CLOSE WINDOW

Gpb046.004x: རྡོ་རྗེ་གསང་བ་ཆེན་པོ་གཏེར་གྱི་སྙིང་པོའི་རྒྱུད་ཅེས་བྱ་བའི་མདོ
Wylie

རྒྱ་གར་སྐད་དུ། མཛྲ་གུ་ཧྱ་མཧཱ་གརྦྷེ་ཏནྟྲ་ནི་དྷི་སཱུ་ཏྲ་ན་མཿ་བོད་སྐད་དུ། རྡོ་རྗེ་གསང་བ་ཆེན་པོ་གཏེར་གྱི་སྙིང་པོའི་རྒྱུད་ཅེས་བྱ་བའི་མདོ།། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཁྲོས་པའི་མངའ་བདག་ཏུ་གྱུར་པའི་རྒྱལ་པོས། འཇིགས་པའི་སྐུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བའི་རྣམ་པར་ཁྲོས་པའི་བདག་ཉིད། ཁྲོས་པའི་གསུང་དྲག་པོའི་གདང་སྒྲས། ཐམས་ཅད་ཟིལ་གྱིས་གནོན་པའི་རང་བཞིན་ལས་ཡོངས་སུ་དག་པའི་ཁྲོས་པའི་ཐུགས་རབ་ཏུ་འབར་བས། གདུག་པའི་ཚོགས་མ་ལུས་པོར་འཇོམས་པའི་མངའ་བདག། དྲག་པོའི་འཕྲིན་ལས་ཐམས་ཅད་རྫོགས་པར་མངའ་བརྙེས་པའི་རྒྱལ་པོ། གསང་བའི་དོན་ལ་རབ་ཏུ་གནས་ཤིང་སྔགས་ཀྱི་བྱེ་བྲག་ལ་མངའ་བརྙེས་པ། གདུག་པ་ཐམས་ཅད་ཚར་གཅོད་པའི་རྒྱལ་པོ། དམ་ཚིག་ཐམས་ཅད་ལས་ཡོངས་སུ་གྲུབ་པའི་བདག་པོ། ཉོན་མོངས་པ་ལྔས་གཟིར་བའི་རང་བཞིན་ལས་ཐར་བར་མཛད་པའི་སྟོབས་ཆེན་པོ། གནས་ལས་ཁྱད་པར་སོན་པར་བྱེད་པའི་ཐབས་ཆེན་པོ། ལོག་པར་འཁྱགས་པ་ཐམས་ཅད་སྡུད་པའི་རླུང་ཆེན་པོའི་མངའ་བདག། ལོག་པའི་ང་རྒྱལ་ཐམས་ཅད་གཏན་ནས་སྲེག་པའི་མེ་ཆེན་པོའི་མངའ་བདག་ཏུ་གྱུར་པའི་རྒྱལ་པོ། ཉོན་མོངས་པ་དང་འབྱེད་པའི་ཆུ་ཆེན་པོ་ལ་མངའ་མཉེས་པ། འདོད་ཆགས་ཀྱི་དབང་བྱས་པ་ལས་རྣམ་པར་རྒྱལ་བར་མཛད་པའི་ས་གཞི་ཆེན་པོ་ལ་མངའ་བརྙཻས་པའི་རང་བཞིན། སྤྲོས་པ་མེད་པའི་མངའ་བདག་ཏུ་གྱུར་པ། ཐབས་མཁས་པའི་མཛད་སྤྱོད་ཀྱི་སེམས་ཅན་གྱི་དོན་ལ་བསྐུལ་བར་མཛད་པའི་རང་བཞིན། གནས་ལས་ཡོངས་སུ་སྤྱོད་པའི་མངའ་བདག། རོལ་པའི་མཛད་ཀྱིས་སྤྲུལ་པ་མང་པོར་འགྱེད་ཅིང། ཐབས་རྣམ་པ་སྣ་ཚོགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་མངའ་བརྙེས་པ་ནི། འོག་མིན་གྱི་གནས་གསང་བ་གཉིས་སུ་མེད་པའི་དཀྱིལ་འཁོར་ཆེན་པོའི་གནས། བཙུན་མོའི་བྷ་ག་ཕོ་བྲང་ལྷུན་གྱིས་གྲུབ། དུར་ཁྲོད་ཀྱི་གཞལ་ཡས་ཁང་མཐིང་ནག་རབ་ཏུ་འབར་བ། རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པ། དབྱིབས་སྣ་ཚོགས་ཡོངས་སུ་གྲུབ་པ། རང་བཞིན་གྱི་རྣམ་པར་དག་པའི་ཡོན་ཏན་སྣ་ཚོགས་པ་མངའ་བ། འདོད་པའི་ཡོན་ཏན་གྱིས་ཕྱི་ནང་མེད་པར་འཁྲིགས་པ། མཛེས་པའི་ལོངས་སྤྱོད་ཐོག་མ་དང་ཐ་མ་མེད་པར་རང་བྱུང་བས་ན། གཉིས་སུ་མེས་པའི་འཁོར་གྱི་ཚོགས་པའི་རྒྱལ་པོ་ཁྲག་འཐུང་ལྔ་དང། དེ་ལས་གཞན་ཡང་ཁྲོ་བོའི་རྒྱལ་པོ་མི་བཟད་པ་རབ་ཏུ་འབར་བའི་ཚོགས་ཀྱིས། ནམ་མཁའི་མཐས་ཀླས་པ་རོལ་པའི་བཙུན་མོའི་གཏུམ་མོའི་ཚོགས་དམ་པ་ལ་འབྱོར་གྲུབ་པའི་བདག་ཉིད་མ་ལ་སོགས་པ་དང། གཞན་ཡང་སྤྲུལ་པའི་ཚོགས་གདུག་པའི་ངང་ཚུལ་ཅན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞིང་གི་རྡུལ་སྙེད་དང་གཞན་ཡང་གདུག་པའི་ལས་དང། ཡེ་ཤེས་ལས་གྲུབ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་བརྗོད་པའི་ཐ་སྙད་ལས་འདས་པ། གཞན་ཡང་འབྱུང་པོ་ལ་སོགས་པའི་འཁོར་བསམ་གྱིས་མི་ཁྱབ་ཅིང་བརྗོད་ལས་འདས་པ་རྣམས་དང་ཐབས་གཅིག་ཏུ་ཁྲོས་པའི་ངང་ཚུལ་བཟུང་ནས་བཞུགས་སོ། ། རོལ་པའི་འཕྲིན་ལས་དགུའི་ཏིལ་གྱི་གང་བུ་བཞིན་དུ་ཀུན་ལ་ཁྱབ་པར་བཞུགས་སོ།། ཁྱད་པར་གྱི་བྱེ་བྲག་གི་རྣམ་པ་བསམ་གྱིས་མི་ཁྱབ་པར་བཞུགས་སོ། ། གདུག་པའི་འཁོར་གྲངས་མེད་པའི་ནང་ནས་ཀྱང་འཕྲིན་ལས་ཀྱི་མངའ་བདག་ཁྲོས་པའི་རྒྱལ་པོ་ཀརྨ་ཧེ་རུ་ཀ་ཡུམ་གཏུམ་མོ་དང་རོལ་པའི་ངང་ཚུལ་བཟུང་ནས། བཅོམ་ལྡན་འདས་ཀྱི་སྤྱན་ལྔ་ན་རབ་ཏུ་ཁྲོས་པའི་ངང་ཚུལ་ནས་བསྐུལ་བ་དང་བཅས་པའི་སྤོབས་པ་ཅན་དུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་དཔལ་ཁྲོས་པའི་རྒྱལ་པོ་དེ། ཕྱི་དང། ནང་དང། སྣང་བ་ཐམས་ཅད་ལ་ཁྲོས་པའི་སྤྱན་གྱི་སོ་སོའི་བྱེ་བྲག་ཏུ་གཟིགས་སོ། ། གདུག་པ་ཅན་གྱི་ཚོགས་རྣམས་ལ་ཡང་རྣམ་པར་གཟིགས་སོ།། ལོག་པའི་ལམ་པ་རྣམས་ཡང་རྣམ་པར་གཟིགས་སོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་ཡང་རྣམ་པར་གཟིགས་སོ། ། རྣམ་པར་གཟིགས་ནས་མ་བཅོས་པ་དེ་བཞིན་ཉིད་ལ་གནས་ནས་བརྗོད་པ་ཐམས་ཅད་ལས་འདས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། ། དེའི་ཚེ་འཁོར་བ་དང་མྱང་ངན་ལས་འདས་པའི་ཆོས་ཐམས་ཅད་སྟོང་པ་ཆེན་པོར་གྱུར་པ་ནི། དཔེ་ནམ་མཁའི་མཚན་ཉིད་ཀྱིས་ཀྱང་དཔག་ཏུ་རུང་བ་མ་ཡིན་ནོ།། དེ་ནས་ཡང་ཡུམ་རལ་གཅིག་མས། བཅོམ་ལྡན་འདས་ཁྲོས་པའི་རྒྱལ་པོའི་རྒྱལ་པོ་དགོངས་པ་དེ་བཞིན་ཉིད་ལ་གནས་པའི་ངང་ལས་སེམས་ཅན་གྱི་དོན་ལ་བསྐུལ་པའི་གླུ་འདིས་བསྐུལ་ལོ།། ཨེ་མ་ཧོ་མ་བཅོས་རྡོ་རྗེའི་ངང་ཉིད་ལས། ། གདུག་པ་ལོག་ལྟ་འདུལ་སླད་དུ།། སྔོན་གྱི་སྨོན་ལམ་རྗེས་དགོངས་ཏེ།། སྙིང་རྗེ་ཆེན་པོས་བདག་ལ་དགོངས།། ཞེས་བསྐུལ་བས། དཔལ་ཁྲག་འཐུང་གི་རྒྱལ་པོས་བསྐུལ་བར་མཁྱེན་ནས། དེ་བཞིན་ཉིད་ལས་གཡོས་ཏེ། གདུག་པ་ཅན་གྱི་ཚོགས་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ཆེན་པོས་གཟིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་གདུག་པ་ཅན་གྱི་ཚོགས་ཐམས་ཅད་ཡིད་གཉིས་དང་བཅས་པའི་རང་བཞིན་ཉིད་དུ་གྱུར་ཏོ། ། དེ་ནས་ཡབ་ཡུམ་འབར་མས་གཡན་པའི་ངང་ཚུལ་ལས་གླུ་འདིས་བསྐུལ་ལོ།། ཨེ་མ་ཧོ་འཁོར་བར་འཁྱམས་འཛིན་སྙིང་རྗེ་ནི། ། ཐུགས་རྗེས་སྨོན་ལམ་མཐའ་ཡི་དབང།། མ་བསྒྲིབས་གསལ་བའི་ངང་ཉིད་ལས།། གསལ་བའི་གསུང་མཆོག་བསྟན་དུ་གསོལ།། ཞེས་རྣམ་པར་བསྐུལ་ལོ།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས་བསྐུལ་བར་ཐུགས་ཀྱིས་མཁྱེན་ཏེ། དེ་བཞིན་ཉིད་ལས་སྨོན་ལམ་གྱི་དབང་གིས་རོལ་པའི་ཆོ་འཕྲུལ་རྣམ་པར་བྱུང་སྟེ།། རྣམ་པར་གསལ་བར་མཛད་པའི་གཟིམ་དངས་ནི། དུས་མཐའི་མེ་ཆེན་པོ་རབ་ཏུ་འབར་བའི་འོད་རྔམ་པའི་སྐུ་མངོན་དུ་ཕྱུང་ངོ།། དེའི་ཚེ་གདུག་པ་ཅན་གྱི་ཚོགས་ཐམས་ཅད་གཏུམ་པའི་ཡིད་བསྐྱེད་པར་གྱུར་ཏོ།། དེ་ནས་སྐུ་གསལ་བའི་ངང་ལས་ཡུམ་སྡུད་མས་གླུ་འདིས་བསྐུལ་ལོ། ། ཨེ་མའི་ཐབས་ཀྱི་སྐུ་མཆོག་གསང་བའི་ངང།། རྣམ་དག་དྲི་མ་མེད་པའི་འོད།། ཡོངས་གསལ་ངང་ལས་སེམས་ཅན་དོན།། ཁྲོས་པའི་སྐུ་མཆོག་བསྟན་དུ་གསོལ། ། ཞེས་པ་རྣམ་པར་བསྐུལ་ལོ།། བཅོམ་ལྡན་འདས་དཔའ་ཁྲག་འཐུང་གི་རྒྱལ་པོས་བསྐུལ་བར་མཁྱེན་ནས། ཁྲོས་པའི་རྒྱལ་པོས་འོད་ཟེར་དྲག་པོ་ཕྱོགས་བཅུར་བཀྱེ་བར་གྱུར་ཏོ། ། དེའི་ཚེ་གདུག་པ་ཅན་གྱི་ཚོགས་ཐམས་ཅད་མི་བཟོད་པའི་ངང་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་འོད་ཟེར་གྱི་ངང་ལས་ཡུམ་འཐོར་བྱེད་མས་གླང་འདིས་བསྐུལ་ལོ།། ཨེ་མའོ་གསང་བའི་འོད་ཟེར་འབར་བ་ཡི། ། གདུག་པ་འཇོམས་པ་དྲག་པོའི་འོད།། རོལ་པའི་གདང་སྒྲས་འཇིགས་པའི་སྐུ།། ཁྲོས་པའི་སྐུ་མཆོག་བདག་ལ་རྩོལ།། ཧོ་ཞེས་རྣམ་པར་བསྐུལ་བས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གིས་རྒྱལ་པོས་བསྐུལ་བར་ཐུགས་སུ་ཆུད་དེ། འོད་ཟེར་གྱི་ངང་ལས་གདུག་པ་ཐམས་ཅད་བསྒྲལ་བའི་དོན་དུ། ཐུགས་རྗེའི་དབང་གིས་ཁྲོས་པའི་སྐུར་ཡེ་ཤེས་ལས་སྤྲུལ་པར་མཛད་དོ། ། དེའི་ཚེ་གདུག་པའི་ཚོགས་ཐམས་ཅད་རབ་ཏུ་རྔམ་པའི་ཚུལ་སྟོན་པའི་གྱུར་ཏོ།། དེ་ནས་ཡང་སྐུ་ཁྲོས་པའི་རྒྱལ་པོའི་ངང་ལས་ཡུམ་རལ་པ་གསུམ་པ་མས་ཡང་གླུ་འདི་སྐད་བསྐུལ་ལོ། ། ཨེ་མའོ་ཁྲོས་པའི་སྐུ་མཆོག་གསལ་བ་ལས།། རོལ་པའི་གར་གྱིས་ཐམས་ཅད་སྐྲག། ཁྲོས་པའི་ངང་ཉིད་གདང་སྒྲ་ཅན།། ཁྲོས་པས་སྐུ་ཡི་རོལ་པ་མཛད་ཧོ།། ཞེས་བསྐུལ་བས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོས་བསྐུལ་བར་རབ་ཏུ་མཁྱེནནས་ཁྲོས་པའི་སྐུ་མི་བཟད་པ་ཞལོ་གསུམ་པ་གཡས་དཀར་བ། གཡོན་དམར་བ། དབུས་མཐིང་ནག་ཏུ་བཞུགས་པ། ཕྱག་དྲུག་དང་ལྡན་པ། ཡེ་ཤེས་རྡོ་རྗེ་རྩེ་དགུ་པ། བན་དྷ་དང། རྡོ་རྗེ་རྒྱ་གྲམ་དང། ཁ་ཊྭཱཾ་ཁ་དང། རི་རབ་ཕུར་བུ་བསྣམས་པ། མཆེ་བ་གཙིགས་པ་དང། ཨག་ཚོམ་འབར་བ་དང། སྨིན་མ་གཡོས་པའི་བར་ནས་གཉེར་མ་འགྲང་བ་དང། སྟག་གི་པགས་པས་ཤམས་ཐབས་བྱས་པ་དང། ཞབས་གྱང་ཀྱི་དོར་ཐབས་སུ་བཞུགས་པ། གདུག་པའི་ཁྲོ་ཚུལ་རྣམ་པ་སྣ་ཚོགས་པ་གཅིག་ཏུ་ཁྲོས་པའི་རྒྱལ་པོའི་ཚོགས་དང། ཡུམ་གཏུམ་མོ་ལ་སོགས་པ་རྣམ་པར་གཟིགས་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོས། འཁོར་གྱི་དཀྱིལ་འཁོར་དེ་ཉིད་ལ་ཡོངས་སུ་གཟིགས་ཏེ། གདུག་པའི་རང་སྒྲ་ཧན་ད་ཧའི་སྒྲ་སྒྲོགས་ཤིང། རྡོ་རྗེའི་གླུ་དང། གར་གྱི་རྣམ་པ་མང་པོ་དག། མགོ་བོ་དང། རྐང་པ་དང། ལག་པ་དང། རྐེད་པ་ལ་སོགས་པའི་གར་དང། རོལ་མོའི་རྩེད་མོ་དང། སོས་པྲད་པ་དང། ཚེམས་ཀྱིས་མནན་པ་དང། པདྨར་སྦྱོར་བ་དང། འཁྱུད་པའི་སྟབས་དང། འཇོ་ཚུལ་དང། སྨིན་མ་འབར་བ་བསྙལ་ཏེ། སྤྱན་མཛེས་པས་ལྟ་ཞིང། ཞལ་འཛུམ་བག་དང་བཅས་པས་རྣམ་པར་བསྐྱོད་པའི་རང་བཞིན་གྱིས་འདོད་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཅང་མི་གསུང་བར་གྱུར་ཏོ།། དེ་ནས་ཡང་ཡུམ་རལ་པ་གསུམ་མས། ཁྲོས་པའི་ངང་ལས་ཞལ་འཛུམ་བག་དང་བཅས་ཤིང་ནུ་མ་གྲོལ་བ་དང། ལུས་གློད་པ་དང། སྟེག་པའི་གཟི་མདངས་ཀྱིས། བཅོམ་ལྡན་འདས་ལ་ལྟ་ཞིང་འདི་སྐད་ཅེས་བསྐུལ་ལོ། ། གདུག་པའི་ཚོགས་རྣམས་འཇོམས་པའི་ཕྱིར།། སྐུ་མཆོག་ཁྲོས་པའི་རྒྱལ་པོ་ཡིས།། མ་ཆགས་པདྨའི་མཁའ་ཀློང་དུ།། བྱང་ཆུབ་སེམས་ཀྱི་ཆར་ཆེན་ཕོབ་ཧོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོས་བསྐུལ་བར་ཐུགས་སུ་ཆུད་དེ། ལན་འདི་གསུངས་སོ།། ཨེ་མ་ཧོ་རྨད་བྱུང་གསང་བའི་མཁའ།། གསལ་ལ་དག་པས་གོས་པ་མེད།། གསང་བའི་རྡོ་རྗེ་དགྱེས་ཆེན་པོ། ། ག་བུར་དྲི་ལྡན་རྒྱུན་མི་བཅོད་ཧོ།། ཞེས་གསུངས་སོ།། དེའི་ཚེ་ལོག་པའི་དང་རྒྱལ་ཅན་གྱི་མ་དང་བུ་མོའི་ཚོགས་ཐམས་ཅད་ཆགས་སེམས་སྐྱེས་པར་གྱུར་ཏོ།། དེ་ནས་ཁྲོས་པའི་རྒྱལ་མོས། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ལ་བསྐུལ་བའི་གླུ་འདི་བླངས་སོ།། ཧཱུཾ། དྲི་མེད་བྱང་ཆུབ་སེམས་ཆེན་པོ།། ཁྲོས་པའི་སྐུ་རྣམས་བསྐྱེད་པའི་རྒྱུ།། གདུག་པ་མ་ལུས་བསྒྲལ་བས་ཕྱིར། ། ཁྲོས་པའི་སེམས་དུ་བསྒྲུབས་མཛོད་ཅིག། ཧོ་ཞེས་རྣམ་པར་བསྐུལ་ལོ།། ཡང་དེའི་ཚེ་དྲེགས་པའི་ཚོགས་ཀྱིས།། མ་དང་བུ་མོའི་ཚོགས་ཐམས་ཅད་གཡོས་པའི་སེམས་དང་ལྡན་པར་གྱུར་ཏོ། ། དེ་ནས་ཁྲོས་པའི་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ལ་ཡབ་ཀྱིས་བསྐུལ་བའྀ་གླུ་འདིས་བསྐུལ་ལོ།། ཧཱུ~ཾ། པདྨ་མ་ཆགས་དག་པའི་ཀློང།། གདུག་པ་སྒྲོལ་བའི་བྱང་ཆུབ་སེམས།། གདོད་ནས་དག་པའི་གཞལ་ཡས་སུ། ། ཁྲོས་པའི་ཚོགས་རྣམས་འབྱུང་བའི་དབྱིངས།། ཧོ་ཞེས་རྣམ་པར་བསྐུལ་ལོ།། དེ་ནས་དེའི་ཚེ་དྲེགས་པའི་ཚོགས་རྣམས་ཡུལ་ལ་ཆགས་པའི་སེམས་དང་ལྡན་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཁྲོས་པའི་རྒྱལ་པོ་ཡིས།། གསང་བའི་སྔགས་ཚིག་འདི་གསུངས་སོ།། ཨེ་མའོ་རང་བཞིན་ཁྲོས་པ་ནི།། འོད་དྲག་འབར་བ་འཕྲོས་པ་ཡིས།། སངས་རྒྱས་དུས་གསུམ་དྲག་པོར་བསྐུལ། ། དེ་ཉིད་མ་བཅོས་བྱང་ཆུབ་སེམས།། དེ་ཉིད་གསལ་བའི་ངང་ཚུལ་དང།། གདུག་པ་མི་གནས་ལྷན་ནེའོ།། འགྲོ་བའི་བདག་པོ་མི་གནས་པའི།། ཐམས་ཅད་དོན་དམ་བྱང་ཆུབ་སེམས། ། ཞེས་གསུངས་སོ།། དེའི་ཚེ་དྲེགས་པའི་ཚོགས་ཐམས་ཅད་ཞུམ་པའི་སེམས་དང་ལྡན་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུག་གི་རྒྱལ་པོས། དུར་ཁྲོད་རོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་འབྱུང་གི་གཞལ་ཡས་ཁང་འཇོམས་པའི་སྟོབས་དང་ལྡན་པ། རལ་པ་གསུམ་མའི་མཁའ་མཐིང་ནག་གྲུ་གསུམ་འབར་བ་གསལ་བར་བྱ་བའི་ཕྱིར། ། སྐུ་གསུང་ཐུགས་གསང་བ་ལས་འཇོམས་པའི་སྔགས་འདི་ཕྱུང་ངོ།། ཨེ་དེའི་ཚེ་དྲེགས་པའི་ཚོགས་མ་ལུས་པ་ཐམས་ཅད་ལུས་སྒྱིད་ལུགས་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོདེས། མ་ཆགས་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། པཱ། དེའི་ཚེ་དྲེགས་པའི་ཚོགས་མ་ལུས་པ་ཐམས་ཅད་མཁའ་ཞུམ་པར་གྱུར་རོ། ། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོས། ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ། ། ཧཱུཾ། དེའི་ཚེ་དྲེགས་པའི་ཚོགས་ཐམས་ཅད་སེམས་འདར་བ་དང་བཅས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུག་གི་རྒྱལ་པོ་དེས།། འཐོར་བྱེད་བསྐྱོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཡཾ། དེའི་ཚེ་གདུག་པའི་ཚོགས་ཐམས་ཅད་ཡང་བ་དང་བཅས་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་དེས། འཇོམས་པ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ། ། རཾ། དེའི་ཚེ་དྲེགས་པའི་ཚོགས་ཐམས་ཅད་ཁོང་ནས་ཚ་བ་སྐྱེས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་དེས། དབང་སྡུད་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཁཾ། དེའི་ཚེ་གདུག་པའི་ཚོགས་ཐམས་ཅད་ལུས་ལ་ཆུའི་ཕུང་པོ་འཁྲུག་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་དེས། ཐམས་ཅད་གནས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། སུཾ།། དེའི་ཚེ་གདུག་པའི་ཚོགས་ཐམས་ཅད་ལུས་སྐམ་པའི་རང་བཞིན་དུ་གྱུར་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་དེས། ཤིན་ཏུ་བརྗིད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་བྱུང་ངོ།། ཀེཾ། དེའི་ཚིག་གདུག་པའི་ཚོགས་ཐམས་ཅད་རུས་པའི་ཕུང་པོ་ཤིག་གིས་བྱེ་བར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔག་ཁྲག་འཐུང་གི་རྒྱལ་པོ་དེས། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། བྷྲུཾ། དེའི་ཚེ་དྲེགས་པའི་ཚོགས་ཐམས་ཅད་ལུས་ངག་ཡིད་གསུམ་འདར་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་དེས། ། རབ་ཏུ་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཧེ་ཤ་ཧཱུཾ་ཀར་མ་རཀྴ་ཧེ། རཾ་བཛྲ་ཛྭ་ལ་རཾ། ས་མ་ཡ་ཧཱུཾ། ནིར་ཏི་མཎྜ་ལ། བནྡྷ་ཛྙཱ་ན་ཙཀྲ། པདྨ་མཎྜ་ལ། ཨ་ཙན་ཏྲ། མ་སུརྱ་ཛ་ལ་མ་བ། ཧཱུཾ་པདྨ་མཎྜ་ལ། ཀརྨ་ཧཱུཾ། དེའི་ཚེ་གདུག་པའི་ཚོགས་ཐམས་ཅད་རབ་ཏུ་བྲེད་པར་གྱུར་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་དེས། འཁོར་ཡོངས་སུ་གསལ་བར་ལྟས་ཏེ། རབ་ཏུ་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ། ། ཧཱུཾ་ཧཱུཾ་ཧཱུཾ། དེའི་ཚེ་དྲེགས་པའི་ཚོགས་ཐམས་ཅད་བ་སྤུ་ལངས་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་དེས། རབ་ཏུ་ཁྲོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་གསང་བ་ལས་རབ་ཏུ་ཁྲོས་པའི་སྔགས་འདི་ཕྱུང་ངོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཏྲག་རཀྴ་ར་བ་ཧཱུཾ། ཞེས་སྟོན་པ་དེའི་ཚེ། རབ་ཏུ་ཁྲོས་པའི་མི་བཟད་པ་དབུ་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། ཞབས་བྱེ་བ་སྟོང་མངའ་བས། ཕྱོགས་མཚམས་ཀྱི་དྲེགས་པ་ཅན་ཐམས་ཅད་གནོན་པ། སྐུ་ལས་དྲག་པོའི་འོད་འབར་བས་ཁམས་གསུམ་ཐམས་ཅད་སྲེག་པར་མཛད་པ། ལྗགས་ལས་གློག་སྟོང་འགྱུ་བ། ཤངས་ལས་རླུང་ནག་འཁྱིལ་བ་འབྱུང་བ། སྤྱན་ལས་གདུག་པའི་འོད་ཟེར་ལ་མེ་ཆུ་བྱུག་པ་གཅིག་ཏུ་གསལ་བར་གྱུར་ཏོ། ། ཡུམ་རལ་པ་གསུམ་མ་ཡང་སྐུ་ལ་འཁྲིལ་ཏེ་གཉིས་སུ་མེད་པར་བཞུགས་སོ།། དེའི་ཚེ་གདུག་པའི་ཚོགས་ཐམས་ཅད་རབ་ཏུ་བཏུལ་བའི་ཆ་ལུགས་སྟོན་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། རབ་ཏུ་གདུག་པའི་སྔགས་ཚིག་འདི་གསུངས་སོ།། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལི་ཀི་ལཱ་ཡ་བི་ཤ་ཀྲོ་དྷ་ཛ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཏྲག་རུ་དྲ་མཱ་ར་ཡ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བསྒྲགས་པས། དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དྲག་པོའི་ལས་ལ་བསྐུལ་བར་གྱུར་ལ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལས་ཀྱང་ཁྲོ་བོ་རོལ་བའི་ཚོགས་རབ་ཏུ་མིབཟད་པ་མང་པོ་ཐོན་ཏེ། དབུ་སྟོང་མངའ་བ། ཕྱག་སྟོང་མངའ་བ། སྤྱན་བྱེ་བ་སྟོང་སྟོང་མངའ་བ་ཐོན་ཏེ། ཞལ་ནས་གདུག་པའི་སྔགས་ཚིགས་ཧན་དང་ད་ཧའི་གསུང་དྲག་པོ་སྒྲོགས་པ་མང་པོ་ཐེན་པ། དེའི་ཚེ་འཇིག་རྟེན་དྲུག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་བྲེད་ཅིང་བརྒྱལ་ནས། ས་གཞི་ལ་སོགས་པ་ཡང་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ།། ཚིག། རབ་ཏུ་ཚིག། ཀུན་ཏུ་རབ་ཏུ་ཚིག་གོ། འཐོར། རབ་ཏུ་འཐོར། ཀུན་ཏུ་རབ་ཏུ་འཐོར་རོ།། འུར། རབ་ཏུ་འུར། ཀུན་ཏུ་རབ་ཏུ་འུར་རོ། ། ཆེམ། རབ་ཏུ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་མོ།། དེའི་ཚེ་གདུག་པའི་ཚོགས་ཐམས་ཅད་དྲེགས་པའི་གཏུམ་ཚིག་སྨྲ་བར་གྱུར་ཏོ།། དབང་ཕྱུག་ཆེན་པོའི་འཁོར་དང་བཅས་པ་དང། བརྒྱ་བྱིན་འཁོར་དང་བཅས་པ་དང། ཚངས་པ་འཁོར་དང་བཅས་པ་དང། ཁྱབ་འཇུག་འཁོར་དང་བཅས་པ་དང། འཇིག་རྟེན་ཕུང་བར་བྱེད་པ་རུ་ཏྲའི་ཚོགས་ཐམས་ཅད་རང་རང་གི་མཐུས། ཐམས་ཅད་སྐྲག་པར་བྱ་བའི་མཐུས་བསམ་གྱིས་མི་ཁྱབ་པ་སྟོན་ཅིང། གཏུམ་པའི་ཚིག་སོད་ཆོད་ལ་སོགས་པ་མང་དུ་འདོན་ཅིང་ཁྲོ་གཏུམ་པར་གྱུར་ཏོ་=་དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་རབ་ཏུ་འགུགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལ་ལས་སྔགས་འདི་ཕྱུང་ངོ།། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུཾ་ཧོ། ། ཞེས་བརྗོད་པས། ཕྱོགས་བཅུའི་དྲེགས་པ་ཅན་ཐམས་ཅད་ཐང་ཅིག་ཡུད་ཙམ་ལ་འདུས་པར་གྱུར་ཏོ།། ཡན་ལག་ལ་སོགས་བསྐྱོད་པའི་མཐུན་མེད་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། སྒྲོལ་བ་ལས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྒྲོལ་བའི་སྔགས་འདི་ཕྱུང་ངོ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུཾ་མཱ་ར་ཡ་ཧཱུཾ། ཅེས་བརྗོད་པས། ཁྲོས་པས་ཚོགས་རབ་ཏུ་གཏུམ་པ་རྣམས་ཀྱིས་གདུག་པའི་ཚོགས་ཐམས་ཅད་བསྒྲལ་བར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཁྲོས་པའི་ཚོགས་ཐམས་ཅད་རང་བཞིན་བསྒྲུབ་བའི་གནས་སུ་གཤེགས་སུ་གསོལ་ནས། དབུ་མ་ལ་བཀོད་པ་མཛད་དོ།། དེ་ནས་ཡང་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ཡུམ་དགྱེས་པ་བསྐྱེད་དེ་གཉིས་སུ་མེད་པར་སྙོམས་པར་ཞུགས་ཏེ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཧཱུཾ། ཞེས་བརྗོད་པས། དཔལ་ཁྲག་འཐུང་གི་མདུན་ནས་སྲས་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ། ཞལ་རྔམ་པ། མཆེ་བ་གཙིགས་པ། ཨག་ཚོམས་འབར་བ། སྨིན་མ་རབ་ཏུ་གཡོས་པ། ཞིང་གི་གཡང་གཟི་སྐུ་ལ་གསོལ་བ། ཐོད་པ་སྐམ་རློམ་གྱིས་སྐུ་ལ་བརྒྱནཔ། སྦྲུལ་རིགས་བཞིས་མདོ་རྣམས་བརྒྱན་པ། སྟག་གི་པགས་པས་ཤམ་ཐབས་བྱས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པ། རལ་པའི་ཐོར་ཚུགས་གྱེན་དུ་འགྲེང་བ་གཅིག་ཏུ་གསལ་བར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ། གདུག་པ་ཅན་ཐམས་ཅད་འདུལ་བའི་ཆེད་དུ་དབང་བསྐུར་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ། ། ཨ་བྷི་ཥིཉྩ་ཏུ་མཾ། ཞེས་བརྗོད་པས། སྲས་མཆོག་རྡོ་རྗེ་གཞོན་ནུའི་དབུ་ལ་རིགས་ལྔའི་ཁྲག་འཐུང་ལྔས་བརྒྱན་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀི་ལ་ཡས། བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཨོཾ་ཨ་ཨ་ཨ་མྲྀ་ཏ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་པས། དེའི་ཚེ་སྲས་མཆོག་རྡོ་རྗེ་གཞོན་ནུའི་ལུས་འབར་བའི་འོད་དྲག་པོ་དང་ལྡན་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུག་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། གསང་བ་རོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། གུ་ཧྱ་ས་མ་ཧཱུཾ། ཞེས་བརྗོད་པས། དེའི་ཚེ་སྲོས་མཆོག་རྡོ་རྗེ་གཞོན་ནུ་ཞེ་སྡང་རྩེ་གཅིག་པ་དང་ལྡན་པར་གྱུར་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། རབ་ཏུ་ཁྲོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་རབ་ཏུ་འབར་བའི་སྔགས་འདི་ཕྱུང་ངོ། ། བཛྲ་ཛྭ་ལ་རཾ། ཞེས་བརྗོད་པས། སྲས་མཆོག་རྡོ་རྗེ་གཞོན་ནུ་དུར་ཁྲོད་ཀྱི་མེ་རི་སྨུག་ནག་གི་ནང་ན་བཞུགས་ཤིང། རྒྱན་པ་རྣམ་པ་སྣ་ཚོགས་ཀྱི་བརྒྱན་ནས་བཞུགས་པར་གྱུར་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀི་ལ་ཡས། ཆོས་ཀྱི་དབྱིངས་རང་བཞིན་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ས་མ་ཡ་སྟྭཾ།། ཞེ་བརྗོད་པས། དེའི་ཚེ་སྲོག་རྡོ་རྗེ་གཞོན་ནུའི་སྐུ་ལ། ཡུམ་རལ་པ་གཅིག་མ་འཁྲིལ་བའི་ངང་ཚུལ་གྱིས་གཉིས་སུ་མེད་པར་བཞུགས་སོ། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས།། བྱང་ཆུབ་སེམས་དཔའ་རྒྱན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ། ། བཛྲ་བཛྲ་བཛྲ་ཨོཾ་ཨཿཧཱུཾ། ཞེས་བརྗོད་པས། དེའི་ཚེ་སྲས་མཆོག་རྡོ་རྗེ་གཞོན་ནུའི་ཕྱག་དང་པོར་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་ཅིག་གནས་པ་དང། བར་མ་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་དང་ལྡན་པར་གྱུར་ལ། ཐ་མ་རི་རབ་རབ་ཏུ་བརྗིད་པ་ཅིག་བསྣམས་པ། དེ་བཞིན་དུ་གཡོན་པར་བན་དྷ་ཁ་ཊྭཱཾ་ག་ཕུར་བུ་བསྣམས་པ་དང་ལྡན་ཏེ། བཀའ་ནོད་པའི་ཚུལ་དུ་ཡོངས་སུ་ཞུགས་ནས་བཞུགས་སོ། ། དེའི་གདུག་པ་ཅན་གྱི་ཚོགས་མ་ལུས་པར་ཞབས་འོག་ཏུ་བརྫིས་ནས་བཞུགས་སོ།། རྣམ་པར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། རབ་ཏུ་ཁྲོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིབྟ། ཙཀྲ་ཨོཾ་ཧཱུཾ་བཛྲ་ཀཱི་ལ་ཡ་ཏིབྟ་ཙཀྲ་ཧཱུཾ། ཏྲཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཏིབྟ་ཙཀྲ་ཏྲཾ། ཨ་བཛྲ་ཀཱི་ལི་ཀཱིའ་ལ་ཡ་ཏིབྟ་ཙཀྲ་ཨ། ཧ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིབྟ་ཙཀྲ་ཧྲི། ཞེས་བརྗོད་པས། གསོད་པ་ལས་ཀྱི་ཕུར་པ་དང། འཕེལ་བྱེད་ལས་ཀྱི་ཕུར་པ་དང། དབང་སྡུད་ལས་ཀྱི་ཕུར་པ་དང། ཞི་བྱེད་ལས་ཀྱིཕུར་པ་དང། ཐམས་ཅད་འཇོམས་པ་ལས་ཀྱི་ཕུར་པ་རྣམས་འཐོན་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀི་ལ་ཡས་འཛིན་བྱེད་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཛ་ཧཱུཾ་བཾ་ཧོ།། ཞེས་བརྗོད་པས། དེའི་ཚེ་བགེགས་ཀྱི་རྒྱལ་པོའི་ཚིགས་མ་ལུས་པར་འདུས་པར་གྱུར་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། སྒྲོལ་བ་ལས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷན་ན་བཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲུཾ་ཧཱུཾ་ཕཊ། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་ཧྲི་ཧ་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀརྨ་ཀཱི་ལི་ཀཱ་ལ་ཡ་ཧྲི་ད་ཡ་ཧཱུཾ་ཕཊ། ཀྲོ་དྷས་མ་ཡ་ཀཱི་ལི་ཀཱི་ལ་ཡ་ཧེ་ཧཱུཾ་ཕཊ། ཅེས་བརྗོད་པས། སོ་སོའི་ལས་ཡོངས་སུ་རྫོགས་པའི་བཛྲ་འདུས་བའི་སྲས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང། རཏྣ་འདུས་པའི་སྐུ་ཡོངས་སུ་རྫོགས་པ་དང། པདྨ་འདུས་པའི་སྐུ་ཡོངས་སུ་རྫོགས་པ་དང། ཀརྨ་འདུས་པའི་སྐུ་ཡོངས་སུ་རྫོགས་པ་དང། ཐམས་ཅད་འདུས་པའི་སྐུ་ཡོངས་སུ་རྫོགས་པར་གྱུར་ཏེ། དབུ་གསུམ་པ། ཕྱག་དྲུག་པ། སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། དབུའི་རལ་པ་ཁམ་ནག་གྱེན་དུ་འབར་བའི་དབཡས་ནས་འོད་འབར་བ། རལ་བའི་ཐོར་ཙུགས་ཀྱི་མཐའ་ནི་རིགས་ལྔ་ཁྲག་འཐུང་གིས་དབུ་བརྒྱན་ཅིང་འོད་འཕྲོ་བ། ཐུགས་ལ་དཔལ་ཁྲག་འཐུང་གི་ཚོགས་ཀྱི་མཐུས་རབ་ཏུ་ཁྲོས་པའི་ཞེ་སྡང་བཅས་པ། ཞལ་ནས་གདུག་པའི་སྔགས་ཟློས་ཤིང་བགེགས་ཀྱི་ཚོགས་འདུལ་བ། གཡས་གཡོན་དང་པོ་ན་རྡོ་རྗེ་དང་བནྡྷ་བསྣམས་པ། བར་པན་དགྲ་སྟེ། ཐ་མ་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། གཡོན་བར་བན་ཁྭ་ཊྭཱཾ་ཁ་གྲོལ་བ། ཐ་མ་ན་ཕུར་པ་འདྲིལ་བ་ཅིག། སྲས་མཆོག་རྡོ་རྗེ་གཞོན་ནུའི་བཀའ་ནོད་པའི་སྤྱན་མངའ་ན་བཞུགས་པ་གཅིག་ཏུ་གྱུར་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ། རབ་ཏུ་གཏུམ་ཞིང་ཁྲོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་བསྐུལ་བའི་ཚིག་འདི་གསུངས་སོ།། ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། བཛྲ་འདུས་པའི་སྲས་མཆོག་ཀཱི་ལ་ཡས། ། ཐུགས་མཆོག་མཉམ་པའི་དབྱིངས་ནས་སྤྲུལ་པ་འགྱེད།། ཞེ་སྡང་བདུད་འདུལ་མཐིང་ནག་གཅེར་བུ་ལ།། ཞེ་སྡང་འདོད་ཆགས་ཅན་གྱི་སྙིང་ལ་ཐོབ།། སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། ། རཊྣ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། གསུང་མཆོག་བསྒྲགས་བས་ཐམས་ཅད་ཟིལ་གྱིས་གནོན།། ཕྲ་མ་མ་བྱིན་ལེན་གྱི་སྙིང་ལ་ཐོབ།། ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། ། ཀརྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། འཕྲིན་ལས་དྲག་པོས་གདུག་པ་མ་ལུས་སྒྲོལ།། ངག་རྩུབ་གནོད་སེམས་ཅན་གྱི་སྙིང་ལ་ཐོབ།། སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། ། བུདྡྷ་འདུས་བའི་སྲས་མཆོག་ཀཱི་ལ་ཡ།། ཁྲོས་པའི་སྐུ་ལས་སྤྲུལ་པ་སྣ་ཚོགས་འགྱེད།། ཡོན་ཏན་སྐུ་རྫོགས་འོད་དཔུང་དབྱིངས་སུ་འཁྱིལ།། སྲོག་གཅོད་ལོག་པར་ལྟ་བའི་སྙིང་ལ་ཐོབ། ། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། པདྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། མཐིང་ནག་ཁྲོས་པའི་སྐུ་ནི་ཁམས་གསུམ་འདུ་ལ།། ང་རྒྱལ་ལོག་པར་ལྟ་བའི་སྙིང་ལ་ཐོབ། ། བསྐལ་བ་མེད་ལྟར་འབར་བའི་ཀློང་དཀྱིལ་ནས།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ།། ཁྲོས་པའི་རྒྱལ་པོ་སྐུ་མཆོག་མི་བཟད་པ།། ཁྱེད་ཀྱི་བསྒྲལ་བའི་སྐུ་མཆོག་གསལ་བར་མཛོད། ། ཅེས་བརྗོད་པས།། སྲས་མཆོག་རྡོ་རྗེ་གཞོན་ནུ་ཁྲོས་པའི་སྐུ་འབར་བས་ལུས་ཐམས་ཅད་ཟློག་སྟེ། ཁྲོ་བོ་སོ་སོའི་ལས་མཐར་ཕྱིན་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ཡང་དག་པར་འབྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྐུ་གསུང་ཐུགས་གསང་བ་ལས་སྔགས་ཚིག་འདི་གསུངས་སོ།། བྱང་ཆུབ་སེམས་མཆོག་གསལ་བ་ཡིས། ། གདོད་ནས་དག་པའི་རིན་ཆེན་འོད།། ལོག་བའི་ཡེ་ཤེས་གཟེར་བསྲེགས་ན། དངས་མ་ཡེ་ཤེས་ང་བཀོད་དེ།། ཞེས་གསུངས་སོ།། དེའི་ཚེ་བགེགས་ཀྱི་རྒྱལ་པོའི་ཚོགས་ཐམས་ཅད་ལོག་པའི་ཤེས་པ་ནི་བསྒྲལ། རྣམ་པར་སྨིན་པའི་ལུས་ནི་ཞལ་དུ་གསོལ་ཏེ་ལྷག་མ་དང་བཅས་པར་གྱུར་ཏོ།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་ཞི་བ་ཆེ།། གསང་བའི་ཐབས་ལ་ཐམས་ཅད་རྒྱས།། འདོད་པའི་བདུན་པ་ཐམས་ཅད་དབང།། གདུག་པ་འདུལ་བའི་ཁྲག་འཐུང་གཙོ། ། ཐབས་ལས་ཡོངས་རྫོགས་མངའ་བདག་ཆེ།། བདེ་བའི་ངང་ལས་ཐམས་ཅད་ཤར།། གདུག་པའི་ལས་ཅན་དྲེགས་པའི་ཚོགས།། གནས་ལ་བཀོད་པའི་ལས་མཛད་ན།། ཆགས་པའི་དབང་བབས་ཚོགས་བཅས་ཀུན། ། དབང་སྡུད་ལས་རྣམས་མི་འཚལ་ལམ། བསྡུ་བའི་ཐབས་རྣམས་ཇི་ལྟར་བསྡུ།། ཁྲག་འཐུང་རྒྱལ་པོས་བཀའ་རྩོལ་ཅིག། ཅེས་གསོལ་པ་དང། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། དབང་སྡུད་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཧཱུཾ་ཧཱུཾ་ཧཱུཾ་ཨེ་ཨ་ར་ལི་རུ་རུ་རོ་རུ་བ་ཏི་སི་ཛ་ཡ་རུ་གྱི་ཁྲིད་ཤ་རུ་ལུ་རུ་ལུ་བྷྱོ་བྷྱོ། ཞེས་བརྗོད་པས། དེའི་ཚེ་དྲེགས་པའི་ཚོགས་ཀྱི་མ་དང་བུ་མོའི་ཚོགས་ཐམས་ཅད་ཤིན་ཏུ་གཡོས་པའི་སེམས་དང་ལྡན་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདསདཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ཁྲོས་པའི་འོད་ཟེར་སྤྲིན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐབས་ཀྱི་དཀྱིལ་འཁོར་འདི་གསུངས་སོ།། རྡོ་རྗེ་ཁྲོས་པས་ལས་རྣམས་བྱ། ། སྟོང་པ་ཆེན་པོའི་སེམས་འབྱུང་གསལ།། དེ་ཡི་ངང་ལ་སྣང་བསྐྱེད་པ།། གཡོ་དང་བཅས་པའི་སེམས་འབྱུང་བའོ།། འབྲས་བུ་རང་བཞིན་གསལ་བའི་མཆོག། ཐུགས་ཀྱིས་ས་བོན་གྱིས་མཚོན་བྱ།། འདོད་ལས་ཐམས་ཅད་ལྷན་ནེ་བའོ།། བཀའ་དང་བཅས་པའི་རང་བཞིན་གསལ།། གསལ་གྲུབ་བདེ་བའི་ངང་ཉིད་ཅན།། ཐམས་ཅད་བདེ་བའི་རྒྱན་དུ་མཛད། ། གསལ་བའི་སྙིང་པོ་རྫོགས་པར་ལྡན་ཆོས་སྐུའི་ངང་ལས་ཐམས་ཅད་ཤར།། འབྱུང་བའི་རང་བཞིན་རབ་གསལ་བས།། གསལ་བའི་དབྱིངས་མཆོག་རྒྱན་དུ་ཆེ།། རང་བཞིན་གྲུབ་པའི་གནས་མཆོག་ནས། ། བསྐུལ་བའི་འབྲས་བུ་གསལ་མཐོང་ན།། མཆོད་པ་ཆེན་པོ་བདེ་བ་ཆེ།། གསང་བའི་ངང་ཚུལ་རྒྱན་མངའ་བ།། འཁྲིལ་བའི་བྱང་ཆུབ་སེམས་གང་མཆོད།། རྡོ་རྗེ་གཞོན་ནུ་ཆོས་ཀྱི་སྐུ། ། སྟོབས་ལས་ཡོངས་སུ་གྲུབ་པའི་སྐུ།། བདུད་རྩི་རྒྱུན་ནི་ཡང་དག་འཁྱིལ།། ཁམས་གསུམ་ལས་ལས་ཡོངས་སུ་རྒྱལ།། རང་གྲུབ་པའི་བདེ་བ་ཆེ།། ཁྲོས་པའི་རྒྱལ་པོ་ལོངས་སྤྱོད་མཁྱེན། ། ཁྲོས་པའི་ཚོགས་གཉིས་གསལ་བར་བྱུང།། སེམས་ཅན་དོན་དུ་ཐམས་ཅད་བཀོད།། སྤྲུལ་པའི་སྐུ་སྟེ་དེ་ཉིད་ཡིན།། གསང་བའི་དོན་གྱིས་ཡོངས་འགྲུབ་གསོལ།། བདུད་རྩིའི་དབང་དག་གང་བའི་རྒྱུ། ། འབྲས་བུ་ཡེ་ཤེས་མངོན་དུ་ཤར།། གསང་བའི་དོན་ལ་ཡང་དག་འབྱུང།། ལུས་དང་མཆོག་གི་འབྲས་བུ་སྨིན།། བྱང་ཆུབ་སེམས་མཆོག་གསལ་བའི་དབྱིངས།། དགོངས་པ་ཡོངས་རྫོགས་གསལ་བའི་དོན། ། འབྲས་བུ་སེམས་ཉིད་གསལ་བར་མཛད།། དེ་ནས་ཆོས་ཀྱི་དབྱིངས་ཕྱོགས་གྱུར།། དེ་ནས་སྲས་ཀྱི་རྒྱལ་པོ་ཡིན།། ཡབ་ཡུམ་རྗེས་སུ་ཆགས་པ་ལས།། བྱང་ཆུབ་སེམས་གང་རྒྱུ་བའི་མཆོད། ། དེ་ནས་སྤུལ་པ་འབྱུང་བ་འདིའོ།། སྟོབས་ལས་ཡང་དག་གྲུབ་པར་མཛད།། ཧཱུཾ་ལས་ཡང་དག་སྐུ་བསྐྱེད་རྒྱལ།། སྟོང་པའི་སྒྲ་འབྱིན་ཆོས་ཀྱི་དབྱིངས།། རིག་པའི་ལྕགས་ཀྱུས་ཡང་དག་འཛིན། ། འདུ་བའི་དབྱིངས་མཆོག་དུར་ཁྲོད་སྒྲ།། ལོག་པར་ལྟ་འཇོམས་གཏུན་ཁུང་ངམ།། རབ་ཏུ་རྩེ་འབྲེལ་གཏུམ་མོ་སྟེ།། དོན་རབ་བསྐུལ་བ་བསྙེམས་མའོ།། གསལ་བ་གཡོ་བའི་སྐུ་མངའ་བ། ། གསོད་ལ་དགའ་བའི་སྐུ་གཅིག་མ།། རབ་ཏུ་ལས་ལས་བསྐུལ་བྱེད་དང།། ཡང་དག་དབྱིངས་སུ་བསྙེམས་བཅས་པའོ།། དྲི་མེད་སྐུས་ནི་ཐམས་ཅད་འདུལ།། རང་རང་ལས་ལ་མཐུན་པར་མཐོང། ། ཐབས་དང་ཤེས་རབ་གཉིས་མེད་བཞུགས།། འཇིགས་མེད་སྐུ་ཡི་ཆ་ལུགས་ནི།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད།། འཇིགས་པའི་རྒྱན་རྣམས་སྐུ་ལ་རྫོགས།། དུར་ཁྲོད་རྒྱན་གྱིས་ལེགས་པར་བརྒྱན། ། རབ་ཏུ་ཁྲོས་པའི་མེ་རི་སྨྱུག། གནས་པའི་ཚོགས་ཀྱིས་སྐུ་ལ་བརྒྱན།། རྡོ་རྗེ་གོ་ཆས་རབ་ཏུ་འཁྲིགས།། གདུག་པའི་མཚོན་ཆ་འབར་བ་བསྣམས།། ཞིང་གི་གཡང་གཞི་ཡ་བས་བསྐོར། གླང་ཆེན་ཀོ་རློན་ན་བཟར་གསོལ།། སྟག་ལྤགས་གཡང་གཞིའི་ཤམ་ཐབས་ཅན།། སྲིད་གསུམ་འདུལ་བའི་མཆེ་བ་གཙིགས།། འགྲོ་དོན་སྒྲོལ་བའི་གད་རྒྱང་སྒྲོགས།། གདུག་འདུལ་སྐུས་ནི་མི་བཟད་པ། ། ཡབ་ཡུམ་རོལ་བའི་དབྱིངས་སེམས་ལས།། གདུག་པ་འདུལ་བའི་སྤྲུལ་སྐུ་ནི།། ཟ་བྱེད་ལུས་ཅན་གཙང་སྨེ་མེད།། མི་འགྱུར་སྡང་མིན་ཞེ་ལ་གནོན།། འགྲོ་དོན་དུས་ལ་བབ་བས་འཇུག། ཁྲག་དང་ཤ་རུས་ཟ་བྱེད་པའོ།། ཐབས་མཁས་རྩལ་གྱིསཐམས་ཅད་འདུལ།། ཟ་བྱེད་རྩལ་གྱིས་གསོད་བྱེད་པའོ།། འཇིགས་པའི་སྟོབས་ཀྱི་ཐབས་ཅད་གནོན།། ལུས་སུ་གསོད་ཅིང་དབྱིངས་སུ་རྨི། ། འཇིགས་བྱེད་སྐུ་སྟེ་རལ་གསིགས་རྔམ།། རྔམ་པའི་སྟོབས་ཀྱིས་ཟ་བྱེད་པའོ།། རྣམ་རྟོག་མི་མངའ་རབ་དབང་མེད།། ཟ་བྱེད་ལུས་ཅན་ཁྲ་ཡི་མགོ། ཆོས་དབྱིངས་གནས་ནས་མཚན་མོ་ལྡང། ། ཡང་དག་དབྱིངས་ཞུགས་གཞན་མི་མཐོང།། གདུག་པ་འདུལ་བ་བཀྲགས་ལ་མཁྱེན།། གསོད་པའི་ལས་ལ་ཐབས་མཁས་མྱུར།། འགྲོ་དོན་ཐབས་མཁས་རྒྱུད་དང་ལྡན། ། ཡང་དག་ཆས་ཀྱིས་གནས་ནས་འདྲེན།། གདུག་པ་འདུལ་ལ་ཐབས་མང་མཁྱེན།། གཞན་པའི་གད་འབྲེང་མཆོག་མངའ་བའོ།། ཐབས་དང་ཤེས་རབ་སྟོབས་ལས་ཤར།། དུར་ཁྲོད་རྫས་ལ་ཐམས་ཅད་རོལ། ། སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས།། སྲིད་གསུམ་གང་གའི་རང་བཞིན་མཛད།། ཁྲོས་པའི་ཚོགས་ནི་ཐམས་ཅད་ཀྱིས།། གནས་སུ་གསང་བ་བགྲུབ་པའི་ཕྱིར།། བཅོམ་ལྡན་སྲས་ཀྱི་གཙོ་བོ་ཡིས། ། འོད་ཀྱི་ཕྱག་རྒྱ་རབ་བཅས་ནས།། ལྷག་མའི་ལུས་རྣམས་བཙིར་ཏེ་འབྱུང།། ཉོན་མོངས་འདམ་ཚོགས་ནང་ན་གནས།། ཆོས་ཀྱི་དབྱིངས་ལས་གྲུབ་པའི་ལྷ།། དམིགས་མེད་ངང་དུ་ཐིམ་པར་བྱས། ། བདུད་རྩི་འབྱུང་བའི་སེམས་བསྐྱེད་དེ།། ཤེས་པ་ཐམས་ཅད་གསལ་བར་མཛད།། སྐུ་མཐོང་ཡེ་ཤེས་གསལ་བའི་ངང།། ལས་ཀྱིས་ཐམས་ཅད་འདུལ་བ་སྟེ།། དེ་ཡང་ཆོས་རྣམས་བསྐྱང་བར་བགྱི། ། བདག་གི་རྣམ་སྨིན་ཕུང་པོ་འདི།། ཁྲོས་པའི་ཚོགས་ལ་འབུལ་གྱིས་བཞེས།། མ་དག་ཆུང་མ་བུ་མོར་བཅས།། འབངས་སུ་འབུལ་གྱིས་བཞེས་སུ་གསལ།། ཞེས་རྣམ་པར་གླེངས་སོ། ། དེའི་ཚེ་གདུག་པའི་ཚོགས་ཀྱི་མ་དང་བུ་མོ་ལ་སོགས་པ་རྣམས་རབ་ཏུ་འདར་བར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྲས་དམ་པ་དེས། གསང་བའི་གནས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། རབ་ཏུ་རོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཧཱུཾ་ཧཱུཾ་ཧཱུཾ་རུ་རུ་པ་སྟི་སྟ་རུ་ལུ་རུ་ལུ། ཛ་ཡད་ཀྱི་ཀྲིད་ཤབྷྱོ་ཨེ་ཨ་ར་ལི་ཧཱུཾ་ཛ། ཞེས་བརྗོད་པས། དྲེགས་པའི་ཚོགས་ཐང་ཅིག་ཡུད་ཙམ་གྱིས་འདུས་པར་གྱུར་རོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། རབ་ཏུ་ཆགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཨ་ནུ་ར་གན་སྭ་བྷཱ་བ་ཨཏྨ་ཀོུ྅ཧཾ། ཞེས་བརྗོད་པས། དེའི་ཚེ་དྲེགས་པའི་ཚོགས་ཐམས་ཅད་རབ་ཏུ་ཆགས་པ་སྐྱེས་པར་གྱུར་ཏོ། ། དེ་ནས་ཡང་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། རོལ་པ་བྱང་ཆུབ་སེམས་ཀྱི་ཏིང་ངེ་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ། ། ཀྲིཏྟ་ཨ་ནུ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོུ྅ཧཾ། ཞེས་བརྗོད་པས། དྲེགས་པའི་ཚོགས་དེ་དག་ཐམས་ཅད་ཅིག་པའི་རང་བཞིན་དུ་གྱུར་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་མཛད་དོ། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ཐུགས་རྗེས་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ། ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཛ་ཛ་ཛ་ཛ། ཀྵ་ཀྵ་ཀྵ་ཀྵ། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ཞེས་བརྗོད་པས། དེའི་ཚེ་སིང་ཧ་མ་དང། བྱ་ཀྲི་མ་དང། སྲི་ལ་མ་དང། ཤོན་མ་དག། ཀྲི་ཏ་མ་དང། ཀང་ཀ་མ་དང། ཁ་ཁམ་དང། ཧུ་ལུ་མ་དང། ཀཽ་རིམ་དང། ཙཽ་རིམ་དང། པྲ་མོ་མ་དང། པེ་ཏམ་དང། པུ་ཀ་མ་དང། ཀས་མ་རི་དང། རྨ་ཤམ་དང། ཙནྡྷ་མ་དང། ཚོགས་ཀྱི་གཙོ་མོ་བཞི་དང། ལས་ཀྱི་གཙོ་མོ་དང། སྤྲུལ་པའི་གཙོ་མོ་བཞི་དང། དབང་བྱེད་ལས་ཀྱི་ཚོགས་ཀྱི་བདག་མོ་ཉིད་ཤུ་རྩ་བརྒྱད་རྣམས་བཏོན་ཏེ། མེའི་དཀྱིལ་འཁོར་ལ་གནས་པ་དང། རྒྱ་མཚོ་ཆེན་པོ་ལ་གནས་པ་དང། བྱང་ཆུབ་ཀྱི་ཤིང་ལ་གནས་པ་དང། རྡོ་རྗེའི་ནང་ན་གནས་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། གནས་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཨེ་ཨར་ལི་པྲ་བེ་ཤ་ཧོ་ཛ། ཞེས་བརྗོད་པས། དེའི་ཚེ་དྲེགས་པ་མོའི་ཚོགས་མ་ལུས་པ་རྣམས་རང་རང་གི་གནས་སུ་བཀྱེ་ནས་བཏང་ངོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཧཱུཾ་ཨེ་ཨ་ར་ལི་ཛ་ཧཱུཾ་བཾ་ཧོ། ཞེས་བརྗོད་པས། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་རྒྱས་པར་གྱུར་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། འཛིན་བྱེད་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ། ། ཨེ་ཨེ་རུ་རུ་རུ་ལུ་ཛ་ཡ་ཀྱི་ཁྲིད་ཤ་ཧཱུཾ་བྷྱོ་ཨ་ར་ལི་ཧོ་ཛ། ཞེས་བརྗོད་པས། དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་འཁོར་གྲངས་མེད་པ་དང་བཅས་ནས་ཅི་བགྱི་ཞེས་ཟེར་ཞིང། རང་རང་གི་སྟན་དང་ལག་ཆར་ཆས་ཏེ་བྱོན་པར་གྱུར་ཏོ། ། དེའི་ཚེ་དབང་ལག་ཆ་སྣ་ཚོགས་པ་བྱིན་ནས་ལས་གཉེར་གཏད་ཏོ།། གཞལ་ཡས་ཁང་གིས་སོ་སོའི་གནས་སུ་བཞག་གོ། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ཁྲོས་པ་རབ་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་གསང་བ་ལས་སྔགས་འདི་ཕྱུང་ངོ།། ཨེ་ཨེ་བཛྲ་བཛྲ་ཛྭ་ལ་ཛྭ་ལ་རཾ་རཾ། ཞེས་བརྗོད་པས། དེའི་ཚེ་དྲེགས་པ་ཅན་གྱི་ཚོགས་ཐམས་ཅད་ཀྱང་དུར་ཁྲོད་ཀྱི་མི་རི་འབར་བའི་ནང་ན་གནས་པར་གྱུར་ཏོ།། རྒྱུ་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་འཕྲིན་ལས་བདག་པོ་བཛྲ་ཀཱི་ལ་ཡས། འཛིན་བྱེད་སྡུད་པས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དང་གསུང་ཐུགས་གསང་བ་ལ་སྔགས་འདི་ཕྱུང་ངོ།། ཨེ་ཨེ་རུ་རུ་ལུ་རུ་ལུ་ཛ་ཡ་ཀྱི་ཨ་ཧཱུཾ་བྷྱོ་ཤ་ར་ལི་ཧོ་ཛ་ད། ཞེས་བརྗོད་པས། དེའི་ཚེ་འཕྲིན་ལས་ཀྱི་བདག་པོ་དེས། བཅོམ་ལྡན་འདས་ཁྲག་འཐུང་རྒྱལ་པོ་ལ། ལན་སྟོང་དག་ཏུ་བསྐོར་བ་བྱས།། ཕྱི་ནང་གསང་བའི་དགྱེས་པས་མཆོད། ། ཨེ་མ་ཧོ་དྲེགས་པས་མྱོས་པ་ལ།། འདི་ལྟའི་ཆོ་འཕྲུལ་བསྟན་པ་མཚར།། འདི་ལྟའི་རོལ་པ་བསྟན་པ་མཚར།། འདི་ལྟའི་ཐུགས་རྗེ་བསྟན་པ་མཚར།། ཡང་དག་དོན་ཆེན་ཟབ་མོ་འདི།། གསལ་བའི་དབྱིངས་ལས་ཐམས་ཅད་ཤར། ། འདི་ཡི་རྗེས་སྒྲུབ་རྣལ་འབྱོར་པ།། དཀྱིལ་འཁོར་རྣམ་པ་དུ་རུ་འཚལ།། སོ་སོའི་མཚན་ཉིད་ཇི་ལྟར་ལགས།། སྣོད་ནི་ཇི་ལྟ་བུ་ལ་བཞིན།། ཞེས་གླེངས་པས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ། འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྗེས་སུ་སྒྲུབ་པའི་རྣལ་འབྱོར་པས།། ཉོན་མོངས་ལྔ་རྣམས་གཞོམ་པའི་ཕྱིར།། དཀྱིལ་འཁོར་རྣམ་པ་ལྔ་རུ་བཤད། ། སོ་སོའི་མཚན་ཉིད་ལ་དུ་གསུངས།། ཁྱབ་པ་སྤྱི་སྟེ་གདུག་པ་འཇོམས། དབང་སྡུད་ཡེ་ཤེས་ཡང་དག་སྡུད།། བདེ་མཆོག་རྒྱས་པའི་མཚན་ཉིད་བསྒྲུབ།། ཆོས་མཆོག་གསང་བའི་ལས་ཞི་བ།། གདུག་པ་འཇོམས་པའི་ལས་དྲག་པོ། ། མཚན་ཉིད་རྣམ་པ་ལྟ་རུ་བཤད།། རིན་ཆེན་ཟམ་ཏོག་གི་སྣོད།། དྲག་པོའི་ལས་རྣམས་བཞག་པར་བྱ།། རིན་ཆེན་གའུ་འབུར་དང་བཅས།། རྒྱས་པ་བཞག་པའི་སྣོད་ཡིན་ནོ། ། རིན་ཆེན་དམར་འདྲ་པདྨའི་སྣོད།། དབང་མཆོག་བཞག་པའི་སྣོད་ཡིན་ནོ།། རིན་ཆེན་དངུལ་གྱི་གཞོང་པ་རུ།། ཞི་བ་བཞག་པའི་སྣོད་ཡིན་ནོ།། རིན་ཆེན་མཛེས་ལྡན་རྒྱན་པའི་སྣོད།། སྤྱི་དབང་རྡོ་རྗེ་བཞག་པའི་སྣོད། ། ཅེས་གསུངས་སོ།། དེ་ནས་ཡང་ལས་ཀྱི་རྒྱལ་པོ་དེས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡར། འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་ཁྲག་འཐུང་རྒྱལ་པོའི་གཙོ།། མི་བཞག་སྣོད་ཀྱི་རིམ་པ་གང། ། དང་པོའི་རིམ་པ་ཇི་ལྟར་བགྱི།། ཁྲག་འཐུང་རྒྱལ་པོས་འདི་བསྟན་གསོལ།། ཞེས་གསོལ་བ་དང། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོས་འདི་སྐད་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། མི་བཞག་པ་ཡི་སྣོད་བསྟ་ན་པ། ། གདུ་ག་ཤིང་གདུག་པའི་སྣོད་གང་དང།། བཅུ་དྲུག་འཁྱིལ་བའི་སྣོད་གང་དང།། བསེ་ཤིང་གདུག་པའི་སྣོད་གང་དང།། འཕྲ་མེན་སྦྱར་བའི་སྣོད་གང་དང།། དུག་ཤིང་འདོད་པ་ལྔ་བཀང་སྣོད། ། འདི་དག་སྣོད་དུ་ཡོངས་མི་བཞག། བཞག་ན་འབྲས་བུ་མི་འབྱུང་ལ། མནར་མེད་གནས་སུ་ངེས་ཆེད་འཚེད།། དེ་བས་འདི་ལ་བཞག་མི་བྱ།། བྱས་ན་འབྲས་མེད་འཇིག་པས་སོ།། རྣལ་འབྱོར་ལས་ཅན་ལས་དང་པོས། ། དང་པོར་སྦྱོར་བ་མ་ཉམས་སྒྲུབ། ཁམས་གསུམ་གནས་པའི་སེམས་ཅན་ལ།། མ་ལྟར་བྱམས་པའི་སྙིང་རྗེ་ཡིས།། ཐུགས་རྗེས་ཐུགས་གདུངས་རིང་ནས་སྐྱེས།། གདུག་པའི་ལས་ཅན་བསྒྲུབ་པ་ལ། ། ལས་དང་ལས་ཀྱིས་བཤགས་འབྱེད་ཚེ།། བྱམས་པའི་ཉི་མ་སྙོམས་པ་ཡིས།། བྱམས་དང་ཆེན་པོ་ཡང་དག་བསྐྱེད།། གདུག་ཅན་ལས་ལ་དགོད་བྱའི་ཕྱིར།། གནས་ཀྱི་དགའ་བ་ཡང་དག་རྫོགས།། གསང་གསུམ་དོན་ལ་འབྱུང་བའི་དོན། ། མི་དམིགས་བཏང་སྙོམས་ཆེན་པོར་བཞུགས།། ཞེས་གསུངས་སོ།། དེ་ནས་ཡང་ལས་ཀྱི་རྒྱལ་པོ་དེས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡར། འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་བཅོམ་ལྡན་འདས་ཁྲག་འཐུང་དཔལ།། གཉིས་མེད་དཔའ་བོ་ཐུབ་ཆེན་པོ།། དྲེགས་པའི་ཚོགས་རྣམས་བཏུལ་ལགས་ན།། ཕྱི་ཡི་བདུད་རྣམས་བསྒྲལ་བའི་པྱིར།། ལྟ་བ་ཅི་དང་ལྡན་པས་བགྱི། ། ཡང་དག་རྫོགས་པའི་མཚན་ཉིད་ཅི།། ཞེས་གསོལ་བ་དང། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ། དྲག་པོ་ལས་ཀྱི་སྦྱོར་བ་ལ།། དང་པོ་གཉིས་མེད་མངོན་སངས་རྒྱས། ། ཡེ་ནས་ལྷུན་གྱིས་གྲུབ་པ་ཡི།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། རང་བཞིན་གནས་པའི་བདེན་ཆེན་པོ།། ཀུན་ཏུ་ཡངས་ཆེན་ཟབ་མོ་ཡི།། དོན་དམ་རྟོགས་ལྟར་རང་བཞིན་གསལ། ། མི་སྐྱེ་མི་འགག་བརྗོད་ལས་འདས།། དམིགས་མེད་སྙིང་རྗེ་རྣམས་དང་བྲལ།། ཚིག་མེད་ཡི་གེ་ཀུན་ལས་འདས།། ཁམས་གསུམ་དུས་གཅིག་གསད་གྱུར་ཀྱང།། དེ་ཡི་སྡིག་པས་གོས་པ་མེད། ། ཡེ་ནས་མ་བཅོས་ལྷན་ནེའོ།། མཁའ་ལྟར་དག་པས་དྲི་མ་མེད།། མ་དང་བུད་མེད་གདོལ་ལ་སོགས།། འདོད་པའི་སེམས་ཀྱིས་སྤྱད་བྱས་ཀྱང།། དེ་ལ་ལོག་པ་རྡུལ་ཙམ་མེད།། དཔའ་བོའི་ཚོགས་ནི་ཐམས་ཅད་ཀུན། ། འཇིག་རྟེན་ཁམས་ཀུན་གང་གྱུར་ཀྱང།། དེ་ལ་སྟོན་པ་རྡུལ་ཙམ་མེད།། འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན།། ཁྲོས་པའི་རྒྱལ་པོས་བསད་གྱུར་ཀྱང།། དེ་ལ་བསད་པ་རྡུལ་ཙམ་མེད།། ཐམས་ཅད་ཡེ་ནས་མངོན་སངས་རྒྱས། ། དམྱལ་བའི་གནས་ཉིདབདེ་ཆེན་ཀློང།། ཐམས་ཅད་ངོ་བོ་ཉིད་ཀྱིས་དག། མ་བཅོས་ལྷུན་གྲུབབདེ་ཆེན་པོ།། གདོད་ནས་དག་པས་མྱ་ངན་འདས།། རྣམ་དག་ལམ་ཆེནཞེས་བྱའོ།། ལམ་ཆེན་གནས་སུ་བསྒྲལ་ཕྱིར་བྱ། ། ཡེ་ཤེས་ངང་ལ་འདོད་ཕྱིར་ན།། ཐམས་ཅད་ལྡན་པ་འདི་དང་བཅས།། སེམས་ཅན་དོན་དུ་བདག་བསྒྲུབ་ལ།། འཁོར་བ་འཁྱམས་བ་ཐམསཅད་བསྒྲལ།། གཡོ་དང་བཅས་པའི་སེམས་དཔས་ནི། ། བདག་དོན་དམིགས་དང་བཅས་པ་ཡིས།། སེམས་ཅན་མི་དམིགས་བཅས་པ་ཡིས།། ཉན་ཐོས་ས་ལ་ངེས་པར་ལྟུང། དེ་བས་ཐབས་དང་བཅས་པ་ཡིས།། སེམས་ཅན་དོན་དུ་རབ་དམིགས་ལ།། གཉིས་མེད་ངང་དུ་ངེས་པར་འགྲོ། གདུག་ཅན་ལོག་ལྟ་སྒྲོལ་བའི་དུས།། ཡང་དག་དོན་ཆེན་ཁོང་ནས་འབྱུང།། ཁྲོས་པའི་སེམས་ཀྱིས་གནས་བྱས་ལ།། རྩེ་གཅིག་སེམས་ཀྱིས་མ་ཡེངས་པར།། རྒྱུན་དུ་ནན་ཏན་བྱ་བ་ཡིན། ། དྲག་པོ་ལས་ཀྱི་སྦྱོར་བ་ཡིས།། མཁས་པ་སེམས་ལས་ཡོངས་བསྐྱེད་ན།། དེ་ཡིས་མི་འགྲུབ་གང་ཡང་མེད།། དེ་ཡིས་ལས་རྣམས་ཐམས་ཅད་ནི།། གང་ལ་སྦྱར་ཀྱང་འགྲུབ་པར་འགྱུར།། ཡང་དག་རྫོགས་པའི་མཚན་ཉིད་ནི། ། སྣང་བ་དང་བཅས་ལྷན་ནེའོ།། རྫོགས་པའི་སྐུས་ནི་ལས་ཀུན་བྱེད།། སྣང་དང་མི་སྣང་མི་བརྟག་པར།། ཐམས་ཅད་འོད་ཆེན་དབྱིངས་ལས་གསལ།། འགྲོ་ཀུན་རང་དབང་མེད་པར་ནི།། ཁྲག་འཐུང་སྟོབས་ཀྱིས་གསལ་བར་འབྱུང། ། དེ་ཡི་སྦྱོར་བའི་ལས་ཀྱིས་ནི།། གདུག་པའི་སེམས་ཅན་བསྒྲལ་གྱུར་ནས།། སངས་རྒྱས་ས་ལ་ངེས་པར་འགོད།། མེ་ལོང་གཟུགས་བརྙན་བཞིན་དུ་ནི།། ཁྲག་འཐུང་སྐུ་ནི་དེ་ན་གསལ། ། ལས་རྣམས་ཇི་སྙེད་བྱས་པ་རྣམས།། ཆུ་ཡི་ཟླ་བ་དང་མཚུངས།། སེམས་ཅན་དོན་རྣམས་ཐམས་ཅད་ལ།། དབང་པོ་གཞུང་དང་མཚུངས་པར་བྱ།། མི་དམིགས་ཆུ་ཡི་ཆུ་བུར་བཞིན།། མི་གནས་ཡེ་ཤེས་དག་པར་བྱ། ། སྤྲུལ་པའི་སྐུ་ནི་ཐམས་ཅད་དུ།། ཇི་ལྟ་ཇི་ལྟའི་འདུལ་འགྱུར་བས།། དེ་ལྟ་དེ་ལྟའི་སེམས་ཅན་དོན།། ཆུ་ཡི་ཕུང་པོ་བཞིན་དུ་གྱིས།། ལོག་པའི་ང་རྒྱལ་ཞི་བྱའི་པྱིར།། རྟགས་དང་བཅས་པའི་སྐུ་ཡི་འོད།། རབ་ཏུ་འབར་བས་དེ་དོན་དུ། ། མི་ཟད་སྐུ་ནི་འདུལ་བ་ལས།། ཆོས་ཉིད་ཞི་བས་འདུལ་བ་མེད།། དེ་བས་ཐབས་ལ་མཁས་པ་ཡིས།། ཡེ་ཤེས་སྤྲུལ་བས་བྱ་བ་ལ།། སྨི་ལམ་དག་དང་མཚུངས་པར་བྱ།། ཞེས་གསུངས་སོ། ། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟེ་གཉིས་པའོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ། ལས་ཀྱི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་ཁྲག་འཐུང་གསང་བའི་བདག། སྐུ་གསུང་ཐུགས་ཀྱི་བདག་པོ་ཆེ།། ཡོན་ཏན་འཕྲིན་ལས་ཀུན་ཏུ་རྫོགས།། རྣལ་འབྱོར་རྗེས་སུ་སྒྲུབ་པ་ལ།། དཀྱིལ་འཁོར་ཉམས་སུ་ཇི་ལྟར་བླང། ། ཐབས་དང་བཅས་པའི་ཏིང་འཛིན་གྱིས།། དངོས་གཞི་སྒྲུབ་ན་ཇི་ལྟར་སྒྲུབ།། ཅེས་གསོལ་བ་དང། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། འདི་སྐད་ཅེས་གསུངས་སོ། ། ཉོན་ཅིག་ཀརྨ་ཧེ་རུ་ཀ།། རྗེས་སུ་བསྒྲུབ་པའི་རྣལ་འབྱོར་བས།། དང་པོར་ལས་ལ་སྦྱོར་བའི་དུས།། ཚངས་པའི་གནས་བ་ཞི་བསྒོམ་པར་བྱ།། དེ་ནས་དྲག་པོའི་ལས་ལ་སྦྱར།། རང་བཞིན་མེད་པའི་རྗེས་འཇུག་པའོ། ། ཨོཾ་ཤུནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོུ྅ཧཾ། སྟོང་པའི་ངང་ལས་ཡོངས་རྫོགས་པ།། ཁྱབ་གསལ་ཁྲོས་པས་ཞེ་སྡང་གཅོད།། འབྲས་བུ་མཚོན་ཆེན་འབར་བ་ནི།། སྔོན་པོ་འོད་འབར་རྡོ་རྗེས་གཏམ།། བཀའ་ཡི་འཁོར་ལོ་འབར་བས་འཁྲིགས། ། ཧཱུཾ། ཨེ་ལས་འོད་འཕྲོས་མཐིང་ནག་འབར།། པཾ་ལས་ཡོངས་སུ་གྲུབ་པའི་སྟེང།། ཧཱུཾ་ལས་ལས་ཀྱི་རྡོ་རྗེས་མཛེས།། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོ།། རཾ་ལས་མེ་དཀྱིལ་ཟུར་གསུམ་སེར། བཾ་ལས་ཆུ་དཀྱིལ་དཀར་པོ་ཟླུམ།། སུཾ་ལས་ས་དཀྱིལ་གྲུ་བཞི་སེར།། ཀེཾ་ལས་ཀེང་རུས་རི་རབ་འབར།། དེ་སྟེངས་བྷྲུཾ་ལས་གྲུབ་པ་ཡིས།། གཞལ་ཡས་དམ་པ་བསམ་པར་བྱ། ཐོད་པ་རིན་ཆེན་འབར་བ་ཡིས། ། མཛེས་པའི་གཞལ་ཡས་དམ་པ་ལ།། བ་དན་རིན་ཆེན་རྒྱན་གྱིས་བརྒྱན།། ཞིང་ཆེན་ཀ་བ་མཆོག་གི་གདུང།། མཆོག་ཕྲན་དྲལ་ཕྱམ་ཉི་ཟླའི་མིག། རཀྟ་འབར་བའི་ཞལ་ཆུ་བབ།། ཞིང་གི་བླ་རེ་ཞིང་ཆུ་འཕེན། ། དུར་ཁྲོད་རྒྱན་གྱིས་མཛེས་པར་བརྒྱན།། ཞིང་གི་ལྷུ་ཚིགས་མང་པོས་བརྒྱན།། མཐིང་ནག་འོད་དང་བཅས་པ་ཡིས།། འཁོར་ལོ་རྩིབས་བརྒྱད་རབ་ཏུ་འབར།། མ་ཆགས་པདྨའི་གདན་སྟེང་ན།། ཐབས་དང་ཤེས་རབ་ཉི་ཟླ་འབར། ། བསྒྲལ་བའི་ཕུང་པོ་དེར་ཡང་བསམ།། དེ་སྟེངས་གསལ་བའི་གདན་སྟེངས་ནས།། གཞལ་ཡས་ནམ་མཁའི་དཀྱིལ་ནས་ཤར།། སྲས་མཆོག་བྱང་ཆུབ་སེམས་སུ་བསྒོམ།། ཡེ་ཤེས་སེམས་མཆོག་དེ་ཉིད་གསལ། ། ཆོས་ཀྱི་དབྱིངས་ལས་རང་སྒྲས་བསྐུལ།། འབྲས་བུ་སྐུ་མཆོག་ཡོངས་སུ་གྲུབ།། ཐབས་དང་ཤེས་རབ་གྲིབ་མའི་ཚུལ།། རྡོ་རྗེ་གོ་ཆ་རབ་ཏུ་གཏམ། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། ། ཡབ་ཡུམ་རང་བསྒྲལ་འཕྲིན་ལས་ནི།། བྱང་ཆུབ་སེམས་ནི་བསད་པ་མིན།། དངས་མའི་ལུས་ནི་མནན་པ་མིན།། ལོག་པའི་ཤེས་པ་གསད་བྱ་ཞིང།། རྣམ་སྨིན་ལུས་པོ་མནན་པ་མིན།། བྱང་ཆུབ་སེམས་ལས་འོད་འཕྲོས་པས། ། ཕྱོགས་བཅུའི་བདེ་གཤེགས་འཁོར་བཅས་བཀུག། ཕྱིན་ནང་གསང་བའི་དགྱེས་པ་བསྐྱེད།། ཕྱི་ནང་གསང་བའི་དབང་ཡིན་ནོ།། རྡོ་རྗེ་གཞོན་ནུ་དག་པའི་དབྱིངས།། ཁྲོས་པའི་ཚོགས་ནི་ལོངས་སྤྱོད་སྐུ། ། དེ་འཕྲོས་འཁོར་རྣམས་སྤྲུལ་པའི་སྐུ།། སྐུ་གསུམ་ལྷུན་གྱིས་གྲུབ་པ་ཁྱེད།། སྲིད་པ་རྡོ་རྗེར་སྒྲུབས་མཛོད་ཅིག། སྲིད་གསུམ་རྡོ་རྗེ་གཟུགས་ཀྱི་ལྷ།། ཡེ་ཤེས་ཁྲོས་པ་གྲུབ་པར་མཛོད།། དུས་གསུམ་སངས་རྒྱས་ཡེ་ཤེས་སྐུ། ། རྡོ་རྗེ་ཆོས་ཀྱི་དབྱིངས་ཉིད་ལས།། སྐུ་མཆོག་ཤིན་ཏུ་མི་བཟད་པ།། སྐུ་ཡིས་དབྱིངས་སུ་བདག་སྐྱེད་ཅིག། ལོག་པར་ལྟ་བ་བསྒྲལ་བ་དང།། ངན་སེམས་འཆང་བ་མནན་སླད་དུ།། སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་གསོལ། ། རྒྱལ་བ་སྲས་བཅས་བྱིན་གྱིས་བརློབས།། ལུང་བསྟན་ནས་ནི་སེམས་ཅན་དོན།། རབ་ཏུ་བསྐུལ་བ་ཡང་དང་ཡང།། སྣང་པ་སྦྱིན་ནས་དོན་ལ་ཞུགས།། ཐབས་དང་ཤེས་རབ་རྗེས་དྲན་ནས། ། རྒྱལ་སྲས་འཁོར་རྣམས་བསྐྱེད་པར་བྱ།། བཅོམ་ལྡན་གཡས་དཀར་གཡོན་དམར་པོ།། རྩ་བའི་ཞལ་ནི་མཐིང་ནག་འབར།། དང་པོ་ཕྱག་གཉིས་རྡོ་རྗེ་ཅན།། རྡོ་རྗེ་རྩེ་ལྔ་ཁ་ཊྭཱཾ་ག། རི་རབ་ཕུར་བུ་མཐའ་གཉིས་སོ། ། ཞིང་གི་གཡང་གཞི་སྐུ་ལ་གསོལ།། གླང་ཆེན་ཀོ་རློན་ཡ་བས་བསྐོར།། ཐོད་པ་སྐམ་རློམ་འཕྲེང་པས་བརྒྱན།། མདོ་བཞི་སྦྲུལ་གྱི་ཆུན་པོས་བརྒྱན།། སྟགས་ལྤགས་གཡང་གཞི་ཤམ་ཐབས་ཅན། ། ཞབས་བཞི་བརྐྱང་བསྐུམ་ཚུལ་དུ་བཞུགས།། དུར་ཁྲོད་མེ་རི་སྨུག་ནག་འཁྱིལ།། ཆོས་ཀྱི་དབྱིངས་ནི་སྐུ་མཆོག་གསལ།། གསང་གཉིས་སྲས་ཀྱི་འཁོར་ལོ་འབར།། སྐུ་མཆོག་ཁྲོས་པ་ཆར་སྤྲིན་ལྟར།། ཁྲོ་རྒྱལ་འབར་ཚོགས་ཐམས་ཅད་གསལ། ། རལ་པ་ཁམ་ནག་གྱེན་དུ་བརྫེས། སྡང་མིག་བགྲད་པས་ཞེ་ལ་གནོན།། མཆེ་བ་རབ་ཏུ་རྔམ་པ་གཙིགས།། ཨག་ཚོམ་འབར་ཞིང་ཐལ་བས་བརྒྱན།། རཀྟའི་ཐིག་ལེས་སྐུ་ལ་བརྒྱན། ། ཐམས་ཅད་དབུ་གསུམ་ཕྱག་དྲུག་སྟེ།། གདུག་པའི་མཆོན་ཆ་སྣ་ཚོགས་བསྣམས།། ཐམས་ཅད་གཡས་གཡོན་དང་པོ་ནི།། རྡོ་རྗེ་བདྷ་བསྣམས་པའོ།། ཀུན་ཀྱང་ཐམས་ཅད་ཤེས་རབ་འདྲ།། མཐའ་གཉིས་རི་རབ་ཕུར་བུ་འདྲིལ། ། ཐབས་མཁས་སྒྲོལ་བའི་མངའ་བརྙེས་པའོ།། རྣམ་རྒྱལ་བར་གཉིས་རྡོ་རྗེ་འཁོར།། དབྱུག་སྔོན་རིན་ཆེན་མེ་དབལ་བསྣམས།། གཤེད་པོ་ཐོད་དབྱུག་དགྲ་སྟའོ།། མི་གཡོ་རྡོ་རྗེ་ཞགས་པ་བསྣམས། ། རྟ་མགྲིན་རལ་གྲི་སྦྲུལ་གྱི་ཞགས།། མི་ཐུབ་བནྡྷ་རྔ་ཡབ་པོ།། བདུད་རྩི་རྡོ་རྗེ་རིན་ཆེན་དབྱུག། རྣམ་རྒྱལ་འཁོར་ལོ་མདའ་གཞུའོ།། ཧཱུཾ་ཆེན་ཀར་དམའ་གཞུ་འགེངས།། སྟོབས་ཆེན་ཞགས་པ་ཐོ་བ་བསྣམས། ། ཤེས་རབ་གཡོན་དང་དྲིལ་བུའོ།། ལྷག་མ་ཐབས་དང་གཉིས་སུ་མེད།། བུ་ཤུད་ཕྱག་གཉིས་ལྕགས་ཀྱུ་འཛིན།། སྐྱེ་ཀ་ཕྱག་གཉིས་ཞགས་པ་འཛིན།། སྲིན་བྱ་ཕྱག་གཉིས་ལྕགས་སྒྲོག་བསྣམས། ། ཁྲ་མགོ་ཕྱག་གཉིས་དྲིལ་བུ་བསྣམས།། གསང་བའི་དཀྱིལ་འཁོར་གནས་ན་འབར།། ཛ་ཡིས་བསྐུལ་བས་སེམས་ཅན་དོན།། སླར་འདུས་བདག་པོའི་གནས་ལ་བཞུགས།། ཐམས་ཅད་གསལ་སྟོན་སོ་སོའི་གདན། ། བཞུགས་ནས་དབང་བྱིན་རྩ་ལ་བར་བྱ།། ཧཱུཾ་དང་པཾ་ལས་རྡོ་རྗེ་པད།། རྗེས་ཆགསབསྐུལ་བྱ་བྱང་ཆུབ་སེམས།། གཉིས་མེད་དཔའ་པོ་གཉིས་ཕྱིར་བྱ།། ཧཱུཾ་ལས་འོད་འཕྲོས་བྱང་ཆུབ་སེམས།། གཉིས་སུ་མེད་པའི་མཆོད་པ་འབུལ། ། ཞུ་བྱས་བཀའ་གནང་དྲག་པོ་ཡི།། ལས་ལ་བདག་ཉིད་བསྐུལ་བའོ།། རིགས་ལྔ་ལས་བྱུང་སོ་སོའི་རིགས།། དབང་བསྐུར་འབྲས་བུ་སོ་སོའི་སྐུ།། ཡིག་འབྲུ་བཞི་ཡང་གསལ་བར་ལྟ། ། རང་བཞིན་དཀྱིལ་འཁོར་བསྒྲུབ་པའི་ཕྱིར།། ལྕགས་ཀྱུས་བདེ་གཤེགས་གནས་ནས་བསྐུལ།། སྲིད་པའི་ཕུར་བུ་བསྒྲུབ་པ་དང། དྲག་པོའི་འཕྲིན་ལས་རྫོགས་བྱའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། རྡོ་རྗེ་སྐུ་ནི་ཀུན་འཇོམས་མཛད། ། རྡོ་རྗེ་གཞོན་ནུ་གཤེགས་སུ་གསོལ།། ཕྱོགས་བཅུ་བསྒྲལ་བའི་དཀྱི་འཁོར་ནས།། ཡབ་ཡུམ་སྲས་བཅས་གཤེགས་སུ་གསོལ།། གདུག་པ་བསྒྲལ་བའི་དཀྱིལ་འཁོར་ནས།། སྒྲོལ་མ་གདུག་ཚོགས་གཤེགས་སུ་གསོལ། ། ཕྱི་ནང་གསང་གསུམ་མཆོད་པས་མཉེས།། ཐུགས་དམ་བསྐུལ་ཞིང་འཕྲིན་ལོས་བཅོལ།། དྲག་པོའི་རྟགས་དང་མཚན་མ་བསྟན།། གདུག་པ་སྒྲོལ་བའི་དངོས་གྲུབ་གསོལ། ། བསྐལ་པའི་མེ་ཆེན་འབར་བའོ།། མཐིང་ནག་གྲུ་གསུམ་འབར་བ་ཡིས།། དཀྱིལ་འཁོར་ལ་བཞུགས་སྙིང་རྗེ་སྟོབས།། གདུག་པ་མ་ལུས་སྒྲོལ་བར་མཛད།། སྔོན་གྱི་ཐུགས་དམ་བསྐུལ་བ་ནི།། ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་རྣམས། ། སྐུ་ནི་སྣ་ཚོགས་ཅིར་ཡང་སྟོན།། རལ་པ་ཁམ་ནག་གྱེན་དུ་འགྲེང།། སྨིན་མཚམས་ཁྲོ་གཉེར་ཨག་ཚོམ་འབར།། མཆེ་བ་བཟངས་ཡག་རྣོ་དབལ་ལྡན།། གདུག་པ་མ་ལུས་རྩད་ནས་གཅོད། ། སྐུ་གསུང་ཐུགས་ཀྱི་གསང་བ་ཡི།། དཀྱིལ་འཁོར་དམ་པའི་ཁྱད་པར་ལས།། དུག་ལྔ་རྩད་ནས་གཅད་པའི་ཕྱིར།། མི་བཟད་མཚོན་ཆ་སྣ་ཚོགས་བསྣམས།། ལས་བཞེས་ཐུགས་རྗེ་སྤྲིན་ལྟར་གཏིབས། ། བྱམས་བའི་འོད་ཟེར་གློག་ལྟར་འགྱུ།། ཟིལ་གནོན་གདང་སྒྲ་འབྲུག་ལྟར་སྒྲོགས།། བཏང་སྙོམས་སྤྲུལ་པའི་ཆར་ལྟར་འབེབས།། སྔོན་གྱི་ཐུགས་དམ་ཞལ་བཞེས་ནི།། འཕྲིན་ལས་ལོག་ལྟ་བསྒྲལ་བ་དང། ། བར་དུ་གཅོད་པ་གནས་པའི་ཕྱིར།། དཔའ་བོའི་དངོས་གྲུབ་བདག་ལ་རྩོལ།། སྔོན་གྱི་ཐུགས་དམ་ཐུགས་རྗེ་ཡིས།། བདག་ལ་བྱིན་བརློབས་མཛད་འཚལ་གྱིས།། དྲག་པོའི་བསམ་པ་རྫོགས་འཚལ་ན།། ལྷ་ཚོགས་རྣམས་ཀྱིས་གྲུབ་པར་མཛོད། ། རྒྱན་རྣམས་འཁྱིལ་ཅིང་རྫོགས་པར་བྱེད།། སྐུ་ལ་བརྗོད་མེད་སྐུ་མི་མངའ།། བརྗོད་པ་ཀུན་ལས་འདས་པའི་མཆོག། ཡེ་ནས་དག་པའི་རང་འབྱུང་ལགས།། སྒྲ་ཡི་ཚུལ་གྱིས་བཞུགས་པར་གྱུར། ། དཔའ་བོའི་སྐུ་དང་གཉིས་མེད་དེ།། བདག་རྟོག་ཁོང་ནས་བསྐུལ་བར་བྱེད།། བདག་གིས་གནས་ལ་ཁྱད་པར་བསམ།། སེམས་ཀྱི་ཁྱད་པར་གསལ་བའི་བདག། དྲག་པོའི་ལས་རྫོགས་དག་པའི་སྐུ། ། བསྐལ་པའི་མེ་རིའི་ཀློང་ན་བཞུགས།། འཇིགས་མེད་སྐུས་ནི་ཐམས་ཅད་འདུལ།། གདུག་པའི་མཚོན་ཆ་འབར་བས་འདེབས།། རིགས་ལྔའི་ཁྲག་འཐུང་སྐུ་ལ་བརྒྱན།། དང་པོའི་དུས་སུ་བདེན་པ་བདར། ། གཉིས་པ་འཕྲིན་ལས་ཡོངས་སུ་བསྐུལ།། གསུམ་པས་གནས་དང་བཅས་པ་གཞོམ།། དུས་ཀྱི་ཡི་གེའི་འཕྲེང་བ་བཟླས།། དུག་གི་སྦྱོར་དུས་ལས་འཕྲེང་བྱ།། སྟོང་པ་ཆེན་པོའི་སེམས་གསལ་ཆེ།། མི་སྟོང་སེམས་དམིགས་དངོས་པོར་བཅས། ། འོད་དང་བཅས་པས་དངོས་གཞི་བསྒྲུབ།། བསྟན་པའི་ཏིང་འཛིན་གསལ་བའི་ཚེ།། དེ་ཚེ་དངོས་པོའི་འོག་ན་བཏག། སྐུ་རྫོགས་ཞབས་ཀྱི་འོག་ཏུ་གཞུག། གདུག་པ་སྒྲོལ་བའི་གནས་སུ་བཞག། ཉི་ཤུ་རྩ་གཅིག་དཀྱིལ་འཁོར་ལ།། སྦྱོར་བ་གཅིག་པའི་སེམས་གནས་ཏེ།། ཤུགས་ཀྱིས་རིམ་པ་གསལ་བར་འབྱུང།། དེ་ཚེ་སོ་སོའི་གནས་རྣམས་སུ།། གསལ་བྱས་ལས་ལ་སྦྱར་བ་ཡིན།། དེ་ཡིས་ལས་ལ་སྦྱར་བ་ཡིན། ། དེ་ཡིས་ལས་རྣམས་གྲུབ་པར་འགྱུར།། དང་པོའི་དངོས་གཞི་དེ་ལྟར་བསྒྲུབ།། དཀྱིལ་འཁོར་ཉམས་སུ་བླང་བ་ནི།། རིན་ཆེན་ཟུར་བརྒྱད་དཀྱིལ་འཁོར་ལ།། ཉི་ཟླ་འབར་བའི་གདན་སྟེང་ནས། ། དེ་སྟེངས་གསལ་བའི་དཀྱིལ་འཁོར་བཅས།། མ་ཆགས་པདྨའི་གདན་སྟེང་ནས།། ཧཱུཾ་རྣམས་གསལ་བའི་རང་བཞིན་ལས།། དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་ཕྱིར།། བསྐྱེད་པའི་རྐྱེན་གྱིས་གཡོས་པ་ཡིས། ། སྐུ་རྣམས་གསལ་བར་ལྷན་ནེའོ།། བཙོ་མ་གསེར་གྱི་ཁ་དོག་འདྲ།། ཁྱབ་གསལ་འོད་ཀྱིས་རྒྱས་མཛད་པའོ།། མ་ཆགས་པདྨའི་དཀྱིལ་འཁོར་ལ།། ཉི་ཟླའི་འོད་བཅས་རོ་ཡི་གདན།། ཐབས་དང་ཤེས་རབ་གསལ་བའི་དབྱིངས། ། དེ་དེ་བསམ་པར་བྱ་བ་ནི།། ལྷ་ཡི་ཚུལ་གྱིས་གནས་པར་འགྱུར།། འོད་ཀྱིས་རབ་ཏུ་འཁྲིགས་པ་སྟེ།། དམར་འདྲ་པདྨར་གའི་མདོག། དབང་བྱེད་ལས་ཀྱི་དཀྱིལ་འཁོར་ཡིན།། ཆོས་དབྱིངས་དག་པའི་དཀྱིལ་འཁོར་ལ། ། གསལ་བའི་འོད་ཀྱིས་བལྟས་བྱས་ནས།། གསལ་བའི་འོད་དང་བཅས་པ་ཡིས།། བྱམས་པའི་འོད་ཀྱི་དེ་དབང་སྒྱུར།། ཐབས་དང་ཤེས་རབ་མཐུ་ལས་བསྐྱེད།། སྙིང་རྗེའི་སྟོབས་ཀྱིས་ཟིལ་གནོན་ཞིང། ། ཐམས་ཅད་དག་པའི་ཆར་ལྟར་འབེབས།། སྤྲོས་དང་བཅས་པའི་ཆོས་ཉིད་ལས།། འོད་དང་བཅས་པའི་སེམས་ཅན་གནོན།། ཞི་བའི་སྤྱན་གྱིས་ཀུན་ཏུ་གཟིགས།། ཐམས་ཅད་དོན་ལ་ལྷན་ནེའོ། ། ལས་ཀྱི་དཀྱིལ་འཁོར་དམ་པ་ནི།། གདུག་པ་འདྲ་བའི་འཁོར་ལོ་ལ།། ཁ་དོག་ལྗང་ཁུ་འོད་དང་བཅས།། འབར་བའི་ཕུང་པོ་ཉི་ཟླའི་སྟེང།། ཐབས་མཁས་རོལ་པས་བསམ་པ་ནི།། མངོན་པར་བྱང་ཆུབ་ལྔ་ལས་བཞེངས། ། བཅོ་ལྔའི་བདག་པོ་གསལ་བལྟས་ལ།། ལྗང་ནག་འཇིགས་པའི་ཐོད་པས་བརྒྱན།། འཇིགས་པའི་ལས་ཀུན་བྱེད་པ་དེ།། ལྷག་པའི་བསམ་པ་ཡོངས་རྫོགས་པའོ།། དངོས་གཞིགས་ལ་བའི་དཀྱིལ་འཁོར་ལ། ། ཆོས་དབྱིངས་དག་པས་བསྡུས་ནས་ནི།། རོལ་པའི་རྒྱས་པ་ཡང་དང་ཡང།། ལས་གཉིས་ཡོངས་སུ་རྒྱས་པར་བཏགས།། ཨ་ཤོ་གན་དའི་འབྲས་བུ་དང།། མ་ཏོ་ལ་ཡི་ལོ་མ་དང།། བསྙེན་བསྒྲུབ་ལས་སུ་རུང་བྱས་ནས། ། དེ་ཚེ་ལས་དབང་བསྒྲུབ་པ་ནི།། ལས་གཉིས་བསམ་པ་ཡོངས་རྫོགས་བྱའོ།། འདི་དེས་སངས་རྒྱས་ཐམས་ཅད་ཀྱིས།། སྤྱི་ཡི་ལས་རྣམས་ཡོངས་གྲུབ་པ།། སྐུ་ནི་ཅིར་ཡང་རྟོག་པ་སྟེ། ། སྣ་ཚོགས་ལྡན་པའི་འཁོར་ལོ་ལ།། ཐབས་དང་བཅས་པའི་དཀྱིལ་འཁོར་དགོད།། གསལ་བ་དང་བཅས་ལྷན་ནེའོ།། ལས་ཀྱི་རྒྱལ་པོ་མཆོག་སྤྲུལ་པའོ། ལ། ཐབས་ཀྱི་རྒྱལ་པོ་དམ་པས་བྱ།། ཇི་ལྟར་བརྟགས་པའི་དངོས་གཞི་རྣམས། ། དེ་ཚེ་གསལ་བར་བྱ་བ་ཡིན།། དང་པོ་ཀུན་བྲལ་ལས་དབང་གིས།། འོད་ལས་སོ་སོའི་དབང་དུ་གསལ།། ཡོངས་སུ་རྫོགས་པའི་ལས་རྣམས་ནི།། ཐ་མ་སོ་སོའི་གནས་སུ་སྦྱོར།། ལས་ལ་འབྲས་བུ་ཡོད་ཅེས་བྱ། ། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། དཀྱིལ་འཁོར་སོ་སོར་ཕྱེ་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ། འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་གསང་བའི་རང་བཞིན་ཅན།། མཆོག་གི་ལས་རྣམས་ཐམས་ཅད་བྱེད།། དེ་ཡི་རྗེས་སྒྲུབ་རྣལ་འབྱོར་པས།། གནས་ཀྱི་ཁྱད་པར་མི་འཚལ་ལམ། ། གནས་རྣམས་རིམ་པ་ཇི་ལྟར་ལགས།། ཁྲག་འཐུང་རྒྱལ་པོས་བཀའ་སྩོལ་ཅིག། དེ་སྐད་གསོལ་པ་གསན་ནས་ནི།། ཁྲག་འཐུང་རྒྱལ་པོ་མཐུ་ཆེན་གྱིས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ། ། གནས་ཀྱི་ཁྱད་པར་ངས་བསྟན་གྱིས།། རྩེ་གཅིག་སེམས་ཀྱིས་མཉན་པར་གྱིས།། ཕྱི་ཡི་དྲག་པོའི་གནས་རྣ་མས་ནི།། དུར་ཁྲོད་གནས་དང་ཤིང་གཅིག་དྲུང།། མ་མོའི་གནས་དང་ཐེ་བྲང་གི་གནས།། ལྷ་འདྲེ་འདུ་བའི་ལམ་རྒྱ་གྲམ། ། ས་སྲིན་མ་མོ་འདུ་ངམ་གྲོགས།། མི་རྣམས་ཕུང་བའི་ཁང་སྟོང་དང།། དུག་ཤིང་སྐྱེས་པའི་གནས་དག་ན།། གདུག་པ་སྦྲུལ་ལ་སོགས་པའི་ཚང།། མང་པོར་བཅས་ཤིང་འདུ་བ་དང།། རལ་པ་འདྲ་བའི་གནས་རྣམས་སུ། ། རྡོ་རྗེ་དྲག་པོ་བསྐུལ་བའི་གནས།། ནགས་ཆེན་པོ་ནི་གན་བར།། རྣལ་འབྱོར་མིག་གིས་ལྟས་པ་མང།། ལྷ་མི་ཡོངས་ལ་གྲགས་པའམ།། ཆུ་མིག་ལྐུགས་པ་ཀླུ་ཡི་དམིགས།། རྒྱུན་ལམ་གོང་གསུམ་འབྱུང་པོའི་སྲང། ། ཕྱོགས་ལས་གྲུབ་པས་ཡི་བགེགས།། མེ་དཔུང་གྲུ་གསུམ་མ་རུངས་བ།། བ་ཚ་ཆུ་གྲང་དམྱལ་བའི་ཆུ།། གནོད་སྦྱིན་མང་པོ་འདུལ་བའི་ས།། སྲིན་པོ་ཁྲོས་པའི་ཁ་གདངས་འདྲ། ། དྲེད་མོའི་རལ་པ་སེབ་ནང་དུ།། དྲག་པོའི་ལས་སུ་བྱ་བ་ཡིན། མེ་ཏོག་མང་པོའི་གླིང་ཡོད་དང།། རི་ནི་རིན་ཆེན་སྤུངས་པ་འདྲ།། སྐྱེད་མོས་ཚལ་དང་དཔག་བསམ་ཤིང།། ངང་པ་བུང་བའི་སྒྲ་སྒྲོགས་པ། ། སྐད་སྙན་བྱ་ནི་སྣ་ཚོགས་སྒྲོགས།། སྙིང་པོ་མཆོག་གི་འབྲུ་སྣ་ཅན།། གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ།། ས་ནི་པདྨ་འདབ་བརྒྱད་འདྲ།། གནས་ནི་དབྱིབས་ལེགས་ཁ་ཤར་བལྟས།། ལུང་པ་རན་ཅིང་མཛེས་པར་ནི། ། ལས་ཀྱི་བྱ་བ་གཞུང་ཡང་ཙམ།། བཀྲ་ཤིས་དོན་གྱི་གནས་ཡིན་པས།། དབང་དང་དགུག་པའི་གནས་སུ་བསྟན།། ནགས་རི་ཚེར་མ་གདུག་པ་ཡོད།། སྟག་དང་དོན་དང་གཟིག་རྣམས་དང།། སྦྲུལ་གདུག་གནས་པའི་ནགས་རྣམས་དང། ། གནམ་ནི་རལ་གྲི་འདྲ་བ་དང།། མདའ་ཡིས་ཕུག་འདྲར་རལ་གྲིས་བཤགས་པ་འདྲ།། ས་ནི་ཟུར་གསུམ་འཇོམས་པའི་དབྱིབས།། ས་བསྒོས་མེ་དཔུང་འབར་བ་འདྲ།། ལོག་པ་འདུ་བའི་མི་རོ་ཡོད། ། ཉམས་དང་ལྡན་པས་བཙལ་བྱས་ན།། ངེས་པར་མྱུར་དུ་འགྲུབ་པར་འགྱུར།། ཚེར་མ་ཅན་གྱི་ཤིང་རྣམས་དང།། དུག་གི་ཤིང་བུས་གསོད་པའི་ས།། བྲག་ནི་སྲིན་པོའི་མཆེ་བ་འདྲ།། གྲོག་པོ་ངམ་ནག་གཏིང་ཡང་ཟབ། ། སྟག་སེང་འཐབ་པའི་ཁ་འདྲ་བ།། ལུང་པ་ཐུར་ཟུག་མདོ་ནས་འབྲང།། ཆུ་སྲིན་གནས་པའི་ཁ་གདངས་འདྲ།། བྲག་གཉིས་འདུ་བའི་བར་དག་གམ།། གནོད་སྦྱིན་མ་རུང་ཡོད་པའི་གནས། ། ལས་ཀྱི་བྱ་བ་དེར་ཤེས་སོ།། ལྷ་མི་མང་པོ་བསད་པའི་ཁང།། གཡུལ་ལ་འཕམ་རྒྱལ་བྱུང་ན་ནི།། མང་པོར་བསད་པའི་མདའ་དུམ་ཡོད།། སྔོན་ཆད་སྲིན་པོ་བསྒྲལ་བའི་ས།། སྲིན་པོ་བསད་པའི་གཅལ་བཞི་ཡི། ། ཁྲག་གི་རྗེས་འདྲ་ཡོད་པ་ཡི།། གཡུལ་ལས་གསད་པའི་རོ་སྙིང་དང།། མང་པོར་བསད་ཅིང་སྦས་པའི་ས།། སྲིན་མོ་འདུས་པའི་བཅལ་གཞི་ནི།། བྲག་ལ་མཆི་རིས་གཡའ་ལ་ཡོད།། རི་སྐྱ་བ་སྙིལ་བའི་ཐལ་ཕུང་འདྲ། ། ལུང་པ་ལྕགས་རི་མེས་བསྲེགས་འདྲ།། རྩིང་ཤིང་རད་རོད་མི་རེང་འདྲ།། རི་ཡི་ལོགས་ལ་འབར་འབུར་ནི།། མི་ཡི་རོ་ནི་སྦས་པ་འདྲ།། ས་ནི་མེས་ཚིག་གདུག་པའི་ཆུ།། སྔོན་ཆད་ཕྱུང་བའི་གནས་རྣམས་སུ། ། ལས་ཀྱི་བྱ་མ་མང་པོ་ཀུན།། གང་ཡིན་ལས་ཀྱི་བྱེ་བྲག་རྣམས།། གཞུང་བཞིན་བསྒྲུབས་ན་ངེས་པར་འགྲུབ།། རང་བཞིན་གྲུབ་པའི་གཞལ་ཡས་སུ།། རྣམ་རྟོག་འཇོམས་པའི་གནས་སུ་བཤད།། མཐིང་ནག་ཟུར་གསུམ་གཞལ་ཡས་ནི། ། གདུག་ཅན་སྒྲོལ་བའི་གནས་ཡིན་ནོ།། མ་ཆགས་པདྨའི་གཞལ་ཡས་སུ།། ཐམས་ཅད་འདུ་པའི་གནས་ཡིན་ནོ།། ས་ནི་པདྨ་འདབ་བརྒྱད་འདྲ།། ལོགས་ལ་དཔག་བསམ་ཤིང་ཡོད་པ། ། གནམ་ནི་ཟུར་གསུམ་འབར་བས་མཛེས།། ཐམས་ཅད་འཇོམས་པའི་གནས་ཡིན་ནོ།། རབ་ཏུ་ཁྲོས་པའི་ཟུར་གསུམ་གནས།། ཁྲོས་པའི་ཚོགས་རྣམས་སྤྲིན་ཕུང་བཞིན།། དེ་ནི་འདུ་ཞིང་གནས་པ་ཡིན། ། མ་མོམཁའ་འགྲོ་དམ་ཅན་གནས།། འདུ་ཞིང་འཕྲོ་ཞིང་གནས་ཞིང་འབར།། གཏོག་དང་འཛིན་དང་གནས་པའི་ས།། བཙན་དང་འབྱུང་པོ་གནས་པའི་ས།། རླུང་ནག་གདུག་པ་ཁ་ནུབ་ལྷོ།། མ་མོ་འདུ་ཞིང་གནས་པའི་ས། ། གཙུག་ལག་ཁང་དང་དཀོན་མཆོག་ཞབས།། མཆོད་རྟེན་རྒྱ་སྲང་ཐེམ་འོག་ཏུ།། འདི་རྣམས་གནས་ཀྱི་དམ་པར་བཤད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་རྒྱལ་པོ་རྡོ་རྗེ་གསང་བའི་གཏེར་ཞེས་བྱ་བའི་མདོ་ལས། ། གནས་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་ལས་ཀྱི་རྒྱལ་པོས། བཛྲ་ཀཱི་ལ་ཡལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་གསང་བ་གསུམ་གྱི་བདག། འགྲོ་ཀུན་རང་དབང་མེད་སྒྲོལ་བ།། སྒྲོལ་བདག་ཁྱོད་ལ་ཕྱག་འཚལ་འདུད། ། གནས་དེ་དེ་ལྟར་གྲུབ་ཅིང་གསང།། དེ་ཡི་མཚན་ཉིད་གསུངས་ལགས་ན།། དེ་ཡི་ས་རྣམས་ཇི་ལྟར་བགྱི།། བསླང་ཞིང་སྦྱང་བ་མི་འཚལ་ལམ།། དཀྱིལ་འཁོར་ལས་རྣམས་ཇི་ལྟར་ལགས། ། དེ་ལ་མཚན་མ་ཇི་ལྟར་དགོད།། སོ་སོའི་མཚན་ཉིད་ཇི་ལྟར་ལགས།། ཞེས་གསོལ་པ་དང། བཅོམ་ལྡན་འདས་དཔའ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། འདི་སྐད་ཅེས་བཀའ་སྩལ་ཏོ།། གནས་ཀྱི་དམ་པ་དེ་སྙེད་ནས། ། རྒྱལ་པོ་བློན་པོ་དམངས་ཕལ་པ།། རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས།། རིགས་ངན་ལ་སོགས་བདག་པོ་ལ།། ཇི་ལྟར་འོས་པས་མཉེས་བྱས་ལ།། དེ་ནས་ངང་འཇམ་བདེན་པས་དགྲོལ། ། ཐུགས་ཐུབ་རང་དགར་མི་བྱའོ།། བྱས་ན་ཉེས་དང་ཡ་གར་བཅས།། དེ་བས་བདེན་པ་བདར་ལ་བླང།། དབང་དང་ཞི་བ་རྒྱས་པ་ལ།། སྣང་དང་མི་སྣང་གཉིས་ལའོ།། ས་བདག་ལྷ་ཀླུ་འཁོར་བཅས་ལ། ། མཐུན་པའི་གཏོར་མ་འདི་འབུལ་གྱིས།། ཚེ་རབས་བརྒྱུད་པའི་ཞེ་སྡང་བཅས།། དུར་འདིར་མཐུ་རྩལ་དབྱུང་དུ་གསོལ།། ལས་འདི་གྲུབ་པར་དུ་ནི།། ས་འདི་ཁྱེད་ལ་བདག་གཡར་གྱིས།། ཞི་དང་རྒྱས་དང་དབང་དང་དགུག། ལས་རྣམས་ཁྱེད་ཀྱིས་མངོན་པར་བསྒྲུབས།། མ་གྲུབ་པར་དུ་གཞན་དུ་ཟུར།། དེ་ནས་སྟེགས་བུ་རྩིགཔ་ཙམ།། ཕྱི་ནང་གསང་གསུམ་སྦྱངས་པས་སྦྱང།། པ་ཡི་རིམ་པས་འགྲུབ་མི་འགྲུབ།། བརྟགས་ཏེ་སྟེར་སར་སྟེགས་བུ་རྩིག། བདུད་རྩི་ལྔ་ཡིས་ཆག་ཆག་གདབ།། བ་བྱུང་བ་ཡི་ཀོ་བ་ཙམ།། རྒྱར་ནི་ལེགས་པར་བྱས་པ་ལ།། མཚོན་བྱིན་བརླབས་ནས་དགྱེས་བྱ་སྟེ།། དབུས་ཀྱི་ལྟེ་བ་ཟླུམ་པོ་ལ།། དྲག་པོས་འཇོམས་པ་གྲུ་གསུམ་བྲི། ། ཕྱི་མ་གསོད་པའི་འཁོར་ལོ་ལ།། ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་བྲི།། ཕྱི་ཡི་གྲུ་ཆད་བཞིར་བྲི་ཞིང།། ཟུར་བཞི་མཛེས་པས་སྒོ་དང་བཅས་འབར་བའི་འཁྱིམས་དང་བཅས་པ་བྲི།། དབུས་སུ་རོ་ཡི་དྲེགས་པ་བསྣོལ། ། པདྨ་ཉི་མའི་འོད་ཀྱིས་མཛེས།། འཁོར་ལོ་རྩིབས་ནི་བཅུ་རྣམས་ལ།། སྐྱོང་བ་རྣམ་སྨིན་དེ་ལྟར་ལགས།། ཐབས་དང་བཅས་པའི་མཚན་མ་དགོད།། སྐུ་ཡི་དཀྱིལ་འཁོར་གསལ་བར་དགོད། ། གསུང་གི་དཀྱིལ་འཁོར་དེར་བསམ་དགོད།། དང་པོ་སྔགས་ཀྱི་གཙོ་བོ་ལ།། དེ་བཞིན་བདེ་གཤེགས་སྲས་དམ་པ།། ཕྱོགས་ཀྱི་ཡབ་ཡུམ་རྒྱལ་པོ་བྲི།། དེ་རྗེས་མཚམས་ཀྱི་བརྒྱད་པོ་བྲི།། དེ་རྗེས་གཞལ་ཡས་སྒོམ་བཞི། ། གསལ་བར་དགོད་པའི་ལས་ཀྱང་བྱ།། བནྡྷ་བདུད་རྩི་གང་བ་བཞི།། མཆོད་པའི་ཚོགས་སུ་བྲི་བར་བྱ།། དེ་ལྟར་ཉི་ཤུ་རྩ་བརྒྱད་རྣམས། རྣལ་འབྱོར་དམ་པས་བྲི་བར་བྱ།། དབུས་སུ་དྲེགས་པའི་གདན་ལ་ནི། ། བཅོམ་ལྡན་དབུས་ཀྱི་གཙོ་བོ་དགོད།། ཤར་གྱི་འཁོར་ལོ་རྩིབས་དག་ལ།། དྲི་ཟ་བསྣོལ་བའི་གདན་སྟེངས་སུ།། རྣམ་པར་རྒྱལ་བ་ཡབ་ཡུམ་དགོད།། ལྷོ་ཕྱོགས་འཁོར་ལོ་རྩིབས་དག་ལ།། བའི་གདན་སྟེངས་སུ། ། གཤེད་པོ་ཡབ་ཡུམ་དགོད་པར་བྱ།། ནུབ་ཕྱོགས་འཁོར་ལོ་རྩིབས་དག་ལ།། ཀླུ་གདུག་བསྣོལ་བའི་གདན་སྟེང་ན།། རྟ་མགྲིན་ཡབ་ཡུམ་དགོད་པར་བྱ།། བྱང་ཕྱོགས་འཁོར་ལོ་རྩིབས་སྟེང་དུ།། གནོད་སྦྱིན་བསྣོལ་བའི་གདན་སྟེངས་ན། ། བདུད་རྩི་འཁྱིལ་བ་ཡབ་ཡུམ་དགོད།། ཤར་ལྷོ་འཁོར་ལོ་རྩིབས་སྟེངས་སུ།། མེ་ལྷ་བསྣོམ་བའི་གདན་སྟེངས་སུ།། དབྱུག་པ་སྔོན་པོ་ཡབ་ཡུམ་དགོད།། ལྷོ་ནུབ་འཁོར་ལོ་རྩིབས་སྟེངས་སུ། ། བདེན་བྲལ་བསྣོལ་བའི་གདན་སྟེངས་སུ།། མི་གཡོ་མགོན་པོ་ཡབ་ཡུམ་དགོད།། ནུབ་བྱང་འཁོར་ལོ་རྩིབས་སྟེངས་སུ།། རླུང་ལྷ་བསྣོལ་བའི་གདན་སྟེངས་སུ།། གཞན་གྱིས་མི་ཐུབ་ཡབ་ཡུམ་དགོད།། བྱང་ཤར་འཁོར་ལོ་རྩིབས་སྟེངས་སུ། ། དབང་ལྡན་བསྣོལ་བའི་གདན་སྟེངས་སུ།། ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་དགོད།། མདུན་དུ་ཚངས་པའི་གདན་ལ་ནི།། ཧཱུཾ་ཆེན་ཡབ་ཡུམ་དགོད་པར་བྱ།། རྒྱབ་ཏུ་ས་བདག་གདན་ལ་ནི། ། སྟོབས་ཆེན་ཡབ་ཡུམ་དགོད་པར་བྱ།། ཤར་སྒོར་ཉི་མའི་གདན་ལ་ནི།། པུ་ཤུད་མགོ་ཅན་བྲི་བར་བྱ།། ལྷོ་སྒོར་ཉི་མའི་གདན་ལ་ནི།། སྐྱ་ཀའི་མགོ་ཅན་དགོད་པར་བྱ།། ནུབ་སྒོར་ཉི་མའི་གདན་ལ་ནི།། སྲིན་བྱའི་མགོ་ཅན་དགོད་པར་བྱ། ། བྱང་སྒོར་ཉི་མའི་གདན་ལ་ནི།། ཁྲ་ཡི་མགོ་ཅན་དགོད་པར་བྱ།། གྲུ་ཆད་རྣམ་པ་བཞི་ལ་ནི།། བནྡྷ་མཚན་ལྡན་བདུད་རྩིས་བཀང།། མཆོད་པ་ལྡན་ཕྱིར་བཞི་རྣམས་དགོད།། གསུང་མཆོག་ཡིག་འབྲུར་དགོད་པ་ནི། ། བན་དྷ་དུམ་བུ་གཅིག་ནང་དུ།། དབང་པོ་ལྔ་རྣམས་ཚང་བྱས་ལ།། དི་དག་སྙིང་པོ་བྲིས་ལ་དགོད།། ཡན་ལག་བཅུ་ཡིན་ནེ་སུག་བཅུ།། འཁོར་གྱི་ཁྲག་འཐུང་བཅུ་རྣམས་ཀྱི།། ས་བོན་བྲིས་ཏེ་དགོད་པར་བྱ། ། ཡན་ལག་བཞི་ཡི་རུས་པ་ལ།། སྒོ་མ་བཞི་ཡིས་ས་བོན་རྣམས།། བྲིས་ལ་སྒོ་བཞིར་དགོད་པར་བྱ།། ཐོད་པའི་དུམ་བུའི་ནང་དུ་ནི།། ཡབ་ཡུམ་བྱང་ཆུབ་སེམས་བླུགས་ལ།། དུར་ཁྲོད་སྨྱུ་གུས་བྲི་བར་བྱ། ། ཐོད་པའི་དུམ་བུ་དགུ་ནང་དུ།། ཏིལ་ཆེན་མེ་མར་ཁ་དགུ་བཏང།། རྡོ་རྗེ་ཤ་ཆེན་ཐང་མར་བདལ།། ཀེང་རུས་ཚོགས་ནི་རི་ལྟར་སྤུངས།། གསུར་ཆེན་དུད་པ་རྒྱུན་མི་བཅད།། སྟག་དང་ཆུ་སྲིན་རྒྱལ་མཚན་བསྣམས། ། ཕྱོགས་དང་མཚམས་སུ་གཟུགས་པར་བྱ།། ཞིང་གི་བླ་རེ་སྤྲིན་ལྟར་གཏིབས།། ཞིང་ཕྲན་མང་པོའི་འཕན་འཕྲན་འཕྱང།། དེ་ལྟར་གསལ་བའི་དཀྱིལ་འཁོར་ནི།། ཐུགས་ཀྱི་དཀྱིལ་འཁོར་དམ་པའོ། ། དེ་ལ་སོགས་པའི་དཀྱིལ་འཁོར་རྣམས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས།། གོང་དུ་གསུངས་པ་ཐམས་ཅད་འདྲ།། གསུང་གི་དཀྱིལ་འཁོར་དགོད་ལུགས་ནི།། བུམ་པ་དཀར་པོ་ནག་ནོན་མེད། ། བྱང་ཆུབ་སེམས་ཀྱི་ཁྲུས་བྱས་ལ།། གཙོ་བོའི་སྙིང་པོ་བྲིས་ལ་དགོད།། ལྷག་མའི་བུམ་པ་བཅུ་བཞི་ལ།། སོ་སོའི་སྙིང་པོ་བྲིས་ལ་དགོད།། སྐུ་ཡི་དཀྱིལ་འཁོར་དམ་པར་བྱའོ།། ཡོན་ཏན་དཀྱིལ་འཁོར་དམཔ་ལ། ། བུམ་པ་སེར་པོ་འོད་དང་བཅས།། གུར་ཀུམ་བཟང་པོས་མཚན་པ་བྲིས།། སོ་སོའི་གནས་སུ་དགོད་བྱས་ལ། ཆུ་སྲིན་ལ་སོགས་རྒྱལ་མཚན་དང།། སྟེང་ནས་ཞིང་གི་བླ་རེ་བྲིས།། ཡོན་ཏན་དཀྱིལ་འཁོར་དམ་པས་བྱའོ། ། གསུང་གི་དཀྱིལ་འཁོར་དམ་པ་ནི།། ཟངས་ཀྱི་བུམ་པ་བཅོ་ལྔ་ལ།། ཙན་དན་དམར་པོའི་ཆུ་ཡིས་བཀྲུ།། མདོ་ལའི་ལོ་མས་ཁ་རྒྱན་བྱས།། ཨ་ཤོ་ཀན་ཏས་སྙིང་པོ་བྲི།། སོ་སོའི་གནས་སུ་དགོད་པར་བྱ། ། གཙོ་བོ་གདན་ཡང་པདྨ་དེ་ཉིད་ལ།། རབ་གནས་གསུང་གི་དཀྱིལ་འཁོར་ཡིན།། ལས་ཀྱི་དཀྱིལ་འཁོར་དམ་པ་ནི།། ཐུགས་ཀྱི་དཀྱིལ་འཁོར་རྫས་རྣམས་དང།། ཐམས་ཅད་མཐུན་པར་ཤེས་པར་བྱ།། ལས་གང་བྱ་བར་ཤིས་པ་ན། ། དཀྱིལ་འཁོར་དམ་པ་ཡིན་པར་ནི།། དུས་གསུམ་ཁྲག་འཐུང་ཐམས་ཅད་ཀྱིས།། དམ་པ་ཡིན་པར་གསུངས་པས་ན།། འདི་ལ་མཆོག་ཏུ་ནན་ཏན་བྱའོ།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་ཐམས་ཅད་ཀུན། ། དཀྱིལ་འཁོར་རྣམ་པ་ལྔ་པོ་ཡིན།། གདོད་ནས་འཇོམས་པའི་མཚན་ཉིད་དོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། མཚན་མ་དགོད་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་ལས་ཀྱི་རྒྱལ་པོས།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡལ་འདི་སྐད་ཅེས་གསོལ་ཏོ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས།། དེ་ཡི་གྲངས་རྣམས་གསུངས་ལགས་ན་ཁྲོས་པའི་རྒྱལ་པོ་བཅུ་རྣམས་ལ། ། འདི་ལ་དཀྱིལ་འཁོར་མི་འཚལ་ལམ།། འདི་ཡི་དབྱེ་བ་ཇི་ལྟར་ལགས།། སོ་སོའི་ལས་ཀྱི་མཚན་ཉིད་ཅི།། ཞེས་གསོལ་བ་དང། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ། འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། སོ་སོའི་དཀྱིལ་འཁོར་དབྱེ་བ་རྣམས།། སེམས་ཅན་ཀུན་ལ་ཕན་བསྐྱེད་ཕྱིར།། འདྲི་བར་བྱེད་པ་ལེགས་སོ་ལེགས། ། སོ་སོའི་དབྱེ་བའི་དཀྱིལ་འཁོར་ནི།། སྐུ་གསུང་ཐུགས་ཀྱི་བྱེ་བྲག་སྟེ།། ཡོན་ཏན་འཕྲིན་ལས་ལྔ་རུ་འདོད།། སྐུ་ཡི་དཀྱིལ་འཁོར་དམ་པ་འདི།། ཐིག་བཞི་བཏབ་པས་ལེ་ཚེ་བརྒྱད།། གསང་བའི་གནས་དང་དགུ་རུ་འགྱུར། ། གྲུ་གསུམ་མེ་འོད་འབར་བ་བྲི།། དབུས་སུ་རྣམ་པར་རྒྱལ་བ་བྲི།། མདུན་དུ་སྔགས་ཀྱི་བདག་པོའོ།། ལྷག་མ་གོ་རིམ་བཞིན་དུ་སྟེ།། སོ་སོའི་དགོད་པའི་རིམ་པ་ནི།། མཁས་པས་བརྟགས་ཏེ་ཤེས་པར་བྱ། ། དེ་ལྟར་དཀྱིལ་འཁོར་གསལ་བཀོད་པ།། སྐུ་ཡི་དཀྱིལ་འཁོར་དམ་པས་བྱ།། ཡོན་ཏན་དཀྱིལ་འཁོར་དམ་པ་ནི།། རིན་ཆེན་མྱུ་གུ་འདྲ་བ་ལ།། ཕྱོགས་མཚམས་འདབ་མ་བརྒྱད་དུ་བྲི། ། རིགས་དང་མཐུན་པའི་ཁ་དོག་གསལ།། ཟུར་གསུམ་གདུག་པའི་ཆ་ལུགས་ཀྱིས།། གྲུ་གསུམ་མེ་འོད་འབར་བ་བྲི།། དེ་སྟེངས་གསལ་བའི་དཀྱིལ་འཁོར་ལྡན།། དབུས་སུ་དྲེགས་པའི་གདན་དག་ལ།། གཤེད་པོ་ཡབ་ཡུམ་གསལ་བར་ལྟ། ། གཡས་སུ་སྔགས་ཀྱི་བདག་པོའོ།། ལྷག་མ་རྣམས་ནི་རིམ་པས་གསལ།། རྒྱན་རྣམས་ཀུན་ཀྱང་ལྷན་ནེའོ།། རིན་ཆེན་འོད་ཀྱིས་ལས་གང་གྲུབ། ཡོན་ཏན་དཀྱིལ་འཁོར་དམ་པ་ཡིན། ། གསུང་མཆོག་དཀྱིལ་འཁོར་དམ་པ་ནི།། མ་ཆགས་པདྨ་འདབ་བརྒྱད་ལ།། གསལ་བའི་འོད་ཀྱིས་ཡང་དག་བརྒྱན།། ཁ་དོག་དམར་འདྲ་ཙན་དན་མདོག། མེ་འོད་བཅས་པའི་གྲུ་གསུམ་ལ།། སོ་སོའི་གདན་དང་བཅས་པ་གསལ། ། དེ་ལྟ་བུ་ཡི་གདན་དག་ལ།། རྟ་མགྲིན་ཡབ་ཡུམ་གསལ་བ་སྟེ།། རྒྱབ་ཏུ་སྔགས་ཀྱི་བདག་པོའི།། དེ་བཞིན་རིམ་པར་གསལ་བར་ལྟ།། མཆོད་པར་འོས་པའི་རྫས་ཀྱང་དགོད།། གསུང་གི་དཀྱིལ་འཁོར་དམ་པར་བྱའོ། ། ལས་ཀྱི་དཀྱིལ་འཁོར་དམ་པ་ནི།། ཚད་མེད་སྙིང་རྗེ་བསྐྱེས་པ་དང།། བྱང་ཆུབ་སེམས་ལ་དགའ་བ་དང།། སྔོན་དུ་འགྲོ་བའི་མཆོག་ཡིན་ཏེ།། སྒྲུབ་པ་པོས་ནི་ནན་ཏན་བྱ།། ཁྲག་འཐུང་ཐུགས་ལ་གནས་པ་ནི། ། ཡེ་ཤེས་རྩེ་མོ་མཆོག་ཡིན་ཏེ།། ཧཱུཾ་གསུམ་ལས་ནི་འདས་པའི་ཕྱིར།། རྩེ་མོ་མེད་པའི་ལས་སུ་བསྟན།། དེའི་ཐུགས་དང་བྱིན་རློབས་དང།། བཟླས་བརྗོད་དང་ནི་འཕྲིན་ལས་དང། ། དུས་དང་གནས་དང་བདག་ཉིད་དང།། ཕུན་སུམ་ཚོགས་པ་བདུན་པོ་ཡིས།། དྲག་པོའི་ལས་གང་གྲུབ་པར་བྱེད།། དཀྱིལ་འཁོར་རྩིབས་བཞི་མུ་ཁྱུད་དང།། གྲུ་ཆད་བཞི་ཡིས་བརྒྱན་པའི་ཁྱམས།། ཉི་ཟླ་གའུ་ཁ་སྦྱར་ནང། ། དྲེགས་པའི་གདན་ལ་གནས་པར་བྱ།། མེ་ལོང་ཡེ་ཤེས་ལ་སོགས་པའི།། བྱང་ཆུབ་ལྔ་ལས་ཐམས་ཅད་རྫོགས།། དབུས་སུ་ལས་ཀྱི་ཧེ་རུ་སྟེ།། ཡབ་ཡུམ་ཐབས་དང་ཤེས་རབ་གསལ།། ཤར་ཕྱོགས་འཁོར་ལོའི་རྩིབས་ལ་ནི། ། དྲི་ཟ་བསྣོལ་བའི་གདན་སྟེངས་སུ།། རྣམ་རྒྱལ་ཡབ་ཡུམ་གསལ་བར་བལྟ།། ལྷོ་ཕྱོགས་འཁོར་ལོའི་རྩིབས་ལ་ནི།། གཤིན་རྗེ་བསྣོལ་བའི་གདན་སྟེངས་ན།། ཉི་ཟླ་གསལ་བའི་དཀྱིལ་འཁོར་ལྡན། ། གཤེད་པོ་ཡབ་ཡུམ་ཡོངས་རྫོགས་པའོ།། ནུབ་ཕྱོགས་འཁོར་ལོའི་རྩིབས་ལ་ནི།། ཀླུ་བདུད་བསྣོལ་བའི་གདན་སྟེངས་སུ།། རྟ་མགྲིན་ཡབ་ཡུམ་གསལ་བར་བསྐྱེད།། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་ན། ། གནོད་སྦྱིན་བསྣོལ་བའི་གདན་སྟེངས་སུ།། སྟོབས་ཆེན་ཡབ་ཡུམ་གསལ་བར་བསྐྱེད།། སྒོ་མ་ལ་སོགས་དེ་བཞིན་བྱ།། གའུའི་ནང་དུ་ཧཱུཾ་བསྒྲིལ་བྱ།། སོ་སོར་རྟོག་པའི་ཡེ་ཤེས་སོ།། གསལ་བའི་འོད་བཅས་མེ་ལོང་ལྟར། ། སྣང་ཡེ་ཤེས་ཞེས་བྱའོ།། གསལ་བའི་འོད་དང་བཅས་པ་ནི།། མཉམ་ཉིད་ཡེ་ཤེས་ཞེས་བྱའོ།། ཆོས་དབྱིངས་ཡེ་ཤེས་རྒྱུ་མཐུན་རང་བཞིན་ནི།། ཆོས་དབྱིངས་ཡེ་ཤེས་བྱ་བ་སྟེ། ། འདུས་པ་བྱ་བ་ནན་ཏན་གྱི།། ཡེ་ཤེས་ཞེས་ནི་བརྗོད་པ་ཡིན།། དེ་ལྟར་ཡེ་ཤེས་ལྔ་རྣམས་ཀྱིས།། བདེ་གཤེགས་འཁོར་བཅས་ཡོངས་རྫོགས་པའོ།། ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ།། ཐུགས་ལས་ཡོངས་སུ་ཤར་བ་ཡིན། ། གསལ་བའི་དཀྱིལ་འཁོར་འདི་རྣམས་ཀྱིས།། འདོད་ཆགས་ལ་སོགས་ཉོན་མོངས་ལྔ།། ཞི་དང་རྒྱས་མེ་དང་དབང་དང་དགུག། བསད་དང་བསྒྲལ་དང་བཟློག་པའི་ལས།། སྲུང་དང་བསྡིགས་པའི་ལས་དང་ནི། ། བསྐྲད་དང་དབྱེ་བའི་ལས་རྣམས་བསྒྲུབ།། ལས་ཀྱི་མཚན་ཉིད་གསལ་བྱའོ།། བསྒྲུབ་དང་སྒྲུབ་པ་ཆེན་པོའི་དབང།། ཇི་ལྟར་སྣང་བའི་དཀྱིལ་འཁོར་ལ།། རེ་རེ་ལ་ཡང་དྲུག་དྲུག་སྟེ།། མཚན་ཉིད་བགྲང་བ་ལས་འདས་པས། ། བརྗོད་ལས་འདས་ཏེ་བསམ་བྱ་མིན།། ངེས་པ་མེད་པར་རྒྱལ་བས་གསུངས།། ཞེས་སུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས།། ཁྲོ་བོ་སོ་སོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ། འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་གསང་ཆེན་བདག། རྣམ་པར་རོལ་བའི་རང་བཞིན་ཅན།། ཀུན་མཁྱེན་ཐམས་ཅད་ས་ལེའོ།། མ་འགགས་དྲི་མ་རྣསམ་དང་བྲལ།། རྒྱན་གྱི་གཙོ་བོ་དམ་པའི་མཆོག། ཡེ་ཤེས་སྐུས་ནི་སེམས་ཅན་དོན།། བདག་ཉིད་གཙོ་བོ་སྐྱབས་དམ་པ། ། དཀྱིལ་འཁོར་རྣམས་ནི་གསུངས་ལགས་ན།། ལྷ་ལ་དབང་བསྐུར་མི་འཚལ་ལམ།། དབང་བསྐུར་ཐབས་ནི་ཇི་ལྟར་བགྱི།། ལྷ་ལ་བྱིན་རློབས་བྱིན་འཚལ་ལམ།། ཐབས་ནི་ཇི་ལྟར་རླབ་པར་བགྱི།། རང་བཞིན་དཀྱིལ་འཁོར་དམ་པ་རྣམས། ། དགུག་ཅིང་བསྟིམ་པ་མི་འཚལ་ལམ།། བསྟིམ་པའི་ཐབས་ནི་ཇི་ལྟར་བགྱི།། ལྷ་ལ་མཆོད་འབུལ་མི་འཚལ་ལམ།། མཆོད་པའི་གྲངས་ནི་དུ་ཞིག་མཆིས།། བསྟོད་པའི་ཚུལ་ནི་ཇི་ལྟར་བསྟོད། ། བསྟོད་པའི་གྲངས་ནི་དུ་ཞིག་མཆིས།། ཁྲག་འཐུང་རྒྱལ་པོ་བཤད་དུ་གསོལ།། ཅེས་གསོལ་པ་དང།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས།། འདི་སྐད་ཅེས་བཀའ་སྩལ་ཏོ། ། བདེ་གཤེགས་དཀྱིལ་འཁོར་གསལ་བཀོད་ནས།། དབང་དང་ལྡན་པར་བྱ་བའི་ཕྱིར།། ཁྱོད་ཀྱིས་ཞུས་པ་ལེགས་སོ་ལེགས།། ང་ཡིས་བསྟན་བྱ་ལེགས་པར་ཉོན།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས། ། འབྱུང་པོ་སྲོག་དང་འགལ་བ་བྱ།། རྡོ་རྗེ་གཡབ་མོས་གཡབ་ནས་ནི།། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་ནས།། དེ་མཉེས་དབང་བསྐུར་བརྩམ་པ་དང།། ཕྱོགས་བཅུའི་རྒྱལ་བ་བསྐུལ་བ་ཡིས། ། དེ་ཡིས་དབང་བསྐུར་རྣམས་པ་གཉིས།། བྱེ་བྲག་རྣམས་སུ་ཤེས་རབ་བྱའོ།། བདག་ཉིད་གཙོ་བོའི་ཁྱད་པར་ལ།། ལྷ་མོ་རྣམས་ཀྱིས་བསྐུལ་བ་ཡི།། ཐབས་ནི་རྣམ་པ་གཉིས་སུ་གསུང།། ཕྱི་ནང་གསང་བའི་དབང་གསུམ་པོ། ། བུམ་པ་བདུད་རྩིའི་བྱང་ཆུབ་སེམས།། དབུ་རྒྱན་ལུས་དང་ཤེས་པ་རྒྱས།། ཡེ་ཤེས་རྒྱས་པ་ཕུན་སུམ་ཚོགས།། དབང་གི་འབྲས་བུ་ཡིན་པར་གསུངས།། བདེ་གཤེགས་དཀྱིལ་འཁོར་རང་བཞིན་གསལ། ། གསལ་བའི་དབྱིབས་རྣམས་བྱིན་བརློབས་ཕྱིར།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཕྲོས།། བདག་པོའི་སྐུ་ནི་གསལ་བར་བཞག། དབང་བསྐུར་བྱིན་བརླབས་རིམ་པ་ནི།། སོ་སོའི་ཆ་ཡིས་དབྱེ་བར་བྱ།། མཁས་པས་གསལ་བ་སོ་སོ་ནི། ། དབྱེ་བར་བྱ་སྟེ་དབང་བྱིན་བརླབ།། སྐུ་ཡི་དཀྱིལ་འཁོར་རྫོགས་པ་དང།། ཐུགས་ཀྱི་དཀྱིལ་འཁོར་གསལ་བལྟས་ལ།། རླུང་གི་ཀྱོ་བས་རབ་བསྐུལ་གསལ།། དེ་བཞིན་གཤེགས་པ་སྤྱན་དྲངས་མཆོད། ། ལྕགས་ཀྱུས་དབྱིངས་ནས་སྤྱན་དྲངས་བྱོན།། ཞགས་པས་གཞལ་ཡས་ལེགས་གཞུག་སྟེ།། ལྕགས་སྒྲོག་གཉིས་སུ་མེད་པར་བྱ།། དྲིལ་བུས་མཉེས་པར་བྱ་བ་ཡིན།། སེམས་ཅན་དོན་རྣམས་རབ་གྲུབ་པར། ། མྱ་ངན་མི་འདའ་བརྟན་པར་བཞུགས།། བསྟིམ་བྱ་ཐབས་དང་བཅས་པའོ།། བདག་གི་དཀྱིལ་འཁོར་དམ་པ་ལས།། ལྷ་མོ་མང་པོ་འཐོན་གྱུར་པས།། རང་བཞིན་གྲུབ་པའི་གནས་ཉིད་དུ།། མཉེས་ནས་བསྐུལ་བྱ་གསོལ་བ་གདབ། ། ཕྱོགས་བཅུའི་གནས་ལས་ངེས་པར་འཐོན།། རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ལ།། ལས་དང་མཐུན་པའི་ཚུལ་བརྟགས་ལ།། ཡང་དག་གསང་བའི་གནས་སུ་འཁྱིལ།། གསང་བའི་ངང་ཚུལ་བཟུང་ནས་ནི། ། རྣམ་སྨིན་ལས་དབང་དེ་བསམས་ལ།། མཆོད་པའི་བྱེ་བྲག་དབུལ་བ་ཡིན།། དྷུ་པེ་དཀར་མོ་སྤོས་མེ་ཐོགས།། ནམ་མཁའི་སྙིང་པོའི་གནས་སུ་འབུལ།། གཉིས་མེད་དྲི་ཡིས་ཚིམ་ནས་ནི།། སེམས་ཅན་དོན་རྣམས་ཅི་རྒྱས་མཛད། ། པུཥྤེ་སེར་མོ་མེ་ཏོག་བསྣམས།། རྣམ་པར་སྣང་མཛད་དེ་ལ་དབུལ།། གཉིས་མེད་རྒྱན་གྱིས་མཛེས་བྱས་ལ།། སེམས་ཅན་དོན་རྣམས་མཛེས་པར་འབྱུང།། ཨཱ་ལོ་དམར་མོ་མར་མེ་བསྣམས། ། འོད་དཔག་མེད་ལ་མཆོད་པར་བྱ།། འོད་ཟེར་སྟོང་དང་ལྡན་བྱས་ནས།། སེམས་ཅན་དོན་རྣམས་གསལ་བྱེད་པའོ།། གནྡྷེ་ལྗང་ཁུ་དྲི་ཆབ་བསྣམས།། མི་བསྐྱོད་དམ་པ་དབུལ་བྱས་པས།། བདེ་བའི་རོ་ལྡན་རང་བཞིན་གསལ། ། སེམས་ཅན་དོན་རྣམས་བདེ་བར་མཛད།། ལ་སེ་འགྱིང་སྟབས་མཆོད་པ་ཡིས།། ས་ཡི་སྙིང་པོ་མཆོད་བྱས་ནས།། གཉིས་མེད་ཆགས་པའི་རང་བཞིན་བས།། སེམས་དོན་ལ་ཆགས་བསྐྱེད་མཛད། ། རིན་ཆེན་འཕྲེང་བས་དེ་བཞིན་ཏེ།། མཛེས་པར་གཟི་བསྐྱེད་སེམས་ཅན་དོན།། རོལ་བས་དེ་བཞིན་བྱེད་པར་འགྱུར།། གིརྟི་སྒྲ་དབྱངས་སྙན་པ་བསྙད།། ཕྱག་ན་རྡོ་རྗེ་མཆོད་བྱས་ནས།། གཉིས་མེད་སྒྲ་ཡིས་མཉེས་བྱས་ནས། ། སེམས་ཅན་དོན་མཛད་སྒྲ་སྙན་མཛད།། ནིཏི་གར་གྱི་བྱེ་བྲག་གིས།། ས་ཡི་སྙིང་པོ་དེ་མཆོད་པས།། གཉིས་མེད་རོ་ཡིས་མཉེས་གྱུར་ནས།། དོན་ཀུན་སྒྱུ་མ་ལྟ་བུར་མཛད།། རོ་ཡི་ལྷ་མོའི་བཤོས་ཀྱིས་ནི། ། སྤྱན་རས་གཟིགས་ལ་མཆོད་པ་ནི།། ལོངས་སྤྱོད་དེ་བས་མཉེས་གྱུར་ནས།། སེམས་ཅན་དོན་རྣམས་རང་བཞིན་དག། སྒྲ་ཡིལྷ་མོ་བསིལ་སྙན་མཆོད།། དེ་བཞིན་སྒྲ་ཡིས་ཚིམས་བྱས་ནས།། དག་པའི་ཞིང་དུ་བདེ་བར་བཀོད། ། རེ་རེ་ལ་ཡང་རྡུལ་རྙེད་དུ།། སངས་རྒྱས་རྡུལ་བསྐེད་མཆོད་པར་བྱ།། མཆོད་པ་དམ་པ་འདི་ཡིས་ནི།། བདེ་བ་ཅན་དུ་འགྲོ་བའི་རྒྱུ།། བསོད་ནམས་ལས་ཀྱང་ཡེ་ཤེས་འབྱུང།། དམ་པ་ཡིན་ཏེ་རྒྱུ་འབྲས་གཉིས། ། གསལ་བའི་དབྱིངས་མཆོག་དམ་པ་ཡིན།། འདི་དེང་བྱེ་མའི་མཆོད་པའོ།། གསང་བའི་ལྷ་མོ་རྣམས་ཀྱིས།། མ་ཆགས་པདྨའི་སྣོད་ནང་དུ།། བདུད་རྩི་ལྔ་ཡིས་གང་བྱས་ལ།། ཐམས་ཅད་དཀྱིལ་འཁོར་རྒྱལ་ལ་འབུལ། ། ཤེས་འགྱུར་སྐུ་གསུང་ཐུགས་འཚིམ་ནས།། བྱང་ཆུབ་དོན་ལ་ངེས་པར་འདོད།། ནང་གི་མཆོད་པ་ཞེས་བྱའོ།། གསང་བའི་མཆོད་པ་དམ་པ་ནི།། བྱང་ཆུབ་སེམས་སམ་རེག་པ་སྟེ། ། སྤྱན་རས་གཟིགས་སམ་འཇམ་དཔལ་ལ།། གང་རུང་ལས་ཀྱི་དུས་སུ་ནི།། མཁས་པས་མཆོད་པར་བྱ་བ་ཡིན།། མཉེས་ནས་མདོང་གྲུབ་ཁྱད་པར་ཅན།། དུས་འདི་ཉིད་དུ་སྩོལ་བར་མཛད།། གསང་བའི་མཆོད་པ་དམ་པར་བྱ། ། ཐབས་དང་གྲངས་སུ་བཅད་པའོ།། དེ་བས་མཆོད་སྦྱིན་དུས་སུ་ནི།། ཐམས་ཅད་ཚོགས་ནས་མདུན་བདར་ནས།། རང་བཞིན་གསལ་བའི་མགྲིན་བསྡོམས་ནས།། གསང་བ་གསུམ་གྱི་གླུ་བླངས་ཏེ། ། བསྟོད་པའི་རྒྱལ་པོ་འདི་ཡིས་བསྟོད།། ཧཱུ~ཾ། བསྐལ་པ་མེ་ལྟར་འབར་བ་ཡིས།། འོད་ཟེར་འདུའཕྲོ་ཀློང་དཀྱིལ་ནས།། ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ།། སྐུ་ནི་ཅིར་ཡང་འགྱུར་བའི་གཟུགས།། ཧཱུ~ཾ། དབུ་སྐྲ་ཁམ་ནག་རལ་པ་ཅན། ། གྱེན་དུ་འཁྱིལ་བས་སྲིད་བརྩེ་འབར།། མི་ཉམས་ཁྲོ་གཉེར་སྡང་མིག་ནི།། ལོག་པར་ལྟ་བ་འདུལ་བའི་སྤྱན།། ཧཱུ~ཾ་མཆེ་བ་ཟངས་ཡག་གཙིགས་པ་ནི། སྐྱེ་ཤི་རྩ་བ་བཅོད་པའི་ཕྱིར།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལ། ། ཕྱག་རྩ་སྣ་ཚོགས་ཅིར་ཡང་སྟོན།། ཧཱུ~ཾ། ཐུགས་རྗེ་བྱིན་རླབས་སྤྲིན་ལྟར་གཏིབས།། བྱམས་པའི་འོད་ཟེར་གློག་ལྟར་འཁྱུག། རྔམ་པའི་སྒྲ་སྐད་འབྲུག་ལྟར་སྒྲོགས།། སྤྲུལ་པའི་ཐོག་ཐོག་ཆར་བཞི་འབེབས། ། ཧཱུ~ཾ། སྔོན་གྱི་ཐུགས་དམ་ཆེན་པོ་ནི།། ཀླན་ཀ་མཆོག་པོ་བདུད་ལ་ཚོལ།། ཡ་གམ་ཅན་ལ་དངོས་གྲུབ་གསོལ།། ཀྱལ་ཀ་ཆེན་པོ་བགེགས་ལ་ཚོལ། ། ཧཱུ~ཾ། ཐུགས་རྗེ་ཆེན་པོ་བྱིན་རླབས་ཀྱིས།། བདག་ལ་བྱིན་གྱིས་རློབས་མཛད་ཅིང།། བདག་ནི་ལྷག་པའི་བསམ་པ་རྣམས།། གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ཧཱུཾ། འཁྱིལ་ཅིང་རྒྱན་ཡང་འཁྱིལ་བ་སྟེ། ། སེམས་ལ་བརྗོད་མེད་སྐུ་མི་མངའ།། སྒྲ་ལས་འདས་པའི་སྦྱོར་བ་སྟེ།། བསམ་དང་བྲལ་བས་ཡེ་ཤཛེས་ལགས།། ཧཱུཾ། སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ།། མཉམ་ཉིད་ངང་གི་ཁྲོལ་ཕྱག་འཚལ་ལོ། ། རྡོ་རྗེ་འདུ་འཕྲོའི་ཚོགས་ལ་ཕྱག་འཚལ་ལོ།། ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ།། མི་དམིགས་གསལ་བའི་ངང་ལ་གནས།། རྗེས་འཇུག་ཐམས་ཅད་གསལ་བའི་འོད།། མ་བཅོས་ཐུགས་མཆོག་གནས་སུ་འཁྱིལ། ། ཐམས་ཅད་བདེ་བའི་ངང་ཉིད་དེ།། དཀྱིལ་འཁོར་ལ་ནི་འཁོར་ལོ་སྟེ།། བདག་པོའི་དབང་དུ་གསུངས་པ་ཡིན།། སྐུ་གསུང་ཐུགས་ཀྱི་ངང་ཉིད་ལས།། སྐུ་གསུང་རྣམས་སུ་དེ་བསྐྱེད་བྱ།། ཐམས་ཅད་དཀྱིལ་འཁོར་གྲངས་དེ་རྣམས། ། སོ་སོའི་དབྱེ་བ་མ་ཡིན་ཏེ།། གཅིག་གིས་ཀུནལ་བྱ་བའི་ཕྱིར།། སྟོན་པའི་རྒྱལ་པོ་ཞེས་ནི་བྱ།། དེ་ཡི་དབང་ལས་ཐམས་ཅད་འབྱུང།། སྐུ་བསྟོད་སྐུ་ཡི་ཁྱད་པར་ཏེ།། གསུང་བསྟོད་དྲི་མ་མེད་པ་ཡང། ། ཆེ་བའི་ཡོན་ཏན་ཐམས་ཅད་དང།། གཉིས་མེད་སྒོ་ནས་བསྟོད་པ་རྣམས།། འདི་ལས་འབྱུང་བ་མཁས་པས་ཤེས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། ། དབང་བསྐུར་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ། ཕྱི་ནང་གསང་བའི་མཆོད་པས་མཆོད།། མི་གནས་ཡེ་ཤེས་བདག་ཉིད་ཆེ། ། ཁྲག་འཐུང་རྒྱལ་པོ་ཀུན་གྱི་གཙོ།། བདེ་བའི་ལམ་མཆོག་ཐབས་མཁས་པ།། ཐུགས་རྗེ་ཆོ་འཕྲུལ་བསམ་མི་ཁྱབ།། དབྱིངས་མཆོག་ངང་ལས་ཐམས་ཅད་ཤར།། ངང་ཉིད་ཆོས་ཀྱི་དབྱིངས་བྱུང་ཡང། ། བག་ཆགས་སྐྱོན་གྱིས་གོས་པ་མེད།། གསང་བདག་ཁྱོད་ལ་ཕྱག་འཚལ་འདུད།། གདུག་པ་མ་ལུས་བསྒྲལ་བ་ལ།། སྲས་ཀྱི་ཕུར་པ་མི་འཚལ་ལམ།། དེ་ལ་དཀྱིལ་འཁོར་མི་འཚལ་ལམ།། དེ་ལ་དབང་བསྐུར་མི་འཚལ་ལམ། ། སྲས་ཀྱི་ཁྱད་པར་དུ་ཞིག་མཆིས། གྲངས་ཀྱི་རྣམ་པ་དུ་ཞིག་མཆིས།། དེ་ལ་མཆོད་པ་མི་འཚལ་ལམ།། དེ་ལ་བསྟོད་པ་ཇི་ལྟར་བསྟོད།། གསོད་པའི་དཀྱིལ་འཁོར་མི་བཟད་པ།། གཅིག་གིས་ལས་རྣམས་ཐམས་ཅད་འགྲུབ། ། དེ་ཡི་དཀྱིལ་འཁོར་ཇི་ལྟ་བུ།། ཞེས་གསོལ་བ་དང། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། དེ་སྐད་གསོལ་བའི་ཚིག་གསན་ནས།། འདི་ནི་འདི་སྐད་བཀའ་སྩལ་ཏོ།། གདུག་པ་བསྒྲལ་བ་སེམས་ཅན་དོན། ། སྲས་ཀྱི་རྣམ་པ་ངས་བཤད་ཀྱིས།། ལས་ཀྱི་རྒྱལ་པོ་རྩེ་གཅིག་ཉོན།། སྲས་སུ་བྱ་བ་སེམས་འབྱུང་སྟེ།། རང་བཞིན་གནས་པ་རིགས་ལྔའི་རྒྱུ།། དབྱིངས་སུ་ཐིམ་ན་གསལ་བར་ཤར།། འདི་གཟུགས་དབུ་གསུམ་ཕྱག་དྲུག་དང། ། ཞལ་གཅིག་ཕྱག་ནི་བཞི་པའི་རིམ།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། དེ་ལས་མང་བར་ངས་མ་བཤད།། ལྟེ་བ་མན་ཆད་སྐུ་སྨད་ནི།། སྔོ་བསངས་མི་བཟད་འཇོམས་པའི་སྐུ། ། འདི་ནི་སྲས་ཀྱི་ཕུར་པའོ།། དེ་ཡི་དཀྱིལ་འཁོར་བསྟན་པ་ནི།། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ལ།། སེར་དང་དམར་བའི་འོད་དང་བཅས།། དེ་ལ་མེ་འོད་འབར་བ་འཕྲོ།། རྒྱན་དང་དཔག་བསམ་ལྗོན་པའི་ཚལ། ། རིན་ཆེན་རྒྱན་དང་མཆོད་པས་འཁྲིགས།། པདྨ་གདན་ལྔའི་དཀྱིལ་འཁོར་ལ།། དེ་བཞིན་རྒྱན་དང་ལྡན་པར་བྱ།། གསང་བ་ཡུམ་གྱི་དཀྱིལ་འཁོར་དེ།། ཐམས་ཅད་ཀུན་ལ་ལྡན་བྱས་ཏེ།། རིན་ཆེན་ཟུར་བརྒྱད་དཀྱིལ་འཁོར་དང། ། ཡང་དག་གསང་བའི་དཀྱིལ་འཁོར་རྣམས།། དེ་དེ་གསང་བའི་དཀྱིལ་འཁོར་མེ།། བསིལ་བའི་དཀྱིལ་འཁོར་དམ་པའི་འོད།། གསལ་བའི་དཀྱིལ་འཁོར་དེ་ལྟར་ཤེས།། ཐབས་ཆེན་དཀྱིལ་འཁོར་ཆེན་པོ་སྟེ། ། ཕྱོགས་དང་མཚམས་དང་སྟེང་འོག་དང།། བདག་པོ་བཞིན་དུ་དགོད་པར་བྱ།། ཉི་ཤུ་གཅིག་གམ་དགུའམ་ལྔ།། བདུན་ནམ་ཉི་ཤུ་རྩ་བརྒྱད་དེ།། སོ་སོའི་སྲས་ཀྱི་དམ་པ་རྣམས།། རང་རང་ཇི་ལྟར་ཡིན་པར་བརྟག། དེ་ལས་འཕྲོས་པའི་སྤྲུལ་པའི་ཚོགས།། ཤིན་ཏུ་འབར་བས་གང་བར་བརྟག། སོ་སོ་རྫས་རྣམས་དགོད་པར་བྱ།། འདི་ནི་སྲས་མཆོག་དཀྱིལ་འཁོར་རོ།། སོ་སོའི་བྱང་ཆུབ་སེམས་དེ་ལས།། འོད་འཕྲོས་བྱང་ཆུབ་སེམས་བུམ་པ། ། གང་བས་གནས་སུ་གསལ་བར་བསྐྱོད།། མཆོད་བསྟོད་ལུང་བསྟན་དེས་དབང་བསྐུར།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས།། དེས་དབང་འགྲུབ་པའི་ལྷ་ཉིད་ནི།། གསང་བའི་གནས་སུ་རང་བཞིན་གྲུབ། ། ཐམས་ཅད་འདོ་དང་ལྷན་ནེའོ།། ཡེ་ནས་དག་པའི་གཞལ་ཡས་སུ།། གསལ་བའི་ལྷའམ་ཚོགས་བཅས་ཀུན།། ཐམས་ཅད་ཀུན་རྫོགས་ཚོགས་དང་བཅས།། བྱང་ཆུབ་སེམས་ཀྱི་རིམ་པར་གསལ། ། སྐུ་གསུང་ཐུགས་སུ་གསལ་བ་དག།། ཡེ་ཤེས་ལྔ་ཡི་བདག་ཉིད་ཅན།། སོ་སོའི་རིགས་ཀྱི་དབང་ཡང་བསྐུར།། གདུག་པ་སྒྲོལ་བའི་ས་ཕྱོགས་དེ།། བྱང་ཤར་མཚམས་སུ་བྱ་བ་ཡིན།། མཚན་མ་དེ་ཡང་རང་བཞིན་གྲུབ། ། ཡེ་ནས་དག་པའི་གཞལ་ཡས་ཁང། ཆོས་དབྱིངས་འབྱུང་བའི་དབྱིངས་སུ་གནས།། གདུག་ཅན་གཞག་ཕྱིར་འབྲུབ་ཁུང་སྟེ།། བསོད་ཕྱིར་རྩེ་མོ་ལྷོ་རུ་བསྟན།། གདུག་ཕྱིར་དུག་གི་ཆག་ཆག་གདབ། ། དུག་ལ་ངར་རྣམས་བསྐྱེད་པ་དང།། དུར་ཁྲོད་གནས་བྱ་རོ་སོལ་བྱུག། སྐུ་གསུང་ཐུགས་ལྡན་བང་རིམ་གསུམ།། གཡོ་བསྐུལ་ཕྱིར་ན་ཧཱུཾ་ཕཊ་དགོད།། འཕྲ་མེན་བསྐུལ་ཕྱིར་རྩད་ཐད་དགོད།། དགུག་གཞུག་ཕྱིར་ན་ཐོ་ལྕགས་ཀྱུ། ། ཤིན་ཏུ་འཁྲིགས་པར་དགོད་པ་ཡིན།། བྱང་ཆུབ་སེམས་ལས་བྱུང་བ་ཡིན།། ལྷ་ཚོགས་མང་པོ་དགོད་པར་བྱ།། དེ་ཡིས་ལས་རྣམས་བྱེད་པ་སྟེ།། མཁས་པས་བརྟགས་ཏེ་ལས་ཀུན་ལ། ། སྦྱར་བའི་དཀྱིལ་འཁོར་དམ་པའོ།། དེ་ལ་དགོད་པ་ལྷ་ཡི་གཟུགས།། དྲི་མ་དྲུག་དང་རྫས་རྣམས་ལ།། སོ་སོའི་དབྱེ་བ་བྱས་ན་ནི།། སོ་སོའི་མཚན་མ་མིང་དུ་བཅས།། གང་ཡིན་ལས་ལ་སྦྱར་བའི་དུས། ། དུས་ལ་བབ་པའི་སྐབས་ཉིད་དུ།། དབྱེ་དང་རང་བཞིན་གསལ་བ་དང། རང་བཞིན་གྲུབ་པའི་ལྷ་གཉིས་སོ།། དབྱིངས་ལས་སྤྱན་དྲངས་མཆོད་པ་དབུལ།། དེ་ལ་ཞུ་བ་ཡང་དང་ཡང།། སེམས་མི་འཁྲུལ་བ་བྱ་བ་ཡིན། ། མཆོད་ལ་སྡུད་དང་གཤེགས་སུ་གསོལ།། ལྷན་ཅིག་གཞལ་ཡས་དམ་པ་ཡི།། གནས་སུ་བཞུགས་སུ་གསོལ་ནས་ནི།། བསྒོམ་པའི་ལས་རྣམས་ཉན་པར་བསམ།། བཞུགས་ལ་ཐབས་ནི་སོ་སོར་ཏེ།། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། ། རྐང་པ་བྱང་ཤར་མཚམས་སུ་བསྟན།། བསྟིམ་དུས་གནས་པ་རྒྱན་མཛེས་མེད།། གན་ཀྱལ་དག་ཏུ་གནས་པར་བྱ།། གནོན་དུས་མཛེས་པའི་གདུག་སྟངས་ཏེ།། གསོད་དུས་གོང་གི་གཞུག་ཐབས་སོ། ། དེ་ནས་སྐབས་ཀྱི་ཏིང་འཛིན་བྱ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་འོད།། ཐམས་ཅད་ལས་རྣམས་བྱ་བའི་ཕྱིར།། ལོགས་པ་ཧཱུཾ་གསུམ་གཞག་པ་ཡིན།། དེ་ལས་གཡོས་པའི་སེམས་འབྱུང་ཕྱིར། ། ཟུར་དུ་ཕཊ་གསུམ་གཞག་པ་ཡིན།། བསྙེན་དུས་བདག་ཉིད་མདུན་དུ་སྟེ།། བསྒྲུབ་པའི་དུས་ཀྱང་དེ་བཞིན་ནོ།། གསོད་པའི་དུས་དུ་དཀྱིལ་འཁོར་ལྡན།། བདག་ལས་ཁྲོ་བོ་ལ་སོགས་པའི།། བྱེ་བྲག་ཐམས་ཅད་གསལ་བལྟས་ལ། ། སྐུ་གསུང་ཐུགས་ཀྱི་ཁྱད་པར་དེ།། རེ་རེ་ལ་ཡང་གསུམ་གསུམ་སྟེ།། འཕྲོས་པས་སེམས་ཅན་དོན་བྱས་ནས།། དེས་བསྐུལ་ཕྱོགས་བཅུའི་རྒྱལ་བ་བསྐུལ།། རང་རང་གནས་སུ་ཐིམ་པར་བརྟག། ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང། གདུག་པ་མ་ལུས་འཇོམས་ཕྱིར་འཇུག། དེ་ཉིད་དབང་དང་ལྡན་པར་བསམ།། ལག་གི་འདུ་བྱེད་བྱིན་བརླབས་པ།། ལག་གཡས་མཐིལ་དུ་ཉི་དཀྱིལ་བསམ།། ཀུན་བཟང་འོད་བཅས་ཧཱུཾ་ལས་བསྐྱེད། ། གཡོན་དཀྱིལ་ཏ་ལས་ཟླ་དཀྱིལ་འཁོར།། ཀུན་ཏུ་བཟང་མོ་ཨ་ལས་བསྐྱེད།། ཐབས་དང་ཤེས་རབ་གཉིས་མེད་པའི།། བྱང་ཆུབ་སེམས་ཀྱི་ཁྱད་པར་ལས།། ཟླ་བ་ཉི་མའི་དཀྱིལ་འཁོར་རྣམས། ། ཐབས་ལ་ཤེས་རབ་ཡོད་པ་དང།། ཤེས་རབ་ལ་ཡང་ཐབས་ཉིད་དེ།། དེ་ཉིད་རྟགས་སུ་བསྟན་པ་ཡིན།། དེ་དཀྱིལ་སོ་སོའི་ཡིག་འབྲུ་གསལ།། སྒོ་ལྔ་ལ་སྐྱེས་རིམ་པར་བརྟག། གུང་མོ་རྣམ་པར་སྣང་མཛད་དེ། ། མཐེ་བོང་མི་བསྐྱོད་པ་ཡི་སྐུ།། མཛུབ་མོ་རིན་ཆེན་འབྱུང་ལྡན་ཡིན།། སྲིན་ལག་དོན་ཡོད་གྲུབ་པ་ཡིན།། མཐེབ་ཆུང་སྣང་བ་མཐའ་ཡས་ཡིན།། གཡོན་པའི་སོར་མོ་ལྔ་ལ་ཡང།། དེ་ཡིས་ཡུམ་རྣམ་རིམ་པས་བརྟགས། ། ཡབ་ཡུམ་རྗེས་སུ་ཆགས་པ་དང།། ཐལ་མོ་མཉམ་པོར་སྦྱར་བར་བྱས།། ཐབས་དང་ཤེས་རབ་སྙོམས་འཇུག་དུས།། སོར་མོ་ཅུང་ཟད་བསྣོལ་བར་བྱ།། རབ་ཏུ་བསྐྱོད་པའི་དུས་སུ་ནི།། སོར་མོ་རྒྱབ་ཏུ་བསྣོལ་ཏེ་བསྡམ། ། དེ་རྗེས་ཡབ་ཡུམ་བྱང་སེམས་ཀྱིས།། འཕྲོས་ཏེ་ཕྱོགས་བཅུའི་རྒྱལ་བ་བསྐུལ།། དྲག་པོའི་གནས་སྐབས་འདི་ཉིད་དུ།། འདི་ལ་བྱིན་བརླབས་མཛད་འཚལ་ནས།། སྐུ་གསུང་ཐུགས་དང་ལྡན་པར་མཛོད། ། དེ་སྐད་བརྗོད་ལ་ཕུར་པ་བརླབ།། ལག་པའི་རྟིང་བ་རབ་ཕྱེ་སྟེ།། སྐུ་གསུང་ཐུགས་ཀྱི་འབྲས་བུ་ཡང།། བཅུག་ལ་དྲིལ་བར་བྱ་བ་ཡིན།། ཕྱོགས་བཅུའི་རྒྱལ་བ་གྲངས་མེད་ཀྱི།། ཡབ་ཡུམ་སྲས་དང་བཅས་པ་རྣམས། ། ཞེ་སྡང་རྗེས་སུ་དྲན་པའི་སྐུ།། གྲངས་མེད་འོད་དང་བཅས་པས་བསྟིམ།། དེ་ནས་ཡིག་འབྲུ་གྲངས་མེད་པས།། ཐུགས་ཁའི་ཡི་གེ་གསལ་འབར་བའི།། བྱང་ཆུབ་སེམས་འོད་བདག་བསྟིམ་པས། ། སྐུ་ལ་འོད་ཟེར་བསམ་མི་ཁྱབ།། དེ་ཡི་དབང་ལས་བྱུང་བ་ཡིན།། བདག་ལས་འོད་འཕྲོས་དེ་བཞིན་ཏེ།། དེ་དུས་སོར་མོ་རྒྱབ་ཏུ་བསྣོལ།། གུང་མོ་གཉིས་པོ་རབ་བསྒྲེངས་པས།། དེ་ཡི་བར་དུ་ཕུར་པ་གཞུག། སྐུ་ཡི་སྐུ་བསྐུལ་སྐུ་བྱིན་བརློབ།། ཤིན་ཏུ་བརྗོད་པའི་རང་བཞིན་ཏེ།། སྐུ་ཡི་གནས་སུ་གསལ་བའོ།། དེ་རྗེས་བདག་འོད་འཕྲོས་བསྐུལ་ནས།། དེ་ནས་སོར་མོ་པད་འདྲ་བྱ།། ཁ་ཕྱེ་བ་ཡི་ཚུལ་དུ་བྱ།། ལག་རྟིང་བར་དུ་ཕུར་བ་གཟུང། ། གསུང་གིས་གསུང་ནི་གནས་ནས་བསྐུལ།། ཕྱོགས་བཅུའི་རྒྱལ་བའི་ཐུགས་ཁ་ནས།། གྲངས་མེད་ཧཱུཾ་གིས་བསྟིམ་བྱས་ནས།། གསོད་པའི་གདངས་སྒྲ་དྲག་པོ་ཡིས།། སྟོབས་དང་ལྡན་པར་དེ་གྱུར་ནས། ། གསུང་གི་གནས་ན་དེ་གནས་པའོ།། དེ་ནས་ཐུགས་ཁའི་འོད་ཕྱུང་བས།། ཐུགས་ཀྱི་རྡོ་རྗེའི་གནས་སུ་ཐིམ།། དུས་དེར་ཕུར་བུ་མཐེ་བོང་བར།། ཐུགས་ཀྱི་ཐུགས་ཉིད་བསྐུལ་གྱུར་པར།། ཕྱོགས་བཅུ་ཐུགས་ཁའི་འོད་ལས་ནི། ། སོ་སོའི་རང་རྟགས་མི་འདྲ་བ།། འདི་ཉིད་གནས་སུ་ཐིམ་པ་བྱ།། ཞེ་སྡང་ལྡན་པའི་སེམས་སུ་གྱུར།། བཅོམ་ལྡན་ཕྱོགས་བཅུའི་རྒྱལ་བ་ཡིས།། ཚོགས་རྣམས་མ་ལུས་ལུང་ཡང་སྟན། ། གསལ་འཕྲོ་ཧཱུཾ་གི་ཚོགས་ལས་བསྐྱེད།། སྐུ་གཅིག་ངང་ལ་དཀྱིལ་འཁོར་ཐམས་ཅད་རྫོགས།། དབུ་ལས་རྒྱ་མདུད་རང་བཞིན་ཐབས་ཡིན་ཏེ།། དབུས་སུ་རྒྱ་མདུད་གནས་པ་ཤེས་རབ་བོ།། ཐབས་དང་ཤེས་རབ་གཉིས་ལས་ཡོངས་རྫོགས་པ། ། ལོགས་ལས་རང་བཞིན་ཁྲོ་བོ་ཆེན་པོ་བརྒྱད་བརྒྱད་བྱུང་བ་རང་བཞིན་ཁྲོ་མོ་བརྒྱད།། ཆུ་སྲིན་ཁ་ནས་རྩེ་མོ་བཏོན་པ་ནི།། སྒོ་མའི་ཚོགས་ཉིད་ལས་རྣམས་བྱེད་པ་སྟེ།། ཐུགས་མཆོག་དབྱིངས་ལས་སྤྲུལ་པ་བྱུང་བའོ། ། རྩེ་མོ་ཟུར་གསུམ་རང་བཞིན་བྱུང་བ་ནི།། སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་ཕྱིར་རོ།། སྟེང་འོག་གཉིས་སུ་གནས་པ་ཡབ་ཡུམ་གཉིས།། སྟེང་འོག་ཁྲོ་བོའི་རང་བཞིན་ནོ། ། ཁོང་སྟོང་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན།། དེ་འདྲའི་ཁྲོ་རྒྱལ་འདུས་པའི་སྲས་མཆོག་ནི།། མ་གཡོས་ཆོས་ཀྱི་དབྱིངས་ལས་བཞེངས་པའི་སྐུ།། སྐུ་གསུང་ཐུགས་ལྡན་དྲག་པོ་མི་བཟད་པ། ། གདུག་ཅན་ལོག་པར་ལྟ་བའི་སེམས་ཅན་རྣམས།། ཐུགས་རྗེའི་ཁྱད་པར་དབྱིངས་སུ་སྒྲོལ་ཞིང་སྡུད།། ཞི་བས་བསྒྲལ་བའི་སྐབས་དང་མི་ལྡན་ཀྱང།། དྲག་པོས་བསྒྲལ་བའི་འཕྲིན་ལས་ཁྱེད་ཀྱིས་མཛོད།། དེ་ལྟར་ལུང་བསྟན་གནང་བ་ཐོབ། ། ཕུར་པ་རང་རྣམསབསྐྱེད་པའི་ཕྱིར།། ལྕེ་པོ་གནག་པོའི་དུད་པ་བདུག། ཁྲོས་པའི་རྒྱལ་པོར་བསྐུལ་པའི་ཕྱིར།། ཉུངས་ནག་བྱིན་བརློབས་ཁྲོ་ཆུང་གིས།། ཕུར་པ་ལ་བསྟིམ་བྱིན་བརླབས་བསྐྱེད། ། གདུག་པའི་ལས་དང་ལྡན་པའི་ཕྱིར།། ར་ཁྱི་ཁྲག་དང་དུག་དང་སྦྱར།། རྩེ་མོ་དབལ་ལ་བདུག་པར་བྱ།། དེ་ནི་དྲག་པོའི་ལས་ལ་ཤིས།། ཆོས་ཉིད་དག་པའི་ཕུར་པ་ལ།། ཙན་དན་དཀར་པོས་གཞི་བླངས་ལ། ། ཨ་ཀ་རུ་དང་དུ་རུ་ཀས།། ཛ་ཏི་ཕལ་ལ་སོགས་པས།། དེ་ལ་བདུག་པར་བྱ་བ་ཡིན། མ་ཆགས་པདྨའི་ཕུར་པ་ལ།། རང་བྱུང་མེ་ཏོག་དམར་པོ་ཡིས།། གཞི་བྱས་ཨ་ཤོག་ལ་སོགས་པས།། དེ་ལ་བྱུག་པར་བྱ་བ་ཡིན། ། ལོངས་སྤྱོད་རྫོགས་པའི་སྐུ་དེ་ལ།། གུར་གུམ་བཟང་པོས་གཞི་བྱས་ལ།། དྲི་ཞིམ་སྤོས་ཀྱི་རྣམ་པ་ཡིན།། དེ་ལ་བྱུག་པར་བྱ་བ་ཡིན།། ཧཱུཾ། བསྐལ་པ་མེ་ལྟར་འབར་བ་ཡིན།། འོད་ཟེར་འདི་འཕྲོ་ཀློང་དཀྱིལ་ན། ། ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ།། སྐུ་ནི་ཅིར་ཡང་འགྱུར་བའི་གཟུགས།། ཧཱུཾ། དབུ་སྐྲ་ཁམ་ནག་རལ་པ་ཅན།། གྱེན་དུ་འཁྱིལ་བས་འཁྱིལ་བས་སྲིད་རྩེར་འབར།། མི་མཉམ་ཁྲོ་གཉེར་སྡང་མིག་ནི།། ལོག་པར་ལྟ་བ་འདུལ་བའི་སྤྱན། ། ཧཱུཾ། མཆེ་བ་ཟངས་ཡག་གཙིགས་པ་ནི།། སྐྱེ་ཤི་རྩ་བ་གཅོད་པའི་ཚུལ།། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ལས།། ཕྱག་ཆ་སྣ་ཚོགས་ཅིར་ཡང་སྟོན།། ཧཱུཾ། ཐུགས་རྗེའི་བྱིན་བརླབས་སྤྲིན་ལྟར་གཏིབས། ། བྱམས་པའི་འོད་ཟེར་གློག་བཞིན་འགྱུ།། རྔམ་པའི་སྒྲ་སྐད་འབྲུག་ལྟར་སྒྲོགས།། སྤྲུལ་པའི་ཐོག་ཐོག་ཆར་ལྟར་འབེབས།། ཧཱུཾ།། བདག་ལ་བྱིན་གྱིས་བརླབ་མཛད་ཅིང།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། ། བདག་གི་ལྷག་པའི་བསམ་པ་རྣམས།། གྲུབ་པར་ཁྱེད་ཀྱིས་བརློབ་ཏུ་གསོལ།། ཧཱུཾ། སྔོན་གྱི་ཐུགས་དམ་ཆེན་པོ་ནི།། ཀླན་ཀ་ཆེན་པོ་བདུད་ལ་སྐོ།། ཀྱལ་ཀ་ཆེན་པོ་བགེགས་ལ་མཛད།། ཡལ་གམ་ཅན་ལ་དངོས་གྲུབ་གསོལ། ། ཧཱུཾ། སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ།། མཉམ་ཉིད་ངང་གི་ཁྲོལ་ཕྱག་འཚལ་ལོ།། ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་འདུ་འཕྲོའི་ཚོགས་ལ་ཕྱག་འཚལ་བསྟོདད། ། ཧཱུཾ། ཟླུམ་ཞིང་འཁྱིལ་བའི་དཀྱིལ་འཁོར་ནས།། བཅོམ་ལྡན་དབྱིངས་ནས་སྲས་མཆོག་ཤར།། སྐུ་ཡི་བྱིན་བརླབས་གསལ་བར་ཤར།། ཐུགས་ཀྱི་བྱིན་བརླབས་དཀར་ལ་དག།། གསུང་བྱིན་ཡེ་ཤེས་སྒྲ་དང་བཅས། ། རྟག་པར་སེམས་ཅན་དོན་མཛད་པས།། རྒྱན་རྣམས་གསལ་བའི་དབྱིངས་སུ་འཁྱིལ།། འོད་ཟེར་དཀར་བས་དོན་མཛད་པ།། དག་པའི་གནས་སུ་སྒྲོལ་མཛད་ནས།། གསུང་གི་ཉོན་མོངས་འཇོམས་པའི་སྐུ། ། དབུ་སྐྲ་རལ་པ་ལྕང་ལོར་བཅས།། ཞི་བའི་དོན་རྣམས་གྲུབ་པར་མཛོད།། ཧཱུཾ། གསང་བའི་དབྱིངས་ལས་ཐམས་ཅད་ཤར།། ཐབས་ལས་ཡོངས་སུ་རྫོགས་པའི་སྐུ།། འཁྱིལ་བའི་འོད་ཟེར་སེར་པོ་སྟེ། ། ཡེ་ནས་རྒྱས་པའི་སྐུ་མཆོག་གསལ།། ཧཱུཾ། གསང་བའི་གསུང་ནི་སྒྲ་སྐད་སྒྲོགས།། ཐམས་ཅད་གཡོ་མེད་ཡོངས་སུ་རྒྱས།། གནས་སམ་ཆོས་དབྱིངས་རྒྱས་པར་མཛོད།། བསམ་པ་ཐམས་ཅད་ཡོངས་རྒྱས་མཛོད། ། ཧཱུཾ།། བསྐལ་བའི་མེ་རིའི་ཀློང་དཀྱིལ་ནས།། དམར་པོ་གཅེར་བུ་རལ་པ་ཅན།། ཐོད་པ་རློན་པ་སྦྲུལ་གྱིས་བརྒྱན།། གདུང་བའི་སེམས་ཉིད་ལྡན་པར་མཛོད།། ཧཱུཾ། དུར་ཁྲོད་འབར་བའི་རྒྱན་མངའ་ཞིང། ། གསང་བའི་གནས་སུ་ཐམས་ཅད་སྡུད།། རྒྱལ་པོའི་བུ་མོ་རང་དབང་མེད།། འགྲོ་དབང་སྡུད་ལ་ཕྱག་འཚལ་བསྟོད།། ཧཱུཾ། སྔོན་གྱི་ཐུགས་དམ་ཆེན་པོ་ནི།། ཁམས་གསུམ་གནས་པའི་སེམས་ཅན་ལ།། ཇི་ལྟར་འདུལ་བའི་དབང་མཛད་ནས། ། སྐུ་ཡི་ཁྱད་པར་ཅིར་ཡང་སྟོན།། ཞི་དང་རྒྱས་དང་དབང་གི་ལས།། དེས་དབང་འདུལ་བའི་སེམས་ཅན་ལ།། དོན་བསྟན་ནས་ནི་ཡང་དག་གསུང།། ཐབས་མཆོག་ཐུགས་ཀྱིས་མཛད་དུ་གསོལ། ། དགོན་པའི་གནས་སུ་བདེར་གནས་ལ།། མཐོ་བཞི་ཕྱི་རུ་བཙུགས་བྱས་པ།། དེ་ལ་སྐུར་བསྐྱེད་དབང་ཡང་བསྐུར།། འཐུན་པའི་འབྲས་ཆན་གཏོར་མ་སྦྱིན།། ལས་རྣམས་ཐམས་ཅད་བསྒོ་བར་བྱ།། དྲག་པོའི་ལས་འདི་མ་གྲུབ་བར། ། ཁྱེད་ཀྱིས་ཕྱི་མཚམས་བསྲུང་དུ་གསོལ།། མཐུན་པའི་གཏོར་མ་འདི་བཞེས་ལ།། ཞལ་བཞེས་བཞིན་དུ་འཕྲིན་ལས་མཛོད།། ཕུར་པ་བཅུ་རྣམས་གསོག་བྱས་ལ།། ཚོན་སྐུད་སྣ་ལྔས་བཅིང་བར་བྱ། ། རང་གི་ཅོད་པན་རེ་རེ་གདགས།། མ་མོས་ལས་མཁན་བསྟན་བྱའི་ཕྱིར།། བན་དྷ་ཁྲག་དང་བཅས་པ་བསོག། ཚ་བ་ཁོང་ནས་བསྐྱེད་པའི་ཕྱིར།། གདུག་པའི་དུག་སྣ་གསོག་པར་བྱ།། གང་ལ་སྦྱོར་བའི་རྫས་རྣམས་ཀུན། ། ཐམས་ཅད་མ་ལུས་གསོག་པར་བྱ།། དེ་ནས་སྟོང་པ་ཆེན་པོར་བསྒོམ།། དེ་ལས་གཡོས་པའི་སེམས་དང་བཅས།། འབྲས་བུ་སྐུ་ཡི་ལས་རྣམས་བྱེད།། ས་བོན་ལས་ནི་ཐམས་ཅད་བསྐྱེད། ། གཅོག་ཟུངས་གཅེས་པ་དབུས་སུ་སྟེ།། རྩིབས་བཅུ་སྟེང་དུ་ཁྲོ་བཅུ་འབར།། ཟུངས་དང་བཅས་པ་དེ་མཐོང་ནས།། ཡབ་ཡུམ་རྗེས་སུ་ཆགས་པ་ཡི།། བྱང་ཆུབ་སེམས་དབང་དཀར་དམར་ལས།། ཁྲ་ཐབས་ཡབ་ཡུམ་ཚུལ་འཛིན་པ། ། དཀྱིལ་འཁོར་ཁྱམས་ལ་གནས་པར་བྱ།། སྒོ་ལ་རལ་ཅན་གདུག་བྱེད་དམ།། བཞིན་རྣམས་གསལ་བར་དགོད་པར་བྱ།། དབང་བསྐུར་ཕྱིར་ནི་གསོལ་བ་གདབ།། ཕྱི་ནང་གསང་བའི་དབང་བསྐུར་བས། ། ལུས་རྫོགས་འོད་དང་ལྡན་པར་བྱ།། དཀྱིལ་འཁོར་གནས་ནས་དྲངས་ལ་མཆོད།། སོ་སོའི་གནས་སུ་བཞུགས་སུ་གསོལ།། ཕྱི་ནང་གསང་བའི་མཆོད་པས་དབུལ།། དགྱེས་བཏར་ལས་གང་ཡིན་པ་ཙམ། ། ཁྲིའམ་སྟོང་ངམ་བརྒྱ་རྩ་བརྒྱད།། བསྙེན་པ་ཉི་ཁྲི་ཆིག་སྟོང་བྱ།། དེ་ལྟར་གྲངས་རྣམས་ཚང་བ་དང།། ལས་དང་སྒྲུབ་པ་སྦྱར་བར་བྱ།། ཏིང་འཛིན་འོད་འཕྲོས་བྱིན་བརླབས་བསྐྱེད།། སྐུ་འཕྲོས་དགུག་དང་གསང་ལས་སྦྱར། ། སྐུ་གསུང་ཐུགས་ལས་བྱུང་བའོ།། དམ་ཚིག་སེམས་ངག་གྲུབ་པ་ཡི།། ལྟེ་བར་བསམ་བྱ་སྙིང་པོ་བཟླས།། བདག་ཉིད་ཁྲོས་པའི་རང་བཞིན་པས།། སྐུ་ལས་འོད་ཟེར་འབར་བ་འཁྲུག། འབྱུང་དང་འཕྲོ་འདུས་གཏམས་པའོ།། ཅེས་ཀྱང་དེ་ལ་བསྐྱོད་པ་མེད།། སྐུ་ཡི་དབང་རྫོགས་ཐམས་ཅད་འདུལ།། གསུང་གི་དབང་རྫོགས་བཀའ་ལ་ཉན།། ཐུགས་ཀྱི་དབང་རྫོགས་གཉིས་མེད་དང།། ལྷ་སྲིན་སྡེ་དཔུང་བཅས་པ་ཡིས། ། ཐམས་ཅད་བདག་ལ་གདུང་བར་བྱེད།། ཆོས་ཀྱི་དབྱིངས་ལས་སྙིང་པོ་ཕྱུང།། རིགས་ལས་སྐུ་ཡི་སྙིང་པོ་ཉིད།། གདུག་པའི་ལུས་རྣམས་འཇོམས་པར་བྱེད།། གསུང་གི་སྙིང་པོ་དབང་ཕྱུག་རྣམས། ། བཀའ་ཉན་དབང་དུ་སྡུད་པར་བྱེད།། འོད་ཟེར་འབར་བས་ཀླུ་རྣམས་འདར།། ཐུགས་ཀྱི་སྙིང་པོ་རྡོ་རྗེ་ཡིས།། གདུག་པ་མ་ལུས་འཇོམས་པར་མཛད།། དགུག་དང་དབང་བྱེད་སྟོབས་དང་ལྡན།། གྲངས་ཚང་ཉམས་དང་ལྡན་གྱུར་ནས། ། ཕུར་པ་གདབ་པའི་ལས་ཀྱང་བྱ།། རལ་གྲི་གདབ་ཅིང་བརྡུང་བའོ།། གཏད་དང་མནན་པའི་ལས་བྱ་ཡིན།། མཎྜལ་འཁོར་ལོ་རྩིབས་བརྒྱད་ལ།། གཙོ་བོའི་མདུན་དུ་བུམ་པ་བཞག། དཀར་ལ་མཛེས་པར་བྱ་བ་ཡིན། ཁ་རྒྱན་བྱང་ཆུབ་ཤིང་གིས་བྱ།། མགུལ་ཆིངས་སྟེག་མེད་ཁ་ཚར་ཅན།། ནང་དུ་སྙིང་པོ་ལྡན་བྱས་ལ།། ལོགས་ལ་ར་རོའི་མཚན་མ་དགོད།། ཨ་ཀརུ་ལ་སོགས་པ་ཡི།། སྤོས་མཆོག་རྣམས་ཀྱིས་བུམ་པ་གང། ། གཟུངས་ཐག་ཐུགས་རྗེའི་རང་བཞིན་ཏེ།། ཐབས་དང་ཤེས་རབ་ལག་གིས་ཟུང།། ཁྲིའམ་སྟོང་ངམ་འབུམ་དག་ཏུ།། སྔགས་ཀྱིས་བཏབ་སྟེ་གླུད་བགྲུ་བྱ།། གུ་གུ་ལ་ལུས་ལ་བཏགས་བཟླས་བྱ། ། གསོ་བའི་ལས་ཆེན་གང་ཞིག་བྱེད་པ་ན།། དང་པོ་ལས་ལ་སྦྱོར་དུས་སུ།། ཁྱིའམ་ཕག་དང་རེའུ་འམ།། དྲེའུའི་ཐོད་པ་རབ་བླངས་ལ།། གང་ཡིན་གཟུགས་བརྙན་བྱས་ནས་ནི།། ཐོད་པའི་ནང་དུ་བཅུག་ནས་སུ། ། གྲངས་མང་བཟླས་ལ་དགུག་པ་བྱ།། དེ་བསྟིམ་རྟགས་པའི་ས་རུ་མནན།། དང་པོ་དངོས་གཞི་ཉིད་ལ་བྱ་བ་ཡི།། སྤོས་ཀྱི་དུད་པས་ཤི་ཁ་བདུག། མཚལ་གྱི་དུད་པས་ཉ་ལ་བདུག། དེ་གཉིས་དུས་སུ་གུ་གུལ་ནག་པོས་བདུག། དེ་ལས་བྱུང་བའི་ལས་ཅན་དེ།། ཡང་དག་ཁྲུས་བྱས་གོང་བཞིན་བདུག། དེས་ནི་དོན་རྣམས་རབ་གྲུབ་པར།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། བརྡུང་བའི་ལས་ཆེན་བྱེད་པ་ན།། ལས་ལ་སྦྱར་བའི་དུས་སུ་ནི། ། ཤིན་ཏུ་ཁྲོས་པའི་ཚད་དང་ནི།། སྐེ་རྩེ་སྐེ་འབྲས་རྣམས་སྔགས་ལ།། གླང་རུ་གཡས་པར་དེ་བླུགས་ལ།། གཞན་མ་ཕུར་བའི་སྐྱེ་རུ་གདགས།། མཐོ་ཡི་དཀྱིལ་དུ་བཞག་པའམ། ། ཡང་ན་ས་ཡི་གཏིང་དུ་སྦ།། ཕུར་པ་དབང་བསྐུར་བྱིན་བརློབས་ལ།། ཕྱོགས་དང་མཚམས་སུ་གདབ་པར་བྱ།། དེ་ནི་བགེགས་ཀྱི་ཚོགས་ཀུན་གྱིས།། གདུག་པའི་སྦྱོར་བ་འཆད་པར་འགྱུར།། ལུས་ངག་སྟོངས་ཤིང་འཕེལ་མེད་དེ། ། ཚངས་པའི་གནས་ནི་མ་གཏོགས་པ།། ནད་དག་གདོན་གྱི་ལམ་བཀག་ལ།། དཀྱིལ་འཁོར་དབུས་སུ་བུམ་པ་བཞག། རྫས་དང་ལྡན་པར་བྱས་ནས་ནི།། སྙིང་པོ་བྱེ་བ་ས་ཡར་བཟླས། ། དུས་དྲུག་ལས་བཀྲུ་བདུག་པ་བྱ།། བརྡུང་བའི་འཁོར་ལོ་མདོ་བཞིར་གདགས།། དུས་དྲུག་མཆོད་པ་རྒྱུན་མི་བཅད།། དེ་ཡིས་མནན་པ་ཡང་དང་ཡང།། བྱས་ན་འབྲས་དང་བཅས་པར་འགྱུར།། ལྷོག་པ་འབྲས་ཀྱིས་ཟིན་པ་དང། ། སྦྲུལ་གདུག་ཕོལ་གྱིས་ཟིན་པ་དང།། བསྙེན་དང་བསྒྲུབ་པ་རྫོགས་བྱས་ལ། ཁྲོད་དང་བཅས་པ་ཁར་བཅུག་སྟེ།། རྡོ་རྗེ་ཧཱུཾ་གི་འོད་ཟེར་གྱིས།། རབ་ཏུ་བསྲེགས་བསམ་གདབ་པར་བྱ།། དེ་ཡིས་ནད་དབང་གང་གང་གིས། ། དབང་ལས་ཡོངས་སུ་ཐར་པར་བྱེད།། ཛ་གད་གདོན་གྱིས་དབང་བྱས་ལ།། པདྨ་མཛེས་པའི་ནང་དུ་ནི།། སོ་ལ་སྟག་ཉུངས་ཀར་བསྲེགས་པ་སྟེ།། ཁྲོ་བོ་གདུག་པར་རབ་བསྐྱེད་ལ། ། འཛབ་གྲངས་མང་དུ་བཏོན་ལ་བླུགས།། གྲངས་མང་ཐིམ་ནས་དེ་བླུགས་བྱ།། གདོན་གྱིས་དེ་ལ་ཚུགས་མི་འགྱུར།། གང་ཞིག་གདོན་གྱིས་ཟིན་པ་ཡི།། སྨྱོ་ཞིང་འབོག་པར་བྱེད་པ་ལ།། ཏིང་འཛིན་དབང་ཡང་ནོད་པར་བྱ། ། མཚོན་ཆའི་ཆར་པས་གདོན་དེ་བསྐྲད།། མཚན་ལྡན་མི་མོ་གཞོན་པ་ལ།། བྱིན་ལྡན་རབས་ཆད་རྐང་ཕུར་དེ།། འཛབ་བྱ་དབང་བསྐུར་བྱིན་བརླབས་ནས།། གང་ཡིན་གཟུགས་བྱས་རབ་བཀུག་ལ། ། ཐབས་ཀྱིས་གཟུངས་ལ་ཤེས་རབ་མས།། དེ་ལ་གདབ་པར་བྱ་བ་ཡིན།། དེ་བྱས་གཉིས་མེད་བྱང་ཆུབ་སེམས། ལུས་བྱུག་རྒྱ་ཡིས་རབ་བཏབ་ལ།། བ་སྤུ་བུ་གའི་ནང་ནས་ནི།། གདུག་པའི་སྐུ་ཡིས་གང་བར་བྱ། ། འཁོར་ལོའི་དབུས་སུ་བཅུག་ལ་བཞག། སྨྱོ་འབོག་ནད་ལས་ཐར་པར་འགྱུར།། ཕྱུགས་ལ་གདོན་གྱིས་དབང་བྱས་ནས།། ཞོ་སྐམ་ཁྲག་ཏུ་འོང་བ་ལ།། རིའུ་ལྕགས་པའམ་མཐར་ནུ་རམ།། བསེ་ཤིང་ཞོ་ཅན་གང་དང་གང། ། དེ་ལ་གདོན་གྱི་གཟུགས་བྱས་ལ།། དགུག་ཅིང་བསྟིམ་པ་གང་དང་གང།། བྱས་པ་ཉམས་སུ་བྱུང་བ་ན།། དྲག་ཏུ་སྔགས་བཟླས་ཐུབ་པར་ངེས།། དེས་ནི་གདོན་བསྒྲལ་ལས་ཀྱང་གྲུབ།། བདག་ལ་གནོད་པའི་ལས་ངན་དེ། ། ངེས་བར་རྩད་ནས་བཅད་པའི་ཕྱིར།། མོན་དང་རབས་ཆད་ཐོད་པ་ལ།། བཟླས་པ་ཁྲི་ཕྲག་བྱས་ནས་ནི།། དམིགས་པའི་མིང་རུས་དེར་བཅུག་ལ།། གདུག་པའི་གནས་སུ་མནན་པའམ།། ཡང་ན་རུས་རྩལ་ཁོག་བཅུག་སྟེ། ། རྒྱ་མཚོའི་གཏིང་དུ་མནན་པ་བྱ།། དེ་ཡིས་ལས་རྣམས་ཐམས་ཅད་འགྲུབ།། ཏིང་འཛིན་མཆོག་དང་ལྡན་པའི་མིས།། གང་དམིགས་ལུས་ལ་ངེས་སྦྱར་ན།། དེ་ཡིས་མི་བདེའི་ལས་ཀུན་འབྱུང། ། ཞི་དང་རྒྱས་དང་དབང་དང་དགུག། བསྐྲད་པའི་ལས་ལ་ཐེ་ཚོམ་མེད།། གསལ་བའི་ཏིང་འཛིན་མེད་པ་ཡིས།། ལས་རྣམས་འགྲུབ་པར་མི་འགྱུར་ལ།། ཡུན་དུ་བསྒྲུབས་ཀྱང་རྟགས་མི་འབྱུང།། དེ་བས་ཏིང་འཛིན་ནན་ཏན་བསྐྱེད། ། སྔགས་རྣམས་གྲངས་ལ་མ་ངེས་ཀྱིས། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས།། སྲས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། ཕྱི་ནང་གསང་བའི་མཆོད་མཉེས་མཛད།། ཞལ་དུ་བལྟས་ཏེ་འདི་སྐད་གསོལ།། ཀྱེ་ཀྱེ་བཅོམ་ལྡན་ཐབས་མངའ་བདག། ཐབས་མང་མངའ་བས་སེམས་ཅན་དོན།། ཐོགས་མེད་བརྒྱ་ལ་སྤྱོད་པར་མཛད།། གདུག་པའི་སེམས་ཅན་བསྒྲལ་འཚལ་ན།། དཀྱིལ་འཁོར་བྱིན་བརླབས་གསུངས་ལགས་ཏེ།། ཕུར་པའི་རྒྱུ་འདི་ཅི་ལ་བགྱི། ། རིང་ཐུང་ཚད་འདི་ཇི་ལྟར་ལགས།། དེ་ལ་ཡོན་ཏན་ཅི་དང་ལྡན།། དེ་མེད་སྐྱོན་ནི་ཇི་ལྟར་འབྱུང།། རྒྱུ་རྣམས་མེད་པར་མི་འཚལ་ལམ།། ཞེས་གསོལ་པ་དང།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ཡིས།། ཀརྨ་ཧེ་རུ་ཀའི་ཚིག་གསན་ནས། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། གདུག་པ་བསྒྲལ་བ་སེམས་ཅན་དོན།། འདི་ལྟར་བྱེད་ལ་ལེགས་སོ་ལེགས།། ཕུར་པའི་རྒྱུ་རྣམས་ངས་བཤད་ཀྱིས།། རྩེ་གཅིག་སེམས་ཀྱིས་གུས་པར་ཉོན། ། དུག་ཤིང་གདུག་པས་བསད་ལས་འགྲུབ།། དེ་ཡིས་རང་བསྐྱེད་ཤིང་མཆོག་རྣམས་ཕུར་པའི་རྒྱུ་རུ་རུང་པར་བཤད།། གདུག་པ་སྦྲུལ་ནི་གནས་པ་ཡི།། ཤིང་མཆོག་ཚེར་མ་མེད་མོད་ཀྱང།། དེ་ཡིས་བྱ་བར་གསུངས་པ་ཡིན། ། སེང་ལྡེང་སྨུག་ནག་གདུག་པའི་ཤིང།། དྲག་པོའི་ཕུར་པའི་རྒྱུ་རུ་གསུངས།། སྟག་དང་དོན་གྱི་གནས་དག་ན།། དག་དང་སྐྱེས་པའི་ཚེར་མ་ཅན།། དྲག་པོ་ཕུར་པའི་རྒྱུ་ཡང་ཡིན།། གནམ་ལྕགས་ཐོག་གི་ལྕགས་དང་ནི། ། གྲི་དང་མདེའུ་རྟགས་ཕྱིན་པ།། དགྲ་ལྟ་རལ་གྲི་མདུང་དག་དང།། ཁྲོ་ཆུང་སྒོ་གཟེར་ལ་སོགས་པ།། རྟགས་ཕྱིན་སྲ་བའི་ལྕགས་རྣམས་ལ།། གསོད་པ་ལས་མཁན་ཕུར་པ་བྱ།། དེ་དག་ཐམས་ཅད་གང་དང་གང། ། སྟེང་དུ་སོར་གཅིག་རྒྱ་མདུད་བྱ།། གཞལ་ཡས་ནམ་མཁའི་རང་བཞིན་ཡིན།། རྐེད་པར་སོར་གཅིག་རྒྱ་མདུད་བྱ།། སྐྱེད་ཤིང་གནས་པའི་རང་བཞིན་ནོ།། བར་དུ་རིན་ཆེན་ཟུར་བསྐྱེད་དེ། ། རིན་ཆེན་ལས་གྲུབ་རྩིག་པའོ།། རྩེ་མོ་ཟུར་གསུམ་འཇོམས་པ་ཡིས།། ཕྱག་རྒྱ་གསལ་བས་ཐམས་ཅད་ཀྱི།། ཁྲོ་རྒྱལ་ཚོགས་བཅས་བཞུགས་པ་ཡི།། ཐབས་དང་ཤེས་རབ་མཐུ་ལས་བྱུང།། དྲག་པོའི་ལས་ལ་སྦྱོར་བ་ཡིན། ། དེ་ཡི་རྐྱེན་གྱིས་གསུངས་པ་ཡིན།། ཞི་བའི་ཕུར་བའི་རྒྱུ་བསྟན་པ།། དཀར་ལ་འཇམ་པའི་རང་བཞིན་ཅན།། དགོན་པའི་གནས་ནས་སྐྱེས་པའི་ཤིང།། དཀར་ལ་འཇམ་པ་གང་དང་གང། ། ཞི་བའི་ཕུར་བའི་རྒྱུ་འདི་ཡིན།། བྱང་ཆུབ་ཤིང་བུ་དམ་པ་སྟེ།། ཞི་བའི་ཕུར་པ་བྱ་བར་ཤིས།། ཙན་དན་དཀར་པོའི་ཤིང་བུ་ནི།། མཆོག་ཏུ་ཞི་བའི་ལས་ལའོ།། འོ་མ་ཅན་ནི་གང་ཡོད་པ།། མངར་དང་བཅས་པའི་ཤིང་མཆོག་རྣམས། ། དངུལ་ལམ་དཀར་པོའི་རྒྱུ་རྣམས་ནི།། ཞི་བའི་ཕུར་པའི་རྒྱུ་ཡིན་ཏེ།། མགོ་བོ་རྒྱམ་དུད་གོང་མ་བཞིན།། ཐབས་དང་ཤེས་རབ་ལས་བྱུང་བའི།། བྱང་ཆུབ་སེམས་ཀྱི་ཀྲུས་བྱའི་ཕྱིར།། རྩེ་མོ་ཟླུམ་པོར་བྱུང་བ་ཡིན། ། རྒྱས་པའི་ཕུར་པའི་རྒྱུ་བསྟན་པ།། རྒྱལ་པོའུ་གནས་ན་སྐྱེས་པའི་ཤིང།། སེར་པོའི་མདོག་བཅས་གང་དང་གང།། རྒྱས་པའི་ཕུར་པའི་རྒྱུ་རུ་གསུངས།། སྐྱེར་བ་གདུག་སྟེ་ཁ་དོག་དབང། ། རྒྱས་པའི་ཕུར་པ་ཡིན་པར་བཤད།། གསེར་ཤིང་རྒྱས་པའི་ཕུར་པ་ཡིན།། དེ་ལ་སོགས་པ་ཕུར་པའི་ཤིང།། གང་དག་ཁ་དོག་ལྡན་པ་རྣམས།། རྒྱས་པའི་ལས་ལ་ཤིས་པ་ཡིན།། གསེར་རམ་སེར་པོའི་རང་བཞིན་ལ། ། རྒྱས་པའི་ཕུར་པ་བྱ་བ་ཡིན།། མགོ་བོའི་རྒྱ་མདུད་རྐེད་རྒྱ་མདུད།། དྲག་པོའི་སྐབས་ལས་ཤེས་པར་བྱ།། ཐབས་དང་ཤེས་རབ་རང་བཞིན་ལས།། ཐམས་ཅད་བྱང་ཆུབ་སེམས་ཀྱིས་རྒྱས།། དེ་དབང་རྩེ་མོ་ཟུར་བཞིར་བྱུང། ། རྒྱས་པའི་དབང་གིས་ཡང་དག་བཤད།། དབང་གི་ཕུར་པའི་རྒྱུ་བསྟན་པ།། ཆོས་མཁན་གདུག་པའི་གནས་དག་གམ།། གང་དག་སྐྱེས་པའི་ཤིང་རྣམས་ལ།། དབང་གི་ཁ་དོག་མི་ལྡན་ཡང།། ཇི་ལྟར་སྐྱེས་པ་ཐམས་ཅད་ཀུན། ། དབང་གི་ཕུར་པའི་རྒྱུ་ཡིན་ནོ།། མཚན་པ་ཁ་དོག་ལྡན་པའི་ཤིང།། ཙན་དན་དམར་པོའི་དྲི་དང་ལྡན།། ཏོ་མོའི་རང་བཞིན་ཁ་དོག་བཅས།། སེང་ཤིང་མཛེས་པས་དབང་དང་ལྡན།། དེ་ལ་སོགས་པ་དམར་པོའི་ཤིང། ། ཟངས་སམ་དམར་པོའི་རྫས་རྣམས་ལ།། དབག་གི་ཕུར་པ་བྱ་བར་གསུངས།། མགོ་བོ་རྒྱ་བདུད་དེ་བཞིན་ཏེ།། ཆོས་དབྱིངས་ངང་ལ་ཐམས་ཅད་དབང།། དེས་ན་རྩེ་མོ་ཟླ་གམ་མོ། ། དེ་དག་ཐམས་ཅད་རང་བཞིན་ནི།། ཆོས་ཀྱི་དབྱིངས་ལས་བྱུང་བས་ན།། རྩ་བའི་ལོགས་སུ་རྒྱ་མདུད་བྱ།། ཐམས་ཅད་ལས་གང་གྲུབ་པའི་ཕྱིར།། རྩེ་མོའི་ཕྱོགས་སུ་དཔལ་ཡང་བྱ།། དེ་དག་ཏིང་འཐུང་ཚད་རྣམས་ནི། ། སོར་བཞི་འབྱུང་བ་བཞི་ཡི་ཚད།། སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད།། བཅུ་གཉིས་པ་ཡི་རང་བཞིན་ནི།། སྐྱེ་མཆེད་བཅུ་གཉིས་ཚད་དུ་བསྟན།། བཅོ་བརྒྱད་ཚད་དུ་བསྟན་པ་ནི།། ཁམས་ནི་བཅོ་བརྒྱད་འཇོམས་པའི་རྟགས། ། ཚོན་གང་ཚད་དུ་བསྟན་པ་ནི།། བྱང་ཆུབ་སེམས་མཆོག་ཚད་དུ་བསྟན།། ཕྱི་ཡི་རྟགས་དང་ནང་གི་རྟགས།། གསང་བའི་རྟགས་དང་བཅས་པར་བསྟན།། གདུག་པའི་ཤིང་མཆོག་ཚརཏ་མ་ཅན། ། དེ་ཡི་ཡོན་ཏན་བསྟན་པ་ནི།། དུག་གིས་བསོད་བའི་ལས་བྱེད་དེ།། གདུག་པས་མི་འཆོར་ལས་གྲུབ་པའོ།། དེ་ཡི་རང་བསྐྱེད་འདྲ་བ་ཡི།། ཡོན་ཏན་རྣམས་ནི་འབྱུང་བ་ཡིན།། གདུག་པ་གནས་པའི་སྐྱེ་བའི་ཤིང། ། ལས་ལ་ཕན་འདོགས་ཡོད་པས་ན།། དེ་ནི་དྲག་པའོ་ཡོན་ཏན་འབྱུང།། སེང་ལྡེང་བྱས་པའི་ཡོན་ཏན་ནི།། དབང་དྲག་གཉིས་ལ་ཤིས་པ་ཡིན།། གདུག་པའི་ཤིང་ནི་གཅན་གཟན་གནས།། དེ་ན་སྐྱེས་པའི་ཡོན་ཏན་ནི། ། གདུག་པའི་ལས་དང་དོན་མཐུན་ཏེ།། དེ་ཡིས་གསོད་ལ་ལྷག་པར་མྱུར།། ལྕགས་ལ་སོགས་པའི་ཕུར་པ་ཡི།། དེ་ཡི་ཕན་ཡོན་བསྟན་པ་ནི།། དཔེར་ན་སྟ་རེ་ངར་ལྡན་གྱིས།། ནགས་ཚལ་ཆེན་པོའི་ཤིང་རྣམས་ལ། ། སྐྱེས་བུ་རྩལ་དང་ལྡན་པའི་མིས།། རྩོལ་བ་དྲ་པོས་རབ་བཅད་ན།། ཆོད་མི་ཆོད་ཀྱི་ཐེ་ཚོམ་མེད།། ངར་དང་མི་ལྡན་སྟ་རེ་ཡིས།། བཅས་ཀྱང་ཆོད་པར་མི་འགྱུར་ཏེ།། དེས་ན་ཐེ་ཚོམ་སྐྱེ་བའི་རྒྱུ། ། དེ་དང་རྟགས་ཕྱིར་ལྕགས་འདྲ་སྟེ། བསད་དཔས་གསོད་པའི་ལས་ཀྱང་འགྲུབ།། གཞན་གྱིས་མི་ཕྱིན་སྒོ་གཟེར་ཡིན།། ངར་དང་ལྡན་པ་ཁྲོ་ཆུ་སྟེ།། དྲག་པོའི་ལས་གང་གནན་ལྕགས་སོ།། དཀར་ལ་བྱང་ཆུབ་སེམས་ཞི་བ། ། འཇམས་པས་གནོད་པའི་སེམས་མི་འབྱུང།། དགོན་གནས་སྐྱེས་པའི་ཤིང་རྣམས་ཀྱིས།། གདོན་རྣམས་རྣམ་པར་ཞི་བར་བྱེད།། བྱང་ཆུབ་ཤིང་ལས་བྱས་པ་ཡིས།། ངག་རྩུབ་ཐམས་ཅད་ཞི་བར་བྱེད། ། ཙན་དན་དཀར་པོའི་ཕུར་པ་ཡིས།། ནད་རྣམས་མ་ལུས་ཞི་བར་བྱེད།། འོ་མ་དཀར་དང་བཅས་པ་རྣམས།། ཐམས་ཅད་ཞི་བའི་ལས་ལ་ཤིས།། དངུལ་ལ་སོགས་པའི་ཕུར་པ་ཡིས།། མཆོག་ཏུ་ཞི་བའི་ལས་གྲུབ་པོ། ། རྒྱལ་པོའི་གནས་སྐྱེས་ཤིང་བུ་ནི།། ཐམས་ཅད་རྒྱས་པར་འགྲུབ་པ་ཡིན།། སྐྱེར་བའི་ཡོན་ཏན་བསྟན་པ་ནི།། ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད།། བསེ་ཤིང་ཕུར་པ་རིགས་རྒྱས་བྱེད།། གསེར་གྱིས་བྱང་ཆུབ་ཤིང་རྒྱས་བྱེད། ། ཆོས་མཁན་གནས་ནས་སྐྱེས་པ་ཡི།། དེ་ཡི་ཕན་ཡོན་བསྟན་པ་ནི།། ཐམས་ཅད་དབང་དུ་འདུ་བའོ།། ཙན་དན་དམར་པོའི་ཕུར་པ་ཡིས། བུ་མོ་དབང་དུ་བྱ་བ་འགྲུབ།། མཛོ་མོས་བློན་པོ་དབང་དུ་འགྲུབ། ། སེང་ཤིང་དམངས་རིགས་དབང་དུའོ།། ཟངས་ལ་སོགས་པའི་རྒྱུ་རྣམས་ཀྱིས།། རྒྱལ་པོ་དབང་དུ་གྱུར་པ་ཡིན།། ཁ་དོག་མཛེས་པའི་ཤིང་རྣམས་ཀྱིས།། གདོན་རྣམས་དབང་དུ་འདུ་བའོ།། མདོར་ན་རྣམ་འབྱོར་དམ་པ་ཡིས། ། ཏིང་འཛིན་མ་ནོར་དྲོད་ལྡན་ཞིང།། བྱིན་བརླབས་དབང་བསྐུར་མ་ནོར་ཏེ།། དམ་ཚིག་མ་ཉམས་ཐུབ་གྱུར་ན།། རྒྱུ་ནི་གང་དང་གང་ཡིན་ཡང།། བདེ་གཤེགས་ས་བོན་བསྐྱེད་པ་འདྲ།། ཐམས་ཅད་ལས་འདི་བྱ་བར་གསུངས། ། རེ་ཞིག་འདི་ལོ་གནས་པ་ནི།། མཚན་མ་ཅན་ལས་གསུངས་པ་སྟེ།། ཡོན་ཏན་ལྡན་པར་ཡིས་བཤད།། རྣལ་འབྱོར་དམ་པ་དེ་རྣམས་ལ།། དང་པོ་གཞུང་ལས་འབྱུང་བཞིན་བྱ།། རྫས་རྣམས་ཚོགས་ན་ཐེ་ཚོམ་མེད། ། བཤམ་པ་ལེགས་ན་ཆུད་མི་ཟ།། ལེགས་ཤིང་དོད་ནས་དང་བ་སྐྱེ།། མ་དོད་རྟགས་ཅན་སེམས་མི་བདེ།། རྒྱུ་མེད་བྱས་ན་བཀའ་ལས་འགལ།། རྙེད་བཙན་བྱས་ན་བྱིན་བརླབས་མེད། ། ཡོད་བཙན་དོད་བསྒོམ་མི་བདེ།། ངན་བས་རྟོགས་པ་བཅས་གྱུར་ན།། བྱ་བའི་ལས་རྣམས་འགྲུབ་མི་འགྱུར།། མདོར་ན་གཞུང་དང་མཐུན་པར་བྱ།། ཕུར་པའི་རྒྱུ་ནི་བྱང་ཆུབ་སེམས།། ཐབས་དང་ཤེས་རབ་ངང་ཉིད་ལས། ། གསང་བའི་གནས་སུ་རབ་གསལ་བ།། རྒྱུ་ཡི་སྐུ་ནི་རང་བཞིན་བསྐྱེད།། མཚན་མ་བྱང་ཆུབ་སེམས་རྟོགས་ནས།། མཚན་མར་བཅས་པའི་ལས་མི་དགོས།། མཚན་མ་འཇོམས་པ་ཞི་བ་བཟང། ། ལོག་ལྟ་འཇོམས་ལ་ཁྲོ་དུལ་ལྷག། ཉོན་མོངས་ལྔ་འདུལ་ཡང་དག་བཟང།། མཚན་མ་རྟོགས་མེད་བཤམ་པ་གཅེས།། རྟགས་ཕྱིན་འདོད་ན་ཡུན་རིངས་ཟློས།། གདོང་ཚུགས་འདོད་ནས་ཐུད་ལ་སྦྱོར། ། རིངས་པར་འདོད་ན་རྫས་ལ་སྦྱོར།། མྱུར་འདོད་མ་ཡེངས་བརྩོན་འགྲུས་བསྐྱེད།། འདི་ལྟར་དོན་ལ་མ་ཡེངས་པར།། རྒྱུན་དུ་གནས་པར་བྱ་བ་ཡིན།། ཡུན་ནི་ལོ་ཟླ་ཙམ་དུ་བསྲིང།། གྲངས་ནི་མཚན་མ་བྱུང་བའམ། ། ཡང་ན་བྱེ་བ་ས་ཡར་བཟླས།། དེ་ཡིས་ལས་རྣམས་གྲུབ་པར་ནི།། རྒྱུད་འདི་ལས་ནི་ང་ཡིས་བཤད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། ཕུར་པའི་རྒྱུ་བསྟན་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། ཡང་དག་དོན་གྱིས་གསོལ་བ་བཏབ།། ཀྱེ་ཀྱེ་སྟོན་པ་སྙིང་རྗེའི་བདག། ལས་ཀྱི་དབང་ཉིད་ཐམས་ཅད་འདུལ། ། དབང་པོ་སངས་རྒྱས་ཀུན་གྱི་ཡབ།། བདེ་ཆེན་སྤྲུལ་པ་འབྱུང་གནས་གསལ།། གདུག་པ་བསྒྲལ་བའི་ལས་ཐབས་ལ།། ཕུར་པའི་རྒྱུ་རྣམས་གསུངས་ལགས་ན།། འདི་ལ་ལས་མཁན་མི་འཚལ་ལམ། ། བསྐུལ་བའི་ཐབས་ནི་ཇི་ལྟར་བགྱིད།། འདི་ལ་གཏོར་མ་མི་འཚལ་ལམ།། གཏོར་མའི་རྒྱུ་ནི་གང་ལགས་ན།། བསྔོ་བའི་ཐབས་ནི་ཇི་ལྟར་བསྔོ།། ཀཱི་ལ་ཡ་ཡིས་བཀའ་སྩོལ་ཅིག། དེ་སྐད་ཅེས་ནིགསོལ་བ་དང། ། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ཡིས།། ཀརྨ་ཧེ་རུ་ཀའི་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། མ་མོལས་མཁས་ཅི་བགྱིའི་ཚོགས།། ང་ཡི་བསྟན་པ་འདི་བསྲུངས་ཏེ།། ལེགས་པར་བཤད་པ་ངས་བྱ་ཡིས། ། ཉོན་ཅིག་ཀར་མ་ཧེ་རུ་ཀ། དང་པོ་བྱང་ཆུབ་སེམས་ལས་འགྲུབ།། གཞལ་ཡས་དམ་པའི་གྲུ་ནང་དུ།། སོ་སོའི་སྐུ་ནི་གསལ་བར་བསྐྱེད།། རྡོ་རྗེའི་སྤྱུགས་པས་རབ་བླངས་ལ།། རྡོ་རྗེའི་གཡབ་མོས་གཡབ་པར་བྱ། ། སྔོན་གྱི་དམ་ཆོས་རྗེས་དྲན་ནས།། རང་དབང་མེད་པར་འོང་བར་འགྱུར།། ཕྱག་རྒྱ་བཞི་ཡི་ལས་བྱ་ཞིང།། དེ་ལ་མཆོད་པ་ཡིད་ཀྱིས་བཏབ།། བདུད་རྩི་ཟས་ལ་ལོངས་སྤྱོད་པ།། དེ་ལས་བསྐུལ་བར་བྱ་བ་ཡིན། ། དེ་ལ་གཏོར་མ་བྱ་བ་ནི།། བདུད་རྩི་ལྔ་ལ་གཞི་བླངས་ལ།། ཤ་སྣ་ལྔ་ཡང་བསག་པར་བྱ།། རྒུན་འབྲུམ་མ་ཚང་ཤ་ཕྱེས་གདབ།། གླ་བ་ཤིང་ཀུན་གཡོ་བ་ཡི།། ཆུ་ཡིས་རྒྱས་པར་རབ་སྦྱར་ཏེ། གཏོར་མ་བྱིན་ལ་ལས་ལ་བཏང།། སྔོན་གྱི་ཞལ་བཞེས་ཇི་ལྟ་བར།། དམ་བཅས་བཞིན་དུ་ལུས་རྣམས་སྒྲུབས།། ལས་དབང་བསྐུལ་བའི་མངའ་བདག་མོ།། སྤྲུལ་པ་དང་བཅས་ལས་གྱིས་ཤིག། བདག་ཉིད་ཆེན་མོའི་དུས་ལ་བབ། ། གཡོག་དག་བཅས་པའི་སེམས་དཔའ་ཡིས།། དེ་འདྲའི་སེམས་ཀྱི་རབ་བསྐུལ་ཏེ།། ཤེས་པ་གནས་སུ་དེ་དྲོངས་ལ།། དབང་བྱེད་ལས་ལ་སྦྱོར་བར་གྱིས།། སེམས་ཅན་ཐམས་ཅད་གནས་ནས་བྱུང། ། དེ་དེའི་བྱེ་བྲག་གསལ་བྱས་ལ།། ཙན་དན་དམར་པོའི་ཆུ་དག་ལ།། ཉི་མ་རབ་ཏུ་བླུགས་བྱ་སྟེ།། གདོང་དྲུག་ཞང་པོཔ་ཁྲག་བླུགས་ལ།། དེ་ལའང་གཡོ་བའི་རྫས་ཀྱིས་སྤྲས།། བྱིན་ལ་ལས་ལ་གཏང་བར་བྱ། ། ཤོ་ན་མུ་ཀའི་དུས་ལ་བབ།། པདྨའི་རིགས་ལས་སྤྲུལ་པའི་ལྷ། སྔོན་ཆད་ཁས་བླངས་དམ་བཅས་པ།། དམ་ཚིག་གཉན་ལས་མ་འདའ་བར།། མཐུན་པའི་གཏོར་མ་འདི་ལོང་ལ།། སྤྲུལ་པས་འཁོར་བའི་གནས་བསྒྲལ་ཕྱིར། ། ང་ཡིས་ཁྱེད་ལ་རབ་བསྐུལ་བས།། དྲག་པོ་ལས་ཁུག་དུས་ལ་བབ།། ཁམས་གསུམ་གནས་པའི་སེམས་ཅན་རྣམས།། འབྱུང་བའི་རང་བཞིན་གཞི་གནས་ས།། དེ་ལ་དབང་བའི་མངའ་བདག་མོ།། དེ་དབང་གཏོར་མ་བྱ་བ་ནི། ། སྣོད་ཀྱི་ཤལ་གཞི་བླངས་ལ།། ཤ་སྣ་ཚོགས་པའི་གཏོར་མ་བྱ།། སྣོད་ཀྱི་ཁྲག་ལ་གཞི་བླངས་ལ།། ཁྲག་སྣ་ཚོགས་པའི་རཀྟ་སྦྱར།། ས་བདག་ཆེན་པོའི་དུས་ལ་བབ།། མཚོ་བཞིའི་གནས་ནས་བཞེངས་སུ་གསོལ། ། འཐུན་པའི་གཏོར་མ་འདི་འབུལ་གྱིས།། ཁྲག་ནད་བླང་ཐབས་བཏང་བ་དང།། བལ་ནད་རྒྱུ་གཟེར་དབབ་པའི་ཕྱིར།། དམ་བཅས་བཞིན་དུ་བདག་བསྐུལ་གྱིས།། ཁས་བླངས་བཞིན་དུ་དམ་ལ་འདུ། ། གནག་པའི་ལས་རྣམས་མཛད་དུ་གསོལ།། སྟག་གི་སྙིང་དང་སེང་གེའི་སྙིང།། ཝ་ཡི་སྙིང་དང་སྦྱང་མོའི་སྙིང།། བྱ་རྒོད་སྙིང་དང་ཁྲ་ཡི་སྙིང།། ཆུ་བྱའི་སྙིང་དང་འུག་པའི་སྙིང།། དེ་རྣམས་གཏོར་མའི་གཞི་བླངས་ལ། ། མཆོག་ཕྲན་སྙིང་དང་ནང་གྲོལ་དང།། ཐོད་ཁྲག་ཀླད་པར་བཅས་པ་དང།། ལྷུ་གདུམ་སྙིང་དང་ཁྲག་ཏུ་བཅས།། སྙིང་དང་སྙིང་རྩར་བཅས་པས་མནན།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། དུར་ཁྲོད་གནས་སུ་རྒྱུག་ལེན་མ། ། དུར་ཁྲོད་བརྒྱད་ལ་གནས་བཅས་ནས།། སྟིར་ཟ་ཞིང་ལས་ལ་སྦྱོར།། བཀའ་གསང་སྤྲུལ་པའི་ཕོ་ཉ་མོ།། དམ་ལ་སྡུད་ཅིང་ལས་ལ་འགྱེད།། དམ་ཚིག་གཉན་པོ་བདག་བསྐུལ་གྱིས།། གཏོར་མ་ལོང་ལས་འཕྲིན་ལས་མཛོད། ། ཕྱག་བརྙན་ཆེན་པོའི་དུས་ལ་བབ།། ཐམས་ཅད་བསྐུལ་ཞིང་ལས་ལ་སྦྱོར།། དུར་ཁྲོད་རྫས་ལ་ལྟ་ཞིང་འགྱིང།། ཞིང་ཆུང་བསྣོལ་ཟས་ཁོང་སྙིང་འབྱིན།། ཁྲག་རལ་ཁྲག་འཐུང་དབང་མོ་ཆེ། ། སྙིང་ཞགས་ལྟ་ཞིང་རྫས་ལ་རོལ།། དོན་སྙིང་འབྱིན་ཞིང་རྒྱུ་ཞགས་འདྲེན།། མགོ་ལུས་གཏུམ་ཞིང་ལས་ལ་སྦྱོར།། དུར་ཁྲོད་ཁྲག་ལ་རོལ་ཅིང་ཟ།། ཟངས་གྲིས་གཅོད་ཅིང་མདངས་ཀྱང་འཕྲོག། མཐུན་པའི་གཏོར་མ་འདི་འབུལ་གྱིས།། བསོད་པའི་ལས་ལ་མྱུར་བར་ནི།། གདུག་པ་བསྒྲལ་བའི་ལས་བྱུང་ཚེ།། དམ་ལས་མ་འདའ་འཕྲིན་ལས་མཛོད།། སེམས་ཅན་ཀུན་གྱི་སྙིང་ཁྲག་དང།། སྙིང་གི་རྩ་བ་མ་ཉམས་དང། ། སྒལ་ཚིགས་ལ་སོགས་གཏོར་མ་རྣམས།། སྲིན་མོ་ཚོགས་ཀྱི་དུས་ལ་བབ།། ང་ཡི་སྤྱན་སྔར་ཁས་བླངས་པ།། སྲིན་འདུ་རི་ལ་གནས་བཅས་ཏེ།། ཁྱོད་ཀྱིས་ལས་རྣམས་བྱ་བར་ནི།། དམ་ཚིག་ཕོབ་ནས་དབང་ཡང་བསྐུར། ། སོ་སོའི་དབང་རྟགས་ལེགས་བྱིན་ཏེ།། ཇི་ལྟར་ལས་གཉེར་བཏང་བ་ཡི།། ལས་རྣས་མ་ལུས་ཁྱེད་ཀྱིས་སྒྲུབས།། ཐམས་ཅད་གཅིག་ཏུ་བྱ་བ་ནི།། རྫས་རྣམས་ཐམས་ཅད་རབ་གཏམས་ལ། ། གཡོ་བའི་རྫས་ཀྱིས་ཀུན་ལ་བཀྲ།། དེ་ནས་པདྨའི་སྣོད་བཀང་ལ།། ནམ་ཕྱེད་གཅེར་བུར་བྱུང་ནས་ནི།། སྐྲ་ཡང་སྤྱི་བོར་རབ་བཅིངས་ལ།། གདོང་ལ་ཐལ་བས་རབ་བྱུགས་ལ།། རཀྟའི་ཐིག་ལེ་གསུམ་ཡང་བྱ། ། དེ་ནས་གཏོར་མ་རབ་བསྔོས་ལ།། ང་རོ་ཕྱུང་སྟེ་ལས་རྣམས་བཅོལ།། དྲག་པོའི་ལས་དང་ཞི་བའི་ལས།། དབང་དང་རྒྱས་པའི་ལས་རྣམས་ཀུན།། རང་རང་སོ་སོར་སྦྱར་བར་བྱ།། དྲག་པོའི་དུས་སུ་བསྐུལ་བར་བྱ། ། དམིགས་པར་བྱ་བའི་ཡུལ་དེ་ནི།། ཉིད་དང་སྤྲུལ་པས་ཡངས་པར།། ཐང་ཅིག་ཡུད་ལ་ཁྲིད་ལ་ཤོག། དེ་ཚེ་གདུག་པའི་གཏོར་མ་བཏབ།། གདུག་པའི་ཕུར་བས་གདབ་པར་བྱ།། བསྡིགས་པའི་ལས་རྣམས་ཡང་དང་ཡང། ། ལས་གཉིས་སྔོན་དུ་འགྲོ་བ་ཡིན།། འགྲོ་བ་ལྷ་ཡི་བྱེ་བྲག་རྣམས།། ཤེས་པར་བྱས་ལ་དཔྲལ་བ་ཡིན།། ཟིལ་གནོན་ཅེན་པོའི་ཕྱག་རྒྱ་ཡིས།། མནན་པས་མཐུ་མེད་རྫུ་འཕྲུལ་མེད།། ལྕེ་དཔོག་ནག་པོའི་དུད་པས་བདུག། ཞགས་པས་ཡན་ལག་ཐམས་ཅད་བཅིང།། ཁྲོ་རྒྱལ་གནས་པའི་གཞལ་ཡས་བརྟག། མ་མོ་ཚོགས་ཀྱི་རོལ་པ་ཡིས།། ཞིང་རྣམས་བསྒྲུབས་ལ་གཞག་པ་ཡིན།། བཏབ་པའི་གནས་ས་གང་ཡིན་དེ། ། བརྟགས་ལ་གསལ་བར་ཤེས་པར་བྱ།། བརྡུངས་ནས་འདི་ཉིད་དབུས་སུ་ནི།། མི་གཡོ་བརྟན་པར་བཞུགས་སུ་གསོལ།། དེ་ཚེ་སྡུ་བསྔལ་ཉམས་སུ་མྱོང།། གནོད་ཞིང་མཐོལ་བའི་ལས་མི་བྱེད།། དེ་ཡིས་བྱང་སེམས་བསྐྱེད་པ་ཡིན། ། དེ་ལ་བརྟག་པ་བྱར་མི་རུང།། དམ་ཚིག་ཉམས་པས་འཇིགས་པས་སོ།། མ་རིག་ལས་རྣམས་བྱས་པ་ཡིན།། ང་ཡིས་དེ་འདྲའི་སྡུག་བསྔལ་མྱོང།། རང་དབང་མེད་པར་བྱུང་བ་ཡིན།། དེ་ལྟར་ཉམས་སུ་མྱོང་བར་བྱ། ། བསྟན་པའི་ལྷ་ཚོགས་ཐམས་ཅད་ཀུན།། ཞལ་གདངས་བྱོན་ནས་བྲེད་ཅིང་བརྒྱལ།། ཡང་དང་ཡང་དུ་བྱས་པ་ཡིན།། དེ་ལྟར་བྱས་པའི་ལས་རྣམས་ཀྱིས།། སངས་རྒྱས་ཉིད་ཀྱང་འཇིགས་བྱེད་ན། ། ཁམས་གསུམ་གནས་པའི་གདུག་ཚོགས་རྣམས།། འཇིགས་པར་ཐེ་ཚོམ་མེད།། སྨོས་ཀྱང་ཅི་དགོས་དེ་ཉིད་དོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། མཁ་འ་འགྲོ་ལས་ལ་བཏང་བའི་ལེའུ་སྟེབཅུ་པའོ།།།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ། གསང་བའི་མཆོད་ཕུལ་གསོལ་བ་བཏབ་པ། ཀྱེ་ཀྱེ་གསང་བའི་དཀྱིལ་འཁོར་ནི། ། མ་བཅོས་གདོད་ནས་ལྷན་ནེའོ།། སེམས་ཅན་དོན་ཡོད་རྒྱལ་པོ་ཁྱོད།། དཔའ་བོའི་ལས་ཚོགས་གསུང་ལགས་ན།། སྔོན་ཡང་དྲེགས་པ་བསྒྲལ་བ་ཡི།། དུས་ཆོད་རྣམས་ནི་ཇི་ལྟར་ལགས། ། དེ་སྐད་ཅེས་ནི་གསོལ་བ་དང།། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། སེམས་ཅན་གདུག་པ་སྨོས་ཅི་དགོས།། ལོག་ལྟ་མནར་མེད་ལྷུང་བ་རྣམས།། ཐུགས་རྗེ་ཆེན་པོས་བཟུང་བའི་ཕྱིར། ། དྲི་བར་བྱེད་པ་ལེགས་སོ་ལེགས།། དེ་ཡིས་དམིགས་རྣམས་ངས་བཤད་ཀྱིས།། ཀརྨ་ཧེ་རུ་ཡིད་ཀྱིས་ཉོན།། ལྟ་བ་ལོག་པ་བདུན་ཡོད་དེ།། སྲོག་ལས་ཉམས་ལས་ཉམས།། དོན་ལས་ཉམས་དང་སྤྱོད་ལས་ཉམས། ། མཉམ་ལས་ཉམས་དང་འདོད་པས་ཉམས།། ལོག་པས་ཉམས་པ་བདུན་པོ་ལ།། འདི་ལ་ཉམས་པ་ཞེས་བྱ་སྟེ།། དེ་བསྒྲལ་ན་ནི་བདེ་བ་ཆེ།། སོ་སོའི་མཚན་ཉིད་བསྟན་པ་ནི།། སྲོག་ལས་ཉམས་པའི་མཚན་ཉིད་ནི། ། ཆོས་ཀྱི་མཚན་ཉིད་ཁོག་འཆང་ལ།། སེམས་ལ་གཡོ་དང་བཅས་པ་ཡིས།། ཕ་མ་དྲིན་ཅན་ཀྱིན་པར་གསོད།། ཡོན་གྱི་ཕུལ་དུ་མཁན་པོ་གསོད།། ཆོས་འཆད་ལས་སུ་སློབ་མ་གསོད།། འདི་ནི་ཕམ་པ་ཆེན་པོ་སྟེ། ། མནར་མེད་དམྱལ་བ་ཆེན་པོར་ལྟུང།། དེ་བས་བསྒྲལ་བའི་དམིགས་ཅིག་ཡིན།། སེམས་ལ་ཆོས་ཉིད་མ་ཞེན་ཅིང།། ཆོས་ལ་ཡིད་གཉིས་ཟབ་ཡིས།། ལས་ནི་དེ་དང་དེ་བྱས་ཀྱང།། ཉེས་བྱས་ཡིན་ཏེ་དམྱལ་བར་འགྲོ། དེ་ཡང་ཐུགས་རྗེས་རབ་གཟུང་ལ།། བསྒྲལ་བར་བྱ་བའི་དམིགས་ཅིག་ཡིན།། བསམ་པ་གཏིང་ནས་མ་སྐྱེད་པ།། རང་བཞིན་རྐྱེན་གྱིསདབང་མེད་དེ།། ལས་རྣམས་དེ་དང་དེ་བྱས་ཀྱང།། ཉེས་བྱས་ཕྲ་མོ་ཞེས་བྱ་སྟེ། ། སྡིག་པ་ཕྲ་མོ་འབྱུང་བ་ལས།། ཉེས་པ་ཆེན་པོས་མི་གོས་སོ།། བཀའ་ལས་ཉམས་པའི་མཚན་ཉིད་ནི།། སེམས་ལ་འདོད་པའི་གཡོ་བཅས་ནས།། རྡོ་རྗེ་སློབ་དཔོན་རྣམ་གསུམ་པོ།། ཐབས་ཀྱིད་འདྲིད་ཅིང་སླུ་བར་བྱེད། ། རྡོ་རྗེ་སྤུན་ལ་ཁྲོས་གྱུར་ནས།། ངན་པའི་སེམས་ནི་ཁོང་དུ་བཅངས།། རས་མེད་སྤྱས་རྣམས་འདོགས་པར་བྱེད།། དང་པོར་ཁས་བླངས་དམ་བཅས་ཤིང།། ལེ་ལོའི་དབང་དུ་བཏང་ནས་ནི།། ཕྱག་རྒྱ་མི་བསྒོམ་སྔགས་མི་བཟློས། ། སྣོད་ཀྱི་རིམ་པ་མ་བཏགས་པར།། གསང་བའི་རིམ་པ་ཐོན་དུ་ཁྱེར།། སྦས་པའི་མན་ངག་ཐམས་ཅད་སྟོན།། བཀའ་ལས་ཉམས་པ་ཆེན་པོ་ཡིན།། ཕམ་པ་ཆེན་པོས་མནར་མེད་པའི། ། གནས་སུ་ངེས་པར་འཚེད་པར་འགྱུར།། དེ་ནས་ཐུགས་རྗེས་གཟུང་བར་བྱ།། འདི་ཡང་བསྒྲལ་བའི་དམིགས་ཅིག་ཡིན།། དམ་ཚིག་རྩ་བ་ཡན་ལག་རྣམས།། ཉེས་དམིགས་བརྫུན་པར་བཙིགས་ནས་ནི། ། དྲང་བའི་དོན་དུ་གསུངས་པ་ལས།། དོན་ལ་གསུང་པ་ཅི་ཡང་མེད།། དོན་ལ་གོ་བ་ཡོངས་མེད་པར།། བསྲུང་བར་བྱ་བ་ཐ་སྙད་ཡིན།། དེ་སྐད་སྨྲ་བའི་རྣལ་འབྱོར་དེས།། གོང་མའི་ལས་རྣམས་བྱས་གྱུར་ཀྱང། ། ཉེས་བྱས་ཡིན་ཏེ་དམྱལ་བར་འགྲོ། དེ་ཡང་བསྒྲལ་བའི་དམིགས་ཅིག་ཡིན།། དོན་ལ་ཉམས་པའི་མཚན་ཉིད་ནི།། གསང་བའི་དང་བསྐུར་བྱས་ནས་ནི།། དམ་ལ་བཏགས་པས་གསང་བ་བསྒྲགས།། མ་རུངས་པ་ཡི་མ་ཀ་འདོགས། ། ཤེས་རབ་ཐབས་ནི་དབང་བསྐུར་ན།། གཞན་པོ་ཡུལ་ནས་བསྐུ་བ་ཡི།། འཆང་བ་ངན་པ་ཡིན་ཞེས་གཞན་དུ་སྨྲ།། གཉིས་མེད་བྱང་ཆུབ་སེམས་ཆེན་པོ།། མན་ངག་མ་ནོར་བར་བསྟན་ན། ། ལོག་པའི་དོན་དུ་བཟུང་ནས་ནི།། གཞན་ལ་འདི་སྐད་ཟེར་ཞེས་སྨྲ།། ཡང་དག་དོན་ཆེན་ཟབ་མོ་འདི།། མ་ལོག་བསྟན་པ་དེ་ཤེས་ཀྱང།། དོན་ལ་གོ་མེད་ལོག་པར་ཁྲིད།། སྐྱེ་མེད་དོན་ལ་བསྒྲུབ་པ་ལ།། གཉིས་མེད་བྱང་ཆུབ་སེམས་འདི་ནི། ། རང་བཞིན་གནས་པ་འདི་མཐོང་ཞེས།། རྒྱུ་དང་འབྲས་བུའི་དོན་བསྟན་ན།། གཉིས་འཛིན་ཤེས་རབ་ལོག་པར་འཛིན།། འདི་ལ་ཐུགས་རྗེས་མ་བཞིན་བསྐྱེད།། ཕམ་པ་ཆེན་པོ་ཞེས་བྱ་སྟེ། ། དོན་ལས་ཉམས་པ་ཆེན་པོ་ཡིན།། དེ་དབང་མནར་མེད་ཆེན་པོར་སྐྱེ།། འདི་ཡང་བསྒྲལ་བའི་དམིགས་ཅིག་ཡིན།། སྤྱོད་པའི་ཉམས་པའི་མཚན་ཉིད་ནི།། གསང་བའི་དོན་རྣམས་གཞན་ལ་སྟོན།། མ་མོ་མཁའ་འགྲོ་བསྟེན་པ་ཡི། ། རྫས་རྣམས་མངོན་དུ་ཕྱུང་བྱས་ནས།། བདག་གི་དཔའ་མཚན་དེས་བྱེད་དང།། གབ་པའི་གསང་བ་མ་རྟོགས་པར།། རང་བཞིན་མཚན་མ་དེ་བཟུང་ནས།། སྦྱོར་བ་མངོན་སུམ་རང་གར་བྱེད། ། གཉིས་མེད་ངང་བསྒྲལ་རྟགས་མེད་པར།། སྲིན་པོའི་སྦྱོར་བ་རབ་བཟུང་ནས།། ཕ་རོལ་སྲོག་གཅོད་སྒྲོལ་ཞེས་ཟེར།། གཉིས་མེད་བྱང་སེམས་གནས་ཀྱང་སྤངས།། སྤྱོད་པ་ཐེ་ཅོ་དང་དུ་ལེན།། ཁྲོས་པའི་ཚིག་གིས་མཐུ་ཡང་སྨྲ། ། ཤེས་མེད་ང་མཁས་ང་རྒྱལ་གཏོང།། ཐབས་མཆོག་གསང་ཆེན་མ་ཤེས་པར།། སེམས་ཅན་དོན་ལ་ལོག་ཆོས་སྨྲས།། ཡེ་ནས་སངས་རྒྱས་ཡེ་སངས་རྒྱས།། བསད་དང་བཀུམ་ལ་སོགས་པས་ཀྱང། ། དེ་ལ་གསད་པ་ཅི་ཡོད་སྨྲ།། ལོག་པའི་ཤེས་པས་ཁྲིད་བྱས་ནས།། ཕྱིན་ཅི་ལོག་གི་ཐབས་ལ་མཁས།། དེ་བཞིན་གཤེགས་པའི་དཀའ་འཁོར་ནས།། ཕྱིན་ཅི་ལོག་ལ་རྩོལ་བ་ཆེ།། ཕྱག་ཆ་སྐུ་ཡི་རང་བཞིན་རྣམས། ། སྔོན་མེད་མེ་ལོང་གཟུགས་བརྙན་ལྟར།། ཡང་དག་དོན་དུ་མི་ཤེས་པར།། རྟོག་པ་དག་ལ་མངོན་པར་འཆེལ།། ལས་ཀྱི་ཕུལ་དུ་མཚན་མ་སྤྱོད།། འདི་ནི་རུ་དྲ་དངོས་ཡིན་ཏེ།། ལས་ཀྱིས་བསྒྲལ་བ་ལྷུར་ཡང་བཙམ། ། སྤྱོད་པས་ཉམས་པ་ཆེན་པོ་སྟེ།། ཕམ་པས་མནར་མེད་དམྱལ་བར་འགྲོ། དེ་ཡི་དབང་གིས་མངོན་སུམ་པར།། བསྒྲལ་བར་བྱས་ཀྱང་མི་དེ་ལ།། བག་ཆགས་ངན་པས་མི་གོས་ཏེ།། འདི་ཡང་བསྒྲལ་བའི་དམིགས་ཅིག་ཡིན། ། མཚན་མ་ཉམས་པའི་མཚན་ཉིད་ནི།། རྒྱལ་བ་རྣམས་ཀྱིས་གསུངས་པ་ཡི།། རྒྱལ་བ་རྣམས་ཀྱིས་གསུངས་པ་ཡིན།། ཆོས་ཀྱི་སྒོ་མོ་བསམ་ཡས་ནི།། ཉོན་མོངས་སེམས་ཅན་ལ་གནས་པ། ། དེས་ཀྱང་དོན་དུ་གསུངས་པ་ལས།། རྒྱུ་དང་འདྲ་བའི་ཆོས་རྣམས་ཀུན།། ལྟ་བ་དམན་པ་དེ་ཡི་དབང་གིས་ཡིད་བསྡམས་ནས།། འབྲས་བུའི་ཆོས་ལྟ་ག་ལ་ཡོད།། དེ་སྐད་སྨྲ་ཞིང་ཕྱོགས་ཆར་འཛིན།། ཆོས་ཉིད་མ་བཅོས་ཡེ་གནས་ལ། ། ལྟ་བ་སྒྲོ་སྐུར་བར་བཅད་ནས།། རྣལ་འབྱོར་དམ་པ་དོན་གནས་ལ།། ཁྱེད་ཀྱིས་མིང་ཤེས་སྐུར་འདེབས་པ།། རྣལ་འབྱོར་དོན་ལྡན་ཐུགས་དཀྲུགས་ནས།། དེས་དབང་ཉིད་ཀྱིས་དམྱལ་བར་འགྲོ། མཚན་མའི་ཆོས་ལ་གཙོར་གཟུང་ནས།། འཇིག་རྟེན་ལྷ་འདྲེ་ཐམས་ཅད་རྦོད།། འཇིག་རྟེན་ཁམས་འདི་ཐམ་ཅན།། མཐུ་འགྲན་བྱེད་པ་སུ་ཞིག་ཡོད།། ལྷ་སྲིན་སྡེ་བརྒྱད་ང་ཡི་བྲན།། དཔང་ཆེན་ཁྲག་འཐུང་དེ་ཉིད་ཡིན། ། ང་ནི་ཁྲོ་བོའི་རྒྱལ་པོ་སྟེ།། ཁམས་གསུམ་པ་ཡི་སེམས་ཅན་ཀུན།། སྐད་ཅིག་གིས་ནི་བསད་པ་ཡིས།། ང་ཡི་ཐོགས་པ་མེད་པར་འོང།། གཞན་ལ་འཚེ་ཞིང་ཁྲོ་བར་བྱེད།། འདི་ནི་མཚན་མས་ཉམས་ཞེས་བྱ། ། རྡོ་རྗེ་སྤུན་ལ་འགྲན་ཡང་ཚོལ།། ཕམ་པ་ཆེན་པོས་དམྱལ་བར་འགྲོ། དེ་ཡང་བསྒྲལ་བའི་དམིགས་ཅིག་ཡིན།། འདོད་པས་ཉམས་པའི་མཚན་ཉིད་ནི།། ཆོས་ལ་ཐོས་བསམ་ཡོངས་མེད་པར།། ཐོ་ཆོའི་ལས་རྣམས་སྣ་ཚོགས་བྱེད། ། ངེས་པའི་མན་ངག་གཏིང་མེད་པར།། མཐུ་དང་རྩལ་དྲག་འདོད་པའི་མིས།། སྤྱོད་པ་སྤང་བླང་དང་དུ་ལེན།། མཚན་མ་ཅན་གྱི་ཚོགས་ལ་དགའ།། ཕ་རོལ་བསྡིགས་ལ་གཡར་གཞི་བརྡེབས། ། རལ་པ་གསིགས་ཤིང་མི་མགོ་ཐོགས།། སོ་གཙིགས་དམར་དོང་སྒོལ་བརྡབས།། ཤ་ཚིལ་ཟ་ཞིང་སྣོད་བཀང་ནས།། ལོག་པའི་སྤྱོད་པ་སྣ་ཚོགས་བྱེད།། དེ་བཞིན་གཤེགས་པའི་སྤྱོད་པ་མཆོག། སྤྲོས་དང་བཅས་པའི་རྗེས་འབྲངས་ནས། ། བྱ་བར་མི་འོས་པ་ཡི་ལས།། སྣ་ཚོགས་ཚང་བར་སྤྱོད་པ་དེས།། གདོང་ལ་ཁྲག་གིས་བྱུགས་ནས་ནི།། ང་རོ་ཆེན་པོས་འདེབས་པར་བྱེད།། དེ་བཞིན་གཤེགས་པའི་བཀའ་ལས་དགལ། ། དམ་ཅན་རྣམས་ཀྱི་ཚུལ་ལས་འགལ།། དམ་ཚིག་རྩ་བ་ཡན་ལག་བཅས།། དོན་ལ་མི་སྲུང་བ་འདེབས་སྲུང།། མཚན་མ་ཅན་གྱི་སྤྱོད་པ་ཡིས།། སངས་རྒྱས་བཀའ་གཞུང་དམ་པ་སྨད།། རྟག་པར་ལྟ་བའི་སེམས་ཉིད་ཀྱིས། ། བདེ་གཤེགས་རྒྱལ་བའི་ཞབས་འདྲེན་བྱ།། རྣལ་འབྱོར་ཡིན་པར་ཁས་འཆེས་ནས།། དར་འགའ་ཙམ་ཡང་གནས་པ་མེད།། དོན་མཐོང་རྣམ་འབྱོར་རྐང་ནས་དྲངས།། ཁྲག་གི་གཏོར་མ་བཤམས་ནས་ནི། ། ཁྲོ་རྒྱལ་འཁོར་ཚོགས་ལས་གྱིས་ཤིག། དེ་སྐད་བསྐུལ་ན་སྣ་ཚོགས་བྱེད།། ཁྲག་འཐུང་འཁོར་བཅས་ཐུགས་ཁྲལ་བསྐྱེད།། མི་ཤ་བླངས་ཤིང་མ་མོ་སྦོད།། རྣལ་འབྱོར་དམ་ཅན་སྨེ་རྩོག་བྱས། ། སྐྱེ་བོ་ཡོངས་ཀྱིས་སྤྱས་བཏགས་ཤིང།། ཐམས་ཅད་ཀུན་གྱིས་སྨད་པའི་ས།། འདི་ནི་འདོད་པས་ཉམས་པ་ཡིན།། ཕམ་པས་དམྱལ་བ་ཆེན་པོར་ལྟུང།། དེ་བས་ཐུགས་རྗེས་གཟུང་བར་རིགས།། ལོག་པས་ཉམས་པའི་མཚན་ཉིད་ནི། ། ཆོས་ལ་གཉིས་སུ་བཟུང་བ་སྟེ།། སངས་རྒྱས་ཆོས་ལས་ལོགས་ནས་ནི།། མུ་སྟེགས་ཅན་གྱི་སྡེ་ལ་བྱེད།། སངས་རྒྱས་སྤྱོད་པ་བོར་ན་ནི།། མུ་སྟེགས་སྤྱོད་པ་སྣ་ཚོགས་བྱེད།། ལྟ་བ་གཉིས་མེད་བོར་ནས་ནི། ། རྟག་པ་ཐེར་ཟུག་ཉིད་དུ་ནི།། ལྟ་ཞིང་སྐྱེས་བུ་ཞེས་སུ་སྨྲ།། བྱང་ཆུབ་སྤྱོད་པ་བོར་ནས་ནི།། བརྟུལ་ཞུགས་ཅན་ལ་རབ་ཏུ་དང།། འདི་ནི་ལོག་པར་ཉམས་ཞེས་བྱ།། རབ་ཏུ་བསྒྲིམས་ཏེ་བསྒྲལ་ན་ནི། ། མནར་མེད་རྡོ་རྗེ་དམྱལ་བར་འགྲོ། དེས་ན་ཐུགས་རྗེས་རབ་བསྒྲལ་བ།། འདི་ཡང་བསྒྲལ་བའི་དམིགས་ཅིག་ཡིན།། རྣལ་འབྱོར་དམ་ཅན་གང་དག་གིས།། དགེ་བའི་བར་དུ་གཅོད་པ་ཡི།། དགྲ་ཡི་ཚོགས་བཅས་མ་ལུས་པ། ། ཉམས་པར་གྱུར་པ་དྲུག་ཡོད་དེ།། ལས་ཀྱི་ཉམས་དང་མཚན་མས་ཉམས།། དུས་ཀྱི་ཉམས་དང་འདོད་པས་ཉམས། ལོག་པས་ཉམས་དང་སྲོག་ལས་ཉམས།། འདི་དག་བསྒྲལ་བར་མ་བྱས་ན། ། རྣལ་འབྱོར་ཆོས་ལ་སྤྱད་དབང་མེད།། སྡིག་པའི་རྣམ་སྨིན་མང་པོ་འཕེལ།། དེ་དག་སོ་སོའི་མཚན་ཉིད་ནི།། ཡང་དག་ཉིད་དུ་ང་ཡིས་བཤད།། ལས་ཀྱིས་ཉམས་པའི་མཚན་ཉིད་ནི།། བཀའ་ལ་བཏགས་པས་ཡོངས་མེད་པར། ། དག་གི་སྒྲུབ་སར་འོངས་ནས་ནི།། ཡ་ཀ་ཆེ་ཕྲ་མང་པོ་འདོགས།། སྔོན་ཆད་ཁོན་པ་ཡོད་མེད་པར།། བདག་གི་ཟས་ནོར་དབང་བྱའི་ཕྱིར།། མ་ཉེས་མི་ལ་ཀླན་ཀ་ཚོལ།། ང་ཡིས་མཉེས་དྲང་སྨྲས་ཀྱང། ། ཁ་ལ་བདེ་ཤིང་གནད་འཚུགས་པ།། ཁ་དྲག་རང་ཚོད་མི་འཛིན་པར།། བདག་ལ་དཔུང་ལས་ཀླན་ཀ་ཚོལ།། བདག་གིས་ཉེས་པ་མ་བྱས་པར།། ཐབས་དང་གཡོ་ཡིས་བདག་ལ་རྒོལ།། དེ་བཞིན་བཟློག་ནས་བརླང་དུ་སྨྲ། ། འདི་ནི་ལས་ཀྱིས་ཉམས་པ་ཡིན།། བདག་གིས་བསྒྲལ་བར་མ་དྲན་ཡང།། དམ་ཅན་ཡོངས་ཀྱིས་ཐུགས་བཀྲུག་པ།། རང་བཞིན་བསྒྲལ་ན་དེ་དབང་འགྱུར།། འདི་ཡང་བསྒྲལ་བའི་དམིགས་ཅིག་ཡིན། ། མཚན་མས་ཉམས་པའི་མཚན་ཉིད་ནི།། བདག་དང་འབྲེལ་བ་ཡོངས་མེད་པར།། བདག་གི་འཁོར་དུ་གནས་བཅས་ནས།། ཡུན་དུ་སྲིང་བའི་ཐབས་མེད་པར།། མཚན་མ་ངན་པས་དབྱེན་སྤྱོད་དེ།། སྐྱོན་ཚང་མང་པོ་འབྲུ་བྱེད་པ། ། ཁྱེད་ལ་མཐུ་དང་རྩལ་ཡོད་དམ།། ཁྱེད་ཀྱིས་སུ་ལ་རྟགས་ཅིག་ཕྱུང།། ཤེས་པའི་རྒྱུ་ནི་ཅི་ཞིག་ཡོད།། གཞན་གྱིས་སྤྱ་པར་གྱུར་པའི་ཚེ།། ང་ལ་འདི་ཡི་ཉམས་ཡོད་ཀྱིས།། འདི་ལ་ཅི་ཡང་མེད་ཟེར་བ། ། མཚན་མས་ཉམས་པ་ཞེས་བྱ་སྟེ།། འདི་བསྒྲལ་རྣལ་འབྱོར་ཉམས་བདེར་འགྱུར།། འདི་ཡང་བསྒྲལ་བའི་དམིགས་ཅིག་ཡིན།། དུས་ཀྱིས་ཉམས་བའི་མཚན་ཉིད་ནི།། བདག་དང་ཁ་ཕྲད་ཡོངས་མེད་པར། ། དྲག་པོ་ལས་ལ་བ་པའི་དུས།། དེ་དུས་ཡོངས་ནས་ཡ་ཀ་གཏོང།། འདི་ནི་དུས་ཀྱིས་ཉམས་པ་ཡིན།། བསྒྲལ་བའི་བློ་ཉིད་དུས་ལ་བབ།། ལག་ནས་བཟུང་ལའང་མི་བཏང་བར།། མངོན་སུམ་སྤྱོད་པས་མ་བསྒྲལ་བར། ། འདི་ཡང་བསྒྲལ་བའི་དམིགས་ཅིག་ཡིན།། འདོད་པས་ཉམས་པའི་མཚན་ཉིད་ནི།། འདོད་པའི་སེམས་ཀྱིས་དབྱེན་སྤྱོས་ནས།། ཤི་བར་ཤེས་ཀྱང་གཞན་ལ་འཕྲོག། ཕུང་བར་འོང་ཡང་དཀོར་ཁང་འཇོམས། ། སྲོག་ལ་རང་ཟ་སྔགས་པ་འཇོམས།། དུག་ཏུ་སྣང་ཡང་དགེ་འདུན་དཀོར།། བདག་གི་དབང་དུ་བྱེད་པ་དང།། ཐོབ་ཏུ་འདོད་ནས་གསང་སྔགས་དང། མདོ་ཡེདྷརྨ་ལ་སོགས་པ།། བརྐུས་ནས་གཞན་ལ་འཚོང་བ་དང། ། སྤྱོད་པ་ངན་པ་དབེན་སྤྱོས་ནས།། བཟའ་རུ་བསྒྲུབ་པའི་ཡོ་བྱད་རྐུ།། ནོར་དུ་འདོད་ན་གང་དང་གང།། རྣལ་འབྱོར་གཞུང་ལྡན་འཇོམས་ཤིང་སྡུད།། འདི་ནི་འདོད་པས་ཉམས་པ་སྟེ།། བསྒྲལ་བས་རྣམ་འབྱོར་དམ་ཅན་བཙུན། ། ལོག་པས་ཉམས་པའི་མཚན་ཉིད་ནི།། དང་པོ་ཆོས་ཀྱི་སྒོར་ཞུགས་ནས།། དེ་ནས་གཞན་པའི་ཚུལ་ལ་ཞུགས།། ཆོས་ཀྱིས་ནང་བྱན་བྱས་ནས་ནི།། སངས་རྒྱས་ཀུན་ལ་སྐུར་འདེབས་ཤིང། ། རྣམ་འབྱོར་ཀུན་ལ་མི་ཚོད་ཆེ།། སྤྱོད་པ་ཐོ་ཆོ་སྣ་ཚོགས་ཀྱིས།། གཞན་གྱི་སེམས་འགེགས་ཆོས་ལ་སྡང།། ཐོབ་ཏུ་འདོད་ན་གསུང་རབ་རྐུ།། སྔོན་རྒྱུས་བྱས་ནས་གཞན་ལ་འཚོང།། སེམས་ཅན་ཀུན་ལ་འཚེ་བར་བྱེད། ། འདི་ནི་ལོག་པས་ཉམས་པ་སྟེ།། འདི་ལ་ཐུགས་རྗེས་མ་བཟུང་ན།། དམྱལ་བསྲེགས་གནས་སུ་ངེས་པར་ལྟུང།། དེ་བས་འདི་ལ་བསྒྲལ་བ་བརྩམ།། སྲོག་ལས་ཉམས་པའི་མཚན་ཉི་ནི།། ཏོམ་ཚོ་ལ་བྱེད་ཅིང་སྲོག་ལ་དགའ། ། མ་དང་ཕ་དང་གསོད་པ་ལ།། ཐོགས་པ་མེད་པ་བརྡེག་པ་དང།། གཞན་ཡང་གསོད་པ་དགེ་སྡིག་མེད།། སྲོག་ཆགས་ཀུན་ལ་གཙེ་བྱེད་ཅིང།། གལ་མི་ཆེ་ལ་སྲོག་ཆགས་གསོད།། ཐབས་ཀྱིས་སངས་རྒྱས་བསྟན་པ་སྨོད། ། གཡོ་དང་བཅས་པས་སྔགས་མཁན་འདྲིད།། ཟས་སུ་ཆོས་ཀྱི་ཟས་ལ་ཟ།། རྐུ་ཡང་ཆོས་ཀྱི་ཟས་ལ་རྐུ།། སྲོག་གཅོད་རྣམ་པ་སྣ་ཚོགས་ཀྱིས།། སེམས་ཅན་ཐམས་ཅད་བྲེང་བརྒྱ་ལ་ནས། མཐོང་ཡང་འཇིགས་སུ་རུང་བ་སྟེ།། སྲོག་ལས་ཉམས་བ་ཞེས་བྱ་སྟེ།། གཤགས་གཏུབ་གནས་སུ་ངེས་པར་སྐྱེ།། དེ་བས་འདི་ལ་བསྒྲལ་བ་བརྩམ།། དེ་དག་ཐམས་ཅད་མ་བསྒྲལ་ན།། ལོག་པའི་སྤྱོད་པ་ཐམས་ཅད་འཕེལ། ། རྣལ་འབྱོར་དམ་ཅན་སེམས་ཁྲལ་ཆེ།། དེ་བས་འདི་བསྒྲལ་རྣལ་འབྱོར་བཙུན།། བཏུལ་ཞིང་ཚར་བཅད་བྱེད་ཅིང་བརྒྱལ།། གསད་བསྐྲད་སྨྱོས་པའི་སེམས་མེད་བྱོས།། བསྟན་པ་གཉན་ལ་བར་ཆད་ཉུང། ། དགེ་བ་འཕེལ་བས་སྡིག་པ་འགྲིབ། འདི་དག་མ་བསྒྲལ་སྐྱོན་རྣམས་ནི།། རྣལ་འབྱོར་དམ་ཅན་སྒྱིད་ལུག་མང།། གསང་བའི་ཐེག་པའི་ཆོས་སྒོ་འགགས།། སྐྱེ་བོ་ཡོངས་ཀྱིས་སྦྱས་ནས་ཀྱང། ། ཆོས་ལ་འབྲས་བུ་མེད་ཅེས་ཟེར།། འདི་འདྲའི་ཉེས་དང་ཡ་གར་བཅས།། འདི་དག་བསྒྲལ་བའི་ཡོན་ཏན་ནི།། ལས་རྣམས་རྫོགས་པས་གང་དང་གང།། དེ་དེ་བསྒྲལ་བར་བྱས་ནས་ནི།། དམྱལ་བའི་གནས་སུ་ཡོང་མི་ལྟུང། ། གལ་ཏེ་ལྟུང་ཡང་ཡུན་ཐུང་འགྱུར།། དེ་ནས་བདེ་བ་ཅན་དུ་འགྲོ། རྣལ་འབྱོར་མངོན་པར་སངས་རྒྱས་འགྱུར།། དགེ་བ་ཅན་རྣམས་པག་ཡངས་སྤྱོད།། སེམས་ཅན་ཐམས་ཅད་སེམས་བདེར་འགྱུར། ། དེ་བས་རྣལ་འབྱོར་རྩལ་ལྡན་གྱིས།། ཉམས་སུ་བླངས་ཏེ་བསྒྲལ་བར་བྱ་བའོ།། མ་བསྒྲལ་རྣལ་འབྱོར་རང་ཉིད་ཉམས།། དམྱལ་བར་འཚེད་པ་འཇིགས་པས་བསྒྲལ།། བརྡེག་དང་བསྒྲུབ་དང་ཟོར་དང་ཐུན། ། དེ་ཡི་དུས་ཚོད་བསྟན་པ་ནི།། དཔྱིད་ཟླ་གསུམ་ལ་བརྡེག་པ་ནི།། ཉི་ཤུ་གཉིས་དང་བཅུ་དྲུག་དང།། བཅུ་བཞི་རྣམས་ལ་བརྡེག་པ་ཡིན།། ཤར་དང་དེ་བཞིན་ཤར་ལྷོའོ།། དབྱར་ཟླ་གསུམ་ལ་བརྡེག་པ་ནི། ། བརྒྱད་དང་བཅོ་ལྔ་དུས་དྲུག་ཏུ།། ནུབ་བྱང་བྱང་ཤར་ལ་སོགས་པར།། ཁ་བལྟས་བརྡེག་པས་བྱ་བ་ཡིན།། སྟོན་ཟླ་གསུམ་ལ་བརྡེག་པ་ནི།། ཉི་ཤུ་བཅོ་བརྒྱད་ཉ་གསུམ་ལ།། བྱང་ཤར་བྱང་དང་ནུབ་དག་ཏུ།། ཁ་བལྟས་བརྡེག་པར་བྱ་བ་ཡིན། ། དགུན་ཟླ་གསུམ་ལ་བརྡེག་པ་ནི།། བཅུ་གསུམ་བཅུ་དང་ཐམས་ཅད་ལ།། བྱང་དང་ལྷོ་དང་རང་ཐད་བལྟས།། བརྡེག་པར་བྱ་བའི་ལས་ལ་སྦྱོར།། དེ་ཡང་ཉི་ཤུ་བདུན་ནས་མར།། སྲོག་སྡུད་ཆེན་པོ་ལས་བྱེད་པས། ། ཉི་ཤུ་དགུའམ་གནམ་སྟོང་ངམ།། བརྡེག་པའི་དུས་ལ་བབ་པ་ཡིན།། སྲོག་སྡུད་རྣམས་ནི་བཤད་པར་བྱ།། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དང།། གཤིན་རྗེ་འཁོར་དང་བཅས་པ་དང། ། གནོད་སྦྱིན་འཁོར་དང་བཅས་པ་དང།། ལྷ་ཆེན་རྒྱལ་པོ་འཁོར་དང་བཅས།། རྒྱུ་སྐར་རྩ་བརྒྱད་འཁོར་དང་བཅས།། འཇིག་རྟེན་མ་མོ་འཁོར་དང་ཅས།། ཕུང་བྱེད་གདུག་པ་འཁོར་དང་བཅས།། ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། ། གཟའ་ཆེན་བརྒྱད་པོ་འཁོར་དག་བཅས།། མ་བདུད་མི་ཀུན་འཁོར་དང་བཅས།། པུང་བྱེད་གདུག་པ་འཁོར་དང་བཅས།། ཀླུ་ཅེན་བརྒྱད་པོ་འཁོར་དང་བཅས།། གཟའ་ཆེན་བརྒྱད་པོ་འཁོར་དང་བཅས། ། མ་བདུད་མི་ཀུན་འཁོར་དང་བཅས།། བདུད་པོ་ནམ་པོ་མི་བཟད་རྣམས།། དེ་རྣམས་སྲོག་སྡུད་ཡིན་པས་ན།། དུས་དེར་བརྡེག་དང་བསད་དང་མནན།། ལས་ལ་ཕན་འདོགས་ཡོད་བྱའོ།། དུས་མེད་ལོག་པ་བསྟན་པ་ནི། ། དཔྱིད་ཟླ་གསུམ་ལ་ལྡོག་པའི་དུས།། བཅུ་བདུན་བཅུ་དགུ་པ་ལ་ནི།། ཚེས་གཅིག་ཉི་ཤུ་བརྒྱད་པ་དང།། གནམ་སྟོང་དག་ལ་བཏབ་གྱུར་ན།། ས་བདག་ཆེན་པོ་རབ་རྒྱུ་བས།། རྣལ་འབྱོར་དམ་པ་ཉིད་རླགས་འགྱུར། ། དབྱར་ཟླ་གསུམ་གྱིས་སློབ་པའི་དུས།། བཅུ་གཅིག་དྲུག་ལ་བཅོ་ལྔ་ལ།། གདུག་པའི་སེམས་ཅན་སྡང་སེམས་དེང།། དང་པོའི་སེམས་སྡང་དྲན་པར་བྱེད།། དེ་ལ་བཏབ་བ་རྣལ་འབྱོར་བརླག། སྟོན་ཟླ་གསུམ་ལ་ལྡོག་པའི་དུས།། ཉི་ཤུ་ལྔ་དང་གསུམ་དང་གཉིས།། ཏིང་ཏིང་འཁོར་བཅས་ཉུལ།། དུས་དེར་བརྒྱབ་ན་རང་ལ་ལྡོག། དགུན་ཟླ་གསུམ་ལ་ལྡོག་པའི་དུས།། ཉི་ཤུ་བདུན་དང་ཉི་ཤུ་དང། ། བཅོ་བརྒྱད་དག་ལ་བརྡེག་པ་མིན།། དྲག་པོ་ཆེན་པོ་མདོག་དྲུག་རྒྱུ།། འདི་དག་དུས་སུ་ལས་ནས།། རྣལ་འབྱོར་ཚེ་ཐུང་བཅས་བཞི་འཕོག། འཁོར་ཡང་ཕུང་པོ་ཡོ་བྱད་འབྲི།། ཕྱུགས་དང་མི་ཤིས་དབུལ་པོར་གྱུར། ། སྨྱོ་འབོག་འོན་དང་ལྐུགས་པ་འབྱུང།། ཞ་ཞིང་ཁ་མིག་འཆུས་པ་ཡི།། ནད་དང་འབྲས་དང་ལྷོག་རྒལ་འབྱུང།། ལྟུང་ནད་ཐིབས་དང་གཏུམ་པ་ཡི།། རྒྱུ་གཟེར་མཛེ་ནད་འབྱུང་འགྱུར་བས།། རྣལ་འབྱོར་དམ་པས་རབ་བརྟགས་པས། ། གཟབས་ལ་ལས་འདི་བྱ་བ་ཡིན།། གཟའ་ཡི་དུས་ཚོད་བསྟན་པ་ནི་མིག་དམར་ཕུར་བུ་གཟའ་རྣམས་ཀྱིས།། གྲུབ་པའི་ཉི་མའི་དུས་ཚོད་ལ།། གཞན་ཡང་སྦྱར་ནས་ཤིས་པ་ཡི།། དུས་ལ་བབ་ན་བརྡེག་པའི་ལས། ། དེ་དག་རྣམས་ཀྱང་བྱ་བ་ཡིན།། ཉི་མ་དྲོས་པ་མྱོས་པའི་དུས།། ཉིན་གུང་མཚན་གུང་བདུད་ཀྱི་དུས།། དེར་ནི་བརྡེག་པའི་དུས་ཚོད་ཡིན།། གྲུབ་པའི་དུས་ཚོད་བསྟན་པ་ནི།། ཡིད་ཡུལ་མངོན་གསུམ་མཚན་མར་ནི། ། དེ་བཞིན་གཤེགས་པའི་རྒྱུར་མཐོང་དང།། མིག་གསལ་ཕུར་བུ་ལྡེག་ལ་སོགས།། དེ་ལྟའི་མཚན་མ་བྱུང་བ་ནི།། ལས་ལ་འཇུག་པའི་དུས་ཚོད་ཡིན།། དྲག་པོའི་རྟགས་རྣམས་བསྟན་པ་ནི། ། དང་པོ་ཏིང་འཛིན་ཚུལ་གནས་བྱ།། བར་དུ་བདེ་གཤེགས་སྐུ་བསྐྱེད་བསྟིམ།། ཐ་མར་སྲས་བསྐྱེད་བཟླས་པ་བྱ།། བསྙེན་དང་བསྒྲུབ་པ་གཉིས་དེ་བཞིན།། དེ་ཡི་རྟགས་རྣམས་བསྟན་པ་ནི།། མངོན་དུ་ཁུགས་དང་ལིང་ག་འགུལ། ། མིག་སྣོན་ཉམས་སུ་བྱུང་བ་དང།། དེས་དེར་འགས་པའི་དུས་ཚོད་ཡིན།། དུར་ཁྲོད་གདུག་པ་མ་མོའི་གནས།། གདབ་པ་ལ་སོགས་ཚུལ་བཞིན་བྱ།། རྒྱ་གྲམ་ལམ་གྱི་གནས་ལ་སོགས།། མནན་པ་ལ་སོགས་ཚུལ་བཞིན་བྱ། ། འདི་ནི་བརྡེག་པའི་དུས་ཚོད་ཡིན།། ནུབ་གཅིག་ཁས་བྱས་ཕུར་བ་གདབ།། དེ་ལྟར་བྱ་བའི་ཡོང་མ་ཡིན།། ཐབས་དང་བཅས་པའི་རྟགས་རྣམས་དང།། མཚན་མ་ཐམས་ཅད་རྫོགས་པ་དང། ། བརྡེག་པའི་དུས་ལ་བབ་པ་ནི།། རྣལ་འབྱོར་པ་ཡིས་ཤེས་པར་བྱ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། བསྒྲལ་བའི་དམིགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་གི་རྒྱལ་པོ་ལ། འདི་སྐད་ཅེས་གསོལ་ཏོ།། ཡང་ཞུས་པ།། ཨེ་མའོ་བཅོམ་ལྡན་སྔགས་ཀྱི་བདག། ཨེ་མའོ་གསང་ཆེན་བདག་ཉིད་ཆེ། ། དཔའ་བོའི་རྒྱལ་པོས་ཡང་དག་བཤད།། ཐབས་ཀྱི་བདག་ཉིད་གསང་ཆེན་གྱིས།། ཐབས་རྣམས་གཞན་རྣམས་གསུངས་ལགས་ན།། འདི་ལས་ས་བོན་མི་འཚལ་ལམ།། རྐྱེན་གྱི་སྔགས་རྣམས་མི་འཚལ་ལམ། ། གསོད་པའི་སྔགས་སུ་གསུངས་པ་ལ།། ལས་ཀྱི་སྔགས་རྣམས་གང་དག་ལགས།། ཐུན་གྱི་སྔགས་རྣམས་གང་དག་ལགས།། ཕན་བྱའི་སྔགས་རྣམས་གང་དག་ལགས།། སྲེག་པའི་སྔགས་རྣམས་གང་དག་ལགས། ། མནན་པའི་སྔགས་རྣམས་ཇི་ལྟར་ལགས།། འདི་ལ་བཏབ་པ་ཇི་ལྟར་ལགས།། བསྣན་པའི་སྔགས་རྣམས་ཇི་ལྟར་ལགས།། སྐུ་གསུང་ཐུགས་ཀྱི་སྔགས་འདི་གང།། ཞི་དང་རྒྱས་པའི་སྔགས་འདི་གང། ། དབང་དགུག་བསྒྲལ་བའི་སྔགས་འདི་གང།། གདུག་པར་དབྱེ་བའི་སྔགས་འདི་གང།། ལས་རྣམས་ཐམས་ཅད་དབྱེ་བ་ལགས།། བྱིན་གྱིས་བརླབས་པའི་བསྔགས་འདི་གང།། ཐམས་ཅད་ལས་ལ་འབོད་པ་ལ། ། བོད་པའི་སྔགས་ཅིག་མི་འཚལ་ལམ།། སྦད་པའི་སྔགས་ཅིག་མི་འཚལ་ལམ།། སྔགས་ཀྱིས་བདག་པོས་བཀའ་བསྩོལ་ཅིག། དེ་སྐད་ཅེས་ནི་གསོལ་བ་དང།། ཀཱི་ལ་ཡས་ཀརྨཱ་ཧེ་རུ་ཀའི་ཚིག་གསན་ནས། ། གསུང་ནི་འདི་སྐད་བཀའ་སྩལ་ལོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། སྔགས་རྣམས་གསལ་བར་ངས་བཤད་ན།། སེམས་ཅན་ཀུན་གྱིས་ཡིད་ལ་ཟུང།། དང་པོར་བསྒྲུབ་པ་རབ་དམིགས་དང།། དེ་ནས་གསང་བའི་རྗེས་སུ་འཇུག། དེ་ནས་ཐབས་དང་བཅས་པ་ཡིས།། ཚངས་པའི་གནས་ལས་རྗེས་འཇུག་པ།། གསང་བའི་སྐུ་ནི་ལྷན་ནེའོ།། ཐབས་དང་བཅས་པའི་གཙོ་བོ་བསྐྱེད།། རྣམ་པར་རྒྱལ་བ་གཤིན་རྗེ་གཤེད།། རྟ་མགྲིན་བདུད་རྩི་འཁྱིལ་བ་ཡི། ། སོ་སོའི་སྐུ་ནི་གསལ་བར་བལྟ།། སྒོ་ལ་སྒོམ་དེ་བཞིན་ཏེ།། ཡོངས་རྫོགས་དཀྱིལ་འཁོར་གསང་དབང་བསྐུར།། འདི་དེ་དཀྱིལ་འཁོར་དམ་པ་ལ།། ཕྱི་ནང་གསང་བའི་མཆོད་པས་མཆོད། ། གསལ་བའི་ཕྱག་དང་རྒྱན་རྣམས་ཀུན།། སྔར་བཤད་རྗེས་སུ་འབྲེང་བའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ།། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ།། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། !!!!!