མོ་ལས་བྱུང་གདུག་པའི་ཤིང།། དུར་ཁྲོད་སོལ་བ་མིང་རུས་དང།། ལན་ཚྭ་དང་ནི་ཚ་བའི་ཟས།། ཐབས་ཆེན་རྣམ་པར་སྤངས་བྱས་ལ།། མངོན་སྤྱོད་ལས་ལ་དབུལ་བར་བྱ།། བུད་ཤིང་ཚེ་མ་ཅན་གྱི་ཤིང། ། ནག་པོའམ་གདུག་པའི་ཤིང་ལ་བྱ།། ནག་པོ་ཚ་ཞིང་རྩུབ་པ་ལ།། ལྕགས་ཕྱེ་འབྲུ་ནག་ཤ་ཁྲག་ལས།། སྦྱར་བའོ་གཏོར་མ་དྲག་ཤུལ་སྤྱད།། དུག་རྫས་ལ་སོགས་གཡས་སུ་དགོད།། གཡོན་དུ་མེ་ཏོག་ནག་པོ་གཞག། ཞེ་སྡང་ལས་ཀྱིས་འཆེལ་བ་རྣམས།། བསད་པའི་ལས་ནི་རྫོགས་བྱས་ནས།། བདག་ཉིད་བདུད་རྩི་འཁྱིལ་པར་བསྒོམ།། དྲག་པོ་གྱུར་པའི་ལྷ་རྣམས་ལ།། ཞེ་སྡང་ཆེན་པོའི་སྦྱིན་སྲེག་གིས།། ཐམས་ཅད་མི་དམིགས་གྱུར་པར་བརྟག། ཅེས་བྱ་བ་འདི་ནི་དྲག་པོའི་ལས་བསྡུད་པའོ།། དེ་ནས་ཡང་ལྷུན་གྱིས་གྲུབ་པའི་ལས་ཡོངས་སུ་རྫོགས་པ་འདི་གསུངས་སོ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། དྲེགས་པར་བྱེད་པའི་སེམས་ཅན་རྣམས། ། སྣ་ཚོགས་ལས་ཀྱིས་ཞི་བར་བྱ།། བཀྲ་ཤིས་ཞི་བའི་གནས་དག་ཏུ།། བཀྲ་ཤིས་མཚན་ལྡན་ཡུམ་མཆོག་བཟུང།། དཀར་ལ་ཟླུམ་པའི་དཀྱིལ་འཁོར་ལ།། རྡོ་རྗེ་འོད་ཟེར་འཕྲོ་བས་བརྒྱན། ། དངུལ་ལམ་དཀར་པོའི་ཤིང་རྣམས་ལ།། ཕུར་པ་ཟླུམ་པོ་དྲུག་བཏབ་སྟེ།། ཞི་བའི་ལྷ་ཚོགས་སྤྱན་དྲངས་ལ།། སྙིང་རྗེ་བྱམས་པའི་མཆོད་སྦྱིན་བྱ།། བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ།། གཏི་མུག་ལས་ཀྱིས་འཆེལ་བ་རྣམས། ། ཞི་བར་གྱུར་པའི་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། འཕོངས་པར་གྱུར་པའི་འགྲོ་གང་ལ།། སྣ་ཚོགས་ལས་ཀྱི་སེམས་པར་བྱ།། ཙན་དན་ནགས་ཚལ་ལ་སོགས་པར། ། རྒྱས་པར་གྱུར་པའི་ཡུམ་བཟུང་སྟེ།། སེར་པོ་གྲུ་བཞི་དཀྱིལ་འཁོར་ལ།། དྲི་ཆེན་ཆུ་སྐྱེན་དག་གིས་བརྒྱན།། གསེར་རམ་སེར་པོའི་ཤིང་རྣམས་ལ།། ཕུར་པ་ཟུར་བཞི་བཞི་བཏབ་སྟེ།། རྒྱས་པའི་ལྷ་ཚོགས་སྤྱན་ཡང་དྲང། ། དང་པའི་སེམས་ཀྱིས་མཆོད་སྦྱིན་བྱ།། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ང་རྒྱལ་ལས་ཀྱིས་འཆེལ་བ་རྣམས།། རྒྱས་པར་གྱུར་པའི་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ཆགས་པར་གྱུར་པའི་སེམས་ཅན་རྣམས། ། དབང་དུ་བྱ་བ་སྦྱང་བར་གསུངས།། ཟླ་མཚན་ཅན་ནམ་ཆུ་གླིང་དུ།། དབང་དུ་བྱ་བའི་གཟུངས་མ་བཙལ།། ཟླ་གམ་དམར་པོའི་དཀྱིལ་འཁོར་ལ།། འོད་ཟེར་འཕྲོ་བའི་རྒྱན་གྱིས་བརྒྱན། ། ཟངས་སམ་དམར་པོའི་ཤིང་རྣམས་ལ།། ཕུར་པ་ཟླ་གམ་ལྔ་བྱས་ཏེ།། དམར་སྨུག་འཕྲོ་བའི་ལྷ་ཚོགས་རྣམས།། རྡོ་རྗེ་སྤྱུགས་པས་སྤྱན་དྲངས་ཏེ།། དགའ་ཆགས་ཡིད་ཀྱིས་མཆོད་སྦྱིན་བྱ།། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། ། འདོད་ཆགས་ལས་ཀྱིས་འཆེལ་བ་རྣམས།། དབང་དུ་བསྡུས་པས་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ཤིན་ཏུ་གདུག་པའི་སེམས་ཅན་ལ།། དྲག་ཤུལ་སྤྱོད་པས་སྦྱར་བྱས་ཏེ། ། རྐང་གཅིག་ཅན་ནམ་དུར་ཁྲོད་དུ།། རིགས་ངན་སྨེ་ཤ་ཅན་ལ་སོགས།། མེ་རེག་མ་ཡི་གཟུགས་མ་གཟུང།། ནག་པོ་གྲུ་གསུམ་དཀྱིལ་འཁོར་ལ།། རྩང་ཐོད་མང་པོས་ཁ་ལ་བརྒྱན།། ལྕགས་སམ་ནག་པོའི་ཤིང་རྣམས་ལ། ། རྩེ་མོ་ཟུར་གསུམ་གསུམ་བཏབ་སྟེ།། མཐིང་ནག་འཁྲུགས་པའི་ལྷ་ཚོགས་རྣམས།། དྲེགས་པ་འདུལ་ཕྱིར་སྤྱན་དྲངས་ཏེ།། བཏང་སྙོམས་ཁྲོས་པའི་སྦྱིན་སྲེག་བྱ།། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ཞེ་སྡང་ལས་ཀྱིས་འཆེལ་བ་རྣམས། ། བརླག་པར་གྱུར་པས་དབྱིངས་སུ་རོལ།། ཞེས་གསུངས་སོ།། དེ་ནས་ཡང་རྩ་བ་ལས་ཀྱིས་བསྲེགས་པ་འདི་གསུངས་སོ།། རྣམ་བཞི་ལས་རྣམས་ཡོངས་རྫོགས་ནས།། ལས་ཀྱི་ཐ་མ་ཆ་གཅིག་ཙམ། ། རྫོགས་པར་བྱ་ཕྱིར་ཡང་གསུངས་པ།། གསོད་པ་དྲག་པོའི་དཀྱིལ་འཁོར་དུ།། གདུག་པ་ཅན་གྱི་ཤིང་བུ་ལ།། ཚིལ་ཆེན་དག་དང་ལྡན་བྱས་ནས།། ལུས་ནག་ཁྲོས་པའི་ལྷོར་བལྟས་ཏེ། ། སྐྲ་ཡང་སྤྱི་བོར་བཅིངས་བྱས་ཏེ།། ལུས་ལ་མཚན་མ་རྣམ་གསུམ་གདབ།། ང་རོ་དྲག་ཏུ་བཏོན་ནས་ནི།། བཀའ་དང་བདེན་པས་ལེགས་བསྒོམ་ལ།། མེ་ཡིས་ལས་གཞུང་བསྙག་པའམ།། ཡང་ན་བསྡུས་ཏེ་རྩ་བའི་ལྷ། ། སྤར་དང་བསྐྱེད་པ་བྱས་ནས་ནི།། ཡེ་ཤེས་དགུག་སྟེ་དེ་ལ་བསྟིམ།། ལས་ཀྱི་མཐའ་འམ་རྫོགས་པ་རུ།། གདབ་དང་གཏུབ་པའི་ལས་བྱས་ལ།། བརྡུང་དང་སྟབས་ཏེ་དབྱིངས་ལ་རོལ།། སྔགས་ཀྱི་མཐའ་དང་བཅས་པ་ཡིས། ། མངོན་པར་དབང་པོ་བལྟར་ཡི་པས།། རིལ་བུ་བསྡུས་ཏེ་ཞལ་དུ་དབུལ།། རང་བྱུང་འབར་བའི་མེ་ཆེན་གྱིས།། བཞུ་ནས་བདུད་རྩིར་གྱུར་པ་ཡིས།། འཁོར་ལོའི་ལྷ་ལ་མཆོད་པ་འབུལ།། རྒྱལ་བ་ཐམས་ཅད་མཉེས་མཆོད་འབུལ། ། ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ།། དེ་ནས་འཁོར་གྱི་ལས་མཁན་ལ།། གོང་མ་བཞིན་དུ་མཆོད་པར་འབུལ།། གཤེགས་ནས་བསྡུ་དང་དབྱིངས་སུ་རོལ།། ལས་ཀྱི་མཐའ་དང་ལྡན་པར་བྱ། ། ཞེས་གསུངས་སོ།། དེ་ནས་ཡང་ཡན་ལག་གི་འཁོར་དུ་བསྲེགསཔ་ཕྱི་གསུངས་ཏེ།། རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ།། དུག་ཤིངད་གདུག་པའི་ཤིང་བུ་ལ།། དེ་ལ་མེ་འཁོར་སྦར་བསྲེགས་པ་ནི། ། ཞི་ལྤགས་དག་གི་གདན་ལ་འཇུག། ཁྲོས་པའི་སེམས་དང་བཅས་པ་ཡིས།། གོང་མ་ཉིད་ལ་གཟུགས་བྲིས་ལ།། ལས་རྣམས་རྫོགས་ནས་མེར་བསྲེགས་ན།། སངས་རྒྱས་ཉིད་ཀྱང་གདན་ལ་འགྲེ། གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ།། ཞེ་སྡང་གཏིང་ནས་རབ་བསྐྱེད་ལ།། གཟུགས་བརྙན་གོང་དང་མཐུན་པར་བྱ།། ཁྲག་དུག་བསྲེས་ལ་མཚན་མ་བྲི།། དྲག་པོའི་ལས་རྣམས་བྱས་ན་ནི།། གདུག་པའི་ཤིང་ལ་མེ་སྤར་ལ། ། རབ་ཏུ་ཕུང་པའི་གནས་སུ་བསྲེགས།། སྐད་ཅིག་ཉིད་ལ་བརླགས་པར་འགྱུར།། རྟ་མགྲིན་རྒྱལ་པོའི་དཀྱིལ་འཁོར་དུ།། མཐིང་ནག་གྲུ་གསུམ་ནག་པོ་བྱ།། ཁྲོས་པས་ཤིན་ཏུ་ནན་ཏན་བསྐྱེད།། ཁྲོས་པས་ལྷོར་བསྟན་སྐྲ་ཡང་བརྫེས། ། ལུས་ནག་ཐལ་བའི་མཚན་མས་བྱུག། ཉི་ཤུ་རྩ་གཅིག་ལྷ་ཚོགས་རྣམས།། རིམ་པ་གཉིས་སུ་གསལ་བྱས་ཏེ།། སོ་སོའི་གྲངས་དང་མཐུན་པ་ཡིས།། དུས་ཚོད་མ་ནོར་ཤེས་བྱས་ཏེ། ། བསྲེགས་ན་ཚངས་པའི་ཚེ་ཡང་འཆི།། བདུད་རྩ་འཁྱིལ་པའི་དཀྱིལ་འཁོར་དུ།། དུར་ཁྲོད་རས་དང་མི་ཁྲག་དང།། གུ་གུལ་ལ་སོགས་རྫས་རྣམས་ལ།། མིང་རུས་བཅས་པར་གཟུགས་བྱས་ལ།། ལས་རྣམས་ཡོངས་སུ་རྫོགས་ནས་ནི། ། གཏུམ་པོའི་མེ་ལ་བསྲེགས་པ་ན།། ལྷ་ཡང་བརླག་པར་ཐེ་ཚོམ་མེད།། དབྱུག་པ་སྔོན་པོའི་དཀྱིལ་འཁོར་ནི།། མཐིང་ནག་རབ་ཏུ་འབར་བ་ལ།། རང་བྱུང་མེ་རེག་ཐང་ཆུས་བྱུག། གདུག་པ་གའུ་ཁ་སྦྱོར་དུ།། ཤིང་ཤུན་གཟུགས་བྱས་དེར་བཅུག་ལ།། བཟླས་པའི་གྲངས་རྣམས་ཚང་གྱུར་ན།། ལས་རྫོགས་ལས་ཆེན་རྒྱ་གྲམ་དུ།། བསེ་ཡི་མེ་ལ་གཏུམས་བསྲེགས་ན།། སྐད་ཅིག་ཡུད་ལ་ཐེ་ཚོམ་མེད། ། མི་གཡོ་མགོན་པོའི་དཀྱིལ་འཁོར་ནི།། གླིང་བཞི་དཀྱིལ་འཁོར་འབར་བ་ལ།། དམིགས་པའི་རྫས་དང་མི་རྟག།། རྟག་ནག་བདུད་རྩིས་རབ་སྤྲུས་ལ།། ཤིན་ཏུ་དོད་ལ་རྫོགས་པར་བྱ།། ས་བདག་མེད་པའི་ས་ཕྱོགས་སུ། ། འོ་མ་ཅན་གྱི་ཤིང་བུ་ལ།། བསྲེགས་ན་འགྲུབ་པར་ཐེ་ཚོམ་མེད།། དཔལ་ལྡན་རྒྱལ་བའི་དཀྱིལ་འཁོར་དུ། རྟ་ནག་ཁྲག་དང་དུག་ཏུ་སྦྱར།། ཤིང་ཤུན་གཟུགས་བྲི་དུད་པས་བདུག། སྔོ་དམར་བྱད་དུ་བཅུག་ནས་ནི། ། དུམ་བུ་གསུམ་ཏུ་རབ་གཏུབས་ཏེ།། ཤིན་ཏུ་དྲི་ངའི་མེ་སྤར་ཏེ།། གཅིག་ནི་ཁྲག་འཐུང་འཁོར་བཅས་ལ།། གཅིག་ནི་འཕྲ་མེན་རྣམས་ལ་དབུལ།། གཅིག་ནི་དམ་ཅན་རྣམས་ལ་དབུལ། ། འདིས་ནི་གདུག་པའི་སེམས་ཅན་རྣམས།། སྐད་ཅིག་ཡུད་ཀྱིས་བརླག་པར་འགྱུར།། ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་དུ།། གསོད་པའི་དབྱིབས་ལ་རྒྱ་སོལ་བྱུག། དྲི་མ་དྲུག་ལ་གཟུགས་བྱས་ཏེ།། དུར་ཁྲོད་རས་ལ་མིང་རུས་བྲི། ། གང་ཡིན་རང་གི་གནས་སུ་སྦ།། མེ་རེག་གཏུན་དུ་གཟུགས་བཞག་སྟེ།། མཚན་མ་མཐོང་ནས་ལས་རྣམས་བྱ།། སྙིགས་མར་བཅས་པའི་སྦྱིན་སྲེག་གིས།། སངས་རྒྱས་ཉིད་ཀྱང་གདན་ལས་འགྲེ། ཧཱུཾ་ཆེན་འབར་བའི་དཀྱིལ་འཁོར་དུ།། དུག་གི་ཆུ་ཡིས་ཆག་ཆག་གདབ།། དུར་ཁྲོད་མེ་རེག་རས་མ་ལ།། གཟུགས་བྱས་ལས་རྣམས་རྫོགས་པར་བྱ།། ལས་སུ་རུང་བའི་རྟགས་མཐོང་ནས།། དུར་ཁྲོད་གནས་སུ་དེར་སོང་ནས། ། དུག་ཤིང་དག་ལ་མེ་སྤར་ཏེ།། བསྲེགས་ན་སྐད་ཅིག་གཅིག་ལ་འགྲུབ།། སྟོབས་པོ་ཆེ་ཡི་དཀྱིལ་འཁོར་དུ།། གོང་གི་རྫས་ལ་གཟུགས་བྱས་ཏེ།། དུག་དང་སྨེ་ཁྲག་རྣམས་ཀྱིས་བྱུག། ཐུན་མཚམས་བཞིར་ནི་སྔགས་བཟླས་ཏེ། ། ལས་ཀྱི་སྐབས་ལ་བབ་པ་དང།། དུར་ཁྲོད་ཤིང་བུའི་མེ་བུས་ཏེ།། གོང་གི་རྫས་ལ་བསྒྲེས་ཏེ་བསྲེགས་ཁམས།། གསུམ་གནས་པའི་སྐྱེ་བོའི་ཚོགས།། ཐང་ཅིག་ཡུད་ལ་འཆི་བར་འགྱུར། ། འདི་རྣམས་རང་རེས་ལས་ཀྱིས་སམ།། འདི་སྡོམ་རྩ་བ་བསྒྱུར་བར་བྱ།། ཞེས་གསུངས་སོ།། དེ་ནས་ཡང་རང་རང་གི་ཁྱད་པར་གྱིས་བསྲེགས་པ་འདི་གསུངས་སོ།། བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ། ། མཐིང་ནག་རབ་ཏུ་འབར་བ་ལ།། མེ་རེག་དག་ལ་ལྡན་པར་བྱ།། བདུད་རྩི་ལྔ་ཡིས་འཐས་པར་བྱ།། དུར་ཁྲོད་གདན་ལ་འདུག་ནས་ནི།། དྲི་ཆེན་དག་གིས་ལུས་ལ་བྱུག། གདོང་ལ་ཐིག་ལེ་རྣམ་གསུམ་གདབ། ། བཟླས་པ་བྱ་ཞིང་ཐུན་རྣམས་བརྡེག། མཚན་མ་དུམ་བུར་གཏུབས་ནས་ནི།། མི་ཤིས་ཤིང་ལ་མེ་སྤར་ཏེ།། བུམ་བུ་རེ་དང་ཀླད་པ་དང།། ཙིཏྟ་མི་དབང་ཤ་ཕྱེ་དང།། གྲིར་བས་ད་ཤ་ཁྲག་བྱང་ཆུབ་སེམས། ། མཆོད་པ་གསུམ་དང་སྦྱར་ཏེ་བསྲེགས།། འདི་བྱས་ལས་ལ་ཐོགས་པ་མེད།། དབང་པོ་བརྒྱ་བྱིན་ཤི་བར་བསྟན།། ཤོ་ན་མུ་ཁའི་དཀྱིལ་འཁོར་དུ།། དམིགས་པར་བྱ་བའི་དངོས་པོ་སྟེ། ། སྤྲ་ཚིལ་དག་ལ་གཟུགས་བྱས་ལ།། མཚན་མ་མིང་དུ་བཅས་བར་བྱ།། བསྒྲུབ་པ་རྫོགས་ནས་ལས་འདི་བརྩམ།། དུག་ཤིང་གདུག་པའི་མེ་བུས་ཏེ།། གོང་མ་དག་དང་བསྲེ་བའི་རྫས།། ཙ་ར་རྟ་དང་བྱི་བ་དང། ། ཆུ་བྱའི་སྙིང་དང་གཏོར་མར་སྦྱར།། གྲངས་འབུམ་བསྲེགས་ན་ལྷ་ཡང་འཆི།། ས་བདག་ཆེན་མོའི་དཀྱིལ་འཁོར་དུ།། དུར་ཁྲོད་དག་གི་རས་མ་ལ།། དམིགས་པའི་གཟུགས་བྱ་གོང་མ་བཞིན།། བཟླས་བརྗོད་ཡོངས་སུ་རྫོགས་པ་དང། ། གདུག་པའི་ཤིང་ངམ་སེང་ལྡེང་ལ།། དུག་དང་མཚལ་གྱིས་བྱུག་བྱས་ཏེ།། ནམ་གྱི་གུང་ངམ་ཉིན་གུང་ལ།། རང་རང་གྲངས་དང་མཐུན་པར་བསྲེག། འདི་ཡིས་བསམ་པ་མྱུར་འགྲུབ་ཅིང། ། གདུག་ཅན་བརླག་པར་ཐེ་ཚོམ་མེད།། བསྒྲུབ་པ་གང་དང་གང་ལ་ཡང།། མཐར་གྱིས་ལས་ལ་ནན་ཏན་བསྐྱེད།། གཅིག་གམ་ཡང་ན་གསུམ་རྫོགས་བྱ།། ཐུན་མོང་སྤྱི་དང་ཁྱད་པར་རོ།། ཕྱི་ནང་གསང་བའི་རིམ་པ་ཡིས། ། ལས་ཀུན་ཡོངས་སུ་རྫོགས་པ་ཡིན།། འདི་ནི་ཐབས་ཀྱི་རྒྱལ་པོ་སྟེ།། ཀུན་གྱིས་ཤེས་པར་ག་ལ་རུང།། བླ་མ་གཉེས་ན་བདུད་རྩི་ལོང།། དེ་ཡིས་ལས་མཐར་ཕྱིན་པར་འགྱུར།། ཞེས་གསུངས་སོ། ། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ཕྱི་ནང་གསང་བའི་སྦྱིན་སྲེག་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ཡང་ཀརྨ་ཀཱི་ལ་ཡས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་རྨད་བྱུང་འདྲེན་པའི་སྐུ།། ཡོན་ཏན་རྒྱ་མཚོ་མངའ་བའི་ལྷ།། དོན་ཆེ་དམ་པའི་འབྱུང་གནས་གཙོ།། ཐམས་ཅད་མཆོག་གི་བདག་ཉིད་པས།། ལས་རྣམས་ཡོན་ཏན་མཐར་ཕྱུང་ན། ། སྣོད་དང་མི་ལྡན་བསྒྲལ་བ་ལ།། ཟོར་དང་ཐུན་རྣམས་མི་འཚལ་ལམ།། འདི་ཡི་རིམ་པ་ཇི་ལྟར་ལགས།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། འདི་བསྒྲུབ་པ་ཡི་གང་ཟག་ལ། ། སོ་སོའི་དཀྱིལ་འཁོར་མཐར་ཕྱིན་ནས།། ཟོར་ཐུབ་ལས་ལ་སྦྱར་བ་གཅེས།། དེ་ཡི་རིམ་པ་འདི་ལྟ་སྟེ།། དང་པོ་དཀྱིལ་འཁོར་མངོན་བཞེངས་ཏེ།། བསྙེན་བསྒྲུབ་ལས་སུ་རུང་དུས་སུ།། གལ་ཏེ་མཐའ་ལ་མ་ཆུད་ན། ། རྟགས་དང་རྨི་ལམ་དག་བསྟུན་ཏེ།། བསྲུང་བའི་ལྷ་ནི་བཅུ་གཉིས་སོ།། དཔྲལ་བར་བྱ་བ་རབ་ཏུ་གཅེས།། དེ་ནི་འདི་ལྟར་ཡུལ་ལྷ་དང།། ཕོ་ལྷ་དགྲ་ལྷ་མུ་སྟེགས་དང།། སྲོག་ལྷ་མ་ལྷ་གང་དག་དང། ། མ་མོ་སྨན་མོ་ཡི་དགས་དང།། བཙན་དང་ཐེ་རང་དག་གིས་འཚོ།། བསྲུང་བྱེད་ལྷ་ནི་བཅུ་གཉིས་ལ།། དབྲལ་བར་བྱ་བའི་དུས་སུ་ནི།། སོ་སོའི་མཚན་ཉིད་ཤེས་པ་གཅེས།། གང་ཡིན་གནས་ནས་སྤྱན་དྲངས་ལ། ། རང་རང་མཐུན་པའི་རྫས་བྱིན་ཏེ།། སོ་སོའི་གནས་སུ་བསྐྲད་ལ་གཏད།། དེ་ཡང་བདེན་པས་བསྒོ་ལ་བྱ།། ཡང་ན་དེ་ཉིད་ཉིད་ནི་དབབ།། གལ་ཏེ་དེ་ལྟར་མ་ཡིན་ན།། ཉམས་སམ་རྨི་ལམ་བརྟགས་བསྟུན་ལ། ། རྒྱལ་བློན་ལྟ་བུར་དེ་མཐོང་ན།། ཡུལ་ལྷ་དག་གིས་འཚོ་བ་སྟེ།། རྟེན་སྐྱོབ་གཉིས་ལ་བཀུག་པ་ལས།། ཆ་གཉིས་གསལ་བྱས་གུ་གུལ་བསྲེགས།། ཡང་ནི་མེ་རེག་ཤུན་པ་བསྲེག། འཆིའམ་ཡང་ན་འབྲོས་པར་འགྱུར། ། ཡུལ་གྱི་སྐྱེས་པ་གཞོན་ནུའམ།། རལ་གྲི་ལྟ་བུར་དེ་མཐོང་ན།། ཕོ་ལྷས་ངེས་པར་བསྲུང་བ་ཡིན།། གོང་བཞིན་བྱས་ལས་ངེས་པར་འགྱུར།། སྐྲ་ཡི་ལ་བ་ཅན་མཐོང་ན།། མུ་སྟེགས་དག་གིས་སྲུན་པ་ཡིན། ། རྒྱ་ཚིལ་གུ་གུལ་ཆིལ་ཆེན་བསྲེགས།། དེ་ཡིས་ངེས་པར་འབྲལ་བར་འགྱུར།། གོས་དཀར་གོན་ནས་ཅང་མི་སྨྲ།། སྲོག་ལྷ་འཚོ་བར་ངེས་པར་བྱ།། གང་དུ་སྨོས་པའི་རྫས་རྣམས་དང།། རྟ་ཡི་དམིགས་པ་བསྲེགས་པས་འབྲེལ། ། བུ་མེད་རང་གི་མ་སྲུའམ།། ཤ་བ་ཡུ་མོ་དག་མཐོང་ན།། མོ་ལྷ་དག་གིས་བསྲུང་བ་སྟེ།། རྭ་ཡི་རྭ་གཞོབ་དྲི་མ་དང།། ར་སྤུ་ལ་སོགས་བསྲེགས་པས་འབྲེལ།། མོ་གཟུགས་ལྟ་བུ་ཁྲོ་བ་ན།། བན་བོན་དག་གི་སྲུངས་མ་སྟེ། ། ལྷ་ཉིད་བདུད་དུ་དབབ་པར་བྱ།། སྐྱེས་པ་མོ་དང་འགྲོགས་མཐོང་ན།། མ་མོའི་གིང་གིས་འཚོ་བ་ན།། ཤ་སའི་ལས་ལ་བརྩོན་པར་འགྲུབ།། གྲོགས་མོ་འཛའ་མོ་དག་མཐོང་ན།། སྨན་མོས་འཚོ་བས་སྙིང་ཁྲག་རྡུབ། ། ཕྱིན་ཆད་དེ་ཡིས་སྐྱོབ་མི་ནུས།། བློན་པོ་ཤེད་སྨན་དག་མཐོང་ན།། བཙན་དང་ཐེ་བྲང་དག་གིས་འཚོ།། སོ་སོའི་མཐུན་པའི་རྫས་རྣམས་ནི།། བག་ཟན་ལ་བྱས་ཁ་དོག་བསྒྱུར།། བྱིན་ལ་ཚིལ་ཆེན་དུད་པས་གཏང། ། གུ་གུལ་བདུག་པས་འབྲོས་པར་འགྱུར།། གཞན་ཡང་ཤེས་པར་བྱ་བ་ནི།། གླང་ཆེན་དྲུག་དང་སྤྲུལ་པ་དྲུག། འདི་དག་སྲུན་པའི་རྟེན་ཡིན་པས།། འདི་ལྟ་བུ་ལ་སྤྱད་པར་བྱ།། དེ་ཡི་མཚན་ཉིད་འདི་ལྟ་སྟེ། ། རྟ་དང་ཤ་བ་ལུག་དང་གླང།། ཁྱི་དང་ཕག་ནི་གླང་ཆེན་དྲུག། དེཡི་སྤྲུལ་པ་སྣང་བ་ནི།། སྟག་དང་དེ་ལས་འདྲ་བའི་ལུས།། རྙན་དང་དགོ་བ་ལྟ་བུར་སྣང།། དེ་བཞིན་གཙོད་དང་རྔ་ཆེན་དང།། མཛོ་དང་བུང་བུ་དག་དང་ནི། ། སྤྱང་ཁུ་གཅན་གཟན་ཁྱི་ལ་སོགས།། དེ་འདྲའི་ལྟས་རྣམས་བྱུང་བ་དང།། དེ་ཡི་དབང་སོང་དེ་དང་དབྲལ།། གཉན་པོ་སྟག་དང་བྱ་རྒོད་དང།། གདུག་པའི་ཚོགས་དང་དམ་ཅན་རྣམས། ། རབ་ཏུ་འབས་པས་དེ་དང་བྲལ།། འདི་ནི་བསྒྲུབ་པའི་ལས་རྣམས་ཀུན།། ཐམས་ཅད་ལ་ཡང་ཤེས་པར་བྱ།། གཞན་ཡང་ཟོར་ཐུན་རིམ་པ་ནི།། སྐབས་ཀྱིས་མིང་གི་ཕྱེ་བ་སྟེ།། ཐུན་མོང་སྤྱི་ཡི་རིམ་པའོ། ། དེ་ཡང་རྩ་བ་ཡན་ལག་ཏུ།། ཕྱེ་བས་ཕྱི་ནང་གསུམ་དུ་བསྒྱུར།། དང་པོར་སྤྱི་ཡི་རིམ་པ་ནི།། གསང་བའི་འཁོར་ལོ་རྣམ་བཞི་ལ།། རྟེན་ནས་ལས་རྣམས་མཐར་ཕྱུང་སྟེ།། ཉི་ཤུ་རྩ་གཅིག་དཀྱིལ་འཁོར་དུ།། སྔར་གྲུབ་དག་གི་སྨྱུག་མ་ལ། ། ཁྲ་དང་འུག་པ་སྲིན་བྱ་དང།། བྱ་རོག་དག་གིས་སྒྲོན་པའི་མདའ།། གདུག་པའི་མདེའུ་སོར་གསུམ་གཞུག། དུག་དང་མ་རུངས་པ་ཡིས་བྱུག། རྣམ་རྒྱལ་ལ་སོགས་ཁྲོ་བོ་བཞི། ། ཞིང་གིས་སྒྲོན་པའི་མདའ་གཉིས་ལས།། ཧཱུཾ་ཀ་ར་དང་སྟོབས་ཆེན་བསྐྱེད།། བསྙེན་བསྒྲུབ་ལ་སོགས་དང་པོ་ནས།། དྲག་པོ་སྔགས་རྣམས་ཉུངས་ཀར་དང།། ཐུན་རྫས་གཞན་ལ་བཟླས་ཤིང་བླུགས།། བསྒྲུབ་པ་རྫོགས་ནས་ཟོར་དུ་འཕངས། ། བྱ་བའི་ལས་རྣམས་སྔོན་དུ་བྱ།། འདི་ནི་མདའ་ཟོར་ཆེན་པོས་བྱ།། གཞན་ཡང་ཐུན་ཟོར་རིམ་པ་ནི།། གཙོ་བོའི་གནས་སུ་འཁོར་བཀོད་དང།། འཁོར་རྣམས་རྫོགས་ནས་བདག་པོར་བཞུགས། ། དེ་ནས་རྩ་བའི་ཡན་ལག་ཡིན།། རང་རང་ལས་ཀྱི་དཀྱིལ་འཁོར་དུ།། རང་རང་རིགས་ཀྱི་མདའ་རྣམས་ལ།། བྱུགས་པ་བྱས་ལ་དབང་ཡང་བསྐུར།། དང་པོ་ཐ་མར་ཉུངས་ཀར་དང།། ཐུན་རྫས་དག་ལ་རང་རང་གི། སྔགས་མང་བཟླས་ལ་མདའ་ལ་བསྟིམ།། དུ་ས་བཞིར་རབ་ཏུ་འབད་བྱས་ཏེ།། ལས་རྣམས་རྫོགས་ནས་དུར་ཁྲོད་དུ།། སོང་ལ་མ་མོ་མཁའ་འགྲོ་བོད།། ལྷ་ཀླུ་ཀུན་ལ་བདེན་པ་བདར།། གསེར་སྐྱེམས་གཏོར་ཏེ་ལམ་འཕྲང་བསལ། ། དྲག་པོ་ལས་རྣམས་ད་བྱེད་ཀྱིས།། ལྷ་སྲིན་སྡེ་བརྒྱད་ལ་སོགས་རྣམས།། མདའ་ཡི་ལམ་དུ་ཁྱེད་མ་འདུག། དེ་སྐད་བྱས་ལ་ཟོར་དུ་འཕང།། དམིགས་པ་སྙིང་ལ་འཕོག་པར་བསམ། ། འདི་ནི་སྔགས་ཀྱི་མདའ་ཟོར་ཏེ།། ཡན་ལག་ཀུན་ལ་འཇུག་པ་ཡིན།། བསྙེན་བསྒྲུབ་འཕྲིན་ལས་གསང་བའི་རིམ།། ཐ་མའི་རིམ་པ་རྫོགས་པ་ལ།། འདི་ཡི་ལས་རིམ་རྣམ་པ་བཞི།། ཕྱེ་བས་གཉིས་སུ་འགྱུར་བ་ཡིན། ། གཤེར་ཐུན་དང་ནི་སྐམ་ཐུན་ནོ།། དང་པོ་ལ་ཡང་གཉིས་ཡིན་ཏེ།། ཁྲག་དང་དུག་གི་གཏོར་མའོ།། དེའང་རྣམ་གཉིས་དུག་གཏོར་དང།། ཐུན་དང་བཅས་བའི་གཏོར་མའོ།། གཉིས་པ་ལ་ཡང་གཉིས་ཡིན་ཏེ། ། ཕུར་པ་དང་ནི་ཐུན་རྫས་སོ།། དང་པོའི་རང་བཞིན་འདིར་གསུངས་པ།། བསད་པ་ཨེ་ཡི་དཀྱིལ་འཁོར་དུ།། མེ་རེག་ཐང་ཆུས་གཞི་བླངས་ལ།། ཁྲག་དང་སྙིང་སྣ་ཐམས་ཅད་བསོགས།། བདག་ཉིད་དཀྱིལ་འཁོར་གསལ་བལྟས་ལ། ། མ་མོ་མཁའ་འགྲོ་རྣམས་ཀྱིས་བསོག། གང་ལ་བབ་པའི་དུས་དེ་རུ།། གདུག་པའི་འཁར་བ་ལག་ཐོགས་ལ།། འཇིགས་པའི་མདུང་མདའ་ཕྱར་བར་བསམ།། སྡོང་པོ་ཤིང་ཤུན་དག་གིས་གཡབ། ། རྦད་པའི་སྙིང་པོ་མཐའ་ཅན་སྔགས།། གྲངས་མེད་བཟླས་ལ་ཁྲག་ཐུན་བླུགས།། དུར་ཁྲོད་གནས་སམ་མཆོད་པའི་མཁར།། སོང་ལ་ལྷ་སྲིན་སྡེ་བརྒྱད་བོད།། བདེན་པས་བསྒོ་ལ་གསེར་སྐྱེམས་སྦྱིན། ། གསུར་ཆེན་བཏང་ལ་དམ་ཅན་བོད།། བསད་པའི་སྔགས་ནི་ཅི་ནུས་བཟླས།། མ་ཉེས་མ་གཡོ་གཟུ་དང་དཔང།། དཀོན་མཆོག་གཟུ་དང་དཔང་གྱིས་ཤིག། ལྷ་སྲིན་སྡེ་བརྒྱ་གཟུ་དང་པ་གྱིས།། རྣལ་འབྱོར་ངས་ནི་མ་ཉེས་སོ། ། དཀོན་མཆོག་དབུ་འཕངས་འདི་ཡིས་སྨ་ད།། སངས་རྒྱས་བསྟན་པ་འདི་ཡིས་བཤིག། ལས་རྣམས་ལོག་པར་འདི་ཡིས་སྤྱད།། ལས་ངན་བྱུར་ཟད་ལས་ལོག་ལ།། ཁྲག་ཐུན་དབབ་པའི་དུས་ལ་བབ། ། ནད་དང་དལ་ཅིག་འདི་ལ་ཕོག། ཁྲག་སྐྱུག་སྙིང་རྩ་བཅད་པ་དང།། དམ་ཉམས་བདུན་བརྒྱུད་བཅས་པའི་ཕྱིར།། མཁའ་འགྲོ་མ་མོ་དམ་ལ་འདུ།། ལྷ་སྲིན་སྡེ་བརྒྱད་དམ་ལ་འདུ།། སྲིད་པའི་མ་མོ་དམ་ལ་འདུ། ། གཞན་ཡང་བསྐུལ་བ་ཅི་ནུས་བྱ། ཐུན་ལམ་གསལ་ཏེ་ཟོར་དུ་འཕང།། དཀར་ནག་མཚམས་སུ་བརྒྱབ་པ་དང།། ཐུན་ཉིད་ནད་ངན་སྣ་ཚོགས་འགྱུར།། གངས་རི་ཆད་པ་ལྟ་བུར་འགྱེལ།། དམ་ཅན་མགོ་བརྙན་ཚོགས་རྣམས་ཀྱིས། ། འཕར་སྤྱང་ཤ་ལ་བཏོད་པ་བཞིན།། རྡུལ་ཆ་ཙམ་ཡང་མེད་པར་བསམ།། འདི་ནི་ཁྲག་ཐུན་ཞེས་བྱའོ།། དུག་གི་ཐུན་ནི་འདི་ལྟ་སྟེ།། ཇི་ལྟར་བསྒྲུབ་བའི་དུས་དག་ཏུ།། དུག་གི་རྫས་རྣམས་མ་ལུས་ཀུན། ། སྡོང་པོ་མེ་རེག་གཏུན་ནང་དུ།། མེ་རེག་ཐང་ཆུས་ཕུད་བྱས་ལ།། འཇིག་རྟེན་དྲེགས་པའི་དུས་རྣམས་ཀུན།། མ་ལུས་བཀུག་ལ་དེ་ལ་བསྟིམ།། དམ་ཅན་མ་ལུས་ལས་ལ་བསྐུལ།། མཐོང་བ་ཙམ་གྱིས་ཐམས་ཅད་ཀུན། ། ཧ་ལ་ཧ་ལ་ཆེན་པོ་བརྟགས།། ཚ་བའི་རྫས་རྣམས་ཐམས་ཅད་ཀྱིས།། ལུས་ཀྱི་ཁོག་པ་རྒྱས་པར་བྱ།། ལུས་ཀྱི་ཚ་བ་རྒྱས་པར་བྱེད།། གཞན་ཡང་ཐོད་པར་བསོགས་པའི་རྫས།། བོང་ང་སྤྱང་ཚེར་རེ་ལྕག་པ། ། སྤྱང་དུག་ཐར་ནུ་སྐྱེ་ཚེ་དང།། ཆུ་སྲིན་སྙིང་དང་གླང་ཆེན་སྙིང།། ཐང་ཁྲོམ་ཆུ་དང་རབ་སྦྱར་ལ།། བྱིན་བརླབ་འོད་འཕྲོས་འཇིག་རྟེན་གང།། གདུག་པའི་ཚོགས་རྣམས་བཀུག་བསྟིམ་པས།། ཧ་ལ་ཧ་ལ་དུག་ཏུ་བརྟག། མཐོང་བ་ཙམ་གྱིས་ཁྲག་ཏུ་སྐྱུག། ཁམས་གསུམ་ཐམས་ཅད་འཚིག་པར་བྱེད།། གཞན་ཡང་ཁོལ་ལམ་དུ་བ་འབྱུང།། འོན་ཏེ་ཁོལ་ལམ་རླངས་པ་འབྱུང།། ཐུན་མཚམས་དུས་བཞིར་འབད་པ་དང། ། བརྒྱད་དང་བཅུ་བཞི་ཉི་ཤུའི་བར།། འདི་ཡིས་ལྷ་ཡང་བརླག་པར་འགྱུར།། ཁམས་གསུམ་པ་རྣམས་སྨོན་ཅི་དགོས།། འདི་ནི་དུག་གི་ཐུན་ཞེས་བྱ།། ཐུན་གྱི་གཏོར་མས་བསད་པ་ན།། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་དུ། ། ལས་ཀྱི་འཁོར་ལོ་ཐམས་ཅད་ཀུན།། གོང་དུ་ཇི་ལྟར་བཤད་པ་ལས།། མཁས་པ་ཉི་ཤུ་རྩ་གཅིག་སྒོམ།། བཏགས་ཏེ་གོང་འོག་རབ་སྦྱར་ལ།། བསྔགས་ཏེ་ཅི་ནུས་བཟླས་པ་ཡིས།། དཔའ་བོས་མ་ཚོགས་ལས་ལ་བསྐུལ། ། མཆོད་བསྐུལ་ཐུན་ལ་རབ་འབད་པས།། དངོས་སུ་ཁྲིད་ནས་ཐུན་ནང་དུ།། སྤྱི་ཚུགས་དག་ཏུ་བསྐྱུར་བ་ཡིས།། མཁའ་འགྲོས་ཤ་རུས་ཕྲལ་ནས་སུ།། ལུས་ཀྱང་དུམ་བུར་བཅད་གཏུབས་ཤིང། ། རྡུལ་ཆ་ཙམ་ཡང་མེད་པར་བསམ།། འདི་བཞིན་བྱས་ན་ལྷ་ཉིད་ཀྱང།། དུམ་བུ་དུམ་བུར་འཆད་པ་དང།། སངས་རྒྱས་ཉིད་ཀྱང་འཆི་འགྱུར་ན།། ཉམས་པས་གྱུར་པ་སྨོས་ཅི་དགོས།། མཐར་གྱི་ལས་ནི་སྔ་མ་བཞིན། ། འདི་ནི་གཏོར་མའི་ལས་ཞེས་བྱ།། ཕུར་པའི་ཐུན་རྣམས་བཤད་པ་ནི།། ལུགས་སུ་དྲངས་ནས་བཟློག་པའོ།། དང་པོར་ཐུན་གྱི་ཕུར་པ་ལ།། རེ་རེ་དག་ནས་གསལ་བཏབ་སྟེ།། ཀཱི་ལི་ཉི་ཤུ་རྩ་གཅིག་བཟླས། ། ལྷ་ཚོགས་དྲག་པོའི་དཀྱིལ་འཁོར་དུ།། གསལ་བར་བལྟས་ཏེ་བྱིན་གྱིས་བརླབ།། ལས་སྔགས་ཉི་ཤུ་རྩ་གཅིག་པ།། ངེས་པར་ངོ་ཡིས་ཟིན་པའི་མིས།། གོང་འོག་གཉིས་ཀྱི་མཐའ་རྟོགས་པས།། དགྲ་འཛབ་དྲག་པོའི་གསང་སྔགས་ཡིན། ། རེ་རེ་དག་ནས་གྲངས་ངེས་བཟླས།། བཅོ་བརྒྱད་དཀར་ནག་མཚམས་སུ་དྲིལ།། དེ་ནས་རང་རང་སྔགས་ཀྱིས་སོ། ཞག་གྲངས་དུས་དང་མཚན་མ་ཡི།། རྟགས་རྣམས་བྱུང་ནས་གདབ་པར་བྱ། ། སྟེང་ནས་མཚོན་ཆའི་ཆར་དུ་ཕབ།། ལུས་ཀྱང་དུམ་དུམ་བུ་རུ།། རང་རང་སྔགས་ཀྱིས་ངེས་བཏབ་པས།། འཆི་འམ་ཡང་ན་སྐམ་པར་འགྱུར།། གལ་ཏེ་མཐའ་ལམ་མ་ཆུད་ན།། མ་གྲུབ་སྤོགས་པའི་འཁོར་ལོ་བཞིན། ། སྔགས་དང་ལས་རྣམས་ཐམས་ཅད་དང།། གོ་རིམ་ཏིང་འཛིན་བཟློག་པ་ཡིས།། མོན་གྱི་ཟངས་སམ་སྐད་ཅིག་གཏུན།། ཉུངས་ཀར་ཉུངས་ནག་ལྕགས་ཕྱེ་དང།། རྡོ་དང་ཟངས་ཕྱེ་ཚེ་ལ་སོགས། ། ཐུན་རྫས་རྣམས་ཀྱིས་རབ་བསྐང་ལ།། རང་གི་ངོ་གདོང་ཁྲག་གིས་བྱུག། སྐྲ་ཡང་སྤྱི་བོར་བཅིང་བྱས་ལ།། མཆེ་བ་གཙིགས་ཏེ་གསང་སྔགས་བཟླས།། མ་ནི་དྲག་ཏུ་ཆུམ།། མ་ནི་དྲག་ཏུ་ཆུམ། མ་ཤ་སྲོག་བྷྱོ། ཐབས་ནི་རྩ་སྲོག། ནི་ཙ་སྲོག། ཧེ་ཧེ་ཧཾ། མ་མ་ཁྲག་ཏུ། ནི་ཤུ་ཡ། རུ་ཕི་ནི་ཁྲག་འཐུང། ཤི་ཤུ་མཱ་ར་ཡ་བྷྱོ། མ་དྲག་མོ་རུ་ཁྲག་ཉོན། ཤག་ཤག་པྲ་མ་ཤུད་དོ་ཤག། དེ་བཟླས་ལྷ་དང་དབྲལ་བར་ངེས།། འདི་ནི་གཞན་པའི་སྐབས་སུ་ཡང། ། ཁྱད་པར་དག་གི་ལས་ཡིན་ནོ།། འདི་དུས་གོང་མའི་རྗེས་ལ་ནི།། བསྒྲལ་བའི་འཛབ་ལ་རབ་བཞུགས་ཤིང།། རྦད་ཅེས་མཐའ་ལ་བཏགས་ཏེ་བརྡེག། གཟུགས་བརྙན་ཕྱེ་མ་གྱུར་པར་བསམ། ། སྔགས་ཀྱི་མཐའ་ལ་དེ་བཞིན་ཏེ།། འཕོངས་པའི་དུས་སུ་བྷྱོ་ཞེས་གདགས།། འདི་ནི་ཐུན་ཆེན་ཟབ་མོ་ཡིས།། ཡན་ལག་ཐུན་གྱི་རིམ་པ་ནི།། བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ།། ལས་ཀྱི་རིམ་པ་ཚང་བ་དང། ། མོན་གྱི་ཟངས་མ་རྐང་གཅིག་གཏུན།། ཁྲག་དུག་རྣམས་ནི་རབ་ཏུ་བསོག། མི་སྐྲའི་གཟུངས་ཐག་བཏགས་ནས་ནི།། གསང་སྔགས་ཉི་ཁྲི་བདུན་འབུམ་བཟླས།། ཁྲག་གི་བུད་མེད་བསམ་ཡས་པ། ། ལག་ན་གདུག་པའི་མཚོན་ཆ་ཐོགས།། དམིགས་པའི་དངོས་པོ་དེ་བཀུག་སྟེ།། ཐུན་གྱི་ནང་དུ་སྤྱི་ཚུགས་བསྐྱུར།། ནད་ཀྱིས་འཚུབས་ཏེ་བརྒྱལ་བ་དང།། ཤ་ཁྲག་གཏོད་ཅིང་ཟ་བར་བརྟག། ཁོལ་དང་རླངས་པ་མེ་སྟག་འཕྲོ། ། རྟགས་བྱུང་ནས་ནི་འཕང་བར་བྱ།། ཁྲག་ཐུན་གོང་མ་དང་སྦྲེལ་ལ།། གྲོང་ལ་གཏོར་ན་མི་ཕྱུགས་ལ།། ནད་ངན་སྣ་ཚོགས་འབྱུང་བར་འགྱུར།། དུར་ལ་གཏོར་ན་ནང་འཁྲུག་འོང།། ཐང་ཅིག་ཡུད་ཀྱིས་བརླག་པར་བྱེད། ། འདིས་ནི་མི་འགྲུབ་གང་ཡང་མེད།། འདི་ཡང་ཁྲག་གི་ཐུན་ཞེས་བྱའོ།། ས་བདག་ཆེན་པོའི་དཀྱིལ་འཁོར་དུ།། ཉུངས་ཀར་བྱིན་གྱིས་བརླབས་བྱས་ལ།། སྡོང་པོ་སྐད་ཅིག་གཏུན་དུ་བླུགས། ། བདུད་རྩི་ལྔ་ཡིས་རབ་ཏུ་བྲན།། ཁྲག་སྣ་སྦྱར་བའི་ཆུས་ཀྱང་བྱུག། དེ་ལ་བཟླས་པ་བྱ་བའི་སྔགས།། ཀཱི་ལ་ཡ་ཡིས་སྣ་གྲངས་པའི།། རོ་ལ་ཁྲག་འཐུང་ཧཱུཾ་ཕཊ་མཐའ།། ལྔ་བཅུ་རྩ་བདུན་ཚང་བར་བཟླས། ། འཛབ་གྲངས་ཚང་ངམ་རྟགས་བྱུང་ནས།། སོ་སོའི་གསོད་པའི་ལས་སྔགས་ཀྱིས།། བཟླས་པ་བྱས་ཏེ་དེ་རྒྱབ་ན།། ཀླུ་ལ་བརྒྱབ་ན་མཛེ་ནད་འོང།། དུར་ལ་བརྒྱབ་ཁྲག་ཏུ་སྐྱུག། འཁོར་ལོ་བརྒྱབ་ན་གྲོང་བརྡལ་འཇིག། མི་ཕྱུགས་ལ་སོགས་ཐམས་ཅད་ཀུན།། རབ་ཏུ་བརྒྱལ་ཏེ་འཆི་བར་འགྱུར།། གང་ལ་དམིགས་པ་དེ་བརླག་བྱེད།། འདི་ནི་ཉུངས་ཀར་ཐུན་ཞེས་བྱའོ།། ཤོ་ན་མུ་ཀའི་དཀྱིལ་འཁོར་དུ།། འཚེ་རྡོ་ནག་པོའི་ལ་སོགས་པ། ། གདུག་པའི་གསང་སྔགས་འདི་བཟླས་བྱ།། རྩ་སྔགས་ཛ་ནས་རྦད་ཀྱིས་མཐར།། འདི་ཤ་བྷྱོརུ་ལུ་རུ་ལུ་བྷྱོ། དེ་བཏགས་བཟླས་པ་ཁྲི་འབུམ་དུ།། གལ་ཏེ་མཚན་རྟགས་བྱུང་བ་དང།། རྡོ་རྗེ་གཡབ་མོས་ཐམས་ཅད་གཡབ། ། འཇིགས་པའི་ང་རོ་ཆེན་པོ་འབྱུང།། སོ་སོའི་ལས་ལ་རྦད་པར་བྱ།། གྲོང་ངམ་གྲོང་ཁྱེར་ཆེན་པོའམ།། ཡུལ་ཕྱོགས་དུར་དང་ལྷ་རྟེན་དང།། བརྒྱབ་ན་བརླག་པར་ཐེ་ཚོམ་མེད།། འདི་ནི་ཀུན་ལ་འཇུག་པས་ན། ། སྤྱི་ཡི་ཐུན་བསྒྲུབ་ཅེས་ཀྱང་བྱ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ཐུན་ཟོར་ལས་ཀྱི་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་ཧོ་ཡོན་ཏན་མཆོག་གི་སྐུ།། འདྲེན་པའི་བདེན་པ་མཆོག་གིས་གནས།། དྲི་མེད་ནམ་མཁའ་ལྟ་བུའི་སྐུ།། གསང་ཆེན་ནོར་བུ་འབར་བའི་མཛོད།། རྣལ་འབྱོར་ལས་མཐར་ཕྱིན་པ་ལ། ། སྔགས་ཀྱི་དོན་རྣམས་མ་ཤེས་པར།། ཡོན་ཏན་ནུས་པ་མི་འཆར་བར།། འདི་ཡི་སྔགས་རྣམས་ཇི་ལྟར་བཏུ།། སྔགས་ཀྱི་སྡེ་ཚན་ཇི་ལྟར་དབྱེ།། སྔགས་ཀྱི་བདག་པོ་ཇི་ལྟར་གཟུང།། གསང་མཆོག་རྒྱལ་པོས་བཤད་དུ་གསོལ། ། འཕྲིན་ལས་ཁྱད་པར་སོ་སོའི་སྔགས།། མ་འདྲེས་གསལ་བར་བཤད་དུ་གསོལ།། ཞེས་གསོལ་པས། བཅོམ་ལྡན་འདས་མངའ་དབང་ཡོངས་སུ་རྫོགས་པའི་རྒྱལ་པོས། འཕྲིན་ལས་ཐམས་ཅད་ཀྱི་བདག་ཉིད་ལྷུན་གྱིས་གྲུབ་པའི་བདག་ཉིད་དེས། ལས་མཐར་འབྱིན་པའི་བདག་ཉིད་པོ་ལ་བཀའ་སྩལ་པ། དང་པོ་སྔགས་ཀྱི་དོན་རྣམས་ནི།། མིང་མེད་བརྗོད་པ་རྣམས་དང་བྲལ།། ཚིག་དང་སྒྲ་ཡི་སྤྱོ་ཡུལ་མིན། ། སྤྱོད་ཡུལ་ཡོངས་སུ་དག་པའོ།། སེམས་ཅན་ལས་དང་སྨོན་ལམ་དང།། ཐུགས་རྗེ་ཆེན་པོ་འབྲེལ་བས་ན།། སྔགས་རྣམས་ཡོངས་སུ་རྫོགས་པར་བྱུང།། དེ་ཡང་ཐབས་དང་ཤེས་རབ་ལས།། སྡེ་ཚན་གཉིས་ཀྱི་ཡི་གེ་རྣམས། ། བདེ་བར་གཤེགས་པའི་གནས་རྣམས་ནི།། ཡི་གེ་སྤྲུལ་པའི་གཟུགས་སུ་འཐོན།། མཐའ་དག་མ་ལུས་ཡི་གེ། སྒྲ་ཡི་མིག་གིས་ཐམས་ཅད་བསྡུས།། ཡོན་ཏན་ནམ་མཁའི་མཐའ་ལྟར་གནས། ། མཉམ་རྫོགས་ཆེན་པོར་ལྷུན་བསྒོམས་ནས།། སྐུ་གསུང་ལྷུན་གྱིས་རྫོགས་པར་སྣང།། དེ་ལ་སོགས་ཏེ་ཡོན་ཏན་རྣམས།། ཐམས་ཅད་ཐམས་ཅད་འགྲུབ་པས་ན།། རྒྱལ་བ་ཉིད་ཀྱིས་བརྗོད་ལས་འདས། ། རེ་ཞིག་ལས་དང་ཡོན་ཏན་དང།། མིག་དང་སྡེ་ཚན་མདོར་བསྡུས་ན།། དབྱངས་ཡིག་དང་པོ་དབུར་གཞག་ལ།། དབྱངས་ཡིག་གཉིས་པས་འོག་ནས་སྤྲས།། དབྱངས་ཡིག་དགུ་པ་སྟེང་དུ་དགོད།། སྟོང་བ་རྣམས་ཀྱིས་འོག་ནས་སྤྲས། ། རྣམ་སྣང་མཛད་ཀྱི་ཡི་གེ་སྟེ།། ཐམས་ཅད་བརྒྱད་པ་རྣམ་པར་སྤྲས།། རྣམ་སྣང་མཛད་ཀྱི་ཡི་གེ་སྟེ།། ཐམས་ཅད་ཀུན་གྱི་མགོ་ལ་སྦྱིན།། དེ་རྗེ་ལྔ་པའི་གསུམ་པ་གཞན།། དེ་འོག་གཉིས་པའི་གསུམ་པ་ལ། ། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་དང་པོའི་དང་པོ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་ལ།། ཤེས་རབ་གཉིས་པས་སྟེང་ནས་དགོད།། དེ་འོག་དང་པོའི་དང་པོ་ལ། ། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་ལ།། དྲུག་པའི་དང་པོ་རྩ་རུ་བཞིན།། བདུན་པ་ཡི་ནི་གསུམ་པ་ལ།། དྲུག་པའི་བཞི་པ་དེ་ལ་སྦྱིན།། དྲུག་པ་ཡི་ནི་གཉིས་པ་ལ། ། ལྔ་པའི་གསུམ་པ་དེ་ལ་སྦྱིན།། དེ་འོག་ལྔ་པའི་གསུམ་པ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དང་པོའི་གསུམ་པ་དེ་ལ་སྦྱིན།། གསུམ་བཞིའི་ཐ་མ་གཉིས་བསྡུས་ཏེ།། ལྔ་པ་ཡི་ནི་གསུམ་པ་ལ། ། བརྒྱད་པའི་དང་པོ་སྟེང་ནས་བརྒྱན།། དེ་འོག་མཐར་གནས་ཐ་ལྟག་ལ།། ཤེས་རབ་གསུམ་པས་འོག་ནས་བརྒྱན།། སྟོང་པའི་བརྒྱན་པས་སྟེང་ནས་མཛེས།། དེ་ཉིད་བཞིན་དུ་ཡང་བསྡུས་ཏེ།། དེ་འོག་ལྔ་པའི་གཉིས་པ་ལ། ། བཞི་པའི་དང་པོ་དེ་ལ་སྦྱིན།། བསད་པའི་དུས་དུ་གདགས་པ་ཡིན།། གསུམ་པ་ཡི་ནི་དང་པོ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། ལྔ་པའི་གསུམ་པ་དེ་ལ་སྦྱིན།། དེ་འོག་བཞི་པའི་དང་པོ་གཞག། གཉིས་པ་ཡི་ནི་དང་པོ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན།། དང་པོ་ཡི་ནི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། ཧ་ན་གཉིས་དང་ཧཱུཾ་ཕཊ་མཐའ།། སྔགས་མིང་ཡུམ་གྱི་རྩ་བའི་སྔགས།། དང་པོར་རྣམ་པར་སྣང་མཛད་དེ། ། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་དང་པོའི་གཉིས་པ་ལ།། དྲུག་པའི་གཉིས་པོས་འོག་ནས་བརྒྱན།། དེ་སྟེང་ཤེས་རབ་བདུན་པས་བརྒྱན།། དེ་འོག་བཞི་པའི་དང་པོ་སྟེ།། རང་གི་མིང་དང་ས་བོན་བཅས། ། ཧཱུཾ་ཆེན་བསྐྱེད་པའི་སྔགས་ཡིན་ཏེ།། གོང་དུ་ཇི་ལྟར་བསྒྲུབས་པ་ལ།། དེ་འོག་ལྔ་པའི་བཞི་པ་གཞག། དེ་སྟེང་ཤེས་རབ་གཉིས་པས་བརྒྱན།། དེ་འོག་གཉིས་པའི་བཞི་པ་གཞག། དེ་འོག་དྲུག་པའི་དང་པོ་སྟེ། ། མཐའ་མ་ཧཱུཾ་དང་ལྡན་པ་ནི།། རྣམ་པར་རྒྱལ་བ་བསྐྱེད་པའི་སྔགས།། གོང་མ་ཇི་ལྟར་བསྒྲུབ་པ་ལ།། བཞི་པའི་ཐ་མ་གཉིས་པས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་བཞག། དེ་འོག་བཞི་བའི་བཞི་པ་ལ། ། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་བཞི་པ་བཞག། མཐའ་མ་ཧཱུཾ་ལྡན་པ་ནི།། དབྱུག་སྔོན་བསྐྱེད་པ་རྐྱེན་གྱི་སྔགས།། གོང་དུ་ཇི་ལྟར་བསྒྲུབས་པ་ལ།། དྲུག་པའི་དང་པོ་རྩ་རུ་གཞག། དེ་འོག་ལྔ་པའི་ཐ་མ་ལ། ། བཞི་པའི་ཐ་མ་དེ་ལ་སྦྱིན།། དེ་འོག་གསུམ་པའི་དང་པོ་སྟེ།། ཐ་མ་ཧཱུཾ་དང་ལྡན་པ་ནི།། གཤིན་རྗེ་གཤེད་པོ་བསྐྱེད་པའི་སྔགས།། གོང་མ་ཇི་ལྟར་བསྒྲུབ་པ་ལ།། ཤེས་རབ་དང་པོ་གཞག་པར་བྱ། ། དེ་འོག་དྲུག་པའི་གཉིས་པ་ལ།། དང་པོའི་གསུམ་པ་འོག་ནས་བརྒྱན།། ཤེས་རབ་