། !!!!!། ཛ་ཧཱུཾ་བྷཾ་ཧོ།། ཧཱ་ཧཱ་ཧཱ་ཧཱ། ཧཱ་ཧཱ་ཧཱ་ཧཱ། !!!!། !!!!། བྷྱོ་བྷྱོ་བྷྱོ་བྷྱོ། ཀྵ་ཀྵ་ཀྵ་ཀྵ། མཱ་མཱ་མཱ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཕཊ་ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་རཧཱུཾ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུ~ཾ། ཨོཾ་བཛར་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཏི་ཡ་བ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ལཱ་སི་ཀི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་པྲ་ཏི་ཛ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་སྟ་ན་བ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་མུ་ཧ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཙཎྜ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཤཱ་ན་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་རིག་ཤ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་མ་ར་ན་ཧཱུཾ། ཨོཾ་བཛྲ་ཀྲོདྷ་ཙན་དྷ་མ་ནི་ཧཱུཾ། ཧྲིང་མ་ཀྲོ་དྷ་ཡ་ཛ་ལ་མ་མཱ་ཀར་ཡ་ཧཱུཾ་ཕཊ། ཨོཾ་ཕཊ་ཏ་ཡ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ།། མུ་ཏ་མུ་ཏ། མུ་ཏ་ཡ་མུ་ཏ་ཡ། སརྦ་ནཱ་ག་བྷ་བ་ན་ནི་སར་སར། སརྦ་དུཥྟན་དྷྲི་ཏ་ཡ་ཤོདྷ་ནི་ཧཱུཾ་ཕཊ། ཨོཾ་ཨཿ་ཧཱུཾ་སྭཱཧཱ། ཨ་བྷི་ཥིཉྩ་ཏུ་མཾ། དྷུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ། ལཱ་སྱེ་ཧཱུཾ། མ་ལེ་ཏྲཾ། གི་རྟི་ཧྲི། ནི་རྟི་ཨ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་མྲྀ་ཏ་སྭཱཧཱ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ནུར་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏོ་ཀྲོ་དྷ་ཨ་ནུ་སྟ་ན་ཛྙཱན་བཛྲ་སྭ་བྷཱབ་ཨཱཏྨ་ཀོུ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོུ྅ཧཾ། བཛྲ་ཨཾ་གུ་ཤ་ཛ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོཊ་བཾ། བཛྲ་གྷཎྜ་ཧོ། ཨོཾ་ཤྲཱི་བཛྲ་ཀུ་མར་ཡ་ཀ་ཤ་ཧཱུཾ། ཨོཾ་བཛྲ་ཀྲོདྷི་ཨེ་ཀ་ཙ་བཛྲ་ཧཱུཾ། ཨོཾ་བཛྲ་ཏྲ་དྷི་ཧ་ཧཱུཾ། མུཾ་ལཾ་པྱཾ་ཏཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཛ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིཔྟ་ཙཀྲ་ཧཱུཾ་ཛ། ཛྫ་ཛྫ་ཛྫ་ཛྫ་ཛྫ། ཛྫ་ཛྫ་ཛྫ་ཛྫ་ཛྫ། ཛྫ་ཛྫ་ཛྫ་ཛྫ་ཛྫ། ཏདྱ་ཐཱ་རཀྵཱ་རུ་རུ་རོ་རུ་བ་ཏི་སི་ཧཱུཾ་ཏདྱ་ཐཱ། རུ་རུ་རོ་རོ་ཨ་ཤུག་མེ། ཏདྱ་ཐཱ་རུ་རུ་རོ་རུ་བ་སཏི་ཏྲ་ཧཱུཾ། ཛ་ཡ་དུ་ཧཱུཾ། མནྟི་ཧཱུཾ། ཀྲོ་དྷ་མ་ཧཱ་བཱ་ལ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷི་དྷ་ནས་ས་མ་ཡ། ཛ་ཏི་ལཾ་བོདྷར་ན། ཨུ་ཙུསྨ་ཀྲོ་དྷ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཁ་ཐཾ་ཁ་ཐཾ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། རཾ་ཛྭ་ལ་ཛྭ་ལ་ཡར་ན་ཧཱུཾ་ཕཊ། ཨོཾ་བཛྲ་སུ་མེ་ཧཱུཾ་ཧཱུཾ་ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ་ཨེ་ཧྱི་ཧི་བྷག་ཝན། བྷི་དྱ་ར་ཛ་ཡ་ཀྵ་བཛྲ་བྷྱོ་བྷྱོ་རུ་ལུ་རུ་ལུ་ཧཱུཾ། ཨོཾ་པྲ་ཏི་ཛ་ཧཱུཾ། ཨོཾ་ས་མ་ཡ་ཨ་མྲྀ་ཏ། ཨརྒཾ་པྲ་ཏི་ཙ་ཧཱུཾ་སྭཱཧཱ། ཨོཾ་ན་མོ་བྷ་ག་བ་ཏེ་ཤན་ཊི་གིར་ཏུ་ཏདྱ་བཛྲ་དྷན་ཏོ་ཡེ། མེ་ཀ་ནི་ཀོ་ན། ཙ་ལ་ཙ་ལ། མ་ལ་མ་ལ། ཏི་ལི་ཏི་ལི་སྭཱཧཱ། ཡ་མ་ལོང་ཙ་དན་བེ་རལ་ཛ་ཧཱུཾ་ཕཊ། ཛ་ཧཱུཾ་བྷྱོ་སྙིང་ཤུད་ཤུད་ཛ་ཧཱུཾ་ཕཊ། ཧ་དེ་མོ་ཧ་ཡ། ཨ་ཀ་རི་སརྦ་དུཥྟཾ། དྲིད་ཡ་ཧཱུཾ་ཕཊ། ཡག་ཤ་བཛྲ་ཧཱུཾ་ཛ་ཧཱུཾ། ཚིནྡྷ་ཚིནྡྷ། བྷནྡྷ་བྷནྡྷ་མོ་ཨ་རལ་ཧཱུཾ་ཕཊ། ཀང་ཀ་ཡ་པར་ལ་རྦད་ཕུ་ཧཱུཾ་ཕཊ། བི་ལོ་ཀི་ནི་ཧཱུཾ་ཕཊ། ཧི་ལི་ཧི་ལི། ཙག་ཤོ་བྱ་ཧཱུཾ་ཕཊ། ཨོཾ་བུ་ཐུ་མེ་ཧ་ཐ། ཛྫ་ཛྫ་ཛྫ་ཛྫ། ཛྫ་ཛྫ་ཛྫ་ཛྫ། མ་ཀང་གི་རྦུད་ཐུམ། ཧེ་ཀ་དུ་ཤ་རྦད་དུན་བྷྱོ། ཧེ་རུ་དྲ་ཤིག་རྦད་རྦད་ཧེ་ཧེ་བྷྱོ། ཧེ་ག་ལ་དུམ་བུ་ཀྱི་ཁྱིམ། ཧེ་ཤ་ཏྲི་ཧེ་ཁ་ཡག་ཐུམ་བྷྱོ་རྦད། ཧེ་ཡེ་ག་ཤ་ཁ་ཐུཾ་བྷྱོ། ཆེམ་ཆེམ་གག་རུ་རྦད་ཐུཾ་རི་ལི་ལི། ཁ་ཁ་མ་མ་ཏྲི་ཤ་ལིབྷྱོ། ཧཱུཾ་ཕཊ་ཧཱུཾ་ཕཊ་ཧཱུཾ་ཕཊ་ཧཱུཾ་ཕཊ་ཧཱུཾ་ཕཊ་ཧཱུཾ་ཕཊ་ཧཱུཾ་ཕཊ་ཧཱུཾ་ཕཊ། མ་མ་ཏྲ་ཀ་རག་ཤ་ཁ་མུན་ཏྲ། སྙིང་ཁར་ག་རག་མོ་དུན་བྷྱོ་ཛ། རུ་རུ་བེ་རོ་ཨུ་སྟི་སྟ་བ་ཏོ་སིར་ཀ་མོ་སྙིང་ཁར་ཀ་ཧཱུཾ་བྷྱོ་བྷྱོ་ཛ་ཛ། མ་མར་རཀྨོ་ཐུམ་ལིས། སྙིང་ཙ་འདུས་སྲོག་ཕྲིག་ཕྲིག། ཤམ་ཤམ་ཁྱེར་བྷྱོ། སྙིང་ཁྲག་ཙ་སྲོག་ཁྲེང་བྲེང་རྦད་ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། མ་ཧཱ་སྲོག་ཏུག་ཏུག་ཁྲག་ལོག། སྙིང་རྦད། མ་དྷ་སྲོག་ཐུན་སྙིང་ལམ་བྷྱོ། མཱ་ར་ཡ་ཕཊ། ཁ་རུན་ནརི་ཛ་ཛ། ཨོཾ་ཏྲིག་ནན་ཏྲིག་ནན། སྙིང་ཁ་རག་རྦད་ཨོཾ་སུ་ཀྲི་བ་ཡ། བར་ཙིཏྟ། ཡོ་གི་ཤར། ས་མ་ཡ་ཙིཏྟ་ཨོཾ་ཕཊ། མེ་རི་ཀུད་རི། ཐུམས་ཐུམས་རྦད། ཁྲག་ཏི་སྨ་ར་རྦད་ཕཊ། རྡུལ་ཕྲན་གྱུར་ཐུམ་ས་རྦད། ཛ་ཡ་དུ་མན་ཏི་ཤ་རི་ནི་ལ་པྲ་ཏི་ཛ་ཛ། ཁྱི་ཁྲིད་ར་ཁྲིད་རོལ་ཁྲག་འཐུང་མ་ཀང་ཀང་ཀེང་ཀེང་ཀ་ཀ་ཡག། ཙིནྡྷ་མ་མ་ལ་ལ་རོ་ལ་ཁྲག་འཐུང།། ཀང་ཀང་ཀེང་ཀེང་ཀེང་ཀང་ཀ་ཡ། སྙིང་ཟབ་ཙི་ཤ་མ་ལ་རོལ་ཁྲག་འཐུང། ཀང་ཀང་ཀེང་ཀེང་ཀང་ཀ་ཡ། ཏང་པ་རལ་སྟི་ཀི་ཀི་ཏྲི་ཧཱུཾ་ཕཊ། ཤག་ཤག་རྒྱོབ་རྒྱོབ་ཡ་ཡ། ན་མོ་རཏྣ་ཏྲ་ཡཱ་ཡ་ཤཱཀྱ་པ་ར་ཡ། ཏ་ཐཱ་ག་ཏ་ཡ་ན་མོ་མ་ཤག་རུ་ཡ། ཀྵུ་ཀྵུ་ཡུ་ཚུ་ལེ་ཙ་ཏ་ཏྲ་བ་རོ་ཙ་སྭཱཧཱ། ཙང་ཙེ་གྱང་གྱང་ཙེ་ཙེ་ཧེ་དུ་ཧེ་དུ། ཏདྱ་ཐཱ་ཨན་ནྱ་བྷུ་མིག་བཀྵ་བི་ཙེ། གུ་ལོ་ཙ་མེ། པ་ཏཀྵ་ལོ་མེ། ཤི་རི་ཡཀྵུ་ན་བ་ཀུ་མུན་ཏི། ཛར་བར་མེ་ཚད་བར་མེ་ཚ་ཏ་ན་པ་པ་མ་ཏེ། པ་ཤུ་ལང་ཀ་ཨ་བ་བ་སུ་ནེ་ཧ་ས་གབྷ་ཀྵེ། ལམ་མ་བུ་ཙཀྵེ། གམ་རི་རབ་སུ་མེ་ཨ་ཨ་ཨ་ནོ་མ་ཡ་ས་རེ། བ་ལ་ཤ་རི་ཧཱུཾ། ནི་ལ་པྲ་ཏི་ཧཱུཾ། ཀྱི་ཀྲིད་ཧཱུཾ། ཙིནྡྷ་མ་ཧཱུཾ། སྙིང་ཟ་བ་ཧཱུཾ། ཏཾ་མ་ར་ལ་ཏོ་ཧཱུཾ། ཀཽ་རི་ཧ། རྩ་རི་ཧ། པྲ་མོ་ཧ། བྷྱེ་ཏ་ལི་ཧ། པུ་ཀ་སི་ཧ། གྷ་སྨར་ཧ། སྨ་ཤ་ནི་ཧ། ཙཎྜ་ལི་ཧ། སི་ཧ་མུ་ཀ་ཧེ། བྱ་ཀྲི་མུ་ཀ་ཧེ། སྲི་ལ་མུ་ཀ་ཧེ། ཤོ་ན་མུ་ཀ་ཧེ། ཀྲི་ཏ་མུ་ཁ་ཧེ། ཀང་ཀ་མུ་ཁ་ཧེ། ཁ་ཁ་མུ་ཁ་ཧེ། ཧུ་ལུ་མུ་ཁ་ཧེ། ཨརྱ་ཏེ་ཙ་ཏེ་ང་ཙ་ཧཱུཾ། ཨ་མུ་ཁ་ཧཱུཾ། ལོག་བཾ་ཧཱུཾ། བ་རྨི་པ་ལ་ཡབ་ཏི་ཧཱུཾ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བེ་ཤྲ་བ་ཎ་པྱ། མ་ཧཱ་རཱ་ཛ་པྱ། ན་མོ་རཏྣ་ཀུ་པ་ར་པྱེ། ཀུ་ཧ་ཀ། ངི་པ་པ་ཏེ། ཏ་པ་ན་ཏ་ཀུ་པ་ར། མ་ར་ཡི་ཤ་མི་ད། བེ་ཤ་མ་ཎ། བ་ཀི་ཤར་མ། ཨ་ནུ་ནུ་པ་སྙུང་རུ་པ་ན་ཀུ་པར་ཀ། ཙན་དྲ་ཀན་ཙཀྲ་མེ་ཧོ་མེ་ཧ་ས། ཀན་ན་ཏ་ཀུ་པར་ཧེ་མ་ཀ་ན་ཀུ་ཧ་ཀ་ཀ་ཙ་ལ་ཙ་ལ། པ་ཙ་པ་ཙ། ཕུ་ལུ་ཕུ་ལུ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ན་མཿ་ས་མནྟ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ན་ན། ཨོཾ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྟ་ན་མ་ར་ཡ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་ད་རོ་ཨཛྙ་པ་ཡ་སྟེ+ི། ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཏིཔྟ་ཙཀྲ་ཙ་ཧ་ན་ཧ་ན་ཧཱུཾ་ཕཊ། ཤི་ར་ཀཱི་ལ་ཡེ་ཏ་ཧཱུཾ་ཕཊ། མ་ཀུ་ཀི་ལ་ཡེ་ཏ་ཧཱུཾ་ཕཊ། པ་ཏང་ཀཱི་ལ་ཡེ་ཊ་ཧཱུཾ་ཕཊ། ད་ཧ་ད་ཧ་ན་པ་ཙ་པ་ཙ། ཧུ་ལུ་ཧུ་ལུ་བྷིནྡྷ་བྷིནྡྷ། པསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་པ་ནི་མ་ཧཱ་བྷ་ག་བན། ཧྲི་ཀྲི་བི་ཀྲི་བཛྲ་ཧཱུཾ་ཀ་ར། ཧཱུཾ་ཧཱུཾ་ཧཱུ+ོཾཾ་ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུཾ་བཾ་ཧོ། སརྦ་བིགྷ་ནཱན་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཧཱུཾ་ཀ་ར་ཨ། ཚིནྡྷ་ཚིནྡྷ་བཛྲ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་བཛྲ་ཧཱུཾ་ཕཊ། གྷི་ན་གྷི་ན་བཛྲ་ཧཱུཾ་ཕཊ། ཧ་ན་ཧ་ན་བཛྲ་ཧཱུཾ་ཕཊ། བྷནྡྷ་བྷནྡྷ་བཛྲ་ཧཱུཾ་ཕཊ། ཨོཾ་ཏདྱ་ཐཱ་ཊ་ད་ཡ་བཛྲ་ཧཱུཾ་ཕཊ། ཧ་ཡ་ར་དྷི་ད་བཛྲ་ཧཱུཾ་ཕཊ། ཤྲི་ཀྲི་ཨ་ན་ཡ་བཛྲ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་བཛྲ་ཧཱུཾ་ཕཊ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་བཛྲ་ཧཱུཾ་ཕཊ། བྷི་དྷ་ཡ་བྷི་དྷ་ཡ་བཛྲ་ཧཱུཾ་ཕཊ། ད་ཧ་ད་ཧ་བཛྲ་ཧཱུཾ་ཕཊ། པ་ཙ་པ་ཙ་བཛྲ་ཧཱུཾ་ཕཊ། མ་ཐ་མ་ཐ། བཛྲ་ཧཱུཾ་ཕཊ། ཛྭ་ལ་ཛྭ་ལ་བཛྲ་ཧཱུཾ་ཕཊ། སུ་རུ་སུ་རུ་བཛྲ་ཧཱུཾ་ཕཊ། མུ་རུ་མུ་རུ་བཛྲ་ཧཱུཾ་ཕཊ། ཀ་ཏ་ཀ་ཏ་ཡེ་བི་ཛ་ཡ། ཨ་ཛི་ཏི་ཨ་པར་ཛི་ཏེ་མར་སེ་ན་ཨུ་མར་ཏ་ནཱ་ཡ་བཛྲ་ཧཱུཾ་ཕཊ། ཧཱུཾ་མ་མ་པ་ཤི་ཀུ་རུ་མ་སྟཾ་ཉ་ཀ་རེ་ཨི་དན་ཏེ། མ་མ་ཀརྨ་ཤི་ཀྲཾ་ཀ་ར་སྭཱཧཱ། ཨོཾ་བཛྲ་ཨ་ན་བཛྲ་ཧཱུཾ་ཕཊ། ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ་ཨོཾ་རྩུ་ས་མ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཐས་ཏ་ནན་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ས་མ་ན་ཏི་བི་ཤུདྡྷེ་ཨ་བྷི་ཤུདྡྷར་ཧཱུཾ་ཕཊ། ཨོཾ་བཛྲ་ཨཾ་གུ་ཤ། ཨོཾ་བཛྲ་བྷན་བྷ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀརྨ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་བཛྲ་སྭ་ཏ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ཀྲི་ཏ་ཧ་ན་ཧ་ན་ད་ཧ་ད་ཧ། པ་ཙ་པ་ཙ། བྷནྡྷ་བྷནྡྷ། ཚིནྡྷ་ཚིནྡྷ། རྦ་ན་རྦ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡཀྵ་ཁ་ཁ་དྷ་ཧ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཤ་ཏྲོ་ཡེ་སྭཱཧཱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་མ་ཆོད་ཆོད། ཧཱུཾ་ལཾ་བ་རོལ་པར་ཤ་ཡ། མ་མ་དྷེ་བཛྲ་མ་རོལ་པར་ཤ་ཡ། ཧཱུཾ་ཙིཏྟ་མུགས་སྙིང་ཁྲག་འཐུང། རུ་པ་ཤ་སྙིང་ཁྲག་སྤྱོས། ཀྲི་ཤིག་ནིར་ཤོབྷ་པ་ཏྲི་ཤག། ཙིར་ཙིར་ཁས་དར་མུགས་ཤིགས་མ་མུན་ཏྲ་འཇིབས། འཇིགས་ཙཀྲ་མ་ནི་སྙིང་རུ་ཤ། དུམ་ཤག་ཙིཏྟ་ཁྲམ། ཧཱུཾ་ནརི་ཏ་ཡ་ཀཱི་ལི་ཀཱི་ལ་ཡ་སརྦ་ཧི་ཤི་འདའ་ན། ཁྲོ་ཏ་ཡ་མ་ཡོ་ཏ་གར་བ་ལང་ལ་ཛ་ཛ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུམ་བྷ་ཧཱུཾ་མི་ཕཊ། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་པྲཏིང་ཧཱུཾ་མིང་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤན་ཏིང་ཧཱུཾ་མིང་སྭཱཧཱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བྷ་ཤེ་མིང་སྭཱཧཱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཛ་ཛ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བ་སྟན་ཡན་ཡན་ཙ་ཙ་ན་ཧཱུཾ། མ་ག་མ་བྱ་བར་ཤག་ཤག་ཧཱུཾ་ཕཊ། ཨོཾ་རུ་རུ་པ་ཏི་སྟ་ས་མ་ཡ་ཧཱུཾ་བྷྱོ་ཧཱུཾ་ཨ་ར་ལི་ཛ་ཧཱུཾབཾཧོ། ཨོཾ་བཛྲ་ས་མ་ཡ་ཡོ་གི་ནི་པྲ་ཏི་ཛ་ཧཱུཾ་ཧཱུཾ། ཁ་ཁ་དར་མ་ཏི་མ་ཏུང་རུ་ལུ་རུ་ལུ་ཧཱུཾ་ཧཱུཾབྷྱོ་བྷྱོ། ཀུ་མ་ད་རི་ཤུ་ལ་ད་རི་ཙ་མུ་ནད་རི། ཀང་ཀད་རི། ཁ་རཾ་ཡོ་གི་ནི་ཁ་ཧི། ས་མ་ཡ་ཨ་མྲྀ་ཏ་ཨརྒྷམ་པྲ་ཏཱི་ཛ་ཁཱ་ཧི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཨ་ཛ་ལི་ཧཱུཾ། བཛྲ་བྷན་དྷ་ཧཱུ~ཾ། ཨོཾ་བཛྲ་ཨ་བེ་ཤ་མ་ཡ་ཨ། ཨོཾ་བཛྲ་ས་ཏ་རཱ་ཛ་ཧཱུཾ། ཨོཾ་ཚིནྡྷ་ཚིནྡྷ། ཧ་ན་ཧ་ན་ཏིཔྟ་ཙཀྲ་ཧཱུཾ། ཨོཾ་བཛྲ་ཕུར་བུ་བྷ་བཛྲ་བྷནྡྷ་པྲ་ཐ། རཀྵ་སི་ལ་སོགས་པ་ཡི། མིང་གི་རྣམ་གྲངས་ཀྱིས་གསལ་ལ། གསོད་པའང་དེས་ཤེས་གྲུབ་པ་ཡིས། དེ་རྗེས་ཧཱུཾ་ལས་བསྐྱེད་པའི་སྐུ།། འོད་འཕྲོས་ནས་ནི་དེ་པ་བཀུག་ལ། གསལ་བའི་དབྱིངས་ཉིད་ལྟས་ནས་ནི།། དེ་ལ་ཕྱི་ནང་མཆོད་པ་དབུལ། ། སྡིག་བཤགས་ལམ་སྟན་སྨོན་ལམ་གདབ།། ཡོངས་སུ་བསྔོ་བྱ་མི་དམིགས་བསྒོམ།། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་ས་བྷཱ་བ་ཨཱཏྨ་ཀོུ྅ཧཾ། དེ་ནས་ས་བོན་ལ་བསྐྱེད་པའི།། བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ། ། སྐུ་མདོག་དམར་དང་རབ་ལྡན་པས།། འོད་ཟེར་དམར་པོ་རྒྱན་དང་ལྡན།། ཕྱག་གིས་མཚོན་ཆ་གཞུང་བཞིན་གསལ།། དེ་འདྲའི་དཀྱིལ་འཁོར་གསལ་བལྟས་ལ།། གདུག་པའི་སྔགས་ལ་རབ་ཏུ་འཇུག། དེ་ཡིས་ལས་རྣམས་ཐམས་ཅད་འགྲུབ། ། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། སྔགས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས། ། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། ཕྱི་ནང་མཆོད་པ་མཉེས་བྱས་ལ།། ཨེ་མ་གསང་བ་ཡུམ་གྱི་དཀྱིལ་འཁོར་ན།། དུས་གསུམ་འདུ་བྲལ་མེད་པར་བཞུགས།། གཉིས་མེད་ཡེ་ཤེས་རབ་མཆོག་བསྒྲལ།། དེ་ཡི་སྔགས་རྣམས་གསུངས་ལགས་ན། ། ཁྲོ་བོ་སོ་སོའི་དཀྱིལ་འཁོར་རྣམས།། བཅོམ་ལྡན་མགོན་པོས་བཤད་དུ་གསོལ།། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། ཀརྨཱ་ཧེ་རུའི་ཚིགས་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ། ། སོ་སོའི་དཀྱིལ་འཁོར་དམ་པ་རྣམས།། ང་ཡིས་བཤད་ཀྱིས་ཉན་པར་གྱིས།། བཅོམ་ལྡན་གཉིས་མེད་བདེ་ཆེན་གྱིས།། དཀྱིལ་འཁོར་དམ་པ་བསྟན་པ་ནི།། དང་པོ་གཞུང་དང་མཐུན་པ་ཡི།། ས་ཕྱོགས་དེ་དང་དེ་དག་ཏུ། ། རྣལ་འབྱོར་དམ་པ་དེར་གནས་ལ།། རང་གི་སྙིང་ཁར་ཧཱུཾ་བསམ་སྟེ།། དེ་ལས་འོད་འཕྲོས་སངས་རྒྱས་མཐོང།། མཆོད་འབུལ་ལ་སོགས་གཞུང་བཞིན་བྱ།། དེ་ནས་ཤཱུནྱ་ཏ་ཡིས་སྦྱངས།། དེ་རྗེས་གཞལ་ཡས་ལ་སོགས་པའི། ། རྒྱན་དང་ལྡན་པ་དེ་མཐོང་ནས།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། གྲུ་ཆད་བཞི་ནི་རྣམ་པར་མཛེས།། ཉི་མ་ཟླ་བའི་གདན་སྟེངས་སུ།། དབྱུག་པ་སྔོན་པོ་མི་གཡོ་མགོན།། གཞན་གྱིས་མི་ཐུབ་ཁམས་གསུམ་རྒྱལ། ། ས་བོན་བཀོད་ལ་གསལ་བར་བརྟག། དྲོད་གཤེར་ལས་སྐྱེས་ཡིན་པར་ནི།། མཁས་པས་བརྟགས་ཏེ་ཤེས་པར་གྱིས།། དེ་ནས་གཙོ་བོའི་སེམས་དེ་ཡིས།། ཕྱོགས་བཅུའི་སངས་རྒྱས་རྣམས་བཀུག་སྟེ། ། བསྟིམ་པས་དབང་ཡང་རྫོགས་པར་ལྡན།། དེ་ལ་ཕྱི་ནང་མཆོད་པས་མཆོད།། གསང་བའི་དོན་ལྡན་ཡང་དག་བསྐྱེད།། དེ་ཡི་ལས་རྣམས་བརྩམ་པར་བྱ།། ཧཱུཾ་ཆེན་ཀ་རའི་དཀྱིལ་འཁོར་ནི།། ཟླ་གམ་དམར་པོའི་དཀྱིལ་འཁོར་ལ། ། མཛེས་པའི་སྐུ་མདོག་གསལ་བར་ནི།། སྔགས་ནི་བཟླས་པས་གསལ་བར་འགྱུར།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསམ།། བཟླས་པའི་ཡི་གེ་འབྲུ་ཡང་དགོད།། ཤེས་རབ་གསལ་བའི་ཡི་གེ་ཡིས། ། བུམ་པ་དམར་པོ་འོད་དང་བཅས།། དེ་ཡི་ཁ་རྒྱན་ཨ་ཤོག་ན། མགུལ་བ་དར་དམར་བཟང་པོས་དཀྲིས།། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བཟླས།། མཚན་མ་བཟང་པོ་མཐོང་བ་དང།། ལས་ལ་སྦྱར་བར་བྱ་བ་ཡིན། ། ཐབས་དང་བཅས་པའི་འོད་ཟེར་གྱིས།། དང་པོའི་གནས་ནས་བསྐུལ་བར་བྱ།། དེ་ཡིས་ལས་སྦྱོར་གང་ལ་ཡང།། སེམས་དཔའ་ཡང་དང་ཡང་དུ་བྱ།། ལུས་ལ་ཙན་དན་དམར་པོས་བྱུག། དགོངས་དང་ཐོ་རངས་སྔགས་མང་བཟླས། ། གཡོ་བའི་རྫས་ཀྱིས་རྐྱེན་བྱས་ནས།། ཕུར་གདབ་གསད་བའི་ལས་བྱ་ཡིན།། དབང་སྡུད་དགུག་པའི་ལས་དེ་བཞིན།། བསྒྲུབས་ན་འགྲུབ་པར་གདོན་མི་ཟ།། རྣམ་པར་རྒྱལ་བའི་དཀྱིལ་འཁོར་ནི། ། གྲུ་གསུམ་མཐའ་མ་རྡོ་རྗེ་ཡིས།། རྩ་གསུམ་ཁ་ཁྱེར་བ་ཡིས་མཚན།། མཐའ་མ་འཁོར་ལོས་ཀུན་ནས་སྤྲས།། དེ་ལྟའི་དབུས་སུ་ཉི་ཟླ་གསལ།། རོ་ཡི་ཕུང་པོ་དེ་སྟེང་དུ།། ས་བོན་གསལ་བས་ཡོངས་རྫོགས་ལ། ། སྒོང་སྐྱེས་རིམ་པ་ལ་གནས་པར།། སྐུ་རྫོགས་འོད་དང་བཅས་པ་ནི།། ལྷན་ནེ་གསལ་བའི་ངང་ཚུལ་ཅན།། ཡོངས་རྫོགས་པར་ནི་དེ་མཐོང་ནས།། སྐུ་གསུང་ཐུགས་ལས་ཡང་དག་འཕྲོ། ། བདེ་གཤེགས་ལ་འཁོར་བཅས་སྤྱན་དྲངས་ནས།། མཆོད་དབུལ་ཕྱི་ནང་དབང་ཡང་ནོད།། གནང་བ་བྱིན་ནས་བྱིན་གྱིས་བརླབ།། ཡེ་ཤེས་དཀྱིལ་འཁོར་གནས་ནས་དྲང།། བསྟིམ་ལ་གསལ་བའི་སྲས་མཆོག་ལ། ། སྙིང་པོ་བཀོད་དེ་སྤྲོ་བ་སྡུ་ཡི།། རིམ་བསམ་འདྲེས་ཤེས་བྱས་ལ།། ཁྲི་ཕྲག་གཉིས་ནི་བཟླས་བྱས་ནས།། དེ་དུས་མཚན་མ་བཟང་པོར་འབྱུང།། དུས་དེར་ལས་ལ་སྦྱར་བ་ཡིན།། འཁོར་ལོ་རྩིབས་བརྒྱད་དབུས་སུ་ནི། ། ཡཾ་ལས་རླུང་ལྷ་དུད་ཁ་བསྐྱེད།། ཤ་བའི་ཁྲི་ལ་བཞུགས་ནས་ནི།། མཆོད་ཕུལ་ཡེ་ཤེས་རླུང་ལྷ་དགུག། བསྟིམ་ལ་རླུང་གི་སྙིང་པོ་བཟླས།། རྫ་སོ་མ་བཏང་བ་ཡི་དགབ།། སྔོན་དམར་ཞགས་པས་རྒྱ་གྲམ་བཅིང། ། དེ་སྟེངས་མ་ལས་ཉི་དཀྱིལ་འཁོར།། དེ་སྟེངས་ཧཱུཾ་ལས་ཡོངས་གསལ་བསྐྱེད།། རྡོ་རྗེ་སྔོན་པོ་ཁ་བཞི་པ།། གསང་བའི་ལྟེ་བའི་དབུས་སུ་ནི།། ལཾ་ལས་རི་རབ་མེ་ལྕེས་བསྐོར།། དེ་སྟེངས་མགོན་པོ་བསམ་བྱ་བ། ། ཕྱག་ན་རྡོ་རྗེ་ཧཱུཾ་ལས་བསྐྱེད།། དེ་ཡིས་རླུང་ལྷ་རབ་གཟིར་བས།། རླུང་གི་སྦྱོར་བ་རྒྱུན་བཅད་འགྱུར།། སེང་ལྡེང་ཕུར་པ་སོར་བརྒྱད་ལ།། སྲས་མཆོག་དམ་པ་དེ་དབང་བསྐུར།། བཟླས་པ་བྱེ་བ་ས་ཡར་བཟླས། ། སྲས་མཆོག་འོད་ཟེར་འཕྲོ་འདུས་གཏམ།། རྡེག་པའི་རྟགས་རྣམས་བྱུང་བ་དང།། ངར་ཕྱེ་གཟུགས་བྱ་སོར་བརྒྱད་ཚད།། རྐང་པའི་གཡས་པའི་འོག་ཏུ་གཞུག། བཏབ་ན་ལྷ་ཡང་བརླག་པར་འགྱུར། ། ཆུ་བོ་ཆེན་པོའི་སྣར་བཏབ་ན།། ངེས་པར་གྱེན་དུ་ལྡོག་པར་བྱེད།། དབྱུག་པ་སྔོན་པོའི་དཀྱིལ་འཁོར་ནི།། མཐིང་ནག་གྲུ་གསུམ་འབར་བ་ལ།། ཐོད་པ་གསུམ་དང་དབྱུག་པས་བརྒྱན།། དབུས་སུ་རོ་ཡི་ཕུང་པ་དེ། ། སྐད་ཅིག་གིས་ནི་གསལ་བར་ལྟ།། མཆེ་གཙིགས་རྐན་བརྡབས་སྤྱུགས་པ་ལེན།། ཧཱུཾ་གི་རང་སྒྲ་ཐམས་ཅད་སྒྲོགས།། ཕྱག་གང་དབུས་སུ་བཞག་པ་ན།། ར་སོག་གཡས་པའི་དཀྱིལ་དག་ཏུ།། གཟུགས་བརྙན་བྱས་ལ་གཞག་པར་བྱ། ། དེ་ལ་ཤེས་པ་རབ་བསྟིམ་ལ།། དབུས་སུ་ལྕགས་ཀྱི་ཕུར་པ་ལ།། བཏགས་ལ་བཞག་པར་བྱ་བ་ཡིན།། ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུཾ། གྲིཧྣ་གྲིཧྣ་ཧཱུཾ།། གྲིཧྣ་པ་ཡ་གྲིཧྣ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན། བིདྱཱ་རཱ་ཛ་ཡ་ཧཱུཾ་ཕཊ། སྦྱོར་བ་དེ་ཡིས་རབ་སྦྱར་བས།། གང་ཡིན་གནས་ནས་དགུག་པར་བྱེད།། དེ་ནས་ལས་ལ་སྦྱར་ནས་ནི།། ལྕགས་ཀྱི་ཕུར་པ་ལྔ་བཏབ་ན།། ལྷ་ཡང་རུང་སྟེ་བརླག་འགྱུར་ན།། གདུག་ཅན་གཞན་ལྟ་སྨོས་ཅི་དགོས། ། གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་ནི།། གྲུ་གསུམ་མཐིང་ནག་འབར་བ་ལ།། ཟུར་གསུམ་བེ་ཆོན་འབར་བས་བརྒྱན།། དེ་ཡི་དབུས་སུ་བསམ་བྱ་བ།། གྲོ་ག་ཤིང་ཤུན་གང་ཡིན་ལ། ། ཐར་ནུ་རེ་ལྕག་པ་ཡིས་ནི།། རབ་འབྱུག་མེ་ཏོག་དག་དག་སྦྱར།། གཟུགས་བརྙན་སོར་བཞི་ཚད་དུ་ནི།། དེ་ཡི་དབུས་སུ་རབ་བཞག་ལ།། དེ་ཡི་སྙིང་ཁའི་གནས་སུ་ནི།། ས་བོན་བསམ་ལ་སྐུ་སྐྱེད་དེ།། རྡོ་རྗེ་ཆོག་གསུམ་གྱིས་བསྐྱེད། ། ཡོངས་སུ་རྫོགས་པའི་སྐུ་དེ་ལ།། ཕྱི་ནང་གསང་བའི་དབང་ཡང་བསྐུར།། བྱིན་གྱིས་བརླབ་པའི་སྔགས་དང་དང།། གསང་བའི་གནས་སུ་བྱིན་གྱིས་བརླབས།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་མཆོད། ། རང་བཞིན་གནས་སུ་དེ་བཞུགས་པར།། ཡོངས་སུ་བལྟས་ལ་སྔགས་ལ་སྦྱར།། སྲས་ཀྱི་དམ་པ་རབ་བསྐྱེད་ལ།། སྦྱིན་བརླབས་དབང་ཡང་བསྐུར་བ་ཡིན།། དུག་དང་མ་རུངས་པས་ཀྱང་བྱུག། བཟླས་ཉུང་ས་ཐུན་ཡང་བརྡེག་པ་ཡིན། ། དུག་ལ་སོགས་པའི་ཐུན་ཡང་བརྡེག། ཞབས་འོག་གསང་བའི་དཀྱིལ་འཁོར་དུ།། གསད་པའི་སྦྱོར་བ་བྱས་པ་ཡིས།། ཐང་ཅིག་ཡུད་ཀྱིས་དེ་བརླག་འགྱུར།། དུར་ཁྲོད་རས་མ་བླགས་ནས་ནི། ། དུག་དང་མ་རུང་པ་ཡིས་བྱུག། མ་ཏེ་ལེ་ཡི་ཤིང་བུ་ལ།། པདྨའི་སྣོད་དུ་དུད་པ་གསང།། དེ་ལ་བསེ་ཤིང་ཞོ་ཡིས་སྦྱར།། དུར་ཁྲོད་རྐང་གི་སྨྱུ་གུས་བྲིས།། རྔ་མོ་བོང་བུའི་གཟུགས་བྲིས་ལ།། དེ་སྟེང་འབད་ཅིང་འཐབ་པ་བྲི། ། དེ་ལ་གསང་སྔགས་འབུམ་དུ་བཟླས།། དེ་ཡི་རྩིག་པའི་རྨང་དུ་བཟླས།། བརྒྱ་རྩ་བརྒྱད་ནི་ཐིམ་པ་དང།། ས་བརྐོས་བཅུག་ལ་མི་མངོན་བྱ།། དེ་ཡིས་དབྱེ་བར་གདོན་མི་ཟ།། དུར་ཁྲོད་རོ་རས་སམ་མ་ལྷུང། ། དེ་དག་འཁོར་ལོ་རབ་བྲིས་ལ།། འཁོར་ལོའི་དབུས་སུ་གཟུགས་བརྙན་བྲི།། རྔ་མོ་སྐྱེ་རིངས་རྩ་ལ་དང་བཅས།། དེ་ཡི་རྨིག་པ་བཞི་རྣམས་ལ།། ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད།། དེ་སྟེངས་དམིགས་པའི་གཟུགས་བརྙན་བཞག། བཟླས་པ་ཁྲི་ཕྲག་གཅིག་བྱས་ལ།། ཐེམས་པའི་འོག་ཏུ་སྦས་གྱུར་ན།། གནས་ལས་མཐོ་བར་ངེས་པར་འགྲུབ།། དགུག་པར་རླུང་གི་ལྕགས་ཀྱུས་ཏེ།། ཐང་ཅིག་ཡུད་ལ་དགུག་པར་བྱེད། ། མི་གཡོ་མགོན་པོའི་དཀྱིལ་འཁོར་ནི།། སྨུག་ནག་གྲུ་གསུམ་གདེངས་པ་ལ།། རྩ་མོ་མེ་ཡི་ཕུང་པོ་འབར།། ལོགས་ལ་པདྨ་འདབ་གསུམ་པ།། དེ་ཡི་དབུས་སུ་བསམ་པ་ནི།། མེ་རི་འབར་བའི་དབུས་སུ་སྟེ།། ཉི་མ་ཟླ་བའི་འོད་དང་བཅས། ། དེ་ཡི་སྟེང་དུ་ས་བོན་ལས།། རང་འོད་སྔགས་ཀྱི་གསལ་བར་འབར།། དེ་ཡི་སྐུ་ནི་མིའུ་ཐུང་གཟུགས།། ཤིན་ཏུ་ལྡིར་ལ་ཁྲང་བག་ཅན།། འཇིགས་པ་རྔམ་པའི་ཞལ་གདངས་ཤིང།། རྐན་སྒྲ་བརྡབས་པས་བྲེད་ཅིང་བརྒྱ་ལ། ། གདུག་པའི་སྔགས་རྣམས་རབ་ཏུ་བཟློས།། ཡེ་ཤེས་སེམས་དཔའི་ཏིང་འཛིན་ལྟ།། སེང་ལྡེང་ཕུར་པ་མཚོན་གང་བ།། དབང་བསྐུར་བྱིན་བརླབས་གུ་གུལ་བྱུགས།། བཟླས་པ་སྟོང་ཕྲག་དྲུག་དག་ཏུ། ། བྱས་པས་མཚན་མ་བཟང་པོ་མཐོང།། ལས་ལ་སྦྱོར་བ་ཤེས་པར་བྱ།། རེ་བ་ནག་པོ་གང་དང་གང།། དེ་ལ་གཟུགས་བརྙན་བྱས་ནས་ནི།། མིང་དང་རུས་ནི་སྙིང་ཁར་གཞུག། དེ་ལ་ཤེས་པ་རབ་བསྟིམ་ལ།། དེ་ལ་ཤེས་པ་རབ་བསྟིམ་ལ།། ཁུགས་པའི་མཚན་མ་བྱུང་བ་དང།། དེ་ལ་གདབ་པའི་ལས་ཀྱང་བྱ།། དེ་ནི་ངེས་པར་བརླག་པར་འགྱུར།། གདུག་པའི་སེམས་གང་བཅས་ནས་ནི། ། སྙིང་ཁའི་འོད་ཟེར་དྲག་པོ་ཡིས།། རབ་ཏུ་ཁྲོས་ནས་བསྐུལ་བའི་ཚེ།། ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་རྣམས།། བདག་གིས་བཅོལ་བའི་ལས་རྣམས་ཀུན།། གང་ཡིན་གནས་སུ་ཕྱིན་བར་འགྲོ། གདུག་པའི་རྫས་འདི་ཐམས་ཅད་ལ། ། ཟླ་བ་གཟའ་ཡིས་ཟིན་དུས་སུ།། མཚོན་གྱིས་དབབ་བྱས་ཤ་ཁྲག་དང།། འདྲེ་འབྲོས་ཐང་ཆུ་དེ་དང་སྦྱར།། མེ་རེག་ཤིང་ཤུན་ནང་དུ་བསྟིམ།། གསང་སྔགས་ཁྲི་ཕྲག་གསུམ་བཟླས་ན། ། དེ་བསྟན་མོད་ལ་བྲེད་ཅིང་བརྒྱ་ལ།། འཇིག་རྟེན་ཁམས་སུ་བྱེར་བར་འགྱུར།། རྟ་མགྲིན་རྒྱལ་པོའི་དཀྱིལ་འཁོར་ནི།། དམར་ནག་གྲུ་གསུམ་འབར་བ་ལ།། ལོགས་གསུམ་ཟླ་གམ་གསུམ་བྱ་སྟེ།། ཐོད་པ་འཇིགས་པ་གསུམ་ཡང་དགོད། ། ཕྱི་རིམ་པདྨ་འདབ་བརྒྱད་བྲི།། དབུས་སུ་རླུང་ནི་རྒྱལ་པོ་བསམ།། དེ་སྟེངས་ས་བོན་གསལ་བ་ལྟས་ལ།། འོད་ཀྱིས་འཁྲིགས་པའི་འོད་ཕུང་ལས།། རང་སྔགས་སྒྲ་ཡིས་རབ་བསྐུལ་བས། ། ཡོངས་སུ་རྫོགས་པའི་སྐུ་གསལ་འགྱུར།། དེ་རྗེས་ཡེ་ཤེས་རྗེས་དྲན་པས།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ།། བསྟོད་པས་རིམ་པར་བྱས་ནས་ནི།། སྲས་མཆོག་ཟང་མོའི་སྐུ་མཆོག་ལ། ། དབང་བསྐུར་བྱིན་བརླབས་བྱས་ནས་ནི།། བདག་ཉིད་མདུན་དུ་གནས་པར་བརྟག། སྙིང་པོ་རང་སྔགས་བཀོད་ནས་ནི།། བཟླས་པ་ཁྲི་ཕྲག་གཅིག་ཏུ་བྱ།། དེ་ནས་ལས་ལ་མྱུར་དུ་སྦྱར།། ཁྲོས་པའི་སེམས་ཀྱིས་བླང་བར་ནི། ། གྲོག་མོ་རྒྱལ་པོའི་མཁར་ས་བླང།། སྡོང་པོ་སྐམ་པོའི་ཐང་ཆུས་སྦྲུ།། གཟུགས་བརྙན་སོར་དཔྱད་ཚད་དུ་བྱ།། ཀླུ་ཡི་རྒྱལ་པོའི་མ་ཁང་གཞུག་ལ།། དེ་ལ་དགུག་ཅིང་བསྟིམ་པ་ཡིན།། དེ་ནས་ཕུར་པ་བཏབ་པ་རྩམ། ། སངས་རྒྱས་ཉིད་ཀྱང་འཇིག་པར་འགྱུར།། སེམས་ཅན་ཕལ་ལ་ལྟ་ཅི་སྨོས།། བུམ་པ་བཟང་པོ་ལྟར་བྱས་ན།། ནང་དུ་བདུད་རྩི་ལྔ་ཡང་བྱུག། དེ་ཡི་ནང་དུ་ཡིག་འབྲུ་དགོད།། དེ་ལས་བདུད་རྩི་གང་བར་བསམ། ། དེ་མ་མཎྜལ་པད་བྱས་ལ།། དེ་སྟེངས་དམིགས་པ་དེ་བཞག་ལ།། སྔོན་ལ་སྟེང་གི་སྒོ་བཞིར་བཏུག། དེ་ནས་ཚངས་པའི་བུ་གནས།། བདུད་རྩི་ཆུ་རྒྱུན་བླུགས་པ་ཡིས།། ལུས་ལ་དུག་རྣམས་མི་གནས་པར། ། འོག་གི་མགོ་ལས་བྱུང་པར་བསམ།། དེ་ལྟར་ཡང་དང་ཡང་བྱས་ལ།། དུག་རྣམས་ངེས་པར་འཇོམས་པར་བྱེད།། ཐལ་ཆེན་མཚན་མ་གདོང་ལ་གདབ།། ཐལ་ཆེན་ཉུངས་ཀར་རབ་བསྲེགས་ལ། ། སྤྱན་བཟློག་བལྟས་ལ་སྔགས་དྲག་བཟླས།། དེ་ཡིས་སེར་བ་ངེས་པར་ལྡོག། པདྨའི་སྣོད་དུ་བདུད་རྩ་ལྔ།། དེ་སྟེངས་སྨན་ལྔ་བླུགས་ནས་ནི།། བཟླས་པ་སྟོང་ཕྲག་བརྒྱད་ཅུ་བྱ། ། དེ་ནས་སྨན་རྣམས་དར་ཁུད་གཏུམ།། སྤྱི་གཙུག་དག་ཏུ་བཞག་ནས་ནི།། འཇིགས་པའི་གནས་ལས་ཐར་པར་ངེས།། གཞན་གྱིས་མི་ཐུབ་དཀྱིལ་འཁོར་ནི།། ལས་ནི་རྡོ་རྗེ་དཀྱིལ་འཁོར་བྲི།། དེ་ཡི་དབུས་སུ་ལྟེ་བ་ལ། ། སེར་ནག་གྲུ་གསུམ་འོད་དང་བཅས།། དེ་དབུས་བསམ་པར་བྱ་བ་ནི།། རླུང་གི་ཕུང་པོའི་སྟེང་དུ་ནི།། རང་གི་ས་བོན་ཉི་ཟླའི་སྟེང།། རང་གི་སྔགས་འོད་དེ་བླངས་པས། གཞན་གྱིས་མི་ཐུབ་སྐུ་གསལ་འགྱུར། ། དེ་ལས་དབང་བྱིན་ཐམས་ཅད་ཀུན།། རྒྱས་པར་གཞན་བཞིན་བྱ་བ་ཡིན།། དུར་ཁྲོད་རྐང་གི་ཕུར་པ་ལ།། རྒྱུད་ཆེན་དག་གིས་གདགས་པར་བྱ།། གསལ་བའི་ཡི་གེ་བཀོད་བཟླས་བྱ།། ཉི་ཁྲི་བཟླས་པ་བྱས་པ་དང། ། དེ་ལ་མཚན་མ་བཟང་པོ་འབྱུང།། དེ་ནས་ལས་ལ་སྦྱར་བར་བྱ།། དུར་ཁྲོད་གཡམ་པ་གཡས་ཕྱོགས་ལ།། མཚན་མ་མིང་དང་བཅས་པ་བྲི།། རྒྱུས་ཆེན་སྐྱེ་ནས་བཏགས་ལ་བཞག། དེ་ལ་དགུག་གཞུག་བྱས་ནས་ནི། ། ཁུགས་དང་ལས་ལ་སྦྱར་བར་བྱ།། དེ་ཡིས་བསད་བ་ཡུད་ཀྱིས་ནི།། མོད་ལ་འཆི་བར་ངེས་པར་འགྱུར།། དེ་ཡི་དུས་སུ་བསྐུལ་བྱ་བ།། ཕུར་པ་དྲིལ་ཏེ་ཕྱོགས་བཅུར་གཏད།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། ། སྡོན་གྱིས་ཐུགས་དམ་ཞལ་བཞེས་པ།། དྲག་པོའི་ལས་རྣས་བྱ་བར་ནི།། ཉིད་ཀྱི་ཞལ་བཞེས་མ་འདའ་བར།། གདུག་ཅན་བསྒྲལ་བའི་དུས་ལ་ཕབ།། དེ་སྐད་བསྐུལ་བས་རང་དབང་མེད།། དྲག་པོའི་ལས་ཀྱིས་གསོད་པར་བྱེད། ། ལོག་པར་བར་དུ་གཅོད་པ་ཡིས།། འབྱུང་པོའི་གདོན་རྣམས་མ་རུངས་པ།། དུར་ཁྲོད་གཡམ་པའི་ནང་ལོགས་སུ།། བསེ་ཤིང་ཞོ་ཅན་གྱིས་བྲིས་ལ།། རྒྱ་གྲམ་ལམ་དུ་དེ་མནན་ན།། གདོན་དང་འབྱུང་པོས་མི་ཚུགས་འགྱུར། ། འདི་ནི་ལས་ཀྱི་མཆོག་ཅེས་བྱའོ།། བདུད་རྩི་འཁྱིལ་བའི་དཀྱིལ་འཁོར་ནི།། ལྗང་ནག་གྲུ་གསུམ་འབར་བ་ཡི།། མཐའ་མ་མཚོན་ཆའི་འཁོས་ལོས་བསྐོར།། རབ་ཏུ་འོད་དང་ལྡན་པར་བྲི། ། དེ་ཡི་དབུས་སུ་བསམ་བྱ་བ།། རླུང་གི་གདན་ཉིད་བསམ་པར་བྱ།། དེ་ཡི་སྟེང་དུ་ཉི་ཟླའི་གདན།། དེ་སྟེངས་བསྡུས་པའི་རིམ་པ་ཡིས།། བདུད་རྩི་འཁྱིལ་པ་རབ་རྫོགས་པས།། དེ་ལ་དཀྱིལ་འཁོར་རབ་བཅུག་སྟེ། ། དེ་ཡིས་ཐམས་ཅད་ལྡན་པར་འགྱུར།། དུག་གི་ཕུར་པ་སོར་གང་ལ། རབ་རྫོགས་བྱང་ཆུབ་སེམས་ལས་བྱུང།། བྱང་ཆུབ་སེམས་ཀྱིས་དེ་དབང་བསྐུར།། བཟླས་པ་ཁྲི་ཕྲག་གཅིག་ཏུ་བྱ།། དེ་ནས་སྟག་གི་ལོ་མ་ལ། ། བྱང་ཆུབ་སེམས་ནི་ཡབ་ཡུམ་གྱི།། དེ་ཡིས་མཚན་མ་བྲིས་གསལ་བར།། བྱས་ལ་གསང་བའི་གནས་སུའོ།། དེ་ལ་གདབ་པར་བྱས་ནས་ནི།། ངེས་པར་དམིགས་པ་དེ་བརླག་འགྱུར།། དུས་གསུམ་སངས་རྒྱས་དེས་བསྐུལ་ནས། ། སེམས་ཅན་དོན་ལ་ངོ་བོ་ཉིད།། རབ་ཏུ་གཤེགས་ནས་རྣམས་མཛད་པ།། དུར་ཁྲོད་ཤིང་གི་རས་མ་ལ།། ཤ་ཡི་འཁོར་ལོ་རབ་བསམས་ལ།། དེ་ཡི་སྟེང་དུ་གཟུགས་བརྙན་བྱ། ། བཟླས་པ་ཁྲི་ཕྲག་གསུམ་དུ་བཟླས།། དེ་ནས་རླུང་གི་དཀྱིལ་འཁོར་བསྐྱེད།། ལ་ལས་ཁྲིད་དེ་ལ་ལས་བརྡེག། དེ་ཡིས་ལྷོ་ཕྱོགས་བསྐྱལ་ལ་བཞག། ཡང་ན་རང་གི་གནས་སུ་བསྐྱལ། དུར་ཁྲོད་དབུས་སུ་དེ་བཅུག་ལ། ། དེ་ཡིས་གནས་ལ་ས་བསྐྱོད་པར་ངེས།། གུ་གུ་ལ་སྦྱར་མ་བཟང་པོ་ལ།། གསང་བའི་སྔགས་ཀྱིས་རབ་བཏབ་སྟེ།། ཁྲོས་པའི་སེམས་སུ་གནས་བྱ་སྟེ།། དུར་ཁྲོད་མེ་ཆེན་རབ་སྦར་ལ།། དེ་ལ་བསྲེགས་པའི་དུད་ལ་དེས། ། གདོན་དང་འབྱུང་པོ་མ་རུངས་དང།། མུ་སྟེགས་ལྷ་རྣམས་བྲེད་ཅིང་བརྒྱལ།། འདི་ནི་གདུག་པའི་མཆོག་ཡིན་ནོ།། ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་ནི། མཐིང་ནག་གྲུ་གསུམ་མི་བཟད་པ།། རབ་ཏུ་འབར་བའི་མེ་ཡིས་བསྐོར། ། སོར་བཞི་ནང་དུ་བརྐོད་གྱུར་པ།། དེ་ཡི་གཞུག་པའི་རྫས་རྣམས་ནི།། དཔག་བསམ་ཤིང་བུ་བླངས་ནས་ནི། རབ་ཏུ་གཏུབ་ཅིང་སྔགས་མང་བཟླས།། དེ་ནས་གྲོག་མཁར་ས་དང་བསྲེ། ། བུང་བུའི་བདུད་རྩིས་གཟུགས་བྲིས་ཏེ།། ཤིང་ཤུན་མིང་རུས་གསལ་བྲིས་ལ།། སྙིང་ཁར་བླ་ན་ལ་བཟླས་ན་འགྲུབ།། དེ་ཡི་སྟེང་དུ་བསམ་པའི་ལྷ།། ས་བོན་འོད་ལས་དེ་སྐྱེས་པར།། མཁས་པས་ཤེས་པར་བྱ་བ་ཡིན། ། དེ་ལ་ཐམས་ཅད་རྫོགས་པར་བྱ།། རབ་ཆད་རྐང་གི་ཕུར་པ་ལ།། བཟླས་པ་ཁྲི་ཕྲག་གསུམ་དུ་བྱ།། དེ་ནས་མཚན་མ་མཐོང་བ་དང།། གདབ་པའི་ལས་རྣམས་བྱ་བ་ཡིན།། དེ་ནས་གཏུབ་དང་བསྟབ་བརྡུང་ལས། ། ཀུན་ལ་དེ་བཞིན་ཤེས་པར་གྱིས།། འདི་ཡིས་བསད་པར་ངེས་པར་གྱུར།། སྟོབས་པོ་ཆེ་ཡི་དཀྱིལ་འཁོར་ནི།། ལས་ཀྱི་རྡོ་རྗེ་རྒྱ་གྲམ་ལ།། ཁ་དོག་སྔོན་པོ་འོད་དང་བཅས།། དེ་ཡི་ལྟེ་བ་གྲུ་བཞི་ལ།། མཐིང་ནག་གྲུ་གསུམ་འབར་བ་བྲི། ། པདྨ་མ་ཆགས་ཁ་དོག་ལྡན།། རྡོ་རྗེར་བའི་བར་དེའི་ནང་དུ་བསམ་བྱ་བ།། སྦྲང་རྩི་སྙིགས་མ་ལ་གཟུགས་བྱ།། གྲོགས་ཤིང་ཤུན་གང་དང་གང།། དུར་ཁྲོད་རོ་ཡི་ཁྲག་གིས་ནི། མིང་དང་རུས་གཉིས་བྲིས་ནས་སུ། ། དཔྲལ་བར་མིང་ནི་བླན་པར་བྱ།། སྙིང་ཁར་གྲུ་གསུམ་རབ་བྲུས་ལ།། དེ་རུ་གཟུགས་དང་རུས་སུ་བཅས།། བཅུག་ལ་བཞག་པར་བྱ་བ་ཡིན།། དེ་ཡི་སྟེང་དུ་གསལ་བའི་ལྷ།། ས་བོན་ལས་ནི་སྐུ་བཞེངས་པ། ། རྡོ་རྗེ་ཆོ་ག་གསུམ་གྱིས་གསལ།། སྐུ་ནི་སྔོན་པོ་འབར་བས་འཁྲིགས།། ཞལ་གཅིག་ཕྱག་གཉིས་ཞབས་ཀྱང་གཉིས།། ཕྱག་གཡས་རྡོ་རྗེ་ཆེན་པོ་འབར།། གཡོན་ན་སྡིགས་པའི་མཛུབ་མོ་སྟོན།། སྐྲ་སེར་གྱེན་འཁྱིལ་སྦྲུལ་གྱིས་བརྒྱན། ། སྦྱན་བཟློག་གསུམ་གཟིགས་ཞལ་གདངས་ཤིང།། སྨིན་མ་རབ་བཏེག་ཨག་ཚོམ་འབར།། སྟག་ལྤགས་གཡང་གཞི་ཤམ་ཐབས་ཅན།། ཡེ་ཤེས་མེ་དཔུང་རང་བཞིན་བསྒོམ།། དེ་ཡི་སྦྱོར་བ་རབ་བཏང་ནས། ། བཀུག་སྟེ་གཟུགས་ལ་ཕོབ་ནས་ནི།། སེང་ལྡེང་ཕུར་པ་སོར་བརྒྱད་ལ།། སྔོན་དམར་སྐུད་པས་སྦྲེལ་ལ་བཞག། བརྡུང་བའི་ལྷ་དང་དེ་ཕྲལ་ལ།། སྔགས་ཀྱི་འོད་ཟེར་མ་རུངས་པས། ། གཟུགས་ཕུང་རབ་ཏུ་འཇིགས་པར་བསམ།། ཡེ་ཤེས་སེམས་དཔའི་ཐུགས་ལས་བྱུང།། བཟླས་གྲངས་ཁྲི་ཕྲག་གསུམ་དུ་བཟླས།། དུས་དུས་སུ་ནི་ཕུར་པས་བསྡིགས།། ཉུངས་ཀར་ལག་ཐོགས་སྔགས་བཟླས་ལ། ། གཟུགས་བརྙན་དེ་ལ་བརྡེག་པར་བྱ།། ཐུགས་ཀྱི་ས་བོན་འོད་ཟེར་གྱིས།། ལས་གང་བྱེད་པ་ཉིད་དུ་བརྟག། དུས་བཞིར་དགུག་ཅིང་བསྟིམ་པར་བྱ།། མཚན་མ་བཟང་པོ་བྱུང་བ་དང།། གནས་ལྔ་དག་ཏུ་གདབ་པར་བྱ། ། མཚོན་གྱིས་གཏུབ་ལ་ཞལ་དུ་བཏབ།། དེ་ཡིས་ལས་ལ་ངེས་པར་ནི།། འགྲིབ་འགྱུར་འདི་ལ་ཐེ་ཚོམ་མེད།། སེམས་ཅན་ཚ་བས་གདུང་པ་ལས།། ཆར་བའི་རྒྱུན་རྣམས་རབ་ཕབ་ལ།། གཞལ་ཡས་གསལ་བའི་དབུས་སུ་པད། ། དེ་སྟེང་ཉི་མ་ཟླ་བ་བསམ།། ཐབས་དང་ཤེས་རབ་མཐུ་ཡིས་གསལ།། དེ་གཉིས་དབུས་སུ་བསམ་བྱ་བ།། སྦྲུལ་གྱི་ཆུན་པོའི་གདན་དུ་བསམ།། དེ་སྟེངས་བདག་པོའི་གཟུགས་བསམས་ཏེ། ། དེ་ལས་འོད་འཕྲོས་སླར་འདུས་པས།། བདག་པོའི་དངོས་གཞི་རབ་ཞུ་སྟེ།། མི་ཤིགས་དོན་ལྡན་ཉིད་དུ་བརྟག། དེ་ནས་འདོ་འཕྲོས་སླར་འདུས་པས།། ཆོས་དབྱིངས་གཟུགས་བརྙན་ཉིད་དུ་སྟེ།། དེ་ལ་སྔགས་འདི་སྒྲ་ལྟར་བྱུང། ། ཨོཾ་མ་ཧཱཀྲོ་དྷེ་ཧཱུཾ་མ་ཧཱ་བ་ལ་ཧཱུཾ། སྔགས་དེ་བརྗོད་པས་སྐུ་རུ་གྱུར།། དབུ་གསུམ་ཕྱག་དྲུག་རྒྱན་དང་ལྡན།། གཡས་པ་དཀར་ལ་གཡོན་པ་དམར།། དབུས་མ་དུད་ཁ་ལྟ་བུ་སྟེ།། གཡས་གཡོན་རྡོ་རྗེ་བན་དྷའོ། ། བར་མ་ཐོ་བ་ལྕགས་ཀྱུའོ།། མཐའ་མ་འདུལ་བའི་རྒྱ་ལྕགས་བསྣམས།། ཐུགས་ཁའི་ཧཱུཾ་ལས་འབར་བསྐྱེད།། སྒྲའམ་གྲིབ་མའི་ཚུལ་དུ་བསམ།། དེ་ལྟར་ཡོངས་སུ་རྫོགས་པ་དང། ཡེ་ཤེས་སེམས་དཔའ་གསལ་བར་བྱ། ། ཏིང་འཛིན་སེམས་ལས་འོད་འཕྲོས་པས།། ཕྱོགས་བཅུའི་རྒྱལ་བ་སྤྱན་དྲངས་ཏེ།། བདག་གི་ཐད་དུ་བཞུགས་པར་བཏག། དེ་ལ་བསྐོར་བ་ལན་གསུམ་བྱ།། ཕྱི་ནང་གསང་བའི་མཆོད་པས་མཆོད། ། དེ་རྗེས་དབང་རྣམས་ཚང་བར་ནོད།། དེ་ནས་རང་བཞིན་གནས་སུ་གཤེགས།། ཐབས་དང་ཤེས་རབ་ཁྱད་པར་ལས།། འཁོར་གྱི་དཀྱིལ་འཁོར་གསལ་བསྐྱེད་ལ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དུད། ། ཀ་ར་བཱི་རའི་ཕུར་བུའོ།། སྦྲུལ་རྒྱས་ཕུང་པོ་བདུན་ལ་བཞུགས།། ས་བོན་རྣམས་ཀྱིས་རྣམ་པར་མཚན།། སྒོ་བཞི་ཞབས་ལས་དེ་བཞིན་ཡིན།། ཡབ་ཡུམ་ཐབས་དང་ཤེས་རབ་ལས།། བསྐྱེད་པའི་སྔགས་ཀྱིས་རབ་བསྐུལ་བས། ། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལོ།། རྡོ་རྗེ་གཡབ་མོས་གཡབས་ནས་ནི།། ཡེ་ཤེས་དཀྱིལ་འཁོར་སྤྱན་ཡང་དྲང།། དགུག་དག་གཞུག་དང་བསྟིམ་པ་དང།། བསྟན་པར་བྱས་ལ་མཆོད་རྫོགས་བྱའོ། ། བསྟོད་པ་བྱས་ལ་བཟླས་པར་འཇུག། སྙིང་ཁའི་ཧཱུཾ་ལས་འོས་འཕྲོས་པས།། འོག་གི་ཀླུ་རྣམས་བཀུག་ནས་ནི།། བདག་གི་ཞབས་འོག་ཚུད་པར་སྒོམ།། དེ་ལ་བཟླས་པའི་སྙིང་པོ་འདིའོ། ། ཨོཾ་སྥོཊ་སྥོཊ་ཡ་ནཱ་ག་ཏན་ཕཊ། ནན་ནཱ་ག་དུན་དུན་དྷི་ཡང་ཕཊ། དེ་ལྟར་སྔགས་འདི་ཁྲི་ཕྲག་གཅིག། རབ་ཏུ་དྲག་པར་བཟླས་ན་ནི།། ཀླུ་རྣམས་རབ་ཏུ་སྐྲག་འགྱུར་ཏེ།། ཆར་གྱི་རྒྱུན་རྣམས་འབེབ་པར་བརྟག། དེ་ཡི་མཚན་མ་བསྟན་པ་ནི།། ཉམ་ཐག་འོ་འདོད་འབོད་པའམ།། སྦལ་ལྕོང་རྣམ་པ་མཐོང་བ་ན།།། དེ་ནས་ལས་ལ་སྦྱར་བར་བྱའོ།། ཆུ་མིག་གཉན་པོའི་ཁར་སོང་ལ།། ཀླུ་སྨན་སྣ་ཚོགས་གཏོར་མ་བཤམས། ། དེ་ལ་བ་མར་འོ་མ་སྦྲཻང།། ཧཱུཾ། སྟོན་པ་ང་ཡི་བཀའ་བསྒོ་ཡི།། ཀླུ་ཆེན་བརྒྱད་ལ་སོགས་པ་ཡིས།། བ་སུ་རིགས་དྲུག་འདིར་འདུས་ཤིར། སོ་སོའི་གནས་ནས་བསྐུལ་བར་བསམ།། བདག་གི་ཐད་ན་འདུག་ནས་ནི། ། ཇི་ལྟར་བགྱི་ཞེས་ཟེར་བར་བརྟག། ང་ཡི་གཏོར་མ་འདི་ལོང་ལ།། སེམས་ཅན་ཚ་བས་གདུངས་པ་ལ།། ཆར་པའི་རྒྱུན་ནི་དབབ་ཏུ་གསོལ།། གཏོར་སྔོས་ཚིགས་བཅད་འདི་ཡང་བརྗོད།། གལ་ཏེ་ཆར་པ་མི་འབེབས་ན། ། ཀ་ར་བ་ཡི་རྒྱ་ལྕགས་ཀྱིས།། གཟུགས་ཕུང་ཐལ་བ་བཞིན་དུ་ནི།། བརླག་པར་འགྱུར་བར་གདོན་མི་ཟ།། ནཱ་ག་ཙིཏྟ་ས་མ་ཡ་སྟཾ།། སྔགས་དེས་ནན་ལ་བོར་བ་ཡིས།། ཆར་པའི་རྒྱུན་རྣམས་ངེས་པར་འབེབས། ། གལ་ཏེ་ཆར་ལ་མི་སྟེར་ན།། དུར་ཁྲོད་རས་མ་བླངས་ནས་སུ།། རང་བྱུང་མེ་ཏོག་སེར་བུས་བྱུག། ལྡོང་རོས་སེར་པོས་འཁོར་ལོ་བྲི།། ཞལ་གཅིག་ཕྱག་ཀྱང་གཉིས་པ་སྟེ།། གཡས་པ་རྡོ་རྗེ་གཡོན་རྒྱ་ལྕག། གདུག་སྔགས་བཟླས་ཤིང་ཀླུ་ལ་བྲབ།། འཁོར་ལོ་རྩིབས་ལ་སྔགས་འདིའོ།། དང་པོ་པོ་ཏ་ཐམ་ཕཊ།། དེ་ལྟར་ཡི་གེ་བརྒྱད་པོ་ཡི།། འོག་གི་འཁོར་ལོའི་ཡི་གེ་བསྐུལ།། འོག་གི་འཁོར་ལོ་འདབ་བརྒྱད་དབུས། ། ཀླུ་གཟུགས་དབུ་གསུམ་སྦྲུལ་མགོ་དྲུག། གཡས་པ་ཨུཏྤལ་གཡོན་པ་པད།། འཁོར་ལོ་པདྨའི་རྩིབས་དག་ལ།། ནན་གྱིས་མགོ་བྱས་ཕཊ་དཀྱིལ་མཇུག། དེ་ལྟར་ཡི་གེ་བཅུ་དྲུག་དང།། རང་སྙིང་ས་བོན་དེ་རྣམས་ཀྱིས། ། འོད་ཀྱིས་ཀླུ་རྣམས་སྲེགས་པར་བསམ།། དང་པོས་དགུག་དང་བར་མས་བསྟིམ།། ཐ་མས་གཟིར་ཏེ་ལྕག་གིས་བྲབ།། དེ་ལྟར་བྱས་ལ་ཀླུ་རྣམས་ཀུན།། ཤིན་ཏུ་སྐྲག་ཅིག་སྔངས་འགྱུར་ཏེ། ། རྒྱ་མཚོ་རླབས་ནས་ཆར་གྱི་རྒྱུན།། ཤིན་ཏུ་བརླབས་ནས་འབེབསཔར་བྱེད།། དེ་ཡིས་འོང་བར་གདོན་མི་ཟ།། གཏོར་མ་བསྔོས་ལ་འཁོར་ལོ་བཀྲུ།། བ་དམར་རྭ་དཀར་མོ་ཡི་འོ་མས་སོ།། ཀླུ་སྨན་རྣམས་ཀྱིས་ཀླུ་རྣམས་གསོ། ། གལ་ཏེ་ཆར་པ་ཆེས་འགྱུར་ན།། འཁོར་ལོ་སྟེང་མའི་སྟེང་འདུག་ལ།། འོག་མའི་སྔགས་རྣམས་མཇུག་ནས་ཀློག། སྔགས་དེས་ཆར་པ་ཆད་པར་འགྱུར།། བསྲུང་བ་བྱས་ལ་རང་ལྟ་ཉིད།། གསལ་བའི་དཀྱིལ་འཁོར་དེ་ཉིད་ལྟ། ། འདི་ནི་དཀྱིལ་འཁོར་ཞེས་བྱའོ།། དྲག་པོའི་དཀྱིལ་འཁོར་རབ་གསལ་འབར།། རྒྱན་དང་རོལ་མོ་དཔག་བསམ་ཤིང།། འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན།། རྒྱལ་མཚན་ལ་སོགས་རྒྱན་རྣམས་ཀྱིས། ། གསང་བའི་དཀྱིལ་འཁོར་ཀུན་ལ་བརྒྱན།། ལས་འདི་ཀུན་གྱི་མཆོག་དམ་པ།། རྣལ་འབྱོར་དམ་པས་ཉམས་བླངས་པས།། ལས་གང་བྱ་བ་ཐོགས་མེད་པ།། ཏིང་འཛིན་ལྡན་པའི་མི་རྣམས་ཀྱིས། ། བྱས་ལ་འབྲས་བུ་ཡོད་ཅེས་བྱའོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། ཁྲོ་བོ་སོ་སོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། བསྐོར་བ་ལན་གསུམ་བྱས་ནས་ནི།། ཨེ་མ་ཧོ་ཡ་མཚན་མཆོག་མངའ་བ།། སྐུ་གསུང་ཐུགས་ཀྱི་མངའ་བདག་གཙོ།། སངས་རྒྱས་ཀུན་གྱི་ཡབ་ཆེན་པོ། ། ཁམས་གསུམ་སེམས་ཅན་མ་རྣམས་ལ།། དཀྱིལ་འཁོར་རྣམས་ཀྱང་གསུངས་ལགས་ན།། འདི་ཡི་སྐུ་མདོག་ཇི་ལྟར་ལགས།། སྤྱི་དང་སོ་སོའི་མཚན་ཉིད་ནི།། ཕྱག་མཚན་རྣམས་ནི་ཇི་ལྟར་ལགས། ། སོ་སོའི་ཁྱད་པར་ཇི་ལྟར་མཆིས།། ཀཱི་ལ་ཡ་ཡིས་བཤད་དུ་གསོལ།། དེ་སྐད་ཅེས་ནི་ཞུས་པ་དང།། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུའི་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་ཉམས་སུ་བླངས་པ་ལ།། སྐུ་མདོག་རྣམས་ནི་ཤིན་ཏུ་གཅེས། དེ་བས་ང་ཡིས་བསྟན་པར་བྱ།། དང་པོ་སྤྱིད་ཡི་དཀྱིལ་འཁོར་གྱི།། ཁ་དོག་རྣམས་ཀྱང་འདི་ལྟ་སྟེ།། ཁྲོ་བོ་ཧཱུཾ་ཆེན་ཀ་ར་ནི། ། དབུ་གསུམ་ཕྱག་ཀྱང་དྲུག་པ་སྟེ།། ཞབས་ནི་རྣམ་པ་བཞི་རུ་བགྲད།། དབུས་སྔོ་གཡས་དཀར་གཡོན་པ་དམར།། གཡས་གཡོན་དང་པོ་རྡོ་རྗེ་ཅན།། བར་མ་གཉིས་ན་མདའ་གཞུ་འགེངས།། ཐ་མ་གཉིས་ན་ཕུར་པ་འདྲིལ། ། ཐོད་པ་སྐམ་རློན་འཕྲེང་བས་བརྒྱན།། སྟག་ལྤགས་གཡང་གཞིའི་ཤམ་ཐབས་ཅན།། གླང་ཆེན་ཀོ་རློན་ན་བཟའ་གསོལ།། སྦྲུལ་གྱི་ཆུན་པོས་མདོ་བཞིར་བརྒྱན།། ཞིང་གི་གཡང་གཞི་ཡབས་བསྐོར།། ཁྲོ་མོའི་སྐུ་ཡང་དེ་བཞིན་ལ། ། ཁྱད་པར་གཡས་དང་དྲིལ་བུ་སྟེ།། ཐམས་ཅད་དེ་བཞིན་ཤེས་པར་བྱ།། རྣམ་རྒྱལ་དབུ་གསུམ་ཕྱག་དྲུག་སྟེ།། དབུས་དཀར་གཡས་སྔོ་གཡོན་པ་ལྗང།། གཡས་པ་རྡོ་རྗེ་གཡོན་འཁོར་ལོ། ། དབྱུག་ཐོ་དབུས་སྔོ་གཡས་དཀར་གཡོན་པདྨར།། རྩ་བའི་ལས་ནི་སྔོ་སྐྱ་ལ།། གཡས་པ་དབྱུག་ཐོ་རིན་ཆེན་ཅན།། གཡོན་པ་མེ་ཡི་ཕུང་པོའོ།། གཤེད་པོ་གཡས་པ་སྔོ་སྐྱ་སྟེ།། གཡོན་པ་ལྗང་ལ་ནག་པར་སྣང། ། དབུ་མའི་ཞལ་ནི་ནམ་མཁའ་འདྲ། གཡས་ན་དབྱུག་པ་མི་མགོ་ཅན།། གཡོན་ན་དགྲ་སྟ་བསྣམས་པའོ།། མི་གཡོ་མགོན་པོ་གཡས་སྔོ་སྟེ།། དབུས་ལྗང་གཡོན་པ་སྨུག་ནག་ཡིན།། གཡས་པ་རྡོ་རྗེ་བསྣམས་པ་སྟེ། ། གཡོན་པ་ཞགས་པ་བསྣམས་པའོ།། རྟ་མགྲིན་དབུས་དམར་གཡས་གཡས་པ་དཀར།། གཡོན་པ་སྔོ་བའི་མདོག་ཏུ་སྣང།། གཡས་པ་རལ་གྲི་བསྣམས་པ་སྟེ།། གཡོན་པ་སྦྲུལ་གྱི་ཞགས་པའོ། ། གཞན་གྱིས་མི་ཐུབ་གཡས་པ་སེར།། གཡོན་པ་ལྗང་ལ་དབུས་དམར་སྐྱ།། གཡས་པ་བན་དྷ་རཀྟས་བཀང།། གཡོན་པ་བསིལ་པའི་རྔ་ཡབ་བོ།། བདུད་རྩི་འཁྱིལ་བ་དབུས་ལྗང་ནག། གཡས་སེར་གཡོན་པ་དུད་ཁའོ། ། གཡས་པ་རྡོ་རྗེ་རྒྱ་གྲམ་གནོན།། གཡོན་པ་རིན་ཆེན་དབྱུག་པའོ།། ཁམས་གསུམ་རྣམ་རྒྱལ་གཡས་པ་དཀར།། གཡོན་ལྗང་དབུས་མ་སེར་པོའོ།། གཡས་པ་འཁོར་ལོ་འབར་བ་བསྣམས།། གཡོན་པ་མདའ་གཞུ་བ་ཟོར་བའི་ཐབས། ། སྟོབས་ཆེན་གཡས་ནག་གཡོན་པ་དམར།། དབུས་མ་དུང་ཀར་སྣང་བའོ།། གཡས་པ་ན་ནི་མུ་སྟེགས་བསྣམས།། གཡོན་ན་རྡོ་རྗེ་ཐོ་བའོ།། ཁྲོས་པའི་རྒྱལ་པོ་དེ་དག་གི། དང་པོ་ཕྱག་གཉིས་རྡོ་རྗེ་དང། ། གཡོན་ན་བནྡྷ་ཀུན་ལ་ལྡན།། མཐའ་གཉིས་ཕུར་འདྲིལ་ཡིན་པ་ནི།། དེ་དག་ཀུན་ཀྱང་ལྡན་པར་བཤད།། སྤྲུལ་པ་ལྕམ་དྲལ་སྐུ་མདོག་ནི།། ཕག་གི་མགོ་ཅན་ཀར་བ་ཡིན།། དམིགས་བུ་མགོ་ཅན་དམར་པོའོ། ། གཡས་གཉིས་མདའ་དང་གཞུ་བསྣམས་ལ།། གཡོན་གཉིས་ཕུར་པ་བསྣམས་པའོ།། སྟག་གི་མགོ་ཅན་སྔོབས་ཏེ།། བྱ་རྒོད་མགོ་ཅན་ལྗང་ཁུའོ།། གཡས་གཉིས་རྡོ་རྗེ་འཁོར་ལོ་སྟེ།། གཡོན་པ་ཕུར་བསྣམས་ཀུན་ལ་བཤད། ། གཡག་གི་མགོ་ཅན་དཀར་བ་སྟེ།། བྱ་རོག་མགོ་ཅན་དམར་བའོ།། གཡས་གཉིས་དབྱུག་པ་མེ་དབལ་བསྣམས།། ཤ་བའི་མདོ་ཅན་སྔོ་སྐྱ་སྟེ།། འུག་པའི་མགོ་ཅན་ལྗག་ནག་གོ། གཡས་གཉིས་དབྱུག་པ་དགྲ་སྟའོ། ། གཟིག་གི་མགོ་ཅན་སྔོན་པོ་ཡིན།། ཁྲ་ཡི་མགོ་ཅན་སྨུག་ནག་གོ། གཡས་གཉིས་རྡོ་རྗེ་ཞགས་པའོ།། བྱི་བའི་མགོ་ཅན་དཀར་བ་སྟེ།། པུ་ཤུད་མགོ་ཅན་སྔོ་བའོ།། གཡས་གཉིས་རལ་གྲི་སྦྲུལ་ཞགས་སོ། ། སྤྱང་ཁུའི་མགོ་ཅན་སེར་པོ་ཡིན།། ཁྲ་ཡི་མགོ་ཅན་ལྗང་ཁུའོ།། གཡས་གཉི་ས་བྷན་དྷ་རྔ་ཡབ་བོ།། སེང་གེའི་མགོ་ཅན་གསེར་པོ་སྟེ།། ཕ་ཝང་མགོ་ཅན་དུད་ཁའོ།། གཡས་གཉིས་རྒྱ་གྲམ་རིན་ཆེན་དབྱུག། དོམ་གྱི་མགོ་ཅན་དཀར་བ་ཡིན།། ཟེར་མོའི་མགོ་ཅན་ལྗང་ཁུའོ།། གཡས་གཉིས་འཁོར་ལོ་མདའ་གཞུའོ།། དྲེད་ཀྱི་མགོ་ཅན་ནག་པ་སྟེ།། བྱི་བའི་མགོ་ཅན་དམར་བའོ།། གཡས་གཉིས་ཞགས་པ་ཐོ་བའོ། ། ཤར་དུ་པུ་ཤུད་མགོ་ཅན་ནི།། སྐུ་མདོག་མཐིང་ནག་འབར་བ་ལ།། ཕྱག་གཉིས་ལྕགས་ཀྱུ་བསྣམས་པའོ།། ལྷོ་རུ་སྐྱེ་ཀའི་མགོ་ཅན་ནི།། སྐུ་མདོག་སེར་པོ་འོད་དང་བཅས།། ཕྱག་གཉིས་ཞགས་པ་བསྣམས་པའོ། ། ནུབ་ཏུ་སྲིན་བྱའི་མགོ་ཅན་ནི།། སྐུ་མདོག་དམར་ལ་ནག་པ་སྟེ།། ཕྱག་གཉིས་ལྕགས་སྒྲོག་བསྣམས་པའོ།། བྱང་དུ་ཁྲ་ཡི་མགོ་ཅན་ནི།། སྐུ་མདོག་ལྗང་ནག་འབར་བ་ལ།། ཕྱག་གཉིས་དྲིལ་བུའི་ཁྲོལ་བར་སྣང། ། བཛྲ་བ་ར་བེ་དང་ནི།། བཛྲ་ཡག་ཤ་ཏ་ཞེས་པ།། ཤར་དང་ལྷོ་རུ་གདོན་བསྐྱེད་པའི།། བཛྲ་ཨ་མྲྀ་ཏ་དང་ནི།། བཛྲ་མར་ན་ཞེས་པ།། ནུབ་དང་བྱང་དུ་དེ་བཞིན་ནོ།། དེ་ནི་སྤྱི་ཡི་དཀྱིལ་འཁོར་ཡིན། ། སོ་སོའི་དཀྱིལ་འཁོར་ཁ་དོག་ནི།། དཀར་དང་དམར་དང་སེར་དང་ལྗང།། གནག་དང་སྔོན་ག་དེ་བཞིན་ཏེ།། སོ་སོའི་རིགས་ལས་ཤེས་པར་བྱ།། ཕྱག་འཚན་རིམ་པ་བསྟན་པ་ནི།། ལས་ཐབས་རིམ་པའི་སྐབས་སུ་ནི། ། མི་འདྲ་རང་དེ་ཉིད་ལས་ནི།། སྐབས་བརྟག་ཅིང་ཤེས་པར་བྱ།། ཁ་དོག་རྣམས་ཀྱང་དེ་བཞིན་ནོ།། སྤྱིར་ནི་རྣལ་འབྱོར་སེམས་སྦྱར་ཐབས།། ཁ་དོག་མི་འགྱུར་གནས་པའང་མེད།། ཕྱག་མཚན་མི་འགྱུར་གནས་པའང་མེད། ། དཀྱིལ་འཁོར་བདག་པོ་མ་གྲུབ་བསྟན།། ཁ་དོག་ཕྱག་མཚན་ངེས་པ་མེད།། དེ་ལྟར་རྒྱལ་བ་རྣམས་ཀྱིས་གསུངས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། ། ཁ་དོག་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། འདི་སྐད་ཅེས་ནི་གསོལ་བ་བཏབ།། ཨེ་མའོ་གསང་བའི་རང་བཞིན་ཅན། ། གཉིས་མེད་ཁྱེད་ལ་ཕྱག་འཚལ་འདུད།། ཨེ་མའོ་ཡེ་ཤེས་དམ་པའི་མཆོག། གཙོ་ཆེན་ཁྱེད་ལ་ཕྱག་འཚལ་འདུད།། ཨེ་མའོ་དྲི་མེད་དོན་ལྡན་བདག།། བདུད་རྩི་མཆོག་ཆེན་ཁྱོད་ལ་འདུད།། རྣལ་འབྱོར་ལས་ལ་སྦྱོར་བ་ལ། ། འདི་ལ་ཕྱག་རྒྱ་མི་འཚལ་ལམ།། འདི་ཡི་ཕྱག་རྒྱ་ཇི་ལྟར་བཅའ།། དེ་ཡི་ཕན་ཡོན་ཅི་དང་ལྡན།། གཉིས་མེད་དཔའ་བོས་བཤད་དུ་གསོལ།། དེ་སྐད་དཔའ་བོས་ཡང་དག་ཞུས།། བཅོམ་ལྡན་བཛྲ་ཀཱི་ལ་ཡས། ། ཀརྨ་ཧེ་རུ་ཀའི་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་ལས་ལ་སྦྱོར་བ་ལ།། དེ་དུས་ཕྱག་རྒྱ་ཤིན་ཏུ་གཅེས།། དེ་བས་ཁྱེད་ཀྱིས་ཞུས་པ་ལེགས།། ང་ཡིས་བསྟན་པ་བཞིན་དུ་གྱིས། ། ཁྲག་འཐུང་གཙོ་བོའི་ཕྱག་རྒྱ་ནི།། ཁྲོས་པའི་སྟབས་སུ་གནས་ནས་བྱ།། ལག་གཡས་རྡོ་རྗེ་ཕྱར་ནས་ནི།། གཡོན་པ་ཕུར་པ་གཟིར་ཐོབ་འཛིན།། ཞབས་གཉིས་བགྲད་པའི་ཚུལ་དུ་གནས། ། འདི་ནི་ཁྲག་འཐུང་རྒྱལ་པོ་ཡིན།། ཕྱག་རྒྱ་འདི་ནི་རབ་བཅིངས་ཏེ།། ཁྲོས་པའི་སེམས་ཀྱིས་གནས་བྱས་ནས།། གང་ལ་དམིགས་པ་དེ་གཏད་དེ།། དྲག་པོའི་སྔགས་ནི་བརྗོད་གྱུར་ན།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང། ། བརྒྱལ་བར་འདོད་ན་བརྒྱལ་བར་འགྱུར།། འཆི་བར་འདོད་པར་གྱུར་ན་ནི།། རྡོ་རྗེ་གདན་ལ་འགྲོ་ངེས་ན། ཁམས་གསུམ་གནས་པའི་གདུག་ཅན་རྣམས།། སྨོས་ཅི་དགོས་དེ་ཉིད་ཡིན།། ཁྲོ་མོའི་སྟེངས་སུ་གནས་བྱ་སྟེ། ། གཡས་པ་ཐབས་གཙོ་ལ་འཁྱུད།། གཡོན་པ་དུང་ཁྲག་གཙོ་ལ་སྟོབ།། འདི་ནི་ཁྲོས་པའི་རྒྱལ་མོའི་རྒྱ།། ཡུམ་གྱི་ཕྱག་རྒྱ་འདི་བཅིངས་པས།། དུས་གསུམ་སངས་རྒྱས་ཐམས་ཅད་དང། ། གཉིས་མེད་བདེ་བས་རབ་མཉེས་ཏེ།། བདག་གི་དབང་དུ་འགྱུར་ངེས་ན།། ཁམས་གསུམ་སེམས་ཅན་སྨོས་ཅི་དགོས།། རྐང་གཉིས་མཐིལ་སྤྲད་ཐུར་དུ་བཙུགས།། གཡས་པ་སྟ་རེ་གྱེན་དུ་འདེབས། ། གཡོན་པ་ཕུར་པ་གཏོད་བའི་ཚུལ།། སྟ་ཟུར་བཅུ་ས་ནས་སྤྱན་ཟློག་བལྟས།། འདི་ནི་སྲས་མཆོག་ཕུར་པའི་རྒྱ།། རྒྱ་བཅིངས་སྔགས་བཟླས་གཏད་བྱས་ན།། རྡོ་རྗེ་འཛིན་པའང་འཆི་འགྱུར་ན།། ཁམས་གསུམ་གདུག་པ་སྨོས་ཅི་དགོས། ། ལག་པ་ཐལ་སྦྱར་སྤྱི་བོར་བསྒྲེང།། རྐང་པ་མཐིལ་སྤྲད་ཐུར་དུ་བཙུགས།། འགྱིང་ཞིང་རོལ་བའི་ཚུལ་དུ་སྣོན།། ཧཱུཾ་ཆེན་ཀ་རའི་ཕྱག་རྒྱ་ཡིས།། འགུགས་པར་འདོད་པའི་དུས་དེ་རུ། ། རྒྱ་བཅིངས་གཏད་ནས་སྔགས་བཟླས་པས།། དུས་གསུམ་སངས་རྒྱས་འགུགས་འགྱུར་བ།། རྒྱལ་པོ་ཁྲི་ཡི་འགུགས་པར་བྱེད།། བུ་མོ་བརྒྱ་རྩ་བརྒྱད་ཀྱིས་སོ།། ལག་གཡོན་མཛུབ་བསྒྲེང་སྙིང་ཁར་བཞག། གཡས་པ་མཛུབ་མོ་ལྕགས་ཀྱུས་བྱས།། སྤྱན་ནི་གྱེན་དུ་བཟློག་ནས་ལྟ།། གཡས་བརྐྱང་གཡོན་པ་བསྐུམ་པ་ནི།། རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན།། རྒྱ་བཅིངས་ལྔགས་བཟླས་དྲག་བཟླས་གཏད།། རླུང་གཅོད་ཆུ་འོང་ལྡོག་པར་འགྱུར། ། གང་ལ་གཏད་པ་དེ་ཟློགས་འགྱུར།། གཡོན་པ་ཁྲོ་རྩུབ་སྙིང་ཁར་བསྒྲེང།། གཡས་པ་རྩེ་གསུམ་འཕྱར་བའི་ཚུལ།། བརྡེག་པའི་ཚུལ་དུ་གནས་པ་དེ།། གཡོན་བརྐྱང་གཡས་པ་བསྐུམ་པ་དེ། དབྱུག་པ་སྔོན་པོའི་ཕྱག་རྒྱ་ཡིན།། སྔགས་གྲུབ་རྒྱ་བཅིངས་གཏད་པ་དེས།། རྡོ་རྗེ་བྲག་ཀྱང་འཇོམ་པར་ནུས།། གདུག་ཅན་ཕུང་པོ་བཤིག་པར་ལྷ། ལག་གཉིས་ཁུ་ཚུར་བཅས་པ་ལས།། གུང་མོ་གཉི་ནི་རྩེ་མོ་སྤྲད། ། རྡོ་རྗེ་རྩེ་གཅིག་ཚུལ་དུ་བྱ།། མཛུབ་མོ་རྒྱབ་ཀྱི་ཚིགས་དུ་དཀྲི། མཐེབ་གཉིས་གཞིབས་ཏེ་མདུན་དུ་བཞིག། ཁ་ཡི་ཚུལ་དུ་བྱ་བ་སྟེ།། གཤིན་རྗེའི་ཞབས་གཉིས་ལང་ནས་དགུག། གཤིན་རྗེ་གཤེད་པོའི་ཕྱག་རྒྱ་ཡིན། ། སྔགས་བཟླས་གྲུབ་ནས་རྒྱབ་ཅིང་གཏད།། དགུག་པ་རང་དབང་མེད་པར་འོང།། བསད་པའི་ལས་ལ་ལྷག་པར་འཇེབས།། དབྱེ་བར་འདོད་ན་སྐད་ཅིག་གིས།། འཐབ་པར་འདི་ལ་ཐེ་ཚོམ་མེད།། བསྐྲད་པས་འཇིག་པ་གཞན་དང་གཞན། ། རིགས་མི་གཅིག་པའི་གནས་སུ་འགྲོ། ལག་པ་གཉིས་ཀྱི་མཐེ་བོང་གིས།། སྲིན་ལག་མཐེའུ་ཆུང་སེན་མོས་མནན།། གུང་མོ་མཛུབ་མོ་གཤིབས་ཏེ་བརྒྱད།། རལ་གྲི་ཤུབས་ནས་འབྱིན་ལྟར་བྱ། ། རྐང་པ་གཡས་པ་རབ་བརྐྱང་ལ།། བརླ་ཡི་སྟེང་དུ་རལ་གྲོ་ནོན།། གཡོན་པ་བསྐུམ་པར་གནས་པ་ནི།། མི་གཡོ་མགོན་པོའི་ཕྱག་རྒྱ་ཡིན།། སྔགས་གྲུབ་རྒྱ་བཅིངས་གཏད་བྱས་ན།། ལྷ་ཀླུ་གནོད་སྦྱིན་མ་མོ་རྣམས། ། གང་བསྒོ་གནས་སུ་ཡུད་ཙམ་གྱིས།། རང་དབང་མེད་པར་འགྲོ་བར་འགྱུར།། བགེགས་ཀྱི་ཚོགས་རྣམས་སྐྲོད་དུས་སུ།། སྲིན་ལག་རྩེ་ལ་རི་ལུ་དགའ།། དེ་ཡི་ཕྱག་རྒྱ་བསྟན་ཙམ་གྱིས།། འཇིག་རྟེན་ཁམས་སུ་བྱེར་ཏེ་འགྲོ། ། ལག་གཉིས་སོར་མོ་ཁུ་ཙུར་བཅས།། མཐེའུ་ཆུང་གཉིས་ལུག་རྒྱུད་སྦྲེལ།། མཛུབ་མོ་གཉིས་གཞི་བས་བསྒྲེང་བྱས་ལ།། ལན་གསུམ་གཡས་ནས་མགོ་ལ་བསྐོར།། དཔྲལ་བའི་སྟེང་དུ་བཞག་པར་བྱ། ། གཡས་པའི་རྐང་པའི་སྒྱིད་ཁུང་སྒུལ།། གཡོན་པའི་རྐང་མཐིལ་གཙུགས་པ་ནི།། རྟ་མགྲིན་རྒྱལ་པོའི་ཕྱག་རྒྱ་ཡིན།། སྔགས་གྲུབ་དུས་སུ་རྒྱ་བཅིངས་ནས།། གང་འདོད་དུས་སུ་གཏད་བྱས་ན།། དུག་གི་ཟིན་པ་འཇོམས་པར་བྱེད། ། གནོད་སྦྱིན་མཐུ་པོ་ཆེ་རྣམས་ཀྱི།། གདུག་པའི་ལས་སེར་བཟློག་པར་འགྱུར།། སེམས་ཅན་ལས་ངན་སྒྲོལ་བར་བྱེད།། ལག་གཉིས་ཁུ་ཚུར་གཉིས་བཅངས་ནས།། རྒྱབ་སྤྲད་མཐེའུ་ཆུང་ལུ་གུ་རྒྱུད། ། མཛུབ་མོ་གཉིས་ནི་རྩེ་མོ་སྤྲད།། ཞགས་པ་ལྟ་བུར་བྱས་པ་དེ།། རྐང་པ་གཡས་པའི་མཐིལ་བཏེག་ལ།། བྲང་ལ་མ་རེག་སེར་མོའི་གཟུགས།། གཡོན་པ་དྲང་པོར་བྱས་པ་ནི།། གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན། ། གྲུབ་དུས་རྒྱ་བཅིངས་གཏད་བྱས་ནས།། བདེ་གཤེགས་སྲས་དང་བཅས་པ་རྣམད།། ལས་ལ་བསྐུལ་ཞིང་གནད་ལ་འབེབས།། བར་དུ་གཅོད་པའི་གདོན་རྣམས་དང།། མ་རུངས་པ་རྣམས་གནོན་པར་ནུས། ། ལག་པ་གཉིས་ཀྱིས་མཐེ་བོང་གིས།། མཐེའུ་ཆུང་གཉིས་སོར་མོས་མནན།། ལྷག་མ་གསུམ་ནི་བསྒྲེང་ནས་ནི།། ལག་པ་བསྣོལ་ཏེ་དཔུང་མ་གོར་བཞག་རྐང་པ་དྲང་པོར་བཞག་ནས་ནི།། བར་དུ་འདོམ་གང་རབ་བཞག་ལ། ། པུས་མོ་བག་ཙམ་བསྐུམ་པ་ནི།། བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཡིན།། གྲུབ་དུས་རྒྱ་གཏད་སྔགས་བཟླས་པས།། སངས་རྒྱས་གཞི་དང་བཅས་ནས་ནི།། སེམས་ཅན་དོན་ལ་རབ་ཏུ་གཤེགས།། བྱང་ཆུབ་སེམས་དཔའ་དམན་པ་རྣམས། ། སེམས་བསྐུལ་ས་ལས་ས་རུ་འགྲོ། གདུག་པའི་ཚོགས་རྣམས་གནས་ནས་བསྐྱོད།། བགེགས་ཆེན་མི་གནས་གཞན་དུ་འབྱེར།། ལག་པ་ཁུ་ཚུར་གཉིས་བཅངས་ཏེ།། མཛུབ་གཉིས་བསྒྲེངས་ཏེ་འཁྲིག་མ་བསྣོལ། ། རྐང་པ་གཡས་གཡོན་བགྲད་བྱས་པ།། ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིན།། གྲུབ་དུས་སྔགས་བཟླས་རྒྱ་གཏད་ན།། དུས་གསུམ་སངས་རྒྱ་གདན་ལས་འདྲེན།། ཁམས་གསུམ་གདུག་ཅན་སྨོས་ཅི་དགོས། ། གཡོན་པའི་ཁུ་ཚུར་སྙིང་ཁར་བཞག། གཡས་པའི་སྟ་རེ་ཕྱར་ནས་རྡེག། རྐང་པ་གཡས་པ་རབ་བརྐྱང་ནས།། གཡོན་པ་ཅུང་ཞིག་བསྐུམ་བྱས་ནས།། གཟུགས་པོ་བག་ཙམ་བཅུས་བྱས་ལ། ། སྟོབས་པོ་ཆེ་ཡི་ཕྱག་རྒྱ་ཡིན།། ཚ་བ་བྱུང་ན་བསིལ་བར་བྱེད།། ཆར་ཆེན་ཡང་གཅོད་པར་བྱེད།། སྒྲོལ་བའི་དུས་སུ་ཡིད་ཀྱིས་མཆོག། དེ་ཡིས་ལས་སུ་བྱ་བ་ལ།། སྐད་ཅིག་ཡུད་ཀྱིས་འགྲུབ་པར་འགྱུར། ། ཁྲོ་མོའི་སྟབས་སུ་གནས་ནས་སུ།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་དུང་ཁྲག་གཙོ་ལ་སྟོབ།། ཁྲོ་མོ་རྣམས་ཀྱིས་ཕྱག་རྒྱར་བཤད།། སྔགས་བཟླས་རྒྱ་བཅིང་གཏད་བྱས་ན།། གང་དང་གང་གི་ལས་རྣམས་ལ། ། ཐོགས་པ་མེད་པར་འབྱུང་བར་བྱེད།། ལག་གཉིས་རྟིང་པ་སྦྱར་བྱས་ནས།། གུང་མོ་རྩེ་སྤྲད་དྲག་ཏུ་དྲིལ།། འདི་ནི་ཕུར་པའི་དམ་ཚིག་རྒྱ།། གཡོན་པ་ཁུ་ཚུར་རབ་བཅངས་ནས།། ཕུར་བ་འདེབས་པའི་ཚུལ་དུ་བྱ། ། གཡས་པ་རྡོ་རྗེ་ཐོ་བས་བརྡེག། ཕུར་པ་འདེབས་པའི་ཕྱག་རྒྱ་ཡིན།། ལག་གཉིས་ཐལ་མོ་སྦྱར་ནས་ནི།། གུང་མོ་རྩེ་སྤྲད་མཐེའུ་ཆུང་བརྐྱང།། སྲིན་ལག་འཛུབ་མོ་རྒྱབ་བསྣོལ་ཏེ།། མཐེ་བོང་གཞིབས་ཏེ་རབ་ཏུ་དྲིལ། ། འདི་ནི་ཕུར་པ་འདྲིལ་བའི་རྒྱ།། མཐེབ་མཛུབ་གཉིས་ཀྱི་བར་དུ་བཅུག། གྱེན་དུ་གསོར་ལ་གཟུགས་ལ་བསྐུལ།། འདི་ནི་ཕུར་པ་གསོར་བའི་རྒྱ།། ལག་གཉིས་ཐལ་མོ་མཉམ་སྦྱར་ལ། ། ཕུར་པ་རབ་ཏུ་བཙུག་ལ་དྲིལ།། འདི་ནི་གཟི་བྱིན་སྐྱེས་པའི་རྒྱ།། ལག་གཉིས་ཐལ་མོ་མཉམ་པོར་སྦྱར།། སྟེང་དུ་རྩེ་མོ་གྱེན་ལ་བསྟན། མཐེ་བོང་སྲིན་ལག་གུང་མོ་གསུམ།། དབུས་སུ་ཕུར་བུ་བཙུག་ལ་དྲིལ། ། ཡེ་ཤེས་དབང་བའི་ཕྱག་རྒྱ་ཡིན།། ལག་པ་གཉིས་ནི་རྟིང་པ་སྤྲད།། སོར་མོ་ལག་མོ་ལྷག་མ་སོར་མོར་བྱ།། དྲི་མེད་རྟིང་པའི་བར་དུ་བཟུང།། བརྗོད་པའི་སྒྲ་སྐད་འབེབས་པའི་རྒྱ།། ལག་པ་སོར་མོ་རྒྱབ་བསྣོལ་བསྡམ། ། གུང་གཉིས་བསྒྲེང་ལ་ཕུར་པ་འདྲིལ།། འཇིགས་པའི་སྐུ་ནི་འབེབས་པའི་རྒྱ།། དེ་ཉིད་སོར་མོ་བསྡམས་པ་ལས།། མཐེ་བོང་དཀྱིལ་དུ་ཕུར་བ་གཞུག། ཅུང་ཞིག་བསྐྱོད་པར་བྱས་པས་ནི།། ཐུགས་ཀྱི་རྡོ་རྗེ་འབར་བའི་རྒྱ། ། ལག་པ་གཡོན་པ་རབ་བརྐྱང་ལ།། སྟེང་དུ་གུ་གུ་ལ་བཞག་ནས་ནི།། གཡས་པ་བརྐྱང་སྟེ་གདུགས་ལྟར་དགབ།། བར་དུ་ཧོ་གཞག་མེ་ཆེན་འབར།། དེ་ལ་གདུག་པ་བསྲེགས་བསམས་པ། ། གདུག་པ་དབུལ་བའི་ཕྱག་རྒྱ་ཡིན།། ལག་གཡོན་སོར་མོ་རབ་བརྐྱང་བསྡམ།། གཡས་པའི་སོར་མོ་བཀྱེ་ལ་དབབ།། ཉི་ཟླའི་ཚུལ་དུ་བྱས་ནས་ནི།། དེ་དབུས་ཉུངས་ཀར་རྒྱལ་པ་བཞག། ཕུར་པ་གཟི་བྱིན་བསྐྱེད་པའི་རྒྱ། ། ལག་གཉིས་ཁུ་ཚུར་གཉིས་བཅིངས་ནས།། རྒྱབ་སྤྲས་མཐེའི་ཆུང་གཉིས་འཁྱུད་ལ།། མཛུབ་གཉིས་རྒྱབ་སྤྲད་སྒྲེང་བྱས་ལ།། གཡས་པ་ལྕགས་ཀྱུ་ལྟར་བྱས་པ།། འདྲེན་པའི་ཕྱག་རྒྱ་ཡིན་པའོ།། ལག་གཉིས་སོར་མོ་སྒྲེང་ལ་བསྡམ། ། ཚིགས་བཀུག་ཟུར་བྱས་ནང་སྟོང་པ།། མཐེབ་གཉིས་གཞིབས་ནས་མདུན་བཞག་སྟེ། གཟིར་བའི་ཕྱག་རྒྱ་དམ་པའོ།། གཡོན་པ་ཁུ་ཚུར་ལེགས་བཅངས་ལ།། མཛུབ་མོའི་ལེགས་བསྒྲེང་སྐུ་རུ་བཞག། གཡས་པ་ཞགས་པ་འཕེན་པའི་ཚུལ།། རྐང་པ་བགྲད་པར་བྱ་བ་ནི།། ཡན་ལག་བཅིངས་པའཱིཿ་ཕྱག་རྒྱ་ཡིན།། ལག་གཉིས་སོར་མོ་རྒྱབ་ཏུ་བསྣོལ།། རབ་ཏུ་བརྐྱང་སྟེ་ཁས་སྤུབ་ལ།། གཟུགས་ལ་འབེབས་པའི་ཕྱག་རྒྱ་ཡིན། ། གཡས་གཡོན་སོར་མོ་བསྣོལ་ནས་བསྡམ།། གུང་གཉིས་གཞིབས་ནས་བར་དུ་ནི།། ཕུར་བཅུག་ཚེ་ལུང་ཆེན་པོ་རྒྱ།། གཡོན་པ་ཁུ་ཚུར་བཅངས་ནས་ནི།། མཛུབ་མོ་ལྕགས་ཀྱུ་ལྟར་བྱས་ལ། ། སྙིང་ནས་བཟུང་ནས་མི་བཏུབ་ཚུལ།། གཡས་པ་རལ་གྲུས་གཏུབ་པར་བྱ།། ཕུང་པོ་བཤིག་པའི་ཕྱག་རྒྱ་ཡིན།། གཡས་གཡོན་གཉིས་ནི་སོ་སོར་བཅངས།། གཡོན་པའི་སྟེག་དུ་གཡས་པ་བརྩེགས། ། སྤྱི་བོའི་སྟེང་དུ་བཞག་ནས་ནི།། གདུག་པ་བརྡུང་བའི་ཕྱག་རྒྱ་ཡིན།། གཡས་གཡོན་སོར་མོ་བསྣོལ་ཏེ་བརྐྱང།། མཐེ་བོང་མཐེའུ་ཆུང་གཞིབས་ལ་བསྒྲེང།། ལས་ཀྱིས་གདབ་པའི་ཕྱག་རྒྱ་ཡིན།། རྒྱ་བཅིངས་སྔགས་བཟླས་ཉི་ཤུ་གཅིག། མགོ་ལ་ཕྱག་རྒྱ་གཡོན་ནས་བསྐོར།། ཕུར་པའི་མགོ་ལ་གཏུག་པར་བྱ།། སུས་ཀྱང་མི་ཕྱིན་ཕྱག་རྒྱ་སྟེ།། སྐབས་ཀྱི་ཚེ་ལུང་ཆེན་པོས་བྱ།། ལག་པ་གཡས་གཡོན་བསྣོལ་ལ་བསྡམས། ། གུང་མོ་གཤིབས་ཏེ་བསྒྲེང་བྱས་ན།། ཕུར་པའི་མགོ་ལ་དེ་གཏུགས་ལ།། ཉི་ཤུ་རྩ་གཅིག་རབ་བཟླས་ན།། གཡོན་ནས་གཏད་བར་བྱས་པ་ནི།། ལྷའམ་ཀླུའམ་གནོད་སྦྱིན་ནམ།། མི་དང་མི་མ་ཡིན་ཡང་རུང། ། གང་ཡང་དམ་ལས་མི་འདའ་རྒྱ། གཡས་གཡོན་སོར་མོ་ནང་དུ་བསྣོལ།། མཐེ་བོང་མཐེའུ་ཆུང་རྩེ་སྤྲད་བསྒྲེང།། ནང་དུ་སོར་མོ་ལྷག་མ་བརྐྱང།། ཁ་ཡིས་ཕུབས་ཏེ་སྟེང་དུ་མནན།། ཉི་ཤུ་རྩ་གཅིག་སྔགས་བཟླས་ནས། ། བདག་གིས་ཇི་ལྟར་བསྒོ་བ་ཡིས།། བྲན་བཞིན་བཀའ་རྣམས་ཉན་པར་བྱེད།། སྟོབས་ཆེན་ལས་ཀྱི་ཕྱག་རྒྱ་ཡིན།། གཡས་གཡོན་སོར་མོ་རྒྱབ་སྤྲད་དེ།། མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ།། ཁ་འགྲམ་གཉིས་སུ་དགུ་པོར་བྱ། ། མཆེ་བའི་ཚུལ་དུ་བྱས་ནས་ནི།། རྐང་པ་གཡོན་པ་སྙིང་ཁར་ནི།། བགྲད་ནས་མནན་ལ་སྡང་མིག་ལྟ།། སྔགས་ནི་ལན་གསུམ་བཟླས་བྱས་ལ།། ཁོང་དྲལ་སྙིང་རྩ་གཅོད་པར་བསམ།། འདི་ནི་གསོད་པ་མཆེ་བའི་རྒྱ། ། གཡས་གཡོན་སོར་མོ་ལུ་གུ་རྒྱུད།། ནང་དུ་རབ་ཏུ་སྦྱར་ལ་བྱ།། མཐེ་བོང་གཡོན་པས་གཡས་པ་མནན།། མཛུབ་གཉིས་ནང་སྦྱར་སྒྲེང་བ་ནི།། རྡོ་རྗེ་བེ་ཚེན་ཆེན་པོས་བརྡེག། གསང་སྔགས་བདུན་ནས་ཉི་ཤུ་གཅིག། རབ་ཏུ་བཟླས་ལ་སྡང་མིག་ལྟ།། ཕུང་པོ་ཐལ་བར་འགྱུར་བ་སྟེ།། རྡོ་རྗེ་བེ་ཚེན་ཕྱག་རྒྱ་ཡིན།། ཉུངས་ཀར་རྒྱལ་པོས་བརྡེག་པ་དང།། གུ་གུ་ལ་དུད་པས་བདུག་བྱ་སྟེ།། རྒྱ་ནི་གོང་དུ་གསུངས་པས་བྱའོ། ། ལས་འདི་མ་གྲུབ་པར་དུ་ནི།། བརྟག་པར་བཞུགས་པར་གསོལ་བ་གདབ།། ཅུང་ཟད་བྱིན་ཆུང་འདྲ་བ་ན།། ཕུར་པའི་སྟེང་དུ་རི་རབ་བསྐྱེད།། རི་རབ་སྟེང་དུ་ཉིད་དཀྱིལ་འཁོར།། དེ་སྟེངས་ཧཱུཾ་ལས་རྒྱ་གྲམ་སྔོ། ། མེ་ལྕེ་འཕྲེང་བས་ལྟེ་བ་བསྐོར།། དེ་དབུས་ཉི་མའི་དཀྱིལ་འཁོར་ལ།། ཧཱུཾ་ལས་དོན་ཡོད་རྒྱལ་པོ་བསྐྱེད།། དབུ་གསུམ་ཕྱག་རྒྱ་སྐུ་ལྗང་ཡོད།། གཡས་པའི་དང་པོ་འཁོར་ལོ་འཕྱར།། གཡོན་པ་རྡོ་རྗེ་རྒྱ་གྲམ་ནི། ། ཐུགས་ཁར་བསྟན་པའི་ཚུལ་དུ་གནས།། ལྷག་མ་ལས་ཀྱི་རྡོ་རྗེ་ནི།། ཕྱག་འཚལ་གང་ཡིན་ཤེས་པར་བྱའོ།། འཁོར་ཡང་ཁྲོ་བོ་གདུག་པས་བསྐོར།། མེ་རི་སྨུག་ནག་འབར་བས་འཁྲིག། ཞལ་ནས་གདུག་པའི་སྔགས་ཀྱང་བཟློས། ། ཁྲོས་པས་སྟོབས་དང་ལྡན་པར་འགྱུར།། ལས་ཀྱི་རྡོ་རྗེས་གཟིར་བ་ཡིས།། ཤིན་ཏུ་མི་ཟུག་ཅིང་མི་ཕྱིན་བསམ།། འདི་ཡིས་ལས་འདི་མ་གྲུབ་པར།། བསྐལ་པའི་མཐར་ཡང་མ་བཏང་ཞིག་དེ་སྐད་ལས་རྣམས་བཅོལ་ལ་བཞག། ལག་པ་གཡོན་པ་བརྐྱང་ནས་ནི།། གཡས་པས་སྟེང་བཀབ་པ་པད་འདྲ་བ།། གཏོར་མ་བསྔོ་བའི་ཕྱག་རྒྱ་སྟེ།། བསྟབ་པ་དེ་བཞིན་གཤེགས་པར་བྱ།། ལག་པ་གཡས་གཡོན་འཁྲིག་མ་བསྣོལ། ། གུང་ལ་སོར་མོ་ཕྱི་མ་གསུམ།། རྡོ་རྗེ་འདྲ་བར་བྱས་ནས་ནི།། མནན་པའི་ཕྱག་རྒྱ་ཡིན་པར་བཤད།། མ་མོ་རྣམས་ཀྱི་ཕྱག་རྒྱ་ནི།། སྐབས་སུ་རང་རང་ཤེས་པར་གྱིས།། དེ་སྐད་དཔའ་བོས་ཡང་དག་བཤད། ། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས།། ཕྱག་རྒྱ་བསྟན་པའི་ལེའུ་སྟེ་བཅུ་ལྔ་པའོ།།།། དེ་ས་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ། ། ཕྱི་ནང་གསང་གསུམ་མཆོད་ཕུལ་ནས།། བདེ་ཆེན་གསོལབ་འདི་བཏབ་པོ།། ཨེ་མའོ་རྨད་བྱུང་ངོ་མཚར་ཆེ།། ཨེ་མའོ་རང་བཞིན་རྣམ་པར་དག། ཨེ་མའོ་ངོ་མཚར་རྨེད་ཀྱི་ཆོས།། ཕྱག་རྒྱ་རྣམས་ནི་གསུངས་ལགས་ན། ། རྣལ་འབྱོར་ཡིད་ཆེས་བྱ་བའི་ཕྱིར།། འདི་ཡི་རྣམ་དག་ཇི་ལྟར་ལགས།། གཞལ་ཡས་རྣམ་དག་ཇི་ལྟར་ལགས།། ལྷ་ཡི་རྣམ་དག་ཇི་ལྟར་ལགས། དག་པས་འབྲས་བུ་ཇི་ལྟ་བུ།། རྨད་དུ་བྱུང་བའི་ཆོས་འདི་ནི། ། ཁྲག་འཐུང་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ལས་ཀྱི་རྒྱལ་པོས་ཞུས།། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུའི་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། རྣལ་འབྱོར་པ་ནི་ཡིད་ཆེས་ཕྱིར། ། རྣམ་དག་དྲིས་པལེགས་སོ་ལེགས།། ང་ཡི་རྣམ་པར་དག་པ་རྣམས།། ཤིན་ཏུ་ལེགས་པར་ངས་བཤད་ཀྱིས།། ཉོན་ཅིག་ཀརྨ་ཀེརུཀ། ལྷ་ཡི་རྣམ་དག་བསྟན་པ་ནི།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི། ། རྣམ་ཤེས་ཚོགས་རྣམ་དག་པའོ།། ཁྲོ་ཆེན་རྒྱལ་པོ་ཧཱུཾ་ཀར།། འདོད་ཆགས་དབྱིངས་སུ་དག་པའོ།། ཁྲོ་ཆེན་རྒྱལ་པོ་རྣམ་རྒྱལ་ནི།། ངག་འཁྱལ་དབྱིངས་སུ་དག་པའོ།། ཁྲོ་ཆེན་རྒྱལ་པོ་དབྱུག་སྔོན་ནི།། རྫུན་སྨྲ་དབྱིངས་སུ་དག་པའོ། ། ཁྲོ་ཆེན་རྒྱལ་པོ་གཤིན་རྗེ་གཤེད།། སྲོག་གཅོད་དབྱིངས་སུ་དག་པའོ།། ཁྲོ་ཆེན་རྒྱལ་པོ་མི་གཡོ་མགོན།། ལོག་ལྟ་དབྱིངས་སུ་དག་པའོ།། ཁྲོ་ཆེན་རྒྱལ་པོ་རྟ་མགྲིན་ནི།། ཕྲ་མ་དབྱིངས་སུ་དག་པའོ། ། ཁྲོ་རྒྱལ་གཞན་མི་ཐུབ་པ་ནི།། མ་བྱིན་ལེན་པ་དབྱིངས་སུ་དག། རྣམ་པར་དག་པ་ཡིན་པར་བཤད།། ཁྲོ་བོ་རྒྱལ་པོ་བདུད་རྩི་འཁྱིལ།། ངག་རྩུབ་དབྱིངས་སུ་རྣམ་དག་པའོ།། ཁྲོ་ཆེན་རྒྱལ་པོ་ཁམས་གསུམ་རྒྱལ། ། གནོད་སེམས་དབྱིངས་སུ་དག་པའོ།། ཁྲོ་ཆེན་རྒྱལ་པོ་སྟོབས་ཆེན་ནི།། བརྣབ་སེམས་དབྱིངས་སུ་དག་པའོ།། དེ་རྣམས་ཀུན་གྱི་མཚན་ཉིད་དང།། དམིགས་པའི་ཡུལ་སུ་བཅས་པ་ཀུན།། དབྱིངས་སུ་རྣམད་དག་ཡུལ་རྣམས་སོ། ། འཕྲ་མེན་ཕག་གི་མགོ་ཅན་ནི།། མཉམ་ཉིད་དབྱིངས་སུ་རྣམ་པར་དག་པའོ།། འཕྲ་མེན་དམིགས་བུའི་མགོ་ཅན་ནི།། གཉིད་ཀྱི་མཚན་ཉིད་རྣམ་དག་པའོ།། འཕྲ་མེན་སྟག་གི་མགོ་ཅན་ནི། ། སེམས་དངོས་རྣམ་པར་དག་པའོ།། འཕྲ་མེན་བྱ་རྒོད་མགོ་ཅན་ནི།། སེམས་ཡུལ་རྣམ་པར་དག་པའོ།། འཕྲ་མེན་གཡག་གི་མགོ་ཅན་ནི།། འདུན་དངོས་རྣམ་པར་དག་པའོ།། འཕྲ་མེན་བྱ་རོག་མགོ་ཅན་ནི། ། འདུན་ཡུལ་རྣམ་པར་དག་པའོ།། འཕྲ་མེན་ཤ་བའི་མགོ་ཅན་ནི།། ཡིད་བྱེད་དབྱིངས་སུ་རྣམ་དག་པའོ།། འཕྲ་མེན་འུག་པའི་མགོ་ཅན་ནི་ཏིང་འཛིན་རྣམ་པར་དག་པའོ།། འཕྲ་མེན་ཁྲ་ཡི་མགོ་ཅན་ནི།། ཏིང་ཡུལ་དམིགས་པ་རྣམ་དག་པའོ། ། འཕྲ་མེན་བྱི་བའི་མགོ་ཅན་ནི།། དད་དངོས་དབྱིངས་སུ་རྣམ་དག་པའོ།། འཕྲ་མེན་པུ་ཤུད་མགོ་ཅན་ནི།། དད་ཡུལ་སྐྱེ་འབྱུང་རྣམ་དག་པའོ།། འཕྲ་མེད་སྤྱང་ཁུའི་མགོ་ཅན་ནི།། ཆོས་ཉིད་དབྱིངས་སུ་རྣ་མ་དག་པའོ། ། འཕྲ་མེན་གཟིགས་ཀྱི་མགོ་ཅན་ནི།། འཕྲ་མེན་ཁྲ་ཡི་མགོ་ཅན་ནི།། མོས་པ་འབྱུང་ཡུལ་རྣམ་དག་པའོ།། འཕྲ་མེན་སེང་གེའི་མགོ་ཅན་ནི།། དྲན་པ་དབྱིངས་སུ་རྣམ་དག་པའོ།། འཕྲ་མེན་ཕ་ཝང་མགོ་ཅན་ནི། ། དྲན་བསྐྱེད་ཡུལ་ཉིད་རྣམ་དག་པའོ།། འཕྲ་མེན་དོམ་གྱི་མགོ་ཅན་ནི།། བྱེད་ཉི་དབྱིངས་སུ་དག་པའོ།། འཕྲ་མེན་ཟེར་མོའི་མགོ་ཅན་ནི།། བྱེད་སྐྱེད་ཡུལ་ཉིད་རྣམ་དག་པའོ།། འཕྲ་མེན་དྲེས་ཀྱི་མགོ་ཅན་ནི། ། རིག་པ་དབྱིངས་སུ་དག་པའོ།། འཕྲ་མེན་བྱི་པའི་མགོ་ཅན་ནི།། རིག་བསྐྱེད་ཡུམ་ནི་རྣམ་དག་པའོ།། འཕྲ་མེན་པུ་ཤུད་མགོ་ཅན་ནི།། བྱམས་པ་རྣམ་པར་དག་པའོ།། འཕྲ་མེད་སྐྱེ་ཀའི་མགོ་ཅན་ནི། ། སྙིང་རྗེ་རྣམ་པར་དག་པའོ།། འཕྲ་མེན་སྲིན་བྱའི་མགོ་ཅན་ནི།། དགའ་བ་རྣམ་པར་དག་པའོ།། འཕྲ་མེན་ཁྲ་ཡི་མགོ་ཅན་ནི།། བཏང་སྙོམས་རྣམ་པར་དག་པའོ།། བདག་ཉིད་ཆེན་མོ་བཞི་རྣམས་ནི།། བདུད་བཞི་རྣམ་པར་དག་པའོ། ། ཤོན་མུ་ཀ་བཞི་རྣམས་ནི།། མཚོ་བཞི་དབྱིངས་སུ་དག་པའོ།། ལྷ་མོ་བཞིར་རུ་བྱུང་བ་ནི།། མཚོ་བཞི་ཡུལ་རྣམས་རྣམ་དག་པའོ།། དུར་ཁྲོད་མ་མོ་བརྒྱད་རྣམས་ནི།། དབང་པོ་རྣམ་གཉིས་རྣམ་དག་པའོ། ། སྤྲུལ་པའི་མ་མོ་བརྒྱད་རྣམས་ནི།། ཡུལ་རྣམས་རྣམ་པར་དག་པའོ།། གསོད་བྱེད་ཉི་ཤུ་རྩ་བརྒྱད་ནི།། མཆོད་རྟེན་རྣམ་པར་དག་པའོ།། ཐམས་ཅད་དབྱིངས་ལས་བཤད་པ་སྟེ།། བཅུད་རྣམས་རྣམ་པར་དག་པ་ཡིན། ། འདི་ནི་ལྷ་ཡི་རྣམ་དག་པའོ།། གཞལ་ཡས་རྣམ་པར་དག་པ་ནི།། ཡང་དག་ཉིད་དུ་ངས་བཤད་བྱ།། རྡོ་རྗེ་གུར་དུ་འབྱུང་བ་ནི།། ཕྱི་ཡི་བགེགས་ཀྱིས་མི་ཚུགས་རྟགས།། བཀའ་ཡི་འཁོར་ལོས་བརྒྱན་པ་ནི། ། ནང་གི་བདུད་ཀྱིས་མི་ཚུགས་རྟགས།། ཆོས་འབྱུང་ནང་དུ་གསལ་བ་ནི།། ཆོས་ཀྱི་དབྱིངས་ལས་བྱུང་བའི་རྟགས།། འབྱུང་བ་བཞི་པོ་རྙེད་པ་ནི།། ཡུམ་བཞི་མཁའ་ལ་རྙེད་པའི་རྟགས།། གཞལ་ཡས་གྲུ་བཞིར་བྱུང་བ་ནི། ། སེམས་ཅན་སངས་རྒྱས་ངང་ཉིད་དུ།། རྣམ་པར་དག་པའི་རྟགས་ཡིན་ནོ།། སྒོ་བཞིར་ཡང་དག་འབྱུང་བ་ནི།། དྲན་པ་ཉེ་བར་གཞག་པ་བཞི།། རྣམ་པར་དག་པའི་རྟགས་ཡིན་ནོ།། རྟ་བབས་བཞི་རུ་བྱུང་བ་ནི། ། ཡང་དག་སྤོང་བ་བཞི་རྣམས་ནི།། རྣམ་པར་དག་པའི་རྟགས་ཡིན་ནོ།། ཀབ་བརྒྱད་ཀྱིས་བརྒྱན་པ་ནི།། འཕགས་པའི་ལམ་ནི་ཡན་ལག་བརྒྱད།། རྣམ་པར་དག་པའི་རྟགས་ཡིན་ནོ།། ཐོད་པས་གུར་དུ་བྱས་པ་ནི། ། གཉིས་སུ་མེད་པའི་ཆོས་རྣམས་ཀྱིས།། འཁོར་ལོ་རབ་ཏུ་བསྐོར་བའོ།། དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ།། ཉོན་མོངས་ཆེ་ཆུང་རྣམ་དག་རྟགས།། རིན་ཆེན་ཕ་གུའི་རྩིག་པ་ནི།། ཚུལ་ཁྲིམས་རྣམ་པར་དག་པའི་རྟགས། ། འདོད་པའི་ལྷ་མོ་འཁྲིགས་པ་ནི།། གཟུགས་དང་སྒྲ་དང་དྲི་དང་རོ།། རེག་བྱ་རྣམས་ནི་རྣམ་དག་རྟགས།། སྒོ་བཞི་རྒྱལ་མཚན་བཞི་རྣམས་ནི།། རྣམ་རྟོག་དབྱིངས་སུ་དག་པའི་རྟགས།། ཟུར་བཞིའི་རྒྱལ་མཚན་བཞི་རྣམས་ནི། ། ཕྱི་ཡི་བདུད་རྣམས་དག་པའི་རྟགས།། ཞིང་གི་བླ་རེ་བྲེས་པ་ནི།། ཐབས་དང་ཤེས་རབ་དག་པའི་རྟགས།། ཞིང་གི་ལྷུ་སྡུམ་དུར་ཁྲོད་བརྒྱད།། གཞལ་ཡས་ཁང་ལ་བརྒྱན་པ་ནི། ། འདུ་ཞིང་འཕྲོ་བ་དག་པའི་རྟགས།། རིན་ཆེན་ལྔ་ཡི་རྩིག་པ་ནི།། ཉོན་མོངས་ལྔ་དང་ཡེ་ཤེས་ལྔ།། རྣམ་པར་དག་པའི་རྟགས་ཡིན་ནོ།། ནང་དུ་ཐོད་པས་བརྩིགས་པ་ནི།། ཐམས་ཅད་དབྱིངས་སུ་དག་པ་ཡི། ། རྟགས་ནི་དམ་པ་ཡིན་པར་བཤད།། ཞིང་གི་གདུང་མ་བཞི་རྣམས་ནི།། བདག་དང་ངར་འཛིན་རྣམ་དག་རྟགས།། རཀྟའི་ཞབས་ཆུ་འབབ་པ་ནི།། ཐུགས་རྗེ་དབྱིངས་སུ་དག་པའི་རྟགས།། གཞལ་ཡས་ཐོགས་ལ་བརྒྱན་བྱ་བ། ། གསང་བའི་དོན་དུ་གསུངས་པ་སྟེ།། རྡོ་རྗེ་གུར་དང་རིན་ཆེན་འདབ།། ཆོས་ཀྱི་འཁོར་ལོ་མི་མཐུན་པ།། འདུལ་བའི་དབང་གིས་བཀོད་པའི་རྟགས།། གདུགས་དང་ཕན་གྱིས་བརྒྱན་པ་ནི།། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ། ། ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ།། དབྱིངས་སུ་རྣམ་པར་དག་པའི་རྟགས།། རི་དགས་ཡ་ནས་བརྒྱན་པ་ནི།། བྱང་ཆུབ་སེམས་དཔས་འཁོར་ལོ་བསྐོར།། དབྱིངས་སུ་རྣམ་པར་དག་པའི་རྟགས། ། ཆོས་ཀྱི་འཁོར་ལོས་བརྒྱན་པ་ནི།། ས་བཅུའི་བྱང་ཆུབ་སེམས་དཔའ་ལ།། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ།། དབྱིངས་སུ་དག་པའི་རྟགས་ཡིན་ནོ།། འོབས་བདུན་ཞབས་ཀྱིས་བརྒྱན་པ་ནི།། བྱ་སྐད་སྣ་ཚོགས་འཆད་པ་སྟེ། ། དབྱིངས་སུ་དག་པའི་རྟགས་ཡིན་ནོ།། ཆེ་བའི་ཡོན་ཏན་ཀུན་རྫོགས་ནས།། སེམས་ཅན་དོན་ལ་དགོངས་པ་ཡི།། བྱང་ཆུབ་སེམས་ཀྱིས་ཡོངས་རྒྱས་ཏེ།། རྣམ་པར་དག་པའི་རྟགས་ཡིན་ནོ། ། དཔག་བསམ་ཤིང་བུས་བརྒྱན་པ་ནི།། ཁམས་གསུམ་གནས་པའི་སེམས་ཅན་ལ།། དང་པོ་བྱང་ཆུབ་མཆོག་སེམས་བསྐྱེད།། དབྱིངས་སུ་དག་པའི་རྟགས་ཡིན་ནོ།། མཚོ་ནང་ངང་པས་བརྒྱན་པ་ནི།། ཐུགས་རྗེས་སེམས་ཅན་དོན་རྣམས་ལ། ། ཡོངས་སུ་གཏོང་བ་རྣམ་དག་པའོ།། དེ་ནི་ཕྱི་ཡི་གཞལ་ཡས་ཁང།། རྣམ་པར་དག་པའི་གནས་ཞེས་བྱ་བའོ།། ནང་གི་གཞལ་ཡས་བསྟན་པ་ནི།། རྐང་པ་རླུང་གི་དཀྱིལ་འཁོར་ཏེ། ། ལྟེ་བའི་མཐའ་ནི་མེ་དཀྱིལ་འབར།། ལྟོ་བ་ཆུ་ཡི་དཀྱིལ་འཁོར་རོ།། རོ་སྟོད་ས་ཡི་དཀྱིལ་འཁོར་ཡིན།། མགོ་བོ་གཞལ་ཡས་རང་བཞིན་ནོ།། དེ་ཡི་ངན་གནས་པའི་གདན།། བཅུ་དྲུག་གསུམ་ཅུ་རྩ་གཉིས་ནི། ། ཐས་དང་ཤེས་རབ་ཚུལ་དུ་གནས།། བརྒྱད་ནི་དྲུག་ཅུ་རྩ་བཞི་ནི།། ཐབས་དང་ཤེས་རབ་ཚུལ་དུ་གནས།། ལྟེ་བའི་གདན་དུ་དྲུག་ཅུ་བཞི།། ཀུན་འབྱུང་སྒོ་དག་རྣམ་པར་ལྡན།། དེ་ཡི་དབུས་ན་བཞུགས་པའི་ལྷ། ། དྲི་མ་མེད་པ་ཨོཾ་བཞུགས་པས།། ཐམས་ཅད་བསྐྱེད་པའི་རང་བཞིན་ཅན།། ཁ་དོག་དཀར་པོ་ཐས་ཅད་བསྐུལ།། དེ་ལ་མཚན་ཉིད་བཞི་ཚང་སྟེ།། ཐམས་ཅད་བྲོད་པས་མཉམ་ཉིད་དེ། འབྲས་བུ་སོ་སོར་འདོད་པས་ན། ། སོ་སོར་རྟོགས་པ་ཞེས་སུ་འདོད།། སྣང་ལ་རང་བཞིན་མེད་གནས་པས།། མེ་ལོང་ལྟར་སྣང་ཡེ་ཤེས་ཏེ།། མི་དམིགས་ཆོས་ཀྱི་དབྱིངས་ཡེ་ཤེས།། དབུས་ཀྱི་ཤིང་རྩ་བཟུང་བ་སྟེ།། ལྟེ་བའི་མཐའ་ལ་གནས་ཞེས་བྱ། ། ས་ཡི་དབུས་སུ་གནས་པའི་གདན།། ཆོས་ཀྱི་འཁོར་ལོ་རྣམ་པ་བརྒྱད།། དེ་ཡི་ནང་ན་གནས་པའི་ལྷ།། ཁ་དོག་མཐིང་ཁ་ཡེ་ཧཱུཾ།། དབུས་ན་གནས་པའི་ལྷ་ཉིད་ཡིན།། ཐམས་ཅད་བསྐྱེད་པའི་བདེ་ཆེན་པོ། ། དེ་ཡི་འཁོར་ན་གནས་པའི་ལྷ།། ཡབ་ཡུམ་བརྒྱད་ཀྱི་རང་བཞིན་དེ།། ཡེ་ཤེས་བསྐྱེད་པའི་རང་བཞིན་ཡིན།། སྨྲ་བར་བྱེད་པའི་སྒྲོ་དགུ་བརྒྱན།། ཆོས་ཀྱི་གཞལ་ཡས་དམ་པས་བྱའོ།། མགྲིན་པའི་དབུས་ན་གདན་གནས་པ། ། པདྨ་འདབ་མ་བཅུ་དྲུག་གནས།། དེ་ཡི་དབུས་ན་གནས་པའི་ལྷ།། ཨོཾ་གྱི་རང་བཞིན་གནས་པ་དེ།། སྒོ་བཞི་འབྱུང་བ་བཞི་ཡིས་བརྒྱད།། ཡེ་ཤེས་ལྔ་ཡི་རང་བཞིན་ཅན།། སྐུ་གསུང་ཐུགས་ཀྱི་འདུད་པ་གསུམ། ། འདོད་ཆགས་ཞེ་སྡང་གཏི་མུག་གི། ཆགས་བྱེད་རང་བཞིན་རྣམ་པ་གསུམ།། དེ་ཡིས་རྣམ་དག་རང་བཞིན་མཛད།། བདེ་ཆེན་གནས་ན་གདན་རྣམས་ནི།། འཁོར་ལོ་རྩིབས་ནི་སུམ་ཅུ་གཉིས།། དེ་ཡི་དབུས་ན་གནས་པའི་ལྷ། ། སོ་སོའི་སྙིང་པོའི་རང་བཞིན་དེ།། གཙོག་ཟུངས་མི་ཤིགས་ཡི་གེ་ཧཱུཾ།། ཁ་དོག་བལྟས་ནས་སེམས་ཅན་དོན།། རྒྱ་ལག་ཆད་པས་མཛད་པའོ།། དེ་ཡི་འཁོར་ན་གནས་པའི་ལྷ།། ཨཱ་ལི་ཀཱི་ལི་ཐབས་དང་ཤེས། ། གཉིས་ཀྱིས་ཡོངས་སུ་བསྐོར་ནས་བཞུགས།། དེ་ཡི་ནང་གི་གཞལ་ཡས་ཁང།། དེ་ན་བཞུགས་ནས་སེམས་ཅན་དོན།། བྱེད་པར་འགྱུར་པ་འདི་ཡིན་ནོ།། རླུང་གི་དཀྱིལ་འཁོར་རབ་བསྐྱོད་པས། ། མེ་བསླང་འོད་དེས་ཨོཾ་ཞུ་སྟེ།། གཡས་ནས་ཞུགས་ནས་གཟུགས་བསྐུལ་བྱས།། གསེར་གྱི་སྒོ་ནས་མཐོན་པ་དེས།། ཕྱོགས་བཅུ་རྒྱལ་བའི་སེམས་དེ་དྲང།། སླར་ལ་སྟེང་གི་སྒོ་ནས་ཐིམ།། བཞི་པོ་སྤྲོས་ཏེ་གཡོན་ནས་ཞུགས། ། གསལ་བའི་དཀྱིལ་འཁོར་དེ་དག་ནི།། དབུ་མའི་ལམ་ཞུགས་བདེ་བ་ཆེ།། ཟླ་བ་ལ་འཚག་གཉིས་མེད་པ།། དེ་དེ་ཡང་དང་ཡང་དུ་ནི།། ཉམས་སུ་བླངས་ཏེ་དེ་བསྒོམས་ན། ། གཉིས་མེད་དཔའ་བོའི་ཐུགས་མཐོང་འགྱུར།། དེ་ལས་ཡེ་ཤེས་ལྷ་ཡི་སྐུ།། ཡོངས་སུ་གསལ་བའི་རང་བཞིན་ལྡ།། དེ་ལས་འོད་འཕྲོས་རིམ་པར་རགས་ལ།། འཇིག་རྟེན་གསུམ་ཡང་གསལ་བ་སྟེ།། སླར་འདུས་རིམ་པར་དག་བྱས་ནས། ། ཞབས་བསྐྱེད་ནང་ཁུགས་ཐིག་ལེའི་ནང།། སྤྲོས་མེད་དེ་ཉིད་ལ་བལྟ་བྱ།། དེས་ཀྱང་མི་དམིགས་ཡང་དག་འགྲུབ།། ཕྱི་ནང་ཐིག་ལེའི་རྣལ་འབྱོར་ཞེས།། རིམ་པ་དེ་ལ་བརྟགས་པ་ཡིན། ། གསང་བའི་གཞལ་ཡས་བསྟན་པ་ནི།། ཡེ་ནས་རང་འབྱུང་དམ་པ་སྟེ།། རྒྱན་དང་དཔག་བསམ་ཤིང་བུ་དང།། བླ་རི་མཆོག་དང་རང་བཞིན་གྲུབ།། སངས་རྒྱས་གཞལ་ཡས་དམ་པ་སྟེ།། ཐམས་ཅད་རྒྱན་རྣམས་ཀུན་གྱིས་བརྒྱན། ། སངས་རྒྱས་རོལ་མོ་དུས་མས་འཁྲིགས།། མཛེས་པའི་པདྨར་རང་བྱུང་གདན།། དེ་ནི་གསང་བའི་གཞལ་ཡས་ཡིན།། དེ་ཡི་དབུས་ན་བཞུགས་པའི་ལྷ།། གསང་བའི་དཀྱིལ་འཁོར་དམ་པ་སྟེ། ། འཕྲལ་དོད་པར་བརྟག་པར་བྱ།། དེ་ལ་སེམས་གཏད་མ་ཡེངས་པར།། ཡང་དང་ཡང་དུ་བྱ་བ་ཡིན།། སེམས་གནས་ནས་ནི་སྤྲོ་བར་བྱ།། གཅིག་གམ་ཡང་ན་རངས་པ་སྤྲོ།། འཇིག་རྟེན་ཁམས་ཀུན་གང་གྱུར་ནས། ། སླར་ལ་བསྡུ་ཞིང་ཡང་དང་ཡང།། སྤྲོ་ཞིང་བསྡུ་བ་བྱས་པས་ནི།། སེམས་བརྟན་གཞལ་དུ་མི་འགྱུར་བའོ།། དེ་ལས་ཡང་དང་ཡང་དུ་ནི།། འཕྲ་བའི་སེམས་ཀྱིས་བཟུང་གྱུར་ན།། མཇུག་ཏུ་དམིགས་པ་མེད་པར་འགྱུར། ། འདི་འདྲར་བདེ་བ་ཉམས་སུ་བླང།། སངས་རྒྱས་ཀུན་གྱི་མཛད་སྤྱོད་པས།། རྣལ་འབྱོར་དམ་པས་དེ་བདེ་བགྱི།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། རྣམ་པར་དག་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། བསྐོར་བ་ལན་སྟོང་བྱས་ནས་ནི།། འདི་སྐད་ཅེས་ནི་གསོལ་བ་བཏབ།། ཀྱེ་ཀྱེ་ཐབས་ཆེན་ཀུན་གྱི་བདག། སངས་རྒྱས་ཀུན་གྱི་སེམས་ཆེན་པོ།། སེམས་ཅན་ཀུན་གྱི་སྐྱབས་ཆེན་ལགས།། གཉིས་མེད་ཐུགས་རྗེ་ཅན་ལ་འདུད།། ཡིད་ཆེས་རྣམ་དག་གསུང་ལ་གདན།། སོ་སོའི་དཀྱིལ་འཁོར་གསུངས་པ་དེར། ། ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀུན།། རྒྱས་པར་བཅོམ་ལྡན་འདས་གསུངས་ན།། མ་མོ་རྣམས་ཀྱི་དཀྱིལ་འཁོར་རྣམས།། འདི་ལ་འཚལ་བ་གང་ལགས་སམ།། སོ་སོའི་དཀྱིལ་འཁོར་མ་འདྲེས་པར། ། གཉིས་མེད་དཔའ་བོས་བཤད་དུ་གསོལ།། དེ་སྐད་ཅེས་ནི་གསོལ་བ་དང།། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུ་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། སེམས་ཅན་གདུག་པ་བསྒྲལ་དོན་དུ། ། མ་མོའི་དཀྱིལ་འཁོར་ལྷག་པར་གཅེས།། ཁྱེད་ཀྱིས་ཞུས་པ་ལེགས་སོ་ལེགས།། མ་མོའི་དཀྱིལ་འཁོར་མི་བཟད་པ།། སོ་སོར་མ་འདྲེས་ངས་བཤད་ཀྱིས།། ཀརྨ་ཧེ་རུ་མ་ཡེངས་ཉོན།། དང་པོ་སྙིང་རྗེ་མངོན་གཞག་སྟེ། ། ལས་ཀྱི་གཞིམ་སྟོང་ཉིད་བསྒོམ།། དེ་ལས་ཏིང་འཛིན་རྣམ་པ་གཉིས།། གཞལ་ཡས་དམ་པ་གསལ་བྱས་ཏེ།། དེ་ཡི་དབྱིངས་ཀྱང་འདི་ལྟ་སྟེ།། དབུས་སུ་མཐིང་ནག་གྲུ་གསུམ་ལ།། ཐོད་པའི་འཕྲེང་བས་བསྐོར་བར་བྱ། ། གྲཝ་ལ་རྡོ་རྗེ་འཇིགས་བྱེད་བྲི།། དེ་ཡི་ཕྱི་རིམ་ཤར་ནས་ནི།། ལྷོ་ཡི་ཕྱོགས་སུ་ཐིག་ཀྱང་དྲང།། ལྷོ་ནས་ནུབ་ཏུ་དྲང་བར་བྱ།། ནུབ་ནས་བྱང་དུ་དྲང་བར་བྱ།། བྱང་ནས་ཤར་དུ་དྲང་བ་ཡིས། ། གྲུ་བཞི་མཛེས་པར་བྱུང་བཡིན།། དེ་ལ་རོ་ཡི་ཕུང་པོ་དགོད།། དེ་ཡི་སྙིང་གི་ར་གསུམ་ལ།། སོ་སོའི་སྐུ་རྣམས་གསལ་ལྟ་བ།། དབུས་ཀྱི་གྲུ་གསུམ་གདན་ལ་ནི།། ཁྲག་འཐུང་རྒྱལ་པོ་ཡབ་ཡུམ་བསྐྱེད།། ཤར་དུ་དཔལ་ལྡན་རེ་མ་ཏི། ། ས་བོན་ལས་ནི་བསྐྱེད་པར་བྱ།། རྫུ་འཕྲུལ་བོང་བུ་དྲེའུའི་སྟེ།། ཞལ་གཅིག་ཕྱག་ཀྱང་བཞི་པ་སྟེ།། གཡས་ཀྱི་དང་པོ་ཕྱག་ན་ནི།། རླུང་ནག་ནང་ནས་རལ་གྲི་འབྱིན།། གཉིས་པ་ཁྲག་གི་ལྕགས་ཀྱུ་འཛིན། ། གཡོན་པ་ཐོད་པ་ཁྲག་གིས་བཀང།། གཉིས་པ་ཏྲི་ཤུལ་རྩེ་གསུམ་བསྣམས།། གདུག་པ་སྤྲུལ་གྱི་ལྷུ་ཚིགས་བརྒྱན།། སྐུ་མདོག་མཐིང་ནག་རལ་པ་སེར།། གྱེན་དུ་མཛེས་པའི་ངང་ཚུལ་ཅན།། སྙན་ཆ་གསེར་གྱི་ཉི་ཟླ་ལ། ། གཡས་ན་སེང་གེ་མཚུངས་མེད་འཆོང།། གཡོན་ན་སྦྲུལ་སྟོང་གདེངས་ཀ་ཅན།། ཞིང་ཆེན་གཡང་གཞིས་སྐུ་སྟོད་གཡོགས།། གཡོན་པའི་སྣམ་ནི་རེ་ལྡེས་དཀྲིས།། གཡས་པ་གླང་ཆེན་ཀོ་རློན་དཀྲིས། ། སྐུ་རགས་ཞིང་ཆེན་བ་སུ་ཏ།། གདོང་ལ་ཁྲག་དང་ཞག་ཆེན་གྱི།། ཐེག་ལེ་ཚོམ་བུ་གསུམ་གྱིས་བརྒྱན།། མཆེ་བ་ཟུར་གསུམ་འཇིགས་པ་བསྣོལ།། ཞིང་ཕྲན་ཐོད་འཕྲེང་སེ་རལ་ལ་ཁ།། དཔྲལ་བའི་དབྱེས་ནས་ཟླ་འོད་འབྱུང། ། ལྟེ་བའི་དཀྱིལ་ནས་ཉི་འོད་འཆར།། དབང་གི་ལྕགས་སྒྲོག་ཀོ་རློན་དཀྲིས།། ཞལ་ནས་མི་ཡི་རྒྱུ་མ་ལས།། ཁྲག་གི་ཟར་བུ་ཚང་བར་བསྐྱེད།། བོང་བུ་ཁ་ནི་ཕྱི་ལྟར་བལྟས།། ལྷ་མོ་ནང་དུ་ལྟས་པར་བསྐྱེད། ། གཞན་མའི་སྐུ་ཡང་དེ་དང་མཚུངས།། ལྷོ་རུ་རྒྱ་རྟའི་སྟེང་དུ་བསྐྱེད།། རེ་མ་ཛ་ཞེས་བྱ་བའོ།། ནུབ་ཏུ་ལྕགས་ཀྱི་ཕག་པའི་སྟེང།། རེ་མ་ཛུ་ཞེས་བྱ་བ་ཡིན།། བྱང་དུ་རྔ་མོའི་སྟེང་དུ་སྟེ།། རེ་མ་ཏི་ཞེས་བྱ་བའོ། ། རྒྱན་དང་ཆ་ལུགས་གོང་དང་མཚུངས།། དེ་ལྟའི་དཀྱིལ་འཁོར་རྫོགས་པ་དང།། རང་བཞིན་གྲུབ་པའི་དཀྱིལ་འཁོར་རྣམས།། སོ་སོའི་གནས་ནས་སྤྱན་དྲངས་ཏེ།། ཐུགས་ཀྱི་ཧཱུཾ་ལས་ལྕགས་ཀྱུར་གྱུར།། དེ་ཡི་གནས་ནས་བསྐུལ་བ་ཡི། ། མདུན་གྱི་མཁའ་ལ་བྱོན་པར་བསམ།། དེ་ལ་དམར་གྱི་ཨརྒ་དང།། མེ་ཏོག་ནག་པོས་མཆོད་པ་བྱ།། དེ་ནས་ཞགས་པས་བསྐོར་བཅུག་ལ།། འཕྲིན་ལས་གང་ཡིན་བཅོམ་བར་བྱ།། དེ་ནས་ལྕགས་སྒྲོག་གཉིས་མེད་བསྟིམ། ། དྲིལ་བུས་དོན་རྣམས་གྲུབ་པར་བྱེད།། བརྟན་པར་བཞུགས་པ་གསོལ་བ་བཏབ།། དེ་ལ་མཆོད་པ་བཏབ་པ་ནི།། བདག་གིས་ཐུགས་ལས་བྱུང་བ་ནི།། འཕྲ་མེན་ནག་མོ་མ་ཡི་ཚོགས། ། རྣམ་སྨིན་ལུས་ཀྱི་རབ་བསྐུལ་ཏེ།། ཤ་ཁྲག་དམར་གྱི་མཆོད་པ་ལས།། མ་ཚངས་ཤ་ཕྱེས་བཏབ་བྱ་སྟེ།། ཙིཏྟ་འུག་པའི་ཤ་དང་ཚིལ།། སེང་གེ་སྟག་དང་བྱ་རྒོད་དང།། སྐྱུང་ཁའི་ཤ་དང་སྙིང་དུ་བཅས། ། ཀར་རྩ་གཡོ་བའི་རྫས་ཀྱིས་སྤྲས།། དེ་ཡི་དུས་དྲུག་མཆོད་པའམ།། ཡང་ན་ནམ་ཕྱེད་ཉིད་ཀྱི་དུས།། དུས་དེ་གཉིས་པོ་དེ་ལ་མཆོད།། འཕྲིན་ལས་ཡང་དང་ཡང་བཅོལ་བྱ།། དེ་ནས་རྣམ་སྨིན་སྐུ་ལ་བཞུགས། ། བཟླས་པ་རྣམས་ནི་ཚུལ་བཞིན་བྱ།། སེང་ལྡེང་ཕུར་པ་ལྔ་བཤམས་ལ།། ལྷ་མོ་བཞི་དང་གཙོ་མོ་བཞི།། སྐུ་ཉིད་དུ་ནི་དེ་གསལ་ཏེ།། ལྟེ་བ་མན་ཆད་གདུག་པའི་ལུས།། སྔོ་བསངས་འཇིགས་པའི་རྒྱན་གྱིས་བརྒྱན། ། དབང་དང་བྱིན་བརླབས་ཚུལ་བཞིན་བྱ།། དེ་ལ་སྙིང་པོ་བྷུཾ་བཀོད་ལ།། ཧཱུཾ་ཕཊ་ནག་པོ་གྲངས་མེད་ལས།། གཙོ་བོའི་ཐུགས་ཁར་དགོད་པར་བྱ།། མ་མོའི་སྙིང་ཁར་རང་སྙིང་པོ།། སྲས་ཀྱི་སྙིང་ཁར་གསོད་པ་ཡིས། ། སྙིང་པོ་བཀོད་ལ་བཟླས་པ་བྱ།། མཚན་བཟང་བྱུང་ན་བསྟོད་པ་བྱ།། དེ་ལྟར་ཡང་དང་ཡང་བྱས་ནས།། མ་མོ་གྲུབ་པའི་རྟགས་ཀྱང་འབྱུང།། གྲུབ་པའི་རྟགས་རྣམས་འབྱུང་བ་དང།། དྲག་པོའི་ལས་ལ་སྦྱར་བ་ཡིན། ། དགུག་དང་བསྟིམ་པ་ཡང་དང་ཡང།། སྟོངས་བྱེད་དང་ལྷ་ཕྲལ་ནས་ནི།། དེ་ལ་ཕུར་པ་གདབ་པར་བྱ།། དུག་དང་མེ་ཏོག་དང་ནི།། ཁྲག་དུག་རྣམས་ཀྱི་ཐུན་ཡང་བརྡེག། དེ་ལྟར་བྱས་པས་གདུག་ཅན་དེ། ། སྐད་ཅིག་ཡུད་ཀྱིས་འཆི་བར་འགྱུར།། ནད་དང་གདུག་པའི་རིམས་དག་དང།། མི་ཐོགས་མྱུར་དུ་དེ་ལ་འབྱུང།། མཐར་གྱི་ལས་ལམ་ཡེངས་བྱའོ།། བདག་ཉིད་ཆེན་མོའི་དཀྱིལ་འཁོར་རོ།། དུར་ཁྲོད་བརྒྱད་ཀྱི་གནས་དག་ནས། ། གྲུབ་པའི་ལྷ་མོའི་དཀྱིལ་འཁོར་ནི།། དང་པོ་མི་དམིགས་རབ་བསྒོམ་བྱ།། དེ་ཡང་སྔགས་ཀྱིས་བྱིན་བརློབ་ཀྱིས།། ཨོཾ་ཤཱུ་ནྱ་ཏ་བཛྲ་སྭབྷཱ་བ་ཨཱཏྨ་ཀོུ྅ཧཾ། སྟོང་པའི་ངང་ལས་སེམས་གསལ་བསྐྱེད། ། ནམ་མཁའི་དཀྱིལ་དུ་ཧཱུཾ་བསམ་སྟེ།། དེ་ལས་རྡོ་རྗེ་གཞལ་ཡས་ཁང།། གཞལ་ཡས་ཁང་པ་དེ་དབུས་སུ།། ཡུལ་ལྔ་མཁའ་གསལ་གྲུབ་པ་ཡི།། དེ་ཡི་དབུས་སུ་རྫོགས་པར་གསལ།། དེ་སྟེངས་གཞལ་ཡས་གསལ་བརྟགས་པ། ། འཁོར་ལོ་རིན་ཆེན་འབར་འདྲ་བ།། དེ་དབུས་མཐིང་ནག་གྲུ་གསུམ་བྲི།། འཁོར་ལོ་རེ་ལ་གྲུ་གསུམ་རེ།། དབུས་སུ་མ་ཧཱ་དེ་བ་དང།། ཨུ་མ་དེ་བ་བསྣོལ་ཏེ་བཞག། ལྷག་མ་བརྒྱད་ལ་གནས་བྱ་བ། ། ཞིང་བསྣོལ་རེ་རེས་པད་སྟེངས་སུ།། ཉི་མའི་དཀྱིལ་འཁོར་རེ་རེ་སྟེང།། དེ་སྟེང་རང་རའི་ས་བོན་སྟེང།། དེ་ཡང་ཡབ་ཡུམ་རོལ་པ་ལས།། བྱང་ཆུབ་སེམས་ལས་ཤར་བར་བརྟག། དེ་ལ་སྔགས་ཀྱིས་རབ་བསྐུལ་བས། ། སོ་སོའི་སྐུ་ནི་རབ་སྟོན་གསལ།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། སྟག་ལྤགས་གཡང་གཞི་ཤམ་ཐབས་ཅན།། ཞིང་ཆེན་གཡང་གཞི་གོས་སུ་གྱོན།། རལ་པ་སེར་ནག་གྱེན་དུ་བསྒྲེང།། སྨིན་མཚམས་ཁྲོ་གཉེར་རབ་ཏུ་བསྐྱོད། ། མཆེ་བ་རྡོ་རྗེ་རྩེ་གསུམ་བསྣོལ།། ཀོའུ་རི་སྐུ་མདོག་སྔོན་མོ་སྟེ།། གཡས་པ་བྱིས་པའི་དབྱུག་པའོ།། གཡོན་པ་བནྡྷ་རཀྟས་བཀང།། རྒྱུག་པའི་སྟབས་ཀྱིས་བཞུགས་པར་བྱའོ།། ལྷོ་རུ་བཛྲ་ཙཽ་རི་སྟེ། ། སྐུ་སེར་ཕྱག་གཉིས་མདའ་གཞུ་འགེངས།། དགོད་པའི་ཚུལ་གྱིས་བཞུགས་པའོ།། ནུབ་ཏུ་བཛྲ་པྲ་མོ་ནི།། དམར་ནག་ཆུ་སྲིན་རྒྱལ་མཚན་འཕྱར།། གཡོན་པ་བནྡྷ་རཀྟས་བཀང།། གཡས་བགྲད་གཡོན་པ་བསྐུམ་པའོ། ། བྱང་དུ་བཛྲ་བེ་ཏ་ལི།། སྐུ་མདོག་མཐིང་ནག་འཇིགས་པ་ལ།། གཡས་ན་རྡོ་རྗེ་རྩེ་ལྔ་འཕྱར།། གཡོན་ཞིང་ཕང་བར་བཞག་ནས་ནི།། མཆེ་བས་དྲལ་ཞིང་རྒྱུ་མ་འདྲེན།། ས་གའི་ཚུལ་དུ་བཞུགས་པའོ། ། ཤར་ལྷོར་བཛྲ་པུ་ཀ་སི།། སྐུ་མདོག་དམར་སེར་འཇིགས་པའི་གཟུགས།། ལག་གཉིས་པང་དུ་བསྣོལ་བའི་སྟེང།། ཞིང་ཞག་རྒྱུ་མ་ཞལ་དུ་འདྲེན།། ལྷོ་ནུབ་བཛྲ་ཀསྨ་རི།། སྐུ་མདོག་དམར་སེར་འཇིགས་པའི་གཟུགས། ། གཡོན་པ་བནྡྷ་རཀྟས་བཀང།། གཡས་པ་རྡོ་རྗེ་འཁྲུག་ཅིང་གསོལ།། གཡོན་བརྐྱང་གཡས་པ་བསྐུམ་ནས་གནས།། ནུབ་བྱང་བཛྲ་སྨ་ཤ་ནི།། མཐིང་ནག་གཅེར་བུ་འཇིགས་པའི་གཟུགས། ། ལག་གཡོན་ཞིང་ཆུང་ཐང་བཞག་ནས།། གཡས་པ་སྙིང་ཕྱུང་ཞལ་དུ་གསོལ།། གཡས་གཡོན་བག་ཙམ་བསྐུམ་པས་གནས།། བྱང་ཤར་བཛྲ་ཙནྜ་ལི།། སྐུ་མདོག་སེར་སྐྱ་འཇིགས་པའི་གཟུགས།། གཡོན་པས་ཞིང་ལུ་སྨད་གཟུང་ནས། ། གཡས་པས་མགོ་བཅད་ཕྱག་ན་འཛིན།། གཡོན་པ་བག་ཙམ་བསྐུམ་པ་ལ།། གཡས་པ་བརྐྱང་སྟེ་གནས་པའོ།། ཤར་དུ་རྟ་ཡི་གདོང་ཅན་ནི།། ལག་གཉིས་ལྕགས་ཀྱུ་བཟུང་བའོ།། ལྷོ་རུ་ཕག་གི་གདོང་ཅན་ནི། ། ལག་གཉིས་ཞགས་པ་བཟུང་པའོ།། ནུབ་ཏུ་བ་གླང་གདོང་ཅན་ནི།། ལག་གཉིས་ལྕགས་སྒྲོག་བཟུང་བའོ།། བྱང་དུ་ཆུ་སྲིན་གདོང་ཅན་ནི།། ལག་གཉིས་དྲིལ་བུ་བཟུང་བ་སྟེ།། དཀར་དང་གནག་དང་དམར་དང་ལྗང། ། ཁ་དོག་རིམ་པ་ཤེས་པར་བྱ།། དུར་ཁྲོད་རྒྱན་གྱིས་ལེགས་པར་བརྒྱན།། ཐོད་པའི་འཕྲེང་ལྡན་སེ་རལ་ཁ།། དུར་ཁྲོད་བརྒྱད་ཀྱིས་ཁྱམས་ལ་བརྒྱན།། ཐོད་པའི་གུར་ལ་སོགས་པས་བརྒྱན། ། གོང་གི་སྐབས་སུ་ཤེས་པར་བྱའོ།། དེ་ལྟར་གསལ་བའི་དཀྱིལ་འཁོར་དེ།། ཡོངས་རྫོགས་གསལ་བར་བྱ་བའི་ཕྱིར།། གོང་གི་ཐུགས་ཀྱི་འོད་འཕྲོས་པས།། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས།། གྲུབ་པ་མ་མོ་བརྒྱད་སྤྱན་དྲངས། ། མདུན་དུ་བྱོན་པར་བསམ་ནས་ནི།། དེ་ལ་དམར་གྱི་ཨརྒས་གསོལ།། ཤ་ཆེན་ལང་ལོང་ཞིང་དུ་བཅས།། བདུད་རྩི་ལྔ་དང་སྦྱ་བའི་རྫས།། དེ་ལ་བསྟབས་ལ་འཕྲིན་ལས་བཅོལ།། དེ་ནས་ཞགས་པར་སྒོ་རུ་གཞུག། ལྕགས་སྒྲོག་གིས་ནི་གཉིས་མེད་བསྟིམ།། དྲིལ་བུས་བརྙེས་བརྟན་པར་བཞུགས་ནས།། དེ་ལ་མཆོད་པ་བཏབ་པར་བྱ།། ལྷ་བཤོས་སྔོན་པོ་དང་ལྡན་ཞིང།། མེ་ཏོག་སྔོན་པོས་མཆོད་པར་བྱ། ། ཏེལ་ཆེན་མར་མེས་འདི་མཆོད་ལ།། མཆོད་པའི་རྫས་རྣམས་ཐམས་ཅད་ཀུན།། པདྨའི་སྣོད་དུ་བླུགས་ལ་མཆོད།། ཤ་དང་རུས་པ་ཁྲ་ག་དག་དང།། སྙིང་སྣ་མང་པོས་རབ་མཆོད་ལ།། བསྟོད་པ་བྱས་ཏེ་བཟླས་པ་བྱ། ། སྲས་མཆོག་མཆོག་གི་ཕུར་པ་ལ།། དགུ་བཤམས་སོ་སོའི་གཟུགས་སུ་སྟེ།། ལྟེ་བ་མན་ཆད་གསོད་པ་ཡི།། དྲག་པོའི་དབྱིངས་སུ་བསྟན་པ་ཡིན།། སྐུ་སྟོང་རྒྱན་རྣམས་གོང་བཞིན་འདྲེའོ།། དེ་ལ་དགོད་པར་བྱ་བའི་སྔགས། ། སོ་སོའི་རང་སྔགས་བཀོད་ལ་བྱ།། གཙོ་བོའི་ཐུགས་ཀར་གནས་བྱ་བ།། རྩ་བའི་སྔགས་ལ་ཧས་བཏགས་ཏེ།། གས་ལ་བའི་ཡིད་ཀྱིས་བྲིས་ལ་བཞག། དེ་ནས་འོད་འཕྲོད་གཟི་བྱིན་བསྐྱེད། ། གཉིས་པ་དགུག་པའི་ལས་བྱ་ཞིང།། གསུམ་པས་གསད་ལ་སྦྱར་བ་ཡིན།། ལྷོ་རུ་གྲུབ་ཁུང་ཚེར་མས་དགང།། གདུག་པའི་གཟེ་མས་མཐའ་ནས་བསྐོར།། རྟེན་པའི་དྲི་མ་ལིང་ག་བྱ།། ཡང་ན་རས་ཆེན་དེ་ལའོ། ། མགོ་བོ་ལྷོ་རུ་བསྟན་པ་ཡིན།། རྐང་པ་བྱང་ཤར་མཚམས་སུ་བཅུག། མི་བཟང་གཟུགས་ཀྱིས་མནན་པར་བྱ།། སྤྲུལ་པ་བསམ་ཡས་བཀྱེ་ནས་ནི།། རང་དབང་མེད་པར་འོང་བསམ་ལ།། གོས་པའི་ལྷ་ལ་གསོལ་བ་གདབ། ། མཐུན་པའི་གཏོར་མ་འདིར་བྱིན་ལ།། རྦད་པ་དག་ནི་བྱ་བ་ཡིན།། ལྷ་ཉིད་བདུད་དུ་དབབ་པ་སྟེ།། ཉེས་པ་ཡང་དང་ཡང་དུ་བསྒོ། དེ་ནས་གསང་སྔགས་རྒྱལ་པོ་དེས།། ལྷ་ཡི་གཟུགས་ལ་བཏབ་པར་བསམ། ། མ་ཧཱ་དེ་བ་ཤ་ཤག། དེ་ཡིས་ལུས་པོ་རེངས་གྱུར་ནས།། འབྲོས་དང་རྫུ་བའི་དབང་མེད་པའོ།། དེ་ནས་གསང་སྔགས་རྒྱལ་པོ་འདིས།། ལྷ་ལ་བདག་གིས་བསྐུལ་བར་བྱ།། མ་ཧཱ་དེ་བ་ནརི་ས་མ་ཡ་ནར་པྲེ་ཏ་ཡོ་གི་ཁ་ཁ་ཁཱཧི་ཁཱཧི། མཱ་ར་ཡ་སོད་སོད་སྲོག་རྩ་ལད་ཧ་ས་ནི་ཕཊ།། དེ་སྐད་ཅེས་ནི་བསྐུལ་བ་ཡིས།། ལྷ་ཉིད་རབ་ཏུ་ཁྲོས་གྱུར་ནས།། བསད་ནས་བཟོད་པར་རབ་བསམ་བྱ།། ལྷ་ཉིད་བདུད་དུ་དབབ་པའོ།། དེ་ནས་ཕུར་པས་གདབ་པ་སྟེ། ། གནས་དགུ་དག་ཏུ་གདབ་པར་བྱ།། གཏུབས་ལ་གདུང་བ་གཞན་བཞིན་ཏེ།། ཞལ་དུ་བསྟབ་ལ་སྦྱིན་སྲེག་བྱ།། མནན་པ་ཐར་གྱི་ལས་ཡིན་པས།། དེ་ལ་ནན་ཏན་བྱ་བ་ཡིན།། དེ་ཡིས་ལས་སྦྱོར་བྱས་ནས་ནི། ། ཚངས་པའི་ཚེ་དང་ལྡན་པ་ཡང།། འཆི་བར་འདི་ལ་ཐེ་ཚོམ་མེད།། དེ་ནས་གཞན་ཡང་བཤད་བྱ་བ།། རིག་སྔགས་བཅད་པའི་ཐབས་རྣམས་ནི་ཡང་དག་ཉིད་དུངས་བཤད་བྱ། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི། ། དེ་དབུས་རྡོ་རྗེ་རྒྱ་གྲམ་སྟེ།། མཐིང་ནག་རབ་ཏུ་འབར་བ་བྲི།། མཐའ་མ་མེ་དཔུང་འཁོར་ལོ་བྲི།། དེ་ཡི་མཐའ་མ་གདུག་པ་ཡི།། མཚོན་ཆ་འབར་བས་བསྐོར་བ་བྲི།། དེ་ལ་གནས་པའི་ལྷ་རྣམས་ནི། ། གོང་མའི་ལྷ་ཉིད་ཡིན་པ་སྟེ།། ཐུགས་ལས་འོད་ཟེར་འཕྲོ་བ་ནི།། བསྐལ་པའི་མེ་ལྟར་ཉི་མའི་འོད།། དེ་ནས་བསྐལ་པའི་འཁོར་ལོ་བསྐོར།། གདུག་པའི་མཚོན་ཆ་ཆར་ལྟར་དབབ།། གང་དག་གང་གི་གཟུགས་བྱས་ལ།། ཚོན་གྱི་སྐུད་པས་གཉིས་གབ་བཅིང།། བཀའ་ཡི་བསྒོ་བ་འདི་ཡང་བྱ།། གང་དག་གནས་པའི་བགེགས་ཆེན་རྣམས།། ཤིན་ཏུ་བཅིངས་ནས་ང་ཡི་བཀའ།། བཀའ་ལས་བྱུང་བའི་ཆོ་ག་ཡ།། རབ་ཏུ་ཁྲོས་པའི་གནས་འདི་རུ། སུ་ཡང་འདའ་བར་མ་བྱེད་ཅིག། རང་རང་སྦྱོར་བ་གཞན་དུ་བཏུལ།། དེ་སྐད་བསྒོ་བ་བྱས་ནས་ནི།། གདུག་པའི་རལ་གྲི་ལག་ཐོགས་ལ།། ཁྲོ་མོ་རྣམས་ཀྱང་དེ་བཞིན་དེ།། སོ་སོར་གཙོ་བོས་བསྐུལ་བ་ཡིས།། རལ་གྲི་སྟེང་དུ་དུས་གཅིག་ཕྱིར།། གདུག་པའི་མཆེ་བ་གཙིགས་པ་ཡིས།། དེད་དཔོན་ཐམས་ཅད་དྲེད་ཅིང་བརྒྱལ་བར་བྱ།། གདུག་བས་བཅིངས་པ་བཅད་གཏུབ་བསམ།། གཟུགས་བརྙན་ཀུ་ཤའི་རྩ་ལ་བྱས།། སྣ་ལྔ་ཚོན་སྐུད་ཕྱག་རྒྱ་ཡིས།། གཙུག་ཕུད་ཡན་ལག་ཉིད་ལག་དང།། དབང་པོ་ཀུན་ནི་བཟུང་ནས་སུ།། ཡུམ་གྱི་ཕྱག་རྒྱས་དགྲོལ་བར་བྱ།། དེ་ནས་ཚོན་སྐུད་དུམ་བུ་རུ།། རལ་གྲིས་རབ་ཏུ་གཏུབས་བྱས་ལ།། ཀུ་ཤ་གྲངས་ནི་བཅུ་གསུམ་ལ།། དང་པོ་སྙིང་གི་ཕྱོགས་ནས་ནི།། གླས་གང་ཅིག་གིས་བྲིས་ནས་སུ།། གཟུགས་བརྙན་ཅིག་གི་དབུས་སུ་གཞུག། དེ་ནས་ཡོན་བདག་རིགས་གང་གིས།། མཆིལ་མས་རབ་ཏུ་བཏབ་ནས་སུ།། གླས་གང་ཅིག་གིས་ཡང་དྲིལ་ལ།། ཚོན་གྱི་སྐུ་དཔས་བཅིང་བར་བྱ།། དེ་ནས་ལག་པ་གཡས་ཕྱོགས་ནས།། ཀུ་ཤ་བཅུ་གསུམ་པ་བསོག་བྱས་ནས།། སྔ་མ་བཞིན་དུ་རལ་གྲིས་གཏུབ།། དེ་ནས་ལག་པ་གཉིས་པ་ལ།། གོང་མ་བཞིན་དུ་བྱས་ནས་ནི།། གླས་གང་ཅིག་གིས་དྲིལ་ནས་ཀྱང།། བྱད་ཅིང་དེ་ལ་བསྲུང་བར་བྱ།། དེ་འོག་གསུམ་པའི་ལས་བྱ་བ།། བདེན་པ་བདར་བ་བྱ་ནས་ནི།། ལྷ་དང་བདག་པོ་ཐམས་ཅད་ལ།། གནོད་བྱེད་མ་མོ་མཁའ་འགྲོ་མ།། གདོན་དང་འབྱུང་པོའི་ཚོགས་རྣམས་ཀུན།། དེ་དག་རལ་གྲིས་གཅད་པར་བྱ།། དེ་ནས་དཔུངཔ་གཡོན་པ་ལ།། སོགས་པར་རྒས་གང་དྲིལ་ནས་སུ།། གོང་མའི་ཚུལ་དུ་རྩཝས་དཀྲིས་ལ།། རལ་གྲིས་རབ་ཏུ་གཅད་པར་བྱ།། དེ་འོག་ལས་ཀྱི་ཐབས་རྣམས་ལ།། གོང་བཞིན་ལས་ཐབས་བྱས་ནས་སུ།། བདག་གི་ཕུན་སུམ་ཚོགས་པ་དང།། དབང་ཐང་གང་གིས་ཕྱོགས་པ་རྣམས།། དེ་དག་རབ་ཏུ་གཅད་པར་བྱ།། དེ་འོག་ལས་ཀྱི་བྱེ་བྲག་གསུམ།། གོང་མ་བཞིན་དུ་རྩ་ལ་ནི།། སྔོན་དམར་དག་གིས་བཅིང་བར་བྱ།། དེ་བཞིན་རལ་གྲིས་བཅད་ནས་སུ།། ལག་པ་ཐལ་མོ་གཉིས་སྦྱར་ལ།། མཐེའུ་ཆུང་ཕྱོགས་ནས་བཟུང་ནས་སུ།། གནོད་སྦྱིན་གདོན་རྣམས་གཅད་པར་བྱ།། གུང་མོ་ཕྱོགས་ནས་བཟུང་ནས་སུ།། ཀླུ་ཡི་གདོན་རྣམས་གཅད་པར་བྱ།། སྲིན་ལག་ཕྱོགས་ནས་བཟུང་ནས་ནི། ། མི་འམ་ཅི་ཡི་གདོན་རྣམས་བསད་པར་བྱ།། མཐེ་བོང་ཕྱོགས་ནས་བཟུང་ནས་སུ།། འགྲོ་བ་མི་བསྲུན་ཐམས་ཅད་དང།། ས་ལ་གནས་པའི་གདོན་རྣམས་བཅད།། ས་ལ་གནས་པའི་གདོན་རྣམས་བཅས། ། གཡས་པའི་སྤྱི་བོས་ཕྱོགས་ནས་ནི།། གོང་མའི་ཚུལ་དུ་བྱས་ནས་ནི།། བླུན་ཅན་བརྟུལ་ཞུགས་བྱས་ནས་ནི།། གྲུལ་བུམ་བགེགས་རྣམས་གཅད་པར་བྱ།། རླུང་གི་ཕྱོགས་སུ་དྲིལ་ནས་སུ།། ཀླུ་སྲིན་གདོན་རྣམས་གཅད་པར་བྱ། ། གསུམ་པ་རྗེ་ངར་ཕྱོགས་ནས་ནི།། བགེགས་རྣམས་མ་ལུས་གཅད་པར་བྱ།། ཡི་དགས་བགེགས་རྣམས་མཚོན་གྱིས་བཅད།། གཡོན་པའི་སྤྱི་བོའི་ཕྱོགས་ནས་ནི།། གླས་རྐང་གཅིག་ནི་དྲིལ་ནས་སུ། ། སྲིན་པོའི་བགེགས་རྣམས་གཅད་པར་བྱ།། གཉིས་པའི་བླ་ཡི་ཕྱོགས་ནས་ནི།། གོང་མའི་ལས་རྣམས་དེ་བཞིན་བྱ།། བྲག་སྲིན་འགོང་པོ་ཐེ་བྲང་དང།། སྐྱེ་འགྲོ་ལ་ནི་གནོད་པའི་གདོན།། དེ་དག་ཐམས་ཅར་གཅད་པར་བྱ། ། དེ་ནས་གསུམ་པ་རྗེ་ངར་ལ།། ལས་ཐབས་དེ་བཞིན་བྱས་ནས་སུ།། མ་བདུན་དང་ནི་སྲིང་མོ་བཞི།། དེ་ཡི་གནོད་པ་བསམ་པར་བྱ།། དེ་ནས་བརླས་རྐང་བཅུ་གསུམ་གྱིས།། ཆོ་ག་རབ་ཏུ་དྲིལ་ནས་ཀྱང། ། ཀུ་ཤའི་རྩ་ཡི་དབུས་སུ་དྲིལ།། སྔོ་དམར་རྣམ་པ་སྣ་ཚོགས་ཀྱིས།། རྡོ་རྗེ་འཛིན་པ་དྲིལ་བཅིངས་ནས།། རྐང་པ་གཉིས་ནི་མཐིལ་སྦྱར་ནས།། མཐེ་བོང་ཕྱོགས་ནས་དང་པོ་དགྲོལ།། དེ་ནས་མཛུབ་མོའི་ཕྱོགས་ནས་ཏེ། ། དེ་ནས་གུང་མོའི་ཕྱོགས་ནས་དགྲོལ།། དེ་ནས་སྲིན་ལག་ཕྱོགས་ནས་ཏེ།། དེ་ནས་མཐེའུ་ཆུང་ཕྱོགས་ནས་དགྲོལ།། དེ་ནས་མཐེའུ་ཆུང་ཕྱོགས་ནས་ཏེ།། དེ་ནས་རྐང་པ་གཡས་པ་ཡི།། ཀུ་ཤ་རྐང་པ་རབ་མནན་པ། ། སྐྱེས་པའི་ཕོ་མཚན་ཐོག་ཏུ་ནི།། རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཡིས།། ལན་དགུ་རུ་ནི་བྱབ་པར་བྱ།། དེ་ནས་ཅུང་ཟད་བསྣུར་ནས་ནི།། རལ་གྲི་ལག་པར་བླངས་ནས་ནི།། རྡོ་རྗེ་སྣོན་པོའི་ཕྱག་རྒྱ་ཡིས།། ཕྱོགས་བཞི་དང་ནི་མཚམས་བཞིར་རུ། ། དེ་དག་ལ་ནི་བསྡིགས་པར་བྱ།། ཁྲོ་མོ་བརྒྱད་པོའི་བྱིན་བརློབས་ཏེ།། དེ་རྗེས་ཕྱོགས་མཚམས་སྟེང་འོག་ཏུ།། རྡོ་རྗེ་གོ་ཆ་དག་ཀྱང་བྲི།། དེ་ནས་སྔགས་མཁན་བདག་ཉིད་ནི།། ནག་པོའི་སྟན་ལ་འདུག་ནས་ནི། ། བསྲུང་བར་བྱ་བ་གང་དང་གང།། སྔགས་ཀྱིས་བཏབ་པའི་གོས་ཀྱངསྦྱིན།། དེ་ན་ཡོན་གྱི་བྱེ་བྲག་རྣམས།། གླང་པོ་རྟ་དང་མ་ཧེ་རྣམས།། འདོད་པའི་འབྱོར་བ་ཅི་ཡོད་པས།། བླ་མ་དེ་ལ་མཉེས་པར་བྱ། ། དེ་ནས་སློབ་དཔོན་དམ་པ་སྟེ།། བདེ་བར་གཤེགས་པའི་སྲས་ཡིན་པས།། བདེ་བར་གཤེགས་ལ་ཕྱག་ཀྱང་གྱིས།། དེ་རིང་ཕན་ཆད་བུ་ཁྱོད་ནི།། རྒྱལ་བའི་སྲས་དང་འཁོར་ཡིན་པས།། ང་ཡིས་བསྲུང་བ་ཆེན་པོ་བརྩམ། ། མཚོན་ཆ་འབར་བས་རབ་བསྐོར་ལ།། དེ་ལ་བསྲུང་པོ་མང་པོ་བརྩམ།། ཨོཾ་བྷྲུཾ་ཕཊ་ཏ་ཐཱ་ག་ཏ། པ་ར་བི་ཏ།། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཏིག་ཤུན་ཨ། ཨོཾ་ཡ་མན་ཀ་ཙཎྜ་ཡོ་རྔ་ཡ་ཧཱུཾ་ཕཊ། ར་ར་ར། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ན་མ་ཙཎྜ་དྷ་ན་དྷ་ནན། བཛྲ་ཏི་ཏི་ཏི། ན་མ་ཙཎྜ་བྷན་དྷ་ནན།། མུཾ་མུཾ། བཛྲ་བཛྲ། ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་རིག་སྔགས་ལ་ཞེན་ནས། ། རལ་གྲི་འོ་མས་བཀྲུ་བྱས་ནས།། ས་གཙང་དག་ཏུ་བསྐྱལ་བར་བྱ།། ཨོཾ་ཀུ་ལ་ན་དྷ་རི་བྷན་དྷ་བྷནྡྷ་སྭཱཧཱ། པ་ན་ཏ་ར་བྷ་སྭཱཧཱ། ཨ་ཏ་ར་སི་ཏ་སྭཱཧཱ། ཨོཾ་ཨ་མོ་ཀ་ཕྲ་ཏ་ཧ་ར་ཏ་སྭཱཧཱ།། ཨོཾ་ཏ་རི་ཤ་རི་མཎྜལ་སྭཱཧཱ། དེ་ནས་རང་གི་དཀྱིལ་འཁོར་བསྡུ། ། བདེ་བའི་སེམས་སུ་གསན་པར་བྱ།། ལས་འདི་བརྩམས་ན་ལྷ་སྲིན་རྣམས།། དེ་དག་ཀླུ་ལ་སོགས་པ་ཡི།། གནོད་པས་དེ་ལ་གོས་མི་འགྱུར།། སྤྲུལ་པའི་མ་མོའི་དཀྱིལ་འཁོར་ནི།། ཏིང་འཛིན་ལས་རྣམས་དེ་བཞིན་ཏེ། ། གཞལ་ཡས་སྐབས་སུ་བསམ་བྱ་བ།། དབུས་སུ་མཐིང་ནག་གྲུ་གསུམ་བྲི།། རྡོ་རྗེ་རྒྱ་གྲམ་གཉིས་པ་ཡིས།། ར་ཡི་ནང་དུ་གྲུ་གསུམ་རེ།། དེ་རྣམས་ཉི་མའི་དཀྱིལ་འཁོར་འོག། ཞིང་རྐང་རེ་རེ་བསམ་བྱའོ། ། དེ་ཡི་སྟེང་དུ་བསམ་བྱ་ལྷ།། དབུས་སུ་བཅོམ་ལྡན་ཁྲག་འཐུང་སྟེ།། རྒྱན་དང་ཕྱག་མཚན་དེ་བཞིན་ནོ།། ཡབ་ཡུམ་གཉིས་མེད་སེམས་ལས་ནི།། ས་བོན་སོ་སོའི་གནས་བསམ་ལ།། དེ་ལས་བདག་པོས་བསྐུལ་བ་ནི། ། སོ་སོའི་གདན་ལ་དེ་བཞིན་ཏེ།། ཤར་གྱི་ཕྱོགས་སུ་བསམ་བྱ་བ།། སྤྲུལ་པ་སིང་ཧ་མུ་ཁ་ནི།། སྐུ་མདོག་དཀར་ལ་སེང་གེའི་མགོ། ལག་པ་གཡས་གཡོན་བསྣོལ་ནས་ནི།། ཞལ་དུ་ཞིང་བཅུག་བལྟ།། རྐང་པ་མཆོག་པའི་སྟབས་འདུག་པའོ། ། ལྷོ་རུ་སྤྲུལ་པ་བྱ་ཀྲི་ནི།། སྐུ་སེར་ལག་པ་པུས་མོར་བསྣོལ།། འགྱིང་བའི་སྟོབས་འདུག་ཞིང་ལ་ནི།། འབྲུ་ཚུགས་བཞིན་གྱིས་ལྟ་བའོ།། ནུབ་ཀྱི་ཕྱོགས་སུ་བསམ་བྱ་བ།། སྤྲུལ་པའི་སྲི་ལ་ཆེན་མོ་ནི། ། སྐུ་མདོག་དམར་མོ་ལག་གཉིས་ཀྱིས།། ཞིང་གི་ཁོག་བ་དྲ་བ་སློད་ནས།། ཁྲག་དང་ནང་ཀྲོལ་ཟ་བྱེད་པ།། རྐང་བ་བསྒྲིལ་ནས་གནས་པའོ།། བྱང་དུ་བསམ་པར་བྱ་བ་ནི།། ཤོ་ན་སྤྲུལ་པ་ཆེན་མོ་ནི། ། ལྗང་ཁུ་ཕྱག་གཉིས་ཞིང་ཁོག་འདྲལ།། དེ་ལ་ལྟ་ཞིང་ཧ་ཧ་ས་འདེབས།། ཞབས་གཉིས་བགྲད་པའི་ཚུལ་གནས་པའོ།། ཤར་ལྷོར་བསམ་པར་བྱ་བ་ནི།། སྤྲུལ་པ་ཀྲི་ཏ་ཆེན་མོ་ནི།། སེར་སྐྱ་འཇིགས་པའི་ལག་གཉིས་ཀྱིས། ། ཞིང་གི་རྒྱུ་མ་འདྲེན་ཅིང་ཟ།། ཞབས་གཉིས་མཚན་སྟོན་ཚུལ་དུ་གནས།། ལྷོ་ནུབ་མཚམས་སུ་བསམ་བྱ་བ།། ཀང་ཀ་སྤྲུལ་པ་ཆེན་མོ་ནི།། དམར་ཆེན་ཞིང་གི་ཁོག་སྟོད་ཟ།། གཡོན་པ་བནྡྷ་རཀྟས་བཀང། ། ཞབས་གཉིས་གྱད་ཀྱི་དོར་ཐབས་སོ།། བྱང་ཤར་མཚམས་སུ་བསམ་བྱ་བ།། སྤྲུལ་པ་ཧུ་ལུ་ཆེན་མོ་ནི།། སེར་སྐྱ་གཡས་ན་རྡོ་རྗེ་སྟེ།། གཡོན་ན་བནྡྷ་ཞིང་ཀླད་ཁྲག། འཁྲུག་ཅིང་ཞལ་དུ་གསོལ་བར་བྱེད། ཞབས་གནས་རྟིང་སྤྲད་བསྣོལ་བས་གསན།། ཀུན་ཀྱང་འཇིགས་པའི་གཟུགས་ཅན་དེ།། ཐོད་པའི་འཕྲེང་བ་དོ་ཤལ་ཅན།། སྟག་ལྤགས་གཡང་གཞི་ཤམ་ཐབས་དཀྲིས།། སྦྲུལ་གྱི་ཆུན་པོས་མདོ་རྣམས་དཀྲིས།། ཁྲག་དང་ཞག་གི་ཐིག་ལེས་བརྒྱན། ། དུར་ཁྲོད་བརྒྱད་ཀྱི་གཞལ་ཡས་ནང།། སྤྲུལ་པའི་སྐུ་ནི་མི་བཟད་པ།། ཁྲོས་མ་དེ་རྣམས་བསམ་པར་བྱ།། ཤར་ལ་སོགས་པའི་སྒོ་མ་རྣམས།། གང་གི་སྐབས་ལས་ཤེས་པར་བྱ། ། དེ་ལྟར་ཡོངས་སུ་རྫོགས་པའི་རྗེས།། རང་བཞིན་གྲུབ་པའི་གནས་ནས་ནི།། སྤྲུལ་པའི་དཀྱིལ་འཁོར་སྤྱན་དྲངས་ལ།། མདུན་གྱི་མཁའ་ལ་བཞུགས་པར་བསམ།། དེ་ལ་གཏོར་མ་བཏབ་པར་བྱ།། སེང་གེ་སྟག་དང་ཝ་དང་ནི། ། སྤྱང་ཁུ་བྱ་རྒོད་སྐྱུང་ཁ་དང།། ཁྭ་དང་འུག་པའི་སྙིང་དང་ཤ། ཁྲ་དང་ཤ་སྣ་ཚོགས་པ་ཡིས།། གཏོར་མ་བྱས་ལ་བཏབ་པར་བྱ།། ལས་རྗེས་ཐམས་ཅད་བཅོམ་བར་བྱ།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། ། འདི་དེ་ཁྱེད་ཀྱིས་དང་དུ་བཞེས།། དགུག་དང་བསྟིམ་པར་ནི།། ཇི་ལྟར་རྒྱས་པ་བཞིན་དུ་བྱ།། དེ་ལ་མཆོད་པ་ཡང་དག་དབཡལ།། གོང་གི་རྫས་ཀྱིས་འདིར་བྱའོ།། མེ་ཏོག་གོང་བཞིན་འདི་ཡང་ཤེས། ། དེ་ནས་བཟླས་པ་བརྩམ་བྱ་སྟེ།། སྲས་མཆོག་བྱ་རྒོད་ཕུར་པ་དགུ། སོ་སོའི་ལྷ་ཉིད་དུ་བསྐྱེད་ལ།། སྙིང་པོས་བསད་པའི་སྔགས་བཀོད་ལ།། དེ་ལ་བཟླས་པ་བྱ་བ་ཡིན།། དེ་ལྟར་བཟླས་བ་གྲངས་ཚང་ནས། ། མཚན་མ་བཟང་པོ་བྱུང་བ་དང།། ལས་ལ་སྦྱར་བ་བྱ་བ་ཡིན།། འབྲུ་སྣ་ལྔ་ལ་དྲི་མས་སྤྲས།། བོང་བུའི་བདུད་རྩི་རབ་སྦྲུས་ལ།། དེ་ལ་མཚན་མ་གྲོ་ག་ལ།། ཕོ་དང་མོ་ཡིག་གཤག་ཕྱེ་བྲི།། ཕོ་ནི་སྙིང་ཁར་བྲུས་ལ་རྫང། ། མོ་ནི་དཔྲལ་བར་གླན་ནས་ནི།། ཚོན་སྣ་ལྔ་ཡིས་གཟུགས་ཕུང་བཅིང།། ལྕག་གིས་ནི་སྐྱེ་ནས་གདགས།། བཅོམ་ལྡན་མདུན་ནི་ཆོས་དབྱིངས་མ།། དེ་ཡི་གནས་སུ་བཞུགས་པར་བྱའོ།། དེ་ལས་སྤྲུལ་པའི་འཇིག་རྟེན་ཁེངས། ། གནས་དང་བཅས་པར་དེ་བཀུག་ནས།། མཚན་མ་དང་བཅས་ལུས་པོ་ནི།། གཞལ་ཡས་དམ་པའི་མདུན་བཞག་ལ།། དེ་ལ་དབྱེ་བའི་ལས་རྣམས་ཀུན།། ཇི་ལྟར་རྒྱས་པ་བཞིན་འདིར་བྱ།། མཚན་མ་རྣམ་གསུམ་བྱུང་བ་དག། ། གདབ་བའི་ལས་ལ་སྦྱར་བར་བྱ།། གཏུབ་པ་ལ་སོགས་སྦྱར་བར་བྱ།། མཐར་གྱི་ལས་ལ་ངེས་པར་སྦྱར།། དེ་ལྟར་བྱས་ན་གདུག་པའི་ཚོགས།། ཐང་ཅིག་ཡུད་ཀྱིས་འཆི་བར་འགྱུར། ། ཤོན་མུ་ཁའི་དཀྱིལ་འཁོར་ནི།། དང་པོ་ཚངས་པའི་གནས་བཞི་སྟེ།། དེ་རྗེས་གཏོང་བ་ཆེན་པོའི་སེམས།། གསལ་བའི་ངང་ཉིད་བདག་པོ་ཡིས།། ས་བོན་ཉིད་ལས་ཐམས་ཅད་བསྐྱེད།། དེ་ཡི་གཞལ་ཡས་དབྱིབས་བསྟན་པ། ། དབུས་ཀྱི་གྲུ་བཞི་ལྷམ་པ་ལ།། ཐིག་བཞི་བཏབ་པས་ལེ་ཚེ་དགུ།། དེ་ནི་ཞིང་གི་གདུང་དང་ཀ། ལེ་ཚེ་རེ་ལ་གྲུབ་གསུམ་རེ།། ཕྱི་རོལ་པདྨས་བརྒྱན་པ་བྲི།། དེ་དབུས་བཅོམ་ལྡན་གཙོ་བོ་སྟེ།། རོ་ཡི་གདན་ལ་གནས་པ་བསྐྱེད། ། དེ་ཡོངས་རྫོགས་པའི་རིམ་པས་སོ།། ཡབ་སྐུ་ཡོངས་སུ་རྫོགས་པས་ནི།། ཡུམ་ལས་དེ་བཞིན་ཕང་བར་གསལ།། ཐབས་དང་ཤེས་རབ་མཐུ་ལས་ནི།། བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། ། པདྨ་ཉི་མའི་གདན་སྟེངས་སུ།། འོད་དཔུང་སོ་སོར་གསལ་བར་ཤར།། དེ་ལས་སྐུ་རྣམས་རྫོགས་པར་བསྐྱེད།། ཤར་དུ་འཇིགས་བྱེད་སེང་གེའི་མགོ། གཡས་པ་ཕུར་བུ་གཡོན་ལྕགས་ཀྱུ། ། དཀར་ལ་རྒྱུག་པའི་སྟབས་སུ་བཞུགས།། ལྷོ་རུ་འགུགས་བྱེད་སྟག་མོ་ཡི།། གཡས་ཞགས་གཡོན་ནེ་ཕུར་པ་ཡིན།། གསེར་མདོག་མཆོང་གི་སྟབས་སུ་བཞུགས།། ནུབ་ཏུ་ཤོ་ན་མུ་ཁ་ནི།། དམར་པོ་ཝ་མགོ་པ་ཡི་སྟབས། ། གཡས་པ་ལྕགས་སྒྲོག་གཡོན་ཕུར་པའོ།། བྱང་དུ་ཟ་བྱེད་སྤྱང་མོའི་མགོ། ལྗང་ཁུ་སྒེག་པའི་སྟབས་སུ་གནས།། གཡས་པ་དྲིལ་བུ་གཡོན་ཕུར་བུ།། བྱང་ཆུབ་ཤར་མཚམས་སུ་ལྕགས་སྤྱང་བཞི།། རོ་ཡི་རྐང་བཟའ་བར་བརྟག། ཤར་ལྷོའི་མཚམས་སུ་ཁྱི་བཞི་སྟེ།། རོ་ཡི་ལག་བཟ་བར་བརྟག། ལྷོ་ནུབ་མཚམས་ལ་ཁྱི་བཞི་སྟེ།། མགོ་བོ་གཅོད་ཅིང་ཟ་བའོ།། ནུབ་བྱང་ལྕགས་ཀྱི་སྤྱང་མོ་བཞི།། ལག་གཡོན་ཟ་ཞིང་གསལ་བར་བརྟག། སྒོ་མ་ཕྱི་ཡི་དཀྱིལ་འཁོར་བཞིན།། གསལ་བར་བརྟག་པར་བྱ་བ་ཡིན།། དེ་ལྟར་དཀྱིལ་འཁོར་རྫོགས་པ་དང།། བདག་པོའི་དཀྱིལ་འཁོར་རབ་བཀུག་སྟེ།། ལྕགས་ཀྱུའི་རང་བཞིན་སྤྲོས་པ་ལས། ། རང་བཞིན་གནས་ནས་དེ་བཀུག་ལ།། མདུན་ན་གནས་པ་རྟགས་ཏེ།། མེ་ཏོག་དམར་པོས་ཡང་དག་མཆོད།། བཤོས་བཟང་དམར་པོ་དེ་བཞིན་ཏེ།། ཙན་དན་དམར་པོའི་ཆུས་ཁྲུས་གསོལ།། དེ་ལ་བཏབ་པར་བྱ་བ་ནི། ། ཉི་མའི་རྫས་རྣམས་ཐམས་ཅད་དང།། ཙན་དན་དམར་པོ་བདུད་རྩི་ལྔ།། ཤ་སྣ་ཚོགས་པས་བརྒྱན་བྱསལ།། པདྨའི་ནང་དུ་བླུག་ལ་བཏབ།། འཕྲིན་ལས་གཉན་པོ་དེ་ལ་བཅོལ།། གང་ཡིན་ལས་དེ་འགྲུབ་པར་གྱིས། ། དེ་ནས་གཞུག་དང་བསྟིམ་དང་བཏན།། དེ་ལྟར་བྱས་པའི་དཀྱིལ་འཁོར་ལ།། མཆོད་བསྟོད་འཕྲིན་ལས་གོང་བཞིན་བཅོལ།། དེ་ནས་ཟངས་ཀྱི་ཕུར་པ་ལྔ།། སྲས་མཆོག་སོ་སོའི་རང་བཞིན་དེ།། བྱིན་གྱིས་བརླབ་པ་གཞན་ལས་སོ། ། ཡུམ་གྱི་དཀྱིལ་འཁོར་དེར་གནས་དེ།། ཐུགས་ཁར་གསོད་པའི་སྙིང་པོ་དགོད།། མཆོད་བསྟོད་ཚུལ་བཞིན་བྱས་ནས་ནི།། བཟླས་པའི་རིམ་པ་བྱ་བ་ཡིན།། དེ་ལྟར་བྱས་པས་མཚན་མ་འབྱུང། ། དེ་ནས་ལས་ལ་སྔར་བར་བྱ།། ཁྲག་དང་ཇུ་ཚེའི་ཕུབ་མ་ལ།། མེ་ཏོག་དམར་པོའི་ཕྱེ་མས་གདབ།། རཀྟ་སྣ་ལྔའི་དྲི་མར་བཅས།། དེ་ལ་གཟུགས་བརྟན་བྱ་བ་ནི།། པདྨའི་འདབ་མ་རེ་རེ་ལ།། དེ་ལ་མིང་དུ་བྲིས་ནས་ནི། ། གཟུགས་བརྙན་ལ་ནི་གླན་པར་བྱ།། ཕྱི་རོལ་ཕྱོགས་སུ་རབ་བཀུག་ལ།། དེ་ལ་བསྟིམ་ལ་བདེན་པ་བདར།། འགོ་བའི་ལྷ་ལྔ་བཀུག་ནས་ནི།། དེ་ལ་མཐུན་པའི་རྫས་བྱིན་ལ།། འདི་ལ་སྐྱོབ་པ་མ་བྱེད་ཅིག། གལ་ཏེ་འདི་ལ་སྐྱོབ་པ་ན།། ང་ཡི་རྡོ་རྗེ་ཡེ་ཤེས་འདིས།། མགོ་ནས་བརྒྱབ་པས་རྟིང་པར་འགེམ།། མི་བཟད་སྡུག་བསྔལ་མྱོང་འགྱུར་ཏེ།། ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། དེ་བས་དམ་ལ་གནས་གྱིས་ལ། ། ང་ཡི་བཀའ་ལས་མ་འདའ་བར།། རང་གི་གནས་སུ་བདེ་མནོས་ལ།། འདི་ལ་བསྲུང་སྐྱོབ་མ་བྱེད་བསྒོ།། རླུང་གི་དཀྱིལ་འཁོར་དེ་བསྐྱོན་ལ།། འཇིག་རྟེན་ཁམས་གཞན་བསྐྱལ་ལ་བཞག། དེ་ནས་ཞགས་པས་སྐེད་ནས་གདགས། ། ལ་ལས་ཁྲིད་ལ་ལ་ལས་བརྡེག། རང་དབང་མེད་པ་དེ་ཁྲིད་ལ།། ཡུམ་གྱི་གནས་སུ་བཞག་པར་བྱ།། དེ་ལ་རི་རབ་ཀྱིས་མནན་ལ།། མཐུ་དང་རྫུ་འཕྲུལ་ཡང་དང་ཡང།། ཐུན་མཚམས་རྣམས་སུ་བྱ་བ་ཡིན། ། དེ་ལྟར་བྱས་པས་མཚན་མ་རྣམས།། མངོན་སུམ་འདྲ་བར་གསལ་བར་འགྱུར།། དེ་ལ་གནས་ལ་དྲག་ཏུ་གདབ།། གཏུམ་པའི་ཁྲོ་བོ་སྤྲུལ་པ་སྟེ།། མནན་པའི་ལས་ཀྱང་དེ་བཞིན་བྱ། ། བརྡུང་དང་བཏབ་མནན་དེ་བསྒྲུབ་ཤིས།། རྡོ་རྗེ་འཛིན་པ་ཉིད་ཀྱང་ནི།། འཆི་བར་འགྱུར་བ་ཐོགས་མེད་ན།། གདུག་པའི་སེམས་ཅན་སྨོས་ཅི་དགོས།། ས་བདག་ཆེན་མོའི་དཀྱིལ་འཁོར་ནི།། དང་པོ་དམིགས་པ་གཙོར་བྱས་ནས། ། དེ་བསྒྲལ་དོན་དུ་ལས་འཇུག་བྱ།། སྟོང་ཉིད་ལ་སོགས་གསལ་བ་བལྟ།། ཡིད་བཞིན་ནོར་བུ་རིན་ཆེན་ལྟར།། ཐམས་ཅད་གསལ་བར་བཤད་པ་ཡིན།། གཞལ་ཡས་ཁང་པ་རབ་གསལ་བ།། དེ་ཡི་མཚན་ཉིད་བཤད་པར་བྱ། ། དབུས་སུ་མཐིང་ནག་འབར་བ་སྟེ།། དེ་ཡི་ཕྱི་རིམ་པད་འདབ་བཞི།། མཚམས་སུ་ཁྲོ་བོའི་རྡོ་རྗེ་འབར།། པད་འདབ་རེ་ལ་གྲུ་གསུམ་རེ།། ཕྱག་གང་ནང་དུ་གདན་གསལ་གདབ།། ཁྱམས་ལ་དུར་ཁྲོད་ཆེན་པོ་བརྒྱད། ། གྲུ་ཆད་ལ་ནི་མཆོད་པ་བཞག། ཐོད་པའི་གུར་བྱས་གསལ་བལྟས་ལ།། དབུས་སུ་བཅོམ་ལྡན་ཁྲག་འཐུང་ནི།། སྒོ་ང་ལས་སྐྱེས་ཚུལ་དུ་བསྐྱེད།། ཡབ་ཡུམ་རྗེས་སུ་ཆགས་པ་ལས།། སྦྱོར་བའི་བྱང་ཆུབ་སེམས་འཕྲོས་པས། ། སོ་སོར་རྟ་ཡི་རྟེན་དུ་ནི།། ཀུ་དང་ཕུ་དང་ཙ་དང་ནི།། ཀམ་རྣམས་ཡོངས་སུ་གསལ་བར་སྟོན།། དེ་ནས་གཙོ་བའི་སྐུ་ཉིད་ལས།། འོད་དང་བཅས་པའོ་སྒྲ་བརྗོད་པས།། སོ་སོའི་སྐུ་རུ་གསལ་བར་འཐོན། ། དེ་ལྟར་གསལ་བའི་དཀྱིལ་འཁོར་ལ།། དབང་དང་བྱིན་བརླབས་བསྐུར་བར་བྱ།། ཕྱོགས་བཅུའི་གནས་ནས་འོད་ཀྱིས་དྲངས།། བདག་མདུན་གནས་པར་དེ་བརྟགས་ལ།། དེ་ལ་མཆོད་པ་དབུལ་བ་ཡིན། ། མེ་ཏོག་ནག་པོ་དང་ལྡན་ཏེ།། ལྷ་བཤོས་ནག་པོ་དེ་བཞིན་ཏེ།། སྙིང་ཁྲག་སྙིང་རྩ་བཅས་པ་ཡིས།། དེ་ལ་བསྡམས་ལ་འཕྲིན་ལས་བཅོལ།། དགུག་དང་གཞུག་པའི་རིམ་པ་ཡིས།། གསལ་བར་གཞན་ལས་ཤེས་པར་བྱ། ། མཐར་གྱི་ལས་ལ་ནན་ཏན་བསྐྱེད།། ལས་མཁན་གསོད་པའི་དཀྱིལ་འཁོར་བསྐྱེད།། དང་པོ་བྱང་ཆུབ་མཆོག་སེམས་བསྐྱེད།། དེ་ནས་གསང་བ་གནས་དྲན་བྱ།། དེ་ནས་གསལ་བའི་དཀྱིལ་འཁོར་ནི། ། དབུས་སུ་མཐིང་ནག་གྲུ་གསུམ་བྲི།། ཐ་མ་ཐོད་པ་འབར་བས་བསྐོར།། དེ་ཡི་ཕྱི་རིམ་པདྨ་འདབ།། བརྒྱད་པ་འཕྲེང་གཉིས་བསྐོར་བར་བྱ།། དེ་ལ་བརྒྱད་བསྣན་ཉི་ཤུ་བཞི།། ཕྱོགས་རེ་དྲུག་དྲུག་ཡོད་པར་འདོད། ། སྒོ་བཞིར་སྒོ་མ་བཞི་རྣམས་ལ།། དེ་ལྟར་པདྨ་ཉི་ཤུ་བརྒྱད།། དེ་སྟེང་ཞིང་རེ་བསམ་པར་བྱ།། དབུས་སུ་ཁྲག་འཐུང་རྒྱལ་པོ་ལ།། ཤེས་རབ་མ་ཡིས་ཡོངས་སུ་བརྒྱན།། ཡབ་ཡུམ་བྱང་ཆུབ་སེམས་དེ་ལས། ། འོད་འཕྲོས་སོ་སོའི་གནས་དག་ཏུ།། རང་རང་ས་བོན་དག་ཏུ་བརྟག། དེ་ལས་ཡོངས་སུ་རྫོགས་བསྐྱེད་པ།། སྔགས་ཀྱི་སྒོ་ནས་གསལ་བ་ལས།། གཞན་ནས་གསལ་བའི་རང་བཞིན་མེད།། འདི་ལྟའི་མི་ལས་ལྷག་པར་བསྐྱེད། ། མ་ནུ་རཀྴ་སི། པྲ་མ་ནི། རེའུ་དྲི། པྲེ་ན་ཕྱི། ཀོ་མ་རི། ཨིཎྜ་ཡ། བཛྲ་པིང་ཀ་ལཾ།། ཨ་མྲྀ་ཏ་མ། སོའུ་ཉ། དྷ་ན་དཾ། རཀྴ་སི། བག་ཤ་སི། ན་ཏིཔྲཾ། ར་ཏི་ར་མ་ཏི། ཨེ་ཀ་ཙ་ར་མ། མ་མོ་ཧ་ར་མ། སིདྡྷི་ཀཾ། བ་ཡ་ནི། མ་ར་ནི། ཨག་ནེ་ཡེ། བ་ར་ཧི། ཙ་མུན་ཏི། པུ་ཏ་ན། ཙཀ་ཀ་མ་ལ། ཙག་ཤུ་ནི། སུམ་པ་གར་ན། ལམ་པོདྷ་ར་མ། བྷྱོ་ཡིས་ཀུན་ལ་རབ་ལྡན་པས།། སྐུ་ཉིད་ཡོངས་སུ་རྫོགས་པར་བསྐྱེད།། དེ་ཡི་སྐུ་ཡང་འདི་ལྟ་སྟེ། ། ཤར་གྱི་པདྨ་དང་པོ་ལ།། སྨུག་ནག་ཐོད་རློན་ཕྱག་གཉིས་འཛིན།། དཀར་མོ་ཕྱག་གཉིས་པདྨ་འཛིན།། དཀར་ལྗང་ཏྲི་ཤུལ་རྩེ་གསུམ་ལ།། ཕྱག་གཉིས་ཀྱིས་ནི་འཕྱར་བར་མཛད།། སྔོན་ག་ལག་ན་འཁོར་ལོ་འཛིན། ། དམར་མོ་ལག་ན་མདུང་ཐུང་འདེབས།། དཀར་མོ་ཨནྜི་ལག་གཉིས་གདེངས།། ཤར་གྱི་པདྨའི་འདབ་མ་གནས།། བགྲད་པའི་སྟོབས་ཀྱིས་གནས་པའོ།། ལྷོ་ཡི་ཕྱོགས་སུ་བསམ་བྱ་བ། ། དམར་མོ་པདྨ་རཀྟས་བཀང།། འཁྲུག་ཅིང་གསོལ་བའི་རང་བཞིན་ཅན།། དམར་སེར་ལག་ན་བུམ་པ་འཛིན།། དཀར་མོ་པདྨ་དཀར་མོ་འཛིན།། ལྗང་ནག་རྡོ་རྗེ་དབྱུག་པ་འཛིན།། སྨུག་ནག་བནྡྷ་རྡོ་རྗེ་འཛིན། ། སྔོ་ནག་སྟིར་བསུ་འདྲེན།། ནུབ་ཀྱི་ཕྱོགས་སུ་བསམ་བྱ་བ།། དམར་མོ་ཟངས་ཀྱི་བནྡྷ་བསྣམས།། དཀར་མོ་ལག་ན་གཤོལ་འཛིན་མ།། དམར་སྐྱ་ལག་ན་གྲི་གུག་བསྣམས།། དཀར་མོ་ལག་གཉིས་མདའ་གཞུ་འགེངས། ། དཀར་སེར་ལག་ན་གཏུན་འཁྲུགས་བསྣམས།། སྔོ་ནག་ལག་ན་བནྡྷ་བསྣམས།། བྱང་གི་ཕྱོགས་སུ་བསམ་བྱ་བ།། སྨུག་ནག་ལག་ན་རལ་གྲི་བསྣམས།། དམར་སེར་ལག་ན་སྲེགས་ཤིང་བསྣམས། ། ནག་མོ་རྡོ་རྗེ་མཆེ་བ་འཛིན།། སྨུག་ནག་ཞིང་ཆུང་བསུ་འདྲེན།། དཀར་མོ་བནྡྷ་ཐོད་ཁྲལ་འཐུང།། སྔོན་མོ་ལག་ན་སྦྲུལ་ཞགས་འཛིན།། སྒོ་བཞིའི་གནས་སུ་བསམ་བྱ་བ།། སྔོ་ནག་ལག་ན་ལྕགས་ཀྱུ་འཛིན། ། སེར་ན་ག་ལག་ན་ཞགས་པ་འཛིན།། དམར་ནག་ལག་ན་ལྕགས་སྒྲོགས་འཛིན།། ལྗང་ནག་ལག་ན་དྲིལ་བུ་བསྣམས།། དེ་ལྟར་དཀྱིལ་འཁོར་བསལ་ལྟ་བ།། དཀར་དང་དམར་བའི་རང་བཞིན་དང།། སྔོ་དང་ལྗང་ཁུའི་རང་བཞིན་དུ། ། མཁས་པས་བརྟགས་པའི་རང་བཞིན་ཤེས།། དེ་ལྟར་དཀྱིལ་འཁོར་རྫོགས་པ་དང།། རང་བཞིན་གྲུབ་པའི་གནས་ནས་ནི།། སྔགས་ཀྱིས་རང་དབང་མེད་པར་བོད།། རང་བཞིན་གནས་ནས་དེར་བྱོན་ནས། ། དེ་ལ་དམ་ཚིག་རབ་བདར་ལ།། སྲོག་རྩ་དམར་པོས་གཞི་བྱས་ནས།། ཁྲག་སྣ་ཚོགས་དང་ཤ་སྣ་ཚོགས།། བ་ལང་ཤིང་ཀུན་རྫས་ཀྱིས་སྤྲས།། མེ་ཏོག་སྣ་ཚོགས་པ་ཡིས་མཆོད། ། རྫས་རྣམས་སྟོབས་ལ་ལས་རྣམས་བཅོལ།། དེ་ནས་གནས་དག་ཏུ་བསྟིམ།། དེ་ལ་མཆོད་པ་ལ་སོགས་བསྟབ།། དེ་ནས་བསྟོད་བྱ་བཟླས་པ་བྱ།། ལྕགས་མདུང་ཟངས་ལ་ཕུར་པ་བདུན།། དུང་དང་སེང་ལྡེང་དེ་བཞི་ལ། ། བསྐྱེད་དང་བྱིན་བརླབས་དེ་བཞིན་བྱ།། དེ་ལ་སྔགས་ཀྱི་ཚིགས་མི་དང།། རྩ་བས་དེ་བཞིན་ཤེས་པར་བྱ།། བཟླས་པས་མཚན་མ་བྱུང་བ་དང།། ལས་ལ་སྦྱར་བ་ཤེས་པ་ཡིན།། འབྲུ་སྣ་ཚང་བའི་མཚན་མ་ལ། ། མིང་དང་རུས་གཉིས་གླན་བྱས་ལ།། བསྟིམ་དང་དགུག་དང་བྲེད་བྱ་བ།། ཡང་དང་ཡང་དུ་བྱ་བ་ཡིན།། གོང་མ་ཉི་ཤུ་རྩ་བརྒྱད་དུ།། གདུག་པའི་ཤིང་ལ་མེ་སྤར་ལ།། གཟུགས་ཀྱི་དུམ་བུ་བསྲེག་པར་བྱ།། དེ་ཡིས་སངས་རྒྱས་ཉིད་ཀྱང་འཆི། ། ཁམས་གསུམ་སྐྱེ་བོ་སྨོས་ཅི་དགོས།། མྱུར་དུ་བསད་པའི་ལས་ཐབས་ཡིན།། དབང་མཆོག་སོ་སོར་བསྐུར་བ་ཡིན།། སྐུ་གསུང་ཐུགས་ཀྱི་ཁྱད་པར་ལས།། སྐུ་དང་ཡིག་འབྲུ་སོ་སོ་ཡི། ། བྱེ་བྲག་རྣམས་སུ་ཤེས་པར་བྱ།། ཁྲི་དང་ཁྲི་ཕྲག་གཉིས་དང་ནི།། སྟོང་དང་སྟོང་རྩ་བརྒྱད་དུ་ནི།། བཟླས་པའི་གྲངས་རྣམས་ཚང་བྱས་ལ།། ལས་ཀྱི་མཚན་མ་བརྟག་པར་བྱ།། སྐུ་དངོས་སྒྲ་དང་རླུང་སྒྲ་དང། ། དྲི་དང་སྦྱུག་པ་འབྱུང་བ་དང།། འཁོར་མངས་སྟོན་ཅིང་མདངས་དང་བཅས།། གླུ་དབྱངས་ལེན་ཅིང་གར་བྱེད་དང།། རྒྱུག་ཅིང་འོ་དོད་འབོད་པ་དང།། ལོག་པར་སྤྱོད་ཅིང་ཁས་ལེན་པ།། འདི་ནི་འདོད་པ་ཡིན་པར་ཤེས། ། ངུ་ཞིང་ངོ་འཛུམ་བཟློག་པ་དང།། མཛོ་མོ་སྦྲང་མོའི་ཚུལ་གནས་དང།། འདོད་པས་འདྲིད་ཅིང་བྲང་ལ་ཉུག། མཚན་མ་སྟོན་ཅིང་འཛུབ་པ་ནི།། རྐང་པ་ཕུད་ཅིང་ཁྲག་འཛག་སྟོང།། འོད་དང་མེ་ཡི་རང་བཞིན་རྣམས། ། མི་འདོད་པ་ཡི་རིམ་པ་ཡིན།། དེ་ལྟར་རྟགས་དང་བཅས་པ་ཡིས།། ལས་ཀྱི་བཞི་པོ་བསྒྲུབ་པར་བྱའོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་གྱི་མདོ་ཞེས་བྱ་བ་ལས། མ་མོ་སོ་སོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། འདི་སྐད་ཅེས་ནི་གསོལ་བ་བཏབ།། ཀྱེ་ཀྱེ་ཐབས་མཁས་ཐུགས་རྗེ་ཅན། ། ཀྱེ་ཀྱེ་སྔགས་ཀྱི་བདག་ཉིད་ཆེ།། ཀྱེ་ཀྱེ་ཡོན་ཏན་བསམ་མི་ཁྱབ།། སྐུ་གསུང་ཐུགས་ཀྱི་གསང་ཆེན་པོ།། ཐམས་ཅད་ཁྱོད་ལས་བྱུང་ལ་འདུད།། ཡང་དག་དོན་ཆེན་ཁྱོད་ལ་འདུད།། དཔའ་བོ་ཆེན་པོ་ཁྱོད་ལ་འདུད། ། སོ་སོའི་རང་བཞིན་བྱེད་ལ་འདུད།། དཀྱིལ་འཁོར་རྣམས་ནི་གསུང་ལགས་ན།། རྣལ་འབྱོར་ལས་ལ་སྦྱོར་བ་ལ།། དེ་ལ་ཏིང་འཛིན་མི་འཚལ་ལམ།། སོ་སོའི་ཏིང་འཛིན་བྱེ་བྲག་ཅི།། སྔགས་ཀྱི་བདག་པོས་བཤད་དུ་གསོལ། ། དེ་སྐད་ཅེས་གསོལ་པ་དང།། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུའིཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། རྣམ་འབྱོར་ལས་ལ་སྦྱོར་བ་ལ།། སོ་སོའི་ཏིང་འཛིན་ཁྱད་པར་གཅེས། ། ངེས་དབང་ཞུ་བ་ལེགས་སོ་ལེགས།། སོ་སོའི་ཏིང་འཛིན་ངས་བཤད་ཀྱིས།། ཀརྨ་ཧེ་རུ་མ་ཡེངས་ཉོན།། སོ་སོའི་ཏིང་འཛིན་མེད་པའི་མིས།། ལས་ལ་སྦྱར་ཡང་དོན་མེད་འགྱུར།། དེས་ན་ང་ཡིས་དབྱེ་བར་བྱ། ། དང་པོ་ཚངས་པའི་གནས་དྲན་བྱ།། གཞི་དང་བཅས་པའི་ཏིང་འཛིན་ཏོ།། དེ་ལ་སྟོང་པ་ཆེན་པོ་སྟེ།། མི་དམིགས་པ་དང་བཅས་པར་བྱ།། དེ་ནས་གསལ་བའི་ངང་ཉིད་ལས།། ཐམས་ཅད་གནས་དང་བཅས་པར་དམིགས། ། དམིགས་དང་བཅས་པ་བསྒྲུབ་པ་ཡི།། ཏིང་འཛིན་ཡིན་པར་ཤེས་པར་བྱའོ།། རི་རབ་ཆེན་པོའི་རང་བཞིན་ལས།། དེ་འོག་དམིགས་པ་བཅས་པ་ནི།། མནན་པའི་གཞི་ཆེན་སྒྲུབ་པ་ཡིན། ། དེ་ནས་བདག་ཉིད་འོག་གནས་པ།། ཟིལ་གྱིས་གནོན་པའི་གཞི་ཆེན་སྒྲུབ།། ཏིང་འཛིན་ཡིན་པར་ཤེས་པར་བྱའོ།། དེ་ནས་སྲས་མཆོག་གནས་པའི་ཚེ།། ཆོས་དབྱིངས་བསྒྲུབ་པའི་ཏིང་འཛིན་ཡིན།། སྲས་མཆོག་གསང་བ་ཉིད་ཤུ་གཅིག། དགུའམ་ཡང་ན་ཉི་ཤུ་བརྒྱད།། ལྔ་འམ་གསུམ་དུ་ཤེས་པར་བྱ།། དེ་ནི་སྒྲོལ་བའི་ཏིང་འཛིན་ཏེ།། ཆོས་ཀྱི་དབྱིངས་ལས་བྱུང་བར་ཤེས།། རྫས་ཀྱི་ཕུར་པ་གཞལ་ཡས་ཁང།། དེ་ལ་ཁྲག་འཐུང་ཚོགས་ཀྱིས་རྒྱས། ། མཆོད་འབུལ་རྒྱན་གྱིས་རབ་བསྐུལ་བས།། འོད་ཞུ་བྱང་ཆུབ་སེམས་སུ་གྱུར།། སོ་སོའི་བྱེ་བྲག་རྣམས་སུ་རྟགས།། ཕྱི་ནང་གསང་བའི་དབང་ཡང་བསྐུར།། ཡེ་ཤེས་ལྔ་ཡིས་བྱིན་གྱི་བརླབ། ། སྐུ་གསུང་ཐུགས་སུ་བྱིན་བརླབས་བསྐྱེད།། དེ་ལ་ཡེ་ཤེས་དབབ་པ་ཡིས།། ཡང་དང་ཡང་དུ་བྱིན་བརླབས་བྱ།། ཕུར་པ་བསྐྱེད་པའི་ཏིང་འཛིན་ཡིན།། ཧཱུཾ་ཉིད་ཐུགས་ཁར་རབ་བཞག་ལ།། མཐའ་མ་བཟླས་པ་སོ་སོ་ཡི། ། སྙིང་པོ་གང་ཡིན་དེ་བསྐོར་བྱ།། དེ་ནས་སྤྲས་ལ་དེ་བཞིན་དེ།། འོད་ཀྱིས་གཟི་བྱིན་བསྐྱེད་པ་དང།། གཉིས་པས་ཞར་འབྱུང་ལས་གང་འགྲུབ།། གསུམ་པས་དེ་དབང་འགྱུར་བ་ཡིན།། དེ་ནི་བཟླས་པའི་ཏིང་འཛིན་ཡིན། ། དེ་ནས་མཚན་མ་རྣམ་པ་གསུམ།། བསྙེན་སྒྲུབ་དུས་སུ་འབྱུང་བ་ཡིན།། དྲག་པོའི་རྟགས་ནི་རྣམ་པ་གསུམ།། དེ་འབྱུང་དུས་ན་གདབ་པར་བྱ།། སྔོན་ལ་བྱ་བའི་རིམ་པ་ནི།། རྣལ་འབྱོར་རྩལ་དང་ལྡན་པ་ཡིས། ། དྲག་པོའི་སྔགས་ནི་མང་དུ་བཟླས།། དེ་ནས་གསལ་བ་རྣམ་གསུམ་བྱས།། གཡས་གཡོན་ཁྲོ་བོ་ལེགས་བཟུང་ལ།། རྡོ་རྗེ་སྡེར་མོའི་སྔགས་ཀྱིས་གདབ།། བདུན་ནམ་ཉི་ཤུ་རྩ་གཅིག་གིས།། སོ་སོའི་རང་གནས་དག་ཏུ་གདབ། ། དེ་ཡི་ལས་ལ་བྱིན་ཡོད་པར།། དེ་རྣམས་ལ་ཡང་སྔགས་མང་བཟླས།། དེ་ལ་བསྐུལ་བས་འདི་སྐད་དོ།། དམ་ཚིག་ཆེན་པོའི་དུས་ལ་བབ།། གསོད་པ་ལས་བྱ་དུས་ལ་བབ།། སྤྲུལ་པ་བཏང་བའི་དུས་ལ་བབ། ། དགུག་ཅིང་བཅིང་བའི་དུས་ལ་བབ།། མནན་ཅིང་གཟིར་བའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་ཆེན་པོའི་དུས་ལ་བབ།། ཤོ་ན་མུ་ཁའི་དུས་ལ་བབ། ། བདག་ཉིད་ཅེན་པོའི་དུས་ལ་བབ།། ས་བདག་ཆེན་མོའི་དུས་ལ་བབ།། དུར་ཁྲོད་མ་མོའི་དུས་ལ་བབ།། སྤྲུལ་པ་མ་མོའི་དུས་ལ་བབ།། གསོད་པ་ལས་མཁན་དུས་ལ་བབ།། མཐུ་རྩལ་དབྱུང་བའི་དུས་ལ་བབ། ། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ།། སྔོན་ཆད་ཇི་བཞིན་ཞལ་མཆེས་པ།། དུས་འདིར་མ་རུངས་ལས་རྣམས་གྱིས།། ལས་རྣམས་ཁྱེད་ཀྱིས་མ་བྱས་ན།། ལུས་ངག་ཚིག་ནས་དམྱལ་བར་འགྲོ།། དེ་བས་དམ་ལ་གནས་གྱིས་ལ། ། དྲག་པོའི་འཕྲིན་ལས་མ་ལུས་དང།། ཇི་ལྟར་བཅོམ་བའི་ལས་རྣམས་ཀུན།། ཁྱེད་ཀྱིས་མྱུར་དུ་མཛད་དུ་གསོལ།། ཧཱུཾ་ལས་ཀྱི་རྡོ་རྗེ་འཁོར་དང་བཅས།། འཇིག་རྟེན་ཁམས་ནི་རབ་འབྱམས་སུ། ། ལོག་པའི་ལྟ་བའི་སེམས་ཅན་ཀུན།། སྐད་ཅིག་ཡུད་ལ་མནན་པར་ཤོག། སྦད་ཅིང་མནན་པའི་ཏིང་ངེ་འཛིན།། རིམ་པ་ཡིན་པར་ཤེས་པ་ར་བྱའོ།། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷ་འམ་འོན་ཏེ་བདུད་ཀྱང་རུང། ། ང་ལ་བར་ཆད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། མཐུ་རྩལ་དབྲོག་པའི་ཏིང་གི་འཛིན།། འདི་ནི་ཡིན་པར་ཤེས་བྱའོ།། རྡོ་རྗེ་ཁྲོ་བོ་ཚོགས་བཅས་རྣམས།། བཀའ་ཡི་ལས་མཁན་ཁྱེད་རྣམས་ཀུན། ། དམ་ཚིག་ཆེན་པོའི་དུས་ལ་བབ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དུས་གསུམ་རྒྱལ་བའི་གདུང་འཚོབ་པ།། རིགས་འཛིན་བདག་ཅན་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས། ། བདུད་དང་བར་དུ་གཅོད་པ་རྣམས།། ལྷ་ཚོགས་ཉིད་ཀྱི་བྱིན་བརླབས་ཀྱིས། ཀ། ཡུད་ཙམ་གྱིས་ནི་བཀུག་ནས་ཀྱག།། མངོན་སྤྱོད་ཚུལ་བཟིན་བསྒྲལ་བ་དང།། ལུས་ངག་རྫུལ་དུ་བཤིག་ནས་ནི།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། ། དགུག་པའི་ཏིང་ངེ་འཛིན་ཞེས་བྱའོ།། སྤྱི་ཡི་ལས་སུ་བསྟན་བྱ་བ།། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ།། དག་པོ་སྤྱི་ཡི་བསྐུལ་བ་སྟེ།། སོ་སོའི་ལས་ལ་བཏང་བྱ་བ།། རྡོ་རྗེ་ཚིག་ཏུ་འདི་སྐད་བརྗོད། ། དངོས་གྲུབ་བར་ཆད་བྱེད་པའི་བདུད།། གདུག་ཅིང་སྡང་སེམས་བྱེད་པ་རྣམས།། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས།། གཏོགས་ཤིང་གྲོགས་དང་བྲལ་བར་གྱིས།། རིངས་པར་ཁུག་ལ་སྨྲར་ཆུ་གཅིག། ཕོབ་ཅིག་རྣམ་པར་གཟིར་བར་གྱིས།། ང་ཡི་དབང་དུ་གྱུར་ནས་སུ།། བསྒོ་བའི་བཀའ་རྣམས་ཉན་པར་གྱིས།། སྤྱི་ཡི་བསྐུལ་བའི་ཏིང་ངེ་འཛིན་ནོ།། ཡེ་ཤེས་ཆེན་པོའི་ལུས་གང་ལ།། ཉོན་མོངས་མི་གནས་གནས་དག་བྱས། ། གསལ་བ་གསུམ་གྱི་ལས་ཡིན་ཏེ། ཉོངས་མོངས་སྦྱངས་བའི་ཏིང་འཛིན་ཡིན།། གནས་བཅས་རང་ཉིད་བྱང་ཆུབ་སེམས།། ཡང་དག་ཉིད་དུ་གནས་བཅས་ནས།། གསལ་བ་གསུམ་གྱི་དཀྱིལ་འཁོར་དེས། ། འོད་ཀྱིས་བླངས་ནས་ནམ་མཁའ་ལ། གནས་པའི་ཧཱུཾ་ཆེན་རབ་བཞེངས་ནས།། བདག་དང་གཉིས་སུ་མེད་པར་བྱས།། སྐུ་གསུང་ཐུགས་དང་ལྡན་པའོ།། ཚེར་གནས་ཆེན་པོའི་ཏིང་འཛིན་ཡིན། ། རྡོ་རྗེ་འཕྲ་མེན་ཚོགས་རྣམས་ལ།། རྡོ་རྗེ་ཚིག་ཏུ་འདི་སྐད་བརྗོད།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། སྔོན་གྱི་ཐ་ཚིག་བཅས་པ་བཞིན།། མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། ། ཁས་བླངས་ཚུལ་བཞིན་མ་བྱས་ན།། སྙིང་ཁྲག་ཁྲག་འཐུང་གིས་རྔུབས་ཏེ།། སྨུག་ནག་འབར་བས་ཚིག་པར་ངེས།། ཐུན་གྱི་ཏིང་འཛིན་ཞེས་བྱའོ།། དེ་ནས་སྤྲུལ་པའི་ཚོགས་བཅས་ཀུན།། གཏུབ་པའི་ལས་ལ་བསྐུལ་ནས་ནི། ། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། རྡོ་རྗེ་བཀའ་ལས་འདའ་མ་བྱེད། ། ལུས་པོ་མི་དམིགས་རབ་བརླག་པར།། ལས་གཉིས་ཚུལ་གྱིས་བསམ་པ་ཡིན།། དེ་ཡང་སྐབས་ལས་ཤེར་པར་བྱའོ།། གཏུབ་པ་རྒྱུན་གྱི་ཏིང་འཛིན་ཡིན།། མི་གནས་ཕུང་པོ་ལྷག་མེད་པའི། ། ཡོངས་སུ་མྱ་ངན་འདའ་བའི་ཕྱིར།། རྡོ་རྗེའི་ཚིག་ཏུ་འདི་སྐ་བརྗོད།། ནམ་མཁའི་ཁྲོ་བོ་ཞལ་གདངས་སུ།། གདུག་ཚོགས་འགྲོ་ཀུན་ཡུད་ལ་བཏབ།། རྔམ་སྟོབས་ཁྱེད་ཀྱིས་ཡུད་ལ་གསོལ།། རོལ་པས་དགྱེས་པའི་གད་རྒྱངས་སྒྲོགས། ། མེ་འབར་ལྕགས་ཀྱུ་འབར་བ་ཡིས།། གཉིས་མེད་ཁྲོ་བོའི་ཞལ་དུ་བསྡུས།། ཡེ་ཤེས་ཁོང་གི་ཆེན་གྱིས།། རབ་ཏུ་ཟོ་ལ་མྱུར་དུ་བསྲེགས།། ཕུང་པོ་ལྷག་མ་མེད་པར་བྱས།། ལས་ལ་འབྲས་བུ་ཡོད་ཅེས་བྱའོ། ། བསྟབ་པ་རྒྱུན་གྱི་ཏིང་འཛིན་ཡིན།། གཉིས་མེད་ཡེ་ཤེས་ནམ་མཁའ་ཆེ།། སྦྱོར་བའི་བྱང་ཆུབ་སེམས་གང་དེ།། འཁྲུལ་པའི་སེམས་ཅན་དབང་བསྡུའི་ཕྱིར།། བདག་ཉིད་ལས་སྤྲུལ་ལས་ཀྱི་ལྷ། ། བསྐུལ་བ་གནས་ནས་དྲག་ཏུ་གདབ།། སྲོག་རྩ་བཅད་པར་བསམ་ནས་ནི།། བསྟོད་ཅིང་ཟ་བའི་རང་བཞིན་ཏེ།། འདི་ཡང་གདབ་པའི་ཏིང་འཛིན་ཡིན།། བསྟན་པའི་རང་རང་ཚུལ་འཆང་བ།། རྦད་པ་བསད་པའི་སྔགས་རྣམས་ཀུན། ། འདི་དུས་དྲག་པོའི་ལས་ཡིན་པས། དྲག་པོའི་བཟླས་པ་བྱས་ལ་གདབ།། སྲས་ལྔ་བླངས་ལ་བསྟོད་ལ་གདབ།། དེས་ཀྱང་བསད་པར་ལྷག་པར་འཇེབ།། འདི་ཡང་གདབ་པའི་ཏིང་འཛིན་ཡིན། ། སྲས་དགུ་བླངས་ལ་རབ་བསྟོད་ནས།། འདི་ཡི་ལས་ཀྱི་མཁན་པོ་ཡང།། མངག་པ་བྱས་ཏེ་རབ་གསལ་བྱ།། དེ་ལ་ལན་གྲངས་ཉི་ཤུ་གཅིག། གདུག་པའི་སྔགས་ཆེན་རབ་བླངས་ལ།། དེ་ནས་དྲག་པོར་བཟླས་ནས་ནི། ། གནས་སུ་ཙ་བ་དག་སྒྲོགས་གདབ།། དེ་ཡང་གདབ་པའི་ཏིང་འཛིན་ཡིན།། དེ་ནས་གསང་བའི་ལས་ཅན་དེ།། སྲས་མཆོག་ཕུར་པ་ལྔས་བླངས་ལ། དེ་བསྟོད་ཐུགས་ལས་གསུངས་མཆོག་སྟོན།། དེ་ཡིས་རབ་ཏུ་ཁྲོས་པའི་སེམས། ། ཞེ་སྡང་བསྐྱེད་ལ་གདབ་པར་བྱ།། དེ་ཡི་རྩ་རྒྱུན་བརླག་པར་འགྱུར།། དེ་ནས་ལས་མངོན་བསྙེན་དུས་སུ།། མཐར་གྱི་ལས་གང་བྱ་བ་ཡིན།། འདི་ཡང་གདབ་པའི་ཏིང་འཛིན་ཡིན། ། དེ་ནས་ལས་ལ་སྦྱོར་བའི་དུས།། སྲས་མཆོག་གསུམ་རྣམས་བླངས་ནས་སུ།། བསྟོད་པ་དག་ནི་བྱས་ནས་སུ།། ཐུགས་ཀྱི་རྡོ་རྗེ་རབ་བསྟོན་ལ།། དེ་ཡིས་གནས་གསུམ་དག་ཏུ་གདབ།། དེ་ཡིས་ལྷ་ཡང་བརླག་པར་འགྱུར། ། འདི་ཡང་གདབ་པའི་ཏིང་འཛིན་ཡིན།། དེ་ནས་སྲས་མཆོག་བདུན་བླངས་ལ།། བསྐུལ་བས་ཡང་དང་ཡང་བྱས་ཏེ།། གནས་བདུན་བཞུགས་སུ་གསོལ་བའམ།། དེ་ཡང་ཉི་ཤུ་བརྒྱད་ཀྱིས་ནི།། བཟླས་གྲངས་ཚང་ནས་གདབ་པར་བྱ། ། དེ་ཡི་གནས་ཆེན་བསྟན་པ་ནི།། གཞལ་ཡས་འབྱུང་བའི་རང་བཞིན་ཏེ།། ཉི་ཤུ་རྩ་གཅིག་དེ་བཞིན་ཏེ།། པུས་མོ་གཉིས་དང་རྐང་པ་གཉིས།། གཅོད་པའི་རང་བཞིན་གཙོ་བོའི་གནས། ། བཅུད་ཀྱི་གནས་སུ་དེ་བཞིན་གདབ།། བཏབ་པས་ལྷ་ཡང་བརླག་འགྱུར་ན།། སེམས་ཅན་རྣམས་ལ་སྨོས་ཅི་དགོས།། དེ་ཡང་གདབ་པའི་ཏིང་འཛིན་ཡིན།། རླུང་གི་ལྕགས་ཀྱུར་བདེ་བའི་གནས།། ཕོ་དང་མོའི་གཤག་ཕྱེ་ནས། ། གང་དང་གང་གི་གནས་རྣམས་དེར།། མཆོད་ཕུར་ངེས་པར་དབང་བྱས་ནས།། ཡུལ་གྱིས་མ་གའི་ལས་རྣམས་དེ།། རྒྱ་མཚོ་གཏིང་ནས་རི་རབ་རྩེར།། ཐོགས་པ་མེད་པར་ཁྲིད་དེ་འོང།། རང་བྱུང་ནས་ནི་འོང་བ་དང། ། འཁོར་དང་བཅས་ཏེ་འོང་བ་དང།། གནས་པར་བྱ་བའི་འོག་ཏུ་ནི།། རླུང་གི་འཁོར་ལོ་རྣམས་སྤྲུལ་ལ།། ཕྱོགས་རྣམས་ཀུན་ནས་བསྐུལ་བར་བྱ།། ཐང་ཅིག་ཡུད་ཀྱིས་རབ་བཏེག་ལ།། འོད་ཀྱི་གཟེ་མས་བསྐུལ་ནས་ནི། ། དེ་ཡི་འཁོར་དང་བཅས་པ་ནི།། རང་བཞིན་གྲུབ་པའི་གནས་སུ་གཞུག། དེ་ཡི་དཀྱིལ་འཁོར་བསྟན་པ་ནི།། མཐིང་ནག་ཁྲོས་བ་ཟུར་གསུམ་ལྷ།། དེ་ཡི་གནས་སུ་བསམ་པའི་ལྷ།། ཡེ་ཤེས་ལ་སོགས་འབར་བའི་ཚོགས། ། ཕྱོགས་དང་མཚམས་དང་སྟེང་དང་འོག། ཆོས་ཀྱི་དབྱིངས་ལས་རང་བཞིན་གྲུབ།། དེ་ཡིས་གང་ལ་བསྐྱོད་པར་ནུས།། ལས་མཁས་དེ་ཡིས་བསྐུལ་བ་ཡིས།། མངག་པའི་ས་ཕྱོགས་གང་དང་གང། ། དམིགས་པའི་ཡུལ་རྣམས་དེ་དང་དེ།། ཐང་ཅིག་ཡུད་ཀྱིས་སྤྱན་ཡང་འདྲེན།། དེ་ནས་རང་འབྱུང་གཞལ་ཡས་སུ།། སེམས་ཅན་དོན་ལ་གཏན་ཞུགས་ལ།། དེ་ནས་རྣམ་པར་སྣང་མཛད་མཉེས། ། ལྷ་མོ་ཚོགས་ཀྱིས་སྐུ་ལ་འཁྲིལ།། དེ་ལ་གདུག་པ་ཕུལ་བ་ཡིས།། སེམས་ཅན་དོན་ལ་གནས་སུ་གཤེགས།། དེ་བཞིན་རིམ་པས་ཡང་བསྒྲུབས་པས།། ལྷག་མ་མེད་པར་རྫོགས་པར་འགྱུར།། འདི་ནི་གསང་བའི་གནས་དང་ནི། ། སྤྱན་དྲངས་པ་ཡི་ཏིང་འཛིན་ཡིན།། ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ།། རཾ་ལས་གྲུ་གསུམ་མེའི་དཀྱིལ་འཁོར།། ཨ་ལས་པདྨའི་སྣོད་ཡིན་ཏེ།། ནང་དུ་བསམ་པར་བྱ་བ་ནི།། གླང་པོ་རྟ་དང་རྨ་བྱ་དང། ། ནམ་མཁའ་ལྡིང་དང་ཀུ་ཀུ་རུ།། ཟླ་བ་ཉི་མ་ཆུ་སྨན་དྲི།། ཡིག་འབྲུ་ལྔ་ཡང་བསམ་པར་བྱ།། དེ་ལས་ཡོངས་སུ་རྫོགས་པ་ཡི།། ཧཱུཾ་ལས་རྡོ་རྗེ་རབ་འཁྲུགས་ཏེ།། ཐབས་དང་ཤེས་རབ་ལས་བྱུང་བའི། ། གཉིས་མེད་བདུད་རྩི་དམ་པ་དེས།། བདག་དང་གཞན་གཉིས་རྒྱས་པར་བྱའོ།། བདུད་རྩི་བྱིན་བརློབ་ཏིང་འཛིན་ཡིན།། ནམ་མཁའ་རྡོ་རྗེ་དཀྱིལ་ཡངས་སུ།། ཧཱུཾ་ལས་ཡོངས་བསྒྲུབ་བསྒོམ་པར་བྱ།། དེ་ཡི་ལྟེ་བར་བསམ་བྱ་བ། ། ལཾ་ལས་རི་རབ་ཡོངས་གྲུབ་པའི།། གཞན་ཡས་དམ་པ་བསམ་པར་བྱ།། དེ་སྟེང་ཧཱུཾ་ལས་ཡང་དག་གསལ།། དེ་སྟེང་ཉི་མའི་དཀྱིལ་འཁོར་ལ།། ལས་ཀྱི་འཁོར་ལོ་རྫོགས་པར་བསྐྱེད། ཟིལ་གྱིས་གནོན་པའི་ཏིང་འཛིན་ཡིན། ། དེ་ལྟར་ཏིང་འཛིན་རྣམས་གསལ་བས།། འདི་ཡིས་མི་འགྲུབ་གང་ཡང་མེད།། མི་བྱ་བ་ནི་གང་ཡང་མེད།། ཐམས་ཅད་དོན་ལ་དེ་ཉིད་འབྱོར།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་མདོ་ལས། ། ཏིང་དེ་འཛིན་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ཡང་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། ཕྱི་ནང་མཆོད་པས་མཉེས་པར་བྱས། ། བསྐོར་བ་ལན་གསུམ་བྱས་ནས་ནི།། འདི་སྐད་ཅེས་ནི་གསོལ་བ་གདབ།། ཨེ་མ་ཧོ་ཐམས་ཅད་འབྱུང་གནས་གཙོ།། བདེ་བ་ཆེན་པོའི་འབྱུང་གནས་གཙོ།། བདེ་བ་ཆེན་པོའི་གནས་ཆེན་པོ།། ཁྱབ་གསལ་དྲི་མེད་ནམ་མཁའ་འདྲ། ། གོས་མེད་པདྨ་དག་པའི་གསུང།། སྤྲོ་མེད་ཐུགས་ལ་ཐམས་ཅད་འབྱུང།། གསང་ཆེན་རྒྱལ་པོ་ཁྱོད་ལ་འདུད།། གསང་བའི་སྣོད་ལྡན་ཁྱོད་ལ་འདུད།། སྔགས་ཀྱི་རྒྱལ་པོ་ཁྱོད་ལ་འདུད། ། རྣལ་འབྱོར་ལས་ལ་སྦྱོར་བ་ལ།། ཏིང་འཛིན་བྱེ་བྲག་གསུམ་ལགས་ན།། འདི་ལ་སྔགས་རྣམས་མི་འཚལ་ལམ།། སྔགས་ལ་ཡིད་ཆེས་མི་འཚལ་ལམ།། དང་པོ་སྔགས་འདི་ཇི་ལྟར་བྱུང།། སྔགས་བཏུ་བ་ནི་ཇི་ལྟར་ལགས། ། གསང་ཆེན་བདག་པོས་བཤད་དུ་གསོལ།། དེ་སྐད་ཅེས་གསོལ་པ་དང།། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུའི་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། རྣལ་འབྱོར་ལས་ལ་སྦྱོར་བ་ལ། ། སྔགས་ཀྱི་དོན་ཉིད་ཤིན་ཏུ་གཅེས།། འདྲི་བར་བྱེད་པ་ལེགས་སོ་ལེགས།། ང་ཡིས་སྔགས་ཀྱི་དོན་བཤད་ཀྱིས།། ཀརྨ་ཧེ་རུ་ཡིད་ཀྱིས་ཉོན།། དང་པོ་ཡི་གེ་ཐམས་ཅད་ནི།། མིང་མེད་བརྗོད་པ་རྣམས་དང་བྲལ། ། ཚིག་དང་སྒྲ་ཡི་སྤྱོད་ཡུལ་མིན།། དམིགས་མེད་འདོད་པ་དག་པ་སྟེ།། སེམས་ཅན་ལས་ལ་སྨོན་ལམ་སྟོབས།། དེ་ཡི་དབང་གིས་འདི་གསང་འབྱུང།། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽཾ། ཨཾ་ཨཿ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡར་ལ་ཝ་ཤ་ཥ་ས་ཧཀྵ། དེ་ནི་དང་པོའི་ཡི་གེ་སྟེ།། སྔགས་རྣམས་ཐམས་ཅད་དེ་ལས་བྱུང།། དེ་ཡི་དོན་ཡང་འདི་ལྟ་སྟེ།། དང་པོ་གཅིག་པ་དབུ་ལ་བཞག། སྟོང་པ་ཐམས་ཅད་འོག་ནས་བྱས།། ཤེས་རབ་བདུན་པོས་སྟེང་ནས་བཀོད།། ཤེས་རབ་བརྒྱད་པར་རྣམ་པར་བརྒྱན།། གཏི་མུག་ཡིན་པར་རྒྱལ་བས་གསུང།། དེ་རྗེས་ལྔ་ཡི་གསུམ་པ་བཞག། དེ་འོག་གཉིས་ཀྱི་གསུམ་པ་ལ།། དྲུག་པ་གཉིས་པའི་འོག་ཏུ་བརྒྱན།། དེ་འོག་དང་པོའི་དང་པོ་ཡི།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་ལ།། སྟོང་པ་གཉིས་པས་སྟེང་ནས་བཀོད། ། དེ་འོག་དང་པོའི་དང་པོ་ལ།། ཐབས་ཀྱི་གཉིས་པས་སྟེང་ནས་བཀོད།། དེ་འོག་དྲུག་པའི་གསུམ་པ་ལ།། ཐབས་ཀྱི་དང་པོས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་དང་པོ་བཞག། དེ་འོག་མཐར་གནས་ཐ་ལྟག་ལ། ། ཐབས་ཀྱི་གསུམ་པས་འོག་ནས་བརྒྱན།། ཤེས་རབ་བདུན་པས་སྟེང་ནས་བཀོད།། སྟོང་པའི་དགུ་པས་སྟེང་ནས་མཛེས།། རྩ་བའི་སྔགས་ཏེ་བསྐྱེད་པ་ཡིན།། དེ་ནས་མཐར་གནས་ཐ་ལྷག་ལ། ། ཐབས་ཀྱི་གསུམ་པོས་འོག་ཏུ་སྤྲས།། སྟེང་དུ་དང་པོའི་ལྔ་པས་བརྒྱན།། དེ་སྟེང་ཤེས་རབ་བརྒྱད་པར་མནན།། གླངས་གྱུར་འབྱུང་བའི་ངང་ཚུལ་ཅན།། མ་ནོར་རྩ་བའི་སྔགས་ཡིན་ནོ།། དེ་བཞིན་སྦྱིན་ཕྱོགས་བལྟས་པ་བཅུ། ། གསང་བའི་མ་ནོར་སྔགས་ཡིན་ནོ།། དེ་འོག་གཉིས་པའི་གསུམ་པ་ལ།། འདི་ཡི་འོག་ཏུ་སྦྱིན་པར་བྱ།། ཧཱུཾ་དང་བཾ་ཧོ་རྣམས་ཀྱིས་ནི།། འགུགས་མའོ་བསྐྱེད་པའི་ས་བོན་ཡིན།། ཧ་རིངས་བརྒྱད་ཧེ་ཐུང་བརྒྱད། ། དུར་ཁྲོད་མ་མོ་བརྒྱད་དང་ནི།། སྤྲུལ་པའི་མ་མོ་བརྒྱད་རྣམས་ཀྱི།། མ་ནོར་རྩ་བའི་སྔགས་ཡིན་ནོ།། བྷྱོ་རིངས་ཉི་ཤུ་རྩ་བརྒྱད་ནི།། སྲིང་མོ་ཚོགས་ཀྱི་མ་ནོར་བའི།། རྩ་བའི་སྔགས་སུ་ཤེས་པར་བྱའོ།། དེ་འོག་ལྔ་པའི་གཉིས་པ་ལ། ། གསུམ་པའི་དང་པོ་དེ་ལ་སྦྱིན།། གྲངས་བཞིར་བྱུང་བསྒོ་མ་ཡིན།། མ་ནོར་རྩ་བའི་སྔགས་ཡིན་ནོ།། མ་ཏིངས་བཞི་རུ་བྱུང་བ་ནི།། ཤོ་ན་ཡིན་ཏེ་སྐབས་ལས་ཤེས།། དང་པོ་རྣམ་པར་སྣང་མཛད་དེ། ། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་དང་པོའི་གཉིས་པ་ལ།། དེ་འོག་དྲུག་པའི་གཉིས་པས་བརྒྱན།། སྟེང་དུ་ཤེས་རབ་བདུན་པས་བརྒྱན།། དེ་འོག་བཞི་པའི་དང་པོ་སྟེ།། དེ་འོག་ལྔ་པའི་བཞི་པ་བཞག། དེ་སྟེངས་ཤེས་རབ་གཉིས་པས་བརྒྱན།། དེ་འོག་གཉིས་པའི་བཞི་པ་བཞག། དེ་འོག་དྲུག་པའི་དང་པོ་སྟེ།། ཐ་མ་ཧཱུཾ་དང་ལྡན་པར་བྱ།། རྣམ་རྒྱལ་བསྐྱེད་པ་རྒྱན་གྱི་སྔགས།། གོང་དུ་ཇི་ལྟར་གསུངས་པ་ལས། ། བཞི་པའི་དང་པོའི་འོག་ཏུ་ནི།། བཞི་པ་ཐ་མ་དང་ལྡན་པ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པས་བཞག། དེ་འོག་བཞི་པའི་བཞི་པ་ལ།། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་དང་པོ་བཞག། ཧཱུཾ་དང་ཐ་མ་ཡང་དག་ལྡན།། དབྱུག་སྔོན་སྐྱེད་པ་རྐྱེན་གྱི་སྔགས།། གོང་མ་ཇི་ལྟར་སྒྲུབ་པ་ལས།། བཞི་པའི་དང་པོ་འོག་ཏུ་ནི།། དྲུག་པའི་དང་པོ་དང་ལྡན་ཏེ།། དེ་འོག་ལྔ་པའི་ཐ་མ་ལ། ། བཞི་པའི་ཐ་མ་དེ་ལ་སྦྱིན།། དེ་འོག་གསུམ་པའི་དང་པོ་སྟེ།། དེ་འོག་དང་པོའི་དང་པོའོ།། ཐ་མ་ཧཱུཾ་དང་ལྡན་པར་བྱ།། གཤིན་རྗེ་གཤེད་པོ་བསྐྱེད་པ་ཡི།། བཞི་པའི་དང་པོ་འོག་ཏུ་ནི།། ཤེས་རབ་དང་པོ་གཞག་པར་བྱ། ། དེ་འོག་དྲུག་པའི་བདུན་པ་ལ།། དང་པོ་གསུམ་པའི་འོག་ཏུ་བརྒྱན།། དྲག་པོ་དང་པོས་བརྒྱན་པར་བྱ།། དེ་འོག་ཐབས་ཀྱི་དང་པོ་བཞག། དེ་འོག་གཉིས་པའི་གཉིས་པ་བཞག། དེ་འོག་དྲུག་པའི་གསུམ་པ་བཞག། ཐ་མ་ཧཱུཾ་དང་ལྡན་པར་བྱ།། མི་གཡོ་མགོན་པོ་བསྐྱེད་པའི་སྔགས།། བཞི་དང་པོའི་འོག་དག་ཏུ། མཐར་གནས་མཐར་ལྟག་གཞག་པར་བྱ།། དེ་འོག་དྲུག་པའི་དང་པོ་བཞག། དེ་འོག་དང་པོའི་གསུམ་པ་ལ། ། དང་པོ་གཉིས་པས་འོག་ནས་སྤྲས།། ཤེས་རབ་གཉིས་པ་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་གསུམ་པ་བཞག། ཐ་མ་ཧཱུཾ་དང་ལྡན་པ་སྟེ།། རྟ་མགྲིན་བསྐྱེད་པ་རྐྱེན་གྱི་སྔགས།། བཞི་པའི་དང་པོ་འོག་ཏུ་ནི། ། ཤེས་རབ་དང་པོ་གཞག་པར་བྱ།། དེ་འོག་ལྔ་པའི་དབང་པོ་བཞག། དེ་འོག་དྲུག་པའི་གཉིས་པའོ།། དེ་འོག་གཉིས་པའི་དང་པོ་ལ།། ཐབས་ཀྱི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་གསུམ་པའི་དང་པོ་སྟེ།། ཐ་མ་ཧཱུཾ་དང་ལྡན་པ་ནི། ། གཞན་གྱིས་མི་ཐུག་བསྐྱེད་པའི་སྔགས།། བཞི་པ་དང་པོའི་འོག་ཏུ་ནི།། སྟོང་པའི་དང་པོ་གཞག་པར་བྱ།། དེ་འོག་ལྔ་པའི་ལྔ་པ་ལ།། དྲུག་པའི་གཉིས་པའི་འོག་ནས་སྤྲས།། ཤེས་རབ་གཉིས་པས་སྟེང་ནས་བཀོད། ། དེ་འོག་བཞི་པའི་དང་པོ་བཞག། དེ་འོག་དང་པོའི་དང་པོ་ལ།། ཤེས་རབ་གསུམ་པས་གོང་ནས་སྤྲས།། དེ་ལ་བཞི་པའི་ཐ་མ་སྦྱིན།། དེ་འོག་བཞི་པའི་བཞི་པ་བཞག། དེ་འོག་དྲུག་པའི་གསུམ་པ་ལ། ། སྟོང་པའི་གཉིས་པས་སྟེང་ནས་བཀོད།། ཐ་མ་ཧཱུཾ་དང་བཅས་པ་ནི།། བདུད་རྩི་འཁྱིལ་པ་བསྐྱེད་པའི་སྔགས།། དེ་ནས་བཞི་པའི་དང་པོ་འོག། བཞི་པའི་དང་པོ་དེ་ཉིད་བཞག། དྲུག་པའི་གཉིས་པས་འོག་སྤྲས། ། ཤེས་རབ་དྲུག་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་ལ།། ཤེས་རབ་གསུམ་པས་སྟེང་ནས་བཀོད།། དེ་ལ་དང་པོ་གསུམ་པ་སྦྱིན།། དེ་འོག་དང་པོའི་གཉིས་པ་ལ།། དྲུག་པའི་དང་པོས་འོག་ནས་སྤྲས། ། དེ་འོག་ལྔ་པའི་གསུམ་པ་ལ།། མཐར་གནས་ཐ་ལྟག་ཡ་དང་བཅས།། སྟེང་དུ་ཤེས་རབ་གཉིས་པས་བརྒྱན།། དེ་འོག་གཉིས་པའི་དང་པོ་གཞག། དེ་འོག་དྲུག་པའི་དང་པོ་སྟེ།། ཐ་མ་ཧཱུཾ་དང་ལྡན་པར་ནི། ། ཁམས་གསུམ་རྣམ་རྒྱལ་བསྐྱེད་པའི་སྔགས།། བཞི་པའི་དང་པོའི་འོག་ཏུ་ནི།། ལྔ་པའི་ལྔ་པ་གཞག་པར་བྱ།། དེ་འོག་མཐར་གནས་མཐའ་ལྟར་གཞག། དེ་འོག་ལྔ་པའི་དང་པོ་སྟེ།། དེ་འོག་དྲུག་པའི་གསུམ་པའོ། ། ཐ་མ་ཧཱུཾ་དང་བཅས་པ་ནི།། སྟོབས་ཆེན་བསྐྱེད་པ་རྐྱེན་གྱི་སྔགས།། གོང་མ་ཇི་ལྟར་བསྒྲུབས་པ་ལས།། བཞི་པའི་དང་པོ་དེ་ཉིད་ལས།། སྟོང་པའི་གཉིས་པ་སྦྱིན་པར་བྱ།། དེ་འོག་ལྔ་པའི་གསུམ་པ་བཞག། དེ་རྗེས་དྲུག་པ་དང་པོ་སྟེ། ། དེ་འོག་བཞི་པའི་དང་པོ་ལ།། ཐབས་ཀྱི་གཉིས་པ་སྟེང་ནས་བརྒྱན།། ཐ་མ་ཧཱུཾ་དང་ལྡན་པར་ནི།། ཁྲོ་མོ་བསྐྱེད་པ་རྐྱེན་གྱི་སྔགས།། གོང་མའི་ཇི་ལྟར་བསྒྲུབས་པ་ལས།། དྲུག་པའི་གསུམ་པ་བཞག་པར་བྱ། ། དེ་འོག་བདུན་པའི་ཐ་མ་ལ།། ཤེས་རབ་དྲུག་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། ཐ་མ་ཧཱུཾ་དང་ལྡན་པ་ནི།། ཡེ་ནས་ཁྲོ་མོ་བསྐྱེད་པའི་སྔགས། ། ལྔ་པ་ཡི་ནི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་འོགབཞི་པའི་དང་པོ་ལ།། སྟོང་པས་གཉིས་པ་ས་སྟེང་དུ་བཀོད།། དེ་འོག་གཉིས་པའི་དང་པོ་བཞག། ཐ་མ་ཧཱུཾ་དང་ལྡན་པར་བྱ། ། དེ་ནས་བདུན་པའི་གསུམ་པ་ལ།། བཞི་པའི་དང་པོ་དེ་ལ་སྦྱིན།། དེ་རྗེས་བཞི་པའི་ལྔ་པ་བཞག། དེ་འོག་ལྔ་པའི་དང་པོ་བཞག། དེ་རྗེས་བཞི་པའི་དང་པོ་ལ།། ཐབས་ཀྱི་གཉིས་པ་དེ་ལ་སྦྱིན།། ཐ་མ་ཧཱུཾ་དང་ལྡན་པར་བྱ། ། དེ་ནས་ལྔ་པའི་ལྔ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་མཐར་གནས་ཐ་ལྟག་བཞག། དེ་རྗེས་དྲུག་པའི་གསུམ་པ་བཞག། ཐ་མ་ཧཱུཾ་དང་ལྡན་པར་བྱ།། དེ་ནས་གཉིས་བའི་དང་པོ་ལ། ། བཞི་པ་ལྔ་པ་དེ་ལ་སྦྱིན།། བཞི་པའི་གསུམ་པ་དེ་འོག་གཞག། དེ་རྗེས་དྲུག་པའི་དང་པོ་སྟེ།། དེ་འོག་བཞི་པའི་དང་པོ་བཞག། སྟོང་པ་གཉིས་པས་སྟེང་ནས་བརྒྱན།། ཐ་མ་ཧཱུཾ་དང་ལྡན་པར་བྱ།། དེ་ནས་བདུན་པའི་དངོས་པོ་བཞག། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་དང་པོས་འོག་ནས་སྤྲས།། དེ་འོག་དྲུག་པའི་དང་པོ་བཞག། དེ་རྗེས་བཞི་པའི་དང་པོ་ལ།། སྟོང་པའི་གཉིས་པ་སྟེང་ནས་བརྒྱན།། ཐ་མ་ཧཱུཾ་དང་ལྡན་པར་བྱ། ། དེ་ནས་དྲུག་པའི་གནས་པ་ལ།། ཤེས་རབ་གཉིས་པ་སྟེང་དུ་བཀོད། དེ་པ་དང་པོའི་གསུམ་པ་སྦྱིན། དེ་འོག་བདུན་པའི་དང་པོ་བཞག།། དེ་རྗེས་དྲུག་པའི་དང་པོ་བཞག། དེ་འོག་བཞི་པའི་དང་པོ་ལ།། སྟེང་པའི་གཉིས་པ་སྟེང་དུ་བསྟྲོད། ། ཐ་མ་ཧཱུཾ་དང་ལྡན་པར་བྱ།། དེ་ནས་ལྔ་པའི་ལྔ་པ་བཞག། དེ་འོག་དྲུག་པའི་གཉིས་པ་བཞག། དེ་འོག་བཞི་པའི་ལྔ་པའོ།། ཐ་མ་ཧཱུཾ་དང་ལྡན་པར་བྱ།། ཐབས་ཀྱི་གཉིས་པ་སྟེང་ནས་བརྒྱན། ། དེ་ལ་བཞི་པའི་ལྔ་པ་བཞིན།། དེ་འོག་བཞི་པའི་གསུམ་བཞག། དེ་རྗེས་ལྔ་པའི་ལྔ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་བཞི་པའི་ལྔ་པ་ལ།། ཤེས་རབ་དྲུག་པས་སྟེང་ནས་བརྒྱན།། ཐ་མ་ཧཱུཾའུ་དང་ལྡན་པ་ནི། ། ཁྲོ་མོ་རྣམས་ཀྱི་བསྐྱེད་སྔགས་ཏེ།། རིམ་བཞིན་ལྡན་པར་ཤེས་པར་གྱིས།། དེ་ནས་དྲུག་པའི་གཉིས་པ་ལ།། མཐར་གནས་ཐ་ལྟག་འོག་ནས་བརྒྱན།། ཤེས་རབ་གཉིས་པས་སྟེང་དུ་བཀོད།། དེ་ལ་ལྔ་པའི་ལྔ་པ་སྦྱིན། ། དེ་འོག་དྲུག་པའི་གཉིས་པ་ལ།། མཐར་གནས་ཐ་ལྟག་སྤྲས་ཤིང།། སྟེང་དུ་ཐབས་ཀྱི་གཉིས་པས་སྤྲས།། དེ་འོག་བཞི་པའི་གསུམ་པ་སྦྱིན།། དེ་རྗེས་དྲུག་པའི་དང་པོ་བཞག། དེ་འོག་དང་པོའི་གཉིས་པ་ལ། ། དྲུག་པའི་དང་པོས་འོག་ནས་སྤྲས།། སྟོང་པའི་བདུན་པས་སྟེང་དུ་བཀོད།། དེ་འོག་བཞི་པའི་དང་པོ་བཞག། དེ་རྗེས་དྲུག་པའི་དང་པོ་སྟེ།། དེ་རྗེ་གཉིས་པའི་གསུམ་པ་ལ།། དྲུག་པའི་བཞི་པས་མགོ་ནས་སྤྲས། ། དེ་འོག་དྲུག་པའི་གསུམ་པས་བརྒྱན།། མ་ལ་ཀར་ཀུ་དང་ཧཱུཾ་ཕཊ། ཅེས་བརྗོད་པས།། སྙིང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་ལྔ་པའི་གཉིས་པ་བཞག། དེ་འོག་དང་པོའི་གསུམན་པ་སྟེ། ། དེ་འོག་པའི་དང་པོའོ།། ཛྭ་ལ་གཉིས་དང་ཛྭ་ལ་གཉིས། སྤུ་ཏ་གཉིས་དང་ཡ་བཏགས་གཉིས།། དེ་ནི་སྐུ་ཡི་སྙིང་པོའོ།། དེ་ནས་བདུན་པའི་ཐ་མར་བཞག། དེ་རྗེས་དྲུག་པའི་གཉིས་པ་ལ།། ལྔ་པའི་གསུམ་པས་འོག་ནས་སྤྲས། ། དེ་འོག་བཞི་པའི་ལྔ་པ་གཞག། དེ་འོག་དང་པོའི་གསུམ་པ་སྟེ།། དེ་རྗེས་ལྔ་པའི་བཞི་པ་གཉིས།། དེ་ནས་བཞི་པའི་ལྔ་པ་དང།། གསུམ་པའི་ལྔ་པ་དེ་ལ་ནི།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། པ་ར་ས་ར་གསུང་སྙིང་པོ།། དེ་འོག་བདུན་པ་ཐ་མ་ལ།། དེ་རྗེས་དྲུག་པའི་གཉིས་པ་ལ།། ལྔ་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་བཞི་པའི་གསུམ་པ་ལ།། ཤེས་རབ་གསུམ་པས་འོག་ནས་བརྒྱན།། དེ་འོག་བདུན་པའི་ཐམ་ལ། ། བཞི་པའི་དང་པོ་དེ་ལ་སྦྱིན།། བཞི་པའི་ལྔ་པ་དང་ལྡན་ཏེ།། དེ་འོག་དྲུག་པའི་གཉིས་པ་ལ།། མཐར་གནས་ཐ་ལྟག་འོག་ནས་བརྒྱན།། སྟེང་དུ་སྟོང་པའི་གཉིས་པ་བཞག། དེ་འོག་བཞི་བའི་གསུམ་པ་བཞག། དེ་རྗེས་དྲུག་པའི་དང་པོ་གཞག། དེ་རྗེས་བདུན་པའི་དང་པོ་ལ།། ཤེས་རབ་བདུན་པས་སྟེང་དུ་བཀོད།། དེ་འོག་བཞི་པའི་གསུམ་པ་གཞག། བཞི་པ་ལྔ་པ་སྟོང་གཉིས་ལྡན།། ཧཱུཾ་གཉིས་ཕཊ་དང་བཅས་པ་ནི། ། ཐུགས་ཀྱི་སྙིང་པོ་ཡིན་པར་འདོད། དང་པོའི་རྣམ་པར་སྣང་མཛད་དང།། གཉིས་པ་སྣང་བ་མཐའ་ཡས་ཏེ།། གསུམ་པ་མི་བསྐྱོད་པ་ཡིན་ཏེ།། སྐུ་གསུང་ཐུགས་ཀྱི་སྙིང་པོའོ།། སྭ་དང་ཧཱ་རུ་བཅས་པ་ནི། ། ཐ་མའི་སྔགས་ཏེ་ཀུན་ལ་ལྡན།། ཡོན་ཏན་དང་ནི་འཕྲིན་ལས་སོ།། དང་པོ་ཐབས་ཀྱིས་དང་པོ་བཞག། དེ་འོག་སྔ་པའི་གསུམ་པ་ལ།། མཐར་གནས་ཐ་ལྟག་ཡ་རུ་བཅས།། སྟེང་ནས་སྟོང་པ་གཉིས་པས་སྤྲས། ། དེ་འོག་འདུན་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་མཛེས།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་འོག་གཉིས་པའི་དང་པོ་བཞག། དེ་འོག་བཞི་པའི་དང་པོ་ལ།། སྟོང་པའི་གསུམ་པས་མགོ་ནས་སྤྲས། ། དེ་རྗེས་ལྔ་པའི་ལྔ་པ་གཞག། དབང་བསྐུར་བ་ཡི་སྔགས་ཡིན་ནོ།། དྷུ་པེ་ལ་སོགས་མཆོད་པའི་གཞི།། བཏུ་མི་དགོས་ཏེ་དེ་ཉིད་ཡིན།། བདུད་རྩི་མཆོད་པའང་དེ་བཞིན་ལ།། རྗེས་སུ་ཆགས་པ་མན་ཆད་ནས། ། སྒོ་བཞི་མཐར་གནས་ཡན་ཆོད་དུ།། བཏུ་མི་དགོས་ཏེ་དེ་བཞིན་ཡིན།། དང་པོ་རྣམ་པར་སྣང་མཛད་ཡིན།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་དང་པོའོ་གཉིས་པ་ལ།། དྲུག་པའི་སྟོང་པ་བདུན་ལྡན་ཏེ། ། དེ་འོག་བཞི་པའི་དང་པོ་ལ།། སྟོང་པ་གཉིས་པས་སྟེང་ནས་བརྒྱན།། ཨེ་ཀ་ཛ་དང་བཛྲ་ཧཱུཾ།། ཐབས་ཀྱི་དང་པོ་ཐ་ཞགས་པ།། ཀྲོདྷི་ཤྭ་རིའི་རྩ་སྔགས་ཡིན།། དང་པོ་རྣམ་པར་སྣང་མཛད་ཡིན།། དེ་འོག་བདུན་པའི་དང་པོ་ལ། ། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་ནས་མི་ཤིགས་སྙིང་པོ་སྟེ།། ཀུ་དང་མ་དང་རི་དང་གསུམ།། དེ་འོག་དྲུག་པའི་དང་པོ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན། ། དེ་འོག་བདུན་པའི་དང་པོ་བཞག། ཐ་མ་ཧཱུཾ་དང་ལྡན་པ་ནི།། ཁྲག་འཐུང་ལས་ཀྱི་རྩ་སྔགས་ཡིན།། བདེ་བར་གཤེགས་ལྔའི་ས་བོན་རྣམས།། གཞན་ལས་གསལ་བར་བཏུ་མི་དགོས།། ཡུམ་ཡང་དེ་ཡི་རང་བཞིན་ལས། ། ཧཱུཾ་གསུམ་ཕཊ་གསུམ་གནས་པ་ནི།། ཐུགས་དང་དེ་བཞིན་འཕྲིན་ལས་སོ།། དང་པོ་རྣམ་པར་སྣང་མཛད་ལ།། དེ་རྗེས་མི་ཤིགས་སྙིང་པོ་ཅན།། ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཛ། རིང་ཐུང་མེད་པའི་ཡི་གེ་འབྲུ་སྟེ། ། དགུག་པའི་སྙིང་པོ་ཡིན་པར་ཤེས།། དང་པོ་གཏི་མུག་རིགས་ཡིན་ཏེ།། དེ་ནས་མི་ཤིགས་སྙིང་པོ་ཅན།། ཀཱི་ལི་ཀཱི་ལ་ཡ་ཞེས་པ།། དེ་རྗེས་བཞི་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། དེ་ལ་ལྔ་པའི་གསུམ་པ་སྦྱིན།། དེ་རྗེས་གསུམ་པའི་དང་པོ་བཞག། དེ་རྗེས་གཉིས་པའི་དང་པོ་སྟེ།། དེ་རྗེས་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། ཧཱུཾ་དང་ཛྫ་བརྩེགས་གཞག་པ་ནི། ། སྲས་མཆོག་ཕུར་བུ་འདོན་པའི་སྔགས།། ཛྫ་བརྩེགས་རྣམས་ལ་གསལ་འབར་བ།། བཏུ་རྒྱུ་མེད་དེ་གདོན་བའི་རྐྱེན།། དང་པོ་བཞི་པའི་དང་པོ་ལ།། བཞི་པའི་གསུམ་པ་དེ་ལ་སྦྱིན།། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་བཞི་པའི་གཉིས་པ་གཞག། དེ་འོག་དྲུག་པའི་གཉིས་པའོ།། དེ་འོག་དང་པོའི་དང་པོ་ལ།། བདུན་པའི་དང་པོས་འོག་ནས་སྤྲས།། རུ་རུ་གཉིས་དང་རོ་དུ་གཉིས།། དེ་འོག་ལྔ་པའི་གསུམ་པ་བཞག། དེ་འོག་བཞི་པའི་དང་པོ་ལ། ། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་ཐ་མ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། ཐ་མ་ཧཱུཾ་དང་ལྡན་པར་བྱ།། གོང་མ་ཇི་ལྟར་བསྒྲུབ་པ་ལས།། དེ་ཡི་འོག་ཏུ་སྟོང་པའི་ངང། ། དེ་འོག་བདུན་པའི་དང་པོ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་ལས་དང་པོའི་གསུམ་པ་སྦྱིན།། མེ་དང་ཧཱུཾ་དུ་བཅས་པར་བྱའོ།། རུ་ཡི་འོག་ཏུ་ལྔ་ཡི་གསུམ།། དེ་འོག་བཞི་པའི་དང་པོ་བཞག། དེ་ལ་སྟོང་པའི་གཉིས་པ་སྦྱིན།། དེ་འོག་བདུན་པའི་ཐ་མ་ལ།། བཞི་བའི་དང་པོ་དེ་ལ་སྦྱིན།། དེ་ནས་ཧཱུཾ་དང་ལྡན་པའོ།། རུ་ཡི་འོག་ཏུ་ཙ་བཞག་ལ།། པ་དང་ལ་དང་ཧཱུཾ་དང་གསུམ།། འདི་རྣམས་ལྷ་མོ་བསྐྱེད་པའི་སྔགས། ། དང་པོ་གཉིས་པའི་གསུམ་པ་བཞག། དེ་རྗེས་དྲུག་པའི་དང་པོའོ།། དེ་འོག་བཞི་པའི་གསུམ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། ཧཱུཾ་དང་ཐ་མ་ལྡན་པར་ཡིན།། དང་པོ་ལྔ་པའི་ལྔ་པ་ལ། ། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་དུ་བརྒྱན།། ཐ་མ་ཧཱུཾ་དང་ལྡན་པ་ཡིན།། དང་པོ་བདུན་པའི་དང་པོ་ལ།། དྲུག་པའི་སྟོང་པས་འོག་ནས་སྤྲས། ། དེ་འོག་དྲུག་པའི་གཉིས་པ་ལ།། ཐབས་ཀྱི་གཉིས་པས་འོག་ནས་སྤྲས།། ཐ་མ་ཧཱུཾ་དང་ལྡན་པ་ཡིན།། དང་པོ་བཞི་པའི་ལྔ་པ་བཞག། སྟོང་པའི་གཉིས་བས་སྟེང་དུ་བཀོད།། དེ་འོག་དྲུག་པའི་གསུམ་པ་གཞག། དེ་འོག་ལྔ་པའི་དང་པོ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་བཞི་པའི་དང་པོ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། ཧཱུཾ་ནི་ཐ་མར་རབ་བཞག་པ།། ཤོན་སྐྱེད་པའི་སྔགས་ཡིན་ནོ། ། དང་པོ་དང་པོའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དྲུག་པའི་དང་པོ་འོག་ནས་སྦྱིན།། དེ་འོག་དང་པོའི་གཉིས་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་གཉིས་པས་སྟེང་ནས་སྤྲས། ། དེ་ལ་བཞི་པའི་གསུམ་པ་སྦྱིན།། མཐའ་རུ་ཧཱུཾ་ནི་བཞག་པ་ཡིན།། དང་པོ་གཉིས་པའི་དང་པོ་ལ།། ཐབས་ཀྱི་གཉིས་པས་སྟེང་ནས་བརྒྱན།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་འོག་བཞི་པའི་གསུམ་པ་བཞག། དེ་རྗེས་ལྔ་པའི་ལྔ་པ་གཞག། ཐ་མ་ཧཱུཾ་དང་ལྡན་པར་བྱ།། དང་པོ་བདུན་པའི་ཐ་མ་ལ།། གཉིས་པའི་ལྔ་པ་དེ་ལ་སྦྱིན།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་ལ་དང་པོའི་ལྔ་པ་སྦྱིན།། ཟ་དང་ཁ་དང་ཧཱུཾ་དང་གསུམ། ། དེ་དང་ལྡན་པའི་སྙིང་པོ་ཡི།། དང་པོའི་གསུམ་པའི་དང་པོ་སྟེ།། སྟོང་པའི་རྒྱན་པ་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་དྲུག་པའི་གསུམ་པ་གཞག། དེ་འོག་བདུན་པའི་ཐ་མ་ལ། ། བཞི་པའི་དང་པོ་སྟོང་པའི་བདུན།། ཐ་མ་ཧཱུཾ་དང་ལྡན་པ་སྟེ།། ལྷ་མོ་བསྐྱེད་པའི་སྙིང་པོའོ།། དུར་ཁྲོད་སྤྲུལ་པའི་མ་མོ་རྣམས།། གཞན་ལས་གྲགས་པ་འདིར་ཡང་སྟེ།། དེ་ལ་བཏུ་བ་ཡོངས་མི་དགོས། ། སྒོ་མ་བཞི་ཡང་དེ་བཞིན་ནོ།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་གཉིས་པའི་དང་པོ་ལ།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་གསུམ་པ་གཞག། དེ་འོག་ལྔ་པའི་ལྔ་པ་གཞག། དེ་འོག་མཐར་གནས་ཐ་ལྟག་བཞག། དེ་འོག་དྲུག་པའི་གཉིས་པ་བཞག། སྟོང་པའི་བདུན་པ་སྟེང་ནས་བརྒྱན།། དེ་འོག་བདུན་པའི་དང་པོ་བཞག། དེ་རྗེས་བཞི་པའི་ལྔ་པའོ།། ཧཱུཾ་ཕཊ་མཐའ་རུ་བཞག་པ་ནི།། སྟོབས་ཆེན་རྩ་བའི་སྔགས་ཡིན་ནོ། དང་པོ་བཞི་པའི་ལྔ་བ་བཞག། དེ་རྗེས་ལྔ་པའི་ལྔ་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གཉིས་པ་ལ།། བཞི་པའི་གསུམ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་ལྔ་པ་བཞག། དེ་འོག་བཞི་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་དེ་ཉིད་ཐབས་དང་བཅས།། ན་དང་བ་དང་ཀི་དང་ཤམས་ན་བཞག་པ་ནི།། རིང་ཐུང་དྲག་དལ་མེད་པས་སོ། ། མ་ཧ་རཱ་ཛ་སྱ་ཤེས་པ་ནས།། ཧ་ཀ་ཞེས་སུ་ཡ་ཆོད་དུ།། ཡི་གེ་བཅོ་བརྒྱད་རྐྱང་པ་ཡིན།། དེ་འོག་བཞི་པའི་གསུམ་པ་ལ།། སྟོང་པ་གཉིས་པས་འོག་ནས་སྤྲས།། དེ་འོག་ལྔ་པའི་དང་པོ་གཉིས། ། དེ་འོག་གསུམ་པའི་གསུམ་པ་ལས།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། བ་ཏ་ན་ཡིས་གཟུང་བ་ནས།། ཕཊ་ཀྱིས་གཟུང་བའི་བར་དུ་ནི།། ཡིག་འབྲུ་བརྒྱད་ཅུ་རྩ་གཉིས་ཡོད།། དེ་ལ་ཨ་ཅིག་རིང་པོར་ཡིན། ། དེ་ལས་མང་བར་ཡོད་མེད་དེ།། ཉུང་བར་ཡང་མི་ནི་གསུངས་སོ།། དང་པོ་རྣམ་པར་སྣང་མཛད་གཞག། དེ་འོག་བཞི་པའི་ལྔ་པ་གཞག། དེ་རྗེས་ལྔ་པའི་ལྔ་པ་བཞག། དེ་རྗེས་བདུན་པའི་ཐ་མ་གཞག། དེ་འོག་ལྔ་པའི་ལྔ་པ་ལ། ། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་རྗེས་གསུམ་པའི་དང་པོ་བཞག། དེ་རྗེས་དང་པོའི་དང་པོ་གཞག། དེ་རྗེས་དྲུག་པའི་དང་པོ་གཞག། དེ་འོག་ལྔ་པའི་གསུམ་པ་ལ།། དེ་ལ་དང་པོའི་གསུམ་པ་སྦྱིན། ། དེ་རྗེས་གཉིས་པའི་དང་པོ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་གསུམ་པའི་དང་པོ་གཞག། མི་ཤིགས་སྙིང་པོ་ནས་དང་བཅས།། དེ་ནས་གཏི་མུག་རིགས་ཡིན་ཏེ།། གྷ་རིས་གསུམ་པོ་བརྗོད་པའི་རྗེས། ། དེ་འོག་བཞོ་པའི་དང་པོ་གཞག། དེ་རྗེས་དྲུག་པའི་དང་པོའོ།། དེ་འོག་བདུན་པའི་ཐ་མ་གཞག། དེ་འོག་དྲུག་པའི་གཉིས་པ་ལ།། ལྔ་པའོ་གསུམ་པས་མགོ་ནས་སྤྲས།། དེ་འོག་བཞི་པའི་གསུམ་པ་ལ། ། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་བདུན་པའི་ཐ་མ་ལ།། བཞི་པའི་དང་པོས་འོག་ནས་བརྒྱན།། བཞི་པའི་ལྔ་པ་དེ་ལ་སྦྱིན།། མ་དང་ར་དང་ཡ་དང་ཕཊ།། རིང་ཐུང་མེད་པའི་ཨེ་ཡིག་གོ། ཀཱི་ལ་ཡ་ཞེས་ལན་གཉིས་བརྗོད། ། སརྦ་པ་ཕམ་ཕཊ། རིང་བ་མ་ཡིན་ཐུང་པ་མིན།། ཧཱུཾ་གསུམ་མི་ཤིགས་ཀཱི་ལ་ཡ།། དེ་རྗེས་དྲུག་པའི་གཉིས་པ་ལ།། སྟོང་པའི་བདུན་པ་སྟེང་ནས་བཀོད།། སྟོང་པའི་དང་པོ་བཞི་པའི་གསུམ། ། དེ་འོག་གཉིས་པའི་ལྔ་པ་བཞག། དེ་འོག་ལྔ་པའི་དང་པོའོ།། དེ་རྗེས་དྲུག་པའི་དང་པོ་གཞག། དེ་འོག་བཞི་པའི་དང་པོ་ལ།། སྟོང་པའི་གཉིས་པ་ས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་གཞག། དེ་འོག་དྲུག་པའི་དང་པོ་གཞག། དེ་རྗེས་ལྔ་པའི་གསུམ་པ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན།། དེ་འོག་གཉིས་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་གསུམ་པའི་དང་པོ་བཞག། མི་ཤིགས་སྙིང་པོ་ཀཱི་ལ་ཡ། ། མཱ་ར་ཡ་དང་ཧཱུཾ་དང་ཕཊ།། དེ་ནི་གསོད་པའི་སྡེར་མོ་ཡི།། སྔགས་ནི་ཡིན་པར་ཤེས་པར་བྱ།། དེ་ནས་བཞི་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