དང་པོ་ཡང་གཅིག་སྦྱིན།། དེ་འོག་གཉིས་པའི་གཉིས་པ་གཞག། དེ་འོག་དྲུག་པའི་གསུམ་པ་གཞག། ཐ་མ་ཧཱུཾ་དང་ལྡན་པ་ནི། ། མི་གཡོ་མགོན་པོ་བསྐྱེད་པའི་སྔགས།། གོང་མ་ཇི་ལྟར་བསྒྲུབ་པ་ལ།། མཐར་གནས་ཐ་ལྟག་གཞག་པར་བྱ།། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་དང་པོའི་གསུམ་པ་ལ།། དྲུག་པའི་གཉིས་པ་འོག་ནས་སྤྲས། ། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་གསུམ་པ་གཞག། ཐ་མ་ཧཱུཾ་དང་ལྡན་པ་ནི།། རྟ་མགྲིན་རྒྱལ་པོ་བསྐྱེད་པའི་སྔགས།། གོང་མ་ཇི་ལྟར་བསྒྲུབས་པ་ལ།། ཤེས་རབ་དང་པོ་གཞག་པར་བྱ། ། དེ་འོག་ལྔ་པའི་དང་པོ་གཞག། དེ་འོག་དྲུག་པའི་གཉིས་པའོ།། དེ་འོག་གཉིས་པའྀ་དང་པོ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་གསུམ་པའི་དང་པོ་སྟེ།། མཐའ་མ་ཧཱུཾ་དང་ལྡན་པ་ནི།། གཞན་གྱིས་མི་ཐུབ་བསྐྱེད་པའི་སྔགས། ། གོང་མ་ཇི་ལྟར་བསྒྲུབ་པ་ལ།། ཤེས་རབ་དང་པོ་སྔ་མ་བཞིན།། དེ་འོག་ལྔ་པའི་ལྔ་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་སྟེང་ཤེས་རབ་གཉིས་པས་བརྒྱན།། དེ་འོག་བཞི་པའི་དང་པོ་གཞག། དེ་འོག་དང་པོའི་དང་པོ་ལ།། ཤེས་རབ་གསུམ་པས་འོག་ནས་སྤྲས།། དེ་ལ་བཞི་པའི་ཐ་མ་སྦྱིན།། དེ་འོག་བཞི་པའི་དང་པོ་གཞག། དེ་འོག་དྲུག་པའི་གསུམ་པ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན། ། མཐའ་མ་ཧཱུཾ་དང་བཅས་པ་ནི།། བདུད་རྩི་འཁྱིལ་བ་བསྐྱེདཔ་འི་སྔགས།། གཞན་ཡང་གོང་བཞིན་བསྒྲུབ་པའི་འོག། གསུམ་པའི་དང་པོ་གཞག་པར་བྱ།། དྲུག་པའི་གཉིས་པ་འོག་ནས་སྤྲས།། ཤེས་རབ་དྲུག་པས་སྟེང་ནམས་བརྒྱན། ། དེ་འོག་དྲུག་པའི་གསུམ་པ་ལ།། ཤེས་རབ་བདུན་པས་སྟེང་ནས་དགོད། དེ་ལ་དང་པོའི་གསུམ་པ་སྦྱིན།། དེ་འོག་དང་པོའི་དང་པོ་དང།། དྲུག་པའི་དང་པོ་འོག་ནས་སྤྲས། ། དེ་འོག་ལྔ་པའི་གསུམ་པ་ལ།། སྟེང་དུ་ཤེས་རབ་གཉིས་པས་བརྒྱན།། དེ་འོག་གཉིས་པའི་དང་པོ་གཞག། དེ་འོག་དྲུག་པའི་དང་པོའི་དང་པོ་སྟེ།། མཐའ་མ་ཧཱུཾ་དང་ལྡན་པ་ནི།། ཁམས་གསུམ་རྣམ་རྒྱལ་བསྐྱེད་པའི་སྔགས། ། གོང་བཞིན་ཇི་ལྟར་བསྒྲུབ་པའི་འོག། ལྔ་པའི་ལྔ་པ་གཞག་པར་བྱ།། དེ་འོག་མཐར་གནས་ཐ་ལྟག་གཞག། དེ་འོག་ལྔ་པའི་དང་པོ་སྟེ།། དེ་འོག་དྲུག་པའི་གསུམ་པའོ།། ཧཱུཾ་ཞེས་མཐའ་རུ་བརྗོད་པ་ནི། ། སྟོབས་ཆེན་བསྐྱེད་པ་རྐྱེན་གྱི་སྔགས།། གོང་མ་ཇི་ལྟར་བསྒྲུབ་པའི་མཐའ།། སྟོང་པ་ཉིད་ལས་ཡང་དག་བརྒྱན།། ཐམས་ཅད་མཐུན་པར་ཤེས་པར་བྱ།། དེ་འོག་དང་པོའི་དང་པོ་ལ།། བདུན་པའི་དང་པོ་དེ་ལ་སྦྱིན། ། དྲུག་པའི་དང་པོ་རྩ་རུ་གཞག། དེ་འོག་བཞི་པའི་དང་པོ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། མཐའ་མ་ཧཱུཾ་དང་ལྡན་པ་ནི།། སྒྲ་འབྱིན་མ་ཡི་བསྐྱེད་པའི་སྔགས།། གོང་མས་ཇི་ལྟར་བསྒྲུབ་པའི་མཐར། ། དྲུག་པའི་གསུམ་པ་གཞག་པར་བྱ།། དེ་འོག་བདུན་པའི་ཐ་མ་ལ།། ཤེས་རབ་དྲུག་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། མཐའ་མ་ཧཱུཾ་དང་ལྡན་པ་ནི། ། རྣམ་སྙེམས་མ་ཡི་བསྐྱེད་པའི་སྔགས།། གསུམ་པ་ཡི་ནི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་བཞི་པའི་དང་པོ་ལ།། སྟོང་པའི་གཉིས་པ་སྟེང་དུ་བཀོད།། དེ་འོག་ལྔ་པའི་གསུམ་པ་བཞག། དེ་འོག་དྲུག་པའི་དང་པོའོ།། མཐའ་ཡི་སྔགས་དང་ལྡན་པ་ནི།། རྡོ་རྗེ་སྡེར་མོ་བསྐྱེད་པའི་སྔགས།། གོང་མ་ཇི་ལྟར་བསྒྲུབ་པའི་མཐར།། བདུན་པ་ཡིན་མ་པ་གཞག། བཞི་པའི་དང་པོ་དེ་ལ་སྦྱིན།། དེ་རྗེས་བཞི་པའི་ལྔ་པ་གཞག། དེ་འོག་ལྔ་པའི་དང་པོ་གཞག། དེ་རྗེས་བཞི་པའི་དང་པོ་ལ།། ཤེས་རབ་གཉིས་པ་དེ་ལ་སྦྱིན།། མཐའ་མའི་ཧཱུཾ་དང་ལྡན་པ་ནི།། དུར་ཁྲོདམ་ཡི་བསྐྱེད་པའི་སྔགས།། དེ་ནས་ལྔ་པའི་ལྔ་པ་ལ། ། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་མཐར་གནས་མཐའ་ལྟག་གཞག། དེ་རྗེས་དྲུག་པའུ+ི་གསུམ་པ་གཞག། ཧཱུཾ་གི་མཐའ་དང་ལྡན་པ་ནི།། གཏུན་ཁུང་མ་ཡི་བསྐྱེད་པའི་སྔགས།། གོང་དུ་ཇི་ལྟར་བཤད་པའི་མཐར། ། གཉིས་པའི་གསུམ་པོ་གཞག་པར་བྱ།། དེ་རྗེས་དྲུག་པའི་དང་པོ་སྟེ།། དེ་འོག་བཞིན་པའི་དང་པོ་བཞག། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། མཐའ་མར་ཧཱུཾ་དང་ལྡན་པ་ནི།། རྡོ་རྗེ་གཏུམ་མོ་བསྐྱེད་པའི་སྔགས། ། གོང་མ་ཇི་ལྟར་བསྒྲུབ་པའི་མཐར།། བདུན་པའི་དང་པོ་ཞག་པར་བྱ།། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་དང་པོས་འོག་ནས་སྤྲས།། དེ་རྗེས་བཞི་པའི་དང་པོ་ལ། ། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། ཧཱུཾ་ཞེས་མཐའ་རུ་བརྗོད་པ་ནི།། མདའ་སྙེམས་མ་ཡི་བརྗོད་པའི་སྔགས།། གོང་གི་ཇི་ལྟར་བསྒྲུབ་པའི་མཐར།། ལྔ་པའི་གསུམ་པ་གཞག་པར་བྱ།། དེ་འོག་དྲུག་པའི་དང་པོ་ཡིན། ། དེ་རྗེས་ལྔ་པའི་གསུམ་པ་ལ།། སྟོང་བའི་དྲུག་པས་སྟེང་ནས་བརྒྱན།། ཧཱུཾ་གི་མཐའ་དང་ལྡན་པ་ནི།། རླུང་འབྱིན་མ་ཡི་བསྐྱེད་པའི་སྔགས།། དང་པོ་ཇི་ལྟར་བསྒྲུབས་པའི་མཐར།། བདུན་པའི་གསུམ་པ་གཞག་པར་བྱ། ། གསུམ་པའི་དང་པོ་དེ་ལ་སྦྱིན།། སྟོང་པའི་གཉིས་པས་དེ་ལ་མཛེས།། དེ་འོག་དྲུག་པའི་གཉིས་པ་གཞག། དེ་འོག་ལྔ་པའི་ལྔ་པ་གཞག། གསུམ་པ་ཡི་ནི་ལྔ་པ་ན།། སྟོང་པའི་གཉིས་པ་དེ་ལ་མཛེས། ། མཐའ་མ་ཧཱུཾ་དང་ལྡན་པ་ནི། གསོད་ཆེན་མ་ཡི་བསྐྱེད་བསྔགས་ཡིན།། གོང་མ་ཇི་ལྟར་བསྒྲུབས་པའི་མཐར།། གཉིས་པའི་དང་པོ་གཞག་པར་བྱ།། སྟོང་པ་གཉིས་པས་སྟེང་ནས་བརྒྱན།། དེ་ལ་བཞི་པའི་ལྔ་པ་སྦྱིན། ། དེ་འོག་བཞི་པའི་གསུམ་པ་གཞག། དེ་རྗེས་ལྔ་པའི་ལྔ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་བཞི་པའི་ལྔ་པ་ལ།། ཤེས་རབ་དྲུག་པས་སྟེང་ནས་བརྒྱན།། མཐའ་མ་ཧཱུཾ་ཞེས་བརྗོད་པ་ནི། ། བསྐྱོད་ཆེན་མ་ཡི་བསྐྱེད་པའི་སྔགས།། རྣམ་པར་སྣང་མཛད་ཧཱུཾ་ཕཊ་མཐའ།། ཡང་སྙིང་ཡི་གེ་འབྲུ་དགུ་པོ།། མ་ནོར་རྩ་བའི་སྙིང་པོ་དང།། སྲས་མཆོག་བསྐྱེད་པའི་སྔགས་ཡིན་ནོ།། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ། ། རེ་རེ་ལ་ཡང་གསུམ་གསུམ་དགུས།། དམ་ཚིག་དཀྱིལ་འཁོར་བྱིན་དབབ་སྔགས།། ཐོག་མར་རྣམ་པར་སྣང་མཛད་སྔགས།། བཞག་ལ་དབྱངས་ཡིག་དང་པོ་སྦྱིན།། དྲུག་པས་སྟེང་ནས་ཡོངས་སུ་བརྒྱན། ། མཐར་གནས་མཐའ་ལྟག་ལན་གཉིས་སྦྱིན།། འོག་མ་ཤེས་རབ་གཉིས་པས་བརྒྱན།། དེ་འོག་ལྔ་པའི་གསུམ་པ་ལ།། དེ་འོག་དང་པོའི་གསུམ་པ་གཞག། ལྔ་པ་ཡི་ནི་བཞི་པ་ལ།། གསུམ་པའི་ལྔ་པ་དེ་ལ་སྦྱིན། ། དེ་འོག་ལྔ་པའི་ལྔ་པ་གཞག། དེ་འོག་མཐའ་གནས་ཐ་ལྟག་གཞག། དང་པོའི་དང་པོ་ཡང་དག་ལྡན།། དྲུག་པ་ཡི་ནི་གཉིས་པ་ལ།། ཤེས་རབ་ཀྱི་ནི་གསུམ་པ་སྦྱིན།། གསུམ་པ་ཡི་ནི་ལྔ་པ་ལྔ།། དབྱངས་ཀྱི་གཉིས་པ་དེ་ལ་སྦྱིན། ། དེ་འོག་དང་པོའི་དང་པོ་གཞག། གསུམ་པ་ཡི་ནི་དང་པོ་ལ།། དྲུག་པའི་གཉིས་པ་ཡང་དག་ལྡན།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་དང་པོ་གཞག། མཐར་གནས་ཀྱི་ནི་ཐ་ལྟག་ལ། ། དབྱངས་ཡིག་བདུན་པས་འོག་མས་བརྒྱན།། ས་མ་ཡ་ཡི་དམ་ཚིག་བསྐུལ།། ཧོ་ཞེས་དགེས་པར་གྱུར་པ་དང།། གོང་མ་ཇི་ལྟར་བསྒྲུབས་པ་ལ།། སྟཾ་ཞེས་དུས་ལ་བབ་པར་བསྐུལ།། ཛ་ཧཱུཾ་བཾ་ཧོ་རྣམ་བཞི་ཡིས། ། བསྐྱེད་དང་དབྱེར་མེད་བསྟིམ་བྱས་པ།། ཡེ་ཤེས་དཀྱིལ་འཁོར་དགུག་གཞུག་སྔགས།། དང་པོ་བཞི་པའི་དང་པོ་ལ།། བཞི་པའི་གསུམ་པ་དེ་ལ་སྦྱིན།། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་བཞི་པའི་གཉིས་པ་གཞག། དེ་འོག་དྲུག་པའི་གཉིས་པའོ།། དེ་འོག་དང་པོའི་གསུམ་པ་ལ།། བདུན་པའི་དང་པོ་རྩ་རུ་གཞག། རུ་རུ་གཉིས་དང་རོ་རུ་གཉིས།། དེའོག་གཉིས་པའི་དང་པོ་གཞག། དེ་འོག་ལྔ་པའི་དང་པོ་གཞག། དེ་འོག་དྲུག་པའི་གསུམ་པ་གཞག། དེ་འོག་སྟོང་པའི་དང་པོ་གཞག། བདུན་པ་ཡི་ནི་དང་པོ་ལ།། སྟོང་པའི་གསུམ་པས་འོག་གནས་སྤྲས།། དེ་ལ་དང་པོའི་གསུམ་པ་སྦྱིན།། མེ་དང་ཧཱུཾ་དུ་བཅས་པར་བྱ།། རེ་མ་ཏི་ཡི་བསྐྱེད་པའི་སྔགས། ། གོང་མ་ཇི་ལྟར་སྒྲུབས་པ་དང།། ཙ་པ་ལ་ཞེས་བོར་བ་ནི།། རེ་མ་ཏི་ཡི་བསྐྱེད་པའི་སྔགས།། ཏདྱ་ཐཱ་ནས་རུ་ཡི་བར།། གོང་དུ་ཇི་ལྟར་སྒྲུབས་པ་ལས།། དེ་འོག་ལྔ་པའི་གསུམ་པ་གཞག། དེ་འོག་གསུམ་པའི་དང་པོ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། བདུན་པའི་ཡི་ནི་ཐ་མ་ལ།། སྟོ་པའི་གཉིས་པ་སྟེང་ནས་བརྒྱན།། མཐའ་མ་ཧཱུཾ་དང་ལྡནཔ་ནི།། རེ་མ་ཛ་ཡི་བསྐྱེད་པའི་སྔགས། ། གོང་མ་ཇི་ལྟར་སྒྲུབས་པ་ལ།། སི་ཡི་གྲལ་དུ་རྟ་བཞག་ལ།། རེ་མ་ཛུ་ཡི་བསྐྱེད་པའི་སྔགས།། དང་པོ་གཉིས་པའི་གཉིས་པ་གཞག། དེ་རྗེས་དྲུག་པའི་དང་པོའོ།། དེ་འོག་བཞི་པའི་གསུམ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས། ། མཐའ་མ་ཧཱུཾ་དང་ལྡན་པ་ནི།། དུང་གི་སྤྱང་མོ་བསྐྱེད་པའི་སྔགས།། ལྔ་པ་ཡི་ནི་ལྔ་པ་ལ།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། བཞི་པ་ཡི་ནི་དང་པོ་ལ།། སྟོང་པ་ཡི་ནི་གཉིས་པས་མཛད།། ཧཱུཾ་གི་མཐའ་དང་ལྡན་པ་མིན། ། ལྕགས་ཀྱི་ཁྱི་མོ་བསྐྱེད་པའི་སྔགས། དང་པོ་བདུན་པའི་དང་པོ་ལ།། དྲུག་པའི་བཞི་པས་མགོ་ནས་སྤྲས།། དེ་འོག་དྲུག་པའི་གཉིས་པ་ལ།། ཤེས་རབ་གཉིས་པས་སྟེང་ནས་སྤྲས།། མཐའ་མ་ཧཱུཾ་དང་ལྡན་པ་ནི། ། ཟངས་ཀྱི་ཝ་མོ་བསྐྱེད་པའི་སྔགས།། དང་པོ་བཞི་པའི་ལྔ་པ་གཞག། སྟོང་བའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པས་གསུམ་པ་གཞག། དེའོག་ལྔ་པའི་དདང་པོ་སྦྱིན།། སྟོང་པའི་གསུམ་པས་འོག་ནས་སྤྲས། ། དེ་འོག་བཞི་པའི་དང་པོ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། ཧཱུཾ་ཞེས་མཐའ་མར་གཞག་པ་ནི།། ཟངས་ཀྱི་འཕར་བ་བསྐྱེད་བའི་སྔགས།། བདུན་པ་ཡི་ནི་ཐ་མ་ལ།། དབྱངས་ཀྱི་གསུམ་པས་འོག་ནས་མཛེས། ། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་དེ་ལ་སྦྱིན།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་དང་པོ་གཞག། དེ་འོག་དྲུག་པའི་གཉིས་ཕ་གཞག། མཐར་ནི་ཧཱུཾ་ཞེས་བརྗོད་པ་ནི།། ཡ་བྱིན་མ་ཡི་བསྐྱེད་པའི་སྔགས།། ལྔ་པ་ཡི་ནི་དང་པོ་དང།། དྲུག་པའི་གཉིས་པ་གོང་དང་འདྲ།། དེ་འོག་གཉིས་པའི་དང་པོ་ལ།། ཤེས་རབ་གཉིས་པས་དེ་བཞིན་བརྒྱན། ། བཞི་པའི་དང་པོ་རྩ་རུ་གཞག། མཐའ་མ་ཧཱུཾ་དང་ལྡན་པ་ནི།། དེ་བྱིན་མ་ཡི་བསྐྱེད་པའི་སྔགས།། དྲུག་པ་ཡི་ནི་དང་པོ་ལ།། ཤེས་རབ་བདུན་པས་སྟེང་ནས་བརྒྱན།། འོག་དང་པོའི་གསུམ་པ་ལ།། དབྱངས་ཀྱི་གཉིས་པས་དེ་བཞིན་བརྒྱན། ། བདུན་པ་ཡི་ནི་དང་པོ་ལ།། དྲུག་པའི་ཐ་མ་དེ་ལ་སྦྱིན།། དྲུག་པ་ཡི་ནི་གཉིས་པ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་གསུམ་པ་ལ།། དབྱངས་ཡིག་གཉིས་པས་དེ་བཞིན་བརྒྱན། ། བདུན་པ་ཡི་ནི་དང་པོ་ལ།། དྲུག་པའི་ཐ་མ་དེ་ལ་སྦྱིན།། དྲུག་པ་ཡི་ནི་གཉིས་པ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། མཐའ་ཡི་ཧཱུཾ་དང་ལྡན་པ་ནི།། བསེ་བྱིན་མ་ཡི་བསྐྱེད་པའི་སྔགས། ། དྲུག་པ་ཡི་ནི་དང་པོ་ལ།། དེ་འོག་ལྔ་པའི་ཐ་མ་གཞག། དེ་འོག་གཉིས་པའི་དང་པོ་ལ།། དབྱངས་ཀྱི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་གསུམ་པའི་དང་པོ་གཞག། ཧཱུཾ་གི་མཐའ་དང་ལྡན་པ་ནི། ། ཕག་བྱིན་མ་ཡི་བསྐྱེད་པའི་སྔགས།། དང་པོར་རྣམ་པར་སྣང་མཛད་གཞག། དེ་འོག་དྲུག་པའི་གསུམ་པ་ལ།། སྟོང་པའི་བརྒྱད་པས་སྟེང་ནས་བརྒྱན།། དེ་འོག་ཧཱུཾ་དང་གོང་མ་གཞག། དེ་རྗེས་བདུན་པའི་ཐ་མ་ལ། ། བཞི་པའི་དང་པོ་དེ་ལ་སྦྱིན།། སྟོང་པའི་བརྒྱད་པས་སྟེང་ནས་བརྒྱ།། དེ་འོག་ལྔ་པའི་གསུམ་པ་གཞག། བཞི་པའི་ལྔ་པ་ལན་གཉིས་སྦྱིན།། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་མཐར་གནས་ཐ་ལྟག་གཞག། དེ་རྗེས་དང་པོའི་བཞི་པ་གཞག། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་དང་པོའི་གསུམ་པའོ།། དེ་རྗེས་ལྔ་པའི་བཞི་པ་ལ།། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་བདུན་པའི་དང་པོ་ལ། ། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་སྟེང་སྟོང་པའི་གཉིས་པས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། དེ་ལ་དྲུག་པའི་གཉིས་པ་དང།། ཤེས་རབ་གཉིས་པའི་སྔ་མ་བཞིན།། དེ་འོག་ལྔ་པའི་བཞི་པ་ལ། ། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། གོང་མ་བཞིན་དུ་ཟུང་དུ་བསྡེབ།། དེ་འོག་མི་ཤིགས་སྙིང་པོ་ཅན།། ཧཱུཾ་གི་སྔགས་དང་ལྡན་པ་ལ།། དང་པོའི་དང་པོ་དྲུག་པའི་གཉིས།། ཧཱུཾ་གསུམ་ཕཊ་གསུམ་ལྡན་པར་བྱ། ། འདི་ནི་ཟིལ་གྱིས་གནོན་པའི་སྔགས།། དང་པོ་མི་ཤིགས་སྙིང་པོ་ལ།། ཀཱི་ལ་ཡ་ཡི་ཡི་གེ་ལྔ།། ཛ་ཧཱུཾ་བཾ་ཧོ་བཞི་དང་བཅས།། འདི་ནི་དགུག་པའི་སྙིང་པོའི།། ཐམས་ཅད་པ་ཡི་ཡི་གེ་ལ།། ལྔ་པའི་བཞི་པ་རྩ་རུ་གཞག། སྟོང་པའི་གཉིས་པ་སྟེང་ནས་བརྒྱན།། དེ་ལ་དང་པོའི་གསུམ་པ་སྦྱིན།། གསུམ་བཞི་གཉིས་ཀྱི་ལྔ་པ་བསྡེབ།། ཡང་སྙིང་འབྲུ་དགུ་དག་དང་བཅས།། དེ་འོག་མི་ཤིགས་སྙིང་པོ་ཅན།། ཧཱུཾ་ཀ་ར་དང་ཧཱུཾ་ཕཊ་ཨ། ། ཚེ་ལུང་ཁྲུས་ལུང་ཆེན་པོ་ཡིན།། དང་པོ་ཧཱུཾ་གི་ཡི་གེ་ལ།། ལྔ་པའི་དང་པོ་རྩ་རུ་བཞག། དེ་འོག་དྲུག་པའི་གཉིས་པར་གཞག། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པ་ཡི་ནི་དང་པོ་སྦྱིན།། དབྱངས་ཀྱི་གཉིས་པས་སྟེང་ནས་བརྒྱན། ། བཞི་པའི་དང་པོ་དེ་ལ་སྦྱིན།། གསུམ་པ་ཡི་ནི་དང་པོ་ལ།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། ཧཱུཾ་ཕཊ་མཐའ་དང་ལྡན་པ་ནི།། གཙོ་བོའི་ལས་སྔགས་ཡིན་པར་ཤེས།། དེ་ནས་གཉིས་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་རྗེས་བཞི་པའི་བཞི་པ་གཞག། གོང་མ་ཇི་ལྟར་བསྒྲུབ་པ་ལ།། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། བདུད་རྩི་འཁྱིལ་བའི་ལས་སྔགས་ཡིན།། དེ་ནས་ལྔ་པའི་བཞི་པ་ལ། ། སྟོང་པའི་གཉིས་པས་འོག་ནས་སྤྲས།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་བཞི་པ་གཞག། གོང་མ་ཇི་ལྟར་བསྒྲུབས་པའི་མཐར།། ཧཱུཾ་ཕཊ་གཉིས་དང་བཅས་པ་ན།། ཁམས་གསུམ་རྣམ་རྒྱལ་ལས་ཀྱི་སྔགས། ། དེ་རྗེས་དང་པོ་བཞི་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་རྗེས་སྟོང་པའི་གཉིས་པས་བརྒྱན།། དེ་འོག་བཞི་པའི་ལྔ་པ་གཞག། གོང་བཞིན་སྒྲུབས་ལ་ཧཱུཾ་ཕཊ་བཅས། ། རྟ་མགྲིན་རྒྱལ་པོའི་ལས་སྔགས་ཡིན།། ཧེ་ན་དྲག་པོར་ལན་གཉིས་བརྗོད།། ཧཱུཾ་ཕཊ་མཐའ་དང་བཅས་པ་ནི།། རྣམ་པར་རྒྱལ་བའི་ལས་སྔགས་ཡིན།། ལྔ་པ་ཡི་ནི་བཞི་པ་ལ།། བཞི་པའི་ལྔ་པ་དེ་ལ་སྦྱིན། ། དེ་འོག་བཞི་པའི་བཞི་པ་གཞག། གོང་བཞིན་བསྒྲུབས་ལ་ཧཱུཾ་ཕཊ་ཅན།། མི་གཡོ་མགོན་པོའི་ལས་ཀྱི་སྔགས།། བཞི་པའི་དང་པོ་དབུར་གཞག་པ།། གསུམ་པའི་གཉིས་པས་དེ་ལ་སྦྱིན།། དེ་འོག་གསུམ་པའི་གཉིས་པར་གཞག། དེ་འོག་དྲུག་པའི་དང་པོ་གཞག། གོང་མ་བཞིན་དུ་བསྒྲུབས་པ་ལ།། ཧཱུཾ་ཕཊ་མཐའ་དང་བཅས་པ་ནི།། འདི་ནི་རྫུ་འཕྲུལ་དབྲོག་པ་དང།། གཏུན་དུ་བརྡུངས་པའི་སྙིང་པོ་ཡིན།། དེ་འོག་མཐར་གནས་ཐ་ལྟག་གཞག། དེ་འོག་བདུན་པའི་ཐ་མ་སྦྱིན།། དེ་འོག་དྲུག་པའི་དང་པོ་ལ།། དེ་འོག་དྲུག་པའི་གཉིས་པའོ།། དེ་འོག་མཐར་གནས་ཐ་ལྟག་གཞག། གསུམ་པའི་དང་པོ་ཐ་མ་སྦྱིན།། ཧཱུཾ་དང་ཕཊ་ཅེས་བརྗོད་པ་ནི། ། རྟེན་དང་དབྲལ་བའི་སྙིང་པོ་ཡིན།། དེ་འོག་བདུན་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་སྟེང་སྟོང་པའི་གཉིས་པས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། དྲུག་གཉིས་འོག་སྤྲས་སྟོང་ཉིད་དེ། ། དྲུག་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་སྟོང་པའི་དང་པོ་གཞག། དེ་འོག་གསུམ་པའི་ལྔ་པ་བཞག། དེ་འོག་དྲུག་པའི་དང་པོ་ལ།། ཧཱུཾ་ཕཊ་མཐའ་དང་བཅས་པ་ནི།། འདི་ནི་ཡན་ལག་བཅིངས་བའི་སྔགས། ། གཉིས་པ་ཡི་ནི་གསུམ་པ་ལ།། དྲུག་པའི་བཞི་པ་དེ་ལ་སྦྱིན།། དེ་འོག་དྲུག་པའི་གསུམ་པ་གཞག། དེ་འོག་ལྔ་པའི་དང་པོ་གཞག། དྲུག་པའི་དང་པོ་རྩ་རུ་གཞག། ལན་གཉིས་བསྒྲུབས་ཏེ་ཧཱུཾ་ཕཊ་མཐའ། ། སྨྲ་བར་བྱེད་པའི་སྙིང་པོ་ཡིན།། སྟོང་པ་ཡི་ནི་དང་པོ་གཞག། དེ་འོག་ལྔ་པའི་གསུམ་པ་ལ།། དབྱངས་ཡིག་དྲུག་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་དང་པོ་གཞག། དེ་འོག་དྲུག་པའི་དང་པོ་གཞག། གོང་བཞིན་བསྒྲུབས་ལ་ཧཱུཾ་ཕ[་]ཊ་སྦྱིན།། འདི་ནི་གཟུགས་ལ་བཏུ་བའི་སྔགས།། དེ་འོག་ལྔ་པའི་བཞི་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་བཞི་པ་གཞག། དྲུག་པའི་དང་པོ་སྔ་མ་སྦྱིན། ། ལན་གཉིས་ཧཱུཾ་ཕཊ་དང་བཅས་པ།། འདི་ནི་ཞལ་དུ་བསྟབ་པའི་སྔགས།། དང་པོ་མཐར་གནས་ཐ་ལྟག་གཞག། དེ་འོག་གསུམ་པའི་ལྔ་པ་གཞག། ལན་གཉིས་བསྒྲུབས་ཏེ་མི་ཤིགས་མཐའ།། གཞན་གྱིས་མི་ཐུབ་ལས་ཀྱི་སྔགས། ། གསུམ་པའི་བཞི་པ་མཐའ་གནས་དགོད།། ལན་གཉིས་བསྒྲུབས་ཏེ་མི་ཤིགས་མཐའ།། དབྱུག་པ་སྔོན་པོ་ལས་ཀྱི་སྔགས།། ལྔ་དང་གཉིས་པའི་དང་པོ་བསྡེབ། ལན་གཉིས་བསྒྲུབས་ཏེ་མི་ཤིགས་མཐའ། ། གཤིན་རྗེ་གཤེད་པོའི་ལས་ཀྱི་སྔགས།། གཞན་ཡང་འཁོར་གྱི་ལས་སྔགས་རྣམས།། རིམ་པ་ཇི་བཞིན་ཡང་བསྡུས་པ།། དང་པོ་ཡི་ནི་གསུམ་པ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན། ། དེ་འོག་གཉིས་པའི་བཞི་པ་གཞག། ལན་གཉིས་བསྒྲུབས་ཏེ་ཧཱུཾ་ཕཊ་མཐའ།། ཕག་དང་རྨིག་བུ་ལས་ཀྱི་སྔགས།། མཐར་གནས་ཐ་ལྟག་གསུམ་པའི་མཐའ།། ལན་གཉིས་ཧཱུཾ་ཕཊ་དང་བཅས་པ།། སྟག་དང་བྱ་རྒོད་ལས་ཀྱི་སྔགས། ། གསུམ་པའི་བཞི་པ་མཐར་གནས་སྟག། ལན་གཉིས་བརྗོད་དེ་ཧཱུཾ་ཕཊ་མཐའ།། གཡག་དང་བྱ་རོག་ལས་ཀྱི་སྔགས།། ལྔ་དང་གཉིས་པའི་དང་པོ་གཉིས།། ལན་གཉིས་ཧཱུཾ་ཕཊ་དང་བཅས་པ། ། ཤ་བ་འུག་པའི་ལས་ཀྱི་སྔགས།། ལྔ་པ་ཡི་ནི་བཞི་པ་ལ།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་བཞི་པ་གཞག། ཧཱུཾ་ཕཊ་གཟིགས་དང་ཁྭ་ཡི་སྔགས།། མཐར་གནས་དྲུག་པའི་ཐ་ལྟག་ལ།། དབྱངས་ཀྱི་གསུམ་པས་འོག་ནས་མཛེས། ། ལན་གཉིས་ཧཱུཾ་དང་ཕཊ་ཅེས་པ།། བྱི་ལ་པུ་ཤུད་ལས་ཀྱི་སྔགས།། གསུམ་པ་ཡི་ནི་དང་པོ་ལ།། ཤེས་རབ་གཉིས་པ་དག་གིས་བརྒྱན།། བདུན་པ་ཡི་ནི་གསུམ་པ་ལ།། གསུམ་པའི་དང་པོས་འོག་ནས་མཛེས། ། ལན་གཉིས་བསྒྲུབ་སྟེ་ཧཱུཾ་ཕཊ་ཅན།། སྤྱང་ཁུ་ཁྲ་ཡི་ལས་ཀྱི་སྔགས།། གཉིས་པ་ཡི་ནི་དང་པོ་ལ།། ཤེས་རབ་ཀྱི་ནི་གཉིས་པས་བརྒྱན།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་བཞི་པ་གཞག། ལན་གཉིས་བསྒྲུབ་སྟེ་ཧཱུཾ་ཕཊ་མཐའ།། སེང་གེ་ཕ་ཝང་ལས་ཀྱི་སྔགས།། ལྔ་པ་ཡི་ནི་གསུམ་པ་ལ།། དབྱངས་ཀྱི་གཉིས་པས་སྟེང་ནས་མཛེས།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་བཞི་པ་གཞག། ལན་གཉིས་ཧཱུཾ་ཕཊ་དང་བཅས་པ།། ངོམ་དང་སྲེ་མོ་ལས་ཀྱི་སྔགས།། བདུན་པ་ཡི་ནི་ཐ་མ་ལ།། ལྔ་པའི་དང་པོ་དེ་ལ་སྦྱིན།། ཤེས་རབ་བདུན་པས་སྟེང་ནས་བརྒྱན།། དེ་འོག་གཉིས་པའི་བཞི་པ་གཞག། ལན་གཉིས་བསྒྲུབས་ཏེ་ཧཱུཾ་ཕཊ་བཅས།། དྲེད་དང་བྱི་བའི་ལས་ཀྱི་སྔགས།། གཞན་ཡང་ལས་སྔགས་བཏུ་བ་ནི།། དང་པོའི་ལྔ་པ་ལྔ་པ་གཞག། དེ་འོག་གསུམ་པའི་གཉིས་པ་གཞག། ལན་གཉིས་བརྗོད་དེ་མི་ཤིག་མཐའ། ། དེ་འོག་གཉིས་པའི་གསུམ་པ་ལ།། དྲུག་པའི་བཞི་པ་དེ་ལ་སྦྱིན།། དེ་འོག་དྲུག་པའི་གསུམ་པ་གཞག། ལན་གཉིས་མི་ཤིགས་སྔ་མ་བཞིན།། སུ་རུ་གཉིས་དང་མུ་རུ་གཉིས།། སྔ་བཞིན་བཛྲ་དང་བཅས་པ། ། ཤོ་ན་མ་ཡི་ཐུན་སྔགས་ཡིན།། དེ་ནས་དང་པོའི་དང་པོ་གཞག། དེ་འོག་གསུམ་པའི་དང་པོ་ལ།། དང་པོའི་ལྔ་པ་དེ་ལ་བསྟིམ།། དེ་འོག་དང་པོའི་དང་པོ་གཞག། དེ་འོག་གསུམ་པའི་དང་པོ་ལ།། སྟོང་པའི་དྲུག་པས་དེ་ལ་བརྒྱན། དྲུག་པའི་དང་པོ་གྲལ་ལ་བསྡུ།། དེ་འོག་གཉིས་པའི་གསུམ་པ་བཞག། དེ་འོག་དྲུག་པའི་དང་པོ་ལ།། སྟེང་པའི་དྲུག་པ་དེ་ལ་སྦྱིན།། དེ་འོག་ལྔ་པའི་བཞི་པ་ལ།། སྟེང་པའི་གཉིས་པས་སྟེང་ནས་བརྒྱན། ། དེ་འོག་གཉིས་པའི་གསུམ་པ་བཞག། དྲུག་པའི་དང་པོ་སྔར་བཞིན་བརྒྱན།། ཡང་ཅིག་དྲུག་པའི་དང་པོ་གཞག། དེ་འོག་སྟེང་པའི་དང་པོ་ལ།། གཉིས་པའི་དང་པོ་གཉི།། ལྔ་པའི་ལྔ་པ་དྲུག་པའི་གཉིས། ། བདུན་པའི་གསུམ་པ་ལྔ་པའི་ལྔ།། རྐྱང་པར་གྲལ་ལ་བསྡུ་བར་བྱ།། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། ལྔ་པ་ཡི་ནི་ལྔ་པ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན། དྲུག་པའི་གཉིས་པ་དེ་ཉིད་ལ། ། གསུམ་པའི་དང་པོས་འོག་ནས་བརྒྱན།། དེ་འོག་གསུམ་པའི་ལྔ་པ་གཞག། དྲུག་པའི་དང་པོ་ཧཱུཾ་ཕཊ་བཅས།། ལྷ་མོ་བཞི་ཡི་ཐུན་སྔགས་ཡིན།། སྟོད་ཀྱི་ཐུན་སྔགས་གཉིས་པ་ལ།། སྟོང་སྟོང་གྲངས་ནི་ཚང་བ་དང། ། སྨན་གྱི་ཐུན་འདི་བརྒྱ་བརྒྱ་གདགས།། དང་པོ་ཧཱུཾ་གིས་སྣ་གྲངས་ལ།། ལྔ་པའི་ལྔ་པ་ལན་གཉིས་གཞག། དེ་འོག་ལྔ་པའི་དང་པོ་གཞག། དེ་འོག་བདུན་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། དང་པོ་ཡི་ནི་དང་པོ་ལ།། སྟོང་བའི་གསུམ་པས་དེ་བཞིན་བརྒྱན།། དྲུག་པ་ཡི་ནི་གཉིས་པ་ལ།། སྟོང་པའི་གསུམ་པས་དེ་བཞིན་བརྒྱན།། དེ་འོག་ལྔ་པའི་ལྔ་པ་གཞག། གསུམ་པ་ཡི་ནི་དང་པོ་ལ། ། ལྔ་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་ལྔ་པ་གཞག། དེ་འོག་དང་པོའི་དང་པོ་གཞག། སྟོང་པའི་དང་པོ་གཉིས་པས་བརྒྱན།། གསུམ་བཞི་གཉིས་ཀྱི་ཐ་མ་བསྡེབ།། དེ་འོག་བཞི་པའི་བཞི་པ་གཞག། གསུམ་པའི་དང་པོ་གཉིས་པས་བརྒྱན།། ལྔ་པའི་ལྔ་པས་ལན་གཉིས་གཞག། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པ་ལྔ་ལ་སྦྱིན།། ལྔ་པའི་ལྔ་པ་ཡང་ཅིག་གཞག། བདུན་པ་ཡི་ནི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་བརྒྱན། ། དེ་སྟེང་སྟོང་པའི་གཉིས་པ་གཞག། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་མཛེས།། དང་པོའི་ལྔ་པ་དེ་ལ་སྦྱིན།། དེ་འོག་དང་པོའི་དང་པོ་གཞག། དེ་འོག་དྲུག་པའི་གཉིས་པ་ལ། ། སྟོང་པའི་དྲུག་པས་དེ་ལ་མཛེས།། དེ་འོག་དྲུག་པའི་དང་པོ་གཞག། འདི་ནི་གཟུགས་ཕུང་གཤིག་པ་དང།། བདག་ཉིད་མ་ཡི་ཐུན་སྔགས་ཡིན།། སྟོད་སྨད་སྔགས་གཉིས་གོ་བཟློག་སྟེ།། བྷྱོ་ཡིས་སྤྲས་པ་ཟོར་སྔགས་ཡིན། ། ཉི་ཤུ་རྩ་གཅིག་བྷྱོ་རྣམས་ནི།། བཏུ་མི་དགོས་ཏེ་དེ་ཉིད་དོ།། བདུན་པ་ཡི་ནི་ཐ་མ་ལ།། དྲུག་པའི་བཞི་པ་དེ་ལ་སྦྱིན།། དེ་འོག་དྲུག་བའི་གཉིས་པ་ལ།། ལྔ་པའི་གསུམ་པ་དེ་ལ་སྦྱིན། ། དེ་འོག་སྟོང་པའི་དང་པོ་གཞག། དེ་འོག་གསུམ་པའི་ལྔ་པ་སྦྱིན།། དྲུག་པའི་དང་པོ་མཐར་གཞག་པ།། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། ཧཱུཾ་ཆེན་རྒྱལ་པོའི་ལས་སྔགས་ཡིན།། བསྡུས་པའི་སྔགས་སུ་བཏུས་པ་བཞིན། ། མང་ཉུང་མེད་པར་འདིར་སྦྲན། བརྒྱན། སྟེང་པའི་དང་པོ་ལྔ་པར་བཅས། དེ་འོག་དྲུག་པའི་གཉིས་པ་གཞག། གཉིས་པའི་དང་པོ་གཉིས་པས་བརྒྱན།། བཞི་པའི་དང་པོ་དྲུག་པས་བརྒྱན།། སྟོབས་པོ་ཆེ་ཡི་ལས་སྔགས་ཡིན། ། མཐུ་དང་རྫུ་འཕྲུལ་སྦྲག་པ་ཡི།། གསང་སྔགས་དམ་པ་དེ་ཉིད་དོ།། དང་པོ་རྣམ་པར་སྣང་མཛད་བཞག། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་དྲུག་པའི་དང་པོ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན། ། དེ་འོག་བདུན་པའི་དང་པོ་གཞག། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དབྱངས་ཀྱི་བདུན་པས་སྟེང་ནས་མཛེས།། དེ་འོག་བཞི་པའི་དང་པོ་གཞག། ཁ་ཧི་གཉིས་དང་ཧ་ཧ་གཉིས། ། ཧཱུ~ཾ་གཉིས་ཕཊ་གཉིས་དང་བཅས་པ།། སྙིང་ཁྲག་ཞལ་དུ་རྡུབ་པའི་སྔགས།། ཀཱི་ལ་ཡ་ཡི་སྔགས་ཀྱི་མཐར།། ཁ་ཐམས་ཅད་དང་ཧཱུཾ་གསུམ་དང།། མཐའ་རུ་ཕཊ་གསུམ་བརྗོད་པ་ནི།། ཉི་ཤུ་རྩ་གཅིག་ལྷ་ཚོགས་ཀྱི། ། ཞལ་དུ་བརྡུང་བའི་སྔགས་ཡིན་ནོ།། དང་པོ་དྲུག་པའི་གཉིས་པ་ལ།། སྟོང་པའི་བརྒྱད་པས་སྟེང་ནས་བརྒྱན།། ཛྭ་ཛྭ་ཛྭ་ལ་ལན་གཉིས་བརྗོད།། སྤར་ན་དང་ཕཊ་ཀྱིས་སྤྲས།། ཧཱུཾ་གིས་བཞི་མོའི་གནས་སུ་བསྡུ། ། མེ་སྤར་བ་ཡི་གསང་སྔགས་ཡིན།། དང་པོ་རྣམ་པར་སྣང་མཛད་ལ།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་རྗེས་བདུན་པའི་ཐ་མ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན། ། དེ་རྗེས་བཞི་པའི་དང་པོ་ལ།། དྲུག་པའི་གཉིས་པ་སྟོང་པའི་གསུམ།། སྟོང་པའི་བརྒྱད་པས་སྟེང་དུ་བརྒྱན།། ཧཱུཾ་དང་ས་མ་ཡ་སྟཾ་ཞེས།། བརྗོད་ནས་མནན་པའི་སྔགས་ཡིན་ནོ།། ཡང་སྙིང་ཡི་གེ་འབྲུ་དགུའི་འོག། དྲུག་པ་ཡི་ནི་གཉིས་པ་གཞག། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་དང་པོ་ལ།། སྟོང་པའི་གསུམ་པས་འོག་ནས་བརྒྱན།། གསུམ་པ་ཡི་ནི་ལྔ་པ་ལ།། སྟེང་ནས་སྟོང་པའི་གཉིས་པས་བརྒྱན། ། དེ་འོག་གསུམ་པའི་དང་པོ་གཞག། དེ་འོག་དང་པོའི་དང་པོ་ལ།། སྟེང་ནས་སྟོང་པའི་གཉིས་པས་བརྒྱན།། དེ་འོག་གཉིས་པའི་དང་པོ་གཞག། གསུམ་པའི་དང་པོ་སྟོང་གཉིས་བརྒྱན། ། ལྔ་པའི་གསུམ་པའང་གོང་མས་བརྒྱན།། གཉིས་དང་གསུམ་པའི་དང་པོས་གཞག། ཧཱུཾ་ཡ་ལན་གསུམ་ཧཱུཾ་ཕཊ་མཐའ།། རྫས་ལ་བཟླས་ཏེ་བསྙེན་པའི་སྔགས།། དེ་བཞིན་གཤེགས་པའི་ཡི་གེ་ལ།། མི་ཤིགས་སྙིག་པོའི་མཐའ་གཞག་སྟེ། ། དེ་འོག་དང་པོའི་དང་པོ་གཞག། སྟོང་པའི་གསུམ་པ་དེ་ལ་སྦྱིན།། དེ་འོ་དྲུག་པའི་གསུམ་པ་ལ།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། ལྔ་པ་ཡི་ནི་གསུམ་པ་ལ།། དྲུག་པའི་དང་པོས་འོག་ནས་མཛེས། ། སྟེང་དུ་དབྱངས་ཀྱི་གཉིས་པ་སྦྱིན།། དེ་འོག་བདུན་པའི་དང་པོ་ལ།། ཤེས་རབ་བདུན་པས་སྟེང་ནས་བརྒྱན།། གསུམ་པའི་དང་པོའི་རྩ་རུ་ནི།། དྲུག་པའི་དང་པོ་དེ་བཞིན་གཞག། བྱི་ར་ཧཱུཾ་ཕཊ་ཅེས་བརྗོད་པས། ། བསྐྲད་པའི་གསང་སྔགས་ཞེས་བརྗོད་དོ།། དང་པོར་རྣམ་པར་སྣང་མཛད་ལ། མི་ཤིགས་སྙིང་པོ་དག་དང་བཅས།། སྭ་ཏ་རཱ་ཛ་ཧཱུཾ་ཞེས་པ།། སྲས་ཀྱི་སྐུ་རྣམས་བྱིན་བརླབ་པའོ།། དེ་འོག་རྣམ་པར་སྣང་མཛད་གཞག། ཙིནྡྷ་གཉིས་དང་ཧཱུཾ་ཞེས་པ།། ཐུགས་ཀྱི་གསང་སྔགས་ཞེས་བྱའོ།། དང་པོ་གོང་དང་མཐུན་པ་ལ།། ཧྲི་དང་ཕུར་བུ་ཕཊ་ཅེས་པ།། གསུང་གི་གསང་སྔགས་དམ་པའོ།། དང་པོ་རྣམ་པར་སྣང་མཛད་གཞག། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་གསུམ་པས་འོག་ནས་བརྒྱན།། དེ་འོག་ལྔ་པའི་དང་པོ་གཞག། དེ་འོག་བཞི་པའི་བཞི་པ་ལ། ། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་ཐ་མ་ལ།། བཞི་པའི་དང་པོ་དེ་ལ་སྦྱིན།། དེ་རྗེས་བདུན་པའི་ཐ་མ་གཞག། ཤེས་རབ་གཉིས་པས་སྟེང་དུ་བཀོད།། གཏོར་མ་སྦྱིན་པའི་གསང་སྔགས་ཡིན། ། ཀཱི་ལ་ཡ་ཡིས་སྣ་དྲངས་པའི།། བསྒྲུབ་བྱ་མིང་དང་འཕྲིན་ལས་བཞི།། སོ་སོར་རང་རང་སྔགས་སུ་སྦྱར།། སྦྱིན་སྲེག་དུས་སུ་སྦྱར་བ་སྟེ།། བཏུ་མི་དགོས་ཏེ་དེ་ཉིད་དོ།། གཞན་ཡང་འཇིག་རྟེན་ལས་ཀྱི་སྔགས། ། གསང་བའི་གནས་སུ་བཏུབ་ལས།། འདི་དུས་སྦྱོར་བར་མི་བྱའོ།། གང་དག་ངོ་ཡི་གཟུང་བ་ནི།། རིམ་པ་མདོར་བསྡུས་བསྟན་པར་བྱ།། རྒྱ་མཚོ་བཞི་ཡི་ཐུན་སྔགས་མཐར།། ཨོཾ་ནས་ཛ་ཛ་ཞེས་པའི་བར། ། ཡི་གེ་ཉི་ཤུ་རྩ་དྲུག་ནི།། སྤྱིར་བསྡུས་སྲོག་གི་སྙིང་པོ་ཡིན།། ཧཱུཾ་དང་ཛ་ཡི་ཡི་གེ་བརྒྱད།། རི་ཆེ་མགོང་ཡག་དྲག་སྔགས་ཡིན།། སྤྲར་ཤ་ཧཱུཾ་གི་ཡིག་འབྲུ་ལྔ།། རལ་པ་སྤྱི་བཅིངས་བསད་པའི་སྔགས།། ཡག་ཤ་ཕཊ་ཀྱི་ཡིག་འབྲུ་བཞི། ། ཤོར་བ་གཞོན་ནུ་ལས་ཀྱི་སྔགས།། ཨོཾ་དང་ཀྵ་ཡི་ཡིག་འབྲུ་ལྔ།། ནག་པོ་རྒོད་མི་ཤེས་ཀྱི་ཡིན།། ཏྲི་དང་ཧཱུཾ་གི་ཡི་གེ་ལྔ།། ཨིཎྜ་སེམས་དཔའ་དག་གི་སྔགས།། ཀར་དང་ཏྲཾ་དང་གི་ཡི་གེ་དྲུག། རྒྱལ་པོ་བྱང་ཆུབ་ལས་སྔགས་ཡིན།། པ་དང་ཛ་ཡི་ཡི་གེ་བདུན།། དཀར་པོ་སྤྱན་གཅིག་དག་ཏུ་བཤད།། ཏྲཾ་དང་ཧཱུཾ་གི་ཡིག་འབྲུ་བརྒྱད།། རྨ་ཆེན་པོ་མ་རའི་བསད་པའི་སྔགས།། ཡང་དག་དོན་གྱི་ཡིག་འབྲུ་ལྔ། ། འདི་ནི་ཡཾ་ཤུད་དམར་པོའི་སྔགས།། ཧཱུཾ་གཉིས་བར་གྱི་ཡི་གེ་དྲུག། ཏཀྲིད་ནག་པོའི་སྲོག་སྔགས་ཡིན།། བཛྲ་ཐ་ཡི་ཐོག་མཐའ་ཅན།། སྙིང་པོ་ཧཱུཾ་ཉིད་མ་རྟོགས་པ།། དགེ་བསྙེན་མཆེད་གསུམ་སྲོག་སྔགས་ཡིན། ། ཉི་ཤུ་རྩ་གཅིག་ཚང་བར་གནས།། ཨོཾ་དང་ཧཱུཾ་གི་ཡི་གེ་བདུན།། ཐང་ལ་ཡ་བཞུར་སྲོག་གི་སྔགས།། པང་བཞི་ས་བོན་བཅུ་གཉིས་པོ།། བསེ་ཡི་སྐྱེས་བུ་གདུག་པ་ཅན།། ཀུན་གྱི་དམག་དཔོན་བཞི་ཞེས་གྲགས། ། སིནྡྷ་བྷྱོ་ཡི་ཡི་གེ་བདུན།། ཟུང་དུ་རྐང་ཕྲན་སྲོག་སྔགས་ཡིན།། མཾ་དང་ཧཱུཾ་གི་ཡི་གེ་བདུན།། དམུ་བཙན་ལོ་སྦྱོར་གསད་པའི་སྔགས།། བློན་པོ་ཁུ་ལེ་ལག་དགུ་ཡིན།། གཞན་ཡང་རྐྱང་པའི་ཡི་གེ་ནི། ། བསྒྲུབ་པའི་དུས་སུ་སྦྱར་བར་བྱ།། རང་རང་ངོ་ཡིས་གཟུང་བྱ་བ།། རི་ཆེ་མགོང་ཡག་ཧྲི་ཡིན་ཏེ།། རལ་པ་སྤྱི་བཅིངས་པི་རུ་བཤད།། ཤོར་བ་གཞོན་ནུ་ཀཾ་ཡིན་ཏེ།། ནག་པོ་རྒོད་མི་ཤེས་ནི་ཁ།། ཨིན་ཏྲ་སེམས་པ་ཏྲི་ཡིན་ཏེ། ། གནས་ཀྱི་ཀར་མ་ཤམ་ཞེས་བཤད།། ཉི་པང་སེང་ནི་ཏྲི་ཡིན་ཏེ།། རྨ་ཆེན་པོམ་ར་ཁམ་དུ་འདོད།། ཡུམ་ཤུད་དམར་པོ་ཧྲི་ཡིན་ཏེ།། ཐང་ལ་ཡ་བཞུར་ཐང་ཞེས་བཤད།། ཏ་ཀྲིད་ནག་པོ་ཏིར་གསུངས་ཏེ། ། བཛྲ་པུ་ཧཱུཾ་ཞེས་པ་གསུམ།། དགྲ་བླ་མཆེད་གསུམ་རྩེ་བའི་སྔགས།། ཧ་བཞི་དམག་དཔོན་བཞི་ཡི་སྔགས།། ཀྲཾ་ཞེས་བཙན་གྱི་དབང་པོ་ཆེ།། ཟུར་དུ་རྐང་ཕྲན་དག་གི་སྔགས།། ལམ་ནི་དམུ་ཡི་དབང་པོ་ཆེ། ། དམུ་བཙན་ལེགས་སྦྱོར་དག་ཏུ་བཤད།། ཏི་ནི་སྤྱི་རྗེ་ལག་མངས་ཏེ།། བློན་པོ་ཆེན་པོའི་སྲོག་སྔགས་ཡིན།། ཧྲི་ཡིག་ཉི་ཤུ་རྩ་གཅིག་པོ།། མགོ་མནོན་གཉེན་པོའི་སྔགས་ཡིན་ཏེ།། བཏུ་མོ་དགོས་ཏེ་དེ་ཉིད་ཡི་ན། ། བྷྱོ་ཡི་ཡི་གེ་ཉི་ཤུ་གཅིག། ཟུར་ཐུན་གཉིས་ཀྱི་ཤམ་བུ་སྟེ།། དམ་ཅན་གསང་སྔགས་ཀུན་ལ་གདགས།། རང་རྐྱང་ལྷུ་གསུམ་སྦག་མ་གསུམ།། མཐར་སྲད་དག་གི་ལས་ཡིན་ནོ།། ཐ་མ་མེ་རླུང་རི་ལ་གཏད།། རྒྱལ་པས་སྤས་པའ་གསང་ཆེན་དོན། ། ཐབས་ལ་མཁས་པས་གསུངས་པ་ཡིན།། འདི་དོན་ངེས་པར་འཆང་བའི་མི།། གང་འདོད་བསམ་པ་འགྲུབ་པ་དང།། བྱ་བའི་ལས་ལ་ཐོགས་པ་མེད།། ཐམས་ཅད་འགྲུབ་པར་འགྱུར་ཞེས་གསུངས། ། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ལས། སྔགས་ཀྱི་དོན་ཡོངས་སུ་བཏུ་བའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་ལས་རྣམས་ཡོངས་སུ་རྫོགས་པའི་བདག་ཉིད་ཀརྨ་ཀཱི་ལ་ཡས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་སངས་རྒྱས་འགྲོ་པའི་མགོན།། བྱམས་པ་ཆེན་པོས་མཐའ་ཡས་སྒྲོལ།། ཀུན་ནས་ཡོངས་སུ་ཆུབ་པའི་བདག། འགྲོ་བ་ཀུན་གྱི་གཉེན་གཅིག་པོ། ། ལས་རྣམས་ཡོངས་སུ་རྫོགས་པའི་བདག་འདི་དོན་ཉམས་སུ་ལེན་པའི་མིས།། བསོད་ནམས་རྒྱུ་ལ་འབད་པ་ཡི།། བདག་གཞན་ལས་ཀུན་འགྲུབ་པ་ཡི།། ཆོས་སྐུའི་ཕྱག་རྒྱ་ཇི་ལྟར་ལགས།། ཞེས་གསོལ་པས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ཁྲག་འཐུང་སྙིང་པོས་བཀའ་སྩལ་བ། རྒྱུ་འབྲས་ལས་ཀུན་ཡོངས་རྫོགས་པའོ།། བདག་གཞན་དོན་དང་ཚེ་འདས་དང།། ན་བ་ལ་སོགས་སྡིག་སྦྱང་དང།། རྐྱེན་བཟློག་གང་འདོད་སྒྲུབ་པ་དང། ། འཕྲིན་ལས་ཞི་རྒྱས་ལ་སོགས་ཀྱི།། ལས་ཀྱི་རིམ་པ་མདོར་བསྡུས་ན།། ཐབས་ལ་མཁས་པས་མ་ཟིན་ན།། ལམ་གྱི་དགེ་སྤྱད་སྟེགས་བཅས་ཀྱང།། མཐོ་རིས་ལྷ་དང་མི་རུ་སྐྱེ།། སྐྱེ་ཤི་མེད་པའི་ས་མི་ཐོབ། ། ཐབས་མཁས་སྙིང་རྗེས་ཟིན་པ་ནི།། མཚམས་མེད་སེམས་ཅན་ཐམས་ཅད་ཀུན།། བྱང་ཆུབ་སེམས་ཀྱི་བསད་བྱས་ནས།། བསོད་ནམས་དཔག་ཏུ་མེད་པ་ཐོབ།། ཐབས་དང་ཤེས་རབ་ལྡན་པ་ལ། ། ཉོན་མོངས་ཐམས་ཅད་བྱང་ཆུབ་རྒྱུ།། དོན་དམ་ཅིར་ཡང་མ་གྲུབ།། སྒྱུ་མའི་སྤྲུལ་པ་བསམ་མི་ཁྱབ།། ཐུགས་རྗེ་ཐབས་ཀྱིས་ཟིན་གྱུར་ན།། ཉོན་མོངས་ལམ་ཡང་རྣམ་པར་གྲོལ།། དེ་དང་མ་ལྡན་གང་ཟག་གིས། ། དགེ་སྦྱངས་བསོད་ནམས་དོན་མེད་འགྱུར།། རྒྱུ་ཡི་མཚན་ཉིད་དག་པ་ནི།། ཕྱི་རོལ་ཆེན་པོ་ལྔ་རྣམས་ནི།། སེམས་ཉིད་གཟུང་འཛིན་གཉིས་སྣང་བའི།། གཟུང་བའི་ཡུལ་ཉིད་འབྱུང་བ་ཆེ།། རྒྱུ་ཉིད་རང་གི་སེམས་ཡིན་པས།། འབྱུང་བ་ལྔ་ཡི་རྒྱུ་ལས་དག། འབྲས་བུའི་རིགས་ལྔར་ཡེ་གནས་པས།། བྱ་བྱེད་ལས་སྔགས་གྱིན་ནར་བདེ།། དེ་བས་སེམས་ཅན་ཕྱིན་ཅི་ལོག། ཆོས་རྣམས་དག་པར་མ་ཤེས་པས།། ལུགས་སུ་བླུགས་སམ་འབུར་དུ་བརྐོ།། རི་མོ་འདྲི་བར་བྱེད་པའི་ཚེ།། ལས་བཞི་རང་གི་གནས་བཙལ་ལ།། ལས་རྣམས་ཡོངས་སུ་རྫོགས་པར་བྱ།། རབ་འབྲིང་ཐ་མའི་བློ་ཅན་གྱིས།། རྒྱུ་ནི་གང་དང་གང་ལ་ཡང།། འབྲས་བུ་ཐོབ་པར་ངེས་པ་མེད།། ཐབས་ཀྱི་བློ་ཡི་རིམ་པ་ཡིས།། གཅིག་གམ་ལྔ་འམ་དྲུག་ཏུ་འདོད།། གང་གི་ལས་ལ་འཇུག་བྱེད་ཀྱང།། དང་པོ་ཏིང་འཛིན་རྣམ་གསུམ་ནས།། ཡོངས་སུ་རྫོགས་པའི་བར་དུ་བསྒོམ།། མཆོད་བསྟོད་བཟླས་པ་རྫོགས་བྱས་ནས།། ཐ་མ་ལས་ལ་སྦྱར་བར་བྱ།། གལ་ཏེ་བསོད་ནམས་ལྡན་པ་ཡི།། ཧཱུཾ་གི་སྔགས་རིངས་བླངས་ནས་ཀྱང།། ཧ་ཧའི་གད་མོས་མཁའ་འགྲོ་བསྐུལ།། རང་གི་ཏིང་འཛིན་གསལ་བལྟས་ལ།། ཚོགས་ཆེན་འཁོར་ལོ་ཆེན་པོ་བསྐུལ།། མཁའ་འགྲོ་རྣམས་ལ་གཏོར་མ་སྦྱིན།། དེའང་འགྲུབ་པར་མ་གྱུར་ན།། ཕྱོགས་སྐྱོངས་ལན་ཆགས་བྲལ་བར་བྱ།། རྒྱུ་ནི་གང་དང་གང་འདོད་པ།། ཨོཾ་ཨཱཿཧཱུཾ་གསུམ་གྱི་འཕྲོ་འདུ་ཡིས།། སྐུ་གསུང་ཐུགས་ཀྱི་བཅུད་བསྡུས་ནས།། ཡི་གེ་གསུམ་ལ་གནས་པ་དང།། ཨོཾ་དྷརྨ་དྷཱ་ཏུ་ཨོཾ་ཨཱཿཧཱུཾ།། དེ་བརྗོད་ཡི་གེ་འོད་དུ་ཞུ།། རྒྱུ་ཉིད་སྟོང་པ་ཆེན་པོར་བསམ།། ཐབས་དང་ཤེས་རབ་རང་བཞིན་དུ།། རྟེན་དང་རྟེན་ཅན་གཉིས་ཀ་ཡང།། རྡོ་རྗེ་པདྨར་བསམ་བྱས་ལ།། གཉིས་ཀྱི་ཆ་ལས་བྱུང་བའི་རྟགས།། གལ་ཏེ་ཞི་བའི་ལས་བྱེད་ན།། ཨོཾ་ལ་བསྐྱེད་དེ་ཡིག་འབྲུ་ཡང།། ཁོང་དུ་གཞུག་པའི་ལས་བྱའོ།། འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས།། གང་འདོད་ལས་དེ་གྲུབ་པར་བསམ།། ཁྱད་པར་གདོན་དང་སྡིག་པ་དང།། ནད་ལ་སོགས་པ་ཞི་བྱ་སྟེ།། དང་པོ་བསྲེག་ཅིང་གསུམ་པ་དཀྲུ།། གཉིས་པ་ཡང་ནས་ཡང་དུ་སྦྱང།། གལ་ཏེ་རྒྱས་པར་འདོད་ན་ཡང།། ཐམས་ཅད་ཐམས་ཅད་སེར་པོ་བྱ།། རིགས་གང་རྟེན་དང་རྟེན་ཅན་དགུག། དེར་ནི་བསྟིམ་ཞིང་བཟླས་པ་བྱ།། འོད་དེ་སེམས་ཅན་ལུས་ལ་བསྟིམ།། སྙིང་གི་གའུར་འཁྱིལ་བར་བརྟག། འཇིག་རྟེན་ནོར་དང་ཟས་ཀྱི་བཅད།། བསྡུས་ནས་དམིགས་པའི་ཡུལ་ལ་བསྟིམ།། རིགས་དང་ཚེ་དང་ནོར་རྒྱས་འགྱུར།། འོད་ཟེར་ཁ་དོག་ལ་སོགས་པ།། ཀུན་ཀྱང་དམར་པོར་བསྒྱུར་བྱས་ལ།། རྩེ་མོ་ལྕགས་ཀྱུ་ལྟར་གནས་པས།། གནོད་བྱེད་གདོན་དང་འབྱུང་པོའམ་དགྲ།། སྐུ་གདུང་འོད་ཟེར་དབང་དུ་བསྡུ།། མྱོས་ཤིས་དབང་དུ་གྱུར་པར་བསམ།། རྒྱལ་པོའི་བུ་ལ་སོགས་པ་ཡང།། གཞུག་ཅིང་བསྐུལ་བས་དབང་དུ་འགྱུར། ། ཀུན་ཀྱང་ནག་པོའི་སྦྱོར་བ་ཡིས།། འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས།། དམིགས་བྱའི་དཀར་ནག་མཚམམས་ནས་དྲངས།། ལན་མང་བསྡུ་ཞིང་རྟེན་ལ་བསྟིམ།། སྐུའམ་གདུང་རྟེན་ནག་པོའི་འོག། བསྐལ་པའི་མཐར་ཡང་མི་ཐར་བསམ།། བསྐོར་བ་ཕྱིན་ཅི་ལོག་ཏུ་བྱ།། ལས་རྣམས་འགྲུབ་པར་ཐེ་ཚོམ་མེད།། རིགས་བཞི་སྙིང་པོ་ཕྱག་རྒྱ་དང།། བཅས་ཏེ་མང་དུ་གཞུག་པར་བྱ།། བདག་ཉིད་ལྷའམ་ཁ་དོག་བསྒྱུར།། ལས་གཞི་སྔགས་ཀྱིས་མར་ལ་སྤྲོ།། ལག་གཉིས་རྒྱབ་སྤྲད་ལུ་གུ་རྒྱུད།། མཐེབ་གཉིས་ལག་མཐིལ་སྙིང་སྦྱར་ནས།། སྐུ་ཡི་གནས་སུ་རབ་གཏུགས་པས།། རྣམ་སྣང་དཀར་པོའི་ཏིང་འཛིན་བྱ།། དེ་ཉིད་དུ་ནི་གསལ་བར་བྱ།། ཨོཾ་བཾ་རོ་ཙ་ན་ཨོཾ།། ལག་གཉིས་སོ་སོར་ཁུར་ཚུར་བཅངས།། མཐེབ་སྲིན་རབ་ཏུ་བསྣོལ་ནས་ནི།། མཛུབ་གཉིས་ཚོགས་བཅག་མགྲིན་པའི་གནས་སུ་གཞག། རྟག་པར་འོད་དཔག་མེད་པའི་སྐུ་རུ་གྱུར།། སྐུ་མདོག་དམར་པོ་སྐྱབས་སྦྱིན་ཕྱག། དེ་ཉིད་དུ་ནི་གསལ་བར་འགྱུར།། ཨོཾ་ཨ་མྲྀ་ཏ་བྷ་བ་ཨ། ལག་གཉིས་ཐལ་སྦྱར་གུང་གཉིས་བསྒྲེང།། མཛུབ་མོའི་མཐེའུ་ཆུང་ཚིགས་དང་གཞག། སྙིང་ཁར་གཏུགས་པ་བསྐྱོད་སྐུ།། མཐིང་ཁ་ཏིང་འཛིན་ཕྱག་དང་ལྡན།། དེ་ཉིད་དུ་ནི་གསལ་བར་འགྱུར།། ཨོཾ་བཛྲ་ས་ཏྭ་ཧཱུཾ། ལག་གཉིས་སོར་མོ་དམ་བསྣོལ་ནས།། གུང་གཉིས་བསྒྲེང་སྟེ་ཚིགས་བཅག་ལ།། ལྟེ་བའི་དབུས་སུ་དེ་གཏུགས་པས།། རིན་ཆེན་ཆེན་པོ་མཆོག་སྦྱིན་ཕྱག། དེ་ཉིད་དུ་ནི་གསལ་བར་འགྱུར།། སྭ་རཏྣ་སཾ་བ་བྷ་ཏྲཾ། ལག་གཉིས་གན་རྐྱལ་རལ་གྲི་ཤུགས། གཡོན་པ་རལ་གྲི་ཤུབས་སུ་གཞུག། ལྟག་པའི་གནས་སུ་དེ་གཏུགས་པས།། དོན་ཡོད་ལྗང་ཁུས་གནོན་ཕྱག། དེ་ཉིད་དུ་ནི་གསལ་བར་འགྱུར།། ཧ་ཨཱ་མོ་གྷ་སིདྡྷི་ཨ། གལ་ཏེ་རང་གི་ལྷག་པའི་ལྷ།། མོས་པས་དངོས་གྲུབ་ཉེ་འདོད་ན།། དེ་ཉིད་དུ་ནི་ཉེ་གནས་ཏེ།། རང་ཉིདཕྱག་རྒྱ་ཆེན་པོ་བཅས།། བཅུག་སྟེ་དེ་ཉིད་བཟླས་བཏབ་པས།། བསྐུལ་དང་དོན་རྣམས་ཁྱབ་པར་བྱས།། འོད་འདུས་ཐོག་མའི་གཟུགས་ལ་གཟུད།། སྐུ་གདུང་བདེ་གཤེགས་ཐམས་ཅད་ཀྱི།། ཕོ་བྲང་གཞལ་མེད་ཁང་ཞེས་བྱ།། འོད་ཀྱི་བྱིན་བརླབས་འཕྲོ་འདུ་ཡིས།། རང་གི་གཟུགས་སུ་སྤྱན་དྲངས་ལ།། མདུན་གནས་མཆོད་དང་བསྟོད་པ་ཡིས།། སྲིང་དང་སྤུན་དགོངས་བྱིན་གྱིས་བརླབས།། བགེགས་ནད་ཞི་བར་འདོད་པ་ལ།། བདུད་རྩི་བུམ་པས་བྱ་བ་ཡིན།། རྒྱལ་པོའམ་བུ་མོ་དབང་དུ་བྱས།། ཨ་ཤད་བུམ་པས་བྱ་བ་ཡིན། ཚེ་དང་རིགས་བརྒྱུད་རྒྱས་པར་ལ།། བདུད་རྩིའི་རིགས་དབང་དེ་རྒྱས་འགྲོ།། རུས་པ་དག་ལ་བྱེད་དུས་སུ།། ཆོས་དབྱིངས་ངང་ལས་བྱུང་བ་ཡིས།། གསང་སྔགས་ཟབ་མོ་འདི་ཡིས་ནི།། ཆོས་རྣམས་དག་པའི་ངོ་བོར་བསམ།། དབབ་དང་བསྐྲད་དང་བྲལ་བྱས་ནས།། ཨོཾ་དྷརྨ་བྷཱ་དུ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། རང་གི་ལྷར་བསྐྱེད་བཟླས་པ་བྱ།། ཆ་མེད་སངས་རྒྱས་ཀུན་ལ་ཞུ། ། དགུག་གཞུག་བརྟན་དང་མཆོད་བསྟོད་བྱ།། རོ་ལ་བསྙེན་པ་བྱེད་པ་ན།། དྲི་ཡི་ཆུ་ཡིས་དག་པར་བྱ།། དཔའ་པོའི་ཡི་གེ་ལས་རྣམས་བྱ།། བདུད་རྩི་ལྔ་ཡིས་འཐས་པར་བྱུག། གནས་སུ་ཏྲི་ཡི་ཐིག་ལེ་བྱ།། དབབ་དང་བསྐྲད་དང་དྲལ་བྱས་ནས།། རཾ་ཡཾ་ཁཾ་གྱིས་རྣམ་སྨིན་བསྲེགས།། སྡིག་མེད་གཙང་ཞིང་དང་བའི་ལུས།། སོ་སོའི་ས་བོན་དག་ལས་ནི།། གང་ཡིན་ལྷ་རུ་ངེས་བསམས་ལ།། མིག་ལ་རྣམ་རྒྱལ་ཡབ་ཡུམ་དགོད།། རྣ་བ་དབྱུག་སྔོན་ཡབ་ཡུམ་སྟེ།། སྣལ་གཤིན་རྗེ་གཤེད་པོ་དགོད།། ལྕེ་ལ་མི་གཡོ་མགོན་པོ་སྟེ།། མགྲིན་པར་རྟ་མགྲིན་མཚན་མ་དགོད།། དཔུང་པར་གཞན་གྱིས་མི་ཐུབ་པ།། ལྟེ་བར་བདུད་རྩི་འཁྱིལ་བའོ།། གསང་བར་ཁམས་གསུམ་རྣལ་རྒྱལ་ལ།། རྐང་མཐིལ་སྟོབས་ཆེན་ཡབ་ཡུམ་དགོད།། ཚངས་པའི་གནས་སུ་ཧཱུཾ་ཀ་ར།། ལག་གཡས་པུ་ཤུད་མགོ་ཅན་ཏེ།། ལག་གཡོན་སྐྱེ་ཀའི་མགོ་ཅན་ནོ།། རྐང་གཡས་སྲིན་བྱའི་མགོ་ཅན་ཏེ།། གཡོན་པ་ཁྲ་ཡི་མགོ་ཅན་ནོ།། ལུས་ལ་དཀྱིལ་འཁོར་གསལ་ལྟས་ལ།། དེ་ལས་འོད་འཕྲོས་སྡིག་སྦྱོང་བསམ།། གཉིས་པས་འོད་དང་ལྡན་པ་སྟེ།། གསུམ་པས་ཡེ་ཤེས་འཕེལ་བའོ།། དེ་ལྟའི་གཟུགས་སྐུའི་དམ་པ་ལ།། དགུག་དང་གཞུག་བསྟིམ་མཆོད་བསྟོད་ལ།། བདག་དང་གཉིས་སུ་མེད་བསམ་བྱ།། དེ་ལ་བཟླས་བ་བྱས་པ་ཡིས།། ཁམས་གསུམ་ས་ལ་ངེས་པར་འདའ།། ཤེས་པ་བཀུག་དང་རབ་བསྟིམ་ལ།། རོ་དང་རུས་པ་གཉིས་ཀ་ལའོ།། རོ་ལ་དངོས་སུ་དབང་བསྐུར་ཏེ།། ནུས་པ་ཏིང་ངེ་འཛིན་གྱིས་བྱ།། དེ་ལ་མཆོད་དང་ཚོགས་རྣམས་ཀུན།། རྒྱས་པར་བྱ་ཕྱིར་བཟླས་པར་བའོ།། བསྙེན་པ་ལས་སུ་རུང་བ་ནི།། ལྷ་ཀླུ་མེད་པའི་ས་ཕྱོགས་སུ།། ལྟོ་འཕྱེ་ལ་སོགས་བརྟག་བྱས་ཏེ།། དཀྱིལ་འཁོར་ཁྲུ་ཚད་བཅུ་དྲུག་གམ།། ཅི་རིགས་པར་ནི་བརྟག་པར་བྱ།། ཐིག་ནི་བཅུ་དྲུག་ཆ་རུ་གདབ།། དབུས་ཀྱི་ལྟེ་བ་ཟླུམ་པོར་བསྐོར།། ཕྱག་རྒྱ་འབུར་དང་ལྡན་པར་བྱ།། དེ་ཡི་ཕྱི་རིམ་འཁོར་ལོ་ལ།། སྐུ་གསུང་ཐུགས་ཀྱི་མཚན་མ་དགོད།། མཚམས་སུ་མེ་ཏོག་དག་དང་ལྡན།། དེ་ཡི་ཕྱི་རིམས་སྣམ་བུ་ལགས།། འཇིག་རྟེན་གཅོ་མཆོག་རྣམས་ཀྱང་བསྐོར།། སྒོ་དང་རྒོ་བརྒྱན་ལྡན་པར་བྱ།། སུམ་ཐོག་མཆོད་རྟེན་ལྟ་བུའི་དབྱིབས།། ཤིང་ལ་བདུད་རྩི་ལྔས་བྱུགས་ལ།། གཞལ་ཡས་ཁང་དུ་བསྐྱེད་ནས་ནི།། ལན་ཅིག་དགུག་དང་བསྟིམ་པར་བྱ།། ངན་སོང་སྒོ་རྣམས་ཤིན་ཏུ་གཅད།། དཀྱིལ་དུ་ཕུང་པོ་ལྟར་གཞག་ལ།། ཡེ་ཤེས་རང་བྱུང་མེ་སྤར་ཏེ།། དམ་ཚིག་མེ་ལྷ་རབ་བསྐྱེད་ལ།། ཡེ་ཤེས་བསྟིམ་ལ་ཐུགས་ཁར་ཁཾ།། དེ་ལ་མཆོད་བསྟོད་འཕྲིན་ལས་བཅོལ།། དེ་ལ་རོ་ཉིད་ལྷར་བསྐྱེད་ལ།། ཞི་ཁྲོ་གཉིས་པ་དེ་བཞིན་ཏེ།། མཁས་པས་བརྟགས་ཤིང་ཤེས་པར་གྱིས།། རུས་པ་བསྡུས་ཏེ་དར་གྱིས་བཙག། དེ་ནས་སློབ་དཔོན་དམ་པ་དེས།། ཁྲུས་བྱས་ལུས་ལ་དྲི་ཡིས་བྱུག། རྒྱན་རྫོགས་གདན་ལ་ལེགས་འདུག་སྟེ།། དང་པོའི་ཏིང་འཛིན་རྣམ་གསུམ་ནས།། བཟླས་པ་རྫོགས་ཀྱི་བར་དུའོ།། དེ་ནས་ཇི་ལྟར་འོས་པའི་ཚོགས།། ལས་ཀྱི་ཆུ་ཡིས་དག་པར་བྱ། ། རྟེན་ཉིད་གཞལ་ཡས་ཁང་དུ་བསམ།། རྟེན་ཅན་རྣམ་དག་ཆོས་ཀྱི་དབྱིངས།། ཐབས་དང་ཤེས་རབ་སྔ་མ་བཞིན།། ཉོན་མོངས་ཀུན་གྱི་རྒྱུན་གཅོད་པའོ།། སྙིང་པོ་ཕྱག་རྒྱ་བྲིས་བཅུག་སྟེ།། དེ་ཉིད་སྙིང་པོ་བཟླས་བཏབ་པོས། ། འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས།། ལས་དང་སྒྲིབ་པ་རྣམས་སྦྱངས་ཏེ།། སྐུ་གསུམ་ས་ལ་གཞག་པར་བྱ།། དང་པོ་གང་ཡིན་སྐུར་བསྐྱེད་ལ།། ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ཅིང།། མཆོད་བསྟོད་འོད་དུ་ཞུ་བ་ལས། ། ཆོས་སྐུའི་གཟུགས་སུ་གྱུར་པར་བརྟགས།། དེ་ནས་ཁྲུས་ཆབ་གསོལ་བ་དང།། མཆོད་པ་རྣམས་ཀྱང་དབུལ་བར་བྱ།། ཕྱི་ནང་གསང་བ་རྫོགས་པར་བྱ།། ཨོཾ་ཀཱ་ཡ་ནི་སརྦ་ཏ་ཐཱ་ག་ཏ་པུ་ཙ་ཡེ་སྭཱཧཱ། མཆོད་པ་ཡོངས་སུ་དག་པར་བསམ།། ཆོས་ཉིད་རྟེན་ཅིང་འབྲེལ་འབྱུང་བས།། རྒྱུ་འབྲས་ཆོས་རྣམས་རྫོགས་པར་བརླབ།། འདི་ཡིས་གཉིས་མེད་བྱང་ཆུབ་སེམས།། ཡང་དག་ཉིད་དུ་རྟོགས་པར་འགྱུར། ། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ནི།། འདི་ཡིས་རྟོགས་དེ་གཞན་གྱིས་མིན།། ས་དང་ཁྱདཔར་ལམ་ལ་ཡང།། འདི་ཡིས་བགྲོད་དེ་གཞན་གྱིས་མིན།། གལ་ཏེ་རྐྱེན་ལས་གྱུར་པའམ།། གཞན་གྱི་བྱད་སྟེམས་བཟློག་པ་ནི། ། བདག་ཉིད་དྲག་པོའི་སྦྱོར་བ་ཡིས།། ཁྲོས་པའི་སེམས་སུ་རབ་གནས་ལ།། ལུས་ལ་མཚན་མོའི་ཐིག་ལེ་གདབ།། སྐྲ་ཡང་སྤྱི་བོར་བཅིངས་ནས་ནི།། མཆོད་པ་དག་ཀྱང་བཤམ་བྱས་ལ།། བདག་ཉིད་སྟོབས་ཆེན་སྐུར་བསྒོམས་ཏེ། ། དམ་རྫས་ཞིག་གི་རས་མ་ལ།། དམིགས་པའི་གཟུགས་དང་མིང་རུས་བྲི།། ཁོ་ཡི་བརྟེན་པའི་ལྷ་དང་སྔགས།། ཐམས་ཅད་བྲིས་ནས་དེར་བཅུག་དེ།། སྟོབས་ཆེན་འོག་ཏུ་མནན་པར་བྱ། ། ཡི་གེ་སུམ་ཅུ་སོ་དགུ་ཡིས།། སྔགས་ཀྱི་ཡོངས་སུ་སྤེལ་བྱས་ལ།། བཟློག་པར་བྱེད་པའི་སྙིང་པོ་འདི།། རྟག་ཏུ་བཟླས་ལ་གདབ་པར་བྱ།། ཨོཾ་ན་མོ་བྷ་ག་པཱ་ཏེ་ཤྭ། ཤན་ཏི་གི་དུ་ཏད་ཡ་བཛྲ་དྷ་ན་དོ་ཡེ། མ་ཀ་ནི་ཀོ་ན། ཙ་ལ་ཙ་ལ། མ་ལ་མ་ལ། ཏི་ལི་ཏི་ལི་སྭཱཧཱ། འདི་ཡིས་ཐམས་ཅད་བཟློག་པ་དང།། བཅིངས་པར་འགྱུར་ཏེ་ཐེ་ཚོམ་མེད།། གལ་ཏེ་དེ་ལྟར་མ་ཡིན་ན་ཡང།། ཉུངས་ཀར་དག་ལ་སྔགས་ཏེ་འཕང།། འདི་ནི་ལས་ཀྱི་མཆོག་ཅེས་བྱ། ། ཀུན་ཀྱང་ནག་པོའི་སྦྱོར་བས་བྱའོ།། དོན་ལ་ཁྱད་པར་ངོ་མཚར་ཆོས།། འཁོར་བ་དག་མཛད་ཉོན་མོངས་འཇོམས།། ཡེ་ཤེས་སྐུ་བརྙེས་ཡང་དག་ཉིད།། འདི་དོན་ལོགས་རྟོགས་དེ་ལས་བྱུང། ། དུས་གསུམ་བདེ་གཤེགས་རྣམས་ཀྱིས་བསྔགས།། དེ་བས་འདི་དོནརྟོགས་པ་གཅེས།། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས།། སྐུ་གསུང་ཡོངས་སུ་བཞག་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་དོན་ཐམས་ཅད་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། འགྲོ་བ་ལས་ཀྱིས་འཆལ་བ་དང།། ཕྱིན་ཅི་ལོག་ཏུ་གོལ་བ་ལ། ། དྲག་པོའི་ལས་རྣམས་གསུངས་ལགས་ན།། བདག་གི་དོན་རྣམས་མཐར་བཏོན་ནས།། ཕ་རོལ་བདེ་ལ་དགོད་པ་ལ།། ཕན་པའི་ལས་རྣམས་མ་མཆིས་སམ།། ཀཱི་ལ་ཡ་ཡིས་བཤད་དུ་གསོལ།། ཅེས་གསོལ་པས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ། འགྲོ་བ་ལས་ཀྱིས་གཟིར་བ་ཡིས།། འཁོར་བའི་རྒྱ་མཚོར་ཚུད་པ་ལས།། སྣ་ཚོགས་ལས་རྣམས་བསམ་མི་ཁྱབ།། ཐམས་ཅད་བརྗོད་པར་ག་ལ་ནུས། ། རེ་ཞིག་ཕན་པར་བྱ་བའི་ལས།། མདོ་ཙམ་བསྡུས་ཏེ་ངས་བཤད་ཀྱིས།། ལས་ཀྱི་སེམས་དཔའ་ཁྱོད་ཉོན་ལ།། འགྲོ་བའི་དོན་དུ་བཤད་པར་གྱིས།། སེམས་ཅན་ཚ་བས་གདུངས་བ་ལ།། ཆར་གྱི་རྒྱུན་རྣམས་རབ་ཕབ་ལ། ། གང་ཟག་བདེ་ལ་འགོད་འདོད་ན།། སྟོབས་པོ་ཆེ་ཡི་དཀྱིལ་འཁོར་དུ།། ཉི་ཟླ་པདྨའི་གདན་བཤམས་ཏེ།། ཐབས་དང་ཤེས་རབ་མཐུ་དག་ལས།། སློས་འགྲོ་ཆུན་པོའི་གང་ན་བསྒོམས་ཏེ།། དེ་སྟེངས་བདག་པོའི་སྐུ་བསྐྱེད་ལ། ། སྤྲོ་ཞིང་བསྡུས་པས་འོད་དུ་ཞུ།། དེ་ལ་ཐུགས་མཚན་ཕྱག་རྒྱར་གྱུར།། དེ་ལས་ཡི་གེའི་གཟུགས་སུ་གྱུར།། སྤྲོས་བསྡུས་འོད་དུ་ཞུ་བ་ལས།། ཨོཾ་བཛྲ་ཀྲོདྷ་མཧཱ་བ་ལ་ཧཱུཾ། ཞེས་བརྗོད་དབུ་གསུམ་ཕྱག་དྲུག་པ། ། གཡས་དཀར་གཡོན་དམར་དབུས་དུད་ཀ། དང་པོ་རྡོ་རྗེ་བནྡྷ་ལ།། བར་པོ་ཐོ་བ་ལྕགས་ཀྱུའོ།། ཐ་མ་འདུལ་པའི་ཕྱག་ལྕག་བསྣམས།། ཐུགས་ཀའི་ཧཱུཾ་ལས་བསྐྱེད་ཆེན་མ།། སྒྲའམ་གྲིབ་མའི་ཚུལ་དུ་བསམ། ། ཡན་ལག་ཡོངས་སུ་རྫོགས་པ་དང།། འོད་ཀྱི་རྒྱལ་བ་སྤྱན་དྲངས་ལ།། བདག་གི་ཐད་དུ་བཞུགས་བསམས་ཏེ།། བསྐོར་བ་ལན་གསུམ་བྱས་ནས་ནི།། ཕྱི་ནང་གསང་བའི་མཆོད་པས་མཆོད། ། གསོལ་བ་གདབ་ཅིང་དབང་རྣམས་ནོད།། བདག་པོ་གྲུབ་པའི་གནས་སུ་གཤེགས།། མཁའ་གསང་བྱིན་རླབས་སྦྱོར་བ་ལས།། འཁོར་གྱི་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད།། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ལ། ། ཀ་ར་བི་རེའི་ཕུར་བུའོ།། ལྟོས་འགྲོ་སྤུངས་པའི་གདན་ལ་བཞུགས།། རང་རང་ས་བོན་དག་གིས་མཚན།། སྒོ་མ་རྣམས་ཀྱང་དེ་བཞིན་གསལ།། རྡོ་རྗེ་རིགས་པའི་ས་བོན་ལས།། ཡེ་ཤེས་སེམས་དཔའ་དགུག་གཞུག་དང། ། རྟག་པར་བཞུགས་གསོལ་མཆོད་པར་བྱ།། དེ་ནས་བཟླས་པ་བྱ་བའི་ཐབས།། ཏིང་འཛིན་ཧཱུཾ་ལས་འོད་འཕྲོས་ཏེ།། འོག་གི་ཀླུ་རྣམས་བཀུག་ནས་ནི།། བདག་གི་དེ་ཉིད་དེར་སོན་བྱ།། ཨོཾ་སྥོ་ཏ་སྥོ་ཏ་ཡ་ནཱ་ག་ཧ་ལ་ཕཊ་ནན། ནཱ་ག་དུན་དུན་ཧྲི་ད་ཡ་ཕཊ།། དེ་ལྟར་སྔགས་འདི་ཁྲི་ཕྲག་ཅིག། འདི་ཉིད་དྲག་པར་རབ་བཟླས་བས།། ཀླུ་རྣམས་རབ་ཏུ་སྐྲག་འགྱུར་ཏེ།། ཆར་གྱི་རྒྱུན་རྣམས་ཕེབས་པར་བསྐུལ། ། དངོས་དང་ཉམས་དང་རྨི་ལམ་དུ།། ཉམ་ཐག་འོ་དོད་འབོད་པ་དང།། སྦལ་ལྕོང་སྐམ་ལ་འཐོན་པ་དང།། ལས་ལ་སྦྱར་བའི་དུས་ལ་བབ།། ཆུ་མིག་གཉན་པོའི་ཁར་སོང་ལ།། ཀླུ་རྣམས་སྨན་དང་གསོ་བའི་རྫས། ། མཆོད་ཏུ་གྱུར་པའི་གཏོར་མ་བཤམ།། བཀྲ་ཤིས་འོ་མ་སྦྲེད་ཞིང་བླུགས།། ཀླུ་ཆེན་བརྒྱད་ལ་སོགས་པ་ཡི།། བ་སུ་རིགས་དྲུག་འདིར་འདུས་ཤིག། སྟོབ་པ་ང་ཡི་བཀའ་བསྒོ་ཡིས།། སེམས་ཅན་ཚ་བས་གདུངས་པ་ལ། ། ཆར་གྱི་རྒྱུན་རྣམས་དྲག་ཏུ་ཕོབ།། གལ་ཏེ་ཆར་པ་མི་འབེབས་ན།། ཀ་ར་བི་རིའི་རྒྱ་ལྕག་གིས།། གཟུགས་ཕུང་ཐལ་བ་བཞིན་དུ་ནི།། བརླག་པར་འགྱུར་བས་གདོན་མི་ཟ།། གཏོར་མ་བྱིན་ལ་གནད་ལ་བོར། ། ནཱ་ག་ཙིཏྟ་ས་མ་ཡ་སྟྭཾ། སྔགས་དེས་གནད་ལ་བོར་བ་ཡིས།། སོ་སོའི་གནས་ནས་རབ་སྐྱོད་དེ།། ཇི་ལྟར་བགྱི་ཞེས་ཟེར་བར་རྟག། ཆར་བའི་རྒྱུན་རྣམས་ངེས་པར་འབེབས།། གལ་ཏེ་ཆར་པ་མི་སྟེར་ན། ། གསང་བའི་རྫས་ཆེན་དམ་པ་ལ།། རང་བྱུང་མེ་ཏོག་སེར་བུས་བྱུག། དྲི་ལྡན་གསེར་གཡི་ཁུ་བ་ཡིས།། འཁོར་ལོ་རྩིབས་དང་ལྡན་པར་བྲི།། ཕོཊ་ཕོཊ་ཀྱིས་ཐོག་མཐའ་ཅན།། ཡི་གེ་བརྒྱད་པོ་བྲི་བར་བྱ།། བདག་ཉིད་ཞལ་གཅིག་ཕྱག་གཉིས་ལ། ། མི་ཤིགས་ཀར་བི་རིའི་ལྕག། གདུག་སྔགས་བཟླས་ཤིང་ཀླུ་ལ་བྲབ།། འོག་གི་འཁོར་ལོའི་ཡི་བསྐུལ།། འོག་གི་འཁོར་ལོའི་འདབ་བརྒྱད་དབུས།། ནག་དབུ་གསུམ་སྦྲུལ་མགོ་དྲུག། ཕྱག་ན་ཨུཏྤལ་པདྨ་བསྣམས།། ཤིན་ཏུ་བྲེད་པར་གནས་བསམ་ཏེ།། འཁོར་ལོ་པདྨའི་རྩིབས་དང་ལ།། ནན་གྱིས་མགོ་བྱས་ཕཊ་ཀྱིས་འཇུག། དེ་ལྟར་ཡི་གེ་བཅུ་དྲུག་དང།། རང་སྙིང་ས་བོན་དེ་རྣམས་ཀྱིས། ། འདོ་ཀྱིས་ཀླུ་རྣམས་བསྲེག་པར་བསམས།། དང་པོ་དགུག་དང་པར་བ་བསྟིམ།། ཐ་མ་གཟིར་ཏེ་ལྕག་གིས་བྲབ།། དེ་ལྟར་བྱས་ན་ལས་བྱེད་ན།། ཤིན་ཏུ་སྐྲག་ཅིང་སྔགས་འགྱུར་ཏེ།། རྒྱ་མཚོ་རླབས་ནས་ཆར་གྱི་རྒྱུན། ། ཤིན་ཏུ་དྲག་པར་འབབ་པར་བྱེད།། དེ་ཡིས་འོང་བར་གདོན་མི་ཟ།། གཏོར་མ་གཏང་ཞིང་འཁོར་ལོ་བཀྲུ།། མཐུན་པའི་འོ་མ་གཉིས་ཀྱིས་གསོ།། གནད་འགྲམས་ཉམས་དང་སྡངས་པ་རྣམས།། དེ་ཡི་གདམ་པ་ལེགས་པར་བྱ། ། གལ་ཏེ་ལྷག་པར་གྱུར་པ་ན།། འཁོར་ལོ་སྟེང་མའི་གདམ་ངག་ལ།། འོག་མའི་སྔགས་རྣམས་ཕྱིར་བསྐྱལ་ལ།། དེ་ལྟར་བྱས་ན་འཆད་པར་ངེས།། དཀྱིལ་འཁོར་གསལ་བལྟས་བསྲུང་བར་བྱ། ། མཆོད་དང་གཏང་རག་ལ་སོགས་བྱ།། ལས་རྣམས་ཀུན་གྱི་མཆོག་ཅེས་བྱའོ།། གལ་ཏེ་སྲུང་བར་བྱེད་འདོད་ན།། རྟ་མགྲིན་རྒྱལ་ལམ་གང་འདོད་པའི།། དཀྱིལ་འཁོར་གཅིག་གིས་བསྲུང་བའམ།། ཡང་ན་སྤྱི་ཡི་དཀྱིལ་འཁོར་དུ། ། ཁྲོ་བོ་བཅུ་ཡི་ཕུར་པ་ལ།། ཉུངས་ཀར་དང་ནི་ཐལ་ཆེན་དང།། སྐྱེ་འབྲམ་དང་ནི་ལན་ཚྭ་དང།། དུད་པ་བསེ་སྟག་དམར་ཁྲ་དང།། ཐལ་ཆེན་རཀྟ་མཐའ་དག་དང།། ཀླུ་སྨན་དང་ནི་མཁྲིལ་བ་རྣམས། ། ཡི་གེ་བཅུ་དྲུག་སྔགས་བཟླས་ཏེ།། གོང་མའི་རྫས་དང་སྦྲེལ་དུ་གཞུག། ཡི་གེ་བཅུ་བདུན་གསང་སྔགས་ལ།། ཉིས་འབུམ་སུམ་འབུམ་ལ་སོགས་སམ།། བྱེ་བ་ས་ཡར་རབ་བཟླས་ལ།། ནུས་པ་ཐོབ་བམ་རྟགས་ཟིན་བྱ། ། རང་རང་སྔགས་ཀྱང་ཁྲི་ཚོ་རེ།། བཟླས་པ་བྱས་ལ་ཐོས་དང་སྦྲགས།། དགོས་པའི་དུས་ཚོད་ནམ་བྱུང་བར།། གདོང་ལ་ཐལ་བའི་མཚན་མ་གདབ།། རྫས་དགུ་ཕྱེ་མ་རབ་བླངས་ལ། ། ཚུལ་གྱིས་སྤྱན་བཟློག་ལ།། དྲག་པོའི་ང་རོས་གསང་སྔགས་བཟློས།། གཡོན་པ་སྡིགས་མཛུབ་ཕུར་པར་བཅས།། གཡས་པ་གསང་སྔགས་རྫས་རྣམས་བརྡེགས།། གང་འདོད་གནས་སུ་བསྐྱལ་བར་ངེས། ། བདུད་རྩི་འཁྱིལ་བའི་དཀྱིལ་འཁོར་རཾ།། སྲས་མཆོག་ཆེན་པོའི་དཀྱིལ་འཁོར་དུ།། བསྙེན་པ་བྱེ་བས་ཡར་བསྐྱལ།། བསྒྲུབ་པ་ལས་དཀྱིལ་འཁོར་དུ།། ན་ལེ་ཤམ་ནི་དཀར་པོའི་ཤིང།། མ་ཤད་ཏ་ཡི་འདབ་མའི་བར། ། ལེགས་པར་བཅུག་ལ་ནུབ་བདུན་བཟླས།། བསྐལ་བའི་བར་དུ་འགྲོ་བར་འགྱུར།། སྤང་རྩི་ཞོ་དང་དག་པའི་རྫས།། མར་དང་ཉུངས་ཀར་ལ་སོགས་པའི།། བརྒྱའམ་སྟོང་དུ་བཟླས་བསྲེགས་པས།། དུས་ནི་གསུམ་དུ་ཞག་བདུན་བྱ། ། དབང་དུ་མི་འདུ་གང་ཡང་མེད།། འདི་ནི་དབང་དུ་བསྡུ་བའོ།། པ་ལ་ཤ་ཡི་ཤིང་བུ་ལ།། ཨ་མ་ལ་ཡི་མེ་སྤར་ཏེ།། མ་ར་དང་སྤྲང་རྩི་འོ་མ་ལ།། བདུན་སྟོང་བར་དུ་བསྲེགས་བྱས་ན། ། བསྐྲད་པ་ཕ་རོལ་སྡེ་མ་ཀུན།། ཞི་བར་འགྱུར་ཏེ་གདོན་མོ་ཟ།། བིལ་བ་དག་གི་ཡབ་ཤིང་ལ།། ལན་སྟོང་བཟླས་བསྲེགས་སྐྲོད་པར་བྱེད།། བིལ་པའི་ཤིང་ལ་མེ་བུས་ཏེ།། བྱ་རོག་འུག་པའི་སྒྲོ་གཏུབས་ལ། ། ཉུངས་ཀར་ལ་ནི་བསྙུགས་ནས་ནི།། བརྒྱ་སྟོང་བར་དུ་བཟླས་བསྲེགས་ན།། ཁམས་གསུམ་མཐོང་བར་གདོན་མི་ཟ།། ཁ་ཚར་མ་ཉམས་གཙང་མ་ལ།། བཟོ་པོ་སྨྱང་བ་བྱས་པ་ཡིས།། མ་འདྲེས་ལེགས་པར་བྲིས་པ་ནི། ། གཙོ་བོ་རྡོ་རྗེ་གཞོན་ནུ་ཉིད།། གསེར་གྱི་མདོག་ཅན་ཕྱག་བརྐྱང་བ།། གཡོན་དུ་སྡུད་པ་རྡོ་རྗེ་ཆོས།། དབུ་སྨད་དཀར་ལ་འཚེར་བ་བྲི།། དེ་འོག་རིག་པ་འཛིན་ལ་ཉིད།། གསེར་གྱི་པོག་པོར་བཟུང་ནས་ནི།། དེ་ལ་མཆོད་པ་བྱེད་པ་བྲི། ། དེ་ནས་བདག་ཉིད་ལུས་པོ་ནི།། བ་ཡི་ཆུའམ་འོ་མ་དང།། ནས་ཀྱི་ཕྱ་མས་ལུས་དྲིལ་ལ།། གཙང་མའི་གོས་དང་ལྡན་པར་བྱ།། རྒྱལ་བའི་སྐུ་ལ་མཆོད་པ་དང།། རྟག་ཏུ་ཕྱག་ན་རྡོ་རྗེ་ལ། ། མོས་པ་སེམས་ཀྱིས་གཏོར་མ་དབུལ།། སྐུ་གཟུགས་མཆོད་རྟེན་སྤྱན་ལྔ་རུ།། བཟླས་ན་དངོས་གྲུབ་མཆོག་ཆེན་སྟེར།། ཞི་རྒྱས་དབང་དང་བསྐྲད་པ་དང།། དགུག་དང་རྣམས་འབྱེད་འཕྲོག་པ་དང།། བསྐང་དང་དུས་བླང་རབ་ཏུ་ཐར། ། བརྩོད་དང་འཁྲུག་པ་རྣམས་བཅོམ་པ།། ཕ་རོལ་སྡེ་རྣམས་བཤིག་པ་དང།། ནམ་མཁའ་དག་ལ་འགྲོ་བ་དང།། སྤུ་གྲི་རལ་གྲི་འཁོར་ལོ་དང།། རྡོ་རྗེ་གསལ་ཤིང་ཕུར་པ་རྣམས།། བསམ་པ་གཅིག་གིས་འགྲུབ་པར་ངེས། ། བསད་པའི་ཕུར་པ་ངེས་པ་ལ།། བརྒྱ་སྟོང་བཟླས་ཏེ་སྒོར་བཏབ་ན།། གདུག་པའི་ཚོགས་རྣམས་གང་ཡང་རུང།། འཕྲལ་དུ་འབྲོས་པར་གདོན་མི་ཟ།། སྐེ་ཚེ་གྲོ་ག་ལན་ཚྭ་གསུམ། ། བསྔགས་ཏེ་ས་ལ་སྦས་ནས་ཀྱང།། བསྐྲད་པ་ལ་ནི་རེ་དོགས་མེད།། ལག་པ་ལ་ནི་བརྒྱ་སྟོང་དུ།། བཟླས་ཏེ་ས་ལ་བརྡབས་པ་ནི།། གཏེར་གྱི་བདག་པོ་འབྲོས་པར་འགྱུར།། ཡོ་བྱད་སྔོན་པོར་བསྒྱུར་ནས་ནི། ། མངར་གསུམ་ཡོན་དུ་ཕུལ་ནས་ཀྱང།། ལག་མཐིལ་ས་ལ་བརྡབས་ནས་ནི།། བསྲེག་ཅིང་ཞག་གསུམ་བར་དུ་ཡང།། བརྒྱ་སྟོང་བར་དུ་བཟླས་བསྲེགས་ན།། གཏེར་ཁུག་པ་ལ་གདོན་མི་ཟ།། རིང་པོར་སྙིང་པོ་བཟླས་བྱས་ཏེ། ། སྐུ་གདུང་མཆོད་རྟེན་ལ་སོགས་པ།། མཆོད་པ་དབུལ་ཞིང་ཟས་གཙང་བཟའ།། བརྒྱ་སྟོང་བཟླས་ན་མཁའ་ལ་འགྲོ།། གཞན་གྱི་དབང་དུ་མི་འགྱུར་ཞིང།། ཀུན་གྱི་བླ་ན་སྤྱོད་པ་དང།། མཆོད་སྦྱིན་རྣམས་དང་ལྷན་ཅིག་འགྱུར། ། རྡོ་རྗེ་ཆོས་ལ་མཆོད་ནས་ནི།། གཡས་ཕྱོགས་ཨ་ཤད་འདབ་མ་ལ།། འོག་ཏུ་བཞི་ལ་སྟེང་དུ་གསུམ།། དེ་ལྟར་ཞག་གསུམ་ཟིན་པ་དང།། འབྱུང་པོ་ཀུན་ལ་གཏོར་མ་སྦྱིན།། བསྒྲུབ་པོའི་མཚན་མ་གསུམ་གྱི་བར། ། དེ་ཡི་བར་དུ་སྙིང་པོ་བཟླས།། བགྲོད་པར་དཀའ་ཡང་མྱུར་དུ་ཕྱིན།། གལ་ཏེ་རྒྱལ་ས་འཛིན་འདོད་དམ།། ནད་དག་མྱུར་དུ་བཅད་འདོད་ན།། ཡུམ་ཆེན་རྒྱས་འདེབས་སྐུ་གཟུགས་བྲི།། ར་འམ་ཕག་པའི་ཁྲག་དག་ལ། ། གཏོར་མ་རྒྱ་ཆེན་བྱིན་ནས་ནི།། བཟླས་པ་བརྒྱ་སྟོང་རབ་བཟླས་ལ།། བདག་ཉིད་བར་དུ་སྨྱུང་བར་གནས།། པ་ལ་ཤ་ཡི་མེ་བུས་ཏེ།། བ་ཡི་ཤ་ལ་སྦྱིན་སྲེག་ནི།། ཉི་ཤུ་རྩ་ལྔར་བཟླས་བསྲེགས་ནས། ། ནུབ་གསུམ་གྱིས་ནི་ནད་རྣམས་ཆད།། དེ་ལ་སོགས་ཏེ་བསམ་ཡས་མཆོག། ཇི་ལྟར་འདོད་པ་བཞིན་དུ་འགྲུབ།། གལ་ཏེ་སྲིད་ཅན་འདུལ་འདོད་ན།། ཉི་ཤུ་རྩ་གཅིག་དཀྱིལ་འཁོར་དུ།། བསྙེན་པ་བྱེ་བས་ཡར་བསྐྱལ། ། དེ་ནས་ལས་ཀྱི་གཞུང་ལ་འཇུག། དེ་ཡི་གསང་སྔགས་འདི་ཡིན་ཏེ།། ཨོཾ་སརྦ་ཛ་ཏྲི་ཧཱུཾ་ཛ། ན་ཏྲི་སུམ་ཏྲི་སུམ་ཧཱུཾ་ཛ། ཤན་ཏྲི་ནི་ཧཱུཾ་ཛ། ཀ་ཏྲི་ནི་ཧཱུཾ་ཛ། ངན་ཏྲི་ནི་ཧཱུཾ་ཛ། གུཾ་གུཾ་གུཾ་ཛྫ་ཛྫ་ཛྫ། ཡི་གེ་དགུ་ཡི་མགོ་དྲངས་ལ། ། ཕྱི་འམ་ཡང་ན་ཕྱེ་ལ་བཟླས།། དུས་དྲུག་དག་ཏུ་རབ་འབད་ལ།། ཞུགས་པའི་ཁ་པྲ་ཐབས་པ་དང།། རང་རང་གང་ཡིན་གནས་སུ་མནན།། ལས་ཀྱི་རྒྱལ་པོ་མཆོག་རྫོགས་ནས།། མ་ཏོ་ལ་ཡི་ཤིང་བུ་ལ། ། བདུན་སྟོང་བར་དུ་རབ་བསྲེགས་ན།། གདུག་བྱེད་ཕྱེ་མ་བརླག་པར་འགྱུར།། གང་ཞིག་མོ་ཤམ་རིགས་སྤེལ་བའི།། དེ་ཡི་ཆོ་ག་བསྒྲུབ་འདོད་ན།། འཁོར་ལོ་རྩིབས་བརྒྱད་དཀྱིལ་འཁོར་དུ།། སྔོན་དུ་འགྲོ་བའི་ལས་དག་བྱ། ། བུམ་པ་དམར་པོའི་མདོག་འདྲ་ལ།། མཚན་དང་ལྡན་ཞིང་རྨ་མེད་པར།། སྤོས་ཆུ་དག་གིས་ཁྲུས་བྱས་ཏེ།། རིན་ཆེན་ལྔ་དང་སྨན་ལྔ་དང།། འབྲུ་ལྔ་སྤོས་ལྔ་སྙིང་པོ་ལྔ།། ཀར་བུ་རམ་སྦྲང་རྩི་དང།། ཛ་ཏི་པ་ལ་ལ་སོགས་རྣམས། ། བདུད་རྩི་བཅུད་ལྡན་བུམ་པར་བླུག། ཕྱི་ནང་གསང་བའི་མཚམས་གསུམ་བཅད།། དམར་པོའི་ཤིང་ལ་བྱས་པ་ཡི།། ཕུར་པ་དར་གྱི་ཅོད་པཎ་ཅན།། བཅོ་ལྔ་དཀྱིལ་འཁོར་རིམ་པར་དགོད། ། གཞན་ཡང་གོ་རིམས་ཇི་ལྟར་བར།། ལས་རྣམས་ཡོངས་སུ་རྫོགས་པ་དང།། སྤྱི་ཡི་བསྙེན་པ་ཅི་ནུས་བསྐྱལ།། གྲངས་དང་མཚན་མ་རྟགས་མཐོང་ནས།། བུམ་པའི་ནང་དུ་ཡི་གེ་མ།། འཕྲོ་འདུས་འོད་དུ་ཞུ་བ་ལས། ། མཾ་མོ་ཧ་ར་ཏི་ཛ་ཞེས་པས།། མཱ་མ་ཀི་ནི་མདོག་དཀར་མོ།། ཞི་བའི་མདོག་ལ་འདོ་འཕྲོ་འབར།། གཡས་ན་རིན་ཆེན་ཟ་མ་ཏོག། གཡོན་ན་རིན་ཆེན་སྙེ་མ་བསྣམས།། རྒྱན་ཆས་ཀུན་དང་ལྡན་པ་ལ། ། དབང་བསྐུར་བྱིན་བརླབས་ཚུལ་བཞིན་བྱ།། དགུག་གཞུག་བསྟིམ་ལ་མཆོད་བྱས་ཏེ།། དམིགས་པའི་ཡུལ་ཡང་དེ་འདྲར་བསྐྱེད།། ཅིས་ཀྱང་མི་ཚུགས་བསྲུང་བ་དང།། དབང་བསྐུར་བསྲེ་བ་ལ་སོགས་བྱ།། པ་ལ་ཤ་ཡི་ཤིང་བུ་ལ། ། འབྲས་བུ་ལྡན་པས་ཁ་བརྒྱན་ཅིང།། ལེ་བརྒན་དར་རམ་མ་ཉམས་རས།། མགུལ་ཆིངས་དག་དང་ལྡན་པ་ལ།། ཁ་དོག་ལྔ་ཡི་སྲད་བུ་གདགས།། ན་མོ་རཏྣ?