་ལ་ལྔ་པའི་གསུམ་པ་སྦྱིན། ། དེ་འོག་གསུམ་པའི་དང་པོ་གཞག། དེ་རྗེས་གཉིས་པའི་དང་པོ་གཞག། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། ཧ་ན་གཉིས་དང་ཧཱུཾ་ཕཊ་མཐའ།། སྲས་མཆོག་ཕུར་བུའི་ལས་སྔགས་ཡིན། ། དེ་ནས་བདུན་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གཉིས་པ་བཞག། དེ་འོག་དང་པོའི་དང་པོ་ལ།། སྟོང་པའི་གཉིས་པ་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་བཞག། དེ་འོག་དྲུག་པའི་དང་པོ་ལ།། སྟོང་པའི་དྲུག་པ་སྟེང་ནས་བརྒྱན།། དེ་འོག་གསུམ་པའི་དང་པོ་བཞག། ཧཱུཾ་ཕཊ་མཐའ་རུ་ལྡན་པར་བྱ།། དེ་ནས་ལྔ་པའི་ལྔ་པ་བཞག། དེ་འོག་དང་པོའི་དང་པོ་ལ། ། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་དང་པོའི་དང་པོ་ལ།། ཐབས་ཀྱི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་བཞག། དེ་འོག་དྲུག་པའི་དང་པོ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན། ། དེ་འོག་གསུམ་པའི་དང་པོ་གཞག། ཧཱུཾ་དང་ཕཊ་ཀྱིས་ལྡན་པར་བྱ།། དེ་འོག་དང་པོའི་དང་པོ་གཞག། དེ་རྗེས་བཞི་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། གོང་མའི་སླབས་དང་སྦྱར་བར་བྱ། ། དེ་ནས་ལྔ་པའི་དང་པོ་བཞག། དེ་འོག་བཞི་པའི་དང་པོ་ལ།། དང་པོའི་ལྔ་པ་དེ་ལ་སྦྱིན།། མཐའ་མ་གོང་ནས་ཤེས་པར་བྱ།། ད་ཧ་གཉིས་ནི་ཐབས་ཤེས་རབ།། དྷ་ན་གཉིས་ནི་ཞུམ་བའོ།། པ་ཙ་ཧཱུཾ་པུ་བཞི་པོ་ཡང། ། ཞུམ་པའི་རང་བཞིན་ཡིན་པའི།། ཚིནྡྷ་གཉིས་ནི་རིང་བ་སྟེ།། པསྨི་ཀུ་རུ་ཧཱུཾ་ཕཊ་ཨ།། ཞུམ་པ་ཡིན་ཏེ་ཚེག་དྲག་བཅས།། གསོད་པའི་ཁྲོ་བོ་སྤྱི་ཡི་ནི།། ལས་སྔགས་ཡིན་པར་རྒྱལ་བས་གསུངས།། དེ་ནས་རྣམས་པར་སྣང་མཛད་བསྒོམ། ། དེ་འོག་དྲུག་པའི་གསུམ་པ་ལ།། སྟོང་པའི་བརྒྱད་པས་སྟེང་ནས་བརྒྱན།། དེ་འོག་ཧཱུཾ་དང་གོང་མ་གཞག། རྡོ་རྗེས་བདུན་པའི་ཐ་མ་ལ།། བཞི་པའི་དང་པོས་འོག་ནས་བརྒྱན།། དེ་ལ་ལྔ་པའི་ལྔ་པ་སྦྱིན། ། དེ་འོག་ལྔ་པའི་གསུམ་པ་བཞག། དེ་འོག་བཞི་པའི་ལྔ་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་མཐོང་གནས་ཐ་ལྟག་གཞག། དེ་རྗེས་དང་པོའི་བཞི་པ་བཞག། དེ་འོག་དྲུག་པའི་དང་པོ་གཞག། དེ་རྗེས་ལྔ་པའི་བཞི་པ་གཞག། དེ་འོག་གསུམ་པའི་དང་པོའོ།། རྡོ་རྗེས་ལྔ་པའི་བཞི་པ་ལ།། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་བདུན་པའི་དང་པོ་ལ། ། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་གགཉིས་པས་སྟེང་ནས་བཀོད།། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པ་འོག་ནས་སྤྲས།། ཐབས་ཀྱི་གཉིས་པས་སྟེང་ནས་བཀོད། ། དེ་ནི་དོན་དང་ལྡན་པའི་སྔགས།། དེ་ནི་མི་ཤིགས་སྙིང་པོ་ཅན།། དེ་འོག་ཐུགས་ཀྱི་རང་བཞིན་ལ།། དང་པོའི་དང་པོ་དྲུག་པ་གཉིས།། ཧཱུཾ་གསུམ་ཕཊ་གསུམ་གནས་པ་ནི།། ཟིལ་གྱིས་གནོན་པའི་སྙིང་པོ་ཡིན། ། རྣམ་སྣང་མི་ཤིགས་སྙིང་པོ་ང།། ཀཱི་ལི་ཀཱི་ལ་ཡ་དང་ཛ།། ཧཱུཾ་དང་བཾ་དང་ཧོ་ཞེས་པ།། ཚེ་དྲག་དང་བཅས་འགུག་པའོ།། དེ་འོག་རྣམ་པར་སྣང་མཛད་ལ།། དེ་འོག་ཐམས་ཅད་སྙིང་པོ་བཅས།། དེ་འོག་ལྔ་པའི་བཞི་པ་ལ། ། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་ལ་དང་པོའི་གསུམ་པ་སྦྱིན།། གསུམ་པའི་ལྔ་འོག་བཞི་པའི་ལྔ།། གཉིས་པའི་གོང་འོག་དང་ལྡན་པར་བྱ།། དེ་འོག་དང་པོའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། དེ་འོག་དྲུག་པའི་གསུམ་པ་གཞག། དེ་འོག་དྲུག་པའི་དང་པོ་སྟེ།། ཧཱུཾ་གཉིས་ཕཊ་དང་བཅས་པའོ།། དེ་ནས་རྣམ་པར་སྣང་མཛད་ལ།། དེ་འོག་མི་ཤིགས་སྙིང་པོ་ཅན།། ཧཱུཾ་ཀ་ར་དང་ཧཱུཾ་དང་ཨ། ། བརྩེགས་ལུངས་ཆེན་ནོ་སྙིང་པོ་ཡིན།། དེ་ནས་གཉིས་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་རྗེས་བཞིན་པའི་བཞི་པ་ལ།། དེ་འོག་གཉིས་པའི་དང་པོ་ལ། ། ཐབས་ཀྱི་གཉིས་པ་དེ་ལ་སྦྱིན།། གསུམ་པའི་ལྔ་པ་དང་ལྡན་ཏེ།། གསུམ་པའི་བཞི་པ་དེ་འོག་གཞག། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། བདུད་རྩི་འཁྱིལ་པའི་ལས་སྔགས་ཡིན།། དེ་ནས་ལྔ་པའི་གསུམ་པ་ལ། ། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་འོག་བཞི་པའི་བཞི་པ་བཞག། དེ་འོག་བཞི་པའི་ལྔ་པ་ལ།། ཐབས་ཀྱི་གཉིས་པས་སྟེང་ནས་བརྒྱན། གསུམ་པའི་ལྔ་པ་དེ་ལ་སྦྱུ+ིན།། དེ་འོག་གསུམ་པའི་བཞི་པ་གཞག། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། ཁམས་གསུམ་རྣམ་རྒྱལ་ལས་ཀྱི་སྔགས།། དེ་ནས་དང་པོའི་གསུམ་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་གཉིས་པའི་སྟེང་ནས་བརྒྱན། ། དེ་འོག་བཞི་པའི་ལྔ་པས་གཞག། དེ་རྗེས་དང་པོ་བཞི་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། ཐབས་ཀྱི་གཉིས་པས་སྟེང་དུ་བཀོད།། དེ་འོག་གསུམ་པའི་ལྔ་པ་ལ།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ། ། རྟ་མགྲིན་རྒྱལ་པོའི་ལས་ཀྱི་སྔགས།། ཧ་ན་དྲག་ལ་གཉིས་སུ་ཕཊ།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། རྣམ་པར་རྒྱལ་བའི་ལས་ཀྱི་སྔགས།། དེ་འོག་ལྔ་བའི་གསུམ་པ་ལ།། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་བཞི་པའི་གསུམ་པ་གཞག། དེ་རྗེས་ལྔ་པའི་བཞི་པ་ལ།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་བཞི་པ་གཞག། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། མི་གཡོ་མགོན་པོ་ལས་ཀྱི་སྔགས།། དང་པོ་རྣམ་པར་སྣང་མཛད་ཡིན། ། དེ་འོག་བཞི་པའི་དང་པོ་ལ།། བཞི་པའི་གསུམ་པ་དེ་ལ་སྦྱིན།། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་བཞི་བའི་གཉིས་པ་གཞན།། དེ་འོག་གསུམ་པའི་དང་པོ་ལ།། གསུམ་པ་ཡང་ནི་དེ་ལ་སྦྱིན། ། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་གསུམ་པའི་གཉིས་པ་གཞག། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། རྫུ་འཕྲུལ་འཕྲོག་པའི་ལས་སྔགས་ཡིན། དེ་འོག་མཐར་གནས་མཐར་ལྟག་གཞག། དེ་འོག་བདུན་པའི་མཐའ་མ་གཞག། དེ་འོག་དྲུག་པའི་དང་པོ་སྟེ།། དེ་འོག་དྲུག་པའི་གཉིས་པའོ།། དེ་འོག་དྲུག་པའི་གཉིས་པ་ལ།། མཐར་གནས་ཐ་ལྟག་འོག་ནས་སངས།། སྟོང་པའི་གཉིས་སྟེང་ནས་བརྒྱན།། དེ་འོག་གསུམ་པའི་གསུམ་པ་ལ། ། གསུམ་པའི་ལྔ་པ་དེ་ལ་སྦྱིན།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། མཐུ་འཕྲོག་པ་ཡི་སྙིང་པོ་ཡིན།། དེ་ནས་བདུན་པའི་ཐ་མ་ལ།། དྲུག་པའི་གཉིས་པས་འོག་ནས་སངས།། སྟོང་པའི་གཉིས་པས་སྟེང་དུ་བརྒྱན། ། དེ་འོག་དང་པོའི་དང་པོ་ལ།། དྲུག་གཉིས་འོག་སྤྲས་སྟོང་གཉིས་ཏེ།། དེ་འོག་པ་ཡི་དང་པོ་གཞག། དེ་འོག་གསུམ་པའི་ལྔ་པའི་སྟེ།། དེ་འོག་དྲུག་པའི་དང་པོའོ།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ། ། དེ་ནི་ཡན་ལག་བཅིངས་པའི་སྔགས།། ཛ་ལ་བ་ཡ་གཉིས་བརྗོད་པ།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། དེ་ནི་སྨྲ་བྱེད་སྙིང་པོ་ཡིན།། ཨ་བེ་ལན་གཉིས་བརྗོད་བྱས་ནས།། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི། ། དེ་ནི་འབེབས་བྱེད་སྙིང་པོ་ཡིན།། དེ་འོག་ལྔ་པའི་བཞི་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་བཞི་པ་གཞག། དེ་འོག་དྲུག་པའི་དང་པོ་གཞག། ཉིས་འགྱུར་མི་ཤིགས་སྙིང་པོ་ཅན། ། ཧཱུཾ་ཕཊ་མཐའ་དང་བཅས་པ་ནི།། བསྟབས་པའི་སྐབས་སུ་ཤེས་པར་བྱ།། ད་ཧ་ཉིས་འགྱུར་འོག་དྲུག་བཅས།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། དབྱུག་པ་སྔོན་པོའི་ལས་ཀྱི་སྔགས།། པ་ཙ་ཉིས་འགྱུར་མི་ཤིགས་ཅན། ། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། གཤིན་རྗེ་གཤེད་པོའི་ལས་ཀྱི་སྔགས།། མ་ཐ་ཉིས་འགྱུར་མི་ཤིགས་པ།། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། བདག་ཉིད་ཆེན་མོའི་ལས་སྔགས་ཡིན།། སུ་རུ་ཉིས་འགྱུར་མཐར་གོང་བཞིན། ། མཆེ་བ་ཅན་གྱི་ལས་སྔགས་ཡིན།། ཛྭ་ལ་ཉིས་འགྱུར་མཐའ་གོང་བཞིན།། ཤོ་ན་མུ་ཀའི་ལས་སྔགས་ཡིན།། མུ་རུ་ཉིས་འགྱུར་མཐའ་གོང་བཞིན།། ཕྱག་བརྙན་ཆེན་མོའི་ལས་སྔགས་ཡིན།། དེ་ནས་དང་པོའི་དང་པོའོ། ། དེ་འོག་གསུམ་པའི་དང་པོ་གཞག། དེ་རྗེས་དྲུག་པའྀ་དང་པོ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་བཞི་པ་ལ།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་འོག་གཉིས་གསུམ་སྟོང་དྲུག་སྟེ། ། དེ་འོག་སྟོང་དང་ལྔ་ལྔ་པའོ།། དེ་འོག་དྲུག་པའི་གཉིས་གནས་ཏེ།། དེ་འོག་གཉིས་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་དང་པོ་ལ།། སྟོང་པའི་དྲུག་པས་སྟོང་ནས་བརྒྱན། ། མ་དང་ར་དང་ས་ན།། སུ་མ་དྷ་དང་ཡང་དང་ནི།། མི་ཤིགས་ཧཱུཾ་ཕཊ་མཐའ་རུ་གཞག། ལྷ་མོ་བཞི་ཡི་གསད་སྔགས་སོ།། དང་པོ་ཐུགས་ཀྱི་སྙིང་པོ་ཡིན།། མ་གཉིས་པ་ཤི་ཀུ་རུ་མ།། སྟམ་ཉ་ཀ་རེ་ཞེས་པའོ། ། དེ་རྗེས་སྟོང་དང་གཉིས་པ་སྟེ།། དེ་འོག་བཞི་པའི་བཞི་པ་ལ།། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་དང་པོའོ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། མ་གཉིས་ཀརྨ་ཤྲཱི་ཀ་སྟེ།། ཡ་ཧ་མཐའ་རུ་གཞག་པ་ནི། ། བདུན་པའི་གསང་སྔགས་དེ་བཞིན་ནོ།། དང་པོ་རྣམ་པར་སྣང་མཛད་ལ།། དེ་འོག་མི་ཤིགས་སྙིང་པོ་དེ།། ཨ་ན་ཡ་དང་མི་ཤིགས་པ།། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། ཧཱུཾ་ཆེན་ཀ་རའི་ལས་སྔགས་ཡིན། ། དེ་ནས་བཞི་པའི་དང་པོ་ལ།། བཞི་པའི་གསུམ་པ་དེ་ལ་སྦྱིན།། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་བཞི་པའི་གཉིས་པ་གཞག། ཧཱུཾ་ཕཊ་མཐའ་རུ་བཞག་པ་ནི།། བརྡུང་པའི་དུས་སུ་ཤེས་པར་གྱིས། ། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་བཞི་པའི་གཉིས་པ་གཞག། དེ་རྗེས་གསུམ་པའི་དང་པོ་ལ།། བདུན་པའི་ཐ་མ་དེ་ལ་སྦྱིན།། བཞི་པའི་ལྔ་པ་གསུམ་པའི་ལྔ།། དེ་གཉིས་ཟུང་དུ་ལྡན་པར་བྱ།། དེ་འོག་དང་པོའོ་གཉིས་པ་ལ། ། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་བདུན་པས་སྟེང་དུ་བཀོད།། དེ་འོག་བཞི་པའི་དང་པོ་གཞག། ཧཱུཾ་ཕཊ་ཕཊ་གཉིས་ལྡན་པར་བྱ།། སྔགས་ནི་སྨན་ཤིང་ཕུར་བུའི་སྔགས། ། དང་པོ་རྣམ་པར་སྣང་མཛད་དེ།། སུ་རུ་གཉིས་འགྱུར་ཨཙུ་སྨ།། དེ་རྗེས་དང་པོ་གཉིས་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་དང་པོ་གཞག། དེ་འོག་དྲུག་པའི་དང་པོ་སྟེ།། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། དེ་ནི་སེང་ལྡེང་ཕུར་བུའི་སྔགས།། དང་པོ་གཏི་མུག་རིགས་ཡིན་ཏེ།། དེ་རྗེས་བདུན་པའི་ཐ་མ་བཞག། དེ་འོག་ལྔ་པའི་ལྔ་པ་ལ།། དེ་ལ་བཞི་པའི་ལྔ་པ་སྦྱིན། ། དེ་འོག་གསུམ་པའི་དང་པོ་བཞག། དེ་འོག་ལྔ་པའི་བཞི་པ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་གཉིས་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། བཞི་པའི་གསུམ་པ་དེ་ལ་སྦྱིན། ། དེ་འོག་བཞོ་པའི་བཞི་པ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། དེ་རྗེས་སྟོང་པའི་དང་པོ་གཞག། དེ་འོག་ལྔ་པའི་བཞི་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་རྗེས་བདུན་པའི་གཉིས་པ་ལ། ། ཤེས་རབ་གསུམ་པས་འོག་ནས་སྤྲས།། དེ་ལ་བཞི་པའི་གསུམ་པ་སྦྱིན།། དེ་འོག་དྲུག་པའི་དང་པོའོ།། བྷི་དྷ་ར་ནི་གཉིས་འགྱུར་ལ།། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། མཆོག་གི་ཕུར་བུའི་སྔགས་ཡིན་ནོ། ། དང་པོ་གཏི་མུག་རིགས་ཡིན་ཏེ།། དེ་རྗེས་མི་ཤིགས་སྙིང་པོ་ཅན།། དེ་འོག་སྟོང་པའི་དང་པོའོ།། དེ་འོག་དང་པོའི་བཞི་པ་ལ།། ཤེས་རབ་གསུམ་པས་འོག་ནས་སྤྲས།། དེ་འོག་བདུན་པའི་གཉིས་པ་ལ། ། བརྒྱད་པའི་ཐ་ལྟག་འོག་ནས་བརྒྱན།། ཙན་དན་ཕུར་པའི་ལས་ཀྱི་སྔགས།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན།། རྦ་ན་གཉིས་འགྱུར་བྱ་ཧཱུཾ་ཕཊ།། སྔགས་ནི་སྐྱེར་ཕུར་ལས་ཀྱི་སྔགས། ། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་ལྔ་པའི་ལྔ་པ་གཞག། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས། ། སྟོང་པའི་བདུན་པས་སྟེང་དུ་བཀོད།། དེ་འོག་བཞི་པའི་དང་པོ་བཞག། ཧཱུཾ་གཉིས་ཕཊ་གཉིས་སྭཱཧཱ་མཐའ།། འབིགས་པའི་དྲག་སྔགས་ཡིན་པའོ།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན། ། དེ་འོག་བདུན་པའི་ཐ་མ་ལ།། དྲུག་པའི་ཐ་མས་འོག་ནས་སྤྲས།། དེ་རྗེས་བཞི་པའི་དང་པོ་གཞག། དེ་རྗེས་བདུན་པའི་མཐའ་མ་གཞག། དེ་རྗེས་ལྔ་པའི་ལྔ་པ་གཞག། དེ་འོག་དྲུག་པའི་དང་པོ་སྟེ། ། ཧཱུཾ་གི་ཐ་མ་བྱས་པ་ནི།། དེ་ནི་མི་འདིའི་སྔགས་ཡིན་ནོ།། དང་པོ་གཏི་མུག་ཡིན་པ་སྟེ།། དེ་རྗེས་མི་ཤིགས་སྙིང་པོ་ཅན།། དེ་འོག་དང་པོའི་དང་པོ་ལ།། འོག་ཏུ་དུར་ལྡན་སྟེང་སྟོང་གཉིས། ། དེ་འོག་བཞི་པའི་དང་པོ་བཞག། ཧ་ན་གཉིས་འགྱུར་ད་ཧ་གཉིས།། པ་ཙ་གཉིས་ལ་བནྡྷ་གཉིས།། ཚིནྡྷ་གཉིས་ལ་རྦ་ན་གཉིས།། གོང་མ་ཞན་ལ་འོག་མ་དྲག། ཧཱུཾ་གཉིས་ཕཊ་གཉིས་བརྗོད་པ་ནི།། བཀའ་ཉན་བྱེད་པའི་སྔགས་ཡིན་ནོ། ། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་བདུན་པས་སྟེང་དུ་བཀོད།། དེ་འོག་གསུམ་པའི་དང་པོ་གཞག། དེ་འོག་དྲུག་པའི་དང་པོ་ལ།། དང་པོ་གསུམ་པ་སྦྱིན་པར་བྱ།། དེ་རྗེས་བདུན་པའི་གཉིས་པ་གཞག། ཁ་གཉིས་ཧ་གཉིས་ཧཱུཾ་གཉིས་ཏེ།། ཕཊ་གཉིས་བརྗོད་པའི་སྔགས་རྣམས་ནི།། སྙིང་ཁྲག་རྡུབ་པའི་སྔགས་ཡིན་ནོ། ། དང་པོ་གཏི་མུག་རིགས་ཡིན་ཏེ།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་རྗེས་དང་པོའི་དང་པོ་ལ།། དྲུག་པའོ་གཉིས་པས་འོག་ནས་སྤྲས།། སྟེང་དུ་སྟོང་པའི་བདུན་པས་བརྒྱན།། དེ་འོག་བཞི་པའི་དང་པོ་གཞག། དེ་རྗེས་ལྔ་པའི་ལྔ་པ་གཞག། དེ་རྗེས་མཐར་གནས་མཐའ་ལྟག་གཞག། དེ་འོག་ལྔ་པའི་དང་པོ་སྟེ།། དེ་རྗེས་དྲུག་པའི་གསུམ་པ་གཞག། ཧ་ན་གཉིས་དང་ད་ཧ་གཉིས།། པ་ཙ་གཉིས་བརྗོད་རྗེས་ལ་ནི། ། ལྔ་པའི་བཞི་པ་སྟོང་གཉིས་བརྒྱན།། དེ་རྗེས་བཞི་པའི་དང་པོ་ལ།། དྲུག་པའི་བཞི་པ་འོག་ཏུ་སྦྱིན།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་འོག་བདུན་པའི་ཐ་མ་གཞག། དེ་རྗེས་ལྔ་པའི་ལྔ་པ་གཞག། དེ་འོག་དྲུག་པའི་དང་པོའོ། ། དེ་རྗེས་གཉིས་པའི་བཞི་པ་གཞག། དེ་འོག་གསུམ་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་ལ།། ལྔ་པའི་ལྔ་པ་དང་ལྡན་པར།། དེ་འོག་ལྔ་པའི་དང་པོ་ལ། ། སྟོང་པའི་བདུན་པས་སྟེང་དུ་བཀོད།། དེ་འོག་བཞི་པའི་པ་གཞག། དེ་འོག་གསུམ་པའི་དང་པོ་ལ།། དེ་རྗེས་དྲུག་པའི་གཉིས་པས་བཞག། དེ་རྗེས་གསུམ་པའི་ལྔ་པ་བཞག། དེ་རྗེས་ཐབས་ཀྱི་གསུམ་པ་གཞག། དེ་འོག་གཉིས་ཀྱི་དང་པོ་ལ།། ཤེས་རབ་གསུམ་པས་འོག་ནས་བརྒྱན།། དེ་རྗེས་བདུན་པའི་ཐ་མ་ལ།། ལྔ་པའི་ལྔ་པས་འོག་ནས་བརྒྱན།། དེ་རྗེས་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས། ། སྟོང་པའི་བདུན་པས་སྟེང་དུ་བཀོད།། དེ་འོག་བཞི་པའི་དང་པོ་བཞག། དེ་རྗེས་དྲུག་པའི་དང་པོའོ།། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། ཤིན་ཏུ་བརྟན་པའི་སྔགས་ཡིན་ནོ།། དེ་ནས་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན། ། དེ་རྗེས་དང་པོའི་དང་པོ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་རྗེས་དྲུག་པའི་གསུམ་པ་བཞག། དེ་འོག་དྲུག་པའི་དང་པོ་སྟེ།། ཁ་ཐམས་གསུམ་དང་ཧཱུཾ་གསུམ་སྟེ། ། མཐའ་རུ་ཕཊ་གསུམ་བརྗོད་པ་ནི།། དེ་ནི་བདུད་པའི་གསང་སྔགས་ཡིན།། དང་པོ་དྲུག་པའི་གཉིས་པ་ལ།། སྟོང་པའི་བརྒྱད་པའི་སྟེང་ནས་བཀོད།། དེ་རྗེས་གཉིས་པའི་གསུམ་པ་ལ།། དྲུག་པའི་བཞི་པས་འོག་ནས་སྤྲས། ། དེ་རྗེས་དྲུག་པའི་གསུམ་པ་གཞག། ཉིས་འགྱུར་བརྗོད་པའི་རྗེས་ལ་ནི།། བདུན་པ་ཡི་ནི་ཐ་མ་ལ།། ལྔ་པའི་དང་པོས་འོག་ནས་སྤྲས།། དེ་འོག་དྲུག་པའི་གཉིས་པ་གཞག། ད་རྗེས་བཞི་པའི་ལྔ་པ་གཞག། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། མེ་སྤར་བ་ཡི་སྔགས་ཡིན་ནོ།། དང་པོ་རྣམ་པར་སྣང་མཛད་ཡིན།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་རྗེས་བདིམ་པའི་ཐ་མ་ལ།། ཤེས་རབ་གསུམ་པས་འོག་ནས་སྤྲས། ། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། དེ་རྗེས་བཞི་པའི་དང་པོ་ལ།། འོག་ཏུ་ར་ལྡན་སྟོང་པ་གསུམ།། ཤེས་རབ་བརྒྱད་པས་སྟེང་དུ་བཀོད།། དེ་འོག་ཧཱུཾ་དང་ས་དང་མ།། ཨ་དང་སྟོམ་ཞེས་བརྗོད་པ་ནི། ། དེ་ནི་མནན་པའི་གསང་སྔགས་ཡིན།། ཛ་དང་ཧཱུཾདང་བཾ་དང་ཧོ།། དེ་འོག་སྟོང་པའི་དྲུག་པ་གཞག། དེ་རྗེས་མཐར་གནས་ཐ་ལྟག་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་རྗེས་ལྔ་པའི་བཞི་པ་སྟེ། ། དེ་འོག་དང་པོའི་གསུམ་པ་གཞག། དེ་འོག་ལྔ་པའི་གསུམ་པ་ལ།། བཞི་པའི་ལྔ་པ་དང་ལྡན་ཏེ། དེ་འོག་ལྔ་པའི་བཞི་པ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། དེ་རྗེས་བཞི་པའི་དང་པོ་གཞག། དེ་འོག་དྲུག་པའི་གཉིས་པ་གཞག། དེ་རྗེས་གཉིས་པའི་དང་པོ་སྟེ།། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་དང་པོའི་དང་པོ་ལ།། བདུན་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་མི་ཤིགས་སྙིང་པོ་ཅན། ། བྷྱོ་གཉིས་རུ་ལུ་གཉིས་ལྡན་ཧཱུཾ།། ལས་ཀྱི་ལྷ་རྣམས་སྤྱན་དྲངས་པའི།། གསང་སྔགས་ཡིན་པར་ཤེས་པར་བྱའོ།། དང་པོ་གཏི་མུག་དེ་བཞིན་ཡིན།། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས། ། དེ་རྗེས་བཞི་པའི་དང་པོ་ལ།། ཐབས་ཀྱི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་གཉིས་པའི་དང་པོ་གཞག། དེ་རྗེས་ཧཱུཾ་དང་ལྡན་པ་ནི།། དབུལ་པའི་གསང་སྔགས་ཡིན་པར་འདོད།། དང་པོ་བརྗོད་མེད་གོང་མ་ཡིན། ། དེ་འོག་བདུན་པའི་ཐ་མ་གཞག། དེ་རྗེས་ལྔ་པའི་ལྔ་པ་གཞག། དེ་འོག་དྲུག་པའི་དང་པོ་སྟེ།། དེ་འོག་སྟོང་པའི་དང་པོའོ།། དེ་རྗེས་ལྔ་པའི་ལྔ་པ་ལ།། འོག་ཏུ་ར་ལྡན་སྟོང་པ་གཉིས།། དེ་འོག་བཞི་པའི་དང་པོ་གཞག། དེ་རྗེས་སྟོང་པའི་དང་པོའོ།། དྲུག་པ་གཉིས་ལ་དང་པོ་གསུམ།། དེ་ལ་ལྔ་པའི་ལྔ་པ་སྦྱིན།། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་བཞི་པོའི་དང་པོ་ལ།། ཐབས་ཀྱི་གཉིས་པས་སྟེང་ནས་བརྒྱན། ། དེ་འོག་གཉིས་པོའི་དང་པོ་བཞག། ཧཱུཾ་དང་སྭཱཧཱ་མཐར་ལྡན་པ།། ཞལ་དུ་གསོལ་བའི་གསང་སྔགས་ཡིན།། དངཔོ་གཏི་མུག་དེ་བཞིན་བཞག། དེ་འོག་ལྔ་པའི་ལྔ་པ་ལ། ། སྟོང་པའི་བདུན་པས་སྟེང་ནས་བཀོད།། དེ་འོག་ལྔ་པའི་གསུམ་པ་བཞག། དེ་རྗེས་དང་པོའི་གསུམ་པ་སྟེ།། དེ་འོག་ལྔ་པའི་གསུམ་པ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན།། དེ་རྗེས་བཞི་པའི་དང་པོ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན། ། དེ་འོག་བདུན་པའི་གཉིས་པ་ལ།། དྲུག་པའི་བཞི་པས་འོག་ནས་སྤྲས།། དེ་རྗེས་བདུན་པའི་གཉིས་པ་ལ།། བཞི་པའི་ལྔ་པ་དེ་ལ་སྦྱིན། དེ་འོག་གསུམ་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། དེ་རྗེས་དང་པོའི་གསུམ་པ་ལ།། ཐབས་ཀྱི་གཉིས་པས་སྟེང་དུ་བཀོད།། དེ་འོག་བཞི་པའི་དང་པོ་ལ།། ཤེས་རབ་གསུམ་པས་འོག་ནས་སྤྲས།། དེ་འོག་བཞི་པའི་དང་པོ་ལ།། དེ་ལ་གསུམ་པའི་གསུམ་པ་སྦྱིན། ། དེ་འོག་དྲུག་པའི་དང་པོ་གཞག། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་རྗེས་བཞི་པའི་བཞི་པ་ལ།། དེ་ལ་གསུམ་པའི་ལྔ་པ་སྦྱིན།། དེ་རྗེས་གསུམ་པའི་དང་པོ་ལ།། དེ་ལ་ཐབས་ཀྱི་གསུམ་པས་བརྒྱན། ། དེ་འོག་དྲུག་པའི་དང་པོ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། དེ་རྗེས་ལྔ་པའི་ལྔ་པ་ལ།། སྟོང་པའི་དྲུག་པས་དེ་ལ་བརྒྱ?ན།། དེ་འོག་དང་པོའི་དང་པོ་གཞག། དེ་རྗེས་བཞི་པའི་ལྔ་པ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན། ། དེ་འོག་དང་པོའི་དང་པོ་ལ།། ཤེས་རབ་བདུན་པས་སྟེང་ནས་བརྒྱན།། དེ་ལ་གསུམ་པའི་ལྔ་པ་སྦྱིན།། ཙལ་གཉིས་དང་མ་ལ་གཉིས།། ཏི་ལི་གཉིས་དང་སྭཱཧཱ་མཐའ།། བཟློག་པར་བྱེད་པའི་གསང་སྔགས་ཡིན། ། དང་པོ་དྲུག་པོའི་དང་པོ་བཞག། དེ་འོག་ལྔ་པའི་ལྔ་པ་བཞག། དེ་འོག་དྲུག་པའི་གསུམ་པ་གཞག། སྟོང་པའི་གསུམ་པས་སྟེང་ནས་བརྒྱན།། དེ་ལ་བཞི་པའི་གསུམ་པ་སྦྱིན།། དེ་འོག་དྲུག་པའི་གཉིས་པ་ལ། ། གཉིས་པའི་དང་པོས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་གསུམ་པ་ལ།། ལྔ་པའི་ལྔ་པ་དེ་ལ་སྦྱིན།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གཉིས་པ་ལ།། དྲུག་པའི་གསུམ་ཉིད་དང་ཡང་ལྡན། ། ཛ་དང་ཧཱུཾ་དང་ཕཊ་བཏགས་པ།། ནོར་དང་དཔྲལ་བའི་སྔགས་སོ།། ཛ་དང་ཧཱུཾ་དང་བྷྱོ་ཞེས་བྱ།། དེ་འོག་བདུན་པའི་ཐ་མ་ལ།། གཉིས་པའི་ལྔ་པ་དེ་ལ་སྦྱིན།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན། ། དེ་ལ་དང་པོ་ལྔ་པའི་ལྔ་པ་སྦྱིན།། ཤད་ཤད་ཛ་ཧཱུཾ་བཾ་ཞེས་པ།། ལེན་པར་བྱེད་པའི་གསང་སྔགས་ཡིན།། དང་པོ་མཐར་གནས་ཐ་ལྟག་ལ།། དེ་འོག་བཞི་པའི་གསུམ་པ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན། ། དེ་འོག་ལྔ་པའི་ལྔ་པ་ལ།། ཤེས་རབ་བདུན་པས་སྟེང་ནས་བརྒྱན།། ཧ་དང་ཡ་ཞེས་བརྗོད་པ་ནི།། དབང་དུ་བསྡུ་བའི་སྙིང་པོ་ཡིན།། དེ་འོག་དང་པོའི་དང་པོ་བཞག། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། ཐམས་ཅད་སྙིང་པོ་དུ་བསྟན་དང།། ཧྲི་དང་ད་ཡ་ཧཱུཾ་ཕཊ་མཐའ། རྨུགས་པར་བྱེད་པའི་སྙིང་པོ་ཡིན།། དང་པོ་དྲུག་པའི་དང་པོ་གཞག། དེ་ལ་དང་པོའི་གསུམ་པ་སྦྱིན། ། དེ་འོག་བདུན་པའི་གཉིས་པ་གཞག། བཛྲ་ཧཱུཾ་དང་ཛ་ཞེས་པ།། ཉམས་པར་བྱེད་པའི་གསང་སྔགས་ཡིན།། དང་པོ་ཚིནྡྷ་གཉིས་དང་ནི།། བྷནྡྷ་གཉིས་དང་མོ་ཧ་ར།། ལ་ཧཱུཾ་ཕཊ་ཅེས་གཞག་པ་ནི།། འབྲལ་བྱེད་གསང་སྔགས་ཡིན་པའོ། ། དེ་འོག་དང་པོའི་དང་པོ་ལ།། དང་པོའི་ལྔ་པ་དེ་ལ་སྦྱིན།། དེ་འོག་དང་པོའི་དང་པོ་བཞག། དེ་རྗེས་དྲུག་པའི་དང་པོ་གཞག། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་དྲུག་པའི་གསུམ་པ་བཞག། དེ་འོག་དྲུག་པའི་གཉིས་པ་ལ།། ལྔ་པའི་གསུམ་དུ་འོག་ཏུ་སྦྱིན།། དེ་ལ་བཞི་པའི་གསུམ་པོ་སྦྱིན།། སུ་དང་ཧཱུཾ་ཕཊ་ཅེས་པ་སྨྱོ་བར་བྱེད་པའི་གསང་སྔགས་ཡིན།། དང་པོ་ལྔ་པའི་བཞི་པ་ལ། ། སྟོང་པས་གཉིས་པས་སྟེང་ནས་བརྒྱན།། དེ་འོག་གསུམ་པའི་ལྔ་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། གསོད་པར་བྱེད་པའི་གསང་སྔགས་ཡིན།། ཧི་གཉིས་དང་ནི་ཙག་ཤོ་བྱ། ། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་ལྔ་པའི་གསུམ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་ལྔ་པའི་ལྔ་པ་ལ།། སྟེང་དུ་སྟོང་དྲུག་འོག་ཏུ་ཡང།། ཧ་དང་ཐ་གཉིས་མཐར་གཞག་ལ། ། གནད་པོར་བ་ཡི་སྔགས་ཡིན་ནོ།། དེ་ནས་ཛྫ་བརྩེགས་བརྒྱད་རྣམས་ནི།། གནོད་པའི་གསང་སྔགས་ཡིན་པའོ།། དང་པོ་ལྔ་པའི་ལྔ་བཞག། དེ་འོག་དང་པོའི་དང་པོ་ལ།། དང་པོའི་ལྔ་པ་དེ་ལ་སྦྱིན། ། དེ་འོག་དང་པོའི་དང་པོ་ལ།། ཤེས་རབ་གཉིས་པས་སྟེང་ནས་བརྒྱན།། རྦུད་ཐུམས་མཐའ་རུ་བཏགས་པ་ནི།། སྙིང་རྩ་གཅོད་པའི་གསང་སྔགས་སོ།། དང་པོ་མཐར་གནས་ཐ་ལྷག་པ།། སྟོང་པའི་དྲུག་པ་སྟེང་ནས་བརྒྱན། །། དེ་འོག་དང་པོའི་དང་པོ་བཞག། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་བདུན་པའི་གཉིས་པ་གཞག། དེ་རྗེས་དྲུག་པའི་གཉིས་པ་ལ།། ལྔ་པའི་གསུམ་པས་འོག་ནས་སྤྲས། ། དེ་ལ་བཞི་པའི་གསུམ་པ་སྦྱིན།། དུན་དང་བྷྱོ་ཞེས་བཏགས་པས་ནི།། ཤ་ལ་རོལ་པའི་གསང་སྔགས་ཡིན།། དང་པོ་མཐར་གནས་ཐ་ལྟག་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གཉིས་པ་ལ། ། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་བཞི་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་བརྒྱན།། དེ་འོག་བདུན་པའི་དང་པོ་ལ།། ཐབས་ཀྱི་གཉིས་པས་གོང་ནས་སྤྲས། ། རྦད་གཉིས་ཧེ་གཉིས་བྷྱོ་ཞེས་པ།། འདི་ནི་སྙིང་འཕྲོགས་གསང་སྔགས་ཡིན།། དང་པོ་མཐར་གནས་མཐའ་ལྟག་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་གཞག། དེ་རྗེས་དྲུག་པའི་གསུམ་པ་གཞག། དེ་འོག་བཞི་པའི་གསུམ་པ་ལ།། སྟོང་པའི་གསུམ་པས་འོག་ནབས་སྤྲས།། དེ་ལ་ལྔ་པའི་ལྔ་པ་སྦྱིན།། དེ་འོག་ལྔ་པའི་གསུམ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་དང་པོའི་དང་པོ་ལ། ། སྟེང་དུ་སྟོང་གཉིས་འོག་ཏུ་ཡ།། མཐའ་ཁྱིམ་ཞེས་ནི་བརྗོད་པ་ནི།། སྙིང་ཟབ་ཡི་གསང་སྔགས་ཡིན།། དེ་འོག་མཐར་གནས་ཐ་ལྟག་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་གཉིས་པ་གཞག། དེ་རྗེས་བཞི་པའི་དང་པོ་ལ། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་མཐར་གནས་ཐ་ལྟག་ལ།། སྟོང་པའི་དྲུག་པའི་སྟེང་ནས་བརྒྱན།། དེ་འོག་དང་པོའི་གཉིས་པ་བཞག། དེ་རྗེས་དྲུག་པའི་དང་པོ་ལ།། དེ་ལ་དང་པོའི་གསུམ་པ་སྦྱིན།། ཐུན་བྷྱོ་རྦད་ཅེས་བཏགས་པ་ནི།། ནང་གྲོལ་གདོན་ཟའི་གསང་སྔགས་ཡིན།། དང་པོ་མཐར་གནས་མཐའ་ལྟག་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན། ། དེ་འོག་དྲུག་པའི་དང་པོ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན།། དེ་འོག་བདུན་པའི་དང་པོ་ལ།། དེ་རྗེས་དང་པོ་གཉིས་པ་གཞག། ཐུམས་བྷྱོ་ཞེས་ནི་བཏགས་པ་ནི།། སྙིང་རྩ་གཅོད་པའི་གསང་སྔགས་སོ། ། ཆེམ་ཆེམ་གཉིས་ནི་བརྗོད་པའི་རྗེས།། དེ་འོག་དྲུག་པའི་གཉིས་པ་ལ།། ཤེས་རབ་གསུམ་པས་འོག་ནས་སྤྲས།། རྦད་དང་ཐུམ་དང་རི་ལི་ལི།། ཀླད་ཁྲག་བཙོ་བའི་གསང་སྔགས་ཡིན།། ཁ་གཉིས་མ་གཉིས་ཏྲི་ཤ་ལཾ། ། བྷྱོ་ཞེས་མཇུག་ལ་བཏགས་ལ་ནི།། སྙིང་རྩ་གཅོད་པའི་གསང་སྔགས་ཡིན།། ཧཱུཾ་ཕཊ་བརྒྱད་དུ་བྱུང་བ་ནི།། གསོད་པའི་མཐའ་ཡི་གསང་སྔགས་ཡིན།། དང་པོ་མ་གཉིས་ཏྲག་རག་ཤ། ། དེ་འོག་དང་པོའི་གཉིས་པ་གཞག། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་བཞི་པའི་དང་པོ་ལ།། དེ་ལ་དྲུག་པའི་གཉིས་པས་སྤྲས།། དེ་འོག་བདུན་པའི་ཐམ་ལ། ། ལྔ་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་བདུན་པའི་ཐ་མ་ལ།། གཉིས་པའི་ལྔ་པས་འོག་ནས་སྤྲས།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་ལ་དང་པོའི་ལྔ་པ་སྦྱིན།། དེ་འོག་དང་པོ་དང་པོའི་གཉིས་པ་གཞག། དེ་འོག་དྲུག་པའི་གཉིས་པ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན།། དེ་འོག་གོང་མ་ཇི་བཞིན་བཞག། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བཀོད།། དེ་འོག་བཞི་པའི་གསུམ་པ་ལ། ། སྟོང་པའི་གསུམ་པས་འོག་ནས་བརྒྱན།། དེ་ལ་བཞི་བའི་ལྔ་པ་བཞིན།། བྷྱོ་དང་ཛ་གཉིས་བརྗོད་པར་བྱ།། དེ་འོག་རུ་ལུ་གཉིས་བརྗོད་བྷྱོ།། རུ་གཉིས་བརྗོད་རྗེས་བཻ་རོ་ཧཱུཾ།། དེ་འོག་ལྔ་པའི་དང་པོའོ། ། དེ་འོག་བཞི་པའི་དང་པོ་སྟེ།། དེ་རྗེས་དང་པོའི་དང་པོ་ལ།། བདུན་པའི་དང་པོས་འོག་ནས་སྤྲས།། དེ་འོག་དྲུག་པའི་གསུམ་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་རྗེས་ལྔ་པའི་ལྔ་པ་ལ།། སྟོང་པའི་དྲུག་པས་སྟེང་དུ་བཀོད། ། དེ་འོག་བདུན་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་གཉིས་པས་སྟེང་དུ་བཀོད།། དེ་འོག་དྲུག་པའི་དང་པོ་བཞག། དེ་རྗེས་དང་པོའི་དང་པོ་ལ། ། བདུན་པའི་གཉིས་པས་འོག་ནས་སྤྲས།། དེ་རྗེས་བདུན་པའི་ལྔ་པ་གཞག། དེ་འོག་ལྔ་པའི་གསུམ་པ་སྟེ།། དེ་རྗེས་དང་པོའི་དང་པོ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་ལ་བཞི་པའི་ལྔ་པ་བཞིན། ། དེ་འོག་གསུམ་པའི་དང་པོ་ལ།། སྟོང་པའི་དྲུག་པས་སྟེང་ནས་སྤྲས།། ཛ་ར་བར་མེ་ཞེས་བརྗོད་རྗེས།། དེ་འོག་གཉིས་པའི་གཉིས་པ་གཞག། དེ་འོག་བཞི་པའི་གསུམ་པ་གཞག། དེ་རྗེས་ལྔ་པའི་གསུམ་པ་ལ། ། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་དྲུག་པའི་སྟེང་ནས་བརྒྱན།། ཚ་ཏ་ན་པ་ཞེས་བརྗོད་རྗེས།། དེ་འོག་ལྔ་པའི་དང་པོ་གཞག། དེ་འོག་གསུམ་པའི་དང་པོ་ལ།། ཐབས་ཀྱི་དྲུག་པས་སྟེང་ནས་བརྒྱན། ། པ་བྱ་ལ་གེ་ཨ་པ་ཞེས་བརྗོད།། དེ་འོག་ལྔ་པའི་བཞི་པ་གཞག། དེ་རྗེས་བདུན་པའི་ཐ་མ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་བཞི་པའི་ལྔ་པ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན། ། ཧ་ས་ག་བ་ཀྵ་ཞེས་རྗེས།། ལ་མཐུན་ཛཀྴ་ཞེས་བརྗོད།། དེ་འོག་དང་པོའི་གསུམ་པ་གཞག། དེ་རྗེས་བདུན་པའི་དང་པོ་ལ།། དེ་ལ་ལྔ་པའི་ལྔ་པ་སྦྱིན།། དེ་འོག་ལྔ་པའི་བཞི་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། དེ་འོག་དྲུག་པའི་གཉིས་པ་གཞག། བ་སུ་མེ་ཨ་ཞེས་བརྗོད་དེ།། ན་མ་ཡ་ས་རོ་ཞེས་ཡིན།། དེ་རྗེས་ལྔ་པའི་དང་པོ་གཞག། དེ་འོག་དྲུག་པའི་གསུམ་པ་གཞག། དེ་རྗེས་བདུན་པའི་དང་པོ་སྟེ། ། དེ་རྗེས་བཞི་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟེང་ནས་སྟོང་པའི་བདུན་པས་སྤྲས།། ཡེ་སྭཱཧཱ་ཞེས་མཐའ་རུ་གཞག། བུམ་པ་བཟང་པོ་བསྔགས་པ་ཡི།། གསང་སྔགས་ཡིན་པར་ང་ཡིས་བཤད། ། དེ་འོག་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོའོ།། ཀཱི་ལི་ཀཱི་ལ་ཞེས་པ་ཡི།། རྗེས་ལ་མ་གཉིས་ཚོགས་གཉིས་བརྗོད།། བཟློག་པའི་གསང་སྔགས་ཡིན་པའོ།། དང་པོ་ཐུགས་ཀྱི་རིགས་ཡིན་ཏེ། ། དེ་འོག་པ་ཡི་གསུམ་པ་ལ།། ལྔ་པའི་ལྔ་པ་དེ་ལ་སྦྱིན།། དེ་རྗེས་ལྔ་པའི་བཞི་པ་གཞག། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་རྗེས་དྲུག་པའི་གསུམ་པ་གཞག། དེ་འོག་ལྔ་པའི་དང་པོ་ལ། ། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་བདུན་པའི་གཉིས་པ་གཞག། དེ་འོག་དྲུག་པའི་དང་པོའོ།། དེ་ནས་དང་པོའོ་མ་གཉིས་བརྗོད།། དེ་འོག་གསུམ་པའི་བཞི་པ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན། ། དེ་འོག་ལྔ་པའི་ལྔ་པ་གཞག། མི་ཤིགས་སྙིང་པོ་བརྗོད་པའི་རྗེས།། དྲུག་པའི་གཉིས་པས་སྟོང་བདུན་བརྒྱན།། དེ་འོག་དྲུག་པའི་གསུམ་པ་གཞག། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན། ། དེ་འོག་བདུན་པའི་གཉིས་པ་ལ།། ཙིཏྟ་ར་སྨུག་སྙིང་ཁྲག་འཐུང། ཏ་པ་ཤ་སྦྲོས་ཞེས།། མཐའ་དང་བཅས་པ་མགོ་དང་བཅས། ཕུར་པ་འབད་པའི་གསང་སྔགས་ཡིན། དེ་ནས་དང་པོའི་དང་པོ་ལ། ། འོག་ཏུ་ར་ལྡན་བདེ་སྟེང།། སྙིང་ཁྲག་གཉིས།། དེ་འོག་བདུན་པའི་དང་པོ་ལ།། སྟེང་དུ་ཤེས་རབ་གཉིས་པས་བརྒྱན།། དེ་ལ་དང་པོའི་གསུམ་པ་སྦྱིན།། དེ་འོག་བཞི་པའི་ལྔ་པ་ལ།། འོག་ཏུ་ར་སྟེ་སྟོང་ལྡན་གཉིས། ། བདུན་པའི་གཉིས་པ་སྟེང་དུ་སྟོང་གཉིས་བརྒྱན།། དེ་འོག་ལྔ་པའི་བཞི་པ་གཞག། དེ་འོག་བཞི་པའི་དང་པོ་ལ།། འོག་ཏུ་ར་སྦྱིན་སྟོང་གཉིས་སྟེང།། དེ་རྗེས་བདུན་པའི་དང་པོ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན། ། དེ་རྗེས་བཞི་པའི་གཉིས་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་ལ་ལྔ་པའི་ལྔ་པ་བཞིན།། རི་ལི་ལི་ཞེས་བརྗོད་པའི་རྗེས།། དེ་འོག་དང་པོའི་གཉིས་པ་ལ་གཞག། དེ་རྗེས་ལྔ་པའི་ལྔ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས། ། དེ་འོག་བཞི་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་འཇིགས་གཉིས་བརྗོད་པར་བྱ།། དང་པོའི་གཉིས་པ་དང་པོ་ལ།། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས། ། དེ་འོག་ལྔ་པའི་ལྔ་པ་བཞག། དེ་འོག་བཞི་པའི་ལྔ་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་ཐ་མ་ལ།། ལྔ་པའི་ལྔ་པས་འོག་ནས་སྤྲས།། སྟོང་པའི་གཉིས་པས་སྟེང་དུ་བཀོད། ། དེ་ལ་དང་པོའི་ལྔ་པ་གཞག། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་རྗེས་བདུན་པའི་གཉིས་པ་གཞག། དེ་འོག་བཞི་པའི་གསུམ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས། ། དེ་རྗེས་བཞི་པའི་གསུམ་པ་ལ།། ཤེས་རབ་གསུམ་པས་འོག་ཏུ་བརྒྱན།། དེ་འོག་ལྔ་པའི་ལྔ་པ་ལ།། གསུམ་པ་ལྔ་པ་དེ་ལ་སྦྱིན།། དེ་འོག་བཞི་པའི་ལྔ་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། དེ་འོག་བདུན་པའི་དང་པོ་ལ།། དྲུག་པའི་ཐ་མས་འོག་ནས་སྤྲས།། དེ་འོག་དྲུག་པའི་གཉིས་པ་ལ།། ཤེས་རབ་གཉིས་པས་བཀོད་བྱས་ལ།། དེ་རྗེས་བཞི་པའི་ལྔ་པ་ལ།། ཐབས་ཀྱིས་ཞགས་པས་གོང་ནས་སྤྲས། ། དེ་འོག་དྲུག་པའི་གསུམ་པ་གཞག། དེ་རྗེས་ལྔ་པའི་དང་པོ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། ཏི་དང་ཛ་གཉིས་བརྗོད་པ་ནི།། ཤོ་ན་པའི་སྲོག་སྙིང་རང་དང་དབང་མེད།། འོང་བ་ཡིན་ནི་སྔགས་ཡིན་ནོ། ། དང་པོ་དང་པོའི་དང་པོ་ལ།། འོག་ནས་ཡ་བརྒྱད་སྟེང་སྟོང་གཉིས།། དེ་འོག་དང་པོའི་གཉིས་པ་ལ།། འོག་ནས་ར་སྤྲས་སྟོང་ཐབས་གཉིས།། དེ་ལ་བཞི་པའི་གསུམ་པ་སྦྱིན།། དེ་འོག་དྲུག་པའི་གཉིས་པ་གཞག། དེ་འོག་དང་པོའི་གཉིས་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་ལ་གསུམ་པའི་གསུམ་པ་སྦྱིན།། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན། ། དེ་འོག་དྲུག་པའི་གསུམ་པ་གཞག། དེ་འོག་དང་པོའི་གཉིས་པ་ལ།། འོག་ཏུ་ར་ལྡན་དང་པོ་གསུམ།། མཐུང་མ་ཞེས་ནི་བརྗོད་པའི་རྗེས།། ཀང་ཀ་ཀེང་ཀེ་ཞེས་བྱ་དང།། ཀང་ཀ་ཡ་ཞེས་བརྗོད་པ་དང། ། དཔལ་མོ་དབང་གི་སྙིང་སྔགས་ཡིན།། དེ་ནས་གཉིས་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་རྗེས་བཞི་པའི་ལྔ་པ་གཞག། མ་གཉིས་རེ་ལ་ཁྲག་འཐུང་དང། ། དེ་འོག་མན་ཆད་གོང་གཉིས་ཤེས།། ལྷ་མོ་དབང་གི་སྲོག་སྔགས་ཡིན།། དེ་འོག་བདུན་པའི་ཐ་མ་ལ།། གཉིས་པའི་ལྔ་པས་འོག་ནས་བརྒྱན།། སྟོང་པའི་གཉིས་པ་འོག་ནས་སྤྲས།། དེ་ལ་དང་པོའི་ལྔ་པ་སྦྱིན། ། ཟ་བ་ཙ་ཤུ་མ་ཞེས་བརྗོད།། རོ་ལ་ཁྲག་འཐུང་མན་ཆད་ནི།། གོང་མའི་སྐབས་ལ་ཤེས་པར་བྱ།། ལེགས་མོ་དབང་བའི་སྲོག་སྔགས་ཡིན།། དང་པོ་བཞི་པའི་དང་པོ་ལ།། དང་པོ་ལྔ་པའི་དེ་ལ་སྦྱིན། ། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་དྲུག་པའི་གསུམ་པ་གཞག། དེ་རྗེས་བདུན་པའི་ཐ་མ་ལ། བཞི་པའི་དང་པོ་དེ་ལ་སྤྲས། སྟོང་པའི་བདུན་པའྀ་སྟེང་དུ་མེད། ཀི་གཉིས་ཏི་དང་ཧཱུ~ཾ་ཕཎ་བརྗོད། ཤག་གཉིས་རྐྱོབ་གཉྀས་མ་གཉིས་བརྗོད། ཀླུ་མོ་དབང་གི་སྲོག་སྔགས་ཡིན།། དང་པོའི་བཞི་པ་ལྔ་པ་གཞག། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གཉིས་པ་ལ། ། བཞི་པའི་གསུམ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་ལྔ་པའོ།། དེ་རྗེས་བཞི་པའི་དང་པོ་ལ།། དྲུག་པའི་གཉིས་པ་འོག་ནས་སྤྲས།། ཡ་གཉིས་བརྗོད་པའི་རྗེས་ཐོགས་ལ།། བདུན་པའི་དང་པོ་དེ་ལ་ནི། ། དང་པོ་གསུམ་པ་སྦྱིན་པར་བྱ།། དང་པོའི་དང་པ་ཡ་ཡིས་སྤྲས།། དེ་ལ་དང་པོའི་ལྔ་པ་སྦྱིན།། དེ་འོག་ལྔ་པའི་དང་པོ་གཞག། དེ་རྗེས་དྲུག་པའི་གཉིས་པ་ལ།། དེ་འོག་དྲུག་པའི་དང་པོ་སྟེ།། ཏ་ཐཱ་ག་ཏ་ཡ་ཞེས་པ། ། དེ་འོག་བཞི་པའི་ལྔ་པ་བཞག། དེ་རྗེས་ལྔ་པའི་ལྔ་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་ལྔ་པ་གཞག། དེ་འོག་བདུན་པའི་དང་པོ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་དང་པོ་ལ། ། དེ་རྗེས་དྲུག་པའི་དང་པོ་གཞག། ཀླུ་གཉིས་ཡུ་སུ་ལུ་ཞེས་པ།། དེ་འོག་གཉིས་པའི་དང་པོ་གཞག། དེ་རྗེས་བཞི་པའི་དང་པོ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་རྗེས་གསུམ་པའི་དང་པོ་ལ། ། དྲུག་པའི་གཉིས་པས་དེ་ལ་སྤྲས།། དེ་འོག་གཉིས་པའི་དང་པོ་གཞག། དེ་རྗེས་དྲུག་པའི་གཉིས་པ་ལ།། སྟོང་པའི་བདུན་པས་སྟེང་དུ་བཀོད།། དེ་རྗེས་དྲུག་པའི་གཉིས་པ་གཞག། སྭཱཧཱ་མཐའ་རུ་གཞག་པ་ནི། ། ཕུར་བུ་བསྔགས་པའི་སྙིང་པོ་ཡིན།། དང་པོ་དང་པོའི་ལྔ་པ་གཞག། དེ་འོག་གཉིས་པའི་དང་པོ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། ཉིས་འགྱུར་བརྗོད་པའི་རྗེས་ལ་ནི།། གྱེང་ཙེ་གཉིས་དང་ཧེ་དུ་གཉིས། ། གཟུགས་པའི་དུས་སུ་གསང་སྔགས་ཡིན།། དང་པོ་བཞི་པའི་དང་པོ་ལ།། བཞི་པའི་གསུམ་པ་དེ་ལ་སྦྱིན།། དེ་འོག་དྲུག་པའི་དང་པོ་གཞག། དེ་རྗེས་གཉིས་པའི་བཞི་པ་བཞིན།། དང་པོའི་དང་པོ་བཞི་པའི་ལྔ། ། བཞི་པའི་ལྔ་པ་ཡ་ཡིས་བརྒྱན།། དེ་འོག་ལྔ་པའི་བཞི་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་སྤྲས།། དེ་འོག་དང་པོའི་གསུམ་པ་གཞག། དེ་རྗེས་ལྔ་པའི་གསུམ་པ་གཞག། དེ་འོག་དང་པོའི་དང་པོ་ལ།། བདུན་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་ལྔ་པའི་གསུམ་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བཀོད། དེ་རྗེས་གཉིས་པའི་གསུམ་པ་ལ། ། སྟོང་པའི་དྲུག་པས་སྟེང་ནས་བཀོད།། དེ་འོག་དང་པོའི་གསུམ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲ་ས། དེ་རྗེས་དྲུག་པའི་གསུམ་པ་ལ།། སྟོང་པའི་བདུན་པས་སྟེང་དུ་བརྒྱན།། དེ་འོག་གཉིས་པའི་དང་པོ་ལ། ། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པའོ།། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་དང་པོའོ།། དེ་འོག་བཞི་པའི་དང་པོ་སྟེ། ། དེ་རྗེས་དང་པོའི་དང་པོ་ལ།། བདུན་པའི་དང་པོས་འོག་ནས་སྤྲས།། དེ་འོག་དྲུག་པའི་གསུམ་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་རྗེས་ལྔ་པའི་ལྔ་པ་ལ།། སྟོང་པའི་དྲུག་པས་སྟེང་དུ་བཀོད།། དེ་འོག་བདུན་པའི་དང་པོ་ལ། ། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟོང་པའི་གཉིས་པས་སྟེང་དུ་བཀོད།། དེ་འོག་དྲུག་པའི་དང་པོ་གཞག། དེ་རྗེས་དང་པོའི་དང་པོ་ལ།། བདུན་པའི་གཉིས་པས་འོག་ནས་སྤྲས།། དེ་རྗེས་གསུམ་པའི་ལྔ་པ་གཞག། དེ་འོག་ལྔ་པའི་གསུམ་པ་གཞག། དེ་རྗེས་དང་པོའི་དང་པོ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་ལ་བཞི་པའི་ལྔ་པ་སྦྱིན། ། དེ་འོག་གསུམ་པའི་དང་པོ་ལ།། སྟོང་པའི་དྲུག་ཁས་སྟེང་ནས་སྤྲས།། ཛ་ར་བར་མེ་ཞེས་བརྗོད་རྗེས།། དེ་འོག་གཉིས་པའི་གཉིས་པ་གཞག། དེ་འོག་ལྔ་པའི་གསུམ་པ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན། ། དེ་འོག་ལྔ་པའི་ལྔ་པ་ལ།། སྟོང་པའི་དྲུག་པའི་སྟེང་ནས་བརྒྱན།། ཚ་ཏ་ན་བ་ཤེས་བརྗོད་རྗེས། དེ་འོག་ལྔ་པའི་དང་པོ་སྟེ།། དེ་འོག་ལྔ་པའི་དང་པོ་གཞག། དེ་འོག་གསུམ་པའི་དང་པོ་ལ།། ཐབས་ཀྱི་དྲུག་པས་སྟེང་ནས་བརྒྱན། ། པུ་ལ་གེ་ཨ་བ་བརྗོད་རྗེས།། དེ་འོག་ལྔ་པའི་བཞི་པ་གཞག། དེ་རྗེས་བདུན་པའི་ཐ་མ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་བཞི་པའི་ལྔ་པ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན། ། ཧ་ས་ག་བ་ཀྵ་ཞེས་བརྗོད།། མ་ལ་ཐུ་ཛ་ཀྵེ་ཞེས་བརྗོད།། དེ་འོག་དང་པོའི་གསུམ་པ་ལ། དེ་ལ་ལྔ་པའི་ལྔ་པ་སྦྱིན།། དེ་འོག་ལྔ་པའི་བཞི་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གཉིས་པ་གཞག། བ་སུ་མེ་ཨ་ཤེས་བརྗོད་དེ།། ན་མ་ས་ཡ་རོ་ཞེས་པ་ཡིན།། དེ་རྗེས་ལྔ་པའི་དང་པོ་གཞག། དེ་འོག་དྲུག་པའི་གསུམ་པ་གཞག། དེ་རྗེས་བདུན་པའི་དང་པོ་སྟེ།། དེ་རྗེས་བཞི་པའི་དང་པོ་ལ། ། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟེང་ནས་སྟོང་པའི་བདུན་པས་སྤྲས།། ཨེ་སྭཱཧཱ་ཞེས་ནི་མཐའ་རུ་གཞག། ནུས་པ་བཟང་ལ་བསྔགས་པ་ཡི།། གསང་སྔགས་ཡིན་པར་ང་ཡིས་བཤད།། དེ་འོག་རྣམ་པར་སྣང་མཛད་དེ། ། དེ་འོག་མི་ཤིགས་སྙིང་པོའོ།། ཀཱི་ལི་ཀཱི་ལ་ཞེས་པ་ཡི།། རྗེས་ལ་མ་གཉིས་མཆོད་གཉིས་བརྗོད།། བཟློག་པའི་གསང་སྔགས་ཡིན་པའོ།། དང་པོའི་ཐུགས་ཀྱི་རིགས་ཡིན་ཏེ།། དེ་འོག་ལྔ་པའི་གསུམ་པ་ལ། ། ལྔ་པའི་ལྔ་པ་དེ་ལ་སྦྱིན།། དེ་རྗེས་ལྔ་པའི་བཞི་པ་གཞག། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་རྗེས་དྲུག་པའི་གསུམ་པ་གཞག། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན། ། དེ་འོག་བདུན་པའི་གཉིས་པ་གཞག། དེ་འོག་དྲུག་པའི་དང་པོ་ལ།། དེ་ནས་དང་པོའི་མ་གཉིས་བརྗོད།། དེ་འོག་གསུམ་པའི་བཞི་པ་ལ།། སྟོང་པའི་དྲུག་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་ལྔ་པ་བཞག། མི་ཤིགས་སྙིང་པོ་བརྗོད་པའི་རྗེས།། དྲུག་པའི་གཉིས་པས་སྟོང་བདུན་བརྒྱན།། དེ་འོག་དྲུག་པའི་གསུམ་པ་གཞག། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་བདུན་པའི་གཉིས་པ་གཞག། ཙིཏྟ་རྨུགས་དང་སྙིང་ཁྲག་འཐུང།། ཏ་པ་ཤ་སྙིང་ཁྲག་བཅོས་ཞེས།། མཐའ་དང་བཅས་ཤིང་མགོ་དང་བཅས།། ཕུར་པ་གདབ་པའི་གསང་སྔགས་ཡིན།། དེ་ནས་དང་པོའི་དང་པོ་ལ།། འོག་ཏུ་ར་ལྡན་སྟེང་སྟོང་གཉིས། ། དེ་འོག་བདུན་པའི་དང་པོ་ལ།། སྟེང་དུ་ཤེས་རབ་གཉིས་པས་བརྒྱན། དེ་ལདང་པོའི་གསུམ་པ་སྦྱིན།། དེ་འོག་བཞི་པའི་ལྔ་པ་ལ།། འོག་ཏུ་ར་བྱིན་སྟེང་སྟོང་གཉིས།། བདུན་པའི་གཉིས་པས་སྟེང་སྟོང་གཉིས། ། དེ་འོག་ལྔ་པའི་བཞི་པ་གཞག། དེ་འོག་བཞི་པའི་དང་པོལ།། འོག་ཏུ་ར་སྦྱིན་སྟོང་གཉིས་ཏེ།། དེ་རྗེས་བདུན་པའི་དང་པོ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན།། དེ་རྗེས་བཞི་པའི་གཉིས་པ་ལ། ། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་ལ་ལྔ་པའི་ལྔ་པ་སྦྱིན།། རི་ལི་ལི་ཞེས་བརྗོད་པའི་རྗེས།། ཙ་ར་གཉིས་ཁ་འདར་སྨུགས་ཤིག་རྗེས།། དེ་འོག་གཉིས་པའི་གཉིས་པ་གཞག། དེ་རྗེས་ལྔ་པའི་ལྔ་པ་ལ། ། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་འོག་བཞི་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་འཇིགས་གཉིས་བརྗོད་པར་བྱ།། དང་པོ་གཉིས་པ་དང་པོ་ལ།། དེ་འོག་དང་པོའི་དང་པོ་ལ། ། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་ལྔ་པའི་ལྔ་པ་གཞག། དེ་འོག་བཞི་པའི་ལྔ་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་ཐ་མ་ལ།། གཉིས་པའི་ལྔ་པས་འོག་ནས་སྤྲས། ། སྟོང་པའི་གཉིས་པས་སྟེང་དུ་བཀོད།། དེ་ལ་དང་པོའི་ལྔ་པ་སྦྱིན།། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་རྗེས་བདུན་པའི་གཉིས་པ་གཞག། དེ་འོག་བཞི་པའི་གསུམ་པ་ལ། ། སྟོང་པའི་གསུམ་པས་འོག་ནས་སྤྲས།། དེ་ལ་ལྔ་པའི་ལྔ་པ་སྦྱིན།། དེ་འོག་བདུན་པའི་དང་པོ་ལ།། དང་པོའི་གསུམ་པས་དེ་ལ་སྦྱིན།། དེ་འོག་གཉིས་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། དེ་འོག་གསུམ་པའི་དང་པོ་སྟེ།། ཁྲམ་ཞེས་བརྗོད་པའི་གསང་སྔགས་ནི།། གདབ་དུས་སྒྲོགས་པའི་གསང་སྔགས་ཡིན།། དང་པོ་ཐུགས་ཀྱི་རིགས་ཡིན་ཏེ།། དེ་འོག་བཞི་པའི་ལྔ་པ་ལ།། དེ་འོག་ར་སྦྱིན་སྟོང་གཉིས་སྟེང། ། དེ་འོག་དྲུག་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་དྲུག་པའི་དང་པོ་གཞག། དེ་རྗེས་ལྔ་པའི་ལྔ་པ་གཞག། ཀཱི་ལི་ཀཱི་ལ་ཡ་ཞེས་བརྗོད།། དེ་འོག་ཐམས་ཅད་སྙིང་པོ་སྟེ། ། དེ་རྗེས་དྲུག་པའི་གཉིས་པ་ལ།། མཐར་གནས་ཐ་ལྟག་འོག་སྤྲས།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་གཉིས་པ་ལ།། སྟོང་པའི་གཉིས་པས་སྟེང་དུ་བཀོད།། དེ་འོག་བཞི་པའི་བཞི་པ་གཞག། དེ་འོག་ལྔ་པའི་ལྔ་པ་གཞག། དེ་རྗེས་དང་པོའི་གཉིས་པ་ལ།། འོག་ཏུ་ར་སྦྱིན་སྟོང་བདུན་སྟེང།། དེ་འོག་གསུམ་པའི་དང་པོ་གཞག། དེ་རྗེས་དྲུག་པའི་དང་པོ་སྟེ།། དེ་འོག་ལྔ་པའི་ལྔ་པའོ།། དེ་འོག་བདུན་པའི་ཐ་མ་ལ། ། བཞི་པའི་དང་པོ་དེ་ལ་སྤྲས།། སྟེང་དུ་སྟོང་པའི་བདུན་པས་བཀོད།། དེ་འོག་གསུམ་པའི་དང་པོ་གཞག། དེ་རྗེས་དང་པོའི་གསུམ་པ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་ལྔ་པའི་གསུམ་པའོ། ། དེ་རྗེས་དྲུག་པའི་གསུམ་པ་ལ།། དང་པོ་ལྔ་པ་དེ་ལ་སྦྱིན།། ཛ་གཉིས་མཐའ་རུ་གཞག་པར་བྱ།། གཏན་དུ་བཟླས་པའི་རིམ་པའོ།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་དང་པོའི་དང་པོ་ལ། ། སྟོང་པའི་གཉིས་པས་སྟེང་དུ་བཀོད།། དེ་རྗེས་དྲུག་པའི་གསུམ་པ་ལ།། ཐབས་ཀྱི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་དུ་བཀོད།། དེ་འོག་དྲུག་པའི་གསུམ་པ་གཞག། དེ་རྗེས་དྲུག་པའི་དང་པོ་སྟེ།། དེ་འོག་བདུན་པའི་ཐ་མ་ལ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། ལྔ་པའི་ལྔ་པ་དང་ལྡན་ཏེ།། དེ་འོག་ལྔ་པའི་བཞི་པ་གཞག། ཧཱུཾ་འོག་མིང་དང་ཕཊ་བརྗོད་པས། ། དྲག་པོའི་སྲེག་དུས་གསང་སྔགས་ཡིན།། གོང་མའི་ཇི་ལྟར་བསྒྲུབས་པ་ལས།། དྲུག་པའི་དང་པོའི་འོག་ཏུ་ནི།། ལྔ་པའི་དང་པོ་གཞག་པར་བྱ།། སྟོང་པའི་གསུམ་པས་འོག་ནས་སྤྲས།། སྟོང་པའི་གཉིས་པས་སྟེང་དུ་བཀོད། ། དང་པོ་ལྔ་པ་དེ་ལ་སྦྱིན།། ཧཱུཾ་གཉིས་བར་དུ་མིང་གཉིས་སྤྲས།། དབང་གི་དུས་ཀྱི་གསང་སྔགས་ཡིན།། གོང་མའི་ཇི་ལྟར་བསྒྲུབས་པ་ལས།། དྲུག་པའི་དང་པོའི་འོག་ཏུ་མིན།། བདུན་པའི་གཉིས་པ་དེ་ཉིད་ལ། ། བཞི་པའི་ཐ་མ་དེ་ལ་སྦྱིན།། དེ་འོག་བཞི་པའི་དང་པོ་ལ།། མཐར་གནས་ཐ་ལྟག་འོག་ཏུ་བརྒྱན།། སྟོང་པའི་གཉིས་པས་སྟེང་དུ་བཀོད།། དེ་ལ་དང་པོའི་ལྔ་པ་སྦྱིན།། ཧཱུཾ་དང་མིང་བཅས་སྭཱཧཱ་མཐར། ། ཞི་བའི་དུས་ཀྱི་གསང་སྔགས་ཡིན།། གོང་མའི་ཇི་ལྟར་བསྒྲུབས་པ་ལས།། དྲུག་པའི་དང་པོའི་འོག་ཏུ་ནི།། ལྔ་པའི་བཞི་པ་གཞག་པར་བྱ།། དེ་འོག་བདུན་པའི་གཉིས་པ་ལ།། འོག་ཏུ་བརྒྱད་པའི་ཐ་ལྟག་སྦྱིན། ། དེ་འོག་ཡ་ཡིས་ཡོངས་སུ་བརྒྱན།། སྟོང་པའི་བརྒྱད་པས་སྟེང་དུ་མཛེས།། སྭཱཧཱའི་བར་དུ་མིང་བསྐུལ་བ།། རྒྱས་པའི་དུས་ཀྱི་གསང་སྔགས་ཡིན།། གོང་མའི་ཇི་ལྟར་བསྒྲུབས་པ་ལ།། ཧཱུཾ་དང་ཛ་བརྩེགས་གཉིས་གཞག་པ། ། བསྐྲད་པའི་དུས་ཀྱི་གསང་སྔགས་ཡིན།། གོང་མ་ཇི་ལྟར་བསྒྲུབས་པའི་ལས།། དྲུག་པའི་དང་པོའི་འོག་ཏུ་ནི།། ལྔ་པའི་དང་པོ་གཞག་པར་བྱ།། སྟོང་པའི་གཉིས་པས་སྟེང་དུ་བཀོད།། དེ་ལ་དང་པོའི་ལྔ་པ་སྦྱིན། ། ཧཱུཾ་དང་མིང་བཅས་སྭཱཧཱ་མཐར།། ཞི་བའི་དུས་ཀྱི་གསང་སྔགས་ཡིན།། གོང་མའི་ཇི་ལྟར་བསྒྲུབས་པ་ལས།། དྲུག་པའི་དང་པོའི་འོག་ཏུ་ནི།། ལྔ་པའི་བཞི་པ་གཞག་པར་བྱ།། དྲུག་པའི་གཉིས་པས་འོག་ནས་སྤྲས། ། དེ་འོག་ལྔ་པའི་བཞི་པ་གཞག། དེ་ལ་སྟོང་པའི་དྲུག་པས་སྤྲས།། དེ་འོག་བདུན་པའི་ཐ་མ་ལ།། བཞི་པའི་དང་པོས་འོག་ནས་སྤྲས།། དེ་འོག་གསུམ་པའི་ལྔ་པ་གཞག། པན་གཉིས་ཙ་གཉིས་བརྗོད་པའི་རྗེས། ། བཞི་པའི་ལྔ་པ་དེ་ལ་ནི།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། ཧཱུཾ་འོག་མིང་བཅས་དབྱེ་བར་ཤོག། ཧཱུཾ་ཕཊ་མཐའ་རུ་གཞག་པ་ནི།། དབྱེ་བར་བྱ་བའི་གསང་སྔགས་ཡིན།། དང་པོ་རྣམ་པར་སྣང་མཛད་དེ། ། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་གསུམ་པས་འོག་ནས་བརྒྱན།། དེ་འོག་ལྔ་པའི་དང་པོ་གཞག། དེ་འོག་བཞི་པའི་གསུམ་པ་ལ། ། སྟོང་པའི་གཉིས་པས་སྟེང་ནས་བརྒྱ?