་ཏྲ་ཡ་ཡཱ། ཤཱཀྱ་པར་ཡ། ཏ་ཐཱ་ག་ཏ་ཡ། ན་མོ་མ་ཤཱཀྱ་ཏ་ཡ། ཀྴུ་ཀྴུ་ཡུ་སུ་ལེ། ཙ་ཏུར་ཏྲ་ཙ་རོར་ས་ཧ། ང་ཙེ་ང་ཙེ་གྱང་ཙེ་ཧེ་རུ་ཧེ་ཧུ། ཏདྱ་ཐཱ་ཨ་ནུ་ནྱ་བྷུ་མི་གྷ་བ་ཀྵ་བི་ཛེ། གུ་ལོ་ཙ་ལ་མེ། པ་ཏཾ་ཀྵ་ལོ་མེ། པ་ཏ་ཀྵ་ལོ་མེ། ཀྲི་ཡ་ཀྵ་ན། བ་ཀུ་མུན་ཏེ་ཛ་ར་བར་མེ། ཚ་ཏ་བར་མེ་ཚ་ཏ་པ། པ་པ་ཏེ། པ་ཤུ་ལ་གེ་ཨ་བ། བྷ་སུ་ནེ་ཧ་ས་ཀ་བ་ཀྵ། ལ་མ་ཐུ་ཙ་ཀྴ། གཾ་བྷིར་བ་སུ་མེ་ཨ། མ་ནོ་ཡ་ས་རོ། པ་ལ་ཤ་ཏྲོ་ཡེ་སྭཱཧཱ། འདི་ཡི་རིམ་པ་རྣམས་ཕྱེ་ལ།། གྲངས་འབུམ་བཟླས་ཏེ་ཆོ་ག་བཞིན། ། ཞག་བདུན་ཁྲུས་བྱ་སྨྱུང་བར་གནས།། གུ་གུལ་བདུག་ཅིང་བསྐྲད་པར་བྱ།། ཐུན་གསུམ་སྦྱོར་བས་དེ་བླུད་ལ།། ཚོགས་དང་སྦྱིན་སྲེག་བྱ།། ཅི་འདོད་བསམ་པ་འགྲུབ་པ་འགྱུར།། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ། རིན་པོ་ཆེ་གཏེར་གྱི་ལེའུ་སྟེ་བཅུ་དགུ་པའོ།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདྲེན་པའི་སྐུ། ། སྐྱེ་མ་བཅོམ་ལྡན་གསང་བའི་བདག། ཀྱེ་མ་ཐམས་ཅད་མཁྱེན་པའི་སྐུ།། ཀྱེ་མ་སྨྲ་བའི་སེང་གེ་མཆོག། ལམ་འདིར་ཞུགས་པའི་གང་ཟག་ལ།། རྟེན་དང་རྟེན་ཅན་ལ་སོགས་རྣམས།། མཚོན་བྱ་མཚོན་པར་བྱེད་པའི་ཐབས། ། རྣམ་པར་དག་པོའི་མཚན་ཉིད་ཅི།། ཞེས་གསོལ་བས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ཆེན་པོ་བཀའ་སྩལ་པ། ཀྱེ་མ་ལས་ཀྱི་སེམས་དཔའ་མཆོག། ཡང་དག་དོན་རྟོགས་ཐབས་ཆེན་པོ། ། བསྐྱེད་པའི་རིམ་པ་ལེགས་འདོད་ཅིང།། རྫོགས་པའི་རིམ་པ་གནས་འདོད་པས།། འདི་ནི་མཚན་ཉིད་རྟོགས་པ་གཅེས།། རྟེན་གྱི་དཀྱིལ་འཁོར་བཤད་བྱ་བ།། དབྱིབས་ཀྱི་སྒོ་ནས་དོན་མཚོན་པའི། ། དེ་ཡི་རིམ་པ་འདིར་བཤད་པ།། གཅིག་དང་དུ་མར་བྲལ་བའི་ཕྱྀར།། དཀྱིལ་འཁོར་སྤྲོས་མེད་ཟླུམ་པོའི་ཚུལ།། རང་བྱུང་འགག་པ་མེད་པའི་རྟགས།། དབུས་ཀྱི་ཆ་ནི་གྲུ་གསུམ་མོ། ། དྲེགས་ཚོགས་དབང་དུ་སྡུད་པའི་རྟགས།། ཟླ་ཁམ་གསུམ་གྱིས་མཐའ་རུ་མཛེས།། ཆོས་རྣམས་ཀུན་ལ་དབང་སྒྱུར་ཕྱིར།། འཁོར་ལོ་རྩིབས་དང་ལྡན་པའོ།། ཆོས་ཀྱི་འཁོར་ལོ་ཡོངས་ཀྱི་བསྐོར།། མུ་ཁྱུད་ཟུམ་པོ་དག་གིས་མཛེས། ། ཕྱོགས་བཞིར་ཡེ་ཤེས་བཞི་འཕྲོའི་ཚུལ།། གྲུ་ཆད་བཞི་དང་ལྡན་པའོ།། གཞལ་ཡས་གྲུ་བཞིར་གྱུར་པ་ནི།། ཡེ་ཤེས་ཡོངས་སུ་རྒྱས་པའི་རྟགས།། ཐེག་པོའི་འབྲས་བུ་རིམ་འཇུག་ཕྱིར།། དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། ། རྟ་བབས་ཡང་དག་སྤོང་བ་བཞི།། ཀ་བ་འཕགས་ལམ་ཡན་ལག་བརྒྱད།། རྣམ་གསུམ་ཐོད་པའི་རྩིག་པ་ནི།། སྐུ་གསུམ་ལྷུན་གྱིས་གྲུབ་པའི་རྟགས།། ཚངས་པའི་གདུང་བརྒྱད་བསྣོལ་བ་ནི། ། ཡེ་ཤེས་དོན་རྣམས་ལྷུན་གྲུབ་རྟགས།། དྲ་བ་དྲ་བ་ཕྱེད་པ་ནི།། ཉོན་མོངས་ཆེ་ཆུང་རྣམ་དག་རྟགས།། རིན་ཆེན་ཕ་གུས་བརྒྱན་པ་ནི།། ཚུལ་ཁྲིམས་རྣམ་པར་དག་པའི་རྟགས།། འོད་པའི་ལྷ་མོས་བརྒྱན་པ་ནི། ། སྤྱོད་ཡུལ་ཡོངས་སུ་དག་པའི་རྟགས།། སྒོ་བཞིར་རྒྱལ་མཚན་བཞི་རྣམས་ནི།། རྣམ་རྟོག་བདུད་ལས་རྒྱལ་བའི་རྟགས།། ཟུར་བཞིར་རྒྱལ་མཚན་བཞི་རྣམས་ནི།། ཕྱི་ཡི་བདུད་ལས་རྒྱལ་བའི་རྟགས།། ཞིང་གི་བླ་རེས་བྲེས་པ་ནི། ། ཐབས་དང་ཤེས་རབ་དག་པའི་རྟགས།། ཞིང་གི་རྒྱལ་མཚན་བརྒྱན་པ་ནི།། བསོད་ནམས་ཡོངས་སུ་དག་པའི་རྟགས།། རིན་ཆེན་སྣ་ལྔའི་རྩིག་པ་ནི།། དུག་ལྔ་ཡེ་ཤེས་ལྔར་སྣང་རྟགས།། ཐོད་པའི་རྒྱན་ལ་སོགས་པ་ནི། ། ཐམས་ཅད་དབྱིངས་སུ་དག་པའི་རྟགས།། སྦྲུལ་གྱི་རྒྱན་ལ་སོགས་པ་ནི།། བདག་དང་བདག་གིར་འཛིན་དག་པའོ།། རཀྟའི་ཞམ་ཆུ་འབབ་པ་ནི།། ཐུགས་རྗེ་དབྱིངས་སུ་འཆར་བའི་རྟགས། ། རྡོ་རྗེ་གུར་དང་རིན་ཆེན་འབབ།། ཆོས་ཀྱི་འཁོར་ལོས་མི་མཐུན་པ།། འདུལ་བའི་རྟགས་སུ་སྣང་བའི་རྟགས།། གདུགས་དང་འཕན་གྱིས་བརྒྱན་པ་ནི།། ཆོས་རྣམས་ཆོས་ཉིད་དོན་རྟོགས་རྟགས།། རི་དགས་ཨེ་ནེས་བརྒྱན་པ་ནི། ། སྤྲུལ་པས་འགྲོ་དོན་མཛད་པའི་རྟགས།། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི།། ས་བཅུའི་སེམས་དཔའ་ཆེན་པོ་ལ།། འཁོར་ལོ་རྒྱན་དུ་བསྐོར་བའི་རྟགས།། འོབས་ལྔ་དག་གིས་བསྐོར་བ་ནི།། དུག་ལྔ་ཆོས་ཉིད་ལོངས་སྤྱོད་རྟགས། ། འདི་ནི་ཕྱི་ཡི་གཞལ་ཡས་ཡིན།། ནང་དང་གསང་བའི་གཞལ་ཡས་ལས།། ཐ་མའི་རིམ་པ་འདི་ལྟ་སྟེ།། ཡེ་ནས་རང་བྱུང་གཞལ་ཡས་ཁང།། རྒྱན་དང་དཔག་བསམ་ཤིང་བུ་དང། ། བླ་བྲེ་ལ་སོགས་རང་བཞིན་འགྲུབ།། སངས་རྒྱས་གཞལ་ཡས་དམ་པ་སྟེ།། ཐམས་ཅད་རྒྱན་རྣམས་ཀུན་གྱིས་བརྒྱན།། སངས་རྒྱས་རོལ་མོ་དུ་མས་འཁྲིགས།། མཛེས་པའི་པདྨ་རང་བྱུང་གདན།། དེ་ནི་གསང་བའི་གཞལ་ཡས་ཡིན། ། རྟེན་ཅན་དག་གི་མཚན་ཉིད་ཀྱང།། མི་མཐུན་ཚུལ་ལས་རྣམ་པ་གསུམ།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི།། མ་རིག་རྣམ་པར་དག་པའོ།། ཁྲོ་ཆེན་རྣམ་པར་རྒྱལ་བ་ནི།། འདུ་བྱེད་རྣམ་པར་དག་པའོ། ། ཁྲོ་ཆེན་དབྱུག་པ་སྔོན་པོ་ནི།། རྣམ་པར་ཤེས་པ་རྣམ་དག་པའོ།། ཁྲོ་ཆེན་གཤིན་རྗེ་གཤེད་པོ་ནི།། མིང་དང་གཟུགས་ཉིད་རྣམ་དག་པའོ།། ཁྲོ་ཆེན་མ་གཡོ་མགོན་པོ་ནི།། སྐྱེ་མཆེད་དྲུག་གི་རྣམ་དག་པའོ། ། ཁྲོ་བོ་ཆེན་པོ་རྟ་མགྲིན་ནི།། རེག་པ་རྣམ་པར་དག་པའོ།། ཁྲོ་བོ་གཞན་གྱིས་མི་ཐུབ་པ།། ཚོར་བ་རྣམ་པར་དག་པའོ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ནི།། སྲེད་པ་རྣམ་པར་དག་པའོ།། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ནི། ། ལེན་པ་རྣམ་པར་དག་པའོ།། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ།། སྲིད་པ་རྣམ་པར་དག་པའོ།། ཁྲོ་བོ་ཆེན་པོ་ཧཱུ~ཾ་ཀ་ར།། སྐྱེ་བ་རྣམ་པར་དག་པའོ།། སྲས་མཆོག་བཛྲ་ཀཱི་ལ་ཡ།། རྒ་ཤི་རྣམ་པར་དག་པའོ། ། གཟུང་བའི་ཡུལ་དུ་གྱུར་པ་རྣམས།། ཡུལ་རྣམས་རྣམ་པར་དག་པའོ།། གཟུང་ཆ་དང་ནི་འཛིན་ཆ་གཉིས།། སྤྲུལ་པའི་མགོ་བརྙན་རྣམ་དག་པའོ།། འདི་ནི་བློ་བུར་དྲང་བའི་ཕྱིར།། བསྡུས་པའི་ཚུལ་ནས་བཞག་པ་ཡིན། ། བར་མའི་རིམ་པ་འདིར་གསུངས་པ།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི།། རྣམ་ཤེས་ཚོགས་བརྒྱད་རྣམ་དག་པའོ།།། ཁྲོ་བོ་ཆེན་པོ་ཧཱུཾ་ཀར།། འདོད་ཆགས་རྣམ་པར་དག་པའོ།། ཁྲོ་ཆེན་རྣམ་པར་རྒྱལ་བ་ནི། ། ངག་འཁྱལ་རྣམ་པར་དག་པའོ།། ཁྲོ་ཆེན་དབྱུག་པ་སྔོན་པོ་ནི།། བརྫུན་སྨྲ་རྣམ་པར་དག་པའོ།། ཁྲོ་ཆེན་གཤིན་རྗེ་གཤེད་པོ་ནི།། སྲོག་གཅོད་རྣམ་པར་དག་པའོ།། ཁྲོ་ཆེན་མི་གཡོ་མགོན་པོ་ནི།། ལོག་ལྟ་རྣམ་པར་དག་པའོ། ། ཁྲོ་བོ་ཆེན་པོ་རྟ་མགྲིན་ནི།། ཕྲ་མ་རྣམ་པར་དག་པའོ།། ཁྲོ་ཆེན་འདོད་པའི་རྒྱལ་པོ་ནི།། མ་བྱིན་ལེན་པ་རྣམ་དག་པའོ།། ཁྲོ་ཆེན་བདུད་རྩི་འཁྱིལ་པ་ནི།། ངག་རྩུབ་རྣམ་པར་དག་པའོ།། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ནི། ། གནོད་སེམས་རྣམ་པར་དག་པའོ།། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ།། བརྣབ་སེམས་རྣམ་པར་དག་པའོ།། དེ་རྣམས་ཀུན་གྱི་མཚན་ཉིད་དང།། དམིགས་པའི་ཡུལ་དུ་བཅས་པ་ཀུན།། ཡུལ་རྣམས་རྣམ་པར་དག་པའི། ། འཕྲ་མེན་ཕག་གི་མགོ་ཅན་ནི།། གཉིད་ཉིད་རྣམ་པར་དག་པའོ།། འཕྲ་མེན་རྨིགས་བུའི་མགོ་ཅན་ནི།། གཉིད་ཡུལ་རྣམ་པར་ད་ག་པའོ།། འཕྲ་མེན་སྟག་གི་མགོ་ཅན་ནི།། སེམས་དངོས་རྣམ་པར་དག་པའོ། ། འཕྲ་མེན་བྱ་རྒོད་ཅན་ནི།། སེམས་ཡུལ་རྣམ་པར་དག་པའོ།། འཕྲ་མེན་གཡག་གི་མགོ་ཅན་ནི།། འདུན་པ་རྣམ་པར་དག་པའོ།། འཕྲ་མེན་བྱ་རོག་མགོན་ཅན་ནི།། འདུན་ཡུལ་རྣམ་པར་དག་པའོ། ། འཕྲ་མེན་ཤ་བའི་མགོ་ཅན་ནི།། ཡིད་ལ་བྱེད་པ་རྣམ་པར་དག་པའོ།། འཕྲ་མེན་འུག་པའི་མགོ་ཅན་ནི།། ཡིད་ཡུལ་རྣམ་པར་དག་པའོ།། འཕྲ་མེན་གཟིག་གི་མགོ་ཅན་ནི།། ཏིང་འཛིན་རྣམ་པར་དག་པའོ།། འཕྲ་མེན་ཁྲ་ཡི་མགོ་ཅན་ནི།། ཏིང་འཛིན་རྣམ་པར་དག་པའོ།། འཕྲ་མེན་བྱི་ལའི་མགོ་ཅན་ནི།། དད་པ་རྣམ་པར་དག་པའོ།། འཕྲ་མེན་པུ་ཤུད་མགོ་ཅན་ནི།། དུད་ཡུལ་རྣམ་པར་དག་པའོ།། འཕྲ་མེན་སྤྱང་མོའི་མགོ་ཅན་ནི། ། མོས་པ་རྣམ་པར་དག་པའོ།། འཕྲ་མེན་ཁྲ་ཡི་མགོ་ཅན་ནི།། མོས་ཡུལ་རྣམ་པར་དག་པའོ།། འཕྲ་མེན་སེང་གེའི་མགོ་ཅན་ནི།། དྲན་པ་རྣམ་པར་དག་པའོ།། འཕྲ་མེན་ཕ་ཝང་མགོ་ཅན་ནི། ། དྲན་ཡུལ་རྣམ་པར་དག་པའོ།། འཕྲ་མེན་དོམ་གྱི་མགོ་ཅན་ནི།། རིག་པ་རྣམ་པར་དག་པའོ།། འཕྲ་མེན་སྲེ་མོའི་མགོ་ཅན་ནི།། རིག་ཡུལ་རྣམ་པར་དག་པའོ།། འཕྲ་མེན་དྲེད་ཀྱི་མགོ་ཅན་ནི།། བྱེད་པ་རྣམ་པར་དག་པའོ། ། འཕྲ་མེན་བྱི་བའི་མགོ་ཅན་ནི།། བྱེད་ཡུལ་རྣམ་པར་དག་པའོ།། སྒོམ་བཞི་རུ་བྱུང་བ་ནི།། ཚད་མེད་བཞི་རྣམས་དག་པའོ།། དབང་པོ་བར་མའི་རིམ་པ་ཡིས།། འབྲིང་གིས་འབྲིང་ལ་བསྟན་པ་ཡིན། ། འབྲིང་གིས་རབ་ལ་བསྟན་པ་ནི།། རང་གི་རྟོག་ཚོགས་ལྷར་གནས་པས།། གཞན་ནས་དཀྱིལ་འཁོར་བསྐྱེད་དུ་མེད།། ཀུན་གྱི་རང་བཞིན་བདག་ཉིད་པས།། ཐབས་དང་ཤེས་རབ་ཚུལ་དུ་སྣང།། དཔེར་ན་ནམ་མཁའ་དངས་པ་ལ། ། ཉི་ཟླ་གཟའ་སྐར་འཆར་བ་ལྟར།། བྱང་ཆུབ་སེམས་ཀྱི་ཁྱད་པར་ལས།། ཐམས་ཅད་ཉིད་ཀྱི་རྒྱན་དུ་སྣང།། དེ་ཡང་རིམ་པའི་འདི་ལྟ་བར།། གཟུགས་ཀྱི་ཕུང་པོ་ཧཱུཾ་ཀར།། རྣམ་ཤེས་རྣམ་པར་རྒྱལ་བ་སྟེ། ། ཚོར་བ་གཤིན་རྗེ་གཤེད་པོའོ།། འདུ་ཤེས་ལ་ནི་རྟ་མཆོག་དཔལ།། འདུ་བྱེད་བདུད་རྩི་འཁྱིལ་བའོ།། མིག་གི་རྣམ་ཤེས་དབྱུག་སྔོན་ཅན།། རྣ་བ་མི་གཡོ་མགོན་པོ་སྟེ།། སྣ་ནི་གཞན་གྱིས་མི་ཐུབ་བོ། ། ལྕེ་ལ་ཁམས་གསུམ་རྣམ་རྒྱལ་ཏེ།། གསང་བའི་རྣམ་ཤེས་སྟོབས་པོ་ཆེ།། ནམ་མཁའ་དག་པ་སྒྲ་འབྱིན་མ།། ས་ནི་རྡོ་རྗེ་སྙེམས་མ་ལ།། ཆུ་ནི་དུར་ཁྲོད་བདག་མོས་བཤད།། རླུང་ནི་རྡོ་རྗེ་རླུང་འབྱིན་མའོ། ། གཟུགས་ནི་རྡོ་རྗེ་སྡེར་མོ་ལ།། སྒྲ་ནི་རྡོ་རྗེ་གཏུ་ན་ཁུང་མ།། དྲི་ནི་རྡོ་རྗེ་མདའ་སྙེམས་མ།། རོ་ནི་རྡོ་རྗེ་གསོད་མའོ།། རེག་ནི་བསྐྱོད་མ་ཡིན་པར་འདོད།། གཏི་མུག་ཕག་གི་མགོ་ཅན་ལ།། ཞེ་སྡང་སྟག་གི་མགོ་རུ་གཟུང། ། ང་རྒྱལ་ཤ་བའི་མགོ་ཅན་ཏེ།། འདོད་ཆགས་ལ་ནི་བྱི་ལའོ།། ཕྲག་དོག་སེང་གེའི་མགོ་རུ་གསུངས།། གཡག་ནི་མིག་གི་དབང་པོ་སྟེ།། གཟིག་ནི་རྣ་བའི་དབང་པོའོ།། སྣ་ཡི་དབང་པོ་སྤྱང་ཁུ་ལ།། དོམ་ནི་ལྕེ་ཡི་དབང་པོ་སྟེ། ། གསང་བའི་དབང་པོ་དྲེད་དུ་བཤད།། གཉིད་མེད་རྨིགས་བུའི་མགོ་ཅན་ལ།། ཡིད་ནི་བྱ་རྒོད་མགོ་ཅན་ནོ།། འུག་པ་ཉོན་མོངས་ཅན་གྱི་ཡིད།། སེར་སྣ་པུ་ཤུད་ཡིན་པར་བཤད།། སྤྲ་མ་དག་ནི་ཕ་ཝང་ལ། ། འདས་པ་བྱ་རོག་མགོ་རུ་བསྟན།། ད་ལྟར་འཛིན་པ་ཁྭ་ཏ་ཡིན།། མ་འོངས་པ་ནི་ཁྲ་ཡི་མགོ། འབྱུང་བར་མ་ངེས་སྲེ་མོ་ལ།། ཀུན་ཏུ་རྒྱུ་ནི་མཚུངས་པར་ལྡན།། བྱི་བ་དག་ནི་ཡིན་པར་འདོད།། རྟག་པར་ལྟ་བ་ལྕགས་ཀྱུ་མ། ། ཆད་པར་ལྟ་བ་ཞགས་པ་མ།། བདག་ཏུ་ལྟ་བ་ལྕགས་སྒྲོག་མ།། མཚན་མ་ལྟ་བུ་དྲིལ་བུ་ཞེས།། རིམ་པ་འདི་བཞིན་རྣམ་པར་དག། ལས་སུ་རུང་བའི་མཚན་ཉིད་ནི།། ཇི་བཞིན་པ་ཡི་དོན་ལ་སྦྱར། ། གཉིས་སུ་མེད་པའི་དོན་རྟོགས་ན།། ལྷ་དང་དཀྱིལ་འཁོར་ལ་སོགས་ཀུན།། བློ་ཆུང་དྲངས་པའི་ཐབས་སུ་ཟད།། ལྷ་ཡི་གྲངས་དང་སྐུ་མདོག་དང།། གནས་དང་གདན་དང་ཕྱག་མཚན་དང།། སྐུ་བསྐྱེད་སྤྱན་དྲངས་ལ་སོགས་པ། ། བྱིས་པ་དྲངས་པའི་ཐབས་སུ་བསྟན།། ཡང་དག་ཐར་པའི་ལམཆེན་ལ།། མང་དུ་སྨྲས་པ་ཅི་ཞིག་བྱ།། མ་བཅོས་ངང་ལ་བདེར་གནས་པ།། ཐམས་ཅད་ལྷུན་གྱིས་རྫོགས་ཞེས་བྱ། ། འདི་ནི་ཕྱི་ཡི་རིམ་པར་གསུངས།། ནང་ནི་འཁོར་ལོ་དག་ལས་ཤེས།། གསང་བའི་རིམ་པ་འདིར་གསུངས་པ།། གསང་བའི་དཀྱིལ་འཁོར་དམ་པ་དེར།། ཕྲ་ལ་དོད་པར་བརྟག་པར་བྱ།། དེ་ལ་སེམས་གཏད་མ་ཡེངས་པར། ། ཡང་ནས་ཡང་དུ་གནས་པ་གཅེས།། དེ་བརྟན་འགྱུར་བས་སྤྲོས་པར་བྱ།། གཅིག་གམ་ཡང་ན་ཐམས་ཅད་སྤྲོ།། འཇིག་རྟེན་ཐམས་ཅད་གང་གྱུར་ནས།། བསྡུ་དང་སྤྲོ་བ་ཡང་དང་ཡང།། བརྟན་ནས་གཞན་དུ་མི་གཡོའི་ཚེ། ། ཕྲ་མོའི་སེམས་ཀྱིས་གཟུང་བ་དང།། མཐར་ནི་དམིགས་པ་མེད་པར་འགྱུར།། འདི་འདྲའི་བདེ་བ་ཉམས་སུ་བླངས།། བདེ་བར་གཤེགས་པའི་མཛད་སྤྱོད་དེ།། རྣལ་འབྱོར་དམ་པ་ཀུན་གྱི་གྲོགས། ། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུ་ཆེན་པོ་ལས། སྣོད་བཅུད་རྣམ་པར་དག་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཡང་བཛྲ་ཀཱི་ལ་ཡས། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་ཐབས་ཀྱི་གཙོ།། སངས་རྒྱས་ཀུན་གྱི་ཡབ་ཆེན་པོ།། གཉིས་མེད་གསང་བའི་མཛོད་དམ་པ།། ཡང་གསང་དམ་པའི་ཛོད་ཆེན་པོ།། ཚེ་ཡི་ཆོ་ག་དམ་པ་ཡིས།། འདི་དང་ཕྱི་མའི་དོན་གྲུབ་ཅིང། ། བདག་གཞན་གཉིས་ཀའི་ལས་རྫོགས་པ།། ཀཱི་ལ་ཡ་ཡིས་བཤད་དུ་གསོལ།། ཞེས་བརྗོད་པས། བཅོམ་ལྡན་འདས་གསང་བའི་བདག་པོ་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཁྱོད་ཉོན་ཅིག། ཐུན་མོང་ལས་དང་ཁྱད་པར་གྱི།། ལས་གཉིས་ཡོངས་སུ་རྫོགས་འདོད་ན།། འདི་དོན་ངེས་པར་ངས་བཤད་ཀྱིས།། ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས།། བྱམས་དང་སྙིང་རྗེ་སྔོན་བཏང་ནས།། སྔོན་དུ་འགྲོ་བའི་ལས་དག་བྱ། ། ཀུན་ཀྱང་སྤྱི་ཡི་རིམ་པ་བཞིན།། ཡོངས་སུ་བརྟགས་ཏེ་ངོས་ཟིན་བྱ།། ཕྱི་ནང་གསང་བའི་རིམ་པ་ཡིས།། འདི་ཡི་རིམ་པའང་སྔ་མ་བཞིན།། ལས་རྣམས་རྫོགས་པའི་གནས་དག་ཏུ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ། ཆག་ཆག་བྱི་དོར་སྐྱང་ནུལ་དང།། སྲད་བུས་གདབ་ཅིང་ས་ཚོན་བརླབ།། བྷ་ག་ཨེ་ཡི་དབྱིབས་ཅན་ལ།། ཟླ་གམ་བཞི་དང་འཁོར་ལོ་བརྒྱད།། གྲུ་བཞི་སྒོ་ཁྱུད་ལྡན་པར་བྱ།། རིན་ཆེན་ལྔ་ལས་བྱས་པ་ཡི། ། བུམ་པ་ཚད་དང་ལྡན་པ་ལ།། རྒྱན་དང་རིན་ཆེན་འཕྲེང་བ་གདགས།། རིན་ཆེན་ལྔ་དང་སྨན་ལྔ་དང།། འབྲུ་ལྔ་སྤོས་ལྔ་སྙིང་པོ་ལྔ།། མངར་གསུམ་ཉུངས་ཀར་འབྲུ་མཆོག་སྐྱེམས། ། རིན་ཆེན་བུམ་པ་ཡོངས་བསྐང་ནས།། ཟླ་གམ་དམར་པོས་ཁ་བཅད་ལ།། དཀྱིལ་འཁོར་དབུས་སུ་དགོད་པར་བྱ།། པདྨ་ཀཱི་ལ་ཡ་ཨཾ། བཛྲ་ཀཱི་ལ་ཡ་ཧཱུཾ། རཏྣ་ཀཱི་ལ་ཡ་ཏྲཾ། བུདྡྷ་ཀཱི་ལ་ཨོཾ། ཀརྨ་ཀཱི་ལ་ཡ་ཨ། དགུག་གཞུག་བསྟིམ་དང་བརྟན་པར་བྱ།། ཕུར་པ་ལྷ་དང་མཉམ་པ་ལ།། བརྡེག་བདུག་བྱས་ལ་ཅོད་པན་གདགས།། བསྐྱེད་དང་སྤྱན་དྲངས་ལ་སོགས་ལ།། གོང་མ་བཞིན་དུ་གོ་རིམས་བསྐྱོད།། དཀྱིལ་འཁོར་སྤྱི་ཡི་ཡོ་བྱད་རྣམས། ། ཐམས་ཅད་ནན་ཏན་ཁོ་ནར་བྱ།། ཚེ་བསྙེན་དང་ནི་ཉེ་བསྙེན་དང།། བསྒྲུབ་དང་བསྒྲུབ་པ་ཆེན་པོ་ཡིས།། ལས་རྣམས་ཡོངས་སུ་རྫོགས་པར་བྱ།། དང་པོར་དེ་བཞིན་ཉིད་ཀྱི་དབྱིངས། ། ཀུན་ཏུ་སྣང་དང་རྒྱུ་བསྒོམ་སྟེ།། ཨ་ཡི་བྱིན་བརླབས་ཆེན་པོ་ལས།། རྟེན་གྱི་དཀྱིལ་འཁོར་རིམ་བཞིན་བསྒོམ།། བྷྲུཾ་བི་ཤ་བི་ཤུདྡྷེ། བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ། རང་བཞིན་ཏིང་འཛིན་གཟུགས་བརྙན་དག། མཚན་ཉིད་ལ་སོགས་ཇི་ལྟ་བར།། དེ་ལྟར་དེའང་ཤེས་པར་བྱ། ཨ་དང་རྡོ་རྗེ་རྒྱ་གྲམ་ལས།། ཕྲ་མོའི་སྦྱོར་བའི་འཕྲོ་འདུ་ཡིས།། བདག་ཉིད་ཚེ་དཔག་མེད་པའི་སྐུ།། ཞལ་གཅིག་ཕྱག་བཞི་འཛུམ་པའི་ཞལ། ། གངས་རི་ལྟ་བུར་དཀར་བ་ལས།། གཡས་ཀྱི་དང་པོ་རྒྱ་གྲམ་བསྣམས།། འོག་མ་ནེའུ་ལེའི་རྐྱལ་བ་བསྣམས།། གཡོན་གྱི་གོང་མ་དྲིལ་བུ་ལ།། འོག་མ་བདུད་རྩིའི་བུམ་པ་བསྣམས།། རིན་ཆེན་སྣ་ཚོགས་རྒྱན་འཕྲེང་ཅན། ། ཡུམ་དང་གཉིས་སུ་མེད་པར་བསམ།། ཆོ་ག་བཞི་ཡི་སྦྱོར་བ་ལས།། ལྷ་རྣམས་ཡོངས་སུ་རྫོགས་པར་བསྐྱེད།། ཛ་ཡིས་ཕྱིར་བཏོན་འཕྲོ་འདུ་ཡིས།། གཙོ་བོ་བདག་པོ་ཉིད་ལ་ཐིམ།། ཀུན་ཀྱང་སྐུ་མདོག་དཀར་པོ་ལ། ། རྒྱན་ལ་སོགས་པ་སྔ་མ་བཞིན།། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ལས།། ཡེ་ཤེས་ལྔ་ཡི་དབང་བསྐུར་རོ།། མཆོད་པའི་ལས་རྣམས་རྫོགས་པར་ནི།། ཡང་དག་ཉིད་དུ་ཤེས་པར་བྱ།། ཡི་གེ་བཟླས་པའི་འཕྲོ་འདུ་ནི། ། རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར།། [}]གས་འདས་ཆོ་ག་བར་མི་བཅ།། ཤིན་ཏུ་འདྲེས་གསལ་བརྟག་པར་བྱ།། ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། ཨ་ཨ་ཨ་ཨ་ཨ། ཧཱུ~ཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ་ནརི་བྷྲུཾ་ཛ་ཧཱུཾ་བཾ་ཧོཿ། རིམ་པ་ཇི་བཞིན་བཟླས་པ་ཡིས།། ཕྱོགས་བཅུའི་འཇིག་རྟེན་གང་གྱུར་ཏེ།། བདུད་དང་སྲིན་པོ་ལ་སོགས་པའི་གདུག་ཅན་བཏུལ་ཞིང་ཚར་བཅད་ནས།། ཎྲྀ་ཚེ་རབ་ཏུ་དགུག་པར་བྱ། ། གཞན་ཡང་འབྱུང་བའི་རྩི་བཅུད་དམ།། ཕྱོགས་བཅུའི་རྒྱལ་བ་བྱང་སེམས་རྣམས།། བསྡུས་ཏེ་རང་གི་གནས་སུ་བསྟིམ།། ཡིད་བཞིན་མཆོག་གམ་རིན་ཆེན་མཆོག། བུམ་པའི་མཆོག་ནི་བཟང་པོ་ཡིས། ། ཚེ་གཞན་གནས་ནི་དེ་ཡིན་ཏེ།། མངོན་སུམ་སྨིན་པར་གྱུར་པ་དང།། ཀུན་ཀྱང་འོད་ཞུ་བྱང་ཆུབ་སེམས།། ཡི་གེ་འབྲུ་གསུམ་ལྟ་བུར་སྣང།། ཨོཾ་ཨཱཿཧཱུཾ། ཡང་ན་ཡི་གེ་འབྲུ་ལྔ་ནི།། སྤྱི་བོར་ཨོཾ་ལ་ལྕེ་སྟེངས་ཨ། ། སྙིང་ཁར་ཧཱུཾ་དང་དཔྲལ་བར་ཏྲཾ།། རྐང་མཐིལ་དག་ཏུ་ཨ་བསྟིམ་མོ།། རིམ་གྱི་ཡང་ན་ཅིག་ཅར་དུ།། བློ་ཡི་རིམ་པ་གར་བདེ་བར།། བསྟིམ་ཞིང་བསྲུང་དང་སྦ་བར་བྱའོ།། དངོས་ཀྱི་རྐང་དཀར་གཞལ་ཡས་ཁང། ། རྟེན་དང་རྟེན་ཅན་རྫོགས་པར་གསལ།། གནས་དང་གནས་སུ་ཇི་ལྟ་བར།། གྲུབ་ན་དེ་ཉིད་དེ་ལ་བསྟིམ།། དེ་དང་དེ་ཡི་རིམ་པ་དེའི།། དེ་ལས་དེ་ཉིད་དེ་གཞན་ནོ།། དེ་ཡི་རིམ་པ་དེ་བཞིན་ནོ།། བགེགས་ཀྱི་ནརྀ་རྣམས་མི་སྟེར་ན། ། ཀུན་ཀྱང་ཁྲོ་བོའི་ཆ་ལུགས་ལ།། ཀུན་ཀྱང་སྐུ་མཆོག་དམར་པོ་ལ།། གཤོལ་དང་གཏུན་ཤིང་ལ་སོགས་བསྣམས།། ཞལ་ནས་སྒྲ་སྐད་དྲག་པོ་དང།། སྤྲུལ་པས་འཇིག་རྟེན་ཁམས་བཀང་སྟེ། ། སྟེང་འོག་བར་སྣང་ལ་སོགས་ཀྱི།། གདུག་པ་བཏུལ་ཞིང་ཚར་བཅད་ནས།། བསྒྲལ་ནས་དེ་ཉིད་ལ་བསྟིམ།། ལས་སུ་རུང་བའི་རྟགས་བྱུང་ནས།། རང་དབང་མེད་པར་དེ་དབང་འགྱུར།། དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད། ། འོད་ལུས་ཐོག་མའི་གཟུགས་ལ་གཟུད།། དེས་ཀྱང་སྨིན་པར་མ་གྱུར་ན།། ཨོཾ་བཛྲ་ཙཎྜ་ལི་ཧ་ཛྫ་ཧཱུཾ། ཚེ་དཔག་མེད་པའི་ཐུགས་ཀ་ནས།། ཙཎྜ་ལི་ནི་སྐུ་མདོག་དཀར།། ཕྱག་ན་རིན་ཆེན་བུམ་པ་བསྣམས། ། མེ་དཔུང་དག་གི་ནང་ན་བཞུགས།། ཞལ་གཅིག་ཕྱག་ཀྱང་བཞི་པ་ལ།། གཡས་པ་རྡོ་རྗེ་རིན་པོ་ཆེ།། གཡོན་པ་རིན་ཆེན་ཟ་མ་ཏོག། དབུ་སྐྲའི་གསེབ་ནས་རིན་པོ་ཆེ།། གང་བའི་སྤྲུལ་པ་གྲངས་མེད་འཕྲོ། ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས།། ལོག་པར་ལྟ་བའི་སེམས་ཅན་རྣམས།། རྡུལ་ཕྲན་བཞིན་དུ་བརླག་བྱས་ཏེ།། བཟླས་པར་བྱ་བའི་སྙིག་པོ་འདིའོ།། ཨོཾ་བཛྲ་ཙཎྜ་ལི་ཧ་ཛ་ཛ་ཧཱུ~ཾཾ། ཨོཾ་ཎྲྀ་བྷྲུཾ་ཛ་ཛ་ཧཱུཾ་ཨ། བར་དུ་ཅིས་ཀྱང་མཆོད་པར། ། འཕྲོ་འདུ་ལས་སུ་རུང་བར་བྱ།། ཀུན་ཀྱང་འོད་ཞུ་དེ་ཉིད་ཐིམ།། དེ་ཉིད་འོད་ཞུ་དེར་གྱུར་ནས།། དེའང་དེ་བཞིན་དེ་ཁོ་ན།། འདིས་ནི་མ་ནིང་མོ་ཤམ་དང།། རྒས་པ་རྣམས་ཀྱང་རྒྱུད་འཕེལ་ན། ། དབང་པོ་ཚང་པ་ལྟ་ཅི་སྨོས།། རིགས་བརྒྱུད་འཕེལ་ཞིང་ཚེ་དབང་དང།། བསོད་ནམས་ཡོངས་སུ་འཕེལ་བར་འགྱུར།། དེ་ལྟར་མ་ཡིན་ཐམས་ཅད་ཀྱང།། ལྷ་ཚོགས་དྲག་པོའི་དཀྱིལ་འཁོར་དུ། ཀུན་ཀྱང་འཇིགས་བྱེད་འབར་བར་ལྟ། ། དེ་ཉིད་ལས་ཀྱང་སྤྲུལ་པ་སྤྲོ།། ཕྱག་རྒྱ་མཚོན་ཆེན་སྣ་ཚོགས་ཀྱིས།། ཕྱོགས་བཅུའི་འཇིག་རྟེན་བདུད་བཅོམ་ནས།། རྟ་མཆོག་དཔལ་གྱི་མཚན་མ་ཡིས།། གང་ཡིན་གནས་ནས་དེ་དགུག་བསྟིམ། ། རྡོ་རྗེ་འཁོར་ལོ་ལ་སོགས་པའི།། མཚོན་ཆ་ཐོགས་པ་སྣ་ཚོགས་ཀྱི།། དབང་ཕྱུག་མཐུ་ཆེན་ལ་སོགས་དང།། ཚེ་རིངས་ལྷ་ཡང་བསྒྲལ་བྱས་ནས།། འགྲོ་ལྔའི་ཚེ་རྣམས་དབང་དུ་བསྡུས།། གཤོལ་དང་གཏུན་ཤིང་ལ་སོགས་པ། ། རྐོ་ཞིང་རློགས་པའི་མཚོན་ཆ་ཡིས།། འོག་གི་འཇིག་རྟེན་ཁམས་དཀྲུགས་ཏེ།། གཤིན་རྗེ་ཀླུ་དང་གདུག་པ་རྣམས།། བཏུལ་ཞྀང་བསྒྲལ་ནས་སླར་བསྡུས་ཏེ།། དེ་ཉིད་དེ་ལ་ཐིམ་པར་བྱ། ། ལྕགས་ཀྱུ་འཁོར་ལོ་ལ་སོགས་པའི།། གདུག་པའི་མཚོན་ཐོགས་བསམ་མི་ཁྱབ།། བར་སྣང་དག་ཏུ་འཕྲོས་པ་ལས།། བཙན་དང་བདུད་དང་ཐེ་བྲང་དང།། སྡེ་བརྒྱད་ལ་སོགས་འབྱུང་པོ་ཀུན།། སྐད་ཅིག་གཅིག་ལ་མི་གནས་བསྒྲལ། ། སླར་བསྡུས་དེ་ཉིད་དེ་ལ་བསྟིམ།། སྐབས་སུ་འཕྲིན་ལས་དྲག་པོ་ཡིས།། དམིགས་པའི་ལས་ལ་རྦད་པ་ནི།། ཁྲོ་བོ་མཅུ་དང་ཁྲོ་མོ་བཅུ།། སྤྲུལ་པའི་མགོ་བརྙན་ལ་སོགས་པ།། རེ་རེའང་བསམ་གྱིས་མི་ཁྱབ་པས། ། བསྐྲད་དང་བསྡུ་བའི་ལས་དག་བྱ།། ཁྱད་པར་ལས་ལ་མངག་པ་ནི།། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་ཆེན་པོའི་དུས་ལ་བབ།། ཚེ་ཡི་སྲུངས་མ་དབྱིངས་ནས་བཞེངས། ། དཀར་མོ་གཡུང་དྲུང་དབྱིངས་ནས་བཞེངས།། ཚེ་བདག་རྒྱལ་པོ་དབྱིངས་ནས་བཞེངས།། ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛོད་ཅིག། དབང་དང་དངོས་གྲུབ་འགུགས་པའི་ལས་མཛོད་ཅིག། གཡས་ཀྱི་ཕྱག་ན་རྡོ་རྗེ་གསོར་བས་ནི།། ལོག་པར་ལྟ་བ་མ་ལུས་གནས་ནས་སྤོར།། གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས་པ་ཡིས།། གཤིན་རྗེ་ལ་སོགས་ཕྱག་ནས་ཚེ་གཡང་འགུགས།། གཡས་ཀྱི་ཐ་མ་རིན་ཆེན་རྐྱལ་བུ་ཡིས། ། འགྲོ་བ་འཕོངས་པ་རྣམས་ལ་གཏེར་ཆེན་འབྱིན།། གཡོན་གྱི་ཐ་མ་རིན་ཆེན་ཟ་མ་ཏོག། འགྲོ་བ་བསོད་ནམས་ཟད་པའི་དཔལ་མགོན་མཛད།། འཇིག་རྟེན་གསུམ་གྱི་བཀྲག་དང་གཟི་འཕྲོག་མ། ། རྣལ་འབྱོར་དམ་པ་རྣམས་ལ་དངོས་གྲུབ་སྩོལ།། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན།། ལ་སེ་དཀར་མོ་ཤེལ་བུམ་བསྣམས།། བདུད་རྩི་ལྔ་ཡི་བཅུད་བསྟམ་ཞིང།། ཚེ་སྲོག་ཉམས་པ་གསོ་མཛད་མ། ། ད་ལྟ་གནས་འདིར་ཚེ་སྩོལ་ཅིག། ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ།། མཱ་ལེ་སྔོན་མོ་གཡུ་འཕྲེང་ཅན།། ཕྱག་ན་རིན་ཆེན་བུམ་པ་བསྣམས།། བདུད་རྩི་ལྔ་ཡི་བཅུད་བསྣམ་ཞིང།། ཚེ་སྲོག་ཉམས་པ་གསོ་མཛད་མ། ། ད་ལྟ་གནས་འདིར་ཚེ་སྩོལ་ཅིག། ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ།། གི་རྟི་དམར་མོ་གླུ་དབྱངས་མ།། ཕྱག་ན་བྱི་རུའི་བུམ་པ་བསྣམས།། བདུད་རྩི་ལྔ་ཡི་བཅུད་བལྟམ་ཞིང།། ཚེ་སྲོག་ཉམས་པ་གསོ་བར་མཛད། ། ད་ལྟ་གནས་འདིར་ཚེ་སྩོལ་ཅིག། བྱང་གི་ཕྱོགས་ནས་ཚེ་འགུགས་མ་ནི་རྟི་ལྗང་ཁུ་གར་བསྒྱུར་མ།། ཕྱག་ན་མཐིང་ཤུན་བུམ་པ་བསྣམས།། བདུད་རྩི་ལྔ་ཡི་བཅུད་བལྟམ་ཞིང།། ཚེ་སྲོག་ཉམས་པ་གསོ་བར་མཛད། ། ད་ལྟ་གནས་འདིར་ཚེ་སྩོལ་ཅིག། འདི་ན་རབ་ཏུ་མངག་པར་བྱ།། ཐམས་ཅད་འཛིན་ཞིང་ལེན་པར་བྱེད།། སྤྲུལ་པ་འཁོར་དང་བཅས་པ་ཡང།། ཐམས་ཅད་བདག་པོའི་གནས་སུ་ཐིམ།། བདག་པོ་རིམ་གྱིས་འབྲེལ་བ་ལས། ། དེ་ཉིད་དེར་ཐིམ་དེར་ལྟའོ།། རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཡིས།། རྒྱ་གྲམ་གའུ་ཁ་སྦྱར་དབུས།། དེ་ཉིད་དེ་ཡིས་ཁ་བཅད་དེ།། སྙིང་པོ་བཅུད་དང་བཅས་པར་བྱ།། ཨོཾ་བཛྲ་ཀ་བ་ཙ་རཀྵ་ཧཱུཾ། ཨོཾ་བཛྲ་ཨ་བེ་ཤ་ཏིཥྛ་བཛྲ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་ཏི་ཏིཥྛ་བཛྲ་སྭཱཧཱ། གང་ཞིག་དོན་བྱའི་གནས་དེ་ཉིད།། ལྷ་ཡི་སྐུ་རུ་གསལ་གྱུར་ནས།། གོ་ཆའི་སྦྱོར་བས་འོད་དུ་ཞུ།། འབྲུ་ལྔའི་ཡི་གེ་འབྲུ་གསུམ་མམ། ། འབྲུ་གཅིག་མི་དམིགས་དབྱིངས་སུ་ཐིམ།། སྟོང་པ་ཉིད་དུ་གྱུར་པ་ནི།། སྟོང་པའི་གོ་ཆ་བླ་ན་མེད།། མཚན་མའི་ཡུལ་རྣམས་ཀུན་བཅོམ་ནས།། མི་དམིགས་དབྱིངས་སུ་ཚེ་སྦས་པས།། བགེགས་དང་ལོག་འདྲེན་ཅིས་མི་ཚུགས། ། ཡོན་ཏན་ཆེན་པོ་ཚེ་ཡི་ལུང།། དབྱིངས་སུ་ཡང་ནི་སྦ་བར་བྱའོ།། ཡང་ན་གསང་བའི་རིམ་པ་ཡིས།། མཚན་ལྡན་མི་མོ་གཞོན་པ་ལ།། ཕྱག་རྒྱའི་ཚོགས་སུ་གསལ་བསྐྱེད་དེ།། ཏིང་ངེ་འཛིན་གྱི་སྦྱོར་བ་ཡིས། ། གོང་མ་དེ་དང་ཚུལ་འདྲར་བྱ།། སྣོད་དང་ལྡན་པའི་བུ་རྣམས་ལ།། དངོས་གྲུབ་དམ་པ་སྦྱིན་པར་བྱ།། འདི་ནི་ཁྱད་པར་མཆོག་ཅེས་བྱ།། གོང་མ་ཉིད་ལས་ལྷར་བསྐྱེད་དེ།། བདེ་གཤེགས་རིགས་ལྔས་དབང་བསྐུར་བས། ། དབུ་རྒྱན་ལུས་དང་ཤེས་པ་རྒྱས།། སྡུད་དང་བསྲུང་དང་བརྐྱང་པ་དང།། ཐམས་ཅད་ཡོངས་སུ་རྫོགས་པར་ལྟ།། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ཚེ་ཡི་སྙིང་པོ་མཆོག་སྦྱིན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ། །།། དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་བདེ་བ་ཆེ།། ཀྱེ་མ་ཐམས་ཅད་མཁྱེན་པའི་གཙོ། ། ཀྱེ་མ་ཐབས་མཁས་ཐུགས་རྗེའི་བདག། ཀྱེ་མ་བདེ་གཤེགས་རྫོགས་སངས་རྒྱས།། གང་ཟག་ལས་ཅན་དང་པོ་པས།། བསྐྱེད་དང་རྫོགས་པའི་རིམ་པ་ཡིས།། ཡང་དག་ས་ལ་བགྲོད་པ་ཡི།། ལམ་གྱི་རིམ་པ་ཇི་ལྟར་ལགས། ། དེ་ཡི་འབྲས་བུ་ཇི་ལྟར་ཐོབ།། ལྟ་བ་སྤྱོད་པ་ཇི་ལྟར་ལགས།། ཞེས་གསོལ་པས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཁྱོད་ཉོན་ཅིག། བསྐྱེད་དང་རིམ་པ་ལ་སོགས་ཀྱིས། ། ལམ་ལ་བགྲོད་པའི་ཚུལ་ཉིད་ནི།། ཡང་དག་པ་ཡི་རིམ་པ་རུ།། མདོ་ཙམ་བཤད་ཀྱིས་ངེས་པར་ཉོན།། དང་པོར་ཏིང་འཛིན་རྣམ་གསུམ་ནི།། རྒྱུ་ཡི་ཚུལ་དུ་འགྱུར་བ་སྟེ།། རང་བཞིན་གནས་པའི་ཆོས་ཉིད་དེ། ། ང་ཡི་མ་བཅོས་ཀ་ནས་དག། སུས་ཀྱང་མ་བྱས་སུ་བྱེད་མེད།། ངོ་བོ་ཉིད་ཀྱིས་སྟོང་པ་ཡི།། གཟུང་འཛིན་བྲལ་བའི་ཆོས་ཉིད་དོ།། རྣལ་འབྱོར་པ་ནི་ས་པ་ཡི།། ཆོས་ཉིད་མ་བཅོས་དོན་དེ་ལ།། ཐོབ་པར་བྱ་བ་ཁོ་ན་ཡིན། ། ཕྱི་ནང་གཉིས་ཀ་རྣམ་པར་དག། སྟོང་པས་བློ་ཡིས་ངེས་བཅད་དེ།། བརྟགས་ཀྱང་མངོན་དུ་མ་གྱུར་པས།། སྤྱི་ཡི་རྣམ་པ་ཙམ་ལས་བསྒོམ།། སེམས་ཅན་ཀུན་གྱི་ཆོས་ཉིད་ལ།། ཡེ་ནས་གནས་པའི་ཆོས་ཉིད་ནི། ། ཆོས་ཀྱི་འཁོར་ལོའི་ལྟེ་བ་ལ།། ཨ་ཡི་ཚུལ་དུ་ཡེ་གནས་པས།། གདོད་མ་ཉིད་ནས་རང་གྲུབ་དྟེ།། དེ་ཕྱིར་གཉིས་མེད་ཡེ་ཤེས་འོད།། སྒྱུ་མ་ལྟ་བུའི་ཏིང་འཛིན་ནི།། ཡང་དག་ཟུག་ཏུ་བྲལ་བ་ཡི། ། ས་བོན་ལྟ་བུར་ཐུགས་ལ་གནས།། ལྡང་ཞིང་གཡོ་བའི་ཚུལ་གྱིས་ནི།། ཡུལ་ལ་སྐྱེས་པའི་ཚུལ་ལྟ་བུར།། སྐུ་གཟུགས་ལྟ་བུར་སྣང་དོན་མཛད།། འབྲས་བུ་ཉིད་དུ་གྲུབ་པའོ།། དེ་ལ་སེམས་སྦྱང་རིམ་པ་ཡིས། ། དེ་ཉིད་དེ་ལ་བསྟན་ཅིང་བསྒོམ།། གལ་ཏེ་དེ་ལ་མ་གནས་ན།། རགས་པའི་དངོས་པོ་རྣམས་གཞིགས་ཏེ།། ཐམས་ཅད་སེམས་ཉིད་ཡི་གེ་ཧཱུཾ།། ཆུ་ཟླའམ་སྒྱུ་མ་སྨིག་རྒྱུ་བཞིན།། འབྲས་བུ་གཡོ་བར་བྱེད་པའོ། ། གཞན་ལ་གནས་པའི་ཚུལ་ཉིད་ནི།། ཨ་ཡི་དཀྱིལ་ན་ཧཱུཾ་གནས་ཏེ།། གཅིག་དག་དུ་མར་བྲལ་བའི་བདག། དྲན་རྟོགས་ཐམས་ཅད་འབྱུང་བའི་རྐྱེན།། རང་གྲུབ་དག་ཏུ་གནས་པའོ།། རྒྱུ་ཡི་ཏིང་འཛིན་རིམ་པ་ནི། ། འབྲས་བུའི་ཏིང་འཛིན་ཞེས་བྱ་སྟེ།། སེམས་ཅན་ལས་དང་སྨོན་ལམ་སྟོབས།། སྐུ་གཉིས་རྣམ་འཕྲུལ་སེམས་ཅན་དོན།། གྲུབ་ནས་འབྲས་བུ་མངོན་དུ་གྱུར་པའོ།། གང་གི་ཉམས་སུ་བླངས་པ་ནི།། རྒྱུ་དང་རྐྱེན་ལ་ལྟོས་ཚུལ་དུ། ། བསྟན་ནས་ཡི་གེའི་གཟུགས་སུ་གྱུར།། བསམ་པར་བྱ་བའི་འབྲས་བུ་སྟེ།། རགས་པའི་རྣམ་པ་ཡོངས་སུ་འཇིག། གཞན་གྱི་རྒྱུད་ལ་གནས་པ་ནི།། ཡི་གེའི་རང་བཞིན་དེ་བསྐྱེད་ནས།། ཐབས་དང་ཤེས་རབ་ཚུལ་ལྟ་བུ། ། ཨཱ་ལི་ཀཱ་ལི་ལྟ་བུར་སྣང།། དེ་ཡིས་གཅིག་གིས་གཅིག་བསྐྱེད་དེ།། ཕུང་པོ་ཁམས་དང་སྐྱེ་མཆེད་དང།། ཞེས་བརྗོད་ཐམས་ཅད་འབྱུང་བར་བྱེད། དེ་ནས་ཐམས་ཅད་སྨིན་པའི་འབྲས།། ས་བོན་ལྟ་བུར་ཡེ་ནས་གནས། ། ཐ་དད་མ་ཡིན་དེ་ཁོ་ནའོ།། ཡུལ་ལ་གནས་པའི་ཡེ་ཤེས་དང།། རྗེས་སུ་འབྲང་བའི་ཡི་ཤེས་དང།། གཟུགས་བརྙན་ལྟར་སྣང་ཡེ་ཤེས་གསུམ།། ས་བཅུའི་རིམ་པར་ནོན་པས་ན།། དང་པོ་གསུམ་ནི་གཞན་གྱི་དོན། ། བར་མ་གསུམ་ནི་བདག་གི་དོན།། ཐ་མ་བསྒྲུབས་པས་ཆུད་མི་གསོན།། སྨིན་པར་བྱེད་པའི་ས་བོན་ནོ།། དེ་འོག་རྟེན་གྱི་དཀྱིལ་འཁོར་ནི།། ཡི་གེ་ལྔ་ཡི་རང་བཞིན་ལས།། འབྱུང་བ་ལྔ་ལས་གྲུབ་པ་ཡིས། ། ཡེ་ཤེས་ལྔ་ཡི་དོན་མཚན་ནས།། རང་བཞིན་ལྷུན་གྲུབ་གཞལ་ཡས་ཁང།། དེ་སྟེང་རྣམ་པར་བསམ་པ་ནི།། བཤད་པ་བཞིན་དུ་ཤེས་པར་བྱ།། དེ་ཡི་སྟོབས་ཀྱི་ཁམས་གསུམ་གྱི།། ས་གཞི་ཡོངས་སུ་ནོན་པའོ། ། དེ་དབུས་བདག་པོའི་སྐུ་བསྐྱེད་དེ།། རགས་པར་སྣང་བ་འཇོམས་པའི་ཚུལ།། ཉོན་མོངས་དྲེགས་པ་བསྣོལ་བའི་སྟེང།། ཐབས་དང་ཤེས་རབ་མ་ཆགས་གདན།། དེ་སྟེང་ཧཱུཾ་གི་འཕྲོ་འདུ་ལས།། དོན་གཉིས་ཡོངས་སུ་རྫོགས་པ་དང། ། འོད་ཞུ་མཚན་མའི་རྣམ་རྟོག་ནུས།། ལྔ་པའི་ས་ལས་འདས་པའོ།། དེ་ལས་ཡེ་ཤེས་ལྔ་ཡི་གཟུགས།། རྒྱུ་དང་འབྲས་བུ་ཡོངས་རྫོགས་པའི།། ཐུགས་ཀྱི་ཆོ་གའི་འཕྲོ་འདུ་ཡིས།། དོན་གཉིས་ཡོངས་སུ་གྲུབ་པ་དང། ། འོད་ཞུ་དེ་ཉིད་མི་དམིགས་པས།། དྲུག་པའི་ས་ལས་འདས་པའོ།། དེ་ལས་ཕྲ་མོའི་ཚུལ་དུ་གྱུར།། ཚ་ཚ་ལྟ་བུའི་འཕྲོ་འདུ་ལས།། བདེ་བར་གཤེགས་པས་བྱིན་གྱིས་བརླབས། ། གོང་མ་ལྟ་བུ་གྱུར་པའི་སྟོབས།། བདུན་པའི་ས་ལས་འདས་པའོ།། དེ་ལས་གསང་བའི་སྔགས་བརྗོད་པས།། དེ་ཉིད་སྒྲ་ཡི་ཚུལ་དུ་གྱུར།། འབྲས་བུ་ཡོངས་སུ་རྫོགས་པའི་སྐུ།། རྒྱན་དང་ཆ་ལུགས་རྣམས་དང་ལྡན། ། གདོས་པ་ཅན་གྱི་ཆོས་མ་ཡིན།། གཞའ་ཚོན་ལྟ་བུའི་སྐུར་གྱུར་ཏེ།། དེ་ལ་ཤིན་ཏུ་བརྟན་པ་དང།། འབྲས་བུ་ས་བརྒྱན་ནོན་པའོ།། ཀུན་བཟང་ཟུང་འཇུག་རང་བཞིན་ལས།། ཐབས་དང་ཤེས་རབ་ཡང་དག་ལྡན། ། ལུས་དང་གྲིབ་མའི་ཚུལ་ལྟ་བུར།། གཉིས་སུ་མེད་པར་རྒྱན་རྣམས་རྫོགས།། འབྲས་བུ་ཁམས་གསུམ་ས་དགུ་ནོན།། རྗེས་སུ་འབྲང་བའི་ཡེ་ཤེས་དང།། གཟུགས་བརྙན་ལྟར་སྣང་ཡེ་ཤེས་དང།། རྒྱུ་ལ་ཞུགས་པའི་ཡེ་ཤེས་དང། ། འབྲས་བུ་མཐར་ཕྱིན་ཡེ་ཤེས་དང།། མེ་ཏོག་ལྟར་སྣང་ཡེ་ཤེས་དང།། བཞི་པོ་མ་རྟོགས་གོ་རིམ་བཞིན།། ལམ་རེ་དག་ལ་སྐྱེ་བ་ཡིན།། དེལ་ཡོངས་སུ་དྲིས་པ་དང།། འཁོར་གྱི་རིམ་པ་ཇི་ལྟར་བར། ། རིམ་པའི་རིམ་པར་བསྒོམ་པར་བྱ།། དེའང་གྲངས་དང་རིམ་པ་རྣམས།། གཞོམ་བྱའི་ཡུལ་དང་འཇོམས་བྱའི་ལམ།། མཐར་ཕྱིན་འབྲས་བུའི་ཚུལ་གནས་བཤད།། ཀུན་ཀྱང་བཅུ་རུ་གྱུར་པ་སྟེ།། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། ། གསོད་བྱེད་བཅུ་དང་འཛིན་བྱེད་བཅུ།། ཕྱོགས་སྐྱོང་བཅུ་དང་མི་དགེ་བཅུ།། རྟེན་འབྲེལ་བཅུ་དང་བསྒྲལ་བའི་ཞིང།། བཅུ་བཅུ་དག་ཏུ་ཀུན་འགྱུར་རོ།། ཚངས་པ་བརྒྱ་བྱིན་མེ་ལྷ་དང།། གཤིན་རྗེ་སྲིན་པོ་ཆུ་བདག་དང། ། རླུང་ལྷ་གནོད་སྦྱིན་དབང་ལྡན་དང།། ས་བདག་ལ་སོགས་ཕྱོགས་སྐྱོང་བཅུ།། སྔོན་འབྱུང་ཚུལ་ནས་སྨྲསཔ་ཡིན།། འདོད་ལོག་མ་བྱིན་ལེན་པ་དང།། ལོག་ལྟ་སྲོག་གཅོད་རྒྱུན་དུ་སྨྲ།། ཀུན་ནས་ཉོན་མོངས་ངག་འཁྱལ་དང། ། ཚིག་རྩུབ་གནོད་སེམས་བརྣག་སེམས་རྣམས།། སྐྱེ་བ་འདུ་བྱེད་རྣམ་པར་ཤེས།། མིང་དང་གཟུགས་དང་སྐྱེ་མཆེད་དྲུག། རེག་པ་ཚོར་བསྲེད་པ་དང།། ལེན་སྲིད་པ་དག་དང་བཅུ། ། དང་པོ་ཐ་མ་གཙོ་གཟུང་གཉིས།། གསང་བའི་ཚུལ་ནས་གཞག་ལ་ཡིན།། ཉམས་པའི་མཚན་ཉིད་རྣམ་པ་བདུན།། ངན་སོང་གསུམ་དང་བཅུ་པོ་རྣམས།། བདག་གཞན་གཉིས་ཀའི་ལས་ཡིན་པས།། ཕྱི་ཡི་ཚུལ་ནས་སྨྲས་པ་ཡིན། ། འདི་ནི་གོ་རིམ་ཇི་ལྟ་བར།། གྲངས་དང་བཅས་པའི་དགོས་བྱེད་དོ།། ཁྲོ་བོའི་མིང་དག་མགོ་བརྙན་དབུ།། དོན་མཚོན་རྟགས་སུ་བསྟན་པ་ཡིན།། བགྲོད་པར་བྱ་བའི་རིམ་པ་ཡང།། ཐུན་མོང་ཚུལ་ནས་འདི་ལྟར་གསུངས། ། བསྒོམ་པར་བྱ་བའི་ཐབས་རྣམས་ཀྱང།། རིམ་པ་གསུམ་དུ་བཀོད་པ་བཞིན།། གང་ལ་བབ་པའི་རིནམ་པས་འཇུག། དེ་ཡི་བགྲོད་པར་བྱ་བའི་ལམ།། མཐར་ཕྱིན་བཅུ་གསུམ་དག་དང། ། བཅོ་ལྔ་དག་ཏུ་སྨྲ་བའང་ཡོད།། རེ་ཞིག་འཁོར་གྱི་དབང་ཙམ་དུ།། བཅུ་བཅུ་དག་ཏུ་ཡང་དག་བཤད།། ས་བཅུ་ཐོབ་པའི་སྔ་ལྟས་བཅུ།། ངག་གི་སྒྲིབ་པའི་བྱེ་བྲག་བཅུ།། གང་ལ་བརྟེན་ནས་སེམས་སྐྱེ་བའི། ། རིམ་པ་བཅུ་རུ་འདིར་བཤད་དོ།། ཐོག་མར་འཇིག་རྟེན་འདས་པའི་སེམས།། སྔོན་མ་མཐོང་བ་དེ་མཐོང་འགྱུར།། དོན་ཆེན་གསམ་པ་ཕུན་སུམ་ཚོགས།། རབ་ཏུ་དགའ་བས་མི་ངེས་པའོ།། ལྟུང་བ་ཕྲ་མོའི་སྒྲིབ་པ་དང། ། ཚུལ་ཁྲིམས་ཉམས་པ་ལ་སོགས་པའི།། དྲི་མ་རྣམ་པར་དག་འགྱུར་བས།། གཉིས་པའི་ས་ལས་དྲི་མ་མེད།། ཚད་མེད་ཏིང་འཛིན་འོད་སྣང་བ།། བསྐྱོད་པར་མི་ནུས་གང་གིས་ཀྱང།། ཟིལ་གྱིས་མི་ནོན་ཐོས་པ་འཛིན། ། གཟུངས་ལ་གནས་ཕྱིར་འོད་བྱེད་པའོ།། ཤེས་རབ་མེ་ཡིས་ཉོན་མོངས་སྲེག་བྱང་ཆུབ་ཕྱོགས་ཆོས་ལ་སོགས་པ།། བསྒོམས་པས་མེ་ཡི་འོད་ལྟ་བུར།། ཆེ་རུ་འཕྲོ་བས་འོད་འཕྲོ་བཤད།། དེ་བསྒོམ་ཐབས་དང་མཆོག་ཡེ་ཤེས། ། དབང་བསྒྱུར་བསྒོམས་དང་མཐོང་སྤང་བའི།། ཉོན་མོངས་ཐུལ་བར་དཀའ་བ་རྣམས།། ཡོངས་སུ་ཐུལ་ཕྱིར་སྦྱང་དཀའ་བའོ།། འདུ་བྱེད་ཆོས་རྣམས་ཐམས་ཅད་ལས།། བར་ཆད་མེད་པར་མངོན་གྱུར་ཏེ། ། མཚན་མ་མེད་པ་ཡིད་ལ་བྱེད།། ཐམས་ཅད་མངོན་དུ་བྱེད་པའོ།། ཟག་མེད་ཆོས་ལ་བར་ཆད་མེད།། མཚན་མེད་ལ་གནས་རྣམ་གྲོལ་བའོ།། ཏིང་འཛིན་རྒྱུན་བསྒོམས་རྣམ་པར་དག། དེ་ཕྱིར་རིང་དུ་སོང་བའོ། ། མཚན་མེད་ཡིད་ལ་བྱེད་པའོ།། བསྒོམ་པ་དག་ལ་དབང་ཐོབ་སྟེ།། ཉོན་མོངས་རྣམས་ཀྱིས་ནམ་དུ་ཡང།། གཡོ་བར་མི་ནུས་མི་གཡོ་བའོ།། ཐམས་ཅད་ཆོས་ལ་དབང་སྒྱུར་ཞིང།། ཁ་ན་མ་ཐོ་མི་མངའ་བའི། ། བློ་གྲོས་ཤིན་ཏུ་ཡངས་པ་ཐོབ།། ཐོགས་མེད་ལེགས་པའི་བློ་གྲོས་སོ།། ཆོས་སྐུ་ནམ་མཁའ་ལྟ་བུ་ལས།། ཡེ་ཤེས་སྤྲིན་གྱིས་ཁྱབ་པར་འགེབས།། ཡོན་ཏན་ཆར་གྱི་སླན་གདུངས་སྤངས།། དེ་ཕྱིར་ཆོས་ཀྱི་སྤྲིན་ཞེས་བཤད། ། གང་གིས་དེ་དག་ཐོབ་པའི་ལྟས།། མཚན་མའི་རྣམ་པ་འདིར་གསུངས་པ།། སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན།། གཏེར་གྱིས་ཡོངས་སུ་གང་བ་མཐོང།། འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀུན། ། ལག་མཐིལ་ལྟ་བུར་གྱུར་པ་ལ།། རིན་ཆེན་བྱེ་བ་ཁྲ་ག་ཁྲིག་དག། བརྒྱ་སྟོང་དུ་མས་བརྒྱན་པ་མཐོང།། བདག་ཉིད་དཔའ་ཞིང་གཟུགས་བྱད་ལྡན།། གོ་ཆ་དང་ལྡན་མཚོན་ཐོགས་ནས། ། ཕས་ཀྱི་རྒོལ་བ་བཟློག་པར་མཐོང།། གཞན་ཡང་ཕྱོགས་བཞི་དག་ནས་ནི།། རླུང་གིས་ས་ཕྱོགས་ཐམས་ཅད་དུ།། མེ་ཏོག་སྣ་ཚོགས་འཐོར་བར་མཐོང།། གཞན་ཡང་ཕྱོགས་བཞི་དག་ནས་ནི། ། བུད་མེད་རྒྱན་གྱིས་བརྒྱན་པ་ཡིས།། ཙམ་པ་ཀ་ཡི་མེ་ཏོག་ཐོགས།། མགོ་ལ་ཡོངས་སུ་དོགས་པ་མཐོང།། ཐེམས་སྐས་བཞི་དང་ལྡན་པའི་རྫས།། རྙོག་མེད་གསེར་གྱི་བྱེ་མ་བརྡལ།། ཡན་ལག་བརྒྱད་ལྡན་ཆུ་ཡིས་གང། ། མེ་ཏོག་སྣ་ཚོགས་བརྒྱན་པ་ལ།། བདག་ཉིད་ཡོངས་སུ་རྩེ་བ་མཐོང།། བདག་གི་གཡས་གཡོན་ཐམས་ཅད་ན།། སེམས་ཅན་དམྱལ་བའི་གཡང་ས་ལས།། ཡང་དག་ས་ལ་བདག་ཉིད་ནི། ། མ་སྨས་སླར་ལ་ལོག་པ་མཐོང།། བདག་གི་ཕྲག་གོང་གཡས་གཡོན་ན།། གཅན་གཟན་རྒྱལ་པོ་སེང་གེ་གཉིས།། གཅན་གཟན་ཕྲ་མོ་ཐམས་ཅད་ཀུན།། ཡོངས་སུ་སྐྲག་པར་བྱེད་པ་མཐོང།། དེ་ནས་ཡོངས་སུ་ཆུབ་པའི་ལྟས། ། འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ།། སྐྱེ་བོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ།། གདུགས་དཀར་རིན་ཆེན་སྤྲས་པ་མཐོང།། ཐ་མར་བདེ་གཤེགས་སྐུ་མཐོང་སྟེ།། གསེར་གྱི་མདོག་ཅན་འོད་འདོམས་གང། ། ཚངས་པ་བྱེ་བ་ཁྲག་ཁྲིག་དང།། བརྒྱ་སྟོང་དུ་མས་ཡོངས་བསྐོར་ཏེ།། མདུན་གྱིས་བལྟས་ནས་ཆོས་སྟོན་མཐོང།། གང་གིས་མཐོང་དུ་མི་སྟེར་བའི།། སྒྲིབ་པ་སྤྱི་དང་ཁྱད་པར་གཉིས།། སྤྱི་ཡི་མཚན་ཉིད་འདིར་གསུངས་པ། ། ཀུན་ཏུ་རྨོངས་དང་ལེ་ལོ་དང།། སེམས་ཅན་དོན་བརྩོན་སྒྲིབ་པ་དང།། ཉོན་མོངས་སྒྲིབ་དང་སེམས་རྣམས་སྦྱོང།། ཐབས་མཁས་བདག་གི་སྒྲིབ་པ་དང།། བདེན་པ་གཉིས་ལ་དམིགས་པ་དང། ། མཚན་མ་འགོག་པར་མི་དམིགས་དང།། མཚན་མ་མེད་པར་མི་དམིགས་པའི།། སྒྲིབ་པ་བཅུ་རུ་གསུངས་པ་ལས།། དྲུག་ནི་མངོན་ཤེས་དག་ལ་སྒྲིབ།། བཞི་ནི་རྣམ་པར་སྦྱངས་པ་ཡིས།། དེ་བཞིན་གཤེགས་པའི་ས་ལ་འཇུག། དེ་ནི་དག་པ་གསུམ་དང་ལྡན།། ཉོན་མོངས་སྡུག་བསྔལ་མཚན་མ་ཡི།། རྣམ་པར་དག་པ་གསུམ་ཡིན་ནོ།། ཁྱད་པར་སྒྲིབ་པའི་སྒྲིབ་པ་ནི།། ཆོས་དང་གང་ཟག་རྣམས་གཉིས་ལ།། མཚན་མ་ཅན་དུ་སྨོངས་པ་དང། ། འཁོར་བ་ངན་སོང་ཉོན་རྨོངས་པས།། འཇིགས་པའི་རྨོངས་པ་དང་པོ་ལའོ།། ལྟུང་བ་ཕྲ་མོའི་འཁྲུལ་བ་ལ།། རྨོངས་དངལས་སྤྱོད་སྣ་ཚོགས་པས།། མངོན་པོར་བསྐྱེད་རྨོངས་གཉིས་པ་ལའོ།། གང་འདོད་ཐོབ་པར་འདོད་རྨོངས་དང། ། གཟུགས་མཆོག་དམ་པ་ཐོབ་པ་ལ།། རྨོངས་པས་གསུམ་པ་དག་ལ་སྒྲིབ།། འཁོར་བར་སྐྱོ་བའི་རྨོངས་པ་དང།། མྱ་ངན་འདས་ལ་གཞོལ་བ་ཡི།། རྨོངས་པས་ལྔ་པ་དག་ལ་སྒྲིབ། ། འདུ་བྱེད་དག་གི་རྒྱ་ལ་ནི།། མངོན་དུ་གྱུར་པའི་རྨོངས་པ་དང།། མཚན་མ་སྦོམ་པོ་མངོན་དུ་གྱུར།། རྨོངས་པས་དྲུག་པ་དག་ལ་སྒྲིབ།། མཚན་མོ་ཕྲ་མོ་ཐམས་ཅད་ལ།། མངོན་དུ་གྱུར་པའི་རྨོངས་པ་དང། ། མཚན་མེད་ཡིད་ལ་བྱེད་པ་ཡི།། རྨོངས་པས་བདུན་པ་དག་ལ་སྒྲིབ།། མཚན་མེད་ཆེད་དུ་བྱེད་པ་དང།། མཚན་མར་འཛིན་དབང་ཐོབ་པ་ཡི།། རྨོངས་པས་བརྒྱད་པ་དག་ལ་སྒྲིབ།། ཆོས་རྣམས་སྟོན་པ་ཚད་མེད་དང། ། ཚིག་དང་ཡི་གེ་ཚད་མེད་པ།། སྤོབས་པ་དག་ལ་དབང་ཐོབ་པའི།། རྨོངས་པས་དགུ་པ་དག་ལ་སྒྲིབ།། མངོན་པར་ཤེས་པ་ཆེན་པོ་ལ།། དབང་སྒྱུར་མ་ཐོབ་རྨོངས་པ་དང།། དོན་དང་ལས་རྣམས་གསང་བ་ཡི། ། ཕྲ་མོ་རྨོངས་པས་བཅུ་པ་དག་ལ་སྒྲིབ།། སྤྱོད་ཡུལ་ཕྲ་བ་ཐམས་ཅད་ལ།། ཤེས་བྱའི་སྒྲིབ་པ་རྨོངས་པ་དང།། ཉོན་མོངས་ཤིན་ཏུ་ཕྲ་བ་ཡི།། གནས་ངན་ལེན་ལ་སྨོངས་པ་ཡི།། འདི་ནི་སངས་རྒྱས་ས་ལ་སྒྲིབ། ། གཞན་ཡང་ས་ལ་བགྲོད་དུས་སུ།། ལམ་པའི་བྱང་ཆུབ་སེམས་དཔའ་རྣམས།། གང་ལ་བརྟེན་ནས་སེམས་སྐྱེད་པའི།། དེ་ཡི་རིམ་པ་འདིར་གསུངས་སོ།། གང་གིས་དང་པོའི་རིམ་པ་ནི།། རིན་ཆེན་ཡང་དག་འཕགས་པ་ཡི། ། ཏིང་ངེ་འཛིན་གྱི་གཟུངས་དེ་སྐྱེ།། གཉིས་པ་གནས་པ་མེད་པ་ཡི།། ཏིང་ངེ་འཛིན་ལ་བརྟེན་ནས་སོ།། གསུམ་པ་རབ་ཏུ་མི་གཡོ་བའི།། ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེ།། བཞི་པའི་ཕྱིར་མི་ལྡོག་པ་ཡི། ། ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེ།། ལྔ་པ་རིན་ཆེན་མེ་ཏོག་གི། ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེ།། དྲུག་པ་ཉི་མའི་གཟི་བརྗིད་ཀྱིས།། ཡོངས་སུ་བཟུང་ནས་སེམས་སྐྱེའོ།། བདུན་པ་དོན་རྣམས་གྲུབ་པ་ཡི།། ཏིང་ངེ་འཛིན་ལ་བརྟེན་ནས་སོ། ། བརྒྱད་པ་ད་ལྟར་སངས་རྒྱས་རྣམས།། མངོན་སུམ་བཞུགས་པའི་སངས་རྒྱས་ལ།། བརྟེན་ནས་ཡོངས་སུ་སེམས་སྐྱེའོ།། དགུ་པ་ཡེ་ཤེས་སྒྲོན་མ་ཡི།། ཏིང་འཛིན་ལ་བརྟེན་སེམས་སྐྱེའོ། ། བཅུ་པ་དཔའ་བར་འགྲོ་བ་ཡི།། ཏིང་འཛིན་ལ་བརྟེན་སེམས་སྐྱེའོ།། སངས་རྒྱས་ས་ལ་བགྲོད་པའི་དུས།། རྡོ་རྗེ་ལྟ་བུའི་ཏིང་འཛིན་དང།། ཆགས་པ་མེད་བའི་ཏིང་འཛིན་དང།། རྫུ་འཕྲུལ་ཆེན་པོའི་ཏིང་འཛིན་དང། ། ལྷུན་གྱིས་གྲུབ་པའི་རིག་འཛིན་ལ།། བརྟེན་ནས་ཡོངས་སུ་སེམས་སྐྱེའོ།། འདི་ནི་ཐུན་མོང་ལམ་དག་དང།། མཐུན་པའི་ཚུལ་ནས་སྨྲས་པ་ཡིན།། གྲུབ་པར་བྱ་བའི་འབྲས་བུ་ཡང།། གནས་སྐབས་དག་དང་མཐར་ཐུག་པའི། ། འབྲས་བུ་བྱེ་བྲག་བསམ་མི་ཁྱབ།། ཐམས་ཅད་བརྗོད་པར་ག་ལ་ནུས།། རེ་ཞིག་ཡོན་ཏན་ཁྱད་པར་ཙམ།། བསྡུས་ཏེ་རྣམ་བཞིཚུལ་དུ་བཤད།། དེ་ཡང་གོང་མ་ཇི་ལྟར་བར།། བཅུ་བཅུ་དག་ཏུ་ཀུན་འགྱུར་ཏེ། ། དབང་དང་ཕ་རོལ་ཕྱིན་པ་དང།། སྟོབས་དང་ཡེ་ཤེས་མཚན་ཉིད་དོ།། དབང་ནི་འདི་ལྟར་སྐྱེ་བ་དང།། ཡོ་བྱད་ཡེ་ཤེས་ཚེ་ལ་དབང།། མོས་པ་སེམས་དང་ཆོས་དང་ནི།། ལས་དང་རྫུ་འཕྲུལ་སྨོན་ལམ་དག། གང་ཡིན་དེ་ཡི་མཚན་ཉིད་དོ།། གཞན་ཡང་ཕ་རོལ་ཕྱིན་པ་ནི།། སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང།། དེ་བཞིན་བརྩོན་འགྲུས་བསམ་གཏན་དང།། ཤེས་རབ་ཐབས་དང་སྟོབས་དང་ནི།། སྨོན་ལམ་དང་ནི་ཡེ་ཤེས་དག། བཅུ་འམ་ཡོན་ཏན་གསུམ་གྱི་བདག། བྱེ་བྲག་ཡོངས་སུ་ཤེས་པར་བྱ།། དེ་བཞིན་སྟོབས་ཀྱི་རམ་པ་ཡིས།། གནས་དང་གནས་མེད་མཁྱེན་པ་དང།། དབང་པོ་མཆོག་དང་མཆོན་མིན་མཁྱེན། ། ཁམས་གསུམ་སྣ་ཚོགས་མཁྱེན་སྟོབས་དང།། མོས་ལ་སྣ་ཚོགས་མཁྱེན་སྟོབས་དང།། བསམ་གཏན་ཏིང་འཛིན་རྣམ་ཐར་དང།། སྙོམས་པར་འཇུག་དང་ཀུན་ཉོན་མོངས།། རྣམ་པར་བྱང་བ་མཁྱེན་སྟོབས་དང། ། ལས་ཀྱི་རྣམ་སྨིན་མཁྱེན་སྟོབས་དང།། ཐམས་ཅད་མཁྱེན་པ་ལས་ཀྱི་སྟོབས།། དེ་བཞིན་སྔོན་གྱི་གནས་རྣམས་ཀྱང།། རྗེས་སུ་དྲན་པ་མཁྱེན་སྟོབས་དང།། འཆི་འཕོ་སྐྱེ་བ་མཁྱེན་པའི་སྟོབས། ། ཟག་པ་ཟད་པ་མཁྱེན་པ་ཡི།། སྟོབས་དང་བཅུ་རུ་ཡང་དག་བཤད།། གང་དག་ཤེས་པའི་ཡེ་ཤེས་ནི།། ཆོས་རྣམས་ཡོངས་སུ་ཤེས་པ་དང།། རྗེས་སུ་རྟོགས་པར་ཤེས་པ་དང།། ཕ་རོལ་དག་གི་སེམས་ཤེས་དང། ། སྡུག་བསྔལ་ཤེས་དང་ཀུན་འབྱུང་ནས།། དེ་བཞིན་འགེག་པ་ཤེས་པ་དང།། ལམ་གྱི་རྣམ་པར་ཤེས་པ་དང།། ཉོན་མོངས་ཟད་པར་ཤེས་པ་དང།། མི་སྐྱེ་བ་དག་ཤེས་པ་ཡི།། རྣམ་པ་བཅུ་རུ་ཡང་དག་བཤད། ། དེའང་ངེས་དང་མ་ངེས་པའི།། མཚན་ཉིད་ཡོངས་སུ་ཟིན་པར་བྱ།། རེ་རེ་དག་གམ་མཐར་ཐུག་པའི།། ཁྱད་པར་དེ་དང་དེ་ལ་སྦྱིན།། དེ་ཡིས་དེ་ཉིད་མཚོན་པར་བྱ།། ཡང་དག་བརྗོད་པར་ག་ལ་རུང།། ཁྱད་པར་ས་ཡི་རིམ་པ་ནི། ། རྫོགས་པའི་རིམ་པ་མང་ན་རྟོགས་ན།། འགྲོ་ཉལ་འདུག་སྡོད་ཅི་བྱེད་ཀྱང།། གཞན་ལ་སེམས་རྣམས་མི་འཕྲོ་བར།། འབྲས་བུ་ས་ནི་དང་པོ་ནོན།། མཐོང་བའི་ལམ་ནི་མངོན་གྱུར་པ།། དེ་ལས་ཡོངས་སུ་རྟས་གྱུར་ན། ། རྟག་ཆད་གཉིས་ཀྱི་གོས་པ་མེད།། འབྲས་བུ་ས་ནི་གཉིས་པ་སྟེ།། དྲི་མ་མེད་པའི་ཡེ་ཤེས་སོ།། དེ་ལ་ཡོངས་སུ་བརྟན་པ་དང།། ཆོས་ཉིད་དོན་ལས་གཞན་མ་ཡིན།། ཁམས་གསུམ་སེམས་ཅན་གདུང་བས་ཟིན། ། ཡོངས་སུ་རྟོགས་པའི་ཡེ་ཤེས་ཏེ།། འབྲས་བུས་གསུམ་བགྲོད་པའོ།། དེ་ལ་ཡོངས་སུ་འདྲིས་པ་དང།། ཤིན་ཏུ་གསལ་བའི་སེམས་དེ་ལ།། གཞན་དུ་མི་འགྱུར་ཁོ་ནར་གནས།། འཛིན་པ་མེད་པའི་ཡེ་ཤེས་ཏེ། ། འབྲས་བུ་ས་བཞི་བགྲོད་པའོ།། དེ་ལ་བརྟན་པར་གྱུར་པ་དང།། ཡུལ་ལ་སྨིག་རྒྱུ་ལྟ་བུ་མཐོང།། གང་ལའང་ཤེས་པ་མི་འཇུག་ཅིང།། ཐ་དད་མེད་པའི་ཡེ་ཤེས་ཏེ།། འབྲས་བུས་ལྔ་བགྲོད་པའོ། ། དེ་ལ་རྒྱས་པར་གྱུར་པ་དང།། ནང་གི་ཤེས་པ་ཤིན་ཏུ་གསལ།། ཕྱི་ཡི་ཡུལ་ལ་དུ་བར་མཐོང།། ཤེས་རབ་མངོན་གྱུར་ཡེ་ཤེས་ཏེ།། འབྲས་བུ་ས་དྲུག་བགྲོད་པའོ།། དེ་ལས་ཡོངས་སུ་འཕེལ་བ་ཅན།། ཤེས་པ་ཡོངས་སུ་གསལ་ལ་དག། འབྲས་བུ་ཡང་གནས་རྒྱུ་མེད་པའོ།། ཕྱི་ཡུལ་སྲིན་བུ་མེ་ཁྱེར་མཐོང།། ཐ་དད་མེད་པའི་ཡེ་ཤེས་ཏེ།། འབྲས་བུ་ས་བདུན་བགྲོད་པ་མཐོང།། དེ་ལས་བརྟན་པར་གྱུར་པ་དང།། འདི་ལས་ལྷག་པའི་ཡེ་ཤེས་མེད། ། འདི་ལས་བགྲོད་གནས་ག་ལ་ཡོད།། དེ་ནི་ཤེས་པ་དེ་ལྟར་གསལ།། ཕྱི་ཡུལ་མར་མེ་ལྟ་བུར་མཐོང།། མི་སྐྱེ་ཆོས་ལ་བཟོད་པ་ཡི།། ཡེ་ཤེས་ཞེས་ནི་དེ་ལ་བྱ།། འབྲས་བུ་སངས་རྒྱས་བགྲོད་པའོ། ། དེ་ལས་ཡོངས་སུ་རྒྱས་པ་དང།། ཆོས་ཉིད་མ་བཅོས་ཉིད་ལ་གནས།། འཁྱགས་ལྟོགས་སྡུག་བསྔལ་མི་བཟད་པ།། ཐམས་ཅད་ཉེས་པས་གོས་མི་འགྱུར།། ཕྱི་ཡི་ཡུལ་གྱི་རྣམ་པ་ལ།། སྤྲིན་མེད་ནམ་མཁའ་ལྟ་བུ་སྟེ། ། དྲི་མེད་རྣམ་དག་ཡེ་ཤེས་ཡིན།། འབྲས་བུ་ས་དགུ་བགྲོད་པ་ཡི།། བརྒྱད་པ་དང་ནི་དགུ་པ་ལ།། ཞི་བ་ཕྱོགས་གཅིག་ལྟུང་བ་སྲིད།། བྱང་ཆུབ་སེམས་ཀྱི་བར་ཆད་རྐྱེན།། དེ་དུས་འབད་པས་དྲག་ཏུ་བརྩོན། ། དེ་ལས་ཤིན་ཏུ་བརྟེན་པ་དང།། མི་ལྡོག་ཤེས་པ་ཡོང་མི་སྐྱེ།། ཕྱི་རོལ་ནོར་བུ་ཀུན་དྷ་འདྲ།། ཡོངས་སུ་སྟོང་པའི་ཡེ་ཤེས་ཏེ།། འབྲས་བུས་བཅུ་བགྲོད་པའོ།། ས་བཅུ་གནས་པའི་དུས་ཉིད་དུ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། ། བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཏེ།། དབང་ངེས་ཤེས་བྱའི་སྒྲིབ་པ་བཅོམ།། འབྲས་བུ་མཐར་ཕྱིན་དབང་ཞེས་བྱ།། དེ་ཉིད་དུ་ནི་བཅུ་གཅིག་འདོད།། མདུང་དང་རལ་གྲི་གདུག་པའི་མཚོན། ། སྦྲང་བུ་པུ་ཁ་ཏྲེ་ལ་དང།། ཁྱི་དང་དུར་བྱ་ཀང་ཀ་ཡིས།། ཟོས་སམ་གཙེས་ཀྱང་ཚོར་མི་འགྱུར།། རྔ་དང་རྔ་བོ་ཆེ་དག་དང།། རྫ་རྔ་འབྲུག་སྒྲ་ཆེན་པོ་དང།། དུང་དང་ཆ་ལང་ལ་སོགས་པའི།། སྒྲ་རྣམས་ཡོངས་སུ་གྲག་འགྱུར་ཡང། ། དེ་ཡིས་ཏིང་འཛིན་འཕྲོགས་པ་མེན།། འདི་ལྟར་སྣང་བའི་དངོས་པོ་ལ།། སྐད་ཅིག་གཅིག་ལ་མངོན་སངས་རྒྱས།། རྣམ་པར་སྣང་མཛད་ས་ལ་གནས།། ཕྱི་ནང་ཐམས་ཅད་ཆོས་ཉིད་ལས། ། དེ་ལས་སེམས་ཅན་དགོས་འདོད་འབྱུང།། རིན་ཆེན་འབྱུང་ལྡན་ས་ལ་གནས།། དེ་ལ་བརྗོད་པ་རྣམས་དང་བྲལ།། གང་གིས་དཔག་པར་མི་ནུས་པ།། སྣང་བ་མཐའ་ཡས་ས་ལ་གནས།། ཆོས་ཉིད་བརྗོད་མེད་དོན་རྣམས་གྲུབ། ། ཐམས་ཅད་དེ་ཡི་རྒྱན་དུ་ཆེ།། དོན་ཡོད་གྲུབ་པའི་ས་ལ་གནས།། གཉིས་མེད་པ་བརྗོད་བྲལ་ལ་གནས་ཤིང། དེ་ལས་ཅིས་ཀྱང་མི་བསྐྱོད་པས།། རྡོ་རྗེ་འཛིན་པའི་ས་ལ་གནས།། ས་ལས་འདས་པའི་ངང་ཉིད་ལ། ། བརྗོད་མེད་བརྗོད་བྲལ་ངོ་བོ་ཉིད།། གང་ལ་འདི་ཞེས་བྱ་བ་ནི།། ཡོད་པར་མ་ཡིན་དེ་ཉིད་དོ།། རྡོ་རྗེ་སེམས་དཔའི་ངོ་བོ་ཉིད།། ཡོངས་སུ་རྩེ་མོར་ཆིབས་པ་དང།། ཡོངས་སུ་སྨིན་པའི་བདག་ཉིད་ཅན། ། ཆོས་དབྱིངས་ཡེ་ནས་རྣམ་པར་དག། མ་བཅོས་ངོ་བོ་ཉིད་ཀྱི་སྐུ།། བརྗོད་པའི་ཐ་སྙད་རྣམས་དང་བྲལ།། ལྷུན་གྲུབ་ངོ་བོར་གནས་ཞེས་བྱའོ།། བསྒོམ་པའི་ལམ་ལས་ཡོངས་གསལ་བས།། བར་ཆད་མེད་པའི་ལམ་ལ་གནས། ། འབྲས་བུ་མཐར་ཕྱིན་ལམ་གསལ་བས།། མ་བཅོས་ས་རྣམས་ངེས་པར་ཐོབ།། དེ་དུས་སྤྱོད་པའི་རིམ་པ་ནི།། ཏིང་ངེ་འཛིན་ལ་མི་གནས་དུས།། ཚོགས་ཀྱི་ལམ་གྱི་སྐབས་སུ་ནི།། བཞི་གསུམ་བཅུ་གཉིས་དྲན་པར་བྱ། ། སྦྱོར་བའི་ལམ་ལ་གནས་དུས་སུ།། དབང་པོ་ལྔ་དང་སྟོབས་ལྔ་དང།། མ་བརྗོད་ཡིད་ལ་དྲན་པར་བྱ།། མཐོང་བའི་ལམ་ལ་གནས་པ་དང།། སྒོམ་པའི་ལམ་ལ་གནས་བར་དུ།། ཆོས་ནི་བཅོ་ལྔ་དྲན་པར་བྱ། ། སྦྱིན་པ་ལ་སོགས་ཕ་རོལ་ཕྱིན།། བཅུ་ལས་ཡོངས་སུ་འབད་པར་བྱ།། སྦྱོར་བའི་ལམ་ལ་གནས་དུས་སུ།། ཏིང་ངེ་འཛིན་ནི་རྒྱུན་དུ་བྱ།། མཐོང་བའི་ལམ་ལ་མན་ཆད་ཀྱིས།། བརྒྱན་ལ་སོགས་པ་དངོས་སུ་བྱ། ། དེ་ལ་སྤྱོད་པ་གཉིས་ཡོད་དེ།། སྦས་པ་དང་ནི་བསྙོན་ཐབས་སོ།། སྦས་པའི་སྤྱོད་པ་རབ་འབད་ན།། ཁ་ན་མཐོ་སྤོངས་པར་འགྱུར།། བསྙོན་པའི་སྤྱོད་པ་རབ་འབད་ན།། ཏིང་འཛིན་རྩལ་དང་ལྡན་པར་འགྱུར། ། སྤྱོད་པ་འདི་ལ་རབ་གནས་ན།། མཁའ་འགྲོ་མ་ཡིས་བདེ་བ་སྟེར།། ཡོངས་སུ་དངས་པའི་སེམས་དང་ལྡན།། དེ་ཚེ་ཚེ་འཕོས་འཆི་གྱུར་ན།། རང་གི་སེམས་ནི་འདི་ལྟར་བརྟག། གདོད་ནས་མ་སྐྱེས་སྐྱེ་བ་མེད། ། བྱང་ཆུབ་སེམས་ཀྱི་ཡི་གེ་ཨ།། འོད་ཟེར་ལྔ་དང་ལྡན་པར་འགྱུར།། སྙིགས་མ་ལྔ་རུ་ལུས་བརྟགས་ཏེ།། དངས་མ་ཆེན་པོར་རབ་བརྟག་གསལ།། ཡེ་ཤེས་རྟ་ལ་ཞོན་གནས་པར།། རབ་ཏུ་བརྟག་ཅིང་གསལ་བར་བྱ། ། དེ་ལ་སྲིད་པ་བར་མ་དོར།། སྟོབས་ཀྱི་རྟ་ཞོན་དེ་ལ་གནས།། དེ་ཚེ་ཏིང་འཛིན་ལྷག་པར་གསལ།། ཡེ་ཤེས་སྟབས་སུ་གྱུར་ནས་ནི།། སྐྱེ་བ་མེད་ལ་གནས་པ་སྟེ།། ཕུང་པོ་ལྷག་མེད་མངོན་སངས་རྒྱས། ། འོན་ཏེ་སྐྱེ་བ་བླངས་པ་ནི།། སྔ་མའི་ལས་འཕྲོ་རྗེས་དྲན་ནས།། གང་ལ་སྦྱངས་པ་དེར་གསལ་བར།། བར་ཆད་མེད་པའི་ལམ་ཞེས་བྱ།། དེ་ལུས་ལ་བརྟེན་རབ་འབད་ན།། སྐྱེ་བ་གཅིག་ལ་མངོན་སངས་རྒྱས། ། ཕུང་པོ་ལྷག་མ་མེད་ཅེས་བྱ།། གལ་ཏེ་ལས་ཀྱི་དབང་བཙན་ན།། སྐྱེ་བ་གཉིས་ཐོགས་ཕན་ཆད་ནི།། ཕུང་པོ་ལྷག་མ་ཅན་ཞེས་བྱ།། འདི་ལྟར་ལམ་གྱི་རིམ་པ་རྣམས།། རབ་ཏུ་འབད་དེ་ཉམས་སུ་བླང།། གལ་ཏེ་འདི་ལམ་འབད་ན། ། བསགས་ལ་འབྲས་བུ་མེད་ཅེས་བྱ།། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། རྣལ་འབྱོར་པའི་ལམ་ཡོངས་སུ་བགྲོད་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།།། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་གསང་བའི་མཛོད་ཆེན་པོ།། ཀྱེ་མ་བཅོམ་ལྡན་སྔགས་ཀྱི་བདག། ཀྱེ་མ་འདྲེན་པ་མཆོག་གི་གནས། ། ཀྱེ་མ་ཐམས་ཅད་མཁྱེན་པའི་གཙོ།། བསྐྱེད་རྫོགས་རིམ་པ་མ་ལུས་དང།། ལམ་གྱི་རིམ་པ་རྫོགས་གསུངས་ན།། ཡང་རབ་བློ་དང་ལྡན་པ་ལ།། ཁྱད་པར་ལམ་གྱི་རིམ་པ་ཡིས།། འགྲོ་འོང་མེད་པའི་ལམ་ཆེན་པོ། ། མཐར་ཕྱིན་རིམ་པ་ཇི་ལྟར་ལགས།། འདི་སྐད་གསོལ་བ་གསན་ནས་ཀྱང།། ཁྲག་འཐུང་རྒྱལ་པོས་བཀའ་སྩལ་པ།། ལས་ཀྱི་སེམས་དཔའ་ཁྱོད་ཉོན་ཅིག། འགྲོ་བ་ཐ་དད་བསམ་ཡས་པའི།། བྱེ་བྲག་མི་མཐུན་བསམ་མི་ཁྱབ། ། དེ་ཡང་བློ་ཡི་རིམ་པས་སྣང།། ཐེག་པའི་སྒོ་ཡང་དེ་འདྲར་ཤེས།། ཀུན་ཀྱང་དེར་གཅིག་དེ་ཡིན་པས།། རེ་ཞིག་རིམ་པ་འདིར་ཤེས་བྱ།། ཡི་གེ་གཉིས་ཀྱིས་མཚོན་པའི་དོན།། ཀུན་ཀྱང་རང་བཞིན་དབྱེར་མེད་ལ། ། མཐོང་ཚུལ་ཐེག་པ་རིམ་དགུ་བྱུང།། དམ་པའི་ལམ་དུ་ཀུན་འདྲ་ཡང།། ལྟ་སྤྱོད་ཏིང་འཛིན་ཁྱད་པར་གྱིས།། སྐས་ཀྱི་གདང་བུ་ལྟ་བུར་སྣང།། དངོས་པོ་ཕྲ་རགས་ནུབ་འདོད་པས།། རྡུལ་ལ་དངོས་པོར་གཟུང་འཛིན་ཅིང། ། སྐད་ཅིག་དོན་དམ་འཛིན་སྒོ་ནས།། བདེན་པ་བཅུ་དྲུག་རྣམ་པར་གྲགས།། བསྐལ་བ་གསུམ་དུ་སྦྱོང་ཞིང་བགྲོད།། ལ་ལ་ཡུལ་ལ་འཛིན་མི་པར།། མ་རིག་རྟེན་འབྲེལ་བཅུ་གཉིས་ཚུལ། ། ཤེས་པ་ཉིད་ལ་བླང་དོར་ཅིང།། ནམ་མཁའ་དག་ལས་ཆ་ཤས་ཀྱིས།། འབྲས་བུ་ཐ་དད་གྲུབ་འདོད་པའོ།། གཞན་དག་ཐེག་པ་ཆེན་པོ་ཡང།། དངོས་ཀུན་སྒྱུ་མར་སྣང་བ་སྟེ།། མི་བདེན་ཚུལ་ནས་འདི་སྤོང་ཞིང། ། གཞན་མའི་དངོས་པོ་སྟོང་པ་ལེན།། ཆུ་གཞག་ཟླ་བ་ལེན་པ་འདྲ།། ཆེན་པོར་ཁས་འཆེས་ཕྱི་རོལ་བ།། གཙང་མའི་སྤྱོད་པ་དང་ལེན་ཞིང།། གཟའ་དང་རྒྱུ་སྐར་བཟང་སྒོ་ནས།། དངོས་གྲུབ་གཞན་ནས་ཐོབ་བྱེད་པ། ། མཉམ་པ་ཆེན་པོའི་དོན་དང་འགལ།། ཐེག་པ་ཆེ་བར་ཁས་འཆེ་བ།། གོང་མ་ལྟར་ཞིང་གོང་མ་བསྲུང།། འབྲེལ་མེད་སྒོ་ནས་གྲུབ་པར་འདོད།། མཉམ་པ་ཉིད་དུ་ཁས་ལེན་ཡང།། དམ་རྫས་ལ་སོགས་སྤོང་ལེན་ཅིང། ། བདག་དང་མཉམ་ལྟ་གཞན་ལ་རེ།། མི་ཚེ་གསུམ་གྱིས་གྲུབ་འདོད་པ།། རེ་བ་འཇོག་པའི་མཉམ་ལྟ་འཁྲུལ།། ཁྱད་པར་བླ་ན་མེད་པ་ཡང།། གསུམ་དུ་རྣམ་པར་བཤད་མོད་ཀྱི།། གང་ཟག་བློ་ཡི་རིམ་པ་ལ། ། བསྐྱེད་དང་རྫོགས་པའི་རིམ་པ་དང།། རིམ་དང་ཅིག་ཆར་དག་ཏུ་བསྟན།། མཐར་ཐུག་རང་འབྱུང་ཡེ་ཤེས་སུ།། ཀུན་ཀྱང་ཁས་ལེན་སེམས་ཉིད་ལ།། ཆོ་འཕྲུལ་རྩལ་དང་རང་སྣང་ཞེས།། མཐོང་བའི་ཚུལ་ནས་ཁྱབ་པར་རྩམ། ། འདི་ཉིད་ཁྱད་པར་འདོད་པའང།། ཐུན་མོང་ས་དང་ལམ་ལྔ་དང།། བགྲོད་ཚུལ་གཞན་དང་སྒོ་བསྟུན་ཙམ།། འདི་ལ་དེ་ལྟའི་རིམ་པ་མེད།། ས་བཅུ་སྐད་ཅིག་མ་རྫོགས།། བདེན་པ་གཉིས་ཀྱི་སྙད་མི་གདགས། ། དོན་དམ་ལྷག་པར་བཤད་པའང་མེད།། བརྫུན་ཞེས་སྙིགས་མ་དོར་དུ་མེད།། གཉིས་མེད་ངང་ལ་མཉམ་གནས་པས།། ལྷག་པར་བྱ་བ་གང་ལའང་མེད།། སྤྱོད་ཡུལ་བྱས་ལ་སྙད་མི་གདགས། ། ཕུར་པ་ཀུན་ཁྱབ་ནམ་མཁའ་འདྲ།། ཁྱབ་བདལ་རང་བཞིན་ཕུར་པ་ལ།། འཁོར་བ་མྱ་ངན་འདས་པ་དང།། ཕྱི་ནང་སྣོད་བཅུད་མ་ལུས་དང།། ཅིར་སྣང་ཅིར་སྲིད་ཐམས་ཅད་ཀུན།། ཕྱོགས་སུ་གྲུབ་པ་གང་ཡང་མེད། ། དེ་ཉིད་མཐར་ཡང་མ་ལྷུང་བས།། ཀུན་གྱི་ངོ་བོར་བདག་ཉིད་གནས།། ཕུར་པ་ཁྱབ་གསལ་ཉི་ཟླ་འདྲ།། ཡེ་ཤེས་མ་བསྒྲིབས་ཐམས་ཅད་མཁྱེན།། སྣ་སྟོང་ཀུན་ཏུ་ཏང་བསྣང་བས།། ཕྱོགས་རིས་མེད་པར་ཐམས་ཅད་མཁྱེན། ། རྒྱ་མཚོ་དངས་པའི་གཟའ་སྐར་བཞིན།། འཛིན་མེད་ཤེས་པ་རང་གསལ་བས།། ཐམས་ཅད་མཁྱེན་པའི་སྤྱན་གྱིས་མཆོག། ཕུར་པ་དངོས་པོ་ཀུན་དང་བྲལ།། དངོས་པོ་ཀུན་བྲལ་ཕུར་པ་ཡིས། ། ཕྱོགས་དང་སྣང་བའི་ཐ་དད་མེད།། མཐས་དབུས་མེད་པར་ཡེ་ནས་རྣལ།། རྟོག་པ་མེད་པས་ཐམས་ཅད་མཁྱེན།། དེ་ཉིད་དུས་གསུམ་ཀུན་ཏུ་བརྡལ།། ཐ་སྙད་ཙམ་ལས་དངོས་ཀུན་བྲལ།། ཕུར་པ་རང་བཞིན་བྱང་ཆུབ་སེམས། ། རིག་པ་ཡེ་ཤེས་ཕུར་པ་ཡིན།། སྤྱོད་ཡུལ་ཀུན་ལ་འདས་པས་ན།། ཡིད་བཞིན་ནོར་བུ་རིན་ཆེན་ལྟར།། ཐམས་ཅད་བསམ་སྣང་ཀུན་གྱི་དངོས།། ཐམས་ཅད་འབྱུང་ཞིང་ཟད་འཕེལ་མེད། ། རྒྱུ་རྐྱེན་གཉིས་ལ་རག་མ་ལས།། དེ་རྟོགས་བྱེད་པ་ལས་ཀྱི་མཆོག། གཉིས་སུ་སྣང་བ་བྱིས་པའི་བློ།། དག་དང་མ་དག་གཟུང་བས་འཁྲུལ།། དམ་པ་ཆེན་དོན་མི་ཤེས་པས།། སྣ་ཚོགས་འཛིན་པ་མདུད་པའི་ཚིག། ཡང་དག་དོན་ལ་རེག་མི་འགྱུར།། རང་བཞིན་ཕུར་པའི་དོན་ཉིད་དེ།། ཕྱི་ནང་མེད་པར་རང་གསལ་བ།། རང་རིག་རང་གསལ་ཡེ་ཤེས་ཅན།། རང་བྱུང་ཡེ་ཤེས་འབའ་ཞིག་ལས།། འདི་ལས་གཞན་པའི་ཤེས་པ་མེད། ། འདི་ཤེས་ཀུན་གྱི་བདག་ཉིད་ཤེས།། ཡང་རབ་བློ་ཡི་སྤྱོད་ཡུལ་ཏེ།། སྐལ་མེད་རྣམས་ལ་རང་བཞིན་གསང།། རིགས་དང་ལྡན་པའི་སྐྱེས་བུ་ལ།། འཁོར་བའི་གནས་ཉིད་བྱང་ཆུབ་ལམ།། མ་རིག་པ་ཉིད་ཡེ་ཤེས་གསལ། ། ཐམས་ཅད་ལྷུན་གྲུབ་ངོ་བོ་ཉིད།། རྟོག་སྣང་འཁྲུལ་པའི་ཆོས་རྣམས་ཀུན།། ཡེ་ནས་མ་བཅོས་དེ་བཞིན་ཉིད།། བླང་དང་དོར་བའི་ལས་མི་བྱེད།། བཟང་དང་ངན་པར་མི་འཛིན་པས།། རེ་དང་དོགས་པ་ཅུང་ཟད་མེད། ། ཕྱོགས་སུ་འཛིན་པའི་ཐ་སྙད་བྲལ།། ང་ཞེས་བསྟན་པས་ང་མ་གྲུབ།། ང་ལ་ཕྱོགས་རིས་ས་མཚམས་མེད།། གཉིས་བྲལ་གཉིས་ཀྱི་བདག་ཉིད་ཅན།། འདི་ལ་དགག་དང་བསྒྲུབ་པ་མེད།། ཆོས་དང་གང་ཟག་སོགས་འདོད་པ། ། བརྩོན་པ་བྱིས་པའི་ཚིག་ཏུ་ཟད།། གང་ཞིག་བདེ་དང་ལྡན་གྱུར་ན།། སྤྲོས་པ་ཚིག་གི་རྗེས་མི་འབྲེལ།། གང་ལའང་ཤེས་དང་རློམས་སེམས་མེད།། རང་བཞིན་སྙེམས་དང་ཁྱད་མི་འདོར། ། གང་ལ་མ་ཆགས་གཏོང་ཕོད་ཆེ།། གཞན་ལ་མོས་དང་ཉམས་མི་ལེན།། ལྷག་པར་གང་ལའང་མི་ལྟ་ཞིང།། བྱ་བའི་ལས་ལ་ཉམ་མི་ང།། ལམ་དང་ས་དང་གོལ་ས་མེད།། ཐམས་ཅད་མཁྱེན་པའི་བདག་ཉིད་ཅན། ། མངོན་དུ་གྱུར་པས་གཟུགས་དང་ལྡན།། དེ་ཉིད་གདེང་ལྡན་དོན་པོ་མཆོག། བཅོས་བསླད་མེད་པས་ཕུར་པའི་དོན།། ལྷུན་གྱིས་གྲུབ་པས་ངང་དུ་བཟླུམས།། ཁམས་གསུམ་ཀུན་གྱི་བླ་མ་ཡིན།། བདག་ཉིད་ཆེན་པོའི་ཕུར་པ་ལ། ། འཁོར་བ་མྱ་ངན་འདས་པ་མེད།། མཐོང་བ་མེད་པས་མཐོང་བའི་མཆོག། ཕུར་པ་ཡོད་མེད་ཚིག་ལས་འདས།། ཕུར་པ་སྨྲ་བསམ་ཡུལ་ལས་འདས།། ཕུར་པ་བརྗོད་པའི་ལམ་ལས་འདས། ། རང་བཞིན་ཉིད་ཀྱི་ཕུར་པ་ལས།། མཚོན་པའི་སྒོ་ནས་ཉིད་དུ་གཅིག། ཤེས་རབ་སྤྱན་ཞེས་བརྗོད་པ་ཡང།། ཤེས་བྱ་བསམ་གྱིས་མི་ཁྱབ་ཀྱང།། ཁྱབ་པར་མཆོག་ཏུ་བརྗོད་པའི་ཚིག། ཀུན་ཀྱང་བདག་ཉིད་ཡིན་པས་ན། ། དུ་མ་གཞན་ཡང་མི་འདོར་བ།། བཏང་སྙོམས་ཙམ་དུ་གཞག་པའང་མེད།། བདག་ཅེས་མཚོན་པ་ཙམ་དུ་ཟད།། འཁོར་བ་མྱ་ངན་འདས་པའང།། སྤྱི་དང་རང་གི་མཚན་ཉིད་ཀུན།། ཀུན་ཀྱང་བྱང་ཆུབ་སེམས་ཉིད་པས། ། ཕུར་པའི་ངོ་བོ་ཉིད་དུ་གནས།། ཅིར་ཡང་མི་དམིགསཅིར་མི་གནས།། སྨྲ་བསམ་འདས་དང་མ་འདས་དང།། ཕྱོགས་རིས་ས་མཚམས་འདི་ལ་མེད།། རིས་སུ་བཅས་ནས་ངེས་འཇོག་པ། ། རྩོད་པ་ཤེས་རབ་འཆལ་པར་ཟད།། བཅོས་མེད་ཡེ་ནས་ཕུར་པ་ལ།། ཇི་ལྟར་སྣང་བ་རང་རིག་ཉིད།། ཆ་ཤས་ཕྱོགས་སུ་ལྷུང་བ་མེད།། དཔེར་ན་ཡིད་བཞིན་ནོར་བུ་ལྟར།། ཀུན་གྱི་སྣང་གཞིར་དེ་ཉིད་འཆར། ། བླང་དོར་མཐའ་ལ་ཞེན་པ་མེད།། ཆོས་ཀུན་ངོ་བོར་ཡེ་ནས་གནས།། ཐ་དད་སྤྲོས་ཀྱང་གཅིག་ལས་མེད།། དེ་ཉིད་ངོ་བོ་གཅིག་མཐའ་ཡས།། མཐའ་རྣམས་ཀུན་ཀྱང་རང་རིག་པས།། བྲལ་དང་མ་བྲལ་རྩོད་དང་བྲལ། ། ཀུན་ཀྱང་ཕུར་པའི་རང་བཞིན་ལ།། འཁོར་བ་མེད་ཅིང་མྱང་འདས་མེད།། མཐའ་ཡོད་མེད་དང་བྲལ་བའང་མེད།། མེད་པ་དེ་ཉིད་སྙིང་པོའི་དོན།། ནམ་མཁར་ཤར་བའི་ཉི་མ་ལྟར།། དངོས་པོ་མེད་ལ་གསལ་བར་འབྱུང། ། རྒྱུ་འབྲས་དངོས་པོ་འདི་ལ་མེད།། ཡིད་བཞིན་ནོར་ལྟར་འདོད་པ་སྐོང།། དེ་ཕྱིར་ལྷུན་གྲུབ་ཅེས་སུ་བརྗོད།། ལོག་པར་རྟོག་པའི་ཆོས་རྣམས་དང།། སྨད་པའི་ཆོས་རྣམས་ཐམས་ཅད་ཀུན། ། ཕུར་པའི་ངོ་བོ་ཡེ་གནས་པས།། བདག་ཕྱིར་བདག་ལ་གོས་པ་མེད།། གསལ་དང་མ་གསལ་ཀུན་ཀྱང་བདག། མིང་ཙམ་བརྗོད་པའི་ཐ་སྙད་བྲལ།། དུས་བཞི་མཉམ་པ་ཆེན་པོ་ལ།། ཐ་སྙད་བརྗོད་ཅིག་འདོད་པ་རྣམས། ། དེ་ཉིད་རྟོགས་པའི་ནད་ཆེན་ཡིན།། རང་རིག་མངོན་སུམ་དག་པའི་ཡུལ།། ཐམས་ཅད་མཁྱེན་པར་བརྗིད་པའང།། ནམ་མཁའ་དག་ལ་འཇའ་ཚོན་བཞིན།། ཕྱོགས་སུ་གཟིགས་ཤིང་མཁྱེན་པ་མེད། ། ཕུར་པ་མཉམ་པའི་རྒྱལ་པོ་ལ།། བློ་ཆུང་གང་ཟག་ཁ་ཅིག་གིས།། འཁོར་སྣང་སྤོང་ལེན་མ་ལུས་པས།། སྣང་བ་ཡེ་ནས་མེད་ཅེས་ཟེར།། དེ་བསམ་བཞིན་སྤྱོད་འཁྲུལ་བའང་མེད།། ཕྱོགས་བྲལ་ཉིད་ལ་བཞི་ཞེས་སྨྲ། ། མེད་པའི་ཆོས་ལ་སེམས་ཅན་སྤྱོད།། འཁྲུལ་བར་སྣང་བ་བློ་ཆུང་ཙམ།། ཡེ་ནས་མི་ལྡན་མཐའ་བྲལ་ཞེས།། དེ་ཡིས་དེ་ཉིད་མཐོང་བ་མིན།། གལ་ཏེ་དེ་ལྟར་བདེན་གྱུར་ན།། རྒྱུ་མེད་འབྲས་བུ་འབྱུང་འགྱུར་བས། ། དེ་ལྟར་དེའང་རིག་མ་ཡིན།། རང་བཞིན་ཕུང་པོའི་དོན་ཉིད་དེ།། ཕུར་པ་བླ་མ་ཆེན་པོའི་དོན།། ངོ་བོ་མ་བཅོས་དོན་དམ་ཉིད།། བཅོས་བསླད་མེད་པའི་ཆོས་ཉིད་ལ།། ངོ་བོས་མ་ངེས་ཕྱོགས་རིས་བྲལ།། དེ་ཉིད་ཕྱོགས་རྣམས་ཀུན་གྱི་བདག། ཅིར་སྣང་ཅིར་ཡང་མ་ཡིན་པས།། དཔག་བསམ་ཤིང་ལྟར་འབྱུང་མོད་ཀྱི།། ཕྱོགས་སུ་ལྷུང་བ་འདི་ལ་མེད།། ངེས་པར་དངོས་པོ་ཡོད་མེད་ཅེས།། ཞེ་ལ་འཛིན་མེད་བཏང་སྙོམས་བྲལ། ། སུས་ཀྱང་མ་བྱས་བཅོས་བསླད་མེད།། མདོར་ན་ཇི་ལྟར་བརྟགས་བསམ་བཞིན།། ཇི་ལྟར་ལྟས་དགུ་དེར་སྣང་བས།། ངོ་བོ་མེད་ལས་ཅིར་ཡང་མེད།། འབྱུང་བ་ཉིད་ནས་རང་བཞིན་ལས།། གཞན་དུ་འབྱུང་བ་ཅི་ཡང་མེད། ། ནམ་མཁའི་སྤྲིན་དང་རྒྱ་མཚོའི་རླབས།། ཉིད་ལས་གཞན་དུ་འདས་པ་མེད།། དེ་ལྟར་དངོས་ཀུན་སེམས་ཉིད་ཀྱང།། རང་རིག་རང་ཉིད་ངོ་མ་ཤེས།། མ་སྦས་མ་མཐོང་མ་རིགས་པས། ། མིང་ལ་དངོས་དང་མཚན་མར་ཞེ་ན།། ཕྱོགས་རིས་མེད་ལ་ཕྱོགས་རིས་གཟུང།། ཀུན་ཏུ་རྟག་པས་འཁོར་བར་ཟད།། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན།། གཟུང་འཛིན་ཕྱོགས་ལས་ཞེན་པ་མེད།། ཀུན་ཀྱང་མཉམ་པ་ཉིད་ཡིན་པས། ། མི་མཉམ་གསལ་ལས་མཉམ་པའི་ཆོས།། གང་ཡང་དང་དུ་བླང་དུ་མེད།། འཇིག་རྟེན་ཆོས་བརྒྱད་མཉམ་ཉིད་པས།། ཀུན་ཀྱང་བདག་ཉིད་ཆེན་པོར་མཉམ།། དེ་བས་ཀུན་བདག་ནམ་མཁའ་བཞིན། ། དངོས་པོར་འཁོར་དང་འདས་པ་ཀུན།། མི་བརྗོད་ཞིང་ན་འཛིན་དང་བྲལ།། ཁྱད་པར་ལམ་གྱི་རིམ་པ་ཡིས།། གཞོམ་བྱ་འཇོམས་པར་གང་འདོད་པ།། དེ་ཉིད་རྟོགས་པའི་ནད་ཆེན་ཡིན།། གཞོམ་བྱ་མ་རིག་སེམས་ཉིད་པས། ། དེ་ཉིད་ཡེ་ཤེས་ཆེན་པོར་ཤར།། གང་གིས་གང་དུ་ཅི་ཞིག་གཞོམ།། བརྗོད་དུ་མེད་པའི་ཆོས་ཉིད་ལ།། གྲངས་སུ་བརྗོད་མེད་ནོར་པའི་ལམ།། ཆོས་ཉིད་ནམ་མཁའ་ལྟ་བུ་ལ།། གང་གི་གཉེན་པོས་གང་གིས་བྱ། ། མཉམ་པ་ཉིད་ཀྱི་སྙིང་པོ་རུ།། ཀུན་ཀྱང་གཅིག་ཕྱིར་གཞོམ་དུ་མེད།། ཆོས་ཀུན་ངོ་བོ་བདག་གནས་པས།། ཐོབ་པར་བྱ་བ་ཅིའང་མེད།། དེ་བས་ཀུན་བདག་སྙིང་པོའི་མཆོག། འཁོར་འདས་ཀུན་གྱི་བདག་ཉིད་པས། ། དེ་བས་འདི་ཉིད་དོན་པོ་མཆོག། ཀུན་ཀྱང་ཐུན་མོང་མ་ཡིན་པས།། ཕུར་པ་ཉིད་ཀྱིས་མཚོན་དུ་མེད།། དེ་ཉིད་གང་ལྟར་བསམ་སྣང་བས།། མེད་པ་དེ་ཉིད་ཀུན་ཏུ་སྣང།། སྣང་ཉིད་དངོས་པོར་མ་གྲུབ་པས། ། མ་མཐོང་མེད་དེ་ཐམས་ཅད་གསལ།། རང་བཞིན་ཐམས་ཅད་མཁྱེན་པ་ལས།། གཞན་པའི་ཆོས་མེད་དེར་ཐུག་མེད།། བཟང་ངན་སྣང་གྲགས་ཐམས་ཅད་ཀྱང།། དེ་བཞིན་ཉིད་ལས་མི་གཞན་པས། ། མཚོན་བྱེད་མ་ཡིན་གཅིག་ཀྱང་མེད།། མཚོན་པས་ཐོག་ཏུ་ཕེབས་པའང་མེད།། མཐའ་མེད་མཐའ་དང་བྲལ་བའང་མེད།། ཅི་ཡང་ཡིན་ནོ་གང་ཡང་རུང།། ཐམས་ཅད་ཉིད་ལས་མི་གཞན་པས།། མཐའ་དང་དབུས་མེད་བརྡལ་བའང་མེད། ། ལྟ་མེད་ལྟ་བའི་མཆོག་ཏུ་གསུངས།། ཏིང་འཛིན་རོ་ལ་ལ་ཆགས་གནས་པ།། དངོས་འཛིན་རྣམས་ལ་སྣང་བར་ཟད།། ངེས་པར་དེ་བཞིན་ཉིད་འདོད་པ།། དེ་ནི་ངེས་པར་ཞེན་པའི་བློ། ། ཕྱོགས་རིགས་མེད་པའི་ཏིང་འཛིན་རལ་ལ་ཆགས་གནས་པ།། དངོས་འཛིན་རྣམས་ལ་སྣང་བར་ཟད།། ངེས་པར་དེ་བཞིན་ཉིད་འདོད་པ།། དེ་ནི་ངེས་པར་ཞེན་པའི་བློ།། ཕྱོགས་རིགས་མེད་པའི་ཏིང་འཛིན་ལ། ། རྣམ་རྟོག་སྤྲོས་པའང་དེ་བཞིན་ནོ།། ཆུ་ཟླ་ལྟ་བུར་སུ་འདོད་པ།། དེ་ཉིད་དངོས་པོར་སྣང་འདོད་པའོ།། ནམ་མཁས་ནམ་མཁའ་མ་བསྒྲིབས་པར།། ཆུ་ཟླས་ཆུ་ཟླ་ག་ལ་མཐོང།། དང་པོ་ཡུལ་དུ་མེད་བྱེད་པས། ། ཕྱི་ནང་ཀུན་ཀྱང་རང་རིག་ཉིད།། སེམས་ཉིད་ཕུར་པའི་རང་བཞིན་ལས།། གཞན་དུ་ཚོར་ན་འཁྲུལ་པའི་ལམ།། སེམས་ཀྱང་འདི་འདྲར་མ་གྲུབ་ན།། དེ་ཉིད་དམིགས་པར་སུས་ཤེས་བྱེད།། རྣམ་པར་རྟོག་པའི་སྙིགས་མ་ཡིས། ། ཆོས་ཉིད་ཉི་ཟླ་ག་ལ་མཐོང།། བྱིང་རྒོད་གཡེང་བའི་སྐྱོན་ཆེན་རྣམས།། རང་རིག་ཉིད་ལས་མི་གཞན་པས།། ཕྱི་ནང་དེ་ཉིད་ཡེ་ཤེས་བསྐུལ་བའི་མཆོག། གཉེན་པོ་སྟེན་པའི་ལམ་མི་བྱེད། ། གཞོམ་པར་བྱ་བའང་དེ་ཉིད་པས།། གང་གི་གཉེན་པོར་གང་གིས་བྱ།། རྩོམ་མེད་རྩོལ་བྲལ་བདུད་རྩིའི་མཆོག། དོན་མཐུན་པ་ཡི་སྤྱོད་པ་ཡང།། སྟ་ན་སྐྱེ་ཤི་མེད་པ་དང།། ག་ན་འཆིང་གྲོལ་མེད་པ་དང། ། བདུད་རྩི་བླང་དོར་མེད་ལ་སོགས།། བྱ་སྤྱོད་ཀུན་ཀྱང་རང་བྱུང་ཡེ་ཤེས་པས།། སྐྱེ་བོ་མུ་སྟེགས་ཉན་ཐོས་དང།། རང་རྒྱལ་མདོ་སྡེའི་སྤྱོད་པ་དང།། ཕྱི་ནང་སྣོད་བཅུད་སྤྱོད་པ་རྣམས།། ཀུན་ཀྱང་ཉིད་དུ་ལྷུན་རྫོགས་པས། ། བྱ་བྱེད་མེད་པར་རང་ཤར་ཕྱིར།། རྒྱུན་དང་དམ་པའི་སྤྱོད་པ་མེད།། མཐུན་འཇུག་ཐབས་ཀྱི་སྤྱོད་པ་མེད།། ཇི་ལྟར་འཚམ་པའི་ཐབས་སུ་རྟེན།། ཐབས་ཀྱི་སྤྱོད་པ་བསམ་ཡས་པ།། རྣམ་རྟོག་མི་མངའ་འགོག་པ་མེད། ། ལྷག་པའི་བསམ་པ་རྟོགས་པའི་རྒྱུ།། རྟོག་འཛིན་མེད་པ་སྤྱོད་པས་མཆོག། བྱ་བྱེད་མེད་པར་གྲོལ་བར་གྲོལ།། རྨད་བྱུང་ཐབས་ཀྱི་སྤྱོད་པ་ལས།། ཉོན་མོངས་ལས་ཀྱིས་གོས་པ་མེད།། སྤྱོད་པ་མ་བཀག་ཅི་བདེར་སྤྱོད། ། འདམ་དང་པདྨའི་རང་བཞིན་ལས།། གོས་པ་རྡུལ་ཙམ་ཡོད་མ་ཡིན།། ཆོས་ཉིད་ཆགས་པ་མེད་རྟོགས་ན།། གང་ཡང་ཆགས་པས་གོས་པ་མེད།། མཉམ་པའི་ངང་ཉིད་རྟོགས་གསལ་ན།། རྒྱུ་འཆང་སྤྱོད་པས་ཅི་ཞིག་བྱ། ། རང་བཞིན་ཏིངའཛིན་གཟུགས་བརྙན་དང།། བྱང་ཆུབ་སེམས་དང་ཚོགས་ལ་སོགས།། ཀུན་ཀྱང་རྣམ་པར་རྟོག་པའི་གཞི།། རྣམ་རྟོག་མེད་དེ་འཆིང་བའི་རྒྱུ།། རང་བྱུང་རིག་པའི་གཞལ་ཡས་ཁང། ། སྟོང་གསུམ་རྒྱལ་བའི་ཕོ་བྲང་ཉིད།། ཕྱི་དང་ནང་མེད་ཀུན་ཏུ་ནང།། ནམ་མཁའ་ལྟ་བུར་ཁྱབ་བརྡལ་བས།། རང་ལ་རྫོགས་པས་བསྐྱེད་དུ་མེད།། དམིགས་པར་བྱ་བའི་ཡུལ་མ་གྲུབ།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། ། སེམས་ཀྱི་དཀྱིལ་འཁོར་བདག་ཉིད་ཆེ།། ཇི་ལྟར་མོས་པའི་རྣམ་པར་སྣང།། རྩོལ་བའི་དཀྱིལ་འཁོར་འཆིང་བའི་རྒྱུ།། བཀོད་པ་མེད་པར་མཐའ་དབུས་ཁྱབ།། བྲིས་པ་མེད་པར་ཁ་དོག་གསལ། ། རྩོལ་མེད་དཀྱིལ་འཁོར་ལྷུན་གྲུབ་ལ།། བྱིས་པའི་སྤྱོད་པས་ཅི་ཞིག་བྱ།། ཕྱི་དང་ནང་དང་གསངབ་ཡི།། ཟབ་མོའི་དབང་རྣམས་རྟོགས་པ་ཡི།། རང་དབང་ཐབས་ཀྱི་རྒྱལ་པོའི་མཆོག། གཞན་ནས་ཐོས་པར་བྱ་བ་མེད། ། རང་བཞིན་མ་བཅོས་རྣལ་མལ།། ཡེ་ཤེས་སྣང་བའི་ཕྱག་རྒྱ་མཆོག། རྒྱལ་བ་ཀུན་གྱི་དངོས་གཞི་ཉིད།། ཕྱག་རྒྱ་ཆེན་པོའི་དབང་ཆེན་ཡིན།། སྣ་ཚོགས་སྣང་བ་སྐུ་ཡི་དབང།། ཇི་སྙེད་སྒྲ་རྣམས་གསུང་གི་དབང། ། རྟོགས་པའི་ཡེ་ཤེས་ཐུགས་ཀྱི་དབང།། རིག་པ་རང་སྣང་རྒྱན་དུ་ཤར།། ཀུན་ལ་དབང་སྒྱུར་བདག་ཉིད་ཆེ།། བཙལ་བ་མེད་པར་རང་ལ་གནས།། གཞན་གྱི་དབང་མཆོག་ཐོབ་མི་དགོས། ། བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་རྫོགས།། ཐམས་ཅད་རང་བྱུང་རྩལ་གྱི་རྫོགས།། བསྐུར་བས་ཐོབ་འདོད་རྟོགས་པའི་དབང།། ཐམས་ཅད་དབང་ཉིད་ཆེན་པོ་ལ།། དབང་གི་རྒྱལ་པོར་བདག་ཉིད་རྫོགས། ། ཐོབ་བྱར་མེད་བཞིན་མངོན་སུམ་འཐོབ།། སྤྱི་བླུགས་ཚངས་པའི་དབང་ཞེས་བྱ།། རྒྱལ་བ་ཆེན་པོ་ཀུན་གྱི་དབང།། བདག་ཉིད་ཆེན་པོ་ཀུན་རྟོགས་ན།། དབང་མཆོག་ཐོབ་པར་བྱེད་རྒྱུ་མེད།། སྤྱི་དང་ཁྱད་པར་ལྟག་པ་ཡིས། ། བསྲུང་བྱ་མདུད་པའི་ཚིག་ཏུ་ཟད།། གཡང་ས་ཞེས་བྱ་ག་ལ་ཡོད།། གང་ཞིག་གཡང་ས་ཚོལ་འདོད་པ།། དེ་ཉིད་གཟུང་འཛིན་མདུད་པ་མོད།། སྤྱི་དང་ཁྱད་པར་ལྷག་པ་ཡིས།། བསྲུང་བྱ་མདུད་པའི་ཚིག་ཏུ་ཟད། ། གཡང་ས་ཞེས་བྱ་ག་ལ་ཡོད།། གང་ཞིག་གཡང་ས་ཚོལ་འདོད་པ།། དེ་ཉིད་གཟུང་འཛིན་མདུད་པ་མོད།། བསྲུང་བའི་སྤོང་བའི་རྟོགས་པ་ཅན།། མ་མཐོང་རྨོངས་པ་བཀྲི་ཕྱིར་ཏེ།། དོན་དུ་གང་ཞིག། ཡེ་བསྲུངས་ཆེན་པོའི་དམ་ཚིག་ལ།། མི་བྱ་བ་དང་གང་ཡང་མེད།། འདི་ལ་བླང་དང་དོར་བྱ་མེད།། འདི་ལ་སྐྱོན་དང་ཡོན་ཏན་མེད།། འདི་ལ་ལྷུང་གནས་ག་ལ་ཡོད།། བྱ་དང་མ་བྱ་མྱ་ངན་འདས།། བཙལ་དང་མ་བཙལ་ཐ་སྙད་མེད། ། བསྲུང་མེད་མདུད་པའི་རྟོག་པ་ཅན།། བསྲུང་མཚམས་འདོར་གངའདི་ལ་མེད།། གང་ཞིག་འདོར་བའང་སུ་བྱེད་པ།། དེ་ནི་རིགས་ཆས་དམྱལ་བའི་གནས།། རྣམ་བཞིའི་འཕྲིན་ལས་འདུལ་སྦྱོང་གིས། ། གང་ཞིག་ལས་རྣམས་གྲུབ་འདོད་པ།། ལོང་པ་སྨིག་རྒྱུ་སྙེག་པ་བཞིན།། ཐར་པའི་དུས་མེད་འཁོར་བའི་རྒྱུ།། གཉིས་སུ་མེད་པའི་ངང་ཉིད་ལ།། བྱ་བ་མེད་ལ་ལས་རྣམས་ཟིན།། བྱ་བྱེད་རྩོལ་བ་འཆིང་བའི་རྒྱུ། ། ལས་རྣམས་ཐམས་ཅད་ཅི་སྤྱད་ཀྱང།། མཉམ་པའི་ངང་ལ་བྱ་བྱེད་མེད།། འབྱུང་བ་ལྔ་ཡི་ལས་རྣམས་ཀྱང།། ཀུན་ཏུ་བཟང་པོའི་འཕྲིན་ལས་ཏེ།། བྱ་བ་མེད་ལས་ལས་རྣམས་ཟིན།། འགྲོ་བ་ལྔ་ཡི་དོན་ཆེན་མཛད། ། འཇིག་ཆགས་སྟོངས་གནས་བསྐལ་བ་ཡང།། འཕྲིན་ལས་རྣམ་བཞིའི་ངོ་བོར་གནས།། བྱ་བྱེད་འཕྲིན་ལས་གཟུང་འཛིན་ནད།། རྟོག་པའི་ནད་ཀྱིས་གཟུང་འཛིན་འཆི།། ཀུན་ཀྱང་རང་འབྱུང་ཡེ་ཤེས་ལས། ། སྨྲ་བསམ་རྟོགས་པའི་ཡུལ་ལས་འདས།། སྐྱེ་འགྲོ་ཕྱི་ནང་མ་ལུས་ཀུན།། སྐུ་ཡི་འཕྲིན་ལས་དམ་པའོ།། མྱ་ངན་འདས་དང་འཁོར་བའི་སྒྲ།། ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ།། བརྗོད་དུ་མེད་པའི་གོ་བརྡ་མཛལ། ། གསུང་གི་འཕྲིན་ལས་དམ་པའོ།། དྲན་རྟོག་ཡེ་ཤེས་རང་གསལ་བསམ།། ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད།། ཐུགས་ཀྱི་འཕྲིན་ལས་དམ་པའོ།། ལས་བཞི་མ་སྤངས་བྱ་བ་མེད།། བྱེད་པ་མ་བཙལ་བྱ་བཙལ་མེད། ། རྩོལ་བ་མེད་པའི་ལས་བཞི་ལ།། རྩོལ་བ་མདུད་པ་དམ་པོ་ཉིད།། གང་གིས་བདེ་བར་གཤེགས་པ་ཡི།། དངོས་གྲུབ་རྣམ་གསུམ་བསྒྲུབ་པ་ལ།། བསྒྲུབ་ཅེས་བྱ་བ་དོན་དུ་གཉེར།། དེ་ཉིད་གཟུང་འཛིན་རྟོགས་པའི་ནད། ། འདི་ལ་གསོང་ཐོབ་རྩོལ་བ་མེད།། བསྒྲུབ་བྱ་མེད་པས་སྒྲུབ་བྱེད་མེད།། དེ་ཉིད་བསྒྲུབ་པའི་མཆོག་ཏུ་གསུངས།། ཐོར་བྱ་རང་ལ་གནས་མེད་པས།། ཐུན་མོང་མཆོག་དང་ཁྱད་པར་ཞེས།། སུ་འདོད་རྟོག་པའི་མདུན་པ་ཅན། ། མ་བསྒྲུབས་ལྷུན་གྱིས་རྫོགས་པས་ན།། བདག་ཉིད་ཆེན་པོའི་བསྙེན་པ་ཡིན།། གཞན་ལ་རེ་བ་རྩོལ་བ་མེད།། ཡེ་ནས་གནས་པ་ཉེ་བསྙེན་ཡིན།། འབྲས་བུ་གཞན་ནས་མི་འབྱུང་བས། ། རག་མ་ལས་པ་བསྒྲུབ་པའི་དངོས།། བཙལ་བ་མེད་པར་ལྷུན་གྱིས་རྫོགས།། གར་ཡང་མ་བགྲོད་རང་ཉིད་ས།། ཡེ་ཐོབ་ཟིན་པས་སྒྲུབ་ཆེན་པོ།། བྱ་བ་བཙལ་མེད་པར་ལྷུན་གྱིས་གྲུབ།། བཞིར་འདོད་བསྒྲུབ་པའི་མདུད་པའི་ཚིག། གང་གིས་དེ་ཉིད་མཐར་ཕྱིན་པའི།། འབྲས་བུ་རྣམ་པ་གཉིས་འདོད་པ།། སྨིག་རྒྱུ་ཆུ་རུ་འདུ་ཤེས་བཞིན།། གཞན་ཡང་འབྱུང་འདོད་རྟོགས་པའི་ནད།། རང་ཉིད་སངས་རྒྱས་ཡིན་ཞེས་བྱས། ། སངས་རྒྱས་གཞན་ནས་ཐོབ་བྱར་མེད།། སྟོབས་དང་དབང་དང་ཡེ་ཤེས་དང།། ཕ་རོལ་ཕྱིན་བཅུ་ལ་སོགས་པ།། གནས་སྐབས་འབྲས་བུ་རྫུན་གྱི་ཚིག། ཡིད་བཞིན་ནོར་བུ་རིན་ཆེན་ལྟར།། ཡོན་ཏན་ཀུན་གྱི་བརྗོད་ཆེན་ལ། ། རློམ་སེམས་བྱིས་པའི་འབྲས་མོས་ས།། མ་བགྲོས་ཉིད་ནོར་འདོད་ན།། རྩེར་ཆིབས་ཀུན་གྱི་རྫོགས་ཞེས་བྱ།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། ཉི་ཤུ་རྩ་ལྔའི་བྱེ་བྲག་རྣམས།། འགྲོ་བ་ལྔའི་ངོས་ལ་སྣང་གྱུར་ཀྱང། ། ཡུལ་དང་བྲལ་བའི་སྣང་བ་ལ།། འཁོར་ལོ་རྒྱལ་པོ་ལྟར་འདོད་འཁྲུལ།། མཐར་ཕྱིན་ཡེ་ཤེས་གཉིས་འདོད་པ།། རྩོད་པའི་བྱིས་པ་ཚིག་ཏུ་ཟད།། རྣམ་པ་ཀུན་ལྡན་སྟོང་ཆེན་ལ།། འཁོར་དང་འདས་པ་ག་ལ་ཡོད། ། བཅོས་མེད་ལྡན་མེད་འདས་པའང་མེད།། མེད་པ་མ་ཡིན་སྙིང་པོའི་དོན།། དཔག་བསམ་ཤིང་དང་རིན་ཆེན་ལྟར།། མི་སྣང་ཀུན་གྱི་རེ་བ་སྐོང།། དེས་ན་ཐེག་མཆོག་ཀུན་གྱི་གཙོ།། ལུང་མཆོག་ཀུན་གྱི་བླ་མ་ཡིན། ། མན་ངག་ཀུན་གཡི་ངེས་དོན་ཡིན།། དམ་པ་རྣམས་དང་མཛོད་ཆེན་ཡིན།། ལས་རྣམས་ཀུན་གྱི་མཐར་ཐུག་ཡིན།། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། ལྟ་བ་རྒྱ་མཚོ་གཏན་ལ་ཕབ་ནས་བྱང་ཆུབ་སེམས་ངེས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་སངས་རྒྱས་འདིར་སངས་རྒྱས། ། ཐབས་མཁས་ཐུགས་རྗེ་མངའ་བའི་ལྷ།། འདྲེན་པ་མཆོག་གིས་ལམ་སྟོན་པ།། རིན་ཆེན་གཏེར་མཛོད་འཁྱིལ་བའི་བདག། འདི་ཡི་ལམ་མ་བགྲོད་པ་དང།། ཐོགས་མེད་ལས་རྣམས་རྩོམ་པ་ལ། ། དབང་བསྐུར་སྣང་བ་མི་འཚལ་ལམ།། དེ་ཡི་རིམ་འབྲས་ཇི་ལྟར་ལགས།། ཞེས་གསོལ་བ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། སྡུས་པ་པོ་རྡོ་རྗེ་ཆོས་ལ་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཁྱོད་ཉོན་ཅིག། གང་ཟག་དང་པོའི་ས་པ་ཡིས།། སློབ་དཔོན་མཉེས་པར་མ་བྱས་ཤིང།། དབང་རྣམས་རིམ་པར་མ་ཐོབ་པར།། ལས་རྣམས་རྩོམ་དང་ལམ་བགྲོད་པ།། དམུ་ལོང་བྱ་བྱེད་བསྒྲུབ་པ་བཞིན།། ངལ་བ་འབྲས་བུ་མེད་པ་ཡིན། ། བི་མ་པར་ཡི་མེ་ཏོག་ལྟར།། སྨིན་ཀྱང་འབྲས་བུ་འབྱུང་མི་འགྱུར།། དེ་བས་རིམ་པ་ཇི་ལྟར་བར།། ལེགས་པར་བཤད་ཀྱིས་ད་ཡང་ཉོན།། འདི་བསྐུར་བ་ཡི་སྣོད་དག་ཀྱང།། མུ་སྟེགས་གླེན་པ་དགྲ་ཤེད་དང། ། ཉན་ཐོས་མ་ནིང་རྒད་པོ་དང།། རང་གི་བུ་དང་བྱིས་པ་དང།། དད་པ་མེད་པའི་རྒྱལ་པོ་དང།། རིགས་ངན་སྣོད་མིན་མ་རབས་ལ།། དབང་ནི་བསྐུར་བར་མ་གསུངས་སོ།། གཞན་ཡང་དམ་ཚིག་མི་གནས་ཤིང། ། སློབ་དཔོན་འཛིན་པའི་སེམས་མེད་ལ།། སྔགས་ཀྱི་ཉེས་དམིགས་མི་ཤེས་པར།། ལོག་པར་སྤྱོད་པའི་གང་ཟག་ལ།། དབང་ནི་བསྐུར་བར་མ་གསུངས་སོ།། གང་ལ་དབང་གི་སྣོད་རབ་ཡོད། ། ཐོས་པ་ཆེ་ཞིང་དང་རབ་ལྡན།། འདོད་ཆགས་ཆུང་ཞིང་ཤེས་རབ་ལྡན།། ཐམས་ཅད་ཡོན་ཏན་གསང་ཐུབ་དང།། གཏོང་ཕོད་ཕྲག་དོག་ཆུང་བའོ།། ཞེས་བྱ་བ་ནི་དབང་བསྐུར་བའི་སྣོད་ཀྱི་རིམ་པའོ།། དེ་ནས་དབང་ཆགས་པའི་རྒྱུ་ཡོན་དབུལ་བ་འདི་གསུངས་སོ། ། སྣོད་དང་ལྡན་པའི་རིགས་ཀྱི་བུས།། རང་སེམས་ཤིན་ཏུ་དུལ་བྱས་ནས།། རང་ལུས་སྲོག་དང་ནོར་གྱི་དབྱིག། མ་དང་བུ་མོ་སྲིང་མོ་དང།། ཆུང་མ་རབ་ཏུ་བརྒྱན་པ་དང། ། རྟ་དང་གླང་པོ་ཡུལ་གྱི་མཁར།། བྱ་རིག་ཟོ་སྐྱོགས་གཟི་དག་མཆོང།། གསེར་དངུལ་བཞོན་པ་ལ་སོགས་དང།། སྟག་གཟིག་དར་ཟབ་དབྱི་སྤྱང་དང།། པཉྩ་ལི་ག་གོས་ཀྱི་མཆོག། སློབ་དཔོན་མཉེས་པར་བྱ་ཕྱིར་དབུལ། ། ཞེས་བྱ་བ་འདི་ནི་དབང་འཆགས་པའི་རྒྱུ་ཡོན་དབུལ་བའི་རིམ་པའོ།། དེ་ནས་ཡང་དབང་བསྐུར་བའི་དགོས་པ་འདི་གསུངས་སོ།། གང་གིས་གནས་པ་མ་ཐོབ་པར།། ལས་རྣམས་རྩོམ་པར་མི་ནུས་བཞིན། ། དབང་བསྐུར་སྣང་བ་མ་ཐོབ་པར།། ཡོན་ཏན་རྣམ་གཉིས་མི་ལྡན་པས།། ཁྱད་པར་དོན་ཆེན་ཟབ་མོ་དང།། དམ་ཚིག་ཅན་དང་བསྒོམ་ཞིང་བསྒྲུབ།། དཀྱིལ་འཁོར་སློབ་དཔོན་བྱེད་འདོད་དང། ། གཡོག་དང་འཕྲིན་ལས་བྱ་བ་དང།། བསོད་ནམས་ཐོབ་པར་འདོད་པ་དང།། བར་ཆད་རྣམས་ཀྱིས་མི་ཚུགས་ཤིང།། ལས་བརྩམས་འབྲས་བུ་ཐོགས་པ་མེད།། དེ་བས་དབང་ཐོབ་འཇུག་པ་གཅེས།། ཞེས་བྱ་བ་འདི་ནི་ཐོབ་པའི་དགོས་པའོ། ། དེ་ནས་སློབ་མ་སྟ་གོན་ལ་གནས་པའི་རིམ་པ་འདི་གསུངས་སོ།། དཀྱིལ་འཁོར་ཆེན་པོའི་སྔོན་རོལ་དུ།། དགོས་པའི་ཡོ་བྱད་རབ་བསགས་ཏེ།། བུ་ཁྱོད་གསང་བའི་མཆོད་པ་འདི། ། ཁྱོན་ནི་གསང་བའི་སྣོད་ཡིན་ཏེ།། གསང་སྔགས་ཟབ་མོའི་མཆོད་པ་འདི།། ཁྱོད་ལ་ཡང་དག་བཤད་པར་བྱ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། འགྲོ་ལ་ཕན་ཕྱིར་མཆོད་པའི་ཚུལ།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། ཅེས་བརྗོད་ཁྲུས་བྱས་སྐྱབས་སུ་གསོལ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། ཞེས་བྱ་བ་སྣོད་དུ་རུང་བའི་རིམ་པའོ།། དེ་ནས་བསྲུང་བའི་རིམ་པ་འདི་གསུངས་སོ།། བདག་ཉིད་ཡོངས་སུ་རྫོགས་པ་ཡིས། ། སློབ་བུའི་གནས་གསུམ་རྡོ་རྗེས་གཏུབ།། ངེས་པའི་སྙིང་པོ་འབྲུ་བཀོད་ལ།། སྐུ་གསུང་ཐུགས་ཀྱི་ལྷ་རྣམས་བསམ།། ཞེས་བྱ་བ་འདི་བསྲུང་བའི་ཐབས་སོ།། དེ་ནས་ཡང་བསྲུང་སྐུད་གདགས་པ་འདི་གསུངས་སོ། ། སྐུད་པ་སྔོན་དམར་རྣམ་པ་ལྔ།། སུམ་བསྒྲིལ་ལན་གཉིས་བྱས་ནས་སུ།། མདུད་པ་ལྔ་བྱས་ཡི་གེ་ལྔ།། འཕྲོས་འདུས་འོད་དུ་ཞུ་བ་ལས།། ཕོ་དང་མོ་ཡི་རིམ་པ་ཡི།། དཔུང་པ་གཡས་དང་གཡོན་དུ་བཅིང། ། ཞེས་བྱ་བ་འདི་ནི་བསྲུང་སྐུད་གདགས་པའོ།། དེ་ནས་སོ་ཤིང་སྦྱིན་པ་འདི་གསུངས་སོ།། ཁ་དོག་དྲི་དང་རོ་ལྡན་པའི།། ཙན་དན་ལ་སོགས་ཤིང་བུལ།། མ་གས་མ་གྲུམ་འབུས་མ་ཟོས།། སོར་བརྒྱད་ཚད་ལ་མེ་ཏོག་གདགས། ། ལྷོ་ཕྱོགས་འདབ་བརྒྱད་བྲིས་པའི་སྟེང།། སློབ་བུ་དག་ལ་སོ་ཤིང་སྦྱིན།། ཤར་དུ་ཁ་ལྟས་དྲི་མ་བསལ།། ཕྱི་ནང་དཀྱིལ་འཁོར་དྲག་ཏུ་དོར།། སྟེང་འོག་ཕྱོགས་དང་མཚམས་རྣམས་སུ། ། དངོས་གྲུབ་རབ་འབྲིང་གང་ཐོབ་ལྟས།། ཞེས་བྱ་བ་འདི་ནི་སོ་ཤིང་གི་རིམ་པའོ།། དེ་ནས་ཀུ་ཤ་སྦྱིན་པ་འདི་གསུངས་སོ།། དུར་ཁྲོད་རྩཝ་ནི་སྔོན་པོ་ལ།། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས།། ཡ་ཏི་ཧཱུཾ་སྭཱཧཱ་ཞེས། བྱིན་ལ་སྟན་སྔས་མཚམས་སུ་གཞུག། རྨི་ལམ་ཐུན་གསུམ་དག་ཏུ་བརྟག། གལ་ཏེ་ངན་པར་གྱུར་པ་ན།། དྲག་པོའི་སྦྱིན་སྲེག་བྱ་བར་གསུངས།། ཞེས་བྱ་བའི་འདི་ནི་ཀུ་ཤ་སྦྱིན་པའི་ཆོ་གའོ། དེ་ནས་ཡང་བདུད་རྩི་འཁྱིལ་བའི་ཆོ་ག་འདི་གསུངས་སོ། ། བུམ་པ་ཁ་དོག་ལྗང་ཁུ་ལ།། བདུད་རྩི་ལ་སོགས་བཅུད་ཀྱིས་བལྟམ།། ལོགས་ལ་རྡོ་རྗེ་རྒྱ་གྲམ་ལྡན།། ཁ་བརྒྱན་མགུལ་ཆིངས་གཟུགས་ཐག་དང།། སྙིང་པོ་ལ་སོགས་ཡང་དག་ལྡན། ། པདྨ་བརྒྱད་ཀྱི་ལྟེ་བ་ལ།། མཆོད་པའི་ཚོགས་དང་ལྡན་པར་བྱ།། བིགྷ་ནན་ཏ་ཀྲྀཏ་ཧཱུཾ་ཞེས་པས།། རང་སྔགས་ཁྲི་འབུམ་བཟླས་པ་བྱ།། འོད་ཞུ་རྣམ་རྟོག་བསྲེགསན་འགྲུབ།། ཅེས་གསུངས་སོ།། དེ་ནས་ཡང་བུམ་པའི་རབ་ཏུ་གནས་པ་འདི་གསུངས་སོ། ། རིན་ཆེན་རྒྱུ་ལས་བྱས་པ་ཡིན།། བུམ་པ་ལྷ་ཡི་གྲངས་བཞིན་བགོ། ཡང་ན་རིགས་ཀྱི་བུམ་པ་དགུ། ཚད་དང་ལྡན་ཞིང་ལེགས་པར་བྱ།། ཁ་དོག་ལྡན་པའི་རས་ཀྱིས་དཀྲི། ། སྙིང་པོ་མཆོག་དང་ལྡན་པར་བྱ།། ལྷ་ཡི་བཞུགས་གནས་སོ་སོ་རུ།། གདན་བཤམ་མེ་ཏོག་སིལ་མ་བཀྲམ།། དེ་རུ་བུམ་པ་ཡོངས་བཀོད་ལ།། བདུད་རྩི་འཁྱིལ་བའི་ལས་བྱ་སྟེ།། བུམ་པ་རང་བཞིན་མེད་པ་ལས། ། ཡི་གེ་ཁཾ་གྱི་འཕྲོ་འདུ་ཡིས།། གཞལ་ཡས་རང་བཞིན་ཡོངས་སུ་གསལ།། ཉི་ཟླ་པདྨའི་གདན་སྟེངས་སུ།། རང་རང་སྙིང་པོ་གང་ཡིན་གྱིས།། བསྐྱེད་དང་སྤྱན་དྲངས་མཆོད་པ་དབུལ།། བསྟོད་དང་བཟླས་པའི་འཕྲོ་འདུ་ཡིས། ། འོད་ཞུ་བྱང་ཆུབ་སེམས་སུ་བསམ།། ཀུན་ཀྱང་དེ་འདྲར་རབ་ཏུ་བརྟག། ཅེས་བྱ་བ་འདི་ནི་བུམ་པ་སྟ་གོན་གནས་པའི་རིམ་པའོ།། དེ་ནས་ཡང་དཀྱིལ་འཁོར་གྱི་སྟ་གོན་ལ་གནས་པ་འདི་གསུངས་སོ། ། ཧཱུཾ། བསྐལ་བ་མེ་ལྟར་འབར་བ་ཡི།། འོད་ཟེར་འདུ་འཕྲོའི་ཀློང་དཀྱིལ་ནས།། ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ།། མ་ལུས་བདག་ལ་དགོངས་སུ་གསོལ།། སློབ་མ་ལ་ནི་ཕན་པ་དང།། ཁྱེད་རྣམས་ལ་ཡང་མཆོད་བྱའི་ཕྱིར། ། རྡོ་རྗེ་ཅན་དག་བདག་གིས་ནི།། ནང་པར་དཀྱིལ་འཁོར་བྲི་བར་བྱ།། རྗེས་སུ་བརྩེ་བས་འདིར་བཞུགས་ནས།། བྱིན་གྱིས་བརླབ་པ་མཛད་དུ་གསོལ།། དེ་ནས་བླ་མ་ལུང་ལྡན་དེས།། ནང་པར་དཀྱིལ་འཁོར་བྲི་བར་བརྩམ། ། ཤིན་ཏུ་རྒྱས་པར་གྱུར་པ་དང།། བསྐྱེད་ནས་སྤྱན་དྲང་མཐར་ཐུག་བྱ།། རང་རང་བུམ་པའང་གཙོ་བུམ་གྱིས།། དབང་བསྐུར་དབུ་བརྒྱན་དང་ལྡན་པར།། ཅོད་པན་ཐུར་མ་སྙན་བཞར་དང། ། སྨད་ཚེར་ཆན་པ་ཚེམས་ཤིང་དང།། དུང་གི་སོ་མངས་ལ་སོགས་དབུལ།། གདན་དབུལ་རས་དང་ན་བཟའ་དང།། ཆུ་གཙང་མཆོད་པ་ལ་སོགས་དབུལ།། ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་རབ་ཏུ་གནས་པའི་རིམ་པའོ། ། དེ་ནས་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བཤད་པར་བྱ།། རྡོ་རྗེ་རྒྱལ་པོ་བདག་ཉིད་ཀྱིས།། ཤར་སྒོར་གནས་ཏེ་ལྷ་རྣམས་བསམ།། ཨོཾ། ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། ཡོན་ཏན་འཕྲིན་ལས་རྨད་པོ་ཆེ། ། དེ་ཉིད་དུ་ནི་མཉམ་སྦྱོར་བས།། ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག། ཨོཾ་བཛྲ་ས་མ་ཡ་སྟོཾ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཧོ། རྡོ་རྗེ་ཡེ་ཤེས་ཐབས་བྱེད་པའི།། ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། ། བདག་གིས་སློབ་མ་གཞུག་པར་བགྱི།། བཟོད་པ་མཛད་དེ་དགོངས་སུ་གསོལ།། ཞེས་བྱ་བ་འདི་ནི་བདག་འཇུག་པའི་ཆོ་གའོ།། དེ་ནས་ཡང་སློབ་མ་འཇུག་པའི་ཆོ་ག་འདི་གསུངས་སོ།། རིགས་ཀྱི་བུ་མཆོག་ཁྱོད་ཉོན་ཅིག། དེང་ཁྱེད་བདེ་གཤེགས་འཁོར་བཅས་ཀྱི།། ནང་དུ་ཁྱོད་ནི་ཞུགས་པ་ཡིན།། སློབ་དཔོན་ལུང་ལྡན་ང་ཡིས་ནི།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི།། ཡེ་ཤེས་ཁྱེད་ལ་བསྐྱེད་པར་བྱ།། རྣལ་འབྱོར་བུ་མཆོག་ཁྱོད་ཀྱིས་ནི། ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི།། དངོས་གྲུབ་དམ་པ་ཐོབ་འགྱུར་ཏེ།། དངོས་གྲུབ་གཞན་ལྟ་སྨོས་ཅིག་དགོས།། ཞེས་བྱ་བ་འདི་ནི་བྲོད་པ་བསྐྱེད་པའི་ཆོ་གའོ།། དེ་ནས་ཡང་འདོད་པའི་དྲི་བ་འདི་གསུངས་སོ། ། བུ་ཁྱོད་འདིར་ཤོག་ཅི་ལ་དགའ།། ཁྱོད་ནི་དད་པ་ཅི་ལ་དད།། ཁྱོད་ནི་མོས་པ་ཅི་ལ་མོས།། འདོད་པ་གང་ཡིན་ཁྱོད་ཀྱིས་སྨྲོས།། དེ་སྐད་ཅེས་ནི་བརྗོད་པ་དང།། བདག་ནི་གསང་བའི་དཀྱིལ་འཁོར་ལ། ། རབ་ཏུ་ལྟ་བར་འཚལ་ལགས་སོ།། གཞན་ཡང་དངོས་གྲུབ་ཆེན་པོ་དང།། བསྐལ་བ་བཟང་ལ་བདག་དགའ་འོ།། ཞེས་བྱ་བ་འདི་འདོད་བ་དྲི་བའི་རིམ་པའོ།། དེ་ནས་བཀའ་བསྒོ་འདི་སྐད་ཅེས་གསུངས་སོ། ། སངས་རྒྱས་ཀུན་གྱི་གསང་བ་འདི།། དམ་ཉམས་མ་འདྲེས་མེད་པ་ལ།། ནམ་ཡང་སྨྲ་བར་མ་བྱེད་ཅིག། ཐེག་མཆོག་སྟོན་པའི་སྒྲོལ་མ་ལ།། ནམ་དུའང་བརྙས་དང་སྨད་པ་མིན།། གལ་ཏེ་བརྙན་པ་བྱས་པ་ན། ། རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང།། ཡིད་དམ་རྒྱལ་བ་ཆེན་པོ་ཡི།། སྐུ་གསུང་ཐུགས་ལ་རྟག་གནས་ཤིང།། མ་ལུས་སེམས་ཅན་དོན་གྱིས་ཤིག། ཞེས་བྱ་བ་འདི་ནི་བཀའ་བསྒོ་པའི་རིམ་པའོ།། དེ་ནས་ཡང་དམ་ཚིག་དབོག་པ་འདི་གསུངས་སོ། ། ཙན་དན་དཀར་དམར་བདུད་རྩི་ལ།། རྡོ་རྗེ་འཆང་གི་རབ་གནས་བྱ།། འདི་ནི་ཁྱེད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། རྡོ་རྗེ་ཁྲོ་བོ་ཆེན་པོར་འགྱུར།། བདུད་རྩི་ཆུ་འདི་བཏུང་བར་གྱིས། ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ། ཧ་ན་ཧ་ན་ཏ་ཀ་ན་ཧཱུཾ་ཕཊ། དེ་ལྟ་བས་ན་བུ་ཁྱོད་ཀྱིས།། དམ་ཚིག་འདི་དག་སྲུང་བར་གྱིས།། འདི་བཞིན་བྱས་ན་དངོས་གྲུབ་པས།། རྡོ་རྗེ་བདུད་རྩི་ཆུ་འཐུང་ཞིག། ཨོཾ་བཛྲ་ཨུ་ཀ་ཐ་ཧཱུཾ་ཐ། ཞེས་བྱ་བ་འདི་ནི་དམ་ཚིག་དབོག་པའི་ཆོ་གའོ།། དེ་ནས་རྩ་བའི་ཕྱག་རྒྱར་གཞུག་པའི་ཆོ་ག་འདི་གསུངས་སོ།། མེ་ཏོག་ལ་སོགས་རིན་ཆེན་འཕྲེང།། སྔོན་ཚེ་གོང་ནས་བསྙེན་པའི་ལྷ།། ཐུགས་རྗེས་གཟུང་བར་དགོས་ནས་ཀྱང། ། གང་ཡིན་དེ་ལ་འབབ་གྱུར་ཅིག། གང་ལ་ཕོག་པའི་ལྷ་དེ་ཉིད།། རང་གི་སྙིང་གི་འོད་ཟེར་གྱིས།། ལྷ་མོ་ལྕགས་ཀྱུའི་སྦྱོར་བ་ཡིས།། བསྐྱེད་དང་སྤྱན་དྲངས་བཞུགས་བསྟིམ་བྱ། ། སྔོན་གྱི་རྒྱལ་བ་བདེ་གཤེགས་ཀྱིས།། མ་རིག་ལིང་ཐོག་བསལ་བ་ལྟར།། བདག་ཉིད་རྡོ་རྗེ་གཞོན་ནུ་ཡིས།། ཁྱོད་ཀྱི་མི་ཤེས་དྲི་མ་བསལ།། བཛྲ་པྲ་བེ་ཤ་ཕཊ། དེ་ནས་རྡོ་རྗེ་མིག་གི་དབང།། དེ་ཉིད་དེ་ལས་དྲངས་ཏེ་བྱིན། ། ཞེས་བྱ་བ་འདི་ནི་རྩ་བའི་ཕྱག་རྒྱར་ཞུགས་པའི་ཆོ་གའོ།། དེ་ནས་རིག་པ་གཏད་པའི་ཆོ་ག་འདི་གསུངས་སོ།། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བསྣམས།། རྟག་པར་ཁྱོད་ཀྱིས་ཀྱང་བཟུང་སྟེ། ། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཛྙཱ་ན་སྟོཾ། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས།། ཤེས་རབ་དབྱངས་ཆེན་གོ་བར་བརྗོད།། རྒྱལ་བ་བྱང་ཆུབ་མཆོག་བཞེད་པ། ། ཁྱོད་ཀྱིས་ཀྱང་ནི་རྟག་པར་ཟུང།། སྲིད་པར་རང་བཞིན་གྱིས་དག་ཕྱིར།། སྲིད་པའི་རང་བཞིན་རྒྱུ་འབྲས་ཕྱིར།། རང་བཞིན་དག་པའི་སེམས་ཅན་གྱིས།། སྲིད་པའི་དག་པ་རང་བཞིན་བྱའོ།། ཨོཾ་སརྦ་ཏ་ཏ་ཐཱ་ག་ཏ་སིདྡྷི་ད་ར་ཡ་མི་བཛྲ་སྭ་ཏ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་རྡོ་རྗེ་དང་དྲིལ་བུ་སྦྱིན་ནོ།། འདི་ནི་རིག་པ་གཏད་པའི་གོ་ཆའོ།། དེ་ནས་ལུང་བསྟན་པ་འདི་གསུངས་སོ།། ཨོཾ། དེ་རིང་ངས་ཁྱོད་ལུང་བསྟན་བྱ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ། སྲིད་པའི་ཤིན་ཏུ་གྲུབ་ཕྱིར་ན།། སྲིད་པ་ངན་འགྲོ་རྣམས་ལ་སྟོན།། ཀྱེ་མ་རྡོ་རྗེ་ཆེ་གེ་ཞེས།། ས་བླ་ས་འོག་ས་སྟེངས་དང།། ཐམས་ཅད་ཀུན་ཏུ་རབ་གྲགས་སོ། ། ཞེས་བྱ་བ་འདི་ནི་ལུང་བསྟན་པའི་ཆོ་གའོ།། དེ་ནས་དབུགས་དབྱུང་བར་བྱ་སྟེ།། གསང་བ་མཆོག་གི་དཀྱིལ་འཁོར་དུ།། ཞུགས་དེ་དམ་ཚིག་མཐོང་བ་དང།། སྡིག་པ་ཀུན་ནས་རབ་གྲོལ་བར།། དེ་རིང་ཁྱོད་ལ་རབ་ཏུ་གནས། ། བདེ་ཆེན་ཐེག་པ་འདི་ལ་ནི།། ཕྱིར་ཞིང་འཆི་བ་ཡོད་མེད་དེ།། སྲིད་པ་རིང་དུ་སྤངས་པའི་ཕྱིར།། སྡུག་བསྔལ་སྲིད་པར་མི་ལྟུང་ངོ།། དེ་བས་རིགས་ཀྱི་བུ་མཆོག་ཁྱོད།། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། ། ཤེས་རབ་རྣམ་གསུམ་རབ་ཏུ་བསྐྱེད།། ཁྱོན་ནི་ཐུགས་ཀྱི་རིགས་སུ་སྐྱེ།། བདེ་བར་གཤེགས་པས་བྱིན་གྱིས་བརླབས།། འགྲོ་བ་རིགས་དྲུག་ཐམས་ཅད་ལ།། བུ་བཞིན་སྙིང་རྗེ་ཀུན་ལ་བསྐྱེད།། གསང་བའི་ཆོས་ལ་དད་པར་གྱིས། ། ཞེས་བྱ་བ་འདི་ནི་དབུགས་དབྱུང་བའི་རིམ་པའོ།། དེ་ནས་དབང་དམ་པ་ནོད་པའི་ཕྱིར་གསོལ་བ་གདབ་པ་འདི་གསུངས་སོ།། སློབ་དཔོན་དམ་པ་དགོངས་སུ་གསོལ།། རྡོ་རྗེ་གཞོན་ནུའི་དབང་བསྐུར་རྣམས། ། སེམས་ཅན་ཀུན་ལ་ཕན་གདགས་ཕྱིར།། ཕྱིར་མི་ལྡོག་པའི་དབང་སྩོལ་ཅིག། གཞན་ཡང་ཕྱི་ནང་གསང་བ་ཡི།། ཟབ་མོའི་དབང་རྣམས་རིམ་བཞིན་གསོལ།། ཞེས་བྱ་བ་འདི་ནི་གསོལ་བ་གདབ་པའི་རིམ་པའོ། ། དེ་ནས་ཡེ་ཤེས་ལྷའི་དབང་བསྐུར་བ་འདི་གསུངས་སོ།། དཀྱིལ་འཁོར་གཙོ་བོ་བུམ་པ།། ཧཱུཾ་དང་བཛྲ་སྦྱོར་བ་ལས།། སྟངས་དཔྱལ་རྡོ་རྗེ་སེམས་དཔས་བརྒྱན།། དགུག་གཞུག་བསྟོད་དང་མཆོད་བྱས་ལ། ། འོད་ཞུ་བྱང་ཆུབ་སེམས་སུ་འགྱུར།། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང།། བྱང་ཆུབ་སེམས་ཆུས་རབ་བཀང་བའི།། རྣམ་པར་དག་པའི་བུམ་པ་འདིས།། བུ་ཁྱོད་ལ་ནི་དབང་བསྐུར་རོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕཊ་པ་ཤཾ་ཀུ་རུ་སྭཱཧཱ། ཨ་བྷི་ཥིཉྩ་ཧཱུཾ་ཛ། དེ་ལྟར་རང་རའི་རིམ་པ་ཡིས།། གཙོ་ནས་འཁོར་གྱི་རིམ་པར་སྦྱར།། ཞེས་བྱ་བ་འདི་ནི་ཡེ་ཤེས་ལྷའི་དབང་བསྐུར་བའི་རིམ་པའོ།། དེ་ནས་ཕྱི་དབང་སྐུར་པའི་རིམ་པ་འདི་གསུངས་སོ། ། མི་འགྱུར་ཆོས་ཉིད་ཕྱག་རྒྱ་ལས།། མ་བཙལ་ལྷུན་རྫོགས་གསལ་བའི་རྒྱུ།། ཁྲོ་རྒྱལ་ཡབ་ཡུམ་རོལ་བ་ལ།། བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས།། འདོད་པའི་སྤྱི་བོར་རྒྱ་མཚོ་བསྐྱིལ།། སྤྲོས་ཤིང་བསྡུས་ལ་དཀྱིལ་འཁོར་བསྒྱུར། ། འདོད་པའི་རྣ་བར་གཞལ་ཡས་ཁང།། རཏྣ་ཀཱི་ལ་དངོས་སུ་འོ།། ཁྲོ་བོ་ཡབ་ཡུམ་འཁོར་གྱིས་བསྐོར།། ཏྲཾ། རཏྣ་ཀཱིའི་ཚོགས་མཆོག་ལས།། རཏྣ་ཤྲི་འཁོར་བཅས་སྤྲོ།། བསྡུས་པས་དོན་གྱི་གནས་སུ་ཐིམ། ། ཏྲཾ། གསང་བ་མཆོག་ཆེན་མྱ་ངན་འདས།། དེ་ལ་སོགས་ཏེ་གསང་བ་ཀུན།། དོན་དུ་བཏགས་ཤིང་མཉན་པ་ལས།། ཡོངས་ལ་འཆལ་བར་བསྒྲགས་པ་མིན།། འདོད་པའི་སྙིང་ཁར་དེ་བཞིན་དུ། ། བཛྲ་ཀཱི་ལིའི་ངོ་བོ་ཉིད།། འབར་བ་ཧཱུཾ་གི་ཚོགས་མཆོག་ལས།། ཁྲག་འཐུང་དཀྱིལ་འཁོར་གསལ་སྤྲོ་ཐིམ།། ཧཱུཾ། རྒྱལ་བའི་གདུང་འཚོབ་སྲས་ཆེན་པོ།། སྐུ་གསུང་ཐུགས་ཀྱི་ཕུར་པ་ཟུང། ། འཇིགས་བྱེད་ཁྲོ་རྒྱལ་མཉེས་མཆོད་ལ།། གཉིས་མེད་ཁྲོ་རྒྱལ་ཀུན་དང་སྦྱོར།། འདོད་པའི་ལག་ལ་དེ་བཞིན་ཏེ།། ཀརྨ་ཀཱི་ལའི་ངོ་བོ་ཉིད།། ཧ་ཡི་འབར་བ་ཚོགས་མཆོག་ལས།། ཀརྨའི་དཀྱིལ་འཁོར་གསལ་སྤྲོ་ཐིམ། ། ཧ། ཁྱོད་ནི་ཀརྨ་ཀཱི་ལ་ཡ།། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱིས།། གང་གིས་འདུལ་བའི་འཕྲིན་ལས་ལ།། རྣམ་བཞིའི་འཕྲིན་ལས་ཀུན་བྱོས་ཤིག། འདོད་པའི་ལྕེ་ལ་དེ་བཞིན་ཏེ།། པདྨ་ཁྲག་འཐུང་ཀཱི་ལ་ཡ། ། འབར་བ་ཧྲི་ཡི་ཚོགས་མཆོག་ལས།། ཧྲི་ཡི་དཀྱིལ་འཁོར་གསལ་འཕྲོ་ཐིམ།། ཧྲི། བྱ་བ་བརྒྱ་བཅུའི་སྒྲ་དབྱངས་ཀྱིས།། གང་འདོད་སྐྱེས་བུ་ཚིམ་པར་གྱིས།། ཤེས་རབ་དོན་གྱི་དམིགས་དང་སྦྱར།། ཡོངས་ལ་བསྒྲགས་པར་བྱ་བ་མེན། ། འདོད་པའོ་ཡོན་ཏན་ལྔ་རྣམས་ལ།། འཇིགས་བྱེད་གཞལ་ཡས་དེ་བཞིན་ཏེ།། རིགས་ཀྱི་ཁྲོ་བོ་དེ་བཞིན་ཉིད།། དཔའ་བོ་འདྲུ་ལྔའི་འཕྲོ་འདུ་ལས།། ཁྲག་འཐུང་ལྔ་དང་ཁྲོ་འཕྲེང་བསྒོམ། ། ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་དུས་ཀུན་ཏུ།། སྐུ་གསུང་ཐུགས་ཀྱི་ཕུར་པ་ཟུང།། ཕུར་པའི་དཀྱིལ་འཁོར་བདག་ཉིད་ཆེ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོར།། ཐམས་ཅད་ཀུན་ལ་དབང་རྣམས་སྦྱིན།། ཞེས་བྱ་བ་འདི་ནི་ལས་སོ་སོའི་དབང་ངོ། ། དེ་ནས་ཡང་དེ་དག་གི་གྲོགས་ཕན་པའི་དབང་བསྐུར་བའི་ཕྱིར་འདི་སྐད་ཅེས་གསུངས་སོ།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་པ།། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། ། ལྷ་ཡི་ཆུ་ནི་དག་པ་ཡིས།། དབང་མཆོག་དམ་པ་བསྐུར་བར་བྱའོ།། ཨོཾ་ནམ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ས་མ་ཡ་ཧཱུཾ། སངས་རྒྱས་ཀུན་གྱི་རིན་ཆེན་རྩེ།། དཔག་ཏུ་མེད་པའི་འོད་དང་ལྡན། ། རྡོ་རྗེ་འཁོར་ལོ་རིན་ཆེན་དང།། པདྨ་རྒྱ་གྲམ་ཁང་བུ་ལྔས།། ཟེ་སྲོག་ཁང་བུས་དབང་བསྐུར་རོ།། བཛྲ་བུདྡྷ་རཏྣ་པདྨ་ཁཌྒ་མ་ཀུ་མ་ཏྲཾ་ཏྲཾ། ཅོད་པན་འདི་ནི་མཛེས་པ་སྟེ།། ཡེ་ཤེས་ལྔ་ལྡན་ཅོད་པན་དེས།། རྟག་ཆད་གཉིས་ལས་གྲོལ་འགྱུར་ཞིང། ། འཁོར་བའི་ཉེས་པས་མི་གོས་ལ།། མྱངན་འདས་པའི་དབང་ཐོབ་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ལཾ་བ་ཨ་བྷི་ཥིཉྩ་ཧཱུཾ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི།། ཡི་གེ་གསུང་གི་ཕྱག་རྒྱའི་ཚོགས། ། གསུང་གི་དེ་ཉིད་བསྡུས་པའི་དོན།། སྙིང་པོ་ལྔ་ཡི་དབང་བསྐུར་རོ།། ཨོཾ་ཨཱཿ་ཧཱུཾ་སརྦ་ཨ་བྷི་ཥིཉྩ་ཧཱུཾ་ཨ། དེ་བཞིན་གཤེགས་པ་ཐུགས་ཀྱི་ཐུགས།། རྡོ་རྗེ་འཁོར་ལོ་རིན་ཆེན་དང།། པདྨ་རལ་གྲི་མཚོན་ཆ་ལྔ། ། ཕྱག་ཆ་ལྔ་ཡིས་དབང་བསྐུར་རོ།། ཨོཾ་བཛྲ་ཙཀྲ་རཊྣ་པདྨ་ཁཌྒ་མུ་ཏྲཾ་ཧཱུཾ། ཨེ་མ་བདེ་གཤེགས་ཀུན་གྱི་སྐུ།། མཚན་དང་དཔེ་བྱད་དཔག་ཏུ་མེད།། མི་འགྱུར་མི་ཤིགས་རིགས་ཀྱི་གཙོ།། དེ་བས་རིགས་ལྔས་དབང་བསྐུར་རོ། ། བཛྲ་ས་ཏྭ་ཧཱུཾ། བཻ་རོ་ཙ་ན་ཨོཾ། རཏྣ་སཾབྷ་བ་ཏྲཾ། པདྨ་ཨ་མི་དེ་བ་ཧྲི། ཀརྨ་ཨཱ་མོ་ཀ་སིདྡྷི་ཨ། གཟུངས་དང་ཏིང་འཛིན་མེ་ཏོག་རིན་ཆེན་འཕྲེང།། སངས་རྒྱས་ཀུན་གྱིས་བསྔགས་པ་སྟེ།། སྐུ་ཡི་རྒྱན་དུ་འགྱུར་བའི་ཕྱིར། ། དེ་བས་འཕྲེང་བས་དབང་བསྐུར་རོ།། བཛྲ་རཏྣ་མཱ་ལེ་པུཥྤེ་ཧཱུཾ། གདུགས་མཛེས་གསེར་གྱི་ཡུབ་ཅན།། སྐྱབས་ཆེན་བྱམས་པ་ཆེན་པོ་སྟེ།། ཉོན་མོངས་གདུང་བ་སེལ་པའི་རྟགས།། དེ་བས་གདུགས་ཀྱིས་དབང་བསྐུར་རོ། ། བཛྲ་སཱུརྱ་རཏྣ་ཨ་བྷི་ཥིཉྩ་ཧོ། སྟོང་པའི་གོ་ཆ་བླ་ན་མེད།། མཚན་མའི་ཡུལ་རྣམས་ཀུན་བཅོམ་ནས།། བྱིན་ཅི་ལོག་གི་བགེགས་ཆེན་བསྲུངས།། དེ་བས་གོ་ཆས་དབང་བསྐུར་རོ།། ཨོཾ་བཛྲ་ཀཱ་བཱ་ཙི་ཡཀྵ་ཧཱུཾ། བཟའ་དང་བཅའ་དང་བཏུང་བའི་ཚོགས།། ཁ་མངར་སྐྱུར་བརླེགས་བྲོ་བ་སྟེ།། འཛ་གད་ཛ་ཏི་ཟླ་ཕྲོམ་ཟླ་རྒྱས་ཟླ་ཚེས་དང།། ཚེ་འཛིན་མཆོག་དང་མཾ་ས་ཀུན་ཏུ་རྒྱུ།། ཚིམ་བྱེད་མངས་མཛེས་ཞལ་ཟས་སྣ་ཚོགས་ཀྱིས། ། ཉིན་མཚན་རྟག་ཏུ་བདེ་ལེགས་སྐྱོང་བར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུ་ཙ་ཡ་ཧཱུཾ། ཞེས་བྱ་བ་ནི་ཕན་པའི་དབང་ངོ།། དེ་ནས་ཡང་བདག་པོའི་དབང་བསྐུར་བར་བྱ་སྟེ།། འབྲས་བུ་བཞི་བཅུ་རྩ་གཉིས་པོ། ། འབྲས་བུའི་རྒྱུ་ལ་མིང་བཏགས་པས།། རང་རང་རྩ་བའི་སྔགས་ཀྱི་མཐར།། པ་ཤང་ཀུ་རུ་སྭཱཧཱ། ཨ་བྷི་ཉིཉྩ་ཏུ་མཾ་ཞེས།། ཀུན་ལའང་གདགས་ཏེ་རིམ་པས་བསྟིམ།། ཞེས་བྱ་བ་འདི་ནི་འབྲས་བུ་སྤྲུལ་པའི་དབང་ངོ། ། དེ་ནས་ཡང་རང་རྟགས་ཕྱག་རྒྱའི་དབང་བསྐུར་འདི་གསུངས་སོ།། གཟུགས་བརྙན་གསལ་བའི་དཀྱིལ་འཁོར་དུ།། ཕྱག་མཚན་འབར་བའི་ཚོགས་རྣམས་ལ།། བསྐྱེད་དང་སྤྱན་དྲངས་གསལ་བལྟས་ལ། ། རང་རིག་མཚན་ཉིད་བརྗོད་དེ་བསྐུར།། ཧཱུཾ། དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི།། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། རྡོ་རྗེ་རྩེ་དགུ་རྩེ་ལྔ་དང། ། མེ་དཔུང་ཁ་ཏྭཱཾ་ཕུར་པ་འདྲིལ།། སྐུ་སྟོད་གླང་ཆེན་ཀོ་རློན་ལ།། སྐུ་སྨད་སྟག་གི་ཤམ་བུས་བཏགས།། ཞིང་གི་གོ་ཟུ་ཡ་བས་བསྐོར།། སྤྲུལ་ཆེན་རིགས་བཞིས་སྐུ་ལ་བརྒྱན།། ཐོད་པ་འབར་བའི་སེ་རལ་ཁ། ། ཐུགས་ཁར་འབར་བའི་སྲོག་ཀྱང་གཞུག། དབུ་ལ་རྫོགས་པའི་སངས་རྒྱས་སྲུང།། འཁོར་ལོ་རྒྱས་འདེབས་སྐུལ་འཁྲིལ།། བསྐལ་བའི་རི་རའི་ཀློང་ན་བཞུགས།། ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད།། ཡབ་ཡུམ་རྫོགས་པའི་དབང་མཆོག་བུ་ལ་སྦྱིན། ། དྲེགས་ཆེན་འཁོར་དུ་བསྡུས་པའི་དབང་ཆེན་དང།། ཡི་དམ་ལྷ་ཚོགས་བསྒོམ་པའི་དབང་ཐོབ་ཤོག། བཛྲ་ཀཱི་ལ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཏུ་མཾ། ཁྲོ་བོ་ཆེན་པོ་ཧཱུཾ་ཆེན་ཀཱ་ར་ནི། ། འདོད་ཆགས་རྣམ་པར་དག་པ་སྟེ།། དེ་རྗེ་སྒྲ་འབྱིན་སྐུ་ལ་འཁྲིལ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། སྤྲུལ་པ་ཕག་དང་སྨྲིག་པུར་བཅས།། ཡབ་ཡུམ་སྤྲུལ་རབ་བཅས་པའི་དབང་སྦྱིན།། ཡ་བདུད་ཚངས་པ་འདུལ་བའི་དབང་ཐོབ་ཤོག། ཧཱུ~ཾ་ཀ་ར་ཨ་བྷིཉྩ་ཨ།། ཁྲོ་ཆེན་རྣམ་པར་རྒྱལ་བ་ནི།། མ་བྱིན་ལེན་པ་དག་པ་སྟེ།། རྡོ་རྗེ་རྣམ་སྙེམས་སྐུ་ལ་འཁྲིལ།། དབུ་གསུམ་ཕྱག་དྲུག་ཤོག་པ་ཅན།། སྤྲུལ་པ་རྟག་དཔྱད་བྱ་རྒོད་བཅས། ། འཁོར་བཅས་འདི་ཡིས་དབང་གཅིག་བུ་ལ་སྦྱིན།། བརྒྱ་བྱིན་དྲི་ཟ་འདུལ་བའི་དབང་ཐོབ་ཤོག་བི་ཛ་ཡ་ཨ་བྷི་ཥིཉྩ་ཨ།། ཁྲོ་ཆེན་དབྱུག་པ་སྔོན་པོ་ནི།། ལོག་ལྷ་རྣམ་པར་དག་པ་སྟེ།། རྡོ་རྗེ་སྡེར་མ་སྐུ་ལ་འཁྲིལ། ། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། སྤྲུལ་པ་གཡག་དང་བྱ་རོག་ཅན།། འཁོར་བཅས་འདྀ+ི་ཡི་དབང་ཅིག་པུ་ལ་སྦྱིན།། དྲང་སྲོང་མེ་ལྷ་འདུལ་བའི་དབང་ཐོབ་ཤོག། ནི་པ་དཥྟ་ཨ་བི་ཥིཉྩ་ཨ། ། ཁྲོ་ཆེན་གཤིན་རྗེ་གཤེད་པོ་ནི།། སྲོག་གཅོད་རྣམ་པར་དག་པ་སྟེ།། ཡུམ་ཆེན་དུར་ཁྲོད་སྐུ་ལ་འཁྲིལ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། སྤྲུལ་པ་ཤ་བ་འུག་པར་བཅས།། འཁོར་བཅས་འདི་ཡི་དབང་ཅིག་བུ་ལ་སྦྱིན། ། གཤིན་རྗེ་འདུལ་བའི་དབང་མཆོག་ཐོབ་པར་ཤོག། ཡ་མནྟ་ཀ་ཨ་བྷི་ཥིཉྩ་ཨ། ཁྲོ་བོ་ཆེན་པོ་མི་གཡོ་མགོན།། བརྫུན་སྨྲ་རྣམ་པར་དག་པ་སྟེ།། ཡུམ་ཆེན་རྟུན་ཁུང་སྐུ་ལ་འཁྲིལ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། ། སྤྲུལ་པ་གཟིག་དང་ཁ་ཏར་བཅས།། འཁོར་བཅས་འདི་ཡི་དབང་ཅིག་བུ་ལ་སྦྱིན།། བདེན་བྲལ་སྲིན་པོ་འདུལ་བའི་དབང་ཐོབ་ཤོག། ཨཱརྱ་ཨ་ཙ་ལ་ཨ་བྷི་ཥིཉྩ་ཨ། ཁྲོ་བོ་ཆེན་པོ་རྟ་མཆོག་དཔལ། ། ཕྲ་མ་རྣམ་པར་དག་པ་སྟེ།། རྡོ་རྗེ་གཏུམ་མོ་སྐུ་ལ་འཁྲིལ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། སྤྲུལ་པ་བྱི་ལ་པུ་ཤུད་བཅས།། ཡབ་ཡུམ་སྤྲུལ་པར་བཅས་པའི་དབང་ཅིག་བུ་ལ་བྱིན།། ཆུ་བདག་ཀླུ་རྣམས་འདུལ་བའི་དབང་ཐོབ་ཤོག། ཧ་ཡ་གྲི་བ་ཨ་བྷི་ཥིཉྩ་ཨ། ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པ།། ང་འཁྱལ་རྣམ་པར་དག་པ་སྟེ།། ཡུམ་ཆེན་མདའ་སྙེམས་སྐུ་ལ་འཁྲིལ། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། སྤྲུལ་པ་ཁྲ་དང་སྤྱང་ཁུར་བཅས། ། འཁོར་བཅས་འདི་ཡི་དབང་ཅིག་བུ་ལ་སྦྱིན།། རླུང་ལྷ་འདུལ་བའི་དབང་མཆོག་ཐོབ་པར་ཤོག། ཨ་པ་ར་ཛི་ཏ་ཨ་བྷི་ཥིཉྩ་ཨ། ཁྲོ་ཆེན་བདུད་རྩི་འཁྱིལ་པ་ནི།། ཚིག་རྩུབ་རྣམ་པར་དག་པ་སྟེ། ། ཡུམ་ཆེན་རླུང་འབྱིན་སྐུ་ལ་འཁྲིལ།། དབུ་གསུམ་ཕྲག་རྒྱ་དྲུག་གཤོག་པ་ཅན།། སྤྲུལ་པ་སེང་གེ་ཕ་ཝང་བཅས།། འཁོར་བཅས་འདི་ཡི་དབང་ཅིག་བུ་ལ་སྦྱིན།། གནོད་སྦྱིན་འདུལ་བའི་དབང་མཆོག་ཐོབ་པར་ཤོག། ཨ་མྲྀ་ཏ་ཀུཎྜ་ལི་ཨ་བྷི་ཥིཉྩ་ཨ། ཁྲོ་ཆེན་ཁམས་གསུམ་རྣམ་རྒྱལ་ནི།། གནོད་སེམས་རྣམ་པར་དག་པ་སྟེ།། ཡུམ་ཆེན་གསོད་མ་སྐུ་ལ་འཁྲིལ།། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། སྤྲུལ་པ་དོམ་དང་སྲེ་མོང་བཅས། ། འཁོར་བཅས་འདི་ཡི་དབང་ཅིག་བུ་ལ་སྦྱིན།། དབང་ལྡན་འདུལ་མཆོག་ཐོབ་པར་ཤོག། ཏྲེ་ལོ་ཀྱ་བི་ཛ་ཡ་ཨ་བྷི་ཥིཉྩ་ཨ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ།། བརྣབ་སེམས་རྣམ་པར་དག་པ་སྟེ།། ཡུམ་ཆེན་བསྐྱོད་མ་སྐུ་ལ་འཁྲིལ། ། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན།། སྤྲུལ་པ་དོམ་དང་བྱི་བར་བཅས།། འཁོར་བཅས་འདི་ཡི་དབང་ཅིག་བུ་ལ་སྦྱིན།། བདག་འདུལ་བའི་དབང་མཆོག་ཐོབ་པར་ཤོག། མཧཱ་བ་ལ་ཨ་བྷི་ཥིཉྩ་ཨ། ལྷོ་སྒོར་སྐྱེ་ཀའི་མགོ་ཅན་ནི།། ཆད་ལྟ་གནས་སུ་དག་པ་སྟེ།། འདྲེན་བྱེད་སོར་མོ་ཞགས་པ་བསྣམས།། སྙིང་རྗེ་ཆེན་པོའི་དབང་ཐོབ་ཤོག། ཨོཾ་བཛྲ་བར་བེ་ཤེ་ཨ་བྷི་ཥིཉྩ་ཨ། ནུབ་སྒོར་སྲིན་བྱའི་མགོ་ཅན་ནི། ། བདག་ཏུ་འཛིན་པ་དག་པ་སྟེ།། སྡོམ་བྱེད་དམར་ནག་ལྕགས་སྒྲོག་བསྣམས།། དགའ་བ་ཆེན་པོའི་དབང་ཐོབ་ཤོག། ཨོཾ་བཛྲ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨ། བྱང་སྒོར་ཁྲ་ཡི་མགོ་ཅན་ནི།། མཚན་མར་ལྟ་བ་དག་པ་སྟེ། ། རླག་བྱེད་ལྗང་ནག་དྲིལ་བུ་བསྣམས།། བཏང་སྙོམས་ཆེན་པོའི་དབང་ཐོབ་ཤོག། ཨོཾ་བཛྲ་མར་ན་ཨ་བྷི་ཉིཉྩ་ཧཱུཾ་ཨ། ཞེས་བྱ་བ་ནི་རང་རྟགས་ཕྱག་རྒྱའི་དབང་ངོ།། དེ་ནས་ཡང་དེ་དག་གི་རྒྱན་ཆས་ཀྱི་དབང་བསྐུར་བ་འདི་གསུངས་སོ། ། སྲིད་པ་གསུམ་ལ་དབང་སྒྱུར་ཞིང།། བྱང་ཆུབ་སེམས་ནི་མངོན་དུ་བསྟན།། ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར།། སྐུ་ལ་རིགས་ལྔས་དབང་བསྐུར་རོ།། ཨོཾ་ཨཱཿཧཱུཾ་སྭཱཧཱ་ཨ་བྷི་ཥིཉྩ་ཨ། ཨེ་མ་ང་ནི་རང་བྱུང་སྟེ།། དཔལ་ཆེན་རྡོ་རྗེ་གཞུ་ནུའི་སྐུ།། འཁོར་བ་ཡོངས་སུ་སྦྱང་བའི་ཕྱིར།། ཡེ་ཤེས་སེམས་དཔས་དབང་བསྐུར་རོ།། ཛྙཱན་ས་ཏྭ་ཀཱི་ལ་ཨ་བྷི་ཥིཉྩ་ཨ། ཡེ་ཤེས་དྲུག་གི་རང་བཞིན་ཏེ།། ཕ་རོལ་ཕྱིན་པ་དྲུག་གི་རྟགས། ། རྡོ་རྗེ་ལ་སོགས་ཕྱག་འཚལ་གྱིས།། རྒྱུད་དྲུག་གནས་ནས་སྒྲོལ་བར་ཤོག། བཛྲ་བཛྲ་ཨ་ནི་ཏྲི་ཤུ་ལི། ཀཱི་ལ་ཡ་ཨ་བྷི་ཥཉྩི་ཨ། སྐམ་པོ་ཆོས་སྐུ་ར་རི་ལོངས་སྤྱོད་རྫོགས།། རློན་པ་སྤྲུལ་པའི་སྐུ་ཡིན་ཏེ། ། དུས་གསུམ་སངས་རྒྱས་བཞུགས་པ་ཀུན།། སྐུ་གསུམ་ངོ་བོར་དབང་བསྐུར་རོ།། མཧཱ་ཀཱ་པ་ལ་ཨ་བྷི་ཥིཉྩ་ཧཱུཾ། སྦྲུལ་རིགས་བཞི་ཡི་ཚུལ་ཁྲིམས་འདིས།། མཉེན་ལ་འཁྲིལ་པས་སྐུ་ཡི་བརྒྱན།། ཞེ་སྡང་ཆེན་པོའི་རང་བཞིན་པས། ། འཕྲིན་ལས་རྣམ་བཞིས་གདུག་པ་ཞི་བར་ཤོག། མ་ཧཱ་གན་ཨ་བྷི་ཥིཉྩ་ཧཱུཾ། གླང་ཆེན་ཀོ་རློན་སྟོབས་ཆེན་བརྗིད་ལས་ལྡན།། ཚུལ་ཁྲིམས་གཡང་གཞི་ཐབས་ལ་མཁས་པ་དང།། སྟག་ལྤགས་ཤམ་ཐབས་དཔའ་བར་ལྡན་པ་ཡི། ། ན་བཟའ་རྒྱན་གྱི་དབང་མཆོག་ཐོབ་པར་ཤོག། བ་བིད་ཀུན་དྷ་ལི་བྱ་གརི་ཙ་ནཱ་མ། དྷརྨ་ཀ་ཀོ་ཏ་ཨ་བྷི་ཥིཉྩ་ཨ། ཁམས་གསུམ་ཟིལ་གྱིས་གནོན་པའི་རྡོ་རྗེ་གཤོག་པ་འདི།། སྲིད་གསུམ་འདེབས་བྱེད་རླུང་གི་རང་བཞིན་ཏེ། ། གཡས་པ་ཐབས་ལ་ཤེས་རབ་གཡོན་པ་ཡིན།། རྡོ་རྗེ་གཤོག་པའི་དབང་མཆོག་ཐོབ་པར་ཤོག། བཛྲ་བར་བེ་ཨ་བྷི་ཥིཉྩ་ཨ། ཁམས་ནག་རལ་པས་སྟོང་ཉིད་དོན་རྟོགས་ཏེ། ། མཐིང་ནག་རལ་པའི་ཆུན་འཕྱང་གི། འཁོར་བ་རྟག་ཆད་གཉིས་ཀྱི་མཐའ་གསལ་ཏེ།། མ་གཡོས་དབུ་མ་ཆེན་པོའི་དོན་རྟོགས་ཤོག། མ་ཧཱ་ཀྲོདྷ་ཧ་ལ་ཨ་བྷི་ཥྀཉྩ་ཨ། འབར་བ་ཐུགས་ཀྱི་རང་བཞིན་དང།། འཕྲོ་བ་ཁྱབ་པའི་ཐུགས་རྗེ་དང། ། འདུ་བ་དབྱིངས་ཀྱི་རང་བཞིན་ཏེ།། གློང་བ་ཟད་པའི་འཕྲིན་ལས་ཀྱིས།། འཁྱིལ་བ་གཉིས་སུ་མེད་པའི་དོན།། རྡོ་རྗེ་མེ་ཡི་དབང་མཆོག་ཐོབ་པར་ཤོག། བཛྲ་ལག་ནེ་ཛྭ་ཨ་ཨ་བྷི་ཥིཉྩ་ཨ། ཞག་གི་ཟོ་རིས་དོན་དམ་བཅུད་ཀྱིས་བརྒྱན།། རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྟགས།། ཐལ་ཆེན་ཐིག་ལེ་མཚན་མ་སྤྲོས་དང་བྲལ།། མཚན་མ་གསུམ་གྱི་དོན་དམ་མཚོན་པར་ཤོག། མ་ཧཱ་སྣིག་ཏ། མ་ཧཱ་རཀྟ། མ་ཧཱ་ཀེང་ནི་རི་ཏི་ཨ་བྷི་ཥིཉྩ་ཨ།། ཡེ་ཤེས་གཅིག་ལས་མ་གཡོས་ཀྱང།། གདུལ་ཐབས་ཐ་དད་བསྟན་པའི་ཕྱིར།། རྟགས་ཀྱི་ཁྲོ་ཆུང་མཚོན་གང་གིས།། བཀའ་ནན་ཆེན་པོའི་འགྲོ་དོན་བྱེད་པར་ཤོག། བཛྲ་ཀརྨ་ཀ་བ་ཙི་ཡ་ཨ་བྷི་ཥིཉྩ་ཨ། ཞེས་བྱ་བ་ནི་ན་བཟའ་རྒྱན་གྱིས་དབང་བསྐུར་བའི་རིམ་པའོ།། དེ་ནས་བསྒྲུབ་པའི་རྫས་ཀྱི་དབང་བསྐུར་བའི་རིམ་པ་འདི་གསུངས་སོ།། བདག་དང་ལག་པའི་མཆོག་རྣམས་ལ། ། རབ་ཏུ་གསོར་ཏེ་དྲིལ་བྱས་ལ།། བྱིན་གྱིས་བརླབ་པས་དབང་བསྐུར་བས།། གཉིས་མེད་ཆེན་པོར་དབང་ཐོབ་ཤོག། ཨོཾ་བཛྲ་ཀ་ལ་ཨ་བྷི་ཥིཉྩ་ཨ། ཉུངས་ཀར་རྒྱལ་པོའི་རྫས་མཆོག་འདིས།། བདེ་གཤེགས་སྲས་ཀྱི་མཆོག་རྣམས་ཀྱིས། ། ཐུགས་དམ་ཆེན་པོར་བསྐུལ་ནས་ཀྱང།། འགྲོ་བའི་དོན་རྣམས་བྱེད་པར་ཤོག་བཛྲ་ཡཀྵ་ཀྲོ་དྷ་ཨ་བྷི་ཥིཉྩ་ཨ།། གུ་གུལ་སྦྱར་མའི་རྫས་མཆོག་འདིས།། བཛྲ་ཀཱི་ལ་ཡ་ཡི་གཟི་མདངས་རབ་བསྐྱེད་ནས། ། མཚན་དང་དཔེ་བྱད་ལྡན་འགྱུར་ཞིང།། འགྲོ་བའི་དོན་རྣམས་བྱེད་པར་ཤོག། དུ་མ་པེ་ཏ་ལི་ཨ་བྷི་ཥིཉྩ་ཨ། རཀྟའི་རྒྱལ་པོ་ཆགས་པའི་བདག་ཉིད་འདིས།། འགྲོ་བའི་དོན་ལ་ཐུགས་དམ་རབ་བསྐུལ་ཞིང། ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས།། ཐུགས་རྗེ་ཆགས་པས་འགྲོ་དོན་བྱེད་པར་ཤོག། མཧཱ་རཀྟ་ཨ་བྷི་ཉིཉྩ་ཨ། ཐུགས་རྗེ་ཆེན་པོའི་ཅོད་པན་འདིས།། ཐབས་དང་ཤེས་རབ་རྟགས་ཡིན་ཏེ། ། གཟུང་འཛིན་མཐའ་གཉིས་རྣམ་པར་སྤངས།། དབྱིངས་དང་ཡེ་ཤེས་མཚོན་པར་ཤོག། མ་ཧཱ་ལཾ་པ་ཨབྷི་ཥིཉྩ་ཨ། ཕྱི་ནང་གསང་བའི་མཆོད་རྫས་འདིས།། དུས་གསུམ་སངས་རྒྱས་མཆོད་ཅིང་མཉེས།། འགྲོ་བའི་དོན་ལ་ཐུགས་དམ་བསྐུལ། ། མཆོད་སྦྱིན་སྟོབས་ཀྱི་དབང་མཆོག་ཐོབ་པར་ཤོག། མ་ཧཱ་ཕུ་ཙ་ཨ་བྷི་ཥིཉྩ་ཨ། བསྒྲུབ་པའི་ཡེ་ཤེས་མཚོན་གངཔོ།། གསང་བའི་སྔགས་ཀྱིས་རབ་བསྐྱེད་ལ།། དུས་གསུམ་རྒྱུན་དུ་བཟླས་དགོས་པས། ། འཛབ་བསྙེན་འདི་ཡིས་དབང་བསྐུར་རོ།། བཛྲ་མཱ་ལེ་ཨ་བྷི་ཥིཉྩ་ཨ། ཞེས་བྱ་བ་ནི་བསྒྲུབ་རྫས་ཀྱི་དབང་བསྐུར་བའོ།། དེ་ཡང་དྲག་པོ་སྒྲོལ་པའི་དབང་འདི་གསུངས་སོ།། དབྱིངས་དང་ཡེ་ཤེས་དོན་དམ་ཕོ་ཉ་དང། ། ཐབས་དང་ཤེས་རབ་རྟགས་ཀྱི་ཕོ་ཉ་དང།། འཁོར་བའི་གནས་ནས་དགྲ་བགེགས་དགུག་པའི་ཕྱིར།། མངག་པ་ཕོ་ཉའི་ཕུར་པ་ཁྱོད་ཀྱིས་ཟུང།། བི་ཤ་བཛྲ་ཀྲོདྷ་ཛྭ་ལ་ཨ་བྷི་ཥིཉྩ་ཨ། ཕྱག་རྒྱ་བཞིར་ལྡན་ཕུར་པ་འདི་བྱིན་པས། ། དགུག་དང་བཅིག་དང་དབང་དུ་བསྡུས་པའི་ཕྱིར།། བར་ཆད་དགྲ་བགེགས་རྟེན་ལ་འབེབས་པར་ཤོག། ཛ་ཧཱུཾ་བཾ་ཧོཿ་ཨ་བྷི་ཥིཉྩ་ཨ། རྡོ་རྗེ་གདབ་ཕུར་འདི་བྱིན་པས།། ཡེ་ཤེས་ཕུར་པ་དབྱིངས་ལ་འདེབས་པའི་རྟགས། ། མཚན་མའི་ཕུར་པས་ཤེས་རབ་ལིང་ག་ལ།། ཐབས་མཆོག་མཚན་མའི་ཕུར་པས་འདེབས་པར་ཤོག། ཏིཔྟ་ཙཀྲ་མ་ར་ཡ་ཨ་བྷི་ཥིཉྩ་ཨ། མཚོན་ཆ་ལྔ་ལྡན་ཕུར་པ་འདི་བྱིན་པས། ། འཇོམས་བྱེད་རྡོ་རྗེ་གཅོད་པའི་འཁོར་ལོ་དང།། གཏུབ་པའི་རལ་གྲི་གདུང་བའི་དབྱུག་ཐོ་དང།། གནན་པའི་རྒྱ་གྲམ་ལ་སོགས་ལྔ་རྣམས་ཀྱིས།། མ་རིག་འཁོར་བའི་རྒྱ་མོ་འདྲལ་བར་ཤོག། ཛུ་ར་ཏྲ་ཁད་ཁ་མུད་ཀར་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཨ། རིན་ཆེན་རྒྱས་པའི་ཕུར་པ་འདི་བྱིན་པས།། དམིགས་པའི་མཐུ་དང་རྩལ་ཆེན་གནོད་ལ་སོགས།། གནས་སུ་བསྐྲད་ཅིང་རྫུ་འཕྲུལ་ཕྲོགས་ནས་ནི།། རང་ཉིད་ཚེ་དང་དབང་རྒྱས་བྱེད་པར་ཤོག། ཨཱ་ཡུཛྙཱ་ན་པུཥྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཨ། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཁྲོ་བོའི་ཐོ་ཚོགས་ཀྱིས།། འཁོར་བའི་བག་ཆགས་སྦྱངས་པའི་ཕྱིར།། མཚན་མ་རྡུལ་དུ་རློག་པར་ཤོག། ཏདྱ་ཐཱ་ཁ་ཐཾ་ཧཱུཾ་ཕཊ་ཨ་བྷི་ཥིཉྩ་ཨ། དྲག་པོའི་མཚོ་གཏོར་འདི་བྱིན་པས།། དམ་ཅན་རྣམས་ནི་ཐུགས་བསྐུལ་ཞིང།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ལུས་ངག་རྡུལ་དུ་རློག་བར་ཤོག། པཱུ་ཙ་མཱ་ར་ཡ་ཨ་བྷི་ཥིཉྩ་ཨ། དབང་མཆོག་དུག་གི་གཏོར་མ་འདི་བྱིན་པས། ། གནོད་སྦྱིན་མ་ལུས་མྱོས་ཤིང་ཚུབ་པ་དང།། བག་ཆགས་སྦྱང་ཞིང་སྡིག་པ་འཐོལ་འགྱུར་ནས།། མྱོས་འཚུབ་ཆོལ་དང་སྨྱོ་རུ་འཛུད་པར་ཤོག། ཧ་ལ་ཧ་ལ་མཱ་ར་ཡ་ཨ་བྷི་ཉིཉྩ་ཨ། རྡོ་རྗེ་སྲིན་པོའི་ཞལ་གདངས་པར། ། ཤ་ཁྲག་རུས་པའི་མཆོད་པ་ཡིས།། དུག་གསུམ་སྐུ་གསུང་ཐུགས་དང་ལྡན་པར་ཤོག། བྷིནྡྷ་ཡ་བཛྲ་ཡཀྵ་ཀྲོ་ཏ་ཨ་བྷི་ཥིཉྩ། གློང་ཡང་འཁྱིལ་བའི་ཧོམ་ཁུང་དུ།། འབར་འཕྲོས་འདུ་གླེང་མེ་སྦར་ཏེ། ། ཡབ་མ་མེ་ཡི་སྦྱོར་བ་ཡིས།། ལྷ་རྣམས་མ་ལུས་མཉེས་བྱེད་ཤོག། ཨག་ནེ་དེ་བ་ཤྲི་པུ་ཙ་ཨ་བྷི་ཥིཉྩ་ཨ། ཟིལ་གནོད་རི་རབ་ཕུར་པ་འདི་བྱིན་པས།། ལས་ངན་སྐལ་མེད་བྱུར་ངན་དུས་ཟད་རྣམས། ། བྱང་ཆུབ་སེམས་ནི་ནམ་ཡངམ་སྐྱེས་པར།། གནོན་བྱེད་སྟོབས་ཀྱིས་དབང་མཆོག་ཐོབ་པར་ཤོག། ཨོཾ་བཛྲ་སྟཾ་པ་ནན་ཨ་བྷི་ཥིཉྩ་ཧཱུཾ་ཨ། ཞེས་བྱ་བ་ནི་དྲག་པོ་སྒྲོལ་བའི་དབང་བསྐུར་བའི་རིམ་པའོ།། དེ་ནས་གསང་བའི་དབང་བསྐུར་བའི་རིམ་པ་འདི་གསུངས་སོ། ། ཕྱི་ནང་གསང་བའི་རིམ་པ་ཡིས།། གསུམ་གསུམ་དགུ་རུ་གསུང་པ་ཡང།། མི་འདྲའི་ཕྱིར་ན་གཅིག་ཏུ་མེད།། དེ་བས་འདི་ལའང་དེ་འདྲར་བརྟག། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལྟར། ། ཇི་ལྟར་རྒྱལ་བས་མཆོད་པ་བཞིན།། བདག་ཀྱང་དེ་འདྲར་བསྒྲུབ་པའི་ཕྱིར།། བྱང་ཆུབ་ཆེན་པོ་བདག་ལ་གསོལ།། སློབ་མས་ཤེས་རབ་བླ་མ་ལ།། ཕུལ་ལ་ཡང་ནི་གསོལ་བ་གདབ།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། ། དོན་ཆེན་ཟབ་མོས་ཉོན་མོངས་འཇོམས།། ཐབས་མཆོག་གསང་བའི་ཁྱད་པར་ཅན།། དེ་རིང་བདག་ལ་དབབ་བར་ཞུ།། དེ་རྗེས་བླ་མ་ལུང་ལྡན་དེས།། བདག་གི་སྙིང་ཁའི་ཧཱུཾ་ལས་ནི། ། འོད་འཕྲོས་ལྕགས་ཀྱུས་བདེ་གཤེགས་བཀུག། ཐབས་དང་ཤེས་རབ་བྱིན་བརླབས་ནས།། ཆགས་པ་རྡོ་རྗེའི་ང་རྒྱལ་བྱ།། བསྐྱེད་པས་བདེ་གཤེགས་འོད་དུ་ཞུ།། རྡོ་རྗེ་བྷ་གའི་ནང་ན་ནི།། རིན་པོ་ཆེ་ཡི་གནས་ཡོད་དེ། ། གནས་པས་ཕ་ཟད་ནུར་བ་དག། རྒྱུ་བའི་དབུགས་བཀག་སེམས་གཟུང་ནས།། བུ་འདིར་ཤོག་ཅིག་རིགས་ཀྱི་བུ།། ནམ་མཁའ་དབྱིངས་ཀྱི་དབུས་གནས་སུ།། རྡོ་རྗེ་རྒྱལ་པོ་རབ་དྲངས་ཏེ།། དབུ་ཡི་ནམ་མཁའི་དཀྱིལ་དུ་ནི། ། མཐེབ་སྲིན་གཉིས་ཀྱིས་ལམ་བཀག་ལ།། ཡོངས་སྤྱོད་ནང་དུ་བཞུགས་སུ་གསོལ།། ཨེ་མ་ང་ནི་རང་བྱུང་བའི།། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ།། འཁོར་བ་དབྱིངས་ནས་བསྒྲལ་བའི་ཕྱིར། ། བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ།། བྱང་ཆུབ་སེམས་ཀྱི་བདུད་རྩི་འདིས།། སེམས་ཀྱི་སྡུག་བསྔལ་རྣམས་འཇོམས་ཏེ།། གསང་བའི་གནས་ནས་དམ་པར་བཅས།། དེ་རིང་ཁྱོད་ལ་དབབ་པར་བྱ།། དེ་རིང་སངས་རྒྱས་ཀུན་དང་མཉམ། ། བདག་གི་བསོད་ནམས་སྐལ་བ་ཆེ།། ཡོན་ཏན་ཀུན་གྱིས་བདག་ལ་བརྒྱན།། བདེ་བར་གཤེགས་པའི་བདག་ཉིད་དོ།། ཨེ་མ་རེ་བ་དེ་ལན་གསུམ་བརྗོད།། སྦྲང་རྩི་ལྷག་ལུས་ཡན་ཆད་གཞིག། དེ་རྗེས་ལུང་བསྟན་ཐོབ་པར་བྱ།། ཞེས་པ་འདི་ནི་གསང་བའི་དབང་བསྐུར་བའི་རིམ་པའོ།། དེ་ནས་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་འདི་གསུངས་སོ།། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི།། ངོ་བོ་ཉིད་ལ་ཕྱག་འཚལ་བསྟོད། ། ཁམས་གསུམ་བདག་པོ་ཕྱག་འཚལ་བསྟོད།། འདྲེན་པའི་གཙོ་ལ་ཕྱག་འཚལ་བསྟོད།། དངོས་གྲུབ་ཞིང་ལ་ཕྱག་འཚལ་བསྟོད།། མཆོག་གི་དབང་ཕྱུག་ཁྱོད་ཀྱིས་ཀྱང།། ཤེས་རབ་དང་ནི་ཡེ་ཤེས་ཀྱི། ། དབང་བསྐུར་དམ་པ་བདག་ལ་སྩོལ།། ཟབ་མོའི་དབང་ཆེན་བདག་ལ་སྩོལ།། དེ་ནས་རིགས་ཀྱི་བུ་མོ་ནི།། གཞུང་ལས་བྱུང་བའི་མཚན་དང་ལྡན།། བཅུ་གཉིས་བཅུ་དྲུག་བཅོ་བརྒྱད་དམ།། མེད་ན་ཉི་ཤུ་ལོན་པའང་རུང། ། དེ་ལས་འདས་ན་དངོས་གྲུབ་མེད།། དར་ལ་སོགས་པའི་རྒྱན་གྱིས་བརྒྱན།། སྤོས་མཆོག་དྲི་དང་ལྡན་བྱས་ནས།། དད་པས་བླ་མ་ལ་ཡང་དབུལ།། མགོན་པོ་ཆེན་པོ་འདི་མཚར་ཏོ།། གསང་བའི་བདག་པོ་འདི་མཚར་ཏོ། ། འདི་ནི་ཡོན་ཏན་རྣམས་ཀྱིས་བརྒྱན།། དངོས་གྲུབ་མཆོག་ཏུ་འདི་འགྱུར་རོ།། དེ་ནས་བླ་མ་ལུང་ལྡན་དེས།། བསྐྱེད་ནས་རྫོགས་པའི་མཐར་ཐུག་བྱ།། པདྨ་སྦུར་བའི་སྦྱོར་བ་ཡང། ། གོང་དུ་ཇི་ལྟར་སྨོས་པ་བཞིན།། འདི་ནི་ཁྱོད་ཀྱི་གཟུངས་མའི་མཆོག། སངས་རྒྱས་རྣམས་ཀྱིས་བརྟེན་པར་གསུངས།། འཁོར་ལོའི་རིམ་པ་རབ་སྦྱར་བས།། འགྲོ་བ་གསུམ་པོ་དག་པ་འདི།། སངས་རྒྱས་ཉིད་ལ་ཐབས་གཞན་མེད། ། དེ་བས་འདི་ཡི་སྦྱོར་བྲལ་བར།། ཁྱོད་ཀྱིས་ནམ་ཡང་མ་གཏང་ཞིག། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས།། རིག་པའི་བརྟུལ་ཞུགས་བླ་ན་མེད།། རྨོངས་པ་གང་ཞིག་འདི་སྤོངས་ན། ། དེ་ལ་དངོས་གྲུབ་མཆོག་ཉིད་མེད།། དེ་བརྗོད་བསྣོལ་ལ་དེ་ཇི་བཞིན།། ཤེས་རབ་དམ་པའི་དབང་ཞེས་བྱའོ།། ཞེས་བྱ་བ་འདི་ནི་ཤེས་རབ་ཀྱི་དབང་ངོ།། དེ་ནས་ཡང་ཡེ་ཤེས་ཀྱི་དབང་འདི་གསུངས་སོ། ། གུར་ཀུམ་ཆུ་སོགས་དྲི་ཞིམ་དང།། མེ་ཏོག་འཕྲེང་བ་ལ་སོགས་ལྡན།། གོས་མེད་ལངས་ཏེ་པད་ཕྱེ་ལ།། གསལ་བྱས་མཐོང་ནས་འདི་སྐད་བརྗོད།། དྲི་ཆེན་དྲི་ཆུ་ཟ་ནུས་སམ།། ཁྲག་དང་ཁུ་བ་དེ་བཞིན་ཤ། ། བུད་མེད་དད་པས་རྟེན་ནུས་སམ།། པདྨ་བྷ་གར་འོ་བྱེད་པ།། ཆུ་བདེ་བར་ནི་བུ་ཁྱོད་སྨྲོས།། ཀྱེ་མ་ལྷ་མོ་ཅིས་མི་ནུས། ཁྲག་དང་ཁུ་བ་སོགས་ཟ་ཞིང།། རྟག་ཏུ་བུད་མེད་བརྟེན་པར་བགྱི།། བྷ་གའོ་བྱེད་མི་རྟོག་གོ། དེ་ནས་དགའ་མགུ་དང་ལྡན་པས།། པདྨ་སྦུར་བའི་ཆོ་ག་བྱ།། མདོམས་སློད་ཆུ་སྐྱེས་ཕྱེ་ནས་ནི།། ཨེ་མ་བདག་གི་པདྨ་ཡིས།། ཐམས་ཅད་བདེ་དང་ཡང་དག་ལྡན།། གང་ཞིག་ཆོ་གས་རྟེན་བྱེད་ན།། དེ་ཡི་བདུན་དུ་བདག་འདུག་གོ། རྫོགས་པའི་སངས་རྒྱས་བསྙེན་བཀུར་སོགས།། འདི་ལྟར་པདྨའི་བྱ་བ་བགྱིད།། རང་ཉིད་རྒྱལ་པོ་བདེ་ཆེན་པོ།། འདི་ཉིད་ལ་ནི་རྟག་ཏུ་བཞུགས།། བྷཉྩ་མོཀྵ་ཧཱ། བདེ་ཆེན་འཁོར་ལོའི་དབུས་ན་ནི། ། སྟོན་པའི་ཡི་གེ་ཧོཾ་གྱི་གཟུགས།། ཡེ་ཤེས་མེ་ཡིས་རབ་འཕྲོས་པས།། དཀར་ལ་རྩ་དམར་ལྟ་བུར་འཛག། འཁོར་ལོ་བཞི་ལ་རིམ་བཞིན་བབས།། རྡོ་རྗེ་རྩ་དམར་དགའ་བ་སྐྱེས།། དཀྱིལ་དུ་སྦྱིན་པ་མཆོག་དགའ་ཡིན། ། རྩ་གསུམ་འདོམ་པའི་དབུས་སུ་ནི།། ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང།། གང་དེར་སྐྱེས་པའི་ཡེ་ཤེས་ནི།། གཟུགས་དང་ཁ་དོག་མཚན་ཉིད་བྲལ།། འདོད་ཆགས་མ་ཡིན་ཆགས་བྲལ་ཡིན།། དབུ་མར་དམིགས་སུ་མེད་པ་སྟེ། ། སངས་རྒྱས་ཡེ་ཤེས་ནམ་མཁའ་ལ།། ཡེ་ཤེས་བདེ་བར་གནས་མི་གཏང།། ཐུན་མཚམས་གཅིག་གམ་ཉིན་གཅིག་ལ།། ཟླ་ཕྱེད་ཟླ་བ་བསྐལ་པ་སྟོང།། གནས་དེར་ཡེ་ཤེས་ནམ་མཁའ་གཟུང། ། དེ་ཡང་རྒྱུ་ཡི་ཡེ་ཤེས་ཡིན།། གལ་ཏེ་བསྡམས་པས་མ་ཐེབས་ན།། པདྨའི་གནས་སུ་ལྟུང་པའི་ཚེ།། བྲལ་བའི་དགའ་བ་ཞེས་བྱ་སྟེ།། ནོར་བུ་ཆུ་སྐྱེས་ལས་བཏོན་ནས།། རྡོ་རྗེ་གཞོན་ནུའི་རང་བཞིན་དོན། ། དཀྱིལ་སྤྱན་རས་གཟིགས་ཀྱི་བླང།། ཕུ་བ་ཤེས་རབ་ཅེས་སུ་བཤད།། བདེ་བ་ཡེ་ཤེས་ངོ་བོ་ཉིད།། རིན་ཆེན་རྩེ་མོ་ཆོས་འབྱུང་དུ།། འདུག་པ་ཆོས་ཀྱི་སྐུ་ཞེས་བྱ།། ཅུང་ཞིག་བྱུང་ནས་བལྟར་མངོན་པས། ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ།། དེ་ལས་གཡོ་བའི་སེམས་བྱུང་ཚེ།། ཕྱིར་སྤྲོས་སྤྲུལ་པའི་སྐུ་ཞེས་བྱ།། དྲ་བས་མཚོན་པའི་ཚུལ་ཅན་ནོ།། ཞེས་བྱ་བ་འདི་ནི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་ངོ།། དེ་ནས་ཡང་འབྲས་བུ་མཐར་ཕྱིན་པའི་དབང་འདི་གསུངས་སོ། ། སྔ་མའི་སྦྱོར་བ་ལ་བརྟེན་ནས།། ཟིན་པ་ཤེས་རབ་ཅེས་སུ་བཤད།། སོང་བ་ཡེ་ཤེས་རྗེས་སུ་དྲན།། ཚུར་འོང་བ་ནི་ལྔ་པའོ།། སེམས་མ་བསྐྱེད་པར་བདེ་བ་ཆེ། ། སེམས་ནི་དོན་ལས་གཞན་དུ་ཡང།། འགྱུར་བ་མ་ཡིན་དོན་ཉིད་དོ།། ཕྱི་ཡི་རྟགས་སུ་བསྟན་པ་ནི།། ཡུལ་གྱི་དངོས་པོ་ཐམས་ཅད་ལ།། སྒྱུ་མ་ལྟ་བུའི་སེམས་འབྱུང་ཞིང།། ཡུལ་གྱི་རྣམ་པར་མི་འཛིན་ན། ། རྟགས་ནི་མངོན་ཤེས་ལྔ་ཡང་འཆར།། དེ་མེད་བར་དུ་རབ་ཏུ་འབད།། བློ་ཡི་རིམ་པས་གཉིས་སུ་འཆར།། དེ་ལ་གོམས་པར་གྱུར་པ་དང།། དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས།། ཐམས་ཅད་རང་རིག་བྱང་ཆུབ་སེམས། ། ཕྱི་ནང་གཉིས་ལ་རྣམ་པར་དག། བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་རྫོགས། ཅི་ཡང་མེད་ལས་ཅིར་ཡང་སྣང།། མཚན་ཉིད་བརྟག་ཅིང་བསྟན་དུ་མེད།། ངོ་བོ་ཉིད་ཀྱི་རྣམ་པར་དག། རང་བྱུང་ཡེ་ཤེས་ཆེན་པོ་པས། ། འབྲས་བུ་མཐར་ཕྱིན་དབང་ཞེས་བྱའོ།། དེ་དག་སྤྱི་ཡི་མཚན་ཉིད་ནི།། གནས་ལྔ་ཐབས་ལྔ་འབྲས་བུ་ལྔ།། ལམ་ལྔ་ས་ལྔ་ངོ་བོ་ལྔ།། རིགས་འཛིན་ལྔ་ལ་སོགས་པ་རྣམས།། གོ་རིམས་གདམས་ངག་ཤེས་པར་བྱ། ། ཞེས་གསུངས་སོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། དབང་སྦྱིན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་མངའ་དབང་ཡོངས་སུ་རྫོགས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། བསམ་མི་ཁྱབ་པའི་ལས་རྣམས་ལ།། ཐུགས་རྗེ་ཐབས་ཀྱི་ཁྱད་པར་གྱིས།། འགྲོ་བའི་བསམ་པ་ཇི་ལྟ་བར།། མཐུན་འཇུག་ཐབས་སུ་སྣང་བར་མཛོད།། ཅེས་གསོལ་བ་བཏབས་པས། བཅོམ་ལྡན་འདས་ཐུགས་རྗེ་ཐབས་ཀྱི་གཙོ་བོ་བཛྲ་ཀཱི་ལ་ཡས་ཐུགས་ཀྱི་ཡོན་ཏན་འཕྲིན་ལས་ཀྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་བར་བསྟན་ནས། ཀརྨ་ཀཱི་ལ་ཡ་ལ་བཀའ་སྩལ་པ། ལྔ་བརྒྱ་ཐ་མའི་གང་ཟག་ལ། ། མོས་པའི་ཡུལ་དང་བསམ་པའི་ཆ།། ཐ་དད་མི་མཐུན་བྱེ་བྲག་གིས།། ཐམས་ཅད་བརྗོད་པར་ག་ལ་ནུས།། རེ་ཞིག་རིམ་པ་མདོར་བསྡུ་ན།། ཕན་པར་བྱ་བའི་ཐབས་རྣམས་ནི།། གཙོ་རུ་བཤད་ཀྱི་ཡང་དག་ཉོན། ། སྒྲུབ་པ་སྤྱི་ཡི་སློབ་དཔོན་གྱིས།། བདག་དབང་བར་ཆད་མེད་པའམ།། ནགས་ཚལ་མང་པོ་གཏིབས་པ་རུ།། ལས་ཀྱི་བྱ་བ་སྔོན་བཏང་བས།། དཀྱིལ་འཁོར་འདོམ་གང་ཚད་དུ་བྱ།། སྲད་བུས་གདབ་ཅིང་ཚོན་ཕྱེས་དགྱེས། ། འཕྲིན་ལས་རྣམ་བཞིའི་རིམ་པ་ཡིས།། རྫས་དང་དཀྱིལ་འཁོར་ཐ་སྙད་ཙམ།། ཨེ་ཝང་མ་ཡ་ཞེས་སུ་བཤད།། ཕུར་པའི་དབྱིབས་དང་ཐབ་ཁུང་དང།། དབུས་ཀྱི་ཕོ་བྲང་ཡུམ་གྱི་མཁའ།། ཡི་གེའི་དབྱིབས་ཀྱིས་མཚོན་པར་བྱའོ། ། རིན་ཆེན་ཟུར་བརྒྱད་དཀྱིལ་འཁོར་དུ།། སེང་ལྡེང་ཕུས་པ་སོར་བརྒྱད་ཚད།། བཅོ་ལྔའམ་ཉི་ཤུ་རྩ་གཅིག་ལ།། བིན་གྱིས་བརླབ་ཅིང་དགོད་བྱ་སྟེ།། བསྙེན་པ་ལྔ་འབུམ་དྲུག་འབུམ་མམ། ། བདུན་འབུམ་ལས་སུ་རུང་བྱས་ནས།། སྔགས་འདི་ཉི་ཤུ་རྩ་བརྒྱད་བཟླས།། ཨོཾ་སུ་རུ་སུ་རུ་ཨུ་ཙུ་ས་མ་ཀྲོ་དྷ་ཧཱུཾ་ཕཊ། གང་གིས་ཀླུ་ཡི་གནས་སུ་གདབ།། ཀླུ་རྣམས་ཐམས་ཅད་བཅིངས་པར་འགྱུར། ། གལ་ཏེ་བྱུང་ནས་དེ་ལས་ཐར།། དཀྱིལ་འཁོར་ཕོ་བྲང་ཟླུམ་པོ་ལ།། ཀླུ་གང་ཡིན་པའི་གཟུགས་བྱས་ལ།། གན་རྐྱལ་དག་ཏུ་ཤར་ཕྱོགས་བསྟན།། ཧཱུཾ་གཉིས་མིང་དང་སྭཱཧཱའི་མཐར།། གཡོ་བའི་རྫས་ལ་གུར་ཀུམ་གྱིས། ། ལེགས་བྲིས་སྙིང་ཁར་གླན་པའམ།། གཟུགས་མེད་མིག་གི་སྟེང་དུ་གདབ།། བདག་ཉིད་ཤར་དུ་ཁ་བལྟས་ལ།། ཞི་བའི་ཕུར་པ་དག་ལ་ནི།། བྱིན་གྱིས་བརླབ་ཅིང་ལྷ་རྣམས་དགོད།། རྒྱ་མདུད་དག་གི་ངོས་དག་ལ། ། ཤར་དུ་ཁམས་གསུམ་རྣམ་རྒྱལ་དགོད།། ཤར་ལྷོ་འདོད་པའི་རྒྱལ་པོ་ལ།། ལྷོར་ནི་གཤིན་རྗེ་གཤེད་པོ་དགོད།། ལྷོ་ནུབ་མཚམས་སུ་མི་གཡོ་མགོན།། ནུབ་ཏུ་རྟ་མགྲིན་རྒྱལ་པོ་བསམ།། ནུབ་བྱང་མཚམས་སུ་བདུད་རྩི་འཁྱིལ། ། བྱང་ཉིད་དུ་ནི་སྟོབས་པོ་ཆེ།། བྱང་ཤར་དོན་ཡོད་ཞགས་པ་དགོད།། གཞན་ཡང་བྱིན་གྱིས་བརླབས་པ་ནི།། སྔོན་འགྲོའི་སྦྱོར་བ་ཇི་ལྟར་བར།། ཐམས་ཅད་ཐམས་ཅད་བྱ་བར་བཤད། ། དེ་ནས་འདས་པའི་ཆོ་ག་ནི།། ཧ་ལས་རྡོ་རྗེ་རྒྱ་གྲམ་དབུས།། ཨ་ལས་ཟླ་བའི་དཀྱིལ་འཁོར་ཏེ།། ཁ་དོག་དཀར་པོ་ཛ་བསམས་ཏེ།། ལྕགས་ཀླུ་ལ་སོགས་ཕྱག་རྒྱ་བཞིས།། ཡང་ནས་ཡང་དུ་སྨིན་པར་བྱ།། ཨོཾ་ཛ་ཧཱུཾ་བཾ་ཧོ། ཆེ་གེ་མོ་ཞིག་པྲ་བེ་ཤ་ཡ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཀརྨ་ཀྲོདྷ་ཧཱུཾ་ཕཊ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་སྟོཾ་ཧཱུ~ཾ་ཕཊ། ཅི་ནུས་ཉི་ཤུ་རྩ་གཅིག་དང།། ལན་བདུན་དག་སྟེ་གོ་རིམ་བཞིན།། ཞི་བར་བསམ་ཞིང་གཏོར་མ་སྦྱིན།། དེ་ནས་རྒྱས་པར་འདོད་པ་ན། ། དཀྱིལ་འཁོར་གྲུ་བཞི་སེར་པོ་བྱ།། ཀླུ་ཡི་གཟུགས་ཀྱང་དམར་སེར་ལ།། མགོ་བོ་བྱང་གི་ཕྱོགས་སུ་བསྟན།། བདག་ཀྱང་དམར་སེར་བྱང་དུ་ལྟ།། ཡི་གེ་པུཤྟིཾ་དང་བཅས་པ།། གང་ཡིན་གནས་སུ་ལེགས་བཀོད་ལ། ། ཐམས་ཅད་གོང་གི་ཚུལ་འདྲར་བརྟག། དབང་དུ་བསྡུ་བར་འདོད་པ་ན།། དཀྱིལ་འཁོར་ཟླ་ཁཾ་དམར་པོ་ལ།། གང་འདོད་གཟུགས་ཀྱང་དམར་སྐྱ་བྲི།། ཙན་དན་དམར་པོའི་ཁུ་བ་ཡི། ། གཡོ་བའི་རྫས་ལ་མིང་བྲིས་གླན།། མགོ་བོ་ནུབ་ཕྱོགས་དག་ཏུ་བསྟན།། བདག་ཉིད་ནུབ་ཕྱོགས་ཁ་བལྟས་ལ།། སྙིང་ཁར་མ་ལས་ཉི་མའི་སྟེང།། ཛ་ལས་ལྕགས་ཀྱུ་ལ་སོགས་པས།། གང་འདོད་དབང་དུ་གྱུར་པ་བྱ། ། འཁོར་ལོ་ཕྱག་རྒྱ་བཅས་ནས་ཀྱང།། སྔགས་འདི་ཉི་ཤུ་རྩ་གཅིག་ཏུ།། ཤིན་ཏུ་དྲག་པར་རབ་ཏུ་བཟླས།། ཨོཾ་བཛྲ་ཀྲོདྷ་མ་ཧཱ་བ་ལ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷནྡྷ་བྷནྡྷ། ཚིནྡྷ་ཚིནྡྷ། རྦ་ན་རྦ་ན། བི་དན་ས་མ་ཡ། ཛ་ཏི་ལམ་པོ་དྷ་ར། ཨོཾ་བཛྲ་ཀྲོདྷ་ཡ་ཧཱུཾ་ཧཱུཾ་ཕཊ། དེ་བཟླས་གང་འདོད་བྲན་བཞིན་དུ།། བསམས་ཏེ་གཏོར་མ་དམར་པོ་སྦྱིན།། གལ་ཏེ་གཏན་འཕོའི་ལས་བྱེད་ན།། གྲུ་གསུམ་རྩེ་མོ་ལྷོར་བསྟན་ལ། ། དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ཚུལ།། བཅུ་གཉིས་སང་ནི་ཞིང་ཐལ་དང།། ལན་ཚྭ་སྐྱེ་ཚེ་ཞིང་ཆེན་ཁྲག། ཚུབ་མའི་ལོ་མ་ཤུན་པ་དང།། ཁྲེ་དང་གྲོག་མཁར་ས་དག་དང།། བོང་བུའི་བདུད་རྩི་བསྲེས་ལ་སྦྲུ། ། ཡང་ན་ཏིལ་ལས་གཞི་བླངས་ལ།། གཟུགས་དང་ཁ་དོག་སྨུག་པོར་བྱ།། མགོ་བོ་ལྷོ་ཡི་ཕྱོགས་སུ་བསྟན།། བདག་ཀྱང་དེ་བཞིན་ཁ་བལྟས་ལ།། གཡོ་བའི་རྫས་ལ་མིང་རུས་བྲི།། ལྕགས་ཀྱི་ཕུར་པ་རྣམ་ལྔ་ལ། ། སྲས་མཆོག་ལྔ་རུ་རབ་བསྐྱེད་ལ།། གོང་གི་གསང་སྔགས་ཁྲི་བཟླས་ཏེ།། ལས་སུ་རུང་ནས་གནས་ལྔར་གདབ།། མཆེ་བའི་ཕྱག་རྒྱ་བཅས་ནས་ནི།། ཨོཾ་བཛྲ་ཡཀྵ་ཀྲོདྷ་ཁ་ཁ་ཁ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། དེ་བཟླས་ཕུང་པོ་ཞལ་དུ་རྡུབ།། གཏོར་མ་ནག་པོ་བྱས་ཏེ་གཏང།། ལས་འདི་རྩོམ་པའི་རིམ་པ་ཡང།། མར་གྱི་བཅུ་བདུན་ནས་བཟུང་ནས།། མར་ངོའི་ཆ་ལ་ལས་རྣམས་ནི།། ཉི་མའི་གུང་ངམ་ནམ་གུང་ནས། ། བརྩམས་ཏེ་བདུན་གསུམ་བར་དུ་བསྒྲུབ།། ཐ་མ་གཏན་འཕོ་གནས་སུ་བསྐྱལ།། དེ་ནས་ཕུར་པ་བཀྲུ་བ་དང།། གཏང་རག་གཏང་ཞིང་གཏོར་མ་དགྱེ།། གྲུབ་པའི་ཚད་དང་ལྡན་མི་ལྡན། ། ལས་སུ་རུང་བའི་ཕུར་པ་དེ། ཁང་པའི་སྟེང་དུ་བཏབ་གྱུར་ན།། ཆར་དང་སྤྲིན་དང་རླུང་མི་ལྡང།། དེ་ཡི་རིམ་པའང་འདི་ལྟ་སྟེ།། དབང་གི་དཀྱིལ་འཁོར་ཟླ་གམ་ལ།། ཙན་དན་དམར་པོའམ་བཙག་གིས་བྱུག། སེང་ལྡེང་ཕུར་པ་སོར་བརྒྱད་ལ།། བརྒྱ་རྩ་བརྒྱད་དུ་སྔགས་བཟླས་ལ།། སྙིང་ཁར་བཏབ་ན་འགྲུབ་པར་ངེས།། རླུང་མནག་བཅད་པར་འདོད་ན་ཡང།། འཇིམ་པ་དག་ལ་རླུང་ལྷའི་གཟུགས།། དུད་ཁ་ཤ་བ་ཞོན་པ་ལ། ། གཡས་ན་རླུང་ཡབ་ཐོགས་པ་ནི།། བྱས་ན་ནུབ་ཕྱོགས་ཁ་བལྟས་ཏེ།། གཡོ་བའི་རྫས་ལ་ཙན་དན་གྱིས།། ཧཱུཾ་རྦ་ན་ཡཾ་རྦ་ན་ཧཱུ~ཾ། དེ་བྲིས་སྙིང་ཁར་གཞུག་པར་བྱ།། བདག་ཉིད་རྟ་མགྲིན་རྒྱལ་པོ་རུ།། བསམས་ཏེ་ཁ་ཡང་ནུབ་ཕྱོགས་བལྟ། ། སྙིང་ཁར་མ་ལས་ཉི་དཀྱིལ་འཁོར།། ཛ་ལས་འོད་འཕྲོས་རླུང་ལྷ་བཟུང།། དགུག་བཅིངས་བསྡམས་ཏེ་དབང་དུ་བྱེད།། སྤྲིན་རྣམས་ཡོངས་སུ་བསྡུས་ནས་ནི།། ཕུར་པའི་འོག་ཏུ་ཐིམ་པར་བརྟགས། ། སྟོབས་པོ་ཆེ་ཡི་ཕྱག་རྒྱ་ཡིས།། གནད་ལ་བོར་ཞིང་དམ་ཚིག་བསྒྲགས།། མ་ཆད་བར་དུ་སྔགས་འདི་བཟླས།། ཨོཾ་ནཱ་ག་ཡཾ་བ་ཧཱུཾ་ཧྲི། དེ་བཟླས་ལས་སུ་རུང་བ་དང།། མཐའ་ཡི་ལས་རྣམས་གོང་བཞིན་སྦྱར། ། གཞན་གྱི་ཞིང་ལ་བཏབ་གྱུར་ན།། སྨན་དང་འབྲུ་རྣམས་མི་སྐྱེ་སྟེ།། བདག་གི་ཞིང་ལ་བསྡུ་འདོད་ན།། བདག་གི་གནས་སུ་སེར་པོ་ཡི།། དཀྱིལ་འཁོར་ཁྲུ་གང་གྲུ་བཞི་པ།། ཕུར་བུ་ཟུར་ནི་དྲུག་པ་ལ།། གསང་སྔགས་ཉི་ཤུ་བརྒྱད་དུ་བཟླས། ། ཉི་མའི་སྟེང་དུ་ཛ་བསམ་སྟེ།། ལྕགས་ཀྱུས་འབྲས་བུ་རྣམས་བཀུག་ནས།། བདག་གི་གནས་སུ་ཐིམ་པར་བྱ།། ཕ་རོལ་གནས་སུ་དཀྱིལ་འཁོར་ནི།། ཟླ་གམ་བྱས་ཏེ་ཕུར་པས་གདབ། ། ཉི་མའི་སྟེང་དུ་ཕཊ་བསམ་ལ།། སྤྲོ་བསྡུས་གཟི་བྱིན་འབར་བསམས་ཏེ།། གཏོར་མ་དམར་པོ་གཏང་བར་བྱ།། རྒྱས་པའི་གཏོར་མའང་དེ་བཞིན་སྦྱིན།། ལྡུམ་རའམ་ནི་ནགས་ཚལ་དུ།། བཏབ་ན་མེ་ཏོག་འབྲས་མི་སྐྱེ། ། ཁྱིམ་སྒོར་བཏབ་ན་སྟོངས་པར་འགྱུར།། རི་ལ་བཏབ་ན་རི་ཉིལ་ལོ།། ཆུ་ལ་བཏབ་ན་སླར་ལ་ཟློག། འབབ་ཆུ་ཁྲོན་པ་རྫིང་བུ་དང།། ཝ་ཆུ་དང་ནི་ཆུ་མིག་ཏུ།། བཏབ་ན་སྐམས་ཤིང་སྟོང་པར་འགྱུར། ། གྲོང་ཁྱེར་དག་གི་སྒོར་བཏབ་ན།། གྲོང་ཁྱེར་འཇིག་ཅི་དམག་ཚོགས་འཇོམས།། རྒྱལ་པོའི་སྒོ་རུ་བཏབ་པ་ན།། དམག་དཔུང་འཇིག་ཅིང་རྒྱལ་སྲིད་འཕྲོག། དུར་ཁྲོད་དག་ཏུ་བཏབ་པ་ན།། གང་ལ་བཏབ་པ་ནད་ཀྱིས་འཛིན། ། ཕྱུང་ན་དེ་དག་ཀུན་ལས་ཐར།། སྟོབས་ཆེན་ལས་རྣམས་ཤིས་པའི་མིས།། ཙན་དན་དག་གི་ཕུར་བུ་ནི།། སོར་ནི་བཅུ་གཉིས་ཚད་དུ་བྱ།། ཨོཾ་བཛྲ་ཨཾ་གུ་ཤ་ཛ། བཅོ་བརྒྱད་དག་ཏུ་བཟླས་བྱ་སྟེ། ། ལྷ་ཁང་དག་ཏུ་བཏབ་གྱུར་ན།། བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱིས།། དབང་སྦྱིན་བསྲུང་དང་སྦ་བ་དང།། རྟག་ཏུ་ནན་ཏན་ཆེན་པོར་བྱེད།། ཚེར་མ་ཅན་གྱི་ཤིང་བུ་ལ།། ཕུར་པ་སོར་དྲུག་ཚད་དུ་བྱ།། ཨོཾ་བཛྲ་རྦ་ན་རྦ་ན་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་དུ་བཟླས་བཏབ་ན།། གདོན་དང་བགེགས་དང་དགྲ་རྣམས་དང།། གནོད་པ་ཐམས་ཅད་གནོན་པར་འགྱུར།། དགྲ་ཡིས་སེམས་ཀྱང་གཡེང་བ་དང།། གནོད་པའི་སེམས་ཅན་འབྲོས་པར་འགྱུར། ། གཏོར་མའི་ལས་ནི་ཤིན་ཏུ་འབད།། སྨན་ཤིང་ཕུར་པ་སོར་བཞི་ལ།། ཨོཾ་ཏ་ཏས་ན་ཎ་ཁྲོ་ཏ་ཧཱུཾ་ཕཊ། ལྔ་བརྒྱ་དག་ཏུ་བཟླས་བཏབ་ན།། བང་བ་དག་གམ་དཀོར་མཛོད་དང།། འབྲུ་ཡི་གནས་རྣམ་གར་བཏབ་ཀྱང། ། འབྲུ་དང་བཟའ་བཏུང་ཟད་མི་ཤེས།། ཞིང་ལ་བཏབ་ན་མང་དུ་འཕེལ།། ལྡུམ་ར་དག་ཏུ་བཏབ་གྱུར་ན།། སྨན་དང་འབྲས་བུ་མེ་ཏོག་རྣམས།། ནམ་དུའང་ཟད་པ་མེད་པར་འགྱུར།། སྒོའམ་གྲོང་ཁྱེར་དག་གི་སྒོ། ། གཙུག་ལག་ཁང་ངམ་རྒྱལ་པོའི་སྒོར།། བཏབ་ན་བྱད་སྟེམས་བྱད་འདྲེའམ།། འཇིགས་པ་བརྒྱད་ལས་ཐར་པར་འགྱུར།། རྩོད་དང་གཡུལ་ཤགས་འགྱེད་པ་དང།། དེ་རྣམས་རབ་ཏུ་ཞི་བར་འགྱུར། ། དཔུང་གི་ཚོགས་རྣམས་ངག་མི་ནོན།། རྟ་ནག་ར་ལུག་བ་ལ་སོགས།། ཕྱུགས་རར་བཏབ་ན་འཕེལ་བར་འགྱུར།། ལམ་གྱི་བཞི་མདོར་བཏབ་པ་ན།། མི་རྒོད་ལ་སོགས་བཅིངས་པར་འགྱུར།། ཐང་ཤིང་ཕུར་པ་སོར་དྲུག་ལ། ། སུ་ཏིར་ཛི་ན་ཛ་ཏུ་ར་ཧཱུཾ་ཕཊ། སུམ་ཅུ་རྩ་གཉིས་བཟླས་བཏབ་ན།། གང་བཏབ་གནས་ནས་འཕོ་བར་འགྱུར།། རྒྱ་ཤུག་ཕུར་པ་སོ་བདུན་ལ།། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། ཉི་ཤུ་རྩ་བདུན་སྔགས་བཟླས་ལ། ། དཔུང་གི་ནང་དུ་བཏབ་པ་ན།། ཐམས་ཅད་གཉིད་ཀྱིས་ནོན་པར་འགྱུར།། ཕྱུང་ན་དེ་བཞིན་ཐར་བར་འགྱུར།། སྟག་ཀའི་ཕུར་པ་སོར་དྲུག་ལ།། ཨུཙུ་ས་མ་ཀྲོདྷ་ཧཱུཾ་ཕཊ། ལན་སྟོང་བཟླས་ཏེ་བཏབ་གྱུར་ན། ། གྲོང་ཁྱེར་མདུན་ནམ་ཁང་པའི་སྒོར།། གནས་པོའི་གནས་སམ་ལམ་ཆེན་ནམ།། གཙུག་ལག་ཁང་གི་སྒོར་བཏབ་ན།། བུད་མེད་དང་ནི་གྲོགས་རྒོད་དང།། བུ་མོ་དགེ་སློང་བྲམ་ཟེའམ།། རྒྱལ་པོ་བློན་པོ་འབངས་ལ་སོགས། ། ཐམས་ཅད་བདག་གི་དབང་དུ་འགྱུར།། ལྕགས་ཀྱི་ཕུར་སོར་བཅུ་གཉིས་ལ།། སརྦ་དུཥྟན་ཧཱུཾ་ཕཊ་ཅེས།། བརྒྱ་རྩ་བརྒྱད་དུ་བཟླས་བྱས་ལ།། རི་དང་ནགས་ཚལ་སྟུག་པོའམ།། སྨན་ལྗོངས་གནས་སུ་དེ་བཏབ་ན། ། གཏེར་རྣམས་ཐམས་ཅད་ཁུགས་པར་འགྱུར།། གནོད་སྦྱིན་དག་གིས་བཅད་པ་ཡི།། སྒོ་ནམས་ཀྱང་ནི་འབྱེད་པར་ནུས།། བདག་གིས་ཁྱིམ་བཞི་འཇུག་ཅིང་གནས།། ཉི་མ་བདུན་ནམ་གསུམ་གྱི་བར། ། ལས་རྣམས་ཤིན་ཏུ་བཏུད་ལ་བྱ།། ཟངས་ལས་བྱས་པའི་ཕུར་པ་ནི།། སོར་ནི་ཉི་ཤུ་རྩ་གཅིག་བྱ།། ན་མ་ས་མ་ད་བེ་རེ་བེ་རེ་ཧཱུཾ་ཕཊ། ལན་སྟོང་བར་དུ་བཟླས་བརྗོད་བྱས།། ཚོན་སྣ་ལྔ་ཡི་སྐུད་པས་དཀྲི། ། བགེགས་རྣམས་གནས་པའི་སར་བཏབ་ན།། བི་ན་ཡ་ག་ལ་སོགས་རྣམས།། ཐམས་ཅད་བཅིངས་ཤིང་ནོན་པར་འགྱུར།། བདག་ལ་སྡང་བར་སེམས་པ་རྣམས།། བསྐལ་བའི་བར་དུ་བཅིངས་པར་འགྱུར། ། ལྕགས་སྣ་ལྔ་ཡི་ཕུར་པ་ནི།། སོར་ནི་བརྒྱད་པའི་ཚད་དུ་བྱ།། མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། བརྒྱ་བཅུའི་བར་དུ་གསང་སྔགས་བཟླས།། དུ་རུ་ཀ་དང་ཏིལ་མར་གྱིས།། བསྐུས་ཏེ་བྱང་ཕྱོགས་གནས་སུ་གདབ། ། རྒྱལ་པོ་ངལ་བསོས་དབང་དུ་འགྱུར།། བཀའ་བཞིན་བྱེད་ཅིང་བསྒོ་བ་ཉན།། ངལ་བསོས་པ་ཡི་གནས་དྲུང་ངམ།། རྟག་ཏུ་ཡིད་ལ་དྲན་པ་བྱ།། ནོར་དང་རྫས་རྣམས་འཕེལ་བ་དང།། མཐུ་སྟོབས་སྐྱེ་ཞིང་དགྲ་ལས་རྒྱལ། ། ཐམས་ཅད་ཐམས་ཅད་བྱེད་པར་འགྱུར།། བརྒྱ་རྩ་བརྒྱད་དུ་བཟླས་བཏབ་ན།། ཐམས་ཅད་འཇོམས་པར་ཐེ་ཚོམ་མེད།། བུམ་པ་སྤོས་ཆུས་བཀང་བ་ལ།། བརྒྱ་རྩ་བརྒྱད་དུ་སྔགས་བཟླས་ཏེ། ། བཀྲུས་ན་དེ་ལས་སོས་པར་འགྱུར།། རྟག་ཏུ་ཕྱི་བཞིན་འབྲང་བར་ངེས།། ཡིད་ལ་བསམ་པ་ཐམས་ཅད་བྱེད་པར་འགྱུར།། མི་རུས་དག་གི་ཕུར་པ་ནི།། སོར་ནི་ལྔ་ཡི་ཚད་དུ་བྱ།། ཨོཾ་ན་མ་ས་མན་ཏ་བི་ཤུད་དྷེ་ཨི་བི་ཤུནྡྷ་ཡ། བིདྷ་བིདྷ་ར་ཧཱུཾ་ཕཊ། ལྔ་བརྒྱ་དག་ཏུ་སྔགས་བཟླས་ལ།། འོ་མ་ཅན་གྱི་ཤིང་དག་ལ།། བཏབ་ན་བགེགས་རྣམས་བཅིངས་པར་འགྱུར།། བྱ་བའི་ལས་རྣམས་ཆུད་མི་མཛའ།། བ་གླང་མཆེ་བའི་ཕུར་པ་ནི། ། སོར་ནི་བཅུ་གཉིས་ཚད་དུ་བྱ།། དྷ་ཧི་མ་མ་ནི་ཧཱུཾ་ཕཊ། ལན་སྟོང་དག་ཏུ་སྔགས་བཟླས་ཏེ།། གུ་གུལ་བདུགས་ལ་ཁྲག་གིས་གཏོར།། དུར་ཁྲོད་གནས་སུ་དེ་བཏབ་ན།། གནོད་སྦྱིན་དང་ནི་འབར་མ་དང།། འབྱུང་པོ་ཡི་དྭགས་ཤ་ཟ་དང། ། བརྗེད་བྱེད་ལ་སོགས་གདོན་གྱི་ཚོགས།། ཇི་སྲིད་འཚོ་ཡི་བར་དུ་འཆིང།། མི་འཇིགས་དགོངས་པ་ཐམས་ཅད་སྐོང།། གདོན་མི་ཟ་བར་བགེགས་མི་བྱེད།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། ། ཨོཾ་ཤྲི་བཛྲ་ཀུ་མ་ར་རཀྵ་ཧཱུཾ། ཨོཾ་བཛྲ་ཀྲིདྷི་ཨེ་ག་ཙ་བཛྲ་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཛ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིབ་ཏ་ཙཀྲ་ཧཱུཾ། ཤྲཱི་ཀི་ལ་ཡེ་ཏ་ཧཱུཾ་ཕཊ། མ་ཀུ་ཀཱི་ལ་ཡེ་ཧཱུཾ་ཕཊ། ཀ་ཏང་ཀི་ལ་ཡེ་ཏ་ཧཱུཾ་ཕཊ། པ་ཏ་ཀཱི་ལ་ཡེ་ཏ་ཧཱུཾ་ཕཊ། ད་ཧ་ད་ཧ། ཧ་ན་ཧ་ན། པ་ཙ་པ་ཙ། ཧུ་ལུ་ཧུ་ལུ། ཚིན་དྷ་ཚིནདྷ་པ་སྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀརྨ་ཀྲོདྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོདྷ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷནྡྷ་བྷནྡྷ། ཚིན་དྷ་ཚིན་དྷ། རྦ་ན་རྦ་ན། ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་མ་ཧཱ་བ་ལ།། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བི་དན་ས་ཡ་ཡ། ཛ་ཏི་ལ་ལཾ་བྷོ་དྷ་ར། ཨུ་ཙུ་ས་མ་ཀྲོདྷ་ཧཱུཾ་ཕཊ། ན་མོ་བྷ་ག་བ་ཏེ་ཤྭ་ཤན་ཏི་གི་ཏུ་ཏ་ད་ཡ་བཛྲ་དན་དོ་ཡེ། མེ་ཀ་ནི་ཀོ་ན། ཙ་ལ་ཙ་ལ། མ་ལ་མ་ལ། ཏི་ལི་ཏི་ལི་སྭཱཧཱ། གཙོ་བོ་ཡབ་ཡུམ་བསྐྱེད་པ་དང།། སྲས་མཆོག་བསྐྱེད་དང་གདོན་པ་དང།། བསད་པ་ཁྲོ་བོ་སྤྱི་ཡི་སྔགས། ། གདབ་པ་ལས་ཀྱི་གསང་སྔགས་དང།། དམ་ཚིག་གནད་ལ་བོར་པའི་སྔགས།། ལས་སྔགས་སྤྱི་ཡི་དྲག་སྔགས་དང།། བཟློག་པའི་གསང་སྔགས་ལ་སོགས་པ།། གོ་རིམས་ཚུལ་བཞིན་ཤེས་པར་བྱ།། ཞེས་གསུངས་སོ། ། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། སྟོབས་པོ་ཆེ་ལས་ཐམས་ཅད་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས།། བཅོམ་ལྡན་གསང་བ་མཆོག་གི་བདག་པོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་མངའ་དབང་རྫོགས་པའི་སྐུ།། ལས་རྣམས་ཡོངས་སུ་རྫོགས་པའི་བདག། གདུག་པ་འདུལ་པའི་ཐབས་རྣམས་ཀུན།། ཡོངས་སུ་རྫོགས་པར་གསུངས་ལགས་ན།། མཐར་གྱི་ལས་གཞུག་བཅད་པ་ལ། ། མནན་ཅིང་གཏད་པ་མི་འཚལ་ལམ།། དེ་ཡི་རིམ་པ་ཇི་ལྟ་བར།། མངོན་རྫོགས་རྒྱལ་པོས་བཤད་དུ་གསོལ།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་གསུངས་སོ། ། ལས་ཀྱི་སེམས་དཔའ་ད་ཉོན་ཅིག། རྣལ་འབྱོར་ལས་མཐར་འབྱིན་པ་ལ།། མཐར་གྱི་ལས་རྣམས་གཅེས་པའི་ཕྱིར།། འདི་མེད་འབྲས་བུ་ཡུག་པ་རྐྱང།། ལ་ལས་འབྲས་བུ་མེད་པ་ཡིན།། འདི་ཡང་ཕྱི་ནང་གསང་བ་ཡི། ། ལས་ཀྱི་རིམ་པ་རྣམ་པ་གསུམ།། དེའང་དང་པོའི་རིམ་པ་ནི།། ཀླུ་དང་མཆོད་རྟེན་གཙུག་ལག་ཁང།། ས་བདག་ལྷ་འདྲེ་མ་མོའི་གནས།། ལ་བཙས་མཁར་དཔེའི་ཐེམ་འོག་བརྒྱད།། མནན་ཅིང་གཏད་པའི་ས་ཡིན་ནོ། ། དང་པོ་སྤྱི་ཡི་རིམ་པ་ནི།། བཏབ་ནས་བསྟབས་སམ་མེ་ཕུལ་བར།། ཐལ་བ་མཚོན་ཆའི་རྩེ་མོས་བསྡུས།། སྡོང་པོ་མེ་རེག་ཤིང་ཤུན་གཏུམ།། ར་ཁྱི་ཁྲག་གིས་སྦྲུས་པའི་གཟུགས། ཁ་དོག་རེ་རེའི་ལས་བཞིན་བྱ། ། དཔྲལ་བར་མིང་ལ་སྙིང་ཁར་རུས།། རིགས་ངན་དག་གིས་ཁྲག་གིས་བྲི།། དགུག་དང་དབྲལ་དང་གདུག་པ་དང།། དབབ་ཅིག་བྱད་དུ་གཞུག་པ་དང།། མེ་རེག་ཤིང་ཤུན་རྒྱས་བཏབ་སྟེ། ། བསྙེན་པ་ཞག་གྲངས་དུ་འགྲུབ་པའི།། ཞབས་ལ་གང་དམིགས་པ་རུ་བཀྱེ།། དམིགས་པ་འདོད་པས་ཚིམ་བྱས་ཏེ།། གཡོན་དུ་དོན་པོ་ཐོགས་ནས་ནི།། གཡས་པར་རཀྟ་གཏོར་མས་གཡབ།། མ་མོ་རྣམས་ནི་ལས་ལ་རྦད། ། དང་པོ་ཀླུ་ལ་གཏད་པ་ནི།། དམིགས་པའི་ཐལ་བ་བསྡུས་པ་དེ།། བོང་བུ་འི་བདུད་རྩིས་གཟུགས་བྱས་ལ།། དུར་ཁྲོད་སོལ་བས་ནག་པོར་བྱུག། གཡོ་བའི་རྫས་ལ་མིང་རུས་བྲི།། འདོད་པའི་གནས་དུ་དེ་བཅུག་ལ། ། རྫས་གསུམ་དག་གིས་བྱུག་བདུག་བྱ།། རིགས་ངན་བཅུད་ཀྱིས་མཉེས་བྱས་ལ།། མེ་རེག་ཤུན་བས་རྒྱ་ཡིས་གདབ།། གང་ན་ནཱ་ག་ཡོད་པའི་སར།། སོང་སྟེ་བ་སུའི་རིགས་བོས་ལ།། ཆུ་མིག་འདི་ལ་གནས་པའམ། ། ས་ཕྱོགས་འདི་ན་གནས་པ་ཡི།། བ་སི་རིགས་དྲུག་ཐམས་ཅད་ལ།། རྣལ་འབྱོར་སྔགས་འཆང་བདག་གིས་ནི།། གཏོར་མ་བྱིན་པས་ཚིམ་གྱིས་ལ།། སངས་རྒྱས་བསྟན་པ་འདིས་བཤིག་པས། ། དམ་ཉམས་ལོག་པའི་དགྲ་བོ་འདི།། ཁྱེད་ལ་གཏད་དོ་ཤོ་ར་རེ།། བསྐལ་བའི་མཐར་ཡང་མ་གཏང་ཞིག། དེ་སྐད་བརྗོད་ལ་ཆུ་མིག་གི། ཡར་ལ་གོམ་གསུམ་གདུང་བའི་རྭ།། མར་ལ་གོམ་གསུམ་ཟ་ཡི་ཁ། ། གང་ཡིན་གནས་སུ་རྐོས་ལ་གཞུག། ཡང་ན་ཆུ་མིག་ལུ་མ་དང།། རྒྱ་མཚོ་ལ་སོགས་ངམ་གནག་ལ།། བྱང་དུ་ཁ་བལྟས་ནག་པོའི་རིགས།། གདུག་པའི་རྐང་ལག་བཞི་རྣམས་ལ།། སྦལ་པའི་རྐང་ལག་བཞི་ཡང་གཏད། ། བ་དམར་འོ་མ་ཀླུ་སྨན་བཅས།། མཐུན་པའི་ཁ་ཟས་སྣ་ཚོགས་སྦྱིན།། ཡང་ན་ཀླུ་སྲིན་གནས་པའི་ས།། ཆུ་མིག་སྐྱེ་བའི་བྲག་གི་མདོ།། དམར་རམ་ཡག་ན་སེར་སྐྱ་ལ།། ལྷོ་རུ་ཁ་བལྟས་གང་ཡང་རུང།། མུ་སུ་ར་ཡི་ཐོད་པ་རུ། ། མིང་རུས་གཟུགས་ཀྱིས་དེ་བཀང་ལ།། བདག་པོ་ཚིམ་པར་བྱས་ནས་ནི།། འདོད་པའི་བཀའ་རྣམས་བསྒོ་ལ་གཏད།། ཡང་ན་ལྟོ་འགྲོའི་ཚང་ཉིད་དུ།། དབྱར་ཟླ་གསུམ་མམ་སྟོན་གསུམ་ལ།། གཡོ་བའི་ཛ་ལ་གཟུགས་བརྙན་བྲི། ། རང་བྱང་མེ་ཏོག་དག་གིས་བྱུག། རིགས་ངན་ཁ་བས་མིང་རུས་བྲིས།། ཤ་འཐངས་པར་རམ་ཉོན་ཤུལ་དུ།། བསྒོས་ལ་ལས་བཅོལ་གོང་མ་བཞིན།། འདི་ནི་ཀླུ་ལ་གཏད་པ་ཡིན། ། མཆོད་རྟེན་དག་ལ་གཏད་མནན་ན།། རབ་གནས་བྱས་པའི་གཟུགས་བརྙན་རྩར།། ཁྲུ་གང་ཟབས་སུ་བརྐོ་བྱས་ལ།། གཡོ་བའི་རྫས་ལ་ཅིག་ཤོས་གཟུགས།། དཀར་ལ་ཤིན་ཏུ་དོད་པར་བྱ།། འགུགས་འདྲེན་བྱས་ལ་ཤེས་པ་བསྟིམ། ། སྟེང་དུ་བདེ་གཤེགས་སྤྱན་དྲངས་ལ།། མཆོད་དང་བསྟོད་པས་མཉེས་བྱས་ཏེ།། རྒྱལ་བ་སྲས་བཅས་མ་ལུས་ལ།། སྡིག་ཅན་ལོག་ལྟ་འདི་གཏད་ཀྱིས།། འདི་ལ་ཐུགས་རྗེས་མ་གཟིགས་ཤིག། ལོག་པའི་ལམ་བཅད་བདེ་བའི་གནས།། མེད་པར་བསྒྲལ་ན་བར་ཆད་ཉུང།། བདུད་རྣམས་བཏུལ་ནས་བསྟན་པ་གཉན།། ཉམས་པ་བསྒྲལ་ན་བཀའ་གཞུང་བཙན།། བསྐལ་པའི་མཐར་ཡང་མ་གཏང་ཞིག། དེ་བྱས་རྨང་མགོ་ལེགས་པར་སྦ།། མཆོད་རྟེན་དག་ལ་གཏད་པའོ།། གཙུག་ལག་ཁང་ལ་གཏད་པ་ནི། རྫ་སོ་མ་གཏང་ནང་དུའམ།། ཁང་རུལ་སྟག་སྐྱའི་ཐོད་པ་རུ།། བཀྲ་མི་ཤིས་པའི་ཤུན་པ་ལ། ། མཚན་མ་མིང་དུ་བཅས་པར་བྱ།། སེར་པོའི་མདོག་ལ་ཤིན་ཏུ་དོད།། གོང་མའི་རྫས་སུ་དེ་བཅུག་ལ།། ཕྱི་ནང་གཉིས་ཀྱི་སྲུངས་མ་ལ།། གཉིས་ཀྱིས་མཆོད་པ་བཀའ་རྣམས་བསྒོ།། གཙོ་བོའི་འོག་གམ་མགོན་པའི་ཞབས། ། གང་ཡིན་གནས་སུ་དེ་བཀུག་ལ།། གཉིས་ལ་ལས་གཉེར་ལེགས་པར་གཏད།། གཙུག་ལག་ཁང་ལ་གཏད་པའོ།། ས་བདག་དག་ལ་གཏད་པ་ནི།། རུས་སྦལ་དག་གི་རྒྱབ་འདྲ་ལ།། དེ་ལ་གནས་པར་བྱ་བ་མིན། ། ཤིན་ཏུ་ནག་པོའི་རིགས་མི་བསྒྲུབས།། བཀོལ་དུ་མི་བཏུབ་བཀའ་མི་ཉན།། འདི་ནི་ལས་ལ་ཤིས་པ་ནི།། ཐལ་བ་སྤུངས་པའི་མདོག་འདྲའམ།། རི་བོ་དུར་བའི་མདོག་འདྲ་ལ།། རིགས་ངན་སྨན་རའི་ཐོད་པ་རུ། ། དེ་ཉིད་ཆུ་བས་གཟུགས་བརྙན་བྲི།། ཉེ་བའི་རིགས་བྲིས་དམར་སེར་གྱུར།། ཐོད་པའི་ནང་བཅུག་གསང་སྔགས་བཟླས།། དཀར་གཏོར་འོ་མ་རིན་ཆེན་བཅས།། འབྲས་ཆན་ཀླུ་སྨན་སྣ་ཚོགས་ལ།། ས་བདག་འཁོར་བཅས་སྤྱན་དྲངས་ཏེ། ། ས་ཕྱོགས་འདི་དག་ལ་གནས་པ།། ཉེ་འཁོར་འདི་ན་གནས་པ་ཡི།། ས་བདག་འཁོར་བཅས་དགོངས་སུ་གསོལ།། སྟོན་པའི་བཀའ་དང་དམ་ལ་ནི། ཁྱེད་རྣམས་འཁོར་བཅས་མ་འདའ་བར། ། ལས་ངན་ཉམས་པ་བསྒྲལ་བའི་ཕྱིར།། ས་བདག་མ་ལུས་སྤྱན་འདྲེན་ན།། འཁོར་དང་བཅས་ཏེ་གཤེགས་སུ་གསོལ།། གདུག་པའི་སེམས་དང་བཅས་ཏེ་གཤེགས།། རིན་ཆེན་འདོད་པའི་ནོར་དང་ཟས།། གུས་པའི་སེམས་ཀྱིས་ཁྱེད་ལ་བསྔོ། ། སྣ་ཚོགས་མཆོད་པ་འདི་བཞེས་ལ།། དམ་ལས་ཉམས་པའི་དགྲ་བོ་འདི།། ཁྱེད་ལ་གཏད་ཀྱིས་ཤོ་ར་རེ།། བདུན་བརྒྱུད་ཚུན་ཆད་མ་གཏང་ཞིག། དམ་ལས་འདས་པའི་སྡིག་ཅན་འདི། ། བསྐལ་པར་བགྲངས་ཀྱང་མ་གཏང་ཞིག། དེ་སྐད་བརྗོད་ལ་ལས་གཞུང་བསྙག། ས་བདག་དག་ལ་གཏད་པའོ།། ལྷ་འདྲེ་བདུད་དང་ཐེ་བྲང་དང།། སྡེ་བརྒྱད་སྤྱི་དང་གནོད་སྦྱིན་དང།། གཤིན་རྗེ་དང་ནི་ལྷ་རྟེན་ལའོ། ། དང་པོ་བདུད་ལ་གཏད་པ་ནི།། འོན་དིག་ལྐུགས་པོའི་ཐོད་པ་རུ།། གཡོ་བའི་རྫས་ལ་མིང་དུ་བྲི། ཁ་དོག་ནག་པོར་བྱས་ནས་ནི།། ལུང་གསུམ་མདོའམ་ཤྭ་བུད་སྣར།། སྣམ་ཕྱིང་གཙང་མའི་གདན་སྟེངས་སུ། ། འབྲུ་སྣ་ཚང་བའི་གཏོར་མ་དང།། བཤོས་བུ་བཅུ་གསུམ་ཡང་དག་ལྡན།། བདུད་ཕོར་གྲགས་པ་སྤྱན་དྲངས་ཏེ།། གཟུགས་དང་བཤོས་བུ་ངར་ཟན་བཅས།། འབྲུ་སྣ་ཚངས་པའི་བཅུད་ཀྱིས་མཆོད།། འཇིག་རྟེན་གྲགས་པའི་བདུད་པོ་རྣམས། ། སྟོན་པའི་སྤྱན་སྔར་ཁས་བླངས་བཞིན།། དམ་ཉམས་དགྲ་བོ་འདི་གཏད་ཀྱིས།། ཇི་ལྟར་ཐ་ཚིགས་ནོས་པ་བཞིན།། སྔོན་གྱི་དམ་ཚིག་བདག་བསྐུལ་གྱིས།། མཆོད་དང་གསེར་སྐྱེམས་འདི་བཞེས་ལ། ། དམ་ཉམས་དགྲ་བོ་སྡིག་ཅན་འདི།། བསྐལ་པའི་མཐར་ཡང་མ་བཏང་ཞིག། དེ་སྐད་བརྗོད་ལ་གསེར་སྐྱེམས་བཏང།། ལས་ཀྱི་འཁོར་ལོ་རྫོགས་པར་བྱ།། བདུད་ལ་གཏད་པའི་རིམ་པའོ། ། ཐེ་བྲང་དག་ལ་གཏད་པ་ནི།། ཤིང་བུ་རྐང་གཅིག་དྲུག་དག་ཏུ།། དམིགས་པར་བྱ་བའི་དོན་པོ་དེ། ཁྲ་དང་སྤྱང་ཁུའི་ཁྲག་གིས་ནི།། གླང་མའི་བྱང་བུ་དག་ལ་བྲི།། དྲག་པོར་གྱུར་པའི་རྫས་སུ་གཏུམ། ཁར་ནག་དག་གིས་དེ་དཀྲིས་ལ། ། བཤོས་བུ་ཆང་བཤོས་དང། གསེར་སྐྱེམས་བྱིན་ལ་ལས་གཉེར་གཏད།། བཀའ་ཡི་ཐེ་བྲང་འབྱུང་པོའི་ཚོགས།། ང་ཡིས་གཏད་པའི་སྡིག་ཅན་འདི།། བསྐལ་པའི་མཐར་ཡང་མ་བཏང་ཞིག། གལ་ཏེ་བཀའ་བཞིན་མ་བྱས་ན། ཁྱོད་ཉིད་སྡུག་བསྔལ་བཅས་ཏེ་འཆི།། ཞེ་སྡང་རྡོ་རྗེ་མགོ་ཡང་འགེམས།། དེ་བས་དམ་ལས་མ་འདའ་བར།། མཐུན་པའི་གསེར་སྐྱེམས་འདི་འཐུངས་ལ།། འདི་ཡི་བདུན་རྒྱུད་རྩད་ནས་ཆོད། ། དེ་སྐད་བརྗོད་ལ་ལས་གཉེར་གཏད།། ཐེ་བྲང་ལ་གཏད་པའི་རིམ་པའོ།། སྡེ་བརྒྱད་སྤྱི་ལ་གཏད་པ་ནི།། རྩ་མེད་ཐོད་པ་མ་བྲལ་བར།། གཡོ་བའི་རྫས་ལ་མིང་རུས་བྲི།། རང་བྱུང་བུག་པར་དེ་བརྫངས་ལ། ། ཐུན་གྱི་ལས་རྣམས་རྫོགས་པ་དང། ཁ་བཅད་ལ་བྱའི་རྒྱ་ཡང་གདབ།། ལམ་ཆེན་རྒྱ་གྲམ་དེར་སོང་ལ།། ཤིན་ཏུ་ཁྲོས་པའི་ཆ་ལུགས་ཀྱིས།། གསུར་ཆེན་དུད་པ་བཏང་ནས་ནི།། ལྷ་སྲིན་སྡེ་བརྒྱད་དེ་བོས་ལ། ། གསེར་སྐྱེམས་བཏང་ལ་འཕྲིན་ལས་བཅོལ།། འཇིག་རྟེན་དྲེགས་པ་འཁོར་བཅས་ལ།། བདག་གི་འཕྲིན་ལས་བཅོལ་བ་ནི།། ལས་ངན་སྡིག་ཅན་འདི་གཏད་ཀྱིས།། ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཀྱིས། ། བདུན་རྒྱུད་ཡན་ཆད་མ་བཏང་ཞིག། ང་ཡིས་གཏད་པ་ཤོ་ར་རེ།། དེ་སྐད་བརྗོད་ལ་ལས་གཉེར་གཏད།། སྡེ་བརྒྱད་སྤྱི་ལ་གཏད་པའོ།། གནོད་སྦྱིན་དག་ལ་གཏད་པ་ནི།། རི་ཡི་དབྱིབས་ཀྱི་ཁྱད་པར་ལས། ། སྟོབས་ཆེན་ལག་ན་རྡོ་རྗེ་དང།། འཁོར་གྱི་གནོད་སྦྱིན་དྲེགས་པ་ཅན།། ཐམས་ཅད་ཚང་བར་གནས་པ་ཡིན།། དེ་བས་དབྱིབས་ཀྱི་ཁྱད་པར་ནི།། སྤྲང་པོ་འཁར་བ་ཐོགས་འདྲའམ།། དུར་ཁྲོད་གཟན་ལ་འཇོལ་བའམ། ། ཁྱི་སྤྱང་ཟན་ལ་རྒྱུ་འདྲའམ།། སྟག་དང་སེང་གེ་འཐབ་པའམ།། སྦྲུལ་གདུག་ཐུར་ལ་རྒྱུག་པའམ།། ཕག་པ་ཆུ་འཐུང་འདྲ་བའི་རི།། དྲེད་མོ་རལ་པ་གཡེང་འདྲ་དང།། ནལ་མ་བུ་རོ་སྦེད་འདྲའི་རི། ། བརྒྱད་ནི་གནོད་སྦྱིན་སྡེ་བརྒྱད་ཀྱིས།། ཁྱད་པར་གནས་པའི་ས་ཡིན་ནོ།། དང་པོ་ལ་ནི་དྲེད་ཕག་གིས།། མིང་བྱང་བྲིས་ལ་རྒྱལ་པོ་ཡི།། ཙིཏྟར་བཅུག་ལ་སྙིང་ཁར་མནན།། གཉིས་པ་ལ་ནི་རྟ་ནག་ཁྲག། རབ་ཆད་ནག་པོའི་ཐོད་པ་རུ། ། མིང་རུས་བཅུག་ལ་སྣ་རུ་མནན།། གསུམ་པ་སྤྱང་མོའི་ཐོད་པ་རུ།། མིང་བྱང་བྲིས་ལ་ཁ་རུ་མནན།། བཞི་པ་ར་ཡི་ཐོད་པ་རུ།། ར་ཡི་ཁྲག་གིས་མིང་རུས་འབྲི།། བྲག་དང་ར་མི་བར་དུ་མནན། ། ལྔ་པ་སྟག་མོའི་ཐོད་པ་རུ།། དུར་དུར་ཁྲོད་ཤིང་གི་རས་མ་ལ།། གུ་གུལ་རྨེ་ཁྲག་བསྲེས་ལ་བྲི།། དེ་ཡི་ཁ་རུ་བརྫ་ལ་བཞག། དྲུག་པ་རྣེལ་གྲིའི་ཐོད་པ་རུ།། མིང་དང་མཚན་མ་བཅས་ལ་གཞུག། རི་རབ་སྣ་རུ་མནན་ལ་གཞུག། བདུན་པ་བརྒྱུད་ཀྱི་ཐོད་པ་རུ།། རྨེ་ཁྲག་མིང་རུས་བྲིས་ལ་གཞུག། བརྒྱད་པ་ཕག་གི་ཐོད་པ་རུ།། གཡོ་བ་རྫས་ལ་མིང་རུས་བྲི།། ཉེ་བཞི་འབྲེལ་པ་ཚུན་ཆད་གཏད།། དེ་རྣམས་གང་དང་གང་རུང་བ། ། གཟུགས་དང་མིང་རུས་སྨུག་པོར་བྱ།། གང་དུ་བྱ་བའི་ས་ཕྱོགས་སུ།། འོ་དོད་ལན་གསུམ་འདི་སྐད་བོད།། རི་བརྒྱུད་འདི་ལ་མངའ་མཛད་པའི།། གནོད་སྦྱིན་མ་རུངས་འཁོར་དང་བཅས། ། སྟོན་པ་ཆེན་པོས་བཀའ་བསྒོ་ཚེ།། ཇི་ལྟར་ཁས་བླངས་མནས་བོར་བཞིན།། སྔོན་གྱི་ཐུགས་དམ་བདག་བསྐུལ་གྱིས།། མཐུན་པའི་གསེར་སྐྱེམས་འདི་བཞེས་ལ།། དམ་ཉམས་དགྲ་བོ་འདི་གཏད་ཀྱིས། ། སྐལ་པ་བགྲངས་ཀྱང་མ་གཏང་ཞིག། དེ་སྐད་བརྗོད་ལ་ལས་གཉེར་གཏད།། གནོད་སྦྱིན་དག་ལ་གཏད་པའོ།། གཤིན་རྗེ་དག་ལ་གཏད་པ་ནི།། མེ་རེག་དག་གི་ཤིང་ཤུན་ལ།། ལས་ཀྱི་འཁོར་ལོ་ཆེན་པོ་ནི། ། སྲིད་པ་གསུམ་པོ་ལྟོར་གནས་བྲི།། འཁོར་ལོ་རྩིབས་དང་རྩིབས་མཆན་ལ།། ད་དུར་ཡི་ཁུ་བ་དང།། སྡོང་པོ་མེ་རེག་ཐང་ཆུ་ཡིས།། འདོད་པའི་གཟུགས་དང་རི་མོ་བྲི།། དེ་ལ་བཟླས་པ་མང་དུ་བྱ།། དེ་ནས་འཁོར་ལོ་དྲིལ་ལ་བཞག། སྣ་ཚོགས་འབྲས་བུའི་ཕྱེ་མ་ལ། ཁྲུ་གང་གཤིན་རྗེའི་གཟུགས་སུ་བྲི།། བསྐྱེད་དང་སྤྱན་དྲངས་མཆོད་པ་དབུལ།། འཁོར་ལོ་དྲིལ་པ་ལག་ཏུ་གཏད།། ཅིག་ནི་སྙིང་ཁར་བྲུས་ལ་བརྫངས། ། དམིགས་པའི་དུར་དབུས་ས་བརྐོས་ལ། ཁ་དེ་ར་ཡི་མི་ལ་བསྲོ།། དོན་པོའི་སྟེང་དུ་བཞུགས་པར་བསམ།། བསྐལ་པའི་མཐར་ཡང་འཆོར་མི་སྲིད།། གཤིན་རྗེ་དག་ལ་གཏད་པའོ།། ལྷ་རྟེན་དག་ལ་གཏད་པ་ནི། ། སྤྲེའུ་དག་གི་ཐོད་པ་ནི།། ནིམ་པའི་ཁུ་བས་རབ་བྱུགས་ཏེ།། མཚན་མ་དག་ལ་གཟུགས་བྱས་ལ།། གཡོ་བའི་རྫས་ལ་མིང་རུས་བྲི།། ཐོད་པའི་ནང་དུ་རབ་བླུགས་ལ།། གང་དག་རྟེན་པའི་རྫས་བྱིན་ཏེ། ། འཇིག་རྟེན་དྲེགས་པའི་ལྷ་འདྲེ་ཁྱོད།། སྔོན་ཚེ་སྟོན་པའི་བཀའ་བསྒོའི་ཚེ།། ཇི་ལྟར་ཞལ་གྱིས་བཞེས་པ་བཞིན།། ད་ལྟར་དམ་ཉམས་ལོག་ལྟ་འདིས།། སངས་རྒྱས་བསྟན་པ་འདིས་བཤིག་པས།། ལས་ལ་བསྐུལ་གྱིས་འཕྲིན་ལས་མཛོད། ། གཏད་པའི་ཉམས་པ་ཤོ་ར་རེ།། དེ་སྐད་བརྗོད་ལ་རྨང་དུ་སྦ།། ལྷ་རྟེན་དག་ལ་གཏད་པའོ།། མ་མོ་དག་ལ་གཏད་པ་ནི།། སྨེ་མ་རལ་ཅན་གང་གནས་པར།། མོན་མོ་སྤྱི་རིངས་ཐོད་པ་རུ། ། དུར་ཁྲོད་རས་ལ་ཐལ་ཆེན་གྱིས།། མཚན་མ་མིང་དུ་བཅས་པར་བྱ།། དྲག་པོ་རྫས་ཀྱིས་དེ་དྲིལ་ལ།། ཐོད་པའི་ནང་དུ་རྒྱ་ཡིས་གདབ།། སྣ་ཚོགས་ཤ་ཁྲག་མང་པོ་དང།། འབྲས་བུ་མི་དབང་ཤ་ཕྱེ་གདབ།། རྒྱལ་མཚན་དག་གིས་གཡབས་ནས་ཀྱང། ། འོ་དོད་བོས་ལ་ལས་མཁན་སྦྲན།། འདས་དང་མ་འདས་མ་མོ་རྣམས།། སྔོན་ཚེ་རྡོ་རྗེ་ཁྲག་འཐུང་གིས།། བདུད་རྩི་བླུད་དེ་གནས་སྒོ་བཞིན།། དེ་རིང་རྣལ་འབྱོར་དམ་བསྐུལ་གྱི། ། འཐུན་པའི་གཏོར་མ་འདི་ལོང་ལ།། དམ་ཉམས་དགྲ་བོ་འདི་གཏད་ཀྱིས།། བསྐལ་པར་བགྲངས་ཀྱང་མ་བཏང་ཞིག། ལས་ཀྱི་འཁོར་ལོ་རྫོགས་པར་བྱ།། མ་མོ་དག་ལ་གཏད་པའོ།། བཙན་ལ་གཏད་པའི་རིམ་པ་ནི། ། གོང་གསུམ་དག་ཏུ་ཕྱིན་ནས་ཀྱང།། ལ་བཙས་འོག་ཏུ་དངོས་གྲུབ་ལ།། མེ་རེག་དག་གི་གཏུན་ནང་དུ།། གཡོ་བའི་རྫས་ལ་མིང་རུས་ནི།། མེ་རེག་ཐང་ཆུས་ལེགས་པར་བྲི།། དྲག་པོའི་རྫས་སུ་དེ་གཏུམས་ལ། ། ཐོད་པར་བཅུག་ལ་རྒྱ་ཡིས་གདབ།། དེ་ལ་གདུག་པའི་ཆུ་ཡིས་བྱུག། མཐུན་པའི་རྫས་དང་གསེར་སྐྱེམས་དང།། རམས་དང་རྒྱ་སྐྱེམས་བཙོད་ལ་སོགས།། མངར་དང་ལོངས་སྤྱོད་སྣ་ཚོགས་དང། ། འབྲུ་སྣ་ཚང་བ་བཅུད་བལྟམས་ལ།། འཇིག་རྟེན་དྲེགས་པའི་བཙན་རྣམས་དང།། ལ་མོ་སྒེ་གོང་འཁོར་བཅས་རྣམས།། མཐུན་པའི་དམ་རྫས་འདི་བཞེས་ལ།། རྣལ་འབྱོར་བདག་ཅག་ལས་བཅོལ་གྱིས། ། བདག་གིས་དམིགས་པའི་དགྲ་བོ་འདི། ཁྱེད་ལ་གཏད་དོ་ཤོ་ར་རེ།། བསྐལ་པར་བགྲངས་ཀྱང་མ་བཏང་ཞིག། དེ་སྐད་བརྗོད་ལ་ལས་གཉེར་གཏད།། ལ་བཙན་དག་ལ་གཏདཔའོ།། མཁར་པོ་ཆེ་ཡི་ཐེམ་འོག་ཏུ། ། ཐ་མའི་ལས་རིམ་འདིར་གསུངས་པ།། རྩ་མེད་དག་གི་ཐོད་པ་རུ།། གྲགས་པའི་རྫས་ལ་གཟུགས་བྱས་ཏེ།། གཡོ་བའི་རྫས་ལ་མི་རུས་བྲི།། ཀུན་ཀྱང་ཁ་དོག་ནག་པོ་བྱ།། གསེར་སྐྱེམས་རྒྱས་པར་བཏང་ནས་ཀྱང། ། ཡུལ་དེར་གྲགས་པ་ཐམས་ཅད་བོད།། མཐུན་པའི་རྫས་བྱིན་འདི་སྐད་བསྒོ།། ཡུལ་འདིར་གནས་པའི་ལྷ་འདྲེ་རྣམས།། མ་རུང་ཡོད་པ་ཐམས་ཅད་ཀུན།། མཐུན་པའི་གསེར་སྐྱེམས་འདི་བཞེས་ལ། ། བདག་གིས་དམིགས་པའི་དགྲ་བོ་འདི། ཁྱོད་ལ་གཏད་ཀྱིས་ཤོ་ར་རེ།། དེ་སྐད་བརྗོད་ལ་མནན་པར་བྱ།། ཐིམ་འོག་མནན་པའི་རིམ་པའོ།། ནང་གི་རིམ་པ་ཡང་གསུངས་པ།། གལ་ཏེ་དམ་ཚིག་དམེ་འཁྲུགས་ནས། ། ཆོས་པ་དག་དང་འགྲས་གྱུར་ན།། སུ་རུ་རྭ་ཡི་ཐོད་པ་རུ།། དམིགས་པའི་གཟུགས་དང་དྲག་པོའི་རྫས།། ཆོས་སྐྱོང་རྣམས་ལ་དམ་ཡང་བདར།། དམ་ཚིག་བདག་པོ་དབང་དུ་གཟུགས།། གནས་ཁང་འོག་གམ་དཀྱིལ་འཁོར་གྱི། ། གྲཝ་བཞིར་སྦས་ལ་དམ་ཚིག་གི། ཆད་པས་དམྱལ་དོང་དག་ཏུ་ལྟུང།། གལ་ཏེ་མུ་སྟེགས་དག་དང་ནི།། སེང་གེ་ཁ་འཐབ་བྱུངགྱུར་ན།། མོན་མོ་སྤྱི་རིངས་ཐོད་པ་རུ།། གླང་ཆེན་རྩིབ་མ་དག་ལ་ནི། ། མིང་དང་གཟུགས་དང་རྟེན་པའི་ལྷ།། རྔ་གཤང་ཡན་ཆད་གཟུགས་བྱས་ལ།། དེ་ནས་བླུགས་ལ་རྒྱ་ཡིས་གདབ།། ལྷ་གསས་རྣམས་ལ་དམ་བདར་ཏེ།། གཤེན་ལྷ་སོགས་པ་དབང་དུ་གཟུགས།། ཐོའམ་རྟེན་གྱི་གྲཝ་བཞིར་སྦ། ། ལྷ་ཉིད་བདུད་དུ་འབབ་སྟེ་འཆི།། ཆོས་དང་མི་མཐུན་རྒྱལ་པོ་ཡིས།། གལ་ཏེ་གྱོད་ལ་བཏགས་པ་ན།། མ་ནིང་དག་གི་ཐོད་པ་རུ།། གཡོ་བའི་རྫས་ལ་མིང་རུས་བྲིས།། སེང་གེ་དཀར་མོའི་སྙིང་དུ་གཏུམ། ། ཐོད་པར་བཅུག་ལ་རྒྱ་ཡིས་གདབ།། ཆོས་སྐྱོང་བཞི་ལ་དབང་བཙུགས་ཏེ།། སྲོ་བདག་ལ་སོགས་སྲིད་པ་ཡི།། རྒྱལ་པོ་རྣམས་ལ་དམ་བདར་ཏེ།། ཕོ་བྲང་དག་གི་གྲཝར་སྦས་ན།། རྒྱལ་པོ་ལས་ཀྱི་ཆད་པས་འཆི། ། ཕ་ཚན་དག་དང་འགྲས་འགྱུར་ན།། གཙང་སྨེ་དག་གི་ཐོད་པ་རུ།། གཡོ་བའི་རྫས་ལ་མིང་རུས་བྲི།། ཕོ་ལྷ་དཀར་པོ་དཔང་དུ་གཟུགས།། རིགས་ཀྱི་ཕ་མེས་ཐམས་ཅད་དང།། སྲོག་ལྷ་དག་ལ་དམ་བདར་ཏེ། ། ཡུལ་ལྷའི་རྩ་རུ་སྦས་གྱུར་ན།། ལ་ཡོགས་སྡིག་སྲི་དག་གིས་འཆི།། ཟླ་གྲོགས་དག་གིས་ངན་བཤམས་ན།། རྣེལ་དྲི་མོ་ཡི་ཐོད་པ་རུ།། རང་གི་རྫས་ལ་གཟུགས་བྱས་ཏེ།། གཡོ་ཡི་རྫས་ལ་མིང་རུས་བྲི།། ཐོད་པ་དག་ཏུ་བཅུག་ནས་ཀྱང། ། མ་ལྷ་མ་དམན་དཔང་དུ་གཟུགས།། གཉེན་ལྷ་རྣམས་དང་མི་རིགས་འདྲེ།། ཐམས་ཅད་ཀུན་ལ་དམ་བདར་ནས།། ཉལ་སའི་འོག་ཏུ་སྦས་གྱུར་ན།། སྡིག་སྲི་དམྱལ་དོང་དག་ཏུ་འཆི།། སྐྱེ་བོའི་ཚོགས་རྣམས་གང་ཡང་རུང། ། བདག་ལ་མི་རིགས་ལས་བྱས་ན།། གྲི་རྒོད་ཡག་པའི་ཐོད་པ་ཏུ།། མིང་རུས་གཟུགས་ཀྱིས་རབ་བཀང་ལ།། འཆི་བདག་གཤིན་རྗེ་དཔང་དུ་གཟུགས།། ལྷ་འདྲེ་སྤྱི་ལ་དམ་བདར་ཏེ། ། དུར་ཁྲོད་གནས་སམ་རྐང་གཅིག་དྲུང།། སྦས་ན་གྲི་རྒོད་དག་ཏུ་འཆི།། གལ་ཏེ་གདུག་པའི་ནད་གཏོང་ན།། མཛེ་ཙན་དག་གི་ཐོད་པ་རུ།། མིང་དང་རུས་དང་གཟུགས་བཅུག་ལ།། ཀླུ་ཡི་མེས་པོ་ཐོད་དཀར་ལ། ། དཔང་དུ་བཙུགས་ལ་འོ་དོད་བོད།། རིགས་བཞི་ཀླུ་ལ་དམ་བདར་ཏེ།། ཆུ་མིག་ལུང་པ་མགོ་སྡུམ་ན།། སྦས་ན་མཛེ་ནད་དག་གིས་འཆི།། གལ་ཏེ་རྩ་བ་མེད་འདོད་ན།། མཛོ་རྟོལ་དྲེའུའི་ཐོད་པ་རུ།། མིང་རུས་དྲག་པོའི་རྫས་སུ་གཏུམ། ། གང་ཡིན་རང་གི་དུར་ཁྲོད་དུ།། ཧལ་ཁྱི་དང་ནི་རྩང་ཀུན་ལ།། དཔང་དུ་བཙུགས་ལ་འོ་དོད་བོས།། ལོ་དང་ཟླ་བའི་ས་བདག་དང།། གྲགས་པ་རྣམས་ལ་དམ་བདར་ལ།། དུར་གྱི་དཀྱིལ་དུ་སྦས་གྱུར་ན། ། རྩ་བ་འཆད་པར་ཐེ་ཚོམ་མེད།། གལ་ཏེ་གནས་ནས་བསྐྲད་འདོད་ན།། སྲེ་མོང་བྱི་བ་དག་དང་ནི།། གཅན་གཟན་དག་གི་ཐོད་པ་རུ།། དྲུང་པོ་ཡན་ཆད་མིང་བྲིས་ལ།། གདུག་པའི་རྫས་དང་སྦགས་ལ་བཞག། བང་ལྷ་ཉམས་ཆེན་དག་དང་ནི།། རྩེ་ལྷའི་ལྷ་ལ་དཔང་དུ་བཙུགས།། ས་བདག་ཀུན་སྣང་དང་བ་དང། ཁ་རྗེ་འབར་བ་ལ་སོགས་ལ།། དམ་བདར་མཁར་གྱི་ཕྱོགས་བཞི་རུ།། སྦས་ན་ཡུལ་ནས་འབྱུང་བར་ངེས། ། གལ་ཏེ་ལོ་ཐོག་འཇོམས་འདོད་ན།། མོན་ནམ་རྩ་མེད་ཟངས་མ་རུ།། ཁྲག་སྣ་སྙིང་སྣ་མ་ལུས་དང།། གཡོ་བའི་རྫས་དང་རབ་བསྲེས་ལ།། རྟ་དང་བོང་བུའི་ཚིལ་བུ་དང།། རྒྱ་ཚིལ་དག་གི་དུད་པས་བདུག། གཟའ་བདུད་ནག་པོ་དཔང་བཙུགས་ཏེ།། སྡེ་བརྒྱད་སྤྱི་ལ་དམ་བདར་ནས།། ཡུལ་ལྷའི་རྟེན་ལ་སྦས་གྱུར་ན།། ཆུ་འཁྱགས་དྲག་ཏུ་འབབ་པར་ངེས།། གལ་ཏེ་དགྲ་བོའི་ལོ་ཐོག་དག། མི་སྐྱེ་བ་རུ་འདོད་པ་ན། ། བཀྲ་མི་ཤིས་ཀྱི་ཐོད་པ་རུ།། མུ་ཟི་དང་ནི་ལྡོང་རོས་དང།། ནལ་རུས་ཕྱི་མ་དང་བསྲེས་ནས།། ཞིང་གི་ལྷ་རྣམས་དཔང་བཙུགས་ཏེ།། དུས་བཞིའི་ལྷ་ལ་དམ་བདར་ནས། སྐ་མགོ་དག་ཏུ་བླུགས་པ་ན། ། གང་དང་སྐྱེས་པའང་སྐམས་འགྱུར་ཞིང།། སྤྲང་པོ་དག་ལ་ཐེ་ཚོམ་མེད།། གལ་ཏེ་ཕྱུག་ལ་ནད་བཏང་ན།། ཝ་སྤྱང་འཕར་བའི་ཐོད་པ་རུ།། ནད་ཀྱིས་ཤི་བའི་གློ་དང་ཁྲག། སྤྲུ་བ་ལ་སོགས་དག་གིས་དགང། ། དྲག་པོའི་རྫས་དང་རབ་བསྲེས་ལ།། ཛམྦྷ་ལ་ལ་དཔང་བཙུགས་ཏེ།། མ་རུ་རྩེ་ལ་དམ་བདར་ནས།། ཕྱུགས་ལྷས་དག་ཏུ་སྦས་གྱུར་ན།། གཅིག་མི་འདས་པར་ཐེ་ཚོམ་མེད།། གལ་ཏེ་འཐབ་པར་འདོད་པ་ན། ། ཕོ་རོག་འུག་པའི་ཐོད་པ་རུ།། གཡོ་བའི་རྫས་ལ་མིང་རུས་བྲི།། གུང་རུ་གཡས་དང་གཡོན་དག་ལ།། ལྷ་དང་མི་ཡི་སྙིང་པོ་བྲི།། ཤིང་རིངས་དག་གི་རྩེ་ལ་དགལ།། རླུང་པོ་དག་ལ་འཐབ་ཏུ་གཞུག། ལྷ་མ་ཡིན་གྱི་དཔོན་པོ་ནི། ། རྣམ་པར་སྣང་བྱེད་དཔང་དུ་བཙུགས།། ཛ་ལ་མ་ཐང་ཐེ་རང་ཚོགས།། ཐམས་ཅད་ཀུན་ལ་བདེན་བདར་ཏེ།། གང་དག་མི་མཛའི་ས་མཚམས་སུ།། སྦས་ན་དུས་ཀྱི་འཁྲུག་པ་དང།། མཚོན་གྱི་བསྐལ་པ་ངེས་པར་འོང། ། གསད་པའི་རིམ་པ་དམ་པ་ནི།། ལས་རྣམས་ཡོངས་སུ་རྫོགས་པ་དང།། མཚན་མ་མིང་དུ་བཅས་པ་དེ།། ཡོངས་སུ་གསལ་བར་རྫོགས་བྱས་ཏེ།། རྣམ་པར་མྱོས་པའི་ཤུལ་དག་ཏུ། འབྲུབ་ཁུང་ཡོངས་སུ་གསལ་བལྟས་ལ། ། སས་མ་རེག་པར་ནན་ཏན་བྱ།། རྟག་པར་ཡི་དམ་མ་ཡེངས་པར།། དེ་ཉིད་ལ་ནི་ཐུན་གྱི་ལས།། མ་ཡེངས་སེམས་ཀྱིས་རྟག་ཏུ་བྲབ།། ལྷ་ཉིད་དུ་ནི་རྟག་བསྒོམས་ཏེ།། བསྐལ་པའི་བར་དུ་མནན་པར་བསམ། ། འདི་ཡིས་བླང་བར་ཐེ་ཚོམ་མེད།། ཡང་ན་སྔར་གྱི་སྦྱོར་བ་བཞིན།། དང་པོའི་གཟུགས་སམ་རྨང་ཉིད་དུ།། རྟགས་དང་མཚན་མ་མ་བྱུང་བར།། རབ་ཏུ་འབད་དེ་ཉམས་སུ་བླངས།། དེ་དག་སྤྱི་ཡི་རིམ་པ་ནི། ། དམིགས་པའི་མགོ་དང་ཡན་ལག་ལ།། ཡི་གེ་ལཾ་སེར་བསམ་པར་བྱ།། དེ་ལ་རི་རབ་ཆེན་པོའི་གཟུགས།། ཟུར་བརྒྱད་པ་ལ་ཤིན་ཏུ་བརྗིད།། ཉི་ཟླ་གཟའ་སྐར་རྩིབས་ལ་འཆར།། དེ་ཡིས་འཁུབ་མི་ནུས་པར་མནན། ། དུར་ཁྲོད་གཡམ་པོ་སྔོན་པོ་ལ།། ལས་ཀྱི་རྡོ་རྗེ་བྱིན་བརླབས་ལ།། ལས་ཀྱི་ཁང་པ་ཁ་ཡང་གཅད།། ཧཱུཾ། དམ་ཉམས་སྡིག་ཅན་ལོག་ལྟ་འདི།། མནན་ནོ་རི་རབ་འོག་ཏུ་མནན།། ལས་ཀྱིས་མནར་བའི་སྡིག་ཅན་འདི། ། གཏད་དོ་གཤིན་རྗེའི་ལ་ག་ཏུ་གཏད།། འཁོར་བར་འཁྱམས་པའི་ལུས་ངན་འདི་སྦའོ།། རྒྱ་མཚོའི་གཏིང་དུ་སྦ།། དེ་སྐད་བྱས་ལ་ས་འོག་གཞུག་ཁྲོ་བོ་བཅུ་ཡི་སྟང་སྟབས་བྱ།། འདི་ནི་ཐམས་ཅད་ཀུན་གྱི་ལས། ། དེ་དག་སོ་སོའི་སྔགས་རྣམས་ནི།། ཡང་དག་ཉིད་དུ་བསྟན་པར་བྱ།། ཨོཾ་བཛྲ་ནི་མཱ་ཡ་ཤུདྡྷེ་ཧེ་འདུ་ནན། ཨོཾ་ན་པི་པ་ཤ་ཡ་ཛ། རི་ཤ་སྟཾ་པ་ནི་ནན་ནན། ཨོཾ་བཛྲ་ཞུམ་མ་ནི་ཞུ་ཡ་ཛ། ། ནརི་ཞུ་མ་ཞུ་ཡ་ནན་ནཎ། ཛ་ནི་བཛྲ་ནན་ནཎ། ཨོཾ་བཛྲ་པྲ་མ་ར་ཡ། ཨོཾ་ཧྲིཥྟི་བི་ཀྲི་ཏ་ན་ཎ་ནརི། སརྦ་ཤ་ཏྲུཾ་ནཎ་ནཎ། ཨོཾ་བཛྲ་སན་ཏྲི་ཡ། མ་མ་མ་ས་མ་ཡ་ཏིག་སྣ་ཏྲེ་ཤ་ནཎ་ནཎ། ཛ་ནི་བཛྲ་ནཎ་ནཎ། ཏུ་ལམ་བཛྲ་ཛ་ཏྲི་བཛྲ་ཎནཎ། ཨོཾ་བཛྲ་ཞུང་ཡ་ཞུང་ཡ། ཏྲི་ཤ་བེ་ག་ཡ། ཡཾ་སྟཾ་པ་ཡ། ཛྫ་ནི་བཛྲ་ནཎ་ནཎ། ཨོཾ་བོང་བོང་ཡེ། བཛྲ་ར་ཏྲི་ཡ། ནི་པ་བཛྲ་ན་ཎ་ན་ཎ། ཨོཾ་བཛྲ་ཁ་ཏ་ཁ་ཏ་ཡ། ཨོཾ་བཛྲ་ཏྲི་ལམ་དུ་ཡ། ཨོཾ་བཛྲ་མེ་ཏྲི་ཡ། ཛ་ནི་བཛྲ་ནཎ་ནཎ། དེ་ནི་ཕྱི་ཡི་མནན་པའི་སྔགས།། ཀུན་ཀྱང་ལས་ཀྱི་ལྟོ་གཅིག་པར།། ཀུན་ཀྱང་རང་རང་སྔགས་ཚང་ནས།། མགོ་བོ་ལྷོ་ནུབ་མཚམས་སུ་བསྟན།། སྲིན་པོ་ཕོ་མོ་དེ་ལ་གཏད།། རྐང་པ་བྱང་ཤར་མཚམས་སུ་བསྟན། ། དབང་པོའི་ཚིགས་ལ་ལས་གཉེར་གཏད།། ཡི་གེ་དྲུག་དང་མ་རུངས་པས།། བྱུག་དང་བྲི་བའི་ས་མཚམས་སྦྱར།། བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་ཡཀྴ་ས་མ་ཡ་ཎི་སྲོག་ལ་ཛ་དུར་དུང། གཤེན་ལྷ་དེ་བ་ལ་སེ་ཡེ་མཱ་ར་ཡ་བདུད་དུ་ཕོག་ཏྲི་ཙ་པ་ལ་ཨ་ཤུག་མེ་ས་མ་ཡ་སྲོག་རྩེ་ལ་རྒྱུག། ཨོཾ་ནརི་ཐུམ་རིལ་ག་ཏ་ཡ་ནི་ཧཱུཾ་ཕཊ།། ན་མོ་ཧ་རི་སྟེ་མིང་མུག་ཏཧོ། ཏྲི་ཐ་ས་མ་ཡ་རྦད་ཆོམས་རྨུགས། ཏྲི་ནཱ་ག་ཏེ་བར་ཙ་ས་མ་ཏི་སྟ་མུགས་མུགས། ། བེ་བ་ཨཀྐྲ་མ་མ་སི་དུ་བྷྱོ། མ་ཧཱ་ཕུ་སུརྱ་ཛཾ་པ་དེ་བ་ས་མ་ཡ་བག་ཤ་ཧཱུཾ་ཕཊ། ཏྲི་ནི་ཏྲི་ནི་མ་ཧི་དེ་བ་ཀ་ལ་རིལ་ཤར་ཕྲོཾ། ཏྲི་དེ་བ་ར་ག་ས་མ་ཡ་མུ་ཧ་ཨ་ཏིཧོ། ཨཱརྱ་ཡཀྴ་ཙ་པ་ལ་མ་རུ་རྩེ་སམ་ཏྲ་པི་སྲིང་ཕཊ། པུ་ཏེ་བ་ཨ་ཁྲ་ཏི་ས་མ་ཡ་དཀྲུགས་དཀྲུགས། ཡི་གེ་བདུན་པ་ཀུན་གྱི་སྔགས།། རང་རང་སྔགས་དང་སྤྲེལ་ཏེ་བཟླས།། འདི་འདྲའི་ལས་ལ་མ་ཡེངས་ན།། འགྲུབ་འགྱུར་མི་ལྡན་དོན་མེད་བརླག། གསང་བ་སྦས་པའི་སྔགས་རྣམས་ནི། ། གབ་པའི་འཁོར་ལོའི་སྔགས་བསྐོར་ལ།། ཐ་མར་བཏུང་བའི་ཡི་གེ་དང།། མནན་སྔགས་ཆེན་པོས་མནན་བྱས་ན།། འདི་བྱས་ཤོར་བ་གང་ཡང་མེད།། ཀུན་གྱིས་ཤེས་པར་ག་ལ་རུང།། བླ་མའི་ཞལ་ནས་བདུད་རྩི་བླང། ། ནོར་བས་ལས་རྣམས་མི་འགྲུབ་ཅིང།། བདག་གི་རྒྱུད་རྣམས་སྲེག་པར་བྱེད།། དེ་བས་རིགས་ཀྱི་བུ་མཆོག་དེས།། བདུད་རྩི་བཅུད་དག་བཏུང་བར་གྱིས།། ཞེས་གསུངས་པས། འཁོར་རྣམས་ཀྱི་ལས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་ཏེ། ཡང་དག་པའི་དོན་ལ་ཡིད་ཆེས་དེ་ཐེ་ཚོམ་ཆོད་པར་གྱུར་ཏོ།། རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། བརྣག་པ་ནན་ཐུར་གྱི་ལས་ཡོངས་སུ་རྫོགས་པའི་ལེའུ་སྟེ་ཉེར་དྲུག་པའོ། །།། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་སངས་རྒྱས་ཀུན་གྱི་གཙོ།། ཡོན་ཏན་མཆོག་གི་བདག་ཉིད་ཅན།། ཐབས་ཀྱི་མངའ་བདག་ཐེག་པའི་གཙོ། ། གསང་སྔགས་རྒྱལ་པོའི་ཐབས་ལ་བསྟོད།། ཐབས་རྣམས་ཡོངས་སུ་རྫོགས་གསུངས་པ།། རྒྱུད་ཀྱི་དོན་ཉིད་ཇི་ལྟར་བསྡུ།། དེ་ལྟར་རྒྱུད་འདི་གནས་པ་ལྟར།། སྔ་ཕྱིར་གང་གསུངས་གང་གིས་གསུངས། ། གང་ཟག་གང་དང་ཕྲད་པར་འགྱུར།། ཕྱིས་ནི་གང་དུ་དར་བར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལས་ཀྱི་མཆོག་ཁྱོད་ང་དང་འདྲ།། སྔར་གྱི་སངས་རྒྱས་ཇི་སྙེད་པ།། རྒྱུད་ཀྱི་དོན་རྣམས་མ་གསུངས་སོ། ། སངས་རྒྱས་མངོན་འབྱུང་རྒྱལ་པོ་ཡིས།། རྒྱུད་དོན་གསལ་བར་གསུངས་པ་ལས།། ཀུན་གྱིས་ནུས་པ་ག་ལ་ཡིན།། སྣོད་དང་མི་ལྡན་ནུས་པ་མེད།། སངས་རྒྱསའཇམ་དབྱངས་མ་གཏོགས་པར། ། ཕྱིས་ཀྱང་གསུང་བར་མི་འགྱུར་རོ།། ད་ལྟར་ང་ཡི་བསྟན་པ་ཡི།། རྒྱལ་རིགས་དམ་པ་རིག་ཅན་དེའི།། ཉེ་འཁོར་དག་ཏུ་གནས་པར་འགྱུར།། དེ་དུས་གང་ཟག་དམ་པ་རྣམས།། དད་ཅིང་སྤྱོད་པ་མང་བར་འགྱུར། ། དེ་དུས་མ་ཡིན་ཕྱི་མ་ལ།། ཁྱོད་ཀྱིས་བསྡུས་པའི་རྒྱུད་འདི་རྣམས།། ཆེད་འགའ་དར་ལ་ཆེད་འགའ་ནུབ།། ཆེད་འགའ་ཤིན་ཏུ་རྒྱས་པར་འབྱུང།། སྣོད་མེད་གང་ཟག་ལ་ལ་དག། འདི་ལ་མ་དད་སྐུར་པ་འདེབས། ། འབྲས་བུ་མནར་མེད་དམྱལ་བར་ལྟུང།། མི་འདོད་སྤོངས་པའི་སེམས་ཅན་དེ།། དམ་སྲི་དམར་པོར་ངེས་པར་སྐྱེ།། འདི་ལ་མ་དད་སྐུར་འདེབས་པ།། བསྐལ་པར་ཆོས་དང་མི་ཕྲད་ཅིང།། ངན་སོང་གསུམ་པོར་རྟག་པར་གནས། ། ལོག་པའི་ལམ་གྱིས་རྒྱུད་བཟུང་ནས།། ཡང་དག་དོན་ལ་སྐུར་འདེབས་པ།། མུན་པའི་ཚོགས་སུ་གཏན་འཁྱམས་ཏེ།། ཐུགས་རྗེ་ཟེར་ཙམ་ག་ལ་ཡིན།། དེ་བས་རྒྱུད་རྒྱལ་ཀུན་གྱི་རྩེ།། ཚིག་ཉུང་བ་ལ་དོན་ཆེ་བ། ། ཡང་དག་ཉིད་དུ་གནས་པར་གྱིས།། གསང་བ་དམ་པའི་མཛོད་འདི་ནི།། སངས་རྒྱས་ཀུན་གྱིས་སྔགས་པ་ཡིན།། ཐམས་ཅད་མཚོན་པའི་སྒྲོན་མ་ཡིན།། ངེས་དོན་དམ་པའི་བཅུད་ཆེན་འདི། ། ཁྱོད་ཀྱིས་ངེས་པར་གཟུང་བར་གྱིས།། ཚངས་པ་བརྒྱ་བྱིན་འཇིག་རྟེན་སྐྱོང།། དབང་ཕྱུག་ཆེ་དང་སྡེ་དཔོན་བཅས།། གླིང་བཞི་མི་ཡི་འཇིག་རྟེན་དུ།། ཁྱོད་ཀྱིས་ཡང་དག་སྤེལ་བར་གྱིས།། ཕྱི་ནང་ཐེག་པ་བསྟན་ཆོས་དང། ། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས།། བསྟན་པ་འཛིན་པར་ནུས་པ་ལ།། གསང་བའི་ཆོས་ནི་མཆོག་ཏུ་གནས།། གཞན་ཡང་བསྙད་པར་མི་བྱའོ།། མི་འཁྲུག་བློ་ཟབ་རྐྱེན་ཐུབ་ཅིང།། རྩ་བ་ཡན་ལག་མ་ཉམས་ཤིང། ། བསྟན་པ་མཆོད་པར་བྱེད་པ་ལས།། གཞན་དུ་བསྙད་པར་མི་བྱའོ།། རིགས་ངན་ཕོ་མོ་འདོད་ལ་འཆེལ།། སྤྲོ་ཐུང་འདོད་ཆགས་རབ་ཏུ་ཆེ།། བློ་ཞན་ཕྲག་དོག་སྒྲོ་སྐུར་ཅན།། གཉིད་ཆེ་ཆང་དད་བརྩོན་འགྲུས་ཆུང། ། མུན་ལྐོག་དག་ཏུ་སྐྱེ་བོ་ལ།། གར་ཕྲད་དག་ཏུ་འདོད་སྤྱོད་ལ།། སློབ་ལ་མི་གུས་ནན་ཏན་མེད།། སློབ་དཔོན་རྒྱབ་ཕྱོགས་སྤུན་སེམས་མེད།། བསྐལ་པ་འཇིག་རྟེན་བར་དུ་ཡང།། ཐུགས་ཀྱི་བདེ་བ་མི་སྤྲོ་ཞིང། ། གསང་བའི་དོན་ཆེན་བསྟན་མི་བྱ།། ཞེས་གསུངས་པས།། མ་མོ་དང་མཁའ་འགྲོ་རྣམས་ཀྱིས་རང་རང་གིས་མགྲིན་གཅིག་ཏུ་ཁས་བླངས་པ། གསང་བའི་དཀྱིལ་འཁོར་ཆེན་པོ་འདི། ། མིང་ཙམ་འཛིན་པར་བྱེད་པ་ཡང།། དེ་ལ་བྲན་བཞིན་བདག་ཅག་བགྱིད།། གཙུག་ཏུ་བཞག་ནས་བཀུར་བ་དང།། དེ་ཡི་དགོངས་པ་ཅི་ཡང་རུང།། མ་ལུས་རྫོགས་པར་བདག་ཅག་བསྒྲུབ།། དེ་ཡིས་བཅོལ་ན་ཅི་ཡང་ཉན། ། གལ་ཏེ་བཀའ་ལས་འདས་གྱུར་ན།། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང།། རུལ་མྱགས་ནས་ནི་ཚིག་པར་འགྱུར།། དམྱལ་བའི་སྡུག་བསྔལ་མྱོང་བར་ཤོག། ཅེས་དམ་བཅས་པར་གྱུར་ཏོ།། དེ་ནས་འདུས་པའི་འཁོར་རྣམས་ཀྱིས། བཅོམ་ལྡན་འདས་དང་རྡོ་རྗེ་ཆོས་ལ་གཙུག་གི་འདུད་པ་རྣལ་འབྱོར་གྱི་ལུགས་སུ་ཕྱག་བཙལ་ནས། རྨད་དུ་བྱུང་བའི་མཆོད་པ་རྒྱས་པའི་དེ་ཁོ་ན་ཉིད་ཀྱིས་མཆོད་དེ།། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དང། སྡུད་པ་པོ་རྡོ་རྗེ་ཆོས་དང། གསང་བའི་རྒྱུད་ཉིད་ལ་བསྟོད་པ། ཨེ་མའོ་བདུད་བཅོམ་ནས་ཡོན་ཏན་དྲུག་ལྡན་པ།། ཡོད་མེད་མཚན་མ་དངོས་པོའི་མཐའ་ལས་འདས། ། དོན་དམ་ཐུགས་ནི་འདའ་དཀའ་ཤིན་ཏུ་གསང།། གསུང་ནི་གསང་སྔགས་འབྲས་བུ་ཀུན་གྱི་མཆོག། མ་ལུས་ཀུན་ལ་མངའ་བརྙས་བདག་པོའི་སྐུ།། བཅོམ་ལྡན་གསང་བདག་ཀུན་ལ་ཕྱག་འཚལ་བསྟོད། ། ཨེ་མ་གསང་བ་དགེས་པ་ཡུམ་གྱི་དཀྱིལ་འཁོར་ནས།། དུས་གསུམ་འདུ་འབྲལ་མེད་པར་རྟག་ཏུ་སྦྱོར།། གཉིས་མེད་ཐིག་ལེ་བྱང་ཆུབ་དག་པའི་སྐུ།། བྱང་ཆུབ་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད།། ཨེ་མའོ་རོལ་པ་ཆོ་འཕྲུལ་ཆེ་ལ་མངའ་བརྙེས་པ། ། བཀའ་ཡི་འཁོར་ལོ་གསང་བའི་སྒྲ་སྒྲོགས་པ།། ཐུགས་རྗེ་ཆོ་འཕྲུལ་ཆོས་ཀྱི་ཆར་ཡང་འབེབས།། གསང་སྔགས་བདག་པོ་མཆོག་ལ་ཕྱག་འཚལ་བསྟོད།། ཨེ་མ་དུས་གསུམ་བདེ་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས། ། མི་ནུབ་ཆོས་ཀྱི་རྒྱལ་མཚན་འཛིན་བྱེད་པ།། སྨྲ་བའི་སེང་གེ་ཆེན་པོར་དབང་བསྐུར་བ།། རྡོ་རྗེ་ལས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད།། ཨེ་མའོ་གསུང་གི་ཐིགས་པ་བདུད་རྩི་རྒྱ་མཚོའི་ཀློང། ། ལུང་དང་མན་ངག་གཏན་ཚིགས་ཀུན་གྱི་མཛོད།། དུས་གསུམ་རྣལ་འབྱོར་དབང་ཕྱུག་བགྲོད་པའི་ལམ།། འོག་མ་ཟིལ་གནོན་སེང་གེ་ལྟ་བུའི་སྒྲ།། དོན་གྱི་མཛོད་དུ་མིག་གི་སྒྲོན་མར་སྣང། ། བདུད་རྩི་ཐིགས་པའི་མཛོད་ལ་ཕྱག་འཚལ་བསྟོད།། ཨ་ལ་ལ་ཧོ་ཞེས་བརྗོད་དེ་བསྟོད་དོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ནི་དགོངས་པ་ཆོས་ཉིད་ཀྱི་ངང་ལ་རྣལ་ནས་ཅང་མི་སྨྲ་བར་བཞུགས་སོ། ། འདུས་པའི་འཁོར་རྣམས་རིག་པའི་རྩལ་སྦྱངས་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ཏེ་མི་སྣང་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།།།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་མཛོད་འཁྱིལ་བ་རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད་ཆེན་པོ། ཐབས་ཀྱི་རྒྱུད་ཆེན་པོའི་ལེའུ་ཁྲི་དྲུག་སྟོང་ལས། མཚན་ཉིད་མ་ནོར་བར་བསྟན་པ་ཐམས་ཅད་ཀྱི་ལུང་གི་སྤྱི་ལས་ཀྱི་མཆོག་ཡོངས་སུ་རྫོགས་པར་བསྟན་ཏེ་འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག་བསྟན་པ་ལེའུ་ཉེར་བདུན་པ་རྫོགས་སོ། །།།

CLOSE WINDOW