ན།། དེ་འོག་བདུན་པའི་ཐ་མ་ལ།། བཞི་པའི་དང་པོ་དེ་ལ་སྦྱིན།། དེ་རྗེས་བདུན་པའི་གསུམ་པ་གཞག། དེ་འོག་ལྔ་པའི་ལྔ་པ་གཞག། དེ་འོག་དྲུག་པའི་དང་པོ་སྟེ། ། ཧཱུཾ་དང་བྷྱོ་དང་ཧཱུཾ་ཞེས་བརྗོད།། དེ་རྗེས་སྟོང་པའི་དང་པོ་གཞག། དེ་འོག་དྲུག་པའི་གཉིས་པའོ།། དེ་རྗེས་དྲུག་པའི་གསུམ་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། ཛ་དང་ཧཱུཾ་དང་བཾ་དང་ཧོ།། མཁའ་འགྲོ་སྤྱི་ཡི་སྤྱན་དྲངས་སྔགས། ། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་བདུན་པའི་ཐ་མ་གཞག། དེ་འོག་ལྔ་པའི་ལྔ་པའོ།། དེ་འོག་དྲུག་པའི་དང་པོ་སྟེ།། དེ་འོག་དྲུག་པའི་དང་པོ་ལ། ། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་ལྔ་བ་ལ།། ཐབས་ཀྱི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་དང་པོ་ལ། ། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་རྗེས་བཞི་པའི་དང་པོ་ལ།། སྟོང་པ་ཡི་ནི་གཉིས་པས་བརྒྱན།། ཙ་དང་ཧཱུཾ་གཉིས་བརྗོད་པ་ནི།། མཁའ་འགྲོ་ཞལ་དབྱེ་གསང་སྔགས་ཡིན།། དང་པོ་གཉིས་པ་གཉིས་འགྱུར་ལ། ། དེ་འོག་བཞི་པའི་གསུམ་པ་ལ།། སྟོང་པའི་གསུམ་པས་འོག་ནས་བརྒྱན།། དེ་ལ་དྲུག་པའི་གཉིས་པ་སྦྱིན།། དེ་འོག་ལྔ་པའི་ལྔ་པ་གཞག། དེ་འོག་བཞི་པའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། དེ་འོག་ལྔ་པའི་ལྔ་པ་གཞག། དེ་འོག་བཞི་པའི་དང་པོ་ལ།། སྟོང་པའི་གསུམ་པས་སྟེང་ནས་བརྒྱན།། དེའི་དང་པོའི་ལྔ་པ་གཞག། རུ་ལུ་ལུ་གཉིས་ཧཱུཾ་གཉིས་ཏེ།། བྷྱོ་གཉིས་རྗེས་སུ་སྐུ་གཞག་སྟེ། ། དེ་འོག་ལྔ་པའི་ལྔ་པ་གཞག། དེ་རྗེས་བཞི་པའི་གསུམ་པ་སྟེ།། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་རྗེས་དང་པོའི་གསུམ་པ་ལ།། བདུན་པའི་གཉིས་པ་དེ་ལ་སྦྱིན།། སྟོང་པའི་གསུམ་པས་འོག་ནས་བརྒྱན། ། དེ་རྗེས་དྲུག་པའི་གསུམ་པ་གཞག། དེ་འོག་བཞི་པའི་གསུམ་པའོ།། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་རྗེས་གཉིས་པའི་དང་པོ་ལ།། དེ་འོག་ལྔ་པའི་ལྔ་པ་ལ། ། ཤེས་རབ་གསུམ་པས་འོག་ནས་སྤྲས།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་རྗེས་བཞི་པའི་བཞི་པ་གཞག། དེ་འོག་གཉིས་པའི་གཉིས་པ་ལ། སྟོང་པའི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་ལ། ། སྟོང་པའི་བརྒྱད་པའི་སྟེང་ནས་བརྒྱན།། དེ་རྗེས་དང་པོའི་དང་པོ་གཞག། དེ་འོག་བཞི་པའི་གསུམ་པའོ།། དེ་འོག་དྲུག་པའི་གཉིས་པ་ལ།། སྟོང་པའི་གཉིས་པས་སྟེང་དུ་བརྒྱན།། དེ་རྗེས་དང་པོའི་གཉིས་པ་གཞག། དེ་རྗེས་དྲུག་པའི་གཉིས་པ་ལ།། ལྔ་པའི་ལྔ་པ་དེ་ལ་སྦྱིན།། དེ་རྗེས་དྲུག་པའི་དང་པོ་ལ།། སྟོང་པའི་བདུན་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། སྟོང་པའི་གཉིས་པས་སྟེང་ནས་བརྒྱན། ། དེ་འོག་བཞི་པའི་ལྔ་པ་ལ།། ཐབས་ཀྱི་གཉིས་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་གཉིས་པརྣམས་ཀུན།། གསལ་བར་འདི་ཉིད་དུ་ནི་བྱ།། མ་མོ་འཕྲ་མེན་ལས་ལ་བསྐུལ།། གསང་སྔགས་ཐུན་རྣམས་ལ་ཡང་བཟླས། ། བདག་པོའི་གསང་སྔགས་ཐམས་ཅད་ཀུན།། མདའ་དང་ཕུར་བུ་ལ་ཡང་བསྔགས།། ཟངས་ཕུར་ལས་ནི་བདུན་པོ་བྱ།། གང་སམ་མཚན་མ་བྱེ་བྲག་གིས།། རྟགས་ལ་མཚན་མ་བྱུང་བ་དང།། བརྡེག་པའི་དུས་ལ་བབ་པ་ཡིན། ། བརྡེག་པའི་དུས་ལ་བབ་པ་དང།། དགྲ་འཇམ་བྱས་ལ་མདའ་ཡི་ཆུང།། ཐུན་དང་ཕུར་པ་ཀུན་ཀྱང་བླུགས།། ལས་མཁས་ལས་ལ་རབ་ཏུ་མངག། ལྷ་སྲིན་སྡེ་དང་བཅས་པ་ལ།། གསེར་སྐྱེམས་རྒྱས་པར་བཏང་བར་བྱ། ། མ་ཉེས་ལས་ཀྱི་ཉེས་པ་བསྒོ།། རྡོ་རྗེ་གླུ་ནི་རབ་ཏུ་བླང།། ལྷོ་ཕྱོགས་ཁ་བལྟས་ཧ་ཧས་གདབ།། རྐང་པ་གཡས་པ་བག་ཙམ་བསྐུམ།། གཡོན་པའི་བར་དུ་བགྲད་བྱས་ནས།། གདུག་པའི་ཤིང་ལས་བྱས་པ་ཡི། ། ཁྲུ་གང་ལྕགས་ཐག་གིས་བཏགས་ལ།། གནས་དག་ཏུ་ནི་བཞུགས་སུ་གསོལ།། དེ་རྗེས་ཐུན་ལྷ་རིམ་པས་བརྡེག། མཐར་གྱིས་ལས་ལ་འགྲོ་བའི་དུས།། དེ་བཞིན་མཐའ་ལ་འཛབ་བཟླས་ལ། ། དེ་ཡིས་ལས་ཀྱི་གཏིང་དཔག་གཅད།། དེ་ནི་ཕུར་བའི་མདའ་ཐུན་ཡིན།། ཁྲག་གི་མདའ་ཐུན་ངེས་བཤད་བྱ།། དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་ལ།། ལྟེ་བར་ཆོས་ཀྱི་དབྱིངས་རང་བཞིན།། རྡོ་རྗེའི་ནང་དུ་ཆོས་དབྱིངས་རེ།། ཕྱོགས་ཀྱི་མདའ་ནི་རྣམ་གསལ་བལྟ།། ཁྲག་དུག་རྣམས་ནི་རབ་ཏུ་བསོག། དེ་ལ་ཐུན་གྱི་སྔགས་མང་བཟླས།། མང་མ་རང་སྙིང་ཁྲག་གི་ཐུམས་རྦད། ཐ་མུ་ལེ་ཐ་མུ་ལེ་ཙིཏྟ་རྦད། ཙ་ཐད་ཙ་ཐད་རྦད་རྦད། མུགས་སྣི་མུགས་སྣི་ཙིཏྟ་ནན།། རག་མོ་ནི་རག་མོ་ནི་ཁ་ལེ་ཙིཏྟ་རྦད་རྦད། དུག་ནི་ཁ་ཙིཏྟ་རྦད་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་ཙིཏྟ་རྦད་རྦད། ཙིཏྟ་ཙིཏྟ་ཙིཏྟ་རྦད་རྦད། ཎྲི་ཏི་ཎྲི་ཏི་ཙིཏྟ་མུགས་མུགས། ། ཐ་མ་ཐུམ་སུབས་ཏི་ཏ་ཙིཏྟ་རྦད་རྦད། ཁ་འདར་ཡེད་ཡེད། ཐུམས་ཐུམས་རྦད་རྦད། སེ་ཁ་ལོ་མུ་པ་ལོ་རྦད་ཕཊ་སྭཱཧཱ།། བདུན་འབུམ་ཉི་ཁྲི་བཟླས་ནས་ནི།། མདའ་ཡི་ནང་དུ་ཁྲག་རྣམས་བླུགས། ། སྦྲང་རྩིའི་སྙིགས་མས་ཁ་ཡང་གཅད།། ཁྲག་གི་བུད་མེད་བསམ་ཡས་བསམ།། ལག་ན་གདུག་པའི་མཚོན་ཐོགས་པས།། རབ་ཏུ་གསད་ནས་གཉིས་རྒྱལ་བྱས།། དེ་ཡིས་ལས་རྣམས་ཐམས་ཅད་འགྲུབ། ། མདའ་རྣམས་དབྱིངས་སུ་བཞུགས་སུ་གསོལ།། དེ་ནས་ཕྱོགས་སུ་གཤེགས་པར་བྱ།། དེ་ནི་ཁྲགགི་མདའ་འཐུན་ཏེ།། གསོད་པའི་ལས་ལ་ཁྱད་པར་འཕགས།། དུག་གི་མདའ་ཐུན་གསུངས་པ་ནི།། དུག་ཤིང་གདུག་པའི་ཤིང་བུ་ལ།། ཞིང་ལྤགས་ཀྱི་ནི་སྒྲོས་བསྐྱོན་ལ།། དེ་ལ་དབང་ནི་ཚང་བར་བསྐུར།། དུག་ལ་སོགས་པའི་བྱེ་བྲག་རྣམས།། བནྡྷ་གླིང་བཞིའི་ནང་དུ་ནི།། མེ་རེག་ཐང་ཆུས་རབ་སྦྱར་ལ།། དེ་ནས་མདའ་དེ་བཅུག་ལ་གཞག། དེ་བཟླས་པ་ཡི་གསང་སྔགས་ནི།། གབ་པའི་སྔགས་ཀྱིས་བྱ་བ་ཡིན།། གྲངས་འབུམ་ཚངས་པའི་མཚན་ཉིད་ཅན།། རྟག་བྱུང་ནས་ནི་དུག་མདའ་འདི།། རང་བྱུང་ནས་ནི་ཐམས་ཅད་དུ། ། སྤྱན་དྲངས་གནས་སུ་བཞུགས་སུ་གསོལ།། དེ་ནས་ཁ་མཉམ་བརྟན་པར་བྱ།། གདུག་པའི་ལས་ཐབས་ཁྱད་པར་འཕགས།། དུག་གི་མདའ་ཐུན་ཞེས་ཀྱང་བྱ།། སྔགས་ཀྱི་མདའ་ཐུན་གསང་བ་ནི།། དང་པོར་གཞུང་ལས་རབ་བསྙེགས་བསྐུལ། ། ལས་ལ་སྦྱོར་བའི་དུས་སུ་ནི།། འུག་པ་ལ་སོགས་མདའ་དེ་བཞིན།། དབང་བསྐུར་བྱས་ནས་ལེགས་གནས་ལ།། རང་རང་གསང་སྔགས་དབྱེ་བ་ནི།། ཉུངས་ཀར་བཟླས་ཏེ་མདའ་ཡི་ནང། ། བྱུགས་ལ་དུར་ཁྲོད་གནས་སོང་ལ།། ལས་མཁན་མང་པོ་དེར་ཡང་བོད།། ལྷ་ཀླུ་ཀུན་ལ་བདེན་པ་བདར།། ང་ནི་དཔལ་ཆེན་རོལ་པའི་སྐུ།། གདུག་པའི་ལས་ཐབས་ང་བྱེད་ཀྱིས།། མདའ་ཡི་ལམ་དུ་ཁྱེད་མ་འདུག། དེ་སྐད་བྱས་ལ་སྔགས་ཀྱིས་འཕངས།། སྔགས་ཀྱི་མདའ་ཐུན་ཞེས་ནི་བྱ།། དུག་ཐུན་རང་བཞིན་ཡང་གསུངས་པ།། འཁོར་ལོར་བསྒྲལ་བའི་རིམ་པ་སྟེ།། དང་པོ་ཕྱི་མོ་འཁོར་ལོ་ནི། ། རྩིབས་ནི་བཞི་ཅུ་རྩ་བརྒྱད་ལ།། མིང་དབྱངས་གཉིས་དང་ལྡན་པར་བྱ།། དེ་ལས་གསལ་བའི་འཁོར་ལོ་བྲི།། དེ་ལ་མཆོད་པ་ཆེན་པོ་དབུལ།། དེ་ལ་གྲུབ་པའི་འཁོར་ལོའི་སྔགས།། གསང་བའི་འཁོར་ལོ་བཞི་རུ་བྱུང། ། དང་པོ་དགུག་པའི་འཁོར་ལོ་ནི།། ཆགས་པའི་དབྱིངས་ལས་ཆོས་དབྱིངས་དབྱིབས།། གཡོ་བའི་ལོའམ་འཁོར་ལོ་སར།། ཡི་གེ་བཅུ་གཅིག་རྣམ་པར་ལྡན་པར་ལྡན།། དེ་ནི་གཡས་ནས་བསྐོར་བར་བྱའོ། ། ཉི་ཤུ་རཀྟ་ནིམ་པའི་ལོ།། སྔགས་དང་འཁོར་ལོའི་རྒྱུ་རུ་གསུངས།། འོད་ཟེར་སྤྲོས་པས་ལྕགས་ཀྱུ་བསྐུལ།། རླུང་གི་འཁོར་ལོ་རབ་རྒྱས་བསྐུལ།། ཁྲོ་བོ་འཕྲ་མེན་ཚོགས་བཅས་ཀྱིས།། གང་ལ་མོས་པའི་དབང་སྒྱུར་ནས། ། གང་ཡིན་གནས་སུ་ངེས་པར་འོང།། དེ་ནི་དགུག་པའི་འཁོར་ལོའོ།། དེ་འོག་གསད་པའི་འཁོར་ལོ་ལ།། འཁོར་ལོ་རྩིབས་ནི་བརྒྱད་པ་ལ།། གཡོན་བསྐོར་ཡི་གེ་བཅུ་བདུན་ལྡན། ། སྣང་མཛད་ཐུགས་ཉིད་ཡ་གསུམ་བརྐྱང།། ལྷག་མ་ཟུང་དུ་གནས་པའོ།། སྐེ་ཚེ་ཐར་ནུར་བོང་ང་ནག། མེ་རེག་ཀྱི་ལྕེ་ནག་པོ་ཁྲག། སྨྱོ་བྱེད་རྒྱུ་ཡིས་སྦྱར་བར་བྱ།། དེ་ཡི་སྔགས་དང་འཁོར་ལོའི་རྒྱུ།། དེ་ལས་འོད་འཕྲོས་གཟི་བརྗིད་བསྐྱེད།། ཤིན་ཏུ་ལུས་ངན་ཁྲོས་པ་ཡིས།། ལམ་ནས་ཞུགས་ཏེ་བསྒྲལ་བར་བྱ།། དེ་ཡིས་ལས་རྣམས་འགྲུབ་པར་འགྱུར།། དེ་གཉིས་གཅིག་སྡོམ་དཀྱིལ་འཁོར་ནི།། གསད་པའི་འཁོར་ལོའི་རྩིབས་མཆན་ལ། ། ཧཱུཾ་ཕཊ་བཞག་ལ་བརྒྱད་པ་དགོད།། རྒྱུ་ནི་གོང་ནས་སྨོས་པར་བྱའོ།། དགུག་དང་གསད་ལ་ཤིས་པའོ།། མ་གྲུབ་སྤོགས་ཐབས་བསྟན་པ་ནི།། དགུག་པའི་འཁོར་ལོ་འདབ་བརྒྱད་ལ། ། ཡི་གེ་འོག་ནས་འཇུག་ནས་བསྐོར།། དགུག་པའི་འཁོར་ལོ་རྒྱུ་ཡིས་བྱའོ།། འོད་ཟེར་བཟློག་ལ་རྣམ་སྣང་བཟླ།། དེ་ཡིས་འགྲུབ་པར་རྒྱལ་བས་གསུངས།། དེ་ནི་མ་གྲུབ་སྤོགས་པ་སྟེ།། བ་དམར་འོ་མས་འཁོར་ལོ་བཀྲུ། ། བདེ་གཤེགས་མཆོད་ཕུལ་གནས་སུ་བཞུགས།། འཁོར་ལོ་བཞི་བའི་ཐོད་པར་བཅས།། ཡི་གེ་ཐུགས་བསྡུས་བདག་ལ་བསྟིམ།། འཁོར་ལོ་གཞལ་ཡས་གདན་སྟེངས་གསལ།། གསལ་བ་གསུམ་ཡང་མི་དམིགས་བྱའོ། ། ཕྱི་མའི་གནས་སུ་གནས་པར་བྱའོ།། གྲུབ་ནས་གོས་པའི་ཆོ་ག་བྱའོ།། དེ་ནི་དུག་ཐུན་ཟབ་མོའི།། དུག་གི་ཐུན་ནི་ཡང་གསུངས་པ།། དཀྱིལ་འཁོར་མཐིང་ནག་གསུམ་པ་ལ། ། ནག་པོའི་རྫས་ཀྱིས་རབ་བསྐུས་ལ།། ཐོད་པ་ནག་པོའི་ནང་དག་ཏུ། སྦྱང་དུག་ལ་སོགས་ཆེན་པོ་རྣམས།། རབ་ཏུ་སོགས་ལ་གཞག་པ་ཡིན།། མེ་རེག་ཐང་ཆུས་ཕུད་བྱས་ལ།། དེ་ལ་བྱིན་གྱིས་བརླབ་པར་བྱ།། དེ་ལས་འོད་འཕྲོས་གྱུར་པ་ལས། ། འཇིག་རྟེན་ཁམས་ཀྱི་མ་རུངས་པ།། ཐམས་ཅད་བསྡུས་ནས་དེ་ལ་བསྟིམ།། མཐོང་བ་ཙམ་གྱིས་འགྲོ་བར་འགྱུར།། ཧ་ཧའི་སྒྲ་སྐད་དྲག་པོས་གདབ།། མ་མོ་མཁའ་འགྲོ་ལས་ལ་བསྒུལ། ། ཧ་ལ་ཧ་ལ་ཆེན་པོ་བརྟག། དགུག་དང་བསྟིམ་དང་བཅིང་བ་བྱ།། དེ་ལ་གོང་མའི་མཆོད་པ་ཕུལ།། རླུང་དང་མེ་ཡིས་རབ་བསྐྱོད་པས།། དེ་ཡི་ལུས་ངན་རབ་བརྒྱན་ཏེ།། དེ་ཡིས་ཡོངས་སུ་ཚིམ་པར་འགྱུར། ། འདི་ཡང་དུག་གི་ཐུན་ཞེས་བྱ།། དུག་གི་ཐུན་ནི་ཡང་གསུངས་ཏེ།། གོང་དུ་ཇི་སྐད་གསུངས་པ་ལས།། སྐེ་ཚེ་ལ་སོགས་ཚང་བའི་རྫས།། དེ་ལ་གནན་པ་བྱས་ནས་ནི།། ཁྲག་སྣ་ཀུན་ཀྱང་དེ་རུ་བླུག། དེ་ལ་སྦྱིན་བརླབས་ཡང་དང་ཡང།། བཟླས་པའི་རིམ་པ་མང་པོས་བྱ།། དེ་ནས་བཟླས་པའི་རིམ་རྫོགས་ནས།། རྡོ་རྗེ་གཡབ་མོས་ཐམས་ཅད་གཡབ།། འཇིགས་པའི་ང་རོ་ཆེན་པོ་དབྱུང།། སོ་སོ་ལས་ལ་རྦད་པར་བྱ། ། གྲོང་ངམ་གྲོང་ཁྱེར་ཆེན་པོའམ།། ཡུལ་ཕྱོགས་དུར་དང་ལྷ་རྟེན་ལ།། དེ་ལ་གཏོར་བར་བྱ་བ་ཡིན།། དེ་ཡིས་རླག་པར་ཐེ་ཚོམ་མེད།། འདི་ཡང་དུག་གི་ཐུན་ཞེས་བྱ།། དུག་གི་ཐུན་ནི་ཡང་གསུངས་པ། ། ཐོད་པ་གླིང་དྲུག་ནག་པོའི་ཕྱོགས།། སྟེང་གཅིག་ཐང་ཆུས་ཁྲུས་བྱས་ལ།། དྲག་པོའི་ཁྲག་ཟིལ་དེ་ལ་བྱུག། དེ་ནས་བླུགས་པའི་རྫས་རྣམས་ནི།། བོང་ང་སྤྱང་ཚེར་རེ་ལྕག་པ།། སྤྱང་དུག་ཐལ་ནུར་སྐེ་ཚེ་དང། ། གླང་ཆེན་མཆིན་པ་ཆུ་སྲིན་སྙིང།། སྨྱོན་པའི་ཆུ་ཡིས་རབ་སྦྱངས་ལ།། དེ་ལ་བྱིན་གྱིས་བརླབས་པ་ཡིས།། འོད་འཕྲོས་འཇིག་རྟེན་ཁམས་གང་ནས།། གདུག་པའི་མཆོག་རྣམས་ཇི་སྙེད་པ།། སྐད་ཅིག་ཡུལ་ལ་དེ་བཀུག་ནས། ། དེ་ཉིད་ལ་ནི་གནས་པར་བརྟག། ཧ་ལའི་དུག་ཆེན་འབར་བར་བསམ།། སེམས་ཅན་གང་གིས་མཐོང་བ་རྣམས།། ལུས་ངག་ཡིད་གསུམ་ཞིག་ནས་ནི།། སྙིང་ཁྲག་ཆེན་པོ་སྐྱུག་པར་གྱུར།། དེ་ལ་མཚན་མ་རྣམས་ཀྱང་འབྱུང། ། དེ་ལས་འོད་འཕྲོས་གཞའ་འདྲ་འབྱུང།། དེ་ནས་མེ་འདྲ་ལྟ་བུའང་འབྱུང།། འོན་ཏེ་ལྷག་པར་ལྷགས་ནས་འོང།། དེ་ལྟའི་མཚན་མ་བྱུང་བ་དང།། དྲི་མ་དྲུག་ལ་རབ་བྱས་གཟུགས། ། མཚན་མ་མིང་དུ་བཅས་པར་བྱ།། འཁོར་ལོའི་དབུས་སུ་གཞག་ནས་ནི།། ཙ་ར་ནག་པོའི་དཀྱིལ་འཁོར་དུ།། གསད་པའི་ལས་ལ་སྦྱར་བ་ཡིན།། མེ་རེག་མ་ཡི་ལྕགས་ཐག་བཏགས།། དེ་ལ་འགུག་བྱ་བསྟིམ་ཞིང་བཅིང། ། མནན་པ་དག་ཀྱང་བྱ་བ་ཡིན།། ཁུགས་པའི་མཚན་མ་བྱུང་བ་དང།། དེ་ཡི་ལམ་ནས་གཞུག་པར་བྱ།། ཐུན་མཚམས་དུས་ནི་ཤེས་བྱས་ལ།། ཐབས་དང་ཤེས་རབ་མཐུ་ཡིས་ནི།། གང་འདོད་ལས་ལ་འཇུག་པ་ཏེ། ། ཉ་གསུམ་དག་ལ་གནས་པར་བྱ།། མཚན་མ་དག་ལ་རབ་ཏུ་བསྡད།། བརྒྱད་དང་བཅུ་དགུ་ཉི་ཤུའི་བར།། དེ་ལ་ཐུན་གྱི་ལས་རྣམས་བརྩམ།། དེ་དུས་དུག་ཆེན་བར་མི་གཅོད།། ཡབ་ཡུམ་ཐུན་གྱིས་ལས་བྱའོ། ། ལས་འདིས་ལྷ་ཡང་བརླག་པར་འགྱུར།། ཁམས་གསུམ་པ་ནི་སྨོས་ཅི་དགོས།། འདི་ཡང་དུག་གི་ཐུན་ཞེས་གསུང།། ཁྲག་གི་ཐུན་ནི་ཡང་གསུངས་པ།། དཀྱིལ་འཁོར་ཁྲུ་གང་དབུས་གྲུ་གསུམ། ། སོར་གསུམ་བང་རིམ་གསུམ་བར་བྱ།། རཀྟ་གུ་གུལ་དག་གིས་བྱུགས།། དེ་ཡི་དབུས་སུ་གཞག་པའི་རྫས།། རབས་ཆད་ནག་པོའི་ཐོད་པ་རུ།། མི་ཁྲག་དག་གིས་གཞི་བསླངས་ལ།། དེ་ལ་ཁྲག་སྣ་བརྒྱ་རྩ་བརྒྱད། ། སྣ་ཚོགས་པ་ཡིས་རབ་བསྐང་ལ།། དཀྱིལ་འཁོར་དབུས་སུ་གཞག་པར་བྱ།། བདག་ཉིད་དཀྱིལ་འཁོར་གསལ་ལྟས་ལ།། མ་མོ་བརྟེན་པའི་རྫས་རྣམས་བསོག། བསྙེན་བསྒྲུབ་གྲངས་རྣམས་ཚང་བ་དང། ། ལས་ལ་སྦྱར་བའི་དུས་ལ་བབ།། སེང་ལྡེང་འཁོར་བ་ལག་ཏུ་ཐོགས།། དེ་ལ་སྔགས་ཀྱི་དབང་ཡང་བསྐུར།། བདེ་བའི་མདུང་དམར་ཕྱར་བར་བསམ།། རས་ཆེན་དེ་ཡིས་གཡབ་བར་བྱ།། མ་མོ་རྦད་པའི་སྙིང་པོ་ནི། ། གྲངས་མང་བཟླས་ལ་ཁྲག་ཏུ་བླུགས།། དུར་ཁྲོད་གནས་སམ་མཆད་ཁར་སོང།། ལྷ་སྲིན་ཀུན་ལ་བོད་པར་བྱ།། གསེར་སྐྱེམས་བྱིན་ལ་ལས་ཀྱང་བཅོལ།། མ་ཉེས་མ་ཡོ་གཟུ་དང་དཔང།། གཟུ་དང་དཔང་དུ་དཀོན་མཆོག་གསུམ། ། རྣལ་འབྱོར་བདག་གིས་མ་ཉེས་སོ།། འདི་ཡིས་ལས་རྣམས་ལོག་པ་སྤྱད།། དཀོན་མཆོག་དབུ་འཕང་འདི་ཡིས་སྨད།། སངས་རྒྱས་བསྟན་པ་འདི་ཡིས་བཤིག། འདི་ལྟར་འདུག་པའི་ལས་ངན་ལ། ། ཁྲག་གི་ཐུན་ཅིག་ལ་འཕེན།། འདི་ལ་མ་མོའི་ཐུན་ཅིག་འབེབས།། འདི་ལ་མཚོན་ངན་སྣ་ཚོགས་ཀྱིས།། ཁྲག་སྐྱུག་སྙིང་རྩ་ད་ཚོད་ན།། ལྷ་སྲིན་སྡེ་བརྒྱད་རམ་ཟླ་བཟློག། མཁའ་འགྲོ་མ་ཚོགས་རབ་ཟླ་བཟློག། དམ་ཅན་ལས་མཁན་རམ་ཟླ་བཟློག། སངས་རྒྱས་བསྟན་པ་ཞིག་ལ་ཁད།། སྲིད་པའི་མ་ཚོགས་དམ་ལ་འདུ།། དེ་སྐད་བྱས་ལ་གསུར་ཆེན་བཏང།། གསོད་པའི་སྔགས་ནི་རབ་མང་བཟླས།། དེ་ནས་ལས་ལ་བསྐུལ་བྱས་ལ། ། ཁྲག་གི་གཏོར་མ་བྱས་པ་ཡིན།། གྲོང་ལ་གཏོར་ན་མི་ནད་དང།། ཕྱུགས་ནད་སྣ་ཚོགས་འབྱུང་བར་འགྱུར།། དུར་ལ་གཏོར་ན་ནང་འཁྲུགས་དང།། ཐ་མ་རབས་ནི་འཆད་པར་འགྱུར།། ཁྲག་གི་ཐུན་གྱི་ལས་བྱས་ནས། ། འདི་ཡིས་མི་འགྲུབ་གང་ཡང་མེད།། ཐང་ཅིག་ཡུད་ཀྱིས་བརླག་པར་འགྱུར།། ཁྲག་གི་ཐུན་ཞེས་དེ་ལ་བྱའོ།། ཉུངས་ཐུན་རིམ་པས་ཡང་གསུངས་པ།། དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་གཞུང། ། བདག་པོ་འཁོར་ལོ་རབ་བལྟས་ལ།། དེ་ཡིས་ཉུངས་ཀར་བྱིན་གྱིས་བརླབ།། ཉུངས་ནག་ལ་ཡང་དེ་བཞིན་ཏེ།། ཐབས་དང་ཤེས་རབ་མཐུ་ཡིས་ནི།། བྱིན་གྱི་བརླབས་པ་བརྩམ་པར་བྱ།། སྡོང་པོ་རྐང་གཅིག་གཏུན་ནང་དུ། ། བདུད་རྩི་ལྔ་ཡིས་རབ་ཏུ་བྲན།། རྔ་མོའི་སྤང་དང་ཕག་པའི་སྤང།། ཁྱི་དང་སྤྱང་ཁུའི་སྤང་དག་གིས།། ཐོད་བཀང་དུར་ཁྲོད་ས་ཡིས་བཀང།། དེ་ལ་དྲག་པོའི་སྔགས་ཆུས་བྲན།། ནག་པོའི་ཆུས་ཀྱང་བྲན་པར་བྱ། ། དེ་རྗེས་ཡོངས་སུ་སྨིན་པ་དང།། སོ་སོའི་མ་འདྲེས་ཤག་ཕྱེ་ནས།། ཐོད་པ་ནག་པོར་སོ་སོར་བླུགས།། དེ་ལ་བདུད་རྩི་ལྔ་རྣམས་དང།། དུག་དང་མ་རུངས་པས་ཀྱང་བྱུག། གདུག་པའི་ཆུས་ཀྱང་བྲན་པར་བྱ། ། ཁྲག་སྣ་སྦྱར་བའི་ཆུས་ཀྱང་བྱུག། དེ་ནས་འཛབ་གྲངས་རྫོགས་པ་དང།། སོ་སོའི་བསོད་པའི་ལས་སྔགས་ཀྱིས།། བཟླས་པ་བྱས་ཏེ་དེ་བརྒྱན་ན།། གང་ལ་དམིགས་པ་དེ་རླག་འགྱུར།། དུར་ལ་བརྒྱབ་ན་ཁྲག་སྐྱུག་འབྱུང། ། ཀླུ་ལ་བརྒྱབ་ན་མཛེ་ནད་འབྱུང།། མཁར་ལ་བརྒྱབ་ལ་གྲོང་བརྡལ་འཇིག། མི་ནད་རྟ་ཕྱུག་གླང་ཆེན་རྣམས།། རབ་ཏུ་བརྒྱལ་ཏེ་འཆི་བར་འགྱུར།། ཉུངས་ཐུན་ཞེས་ནི་དེ་ལ་བྱའོ།། ཚེ་དང་རྡོ་ནག་གདུག་པའི་ལས། ། ལྷ་མོ་སོགས་ཀྱི་དཀྱིལ་འཁོར་དང།། ལས་ཐབས་ཀུན་ལ་འཇུག་པ་དང།། ཛ་ཡ་དུ་མན་ཏི་ཤ་རི་ནི་ལ་བུ་ཏི་ཛ་ཛ་ཛ་ཛ་ཐམས་ཐུམས་རྦད། ཁྲག་ཏི་སྨར་ཏི་ཤ་བྷྱོ། ཞེས་རབ་ཏུ་བསྔགས་པ་དེ་ཉིད་བརྡེག། དེ་ཡིས་ཐལ་བར་རླག་པར་འགྱུར།། སྐབས་ལས་ཤེས་པར་བྱ་བའི་ཐུན།། རྡོ་དང་ཚེ་ཡི་ཐུན་ཞེས་བྱ།། དེ་ལྟར་ཐུན་ནི་བདུན་པོ་ཀུན།། གཅིག་ལ་གཅིག་རྟེན་རབ་གསལ་བར།། མཁས་པ་རྣམས་ཀྱིས་ཤེས་པར་གྱིས། ། དེ་ནས་རྩ་བ་རབ་བཟློག་ཐུན།། དེ་ཡི་རིམ་པ་རྣམས་ཕྱེ་བ།། རྡོ་རྗེ་དྲག་པོའི་དཀྱིལ་འཁོར་བྲི།། དེ་ནས་ཕྱོགས་བཅུའི་དཀྱིལ་འཁོར་དགུག། ཕྱི་ནང་གསང་བའི་མཆོད་པ་འབུལ། ། བསྟོད་པ་བྱས་ལ་ཞུ་བ་བྱ།། རྩ་བ་ཡན་ལག་དམ་ཚིག་གིས།། རིམ་རྣམས་ཀྱང་ནི་ཉམས་པར་བཤད།། ཉམས་པའི་རྣམ་སྨིན་བདུན་ཡང་བགྲང།། དེ་ནས་རང་གི་ཡོན་ཏན་བགྲང།། མ་ཉེས་པ་ཡི་དབང་ཡང་གཟུགས། ། དེ་རྗེས་ཕྱོགས་བཅུའི་དཀྱིལ་འཁོར་གྱིས།། བདག་ལ་གཉེར་ནི་གཏད་པར་བྱའོ།། བདག་པོ་མཆོད་པས་ཚིམ་བྱས་ལ།། བདག་ཉིད་ལ་ནི་ཞུགས་པར་བསམ།། དེ་ནས་ལས་ལ་སྦྱར་བར་བྱ།། ཁྲོས་པའི་དཀྱིལ་འཁོར་རྒྱབ་བསྣོལ་བརྟག། སྙིང་ཁར་གནས་པར་བྱ་བའི་སྔགས།། བདག་པོ་གང་ཡིན་སྔགས་དེ་བསམ།། གསོད་པའི་ལས་ལ་དེ་ཉིད་གཏང།། དང་པོ་ཞུ་བ་གསོལ་བ་བྱ།། གཉིས་པ་དབང་དུ་བསྡུ་བ་སྟེ། ། གསུམ་པའི་གསོད་པའི་ལས་ལ་བསྒོ།། ཁ་དང་སྙིང་ཁ་མཚན་པར་བྱ།། རྡོ་རྗེ་མེ་ཡིས་དེ་བསྲེགས་ལ།། སྡུག་བསྔལ་ཉམས་སུ་མྱོང་བར་བྱའོ།། ཀླད་པ་རྐང་པའི་མཐིལ་ནས་ནི།། རླུང་གིས་བསྐུལ་ཏེ་བསྟན་པར་བྱ། ། པདྨའི་ལྕགས་ཀྱུས་དྲང་བར་བྱ།། སྙིང་ཁའི་ཟླ་ཉི་གའུ་ནི།། རྡོ་རྗེ་སྣོན་པོས་ཁ་ཕྱེ་ལ།། དེ་ལ་ཟ་བྱེད་རྟ་རུ་གཞུག། དེ་ཡིས་སྙིང་པོ་བོས་པར་བརྟག། ཁ་གཏམ་ལས་ཀྱི་གཞལ་ཡས་འཐིབ།། གདུག་པའི་ཐབས་རྣམས་ལོག་པར་རྦད། ། མཁས་པས་གསང་སྔགས་དེ་བཟླས་པས།། རང་བཞིན་གནས་ནས་འདི་ཉིད་དུ།། དཔའ་བོ་དེ་ཁྲིད་ལས་ལ་རྦད།། ཐུན་མཚམས་བཞི་རུ་རབ་འབྱོར་བ།། ཐུན་གྱིས་འབད་ཅིང་མཆོད་པ་བྱ། ། ཡང་དང་ཡང་དུ་འབད་པ་ཡིས།། མཆོད་ཕུལ་མཉེས་པས་གསད་ལ་སྦྱར།། རྐང་དང་ལག་ལ་གཟུད་པར་བྱ།། དེ་ནས་དྲག་པོའི་དུས་ཉིད་དུ།། ལྷ་ལ་བསྟབས་པ་དེ་ཉིད་དུ།། སྙིང་རྩ་གཟུང་ལ་ལས་ཐབས་བརྩམ། ། འཁོར་ལོ་འབར་བས་རབ་བསྐོར་བས།། ལྷ་ཉིད་དུམ་བུ་དུམ་བུ་ནི།། གཙོ་ལ་བཏབ་པའི་ལས་བྱའོ།། དེ་ནས་གདུག་པའི་ཐུན་རྣམས་ཀུན།། མེ་རེག་དཀྱིལ་འཁོར་རབ་བཞེངས་ལ།། དེ་ཡིས་གཞལ་ཡས་དབུས་སུ་ནི། ། གསད་པའི་ཐུན་གྱིས་ལས་བྱས་ན།། སངས་རྒྱས་ཉིད་ཀྱང་འཆི་འགྱུར་ན།། ཉམས་པར་འགྱུར་བ་སྨོས་ཅི་དགོས།། རྩ་ལ་རབ་འབོག་ཐུན་ཞེས་བྱ།། དེ་ནས་གདུག་པའི་ཐུན་གསུངས་པ། ། ཙ་ར་ནག་པོའི་དཀྱིལ་འཁོར་དུ།། ཟངས་ཀྱི་གའུའི་ནང་དུ་ནི།། རྣལ་འབྱོར་དམ་ཅན་དེ་དག་ལ།། ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན་གྱིས།། ལག་པ་བགྲད་ལ་གཞག་པར་བྱ།། ཟངས་ཀྱི་ག་འུར་བཞུགས་སུ་གསོལ། ། བདག་ཉིད་འདུག་པའི་སེམས་བསྐྱེད་དེ།། ཉུངས་ཀར་རྒྱལ་པོ་ལག་ཏུ་ཐོགས།། མཆེ་བ་གཙིགས་ལ་གསང་སྔགས་བཟླས།། མ་ནི་དྲག་ཏུ་ཆུམ། མ་ཤ་སྲོག་བྷྱོ་ཐིབས། གསང་སྔགས་རྒྱལ་པོའི་མཐུ་ཡིས་ནི། ། རྣལ་འབྱོར་གཟུགས་ལ་འདི་བསྐུས་པས།། བདེ་བའི་གནས་སུ་བཞུགས་པར་བསམ།། ནི་ཛ་སྲོག་ཅེས་ལན་གཉིས་བརྗོད།། ཆོས་དབྱིངས་གཟུགས་བརྙན་དེ་བསྐུལ་བས།། རྣལ་འབྱོར་ཡིད་ལ་གནས་འགྱུར་བས། ། གཏན་དུ་མི་འབྲལ་འགྲོགས་པར་འགྱུར།། ཧེ་ཧེ་ཧམ་ཞེས་རབ་བརྗོད་ལ།། གའུའི་ཁ་ནི་སྦྱར་ལ།། ཐབས་དང་ཤེས་རབ་གཉིས་མེད་བཞུགས།། དེ་ནས་ཆོས་ཀྱི་དབྱིངས་སུ་བཞུགས།། ཐུགས་ཀྱི་འཛབ་ལ་རབ་ཞུགས་ལ། ། བརྣག་པའི་ནན་ཐུར་དེས་བྱའོ།། ཁྲག་ཉུངས་བསྲེས་ལ་ལག་ཐོགས་ལ།། མ་མ་ཁྲག་ཏུ་ལན་གཉིས་བརྗོད།། དེ་འོག་ཏུ་ནི་ཤུ་ཡ་ཞེས།། ལན་གཉིས་བརྗོད་པའི་རྗེས་ལ་ནི།། རུ་བིན་ཁྲག་ཐུན་ཞེས་བྱའོ། ། དེ་འོག་གདགས་པའི་གསང་གསང་སྔགས་ནི།། ཤི་ཤི་མཱ་ར་ཡ་བྷྱོ་ཞེས།། ཁ་རག་མོ་རུ་ཁྲག་ཉོན་ཞེས།། བཟླས་ལ་བརྡེག་པར་བྱ་བ་ཡིན།། གསང་སྔགས་ཆེན་པོ་འདི་ཡིས་ནི།། ལུས་སེམས་རྣམ་པ་གཉིས་བྲལ་ནས། ། ཉམས་ཏེ་གཞན་གྱི་དབང་དུ་འགྲོ། ཤག་ཤག་སྤར་མ་ཤུ་ཏོ་ཤག། ཉུངས་ཀར་བཟླས་ལ་གཟུགས་ལ་གཏོར།། གསང་སྔགས་རྒྱལ་པོ་འདི་ཡིས་ནི།། འགོ་བའི་ལྷ་དང་དབྲལ་བར་འགྱུར།། དེ་ནས་རང་བཞིན་གང་བདེ་བའི། ། གནས་སུ་གཤེགས་སུ་གསོལ་བར་བྱ།། ལས་དེ་བྱས་པས་རྣལ་འབྱོར་བདེ།། འདི་ཡང་རྩ་བ་རབ་འབོག་ཐུན།། འདི་འདྲ་ལས་ཐབས་མི་བཟད་པ།། དེ་ཤེས་པས་ནི་ལོག་པ་ཉུང།། བདེ་ཆེན་དམ་སྟེ་འཕེལ་ལ་གནས། ། དུས་གསུམ་སངས་རྒྱས་རྣམས་ཀྱིས་བསྔགས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་གྱི་མདོ་ཞེས་བྱ་བ་ལས། ཐུན་གྱི་ལེའུ་སྟེ་ཉི་ཤུ་ཐམ་པའོ། །།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། མཆོད་ཕུལ་དགེ་བསྐྱེད་གསོལ་བཏབ་པ།། ཀྱེ་ཀྱེ་ཐབས་ཆེན་ཀུན་གྱི་གཙོ།། འབྱུང་འགྱུར་སྐུས་ནི་ཀུན་འདུལ་མཛད། ། གསུང་མཆོག་སྒྲགས་བས་གདུག་པ་ཞི།། ཞབས་རྣམས་བརྡབས་པས་ཀླུ་རྣམས་སྐྲག། ཨེ་མ་རྒྱལ་པོ་ཁྱོད་ལ་འདུད།། ཐུན་ལ་སོགས་པའི་བྱེ་བྲག་རྣམས།། དཔའ་བོ་ཆེན་པོས་གསུངས་ལགས་ན།། འདི་ལ་མོས་པའི་རྣལ་འབྱོར་པས། ། རྩ་བ་དང་ནི་ཡན་ལག་གི། དམ་ཚིག་རྣམས་ནི་མི་འཚལ་ལམ།། དམ་ཚིག་གྲངས་ནི་དུ་ཞིག་མཆིས།། ཉམས་པའི་གསོ་བ་ཅི་ལྟར་གསོ།། གཉིས་མེད་དཔའ་བོས་བཤད་དུ་གསོལ།། དེ་སྐད་ཅེས་ནི་གསོལ་པ་དང། ། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུའི་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་བསྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་གཞུང་འདིར་ཞུགས་པ་ལ།། དམ་ཚིག་ཉམས་ན་མི་འགྲུབ་པས། ། དམ་ཚིག་ངེས་པར་གཅེས་པར་བཤད།། དེ་ལ་བསྲུང་བའི་དམ་ཚིག་རྣམས།། ངེས་པར་ང་ཡིས་བཤད་བྱ་ཡིས།། འདི་ཉིད་ལ་ནི་གནས་པར་གྱིས།། སྟོང་པ་ཆེན་པོའི་སེམས་གསལ་བ།། འདི་ལ་གཡོ་བའི་སེམས་མི་འབྱུང། ། རྟག་པར་ཆོས་དབྱིངས་རང་ཉིད་སྐུ།། དེ་ལས་མི་འདའ་རང་ཉིད་མནོས།། འདི་ནི་དམ་ཚིག་མཆོག་ཅེས་བཤད།། འདི་ལ་རྟག་ཏུ་གང་གནས་པ།། རྣལ་འབྱོར་དཀའ་ཐུབ་ཆེན་པོ་འཆང། ། འདི་ནི་མེད་ན་མི་འགྲུབ་ལ།། བསྒྲུབས་ལ་འབྲས་བུ་མེད་པར་འགྱུར།། དེ་བས་རྣལ་འབྱོར་དམ་པས་མནོས།། སྐུ་ཡི་དམ་ཚིག་བསྲུང་བ་ནི།། སློབ་དཔོན་རྣམ་གསུམ་བཀུར་བ་ནི།། ཕ་དང་མ་དང་མིག་འབྲས་བལྟ། ། རབ་ཏུ་གཅེས་ཤིང་བལྟ་བར་བྱ།། དགོན་པའི་གནས་ལ་མ་ཡངས་པར།། དགོངས་པའི་ཡོ་བྱད་འབྱོར་ཚོགས་དབུལ།། དེ་ཡི་དགོས་པ་ཅི་དང་ཅི།། བླ་མ་དམ་པ་དེ་ལ་དབུལ།། གླང་པོ་རྟ་དང་མ་ཧེ་དང། ། དགོས་པའི་ཆུང་མ་བུད་མེད་རྣམས།། རིན་ཆེན་རྒྱན་གྱིས་བརྒྱན་པ་ཡིས།། གཅེས་པའི་ནོར་རྣམས་དེ་ལ་དབུལ།། བླ་མའི་འཁོར་ན་གནས་པ་རྣམས།། རབ་ཏུ་དམིགས་ཤིང་བལྟ་བར་བྱ།། དེ་ཡིས་བསྒོ་བ་ཐམས་ཅད་ནི། ། བདག་ནི་བྲན་བཞིན་ཉན་པར་བྱ།། ཇི་ལྟར་འོས་པས་མཆོད་པར་བྱའོ།། རྡོ་རྗེ་སྤུན་ལ་རབ་ཁྲོས་ནས།། དེ་ལ་ཉེས་པ་བརྗོད་མི་བྱ།། གཅིག་ལ་གཅིག་ནི་མིག་བཞིན་ལྟ།། ཁ་ན་མ་ཐོ་ཐམས་ཅད་བསྲུང། ། རང་དང་འདྲ་བའི་སེམས་ཚུལ་འཆང།། དགོས་པའི་ནོར་ཡང་ཅི་དགར་སྤྱད།། འདོད་དོན་དགོས་པ་གཅིག་ཏུ་བསྒྲུབ།། དགོས་པའི་ལས་མཆོག་བསྟན་པ་བསྲུང།། སྲོག་ལ་བབ་ཀྱང་ལས་མི་འཛེམ།། འདི་ནི་སྐུ་ཡི་དམ་ཚིག་གོ། འདི་ལ་རྣལ་འབྱོར་འདའ་མི་བྱའོ།། དང་པོ་སེམས་བསྐྱེད་དུས་སུ་ནི།། ཇི་ལྟར་བླ་མས་རབ་གཏད་པའི།། སྐུ་མཆོག་གསལ་བར་བསྒོམ་པ་དང།། དེ་ཡི་གསང་སྔགས་བཟླ་བ་དང།། དེ་ཡི་ཕྱག་རྒྱ་བཅའ་བར་ནི། ། ཁས་བླང་དམ་དུ་བཅས་པ་ལས།། འདི་ལས་འདའ་བར་ཡོངས་མི་བྱ།། འདི་ལས་འདས་ན་དངོས་གྲུབ་རྣམས།། ཡང་དག་བྱུང་བར་མི་འགྱུར་རོ།། དེ་བས་འབད་ལ་གནས་པར་བྱ། ། འདི་ནི་གསུང་གི་དམ་ཚིག་གོ། ཕྱི་གསང་དམིགས་བཅས་རྣམ་པ་བཞི།། བར་གསད་དཀྱིལ་འཁོར་རྣམ་པ་བཞི།། གསང་འོས་རྗེས་ཀྱི་བྱེ་བྲག་རྣམས།། གསང་གཉེར་ཟབ་མོ་སྒྲོལ་བའི་ལས།། འདི་ལྷའི་མན་ངག་དམ་པ་རྣམས། ། ཐོ་ཅོ་རང་ཤེས་ཚུལ་འཆོས་དང།། མཁས་འདོད་སྒེ་ཚིག་ཁ་ཆོས་བྱེད།། དེ་ལྟ་བུ་ལ་མི་སྤེལ་ཏེ།། སྤེལ་ན་དམ་ཚིག་ཉམས་ཞེས་བྱ།། བསྒྲུབ་པ་གསང་བའི་ཐབས་མཆོག་རྣམས།། ཆེད་ཆེར་བློ་ཡི་གཏིང་དུ་འཆང། ། སྲོག་ལ་བབ་ཀྱང་བཏང་མི་བྱ།། རྫས་དང་ལག་ཆ་གསང་བ་སྟེ།། མེད་དུ་མི་རུང་རྫས་རྣམས་ནི།། རབ་ཏུ་སྦས་ཤིང་གསང་བར་བྱ།། འདི་ནི་ཐུགས་ཀྱི་དམ་ཚིག་གོ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། ། དངོས་གྲུབ་འབྲས་བུའི་རྒྱུ་ཡིན་པས།། འདི་ལ་རྟག་ཏུ་གནས་པར་བྱ།། གལ་ཏེ་འདི་ལ་མ་གནས་ན།། འབྲས་བུ་མེད་ཅིང་བརླག་པས་ན།། དེ་བས་དམ་ལ་གནས་པར་གྱིས།། སྐུ་གསུང་ཐུགས་ནི་རྡོ་རྗེ་སྟེ།། འདི་དག་ཉམས་པར་གྱུར་བ་དང། ། སྐད་འགའ་ཙམ་ཡང་སྨྲ་མི་བྱ།། གལ་ཏེ་སྨྲས་ན་ཉམས་པར་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་ལྔ་རྣམས་ནི།། ཁྲག་འཐུང་ལྔ་ཡི་ས་བོན་པས།། འདི་ལ་གནས་ཤིང་སྤང་མི་བྱ། ། སྤངས་པས་འབྲས་བུ་མི་འབྱུང་ལ།། འདི་ཡང་མི་སྤང་དམ་ཚིག་ཡིན།། ཟླ་བ་ཉི་མ་ཆུ་སྨན་དྲི།། དག་པའི་རང་བྱུང་བདུད་རྩི་དངོས།། ཟས་མཆོག་བཟའ་ཞིང་གཏོར་མ་བསྔོ།། མི་སྤང་བ་ཡི་དམ་ཚིག་ཡིན། ། བརྫུན་དུ་སྨྲ་བ་དག་དང་ནི།། རྩུབ་པའི་ཚིག་རྣམས་སྨྲ་བ་དང།། སྦྱོར་དང་བརྐུ་བའི་ལས་མཆོག་དང།། གསད་དང་དགུག་དང་མནན་པའི་ལས།། ཁྲགའཐུང་རྒྱལ་པོའི་མཛད་སྤྱོད་པས།། སྤྱད་པར་བྱ་བའི་དམ་ཚིག་གོ། གཞན་ཡང་དམ་ཚིག་རྣམས་གསུངས་པ།། སྒྲོལ་བའི་ལས་ལ་བབ་པ་ཡི།། དུས་ལ་བབ་པར་ཤེས་བྱས་ལ།། ལེ་ལོས་བཅས་ནས་གནས་པ་ནི།། འདི་ཡང་དམ་ཚིག་ཉམས་པ་ཡིན།། མ་མོ་མཁའ་འགྲོའི་ཚོགས་བཅས་ལ། ། གཏོར་མའི་རྒྱུན་རྣམས་རབ་སྤངས་པ།། འདི་ཡང་དམ་ཚིག་ཉམས་པ་ཡིན།། དགོས་པའི་རྫས་རྣམས་མི་འཆང་བ།། འདི་ཡང་དམ་ཚིག་ཉམས་པ་ཡིན།། དེ་བས་ནན་ཏན་ཆེར་བསྐྱེད་ལ། ། དགོས་པའི་དམ་རྫས་རྣམས་ནི་འཆང།། འབྱོར་པས་གཏོར་མ་རྒྱས་པར་གཏང།། དམ་ཚིག་མ་ཉམས་ཐུབ་པར་བསྲུང།། གལ་ཏེ་ཉམས་པར་གྱུར་ན་ནི།། བཤགས་པའི་ཐབས་ནི་འདི་གསུངས་སོ།། སྐུ་གསུང་ཐུགས་ཀྱི་དམ་ཉམས་ན། ། རྣལ་འབྱོར་དམ་པས་བཤགས་པར་བྱ།། རང་ལ་བླ་མ་དམ་པ་ལ།། ཞུ་བྱས་ཕྱི་ནང་གསང་གསུམ་གྱི།། དབང་རྣམས་ཚང་བར་ནོད་བྱས་ལ།། འབྱོར་བ་ཇི་ཙམ་ཅི་ཡོད་པ།། བླ་མ་དམ་པ་དེ་ལ་དབུལ། ། དེ་ཡིས་སྐོངས་བར་འགྱུར་ཞེས་བྱ།། ཡན་ལག་དམ་ཚིག་ཉམས་པ་ལ།། སློབ་དཔོན་འཁོར་དང་བཅས་པ་ལ།། དེ་ལ་མཐོལ་བཤགས་ཚོགས་མཆོད་བྱ།། དེ་ཡི་སོ་རུ་ཆུད་པར་འགྱུར། ། མདོར་ན་ཉམས་དང་འགྲོགས་མི་བྱ།། ཉིན་ནམ་ནུབ་རེར་བཅས་པ་ལ།། རང་གི་ཐད་དུ་ཟླ་དཀྱིལ་འཁོར།། དེ་ཡི་དཀྱིལ་དུ་འཁོར་ལོ་བསམ།། འཁོར་ལོའི་ཐུགས་ཁའི་ས་བོན་ལས།། ལྷ་མོ་རྣམས་ནི་མཐོན་ནས་སུ། ། བདག་གི་སྤྱི་གཙུག་བུམ་པ་བཟུང།། དག་པའི་ཆུ་ཡིས་བཀྲུས་པར་བསམ།། ཉེས་པ་མི་འབྱུང་བསམ་བའི་ཐབས།། སེམས་ཅན་དོན་རྣམས་མ་བྱས་ན། འདི་ཡང་ཉམས་པ་ཅིག་ཡིན་པས།། བསྲུང་པའི་རིམ་པ་ཡང་གསུངས་པ། ། འཁོར་ལོས་བསྲུང་བའི་རིམ་པ་ནི།། དུར་ཁྲོད་རས་སམ་ཤིང་ཤུན་ལ།། གུ་གུལ་ལྡོང་རོས་དུག་དང་བསྲེ།། དུར་ཁྲོད་སྨྱུག་གུས་འཁོར་ལོ་བྲི།། གདུག་པའི་འཁོར་ལོའི་རྩིབས་བརྒྱད་ལ། ། དྲག་པོའི་ཡིག་འབྲུ་རྣམ་པར་དགོད།། ཐ་མ་སྭཱཧཱ་དང་བཅས་པ་བྲི།། དེ་ལ་ལྷ་རྣམས་རབ་བསྐྱེད་ལ།། བསྲུང་བྱའི་འཁོར་ལོ་དབུས་སུ་གཞག། ཡེ་ཤེས་དཀྱིལ་འཁོར་དགུག་ཅིང་བསྟིམ།། དེ་ལ་ཕྱི་ནང་མཆོད་པས་མཆོད། ། གསང་མཆོག་དགྱེས་པས་ཁྲོས་པར་བརྟག། དེ་ནས་རྣལ་འབྱོར་ལག་ཐོགས་ལ།། ཨ་ལ་ལ་ཡི་སྒྲ་བརྗོད་དེ།། ལྕགས་ཀྱུས་འཁོར་ལོ་རབ་བསྐོར་ལ།། འདི་ལས་སུ་ཡང་འདའ་མ་བྱེད།། འདི་ལས་གལ་ཏེ་འདས་ན་ནི། ། ལྷ་ཡང་རུང་སྟེ་རླག་འགྱུར་བས།། འདི་ལས་སུ་ཡང་མ་འདའ་ཞིག། གང་ཡིན་བསྲུང་བར་བྱ་བའོ།། ལག་གཡོན་དཔུང་པའི་རྩ་རུ་གདགས།། དེ་ནས་གོ་ཆ་ལེགས་པ་བསྐོན།། གདོན་དང་འབྱུང་པོ་མཁའ་འགྲོ་ཚོགས། ། འཚོ་བ་རྣམས་ཀྱིས་ཚུགས་མི་འགྱུར།། འཁོར་ལོས་བསྲུང་བ་ཞེས་བྱའོ།། འཁོར་ལོས་བསྲུང་བ་ཡང་གསུངས་པ།། དུར་ཁྲོད་རས་སམ་ཤིང་ཤུན་ལ།། གུ་གུལ་ཚིལ་ཆེན་རབ་བསྲེས་ལ།། དེ་ལ་འཐས་པར་བྱ་བ་ཡིན། ། དུག་དང་གདུག་པའི་སོར་བ་ཡིས།། འཁོར་ལོ་བརྒྱད་དམ་བཅུ་འམ་ནི།། གཉིས་སམ་གསུམ་སུ་བྲི་བར་བྱ།། གདུག་པའི་ཡི་གེ་འབར་བལྟས་ལ།། དེ་ལ་སྐད་ཅིག་སེམས་པ་ཡིས།། འཁོར་ལོའི་བདག་པོས་འཁོར་བཅས་བལྟ། ། དེ་ལ་ཡེ་ཤེས་འཁོར་ལོ་དགུག། མཆོད་པ་རྫོགས་པ་དེ་ལ་དབུལ།། ཕྱོགས་དང་མཚམས་རྣམས་འཁོར་ལོས་གཏམས།། བདག་ཉིད་སྙིང་པོ་ལ་གནས་པའོ།། བར་གཅོད་གདོན་དང་བགེགས་རྣམས་ཀྱིས། ། དེ་ལ་ཚུགས་བར་མི་འགྱུར་རོ།། འདི་ཡང་འཁོར་ལོས་བསྲུང་བ་ཡིན།། དེ་ནས་གསང་བའི་འཁོར་ལོ་ཡིས།། བསྲུང་བར་བྱ་བའི་ཐབས་གསུངས་པོ།། དུར་ཁྲོས་རས་མ་རབ་བླངས་ལ། ། སོར་བཞི་དུམ་བུ་གཉིས་སུ་བྱ།། ཡབ་ཡུམ་བྱང་ཆུབ་སེམས་གཉིས་ཀྱིས།། དེ་ལ་འཐས་པར་བྱུག་པ་ཡིན།། དུག་དང་ཚ་བ་རྫས་རྣམས་དང།། ཙ་རའི་སྙིང་ཁྲག་བམ་སྙིང་ཁྲག། རབ་ཏུ་སྦྱར་བ་བྲི་བ་ཡིན།། བྱ་རོག་སྒྲོ་རྩ་སྨྱུག་གུས་བྱ། ། གཅིག་ལ་ཉི་མའི་དཀྱིལ་འཁོར་བྲི།། གཅིག་ལ་ཟླ་བའི་དཀྱིལ་འཁོར་བྲི།། དེ་ཡི་དབུས་སུ་གསང་སྔགས་བྲི།། རྒྱུ་ནི་གོང་དུ་གསུངས་པས་བྱ།། དེ་ལས་འོད་འཕྲོས་ཐབས་དང་ཤེས། ། དཀྱིལ་འཁོར་རྣམ་གཉིས་གསལ་བར་བལྟ།། ཆོས་ཀྱི་དབྱིངས་སུ་བསྒྲུབ་བྱ་ཙམ།། དེ་ལ་གསང་སྔགས་ཁྲི་བཟླས་ནས།། ཁ་སྤྲད་རྡོ་རྗེ་རྒྱ་ཆེན་རྒྱ།། དེ་ཡིས་བཏང་ལ་རིལ་བུ་བྱ།། གསང་བའི་རྒྱ་ཡིས་ལུས་ལ་བྱུག། དེ་ཡི་དུས་སུ་སྙིང་ཁར་བདུགས།། རྡོ་རྗེ་གསུམ་གྱི་གནས་བསྲུང་བྱ།། རྡོ་རྗེ་འཛིན་པས་མི་ཚུགས་ན།། གདོན་གདོན་སྨོས་པས་སྨོས་ཅི་དགོས།། གསང་བས་བསྲུང་བའི་རིམ་པའོ།། པདྨ་བུ་གཅིག་ནང་དུ་ནི། ། གུ་གུལ་སྦྱ་རལ་ཚིལ་ཆེན་དང།། ཉུངས་ཀར་རྒྱལ་པོ་རྣམས་བྱུགས་ཏེ།། ཉུངས་ནག་ཁྲག་གིས་རབ་བསྒོས་ལ།། དྲག་པོའི་གསང་སྔགས་འབུམ་དུ་བཟླས།། དེ་ནས་དུར་ཁྲོད་རས་ལ་གཏུམས།། ལག་གཉིས་ཟླ་བ་ཉི་མ་ཡི། ། བར་དུ་བཅུག་ལ་བཟླས་པར་བྱ།། ཁྲི་ཕྲག་གཅིག་ཏུ་བྱས་ནས་ནི།། དེ་ནས་བསྲུང་པའི་གུ་གུལ་གདགས།། དེ་ནས་ཕྱི་གཙུག་རྡོ་རྗེ་བསམ།། དེ་ནས་འོད་འཕྲོས་ལུས་ཀུན་ལ།། རྡོ་རྗེའི་འོད་ཀྱིས་རབ་ཁེངས་བསམ། ། སངས་རྒྱས་ཁྲོས་པས་མི་ཚུགས་ན།། གཏུམ་པའི་གདོན་གྱིས་སྨོས་ཅི་དགོས།། གདུག་པས་བསྲུང་བ་ཞེས་བྱའོ།། ཏིལ་ཆེན་པོ་ཡི་མར་མེ་བཏང།། པདྨའི་སྣོད་ཀྱིས་སྟེང་ནས་གདབ།། དེ་ཡི་དུད་པ་རབ་བླངས་ལ། ། བདུད་རྩི་ལྔ་དང་རབ་སྦྱར་ལ།། གྲོ་གའམ་ཤིང་ཤུན་དག་ལ་ནི།། དུར་ཁྲོད་རྐང་གི་སྨྱུག་གུས་ནི།། གསང་སྔགས་རྒྱལ་པོ་དེ་འཕྲེང་བྲི།། སོ་མ་བཏང་བའི་བུམ་པའི་ནང།། བཅུག་ལ་སྔགས་ཀྱིས་བཟླས་པར་བྱ། ། འབྲུ་རྣམས་རེ་རེ་བརྒྱ་རྩ་བརྒྱད།། དེ་ནས་བསྟོད་ཕུལ་འཕྲིན་ལས་བཅོལ།། གུ་གུལ་དུད་པས་ཉུངས་ཀར་བརྡེག། དུར་ཁྲོད་རས་ལ་དྲིལ་ནས་ནི།། ཁྲོས་པའི་སེམས་བཅས་མགུལ་དུ་གདགས། ། གདུག་པ་ཅིས་ཀྱང་ཚུགས་མི་འགྱུར།། གསང་སྔགས་ཆེན་པོས་བསྲུང་བའོ།། དེ་ནས་དུར་ཁྲོད་རས་མ་ལ།། དུག་དང་མེ་རེག་ཐང་ཆུ་ཡིས།། ཆོས་ཀྱི་འཁོར་ལོ་རབ་བྲིས་ལ།། དེ་ལ་དགོད་པར་བྱ་བ་ནི། ། ཧཱུ~ཾ་གི་ཚོགས་དང་ཛ་དང་བྷྱོ།། སོ་སོའི་ས་བོན་རྣམས་གསལ་བྲི།། དེ་ལ་སྐུ་རྫོགས་གསལ་བལྟས་ལ།། དབུས་སུ་དམིགས་པའི་མིང་དང་རུས།། དེ་ནས་ལྷ་རྣམས་དགོད་པར་བྱ།། དེ་ཡི་གསང་སྔགས་ཧྲི་ཡིག་ཡིན། ། གྲངས་འབུམ་བཟླས་པའི་མཚན་ཉིད་ཅན།། འདི་ཡིས་འོད་བཅས་དེ་བསྲུངས་མ།། དཀྱིལ་འཁོར་བསྟོད་ལ་གནས་སུ་གཏུགས།། ཅིས་ཀྱང་དེ་ལ་ཚུགས་མི་འགྱུར།། དཀྱིལ་འཁོར་གྱིས་བསྲུང་བ་ཞེས་བྱའོ། ། འབྲས་བུའི་ཤ་ཆེན་སྐམས་པ་དང།། ཤིད་ཀ་སྐྱེས་པའི་མེ་ཏོག་དང།། མཚན་མོ་རྒྱུ་བའི་ཁྲག་དང་སྙིང།། འབྲས་བུ་གསུམ་དང་བ་ལི་ཀ། དུ་རུ་ཀ་དང་ལྕེ་པོག་དང།། རྒྱས་སྤོས་ཨ་ཀ་རུ་དག་དང་ནི།། ཙན་དན་དཀར་དམར་པདྨར་བཅས། ། ལུག་མིག་གྲིབ་མར་བཅས་པ་རྣམས།། བནྡྷ་གླིང་བཞིའི་ནང་དུ་བླུགས།། སྔགས་ཀྱི་བཟླས་པ་ཁྲི་ཁྲག་གཉིས།། དེ་གྲངས་ཚང་ནས་ཕྱེ་མར་བཏགས། བདུད་རྩི་ལྔ་ཡིས་རབ་སྤྲུས་ལ། ། དེ་ལ་ལག་གཏིང་གྲུ་གསུམ་བསམ།། དེ་ཡི་དབུས་སུ་གཞག་ནས་ནི།། དེ་ལ་བདེ་གཤེགས་འོད་ཀྱིས་བསྟིམ།། སྡོང་པོ་རྐང་གཅིག་ཤིང་ཤུན་བསྟུམ།། དེ་ནས་བདེན་པ་འདར་བར་བྱ།། དེ་རྗེས་བསྲུང་བྱའི་མགུལ་དུ་བཏགས། ། མཁའ་འགྲོ་གདུག་པའི་ཚོགས་བཅས་རྣམས།། རབ་ཏུ་ཁྲོས་པས་མི་ཚུགས་ན།། གདོན་ཕྲན་རྣམས་ཀྱིས་སྨོས་ཅི་དགོས།། འདི་ནི་སྨན་གྱིས་བསྲུང་བའོ།། འཁོར་ལོ་དུར་ཁྲོད་རས་ལ་བྲི། ། གདུག་པའི་སྨན་གྱིས་དེ་ལ་བསྐུ།། དེ་སྟེང་གོང་མའི་སྨན་རྣམས་གཞག། དེ་ལ་སྔགས་བཟླ་རི་ལུ་བྱ།། བདུད་རྩི་ལྔ་ལ་བསྔགས་ཤིང་བསྲིང།། བདུད་རྩི་ལྔ་ལ་སྔགས་བཟླས་ལ།། དུས་བཞིར་ལུས་ལ་བྱུག་པར་བྱ། ། དེ་ནས་དབང་དང་ཏིང་འཛིན་བསྐུར།། དེ་ནས་རི་ལུ་མགུལ་བཏགས་པས།། དེ་ལ་ཅིས་ཀྱང་ཚུགས་མི་འགྱུར།། རི་ལུས་བསྲུང་བ་ཞེས་བྱའོ།། དེ་ནས་དུར་ཁྲོད་རས་ཆེན་ལ།། སོ་སོའི་འཁོར་ལོ་བཞི་བྲིས་ལ། ། གོང་མའི་རི་ལུ་དེ་ལ་བྱུག། དེ་ལ་ཡི་གེ་འཕྲེང་བ་དགོད།། དེ་ལ་གསང་བའི་ལྷ་ཡང་བསམ།། ཕྱི་ལྟས་ནང་དུ་བལྟས་པ་ཡིས།། དེ་བདག་རང་བཞིན་བསྲུང་བ་བྱའོ།། བདག་གིས་གཞན་ལ་ཁྲོ་སེམས་བསྐྱེད། ། འཁོར་ལོ་བཞི་ནི་གནས་སུ་གདགས།། དེ་ལས་འོད་འཕྲོས་ལུས་བསྲུངས་ན།། སྔགས་པ་ནང་གིས་ཚུགས་མི་འགྱུར།། སྔགས་དང་འཁོར་ལོས་བསྲུང་བའོ།། དུར་ཁྲོད་རས་ལ་འཁོར་ལོ་བྲི།། མཚོན་ཆ་འབར་བས་སྐྱེད་པར་བསྐོར། ། ཚིལ་ཆེན་གུ་གུལ་གྱིས་ཀྱང་བྱུག། ཁྲོས་པའི་ལས་སྔགས་དེ་ལ་བྲི།། བདུད་རྩི་ལྔ་ལ་སྔགས་བཟླས་ལ།། དེ་ཡིས་ཐུན་བཞིར་ལུས་ལ་བྱུག། འཁོར་ལོ་ལ་ཡང་དེ་བཞིན་བྱུག། དེ་ལ་དབང་བྱིན་སྲུངས་ཤིང་བཅོལ། ། ཐལ་བ་ལུས་ལ་བྱུག་པར་བྱ།། ཕྱོགས་ལ་ཐལ་བའི་ཐིག་ལེ་བྱ།། དེ་དབུས་འཁོར་ལོ་བཏགས་ལ་གཞག། དེ་ནས་རྣལ་འབྱོར་བློ་ལྡན་གྱིས།། སྟང་ཐབས་བྱས་ཏེ་ཧ་ཧས་གདབ། ། དེས་ན་ཅིས་ཀྱང་ཚུགས་མི་འགྱུར།། འཁོར་ལོས་བསྲུང་བ་ཞེས་ཀྱང་བྱའོ།། དེ་ནས་དུར་ཁྲོད་རས་བླངས་ལ།། འབར་བའོ་འཁོར་ལོ་བཅུ་བྲིས་ལ།། གུ་གུལ་ཚིལ་ཆེན་གྱིས་ཀྱང་བྱུག། དེ་ལ་སྔགས་ཀྱི་འཕྲེང་ལྡན་བྱ། ། དེ་ལ་དབང་བསྐུར་བྱིན་བརླབས་བྱ།། གསང་སྔགས་ཁྲི་ཕྲག་བདུན་དུ་བཟླས།། ཐལ་བས་ཕྱོགས་མཚམས་སྟེང་དང་འོག། ཐིག་ལེ་ཆེན་པོ་རབ་བྱས་ལ།། དེ་ཡི་དབུས་སུ་འཁོར་ལོ་གདགས།། འོད་དང་བཅས་པ་བལྟ་བར་བྱའོ། ། དེ་ནས་ཕྱོགས་དང་མཚམས་སུ་ནི།། ཁྲོ་བོ་བཅུ་ཡི་སྟང་སྟབས་ཀྱིས།། རབ་ཏུ་བརྩིགས་ལ་བཞག་པར་བྱ།། ཁྲོས་པས་ཐལ་མོ་ལན་གསུམ་གདབ།། ལྷ་དང་ཀླུ་དང་གནོད་སྦྱིན་དང། ། འབྱུང་པོ་མ་རུངས་སྲིན་པོའི་ཚོགས།། གདུག་པའི་གདོན་རྣམས་གང་གིས་ཀྱང།། དེ་ལ་ཚུགས་བར་ཡོངས་མི་འགྱུར།། དེ་ཡང་འཁོར་ལོས་བསྲུང་བའོ།། འཁོར་ལོ་གོང་མ་གནས་པ་ལས། ། རབ་ཏུ་འབར་བས་བསྐོར་བར་བྱ།། ནང་གི་འཁོར་ལོ་རབ་བསྟན་པ།། རང་སྙིང་འཁོར་ལོ་རྩོ+ིབས་བརྒྱད་ལ།། ཁྲོས་པས་རྣམ་པ་གཉིས་སྣང་བྱ།། གའུའི་དབུས་ན་གནས་པ་ཡི།། དེ་ལ་བསྲུང་བ་རྒྱས་ཀྱང་གདབ། ། དེ་ལ་སྔགས་པས་ཚུགས་མི་འགྱུར།། བདག་ཉིད་བསྲུང་བ་ཞེས་བྱའོ།། དུར་ཁྲོད་རས་སམ་ཤིང་ཤུན་ལ།། ཚིལ་ཆེན་གུ་གུལ་གྱིས་བྱུགས་ལ།། ཁྲོ་བོ་གང་ཡིན་རེ་རེ་ཡི།། རྩ་སྔགས་ལས་སྔགས་སྦྲེལ་བར་བྱ། ། དེ་ཡི་བཟླས་པ་བརྒྱ་རྩ་བརྒྱད།། བྱས་ལ་དྲིལ་ཏེ་མགུལ་ལམ་ནི།། དཔུང་པའི་རྩའམ་ཕྱུགས་སྐྱེར་གདགས།། དེ་ལ་བར་ཆོད་བགེགས་ཀྱིས་ནི།། དེ་ལ་ཚུགས་པར་མི་འགྱུར་རོ།། སོ་སོའི་ཁྲོ་བོའི་གསང་སྔག་ཀྱིས། ། བསྲུང་བ་ཞེས་ནི་བྱ་བ་ཡིན།། ཉེས་པ་མེད་པའི་རས་བལ་ལ།། སུམ་དྲིལ་བྱ་འམ་དགུ་བསྒྲིལ་ལ།། དེ་ལ་མདུད་པ་གསུམ་མམ་བཅུ།། རབ་ཏུ་བྱས་པ་གཞལ་ཡས་ཁང།། དེ་འོག་གསལ་བའི་ཁྲོ་བོ་རེ།། ངེས་པར་སྔགས་ལྡན་བཞུགས་པར་བྱ། ། དེ་ཡིས་མིའམ་སུ་དག་གི། སྐྱེ་རུ་བཏགས་པར་གྱུར་པ་ན།། གདོན་ལ་སོགས་པ་གང་གིས་ཀྱང།། ཚུགས་པར་དེ་ལ་མི་འགྱུར་རོ།། མདུད་པའི་བསྲུང་བ་ཞེས་བྱའོ།། ལག་གཡོན་ཟླ་བའི་དཀྱིལ་འཁོར་ལ། ། འཁོར་ལོ་རྒྱས་འདེབས་སྐུ་གསལ་བསྐྱེད།། གཡས་པར་མ་ལས་ཉི་དཀྱིལ་འཁོར།། དེ་སྟེང་བཅོམ་ལྡན་བདག་པོ་བསྐྱེད།། ཡབ་ཡུམ་རྗེས་སུ་ཆགས་པ་ལས།། ལག་པར་ཉུངས་ཀར་རྒྱལ་པོ་གཞག། ཡབ་ཡུམ་བྱང་ཆུབ་སེམས་དེ་ལས།། ཁྲོས་པས་ཆུང་ལ་དོད་པའི་སྐུ།། གྲངས་འབུམ་བྱེ་བ་བསམ་ཡས་པར།། ཁྲོས་པའི་རྒྱལ་པོས་རབ་འབར་བརྟག། དེ་ལ་གསང་སྔགས་མང་དུ་བཟླས།། ཕུར་དེ་སྐེ་འམ་ལུས་ལ་གདགས། ། ཅིས་ཀྱང་ཚུགས་པར་མི་འགྱུར་རོ།། ཉུང་ཀར་གྱིས་གཟུངས་ཞེས་བྱའོ།། གདུག་པ་བསྲུང་བ་ཡང་གསུངས་པ།། བནྡྷ་གླིང་དྲུག་ནང་དུ་ནི།། འདྲེ་འབྲོས་ཐང་ཆུ་ལྕེ་པོག་དཀར།། ཁྱི་དག་སྤྱང་ཀི་དྲི་ཆེན་དང། ། མེ་རེག་ཐང་ཆུ་རྐང་གཅིག་ཆུ།། བྱ་དམར་ཁྲག་དང་སྐེ་ཚེ་དང།། སྐྱེ་བའི་འབྲས་བུ་དེ་རྣམས་བརྟགས།། བནྡྷའི་ནང་དུ་བླུག་པར་བྱ།། དེ་ལ་བདུད་རྩི་ལྔ་ཡིས་བྲན།། གསང་སྔགས་འབུམ་དུ་བཏོན་ནས་ནི། ། ཉ་ལ་བཙུགས་ནས་སྟོང་དུས་སུ།། ཉི་མ་ཕྱེད་ནས་དགོངས་ཀའི་དུས།། དྲག་པོ་གསང་སྔགས་དྲག་པ་ནི།། བཟླས་པ་བྱ་ཞིང་དུག་མེ་བཏང།། ཚིལ་ཆེན་ཞུན་མས་དེ་ལ་སྦྱོར།། མཆོག་གི་རྐང་གིས་དཀྲུག་བྱ་ཞིང། ། ལེགས་པར་འདྲེས་པར་འགྱུར་བ་དང།། ཕོག་ལ་བཀུ་ཞིང་བཟླས་པ་བྱ།། དེ་ནས་བག་ཙམ་གྲངས་པ་དང།། རྐང་བླངས་ལག་པར་དྲིལ་བྱས་ལ།། ལས་ཀྱི་གསང་སྔགས་འབུམ་དུ་བཟླས།། དེ་ཡི་གདུག་པ་བཅིངས་ཀྱང་ནི། ། ཚུགས་པར་མི་འགྱུར་མགུལ་དུ་གདགས།། དེ་ནི་གདུག་པ་བསྲུང་བའོ།། ལས་འདི་གདུག་པ་ཐམས་ཅད་ཞི།། ཕན་འདོགས་དམ་ཚིག་བསྲུང་བའི་མཆོག། དམ་པའི་ལས་ལ་དེ་བརྩོན་གྱིས། ། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་གྱི་མདོ་ལས།། དམ་ཚིག་གི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ། ། གསོལ་བཏབ་ཚིག་ནི་འདི་སྐད་གསོལ།། ཀྱེ་ཀྱེ་བཅོམ་ལྡན་རྨད་བྱུང་གཙོ།། གཉིས་མེད་རྒྱལ་པོས་ལས་མཆོག་མཁྱེན།། ཐབས་ལས་སྤྲུལ་པའི་རང་བཞིན་ཅན།། བདེ་བའི་དོན་འཆད་ཟབ་མོའི་སྐུ།། རྣལ་འབྱོར་ལས་ལ་སྦྱོར་བ་ཡི། ། ཐབས་མཆོག་མཁྱེན་མང་ཁྱེད་ལ་འདུད།། དམ་ཚིག་ལ་སོགས་གསུངས་ལགས་ན།། རྣལ་འབྱོར་ལས་མཐར་དབྱུང་བ་ཡི།། འདི་ལ་སྤྱིན་སྲེག་མི་འཚལ་ལམ།། འཕྲིན་ལས་གཞུང་ནི་དུ་ཞིག་མཆིས། ། གཉིས་མེད་དཔའ་བོས་བཤད་དུ་གསོལ།། དེ་སྐད་ཅེས་ནི་གསོལ་པ་དང།། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུའི་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། རྣལ་འབྱོར་ལས་མཐར་འབྱིན་པ་ལ། ། འདི་ལ་སྦྱིན་སྲེག་ཤིན་ཏུ་གཅེས།། དེ་དོན་མཁས་པས་མཁྱེན་ཡིན་པས།། འདྲི་བར་བྱེད་པ་ལེགས་སོ་ལེགས།། ལས་ཀྱི་རྗེས་སུ་སྦྱིན་སྲེག་ཤིས།། ང་ཡིས་ལེགས་པར་བཤད་བྱ་ཡིས།། ཀརྨ་ཧེ་རུས་ཡིད་ཀྱིས་ཉོན། ། སྐུ་ཡི་དཀྱིལ་འཁོར་རབ་གསང་བ།། ཇི་ལྟའི་ལས་རྣམས་ཐམས་ཅད་ཀུན།། གང་འདོད་ལས་དེ་བརྩམས་པས་འགྲུབ།། འཇིག་རྟེན་ཁམས་ནི་ཐམས་ཅད་ན།། རྨུགས་པའི་སེམས་ཅན་འགྲོ་གང་ལ། ། ཞི་བའི་ལས་ལ་སྦྱར་བར་བྱ།། རིན་ཆེན་ཁ་དོག་དཀར་པོའམ།། དཀར་ལ་དམར་བ་ཡོད་པའི་ཤིང།། ཞི་བའི་ལས་ནི་སོ་སོ་ཡིས།། གང་འདོད་རྒྱུ་ལས་བྱས་པ་ཡི།། རྩེ་མོ་ཟླུམ་པོ་ཆོས་ཀྱི་དབྱིངས། དེ་ལ་དབང་བསྐུར་གཞུང་བཞིན་བྱ། ། འདོད་པའི་གང་ཡིན་གསོལ་བ་གདབ།། བྱམས་པ་སྙིང་རྗེ་སེམས་གནས་ལ།། དཀྱིལ་འཁོར་དཀར་པོ་འོད་དང་བཅས།། ཟླ་བ་ལྟ་བུའི་དཀྱིལ་འཁོར་ལ།། ཁྲུ་གང་ཟླུམ་པོ་བདུད་རྩིས་བྱུག། དེ་ལ་རྡོ་རྗེ་འཕྲེང་བས་བསྐོར།། དབུས་སུ་རྡོ་རྗེ་རྩེ་དགུ་པ།། ཤར་དུ་འཁོར་ལོ་ལྷོ་རུ་དབྱུག། ནུབ་ཏུ་རལ་གྲི་བྱང་དུ་ནི།། རྡོ་རྗེ་རྒྱ་གྲམ་བཀོད་པར་བྱ།། ཡམ་ཤིང་རློན་པ་དང་བཅས་པ།། འདབ་མ་ཡོད་པ་རྩེ་མོའི་ཆ། ། སྦོམས་སུ་ཆག་གང་ཡོད་པ་ལ།། མཛུབ་གང་ཆུ་རུ་ཡོད་པའོ།། ཛ་ཏི་པ་ལ་སོགས་པ་ཡིས།། སྤོས་ཀྱི་རྣམ་པ་མང་པོ་དང།། ཙན་དན་དཀར་པོའོ་མར་བཅས།། སྦྲང་རྩི་མངར་དང་བཅས་པ་སྟེ།། རབ་ཏུ་སྤངས་ལ་ཞི་ལ་དབུལ། ། བུད་ཤིང་རིམ་པར་དཀར་བ་ཡི།། ཤིང་མཆོག་གང་དང་གང་གིས་བྱའོ།། བསྲེག་པར་བྱ་བའི་རྫས་རྣམས་ཀུན།། དཀར་པོས་བྱས་ལ་གཡས་ནས་དར།། མཆོད་པར་བྱ་བའི་རྫས་རྣམས་ཀུན། ། བདག་ལ་མངར་བཅས་གཡོན་དུའོ།། འབྲས་ཆེན་དཀར་པོའི་གཏོར་མ་ལ།། མངར་བའི་རྫས་ཀྱིས་སྤྲས་ནས་ནི།། ལས་མཁན་ཕྱོགས་སྐྱོང་ལ་ཡང་སྦྱིན།། གང་འདོད་ལས་དེ་བསྒོ་ལ་བཞག། བམ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ།། གཏི་མུག་ལས་ཀྱི་འཆེལ་བ་རྣམས།། བུམ་པ་ཕུར་བུས་ཞེས་བྱ་ལ།། ཞི་བས་གྱུར་པས་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། འཕོངས་པར་གྱུར་པ་འགྲོ་གང་ལ། ། ཡོན་ཏན་དཀྱིལ་འཁོར་བདག་གནས་ལ།། སེར་པོའི་དཀྱིལ་འཁོར་གྲུ་བཞི་པ།། གསེར་ལ་སོགས་པའི་ཕུར་པ་རྣམས།། གང་འདོད་ལས་ཀྱི་གཞུང་བཞིན་བཤམ།། དེ་ཡིས་རྒྱས་པའི་ལས་རྣམས་བྱ། ། དད་པའི་སེམས་དང་བཅས་པ་ཡིས།། དཀྱིལ་འཁོར་རྒྱ་རུ་ཁྲུ་རེ་ལ།། སེར་བའི་རྫས་ཀྱིས་བྱུག་པར་བྱ།། དབུས་སུ་དབྱུག་པ་གཞན་དེ་བཞིན།། རྡོ་རྗེ་འོག་སྒོར་ཤེས་པར་བྱ།། ཐ་མ་རིན་ཆེན་འབར་བས་བསྐོར། ། སྦོམས་སུ་ཆགས་གང་ཆུར་ཁྲུ་གང།། དབུས་ཀྱི་ཆ་ལས་བྱུང་བ་ཡི།། སེར་པོའི་དྲི་མ་བདུད་རྩི་ལ།། རབ་ཏུ་སྤངས་ཏེ་རྒྱས་པར་དབུལ།། བུད་ཤིང་སེར་པོ་གང་དང་གང།། ཁ་དོག་བསྒྱུར་བ་བྱ་བ་ཡིན། ། འབྲུ་ཆེན་སེར་པོ་རབ་བསྒྱུར་ལ།། ལས་མཁན་བྱིན་ལ་འཕྲིན་ལས་བཅོམ།། ཁ་བའི་རོ་ལྡན་སེར་བའི་རྫས།། གཡས་དང་གཡོན་དུ་ཤེས་པར་བྱའོ།། མ་མོའི་ཚོགས་ཀྱི་དཀྱིལ་འཁོར་དུ།། ང་རྒྱལ་གྱིས་ནི་འཆེལ་བ་ལ། ། ཕུར་བ་བུམ་པས་རྒྱས་བྱས་པས།། རྒྱལ་པར་གྱུར་པས་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ཆགས་པར་གྱུར་བའི་འགྲོ་གང་ལ།། དབང་གི་ལས་ལ་སྦྱར་བར་གསུངས། ། གསུང་གི་དཀྱིལ་འཁོར་བདག་གནས་ལ།། ཟངས་ལ་སོགས་པའི་ཕུར་པ་ལ།། སོ་སོའི་ལས་ལ་འདོད་པར་བཤམ།། དགའ་དང་ཆས་པའི་ཏིང་འཛིན་གྱིས།། ཟླ་ཁམ་དམར་པོའི་དཀྱིལ་འཁོར་བྲི།། རྒྱབ་ལ་སོར་ནི་ཉི་ཤུ་ལ། ། ཁ་ནི་སོར་བཅུ་བྲི་བར་བྱ།། ཕྱི་རོལ་ལྕགས་ཀྱུ་ཞགས་པས་བརྒྱན།། མེ་ཏོག་དམར་པོས་དམར་པོར་བྱུག། སྦོམས་སུ་ཆག་གང་བཅུ་སོར་ལྔ།། བདུད་རྩི་ལྔ་དང་པདྨའི་ཆུ།། དེ་ལ་སྦངས་ལ་དབང་ལ་དབུལ། ། བུད་ཤིང་དམར་པོ་ཁ་དོག་བསྒྱུར།། གང་དང་གང་ལ་བྱ་བ་ཡིན།། འབྲུ་ཆེན་དམར་པོའི་ཁ་དོག་བསྒྱུར།། ལས་མཁན་བྱིན་ལ་གཉེར་ཡང་གཏད།། བསྒྱུར་ཞིང་མ་ལ་དམར་པོ་གཡས།། དེ་ཡི་རིམ་པས་ཤེས་པར་བྱའོ། ། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། འདོད་ཆགས་ལས་ཀྱིས་འཆེལ་བ་རྣམས།། འགྲོ་བ་གང་འདོད་བསྡུ་བ་ལ།། ཕུར་པ་བུམ་པས་དབྱངས་བྱས་ལ།། དབང་དུ་བསྡུས་བས་དབྱིངས་སུ་རོལ། ། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ལོག་པར་ལྟ་བའི་གདུག་པ་ཅན།། མངོན་སྤྱོད་སྤྱོད་པ་གསུངས་པ་སྟེ།། ཁྲོས་པའི་དཀྱིལ་འཁོར་བདག་གནས་ལ།། ནག་པོའི་དཀྱིལ་འཁོར་གྲུ་གསུམ་པ།། ངོས་རེར་སོར་ནི་ཉི་ཤུ་བྱ། ། གདུག་པའི་མཚོན་ཆས་མཐའ་མ་བསྐོར།། ཕྱི་ཡི་རིམ་པོར་རྩ་ཡང་བསྐོར།། ལྕགས་ཐག་གིས་ཀྱང་དཀྲི་བར་བྱ།། དྲག་པོའི་ལས་རྣམས་རྫོགས་པ་དང།། ཁྲོས་པས་མེ་ལྷ་རབ་བསྐྱེད་ལ། ། དེ་ལ་གདུག་པའི་རྫས་རྣམས་དབུལ།། གདུག་པའི་རྩེ་མོའི་ཆ་ལས་བྱུང།། སྦོམས་སུ་ཆགས་བྱེད་སོར་བཞི་བཅུར།། མིང་རུས་དུར་ཁྲོད་སོལ་བ་དང།། ཐལ་ཆེན་ཚ་བའི་རྗེས་རྣམས་ལ།། བདུད་རྩི་ལྔ་ཡི་ཆུ་ཡིས་སྦྱང། ། དེ་ལ་སྦངས་ལ་དབུལ་བར་བྱ།། བུད་ཤིང་ཚེར་མ་ཅན་གྱི་ཤིང།། གང་དང་གང་ལ་བྱ་བ་ཡིན།། ཤ་དང་ཁྲག་ཏུ་སྦྱར་བ་ཡི།། གཏོར་མ་བྱས་ལ་ལས་མཁན་བྱིན།། གང་འདོད་ལས་ལ་བསྐུལ་ལ་གཏང། ། ནག་པོ་དུག་གི་རྫས་རྣམས་གཡས།། མེ་ཏོག་ནག་པོ་ལ་སོགས་གཡོན།། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ཞེ་སྡང་ལས་ཀྱིས་འཆིལ་བ་རྣམས།། ཕུར་པས་གསད་བར་ཞལ་དུ་རོལ།། རླག་པས་ཡང་དག་དབྱིངས་སུ་ཐིམ། ། ཞི་བ་ལ་ནི་མར་གྱིས་གྲངས།། དབང་ལ་པད་རྒྱས་ཨུ་ལ།། དྲག་པོ་ཚེར་མ་ཅན་གྱི་ཤིང།། རེ་རེས་སྣ་དྲངས་རིམ་པ་བཞིན།། རྫས་རྣམས་ཐམས་ཅད་དབུལ་བར་བྱ།། རཾ་ལས་མེ་ནི་རླུང་ཡབ་སྦར། ། དེ་ཡང་བླ་མའི་གནས་བསྟན་པ།། ཞི་བ་དགོན་པའི་གནས་བསྟན་པ།། ཞི་བ་དགོན་པའི་གནས་ནས་ཏེ།། རྒྱས་པ་རྒྱལ་པོའི་ཁྱིམ་གནས་སོ།། དབང་ལ་ཆོས་མཁན་ཁྱིམ་གནས་ཏེ།། དྲག་པོ་ཤན་པའི་ཁྱིམ་གནས་ལ། ། ཞི་བའི་གདན་ནི་ནང་ཚས་ཅན།། རྒྱས་པའི་ཁྲི་དང་ཟ་འོག་གདན།། དབང་ལ་པདྨ་ཆགས་པ་སྟེ།། དྲག་པོའི་ལག་གཤེར་བའི་གདན་ལ་འདུག། ཁ་ལྟ་བ་ཡི་རིམ་པ་ཡང།། ཞི་བ་ནུབ་ལྟ་དབང་ལ་ཤར། ། དྲག་པོ་ལྷོར་ལྟ་རྒྱས་པ་བྱང།། དེ་བཞིན་ལས་དབང་གསུངས་པའོ།། ཏིང་འཛིན་དག་པའི་བྱང་ཆུབ་སེམས།། ཞི་བའི་ལས་སུ་བྱ་བ་ཡིན།། དམར་དང་འོད་ཟེར་ལྕགས་ཀྱུ་ལས།། དབང་གི་ལས་ལ་བྱ་བ་ཡིན། ། འོད་ལས་ཐམས་ཅད་དེ་དགུག་ནས།། རྒྱས་པའི་ལས་ལ་བྱ་བ་ཡིན།། གདུག་པའི་རྫས་དང་མིང་རུས་བཅས།། གང་ཡིན་ལས་ལ་སྦྱར་བར་བྱ།། ནམ་ཕྱེད་དང་ནི་ཉི་མ་དྲོས།། ཉི་མ་ཕྱེད་དང་དགོངས་ཀའི་དུས། ། དེ་རུ་སྦྱིན་སྲེག་བྱ་བ་ཡིན།། རང་རང་གང་ཡིན་ལས་དུས་སུ།། སྲེག་པའི་ལས་སུ་ཤེས་པར་གྱིས།། དཀར་པོའི་དཀྱིལ་འཁོར་རབ་གནས་ལ།། ཏིང་འཛིན་འོད་ཀྱིས་བྱང་སེམས་རྒྱས།། དེ་ཡིས་གནས་དག་རྒྱས་འཕེལ་བས། ། མི་དགའི་སེམས་མེད་བདེ་བ་ཆེ།། བུམ་པ་དཀར་པོ་སེམས་གང་ཆུས།། དེ་དབང་བསྐུར་བས་ནད་རྣམས་ཞི།། འོད་ཟེར་དཀར་པོ་དེ་བསྟིམས་པས།། གནོད་མེད་སེམས་ཅན་ཡལ་བར་འགྱུར། ། འདོ་ལས་སོ་སོའི་གནས་འཕེལ་ཏེ།། རིགས་དང་དབང་དང་ཚེ་རྣམས་ཀུན།། སོ་སོའི་རིམ་པ་དེ་བཞིན་ཏེ།། མཁས་པས་རིག་པར་ཤེས་པར་གྱིས།། ཨུཏྤལ་པདྨའི་རྩ་བའམ།། ཨ་ཤོ་ཀདྷའི་རྫས་རྣམས་ལ། ། ཇི་ལྟར་འདོད་པའི་འཕྲོ་འདུ་ཡིས།། དབང་མེད་ལས་ལ་དེ་བཞིན་བྱའོ།། གདུག་པའི་སེམས་དང་བཅས་ནས་ནི།། དུར་ཁྲོད་རས་ལ་མིང་རུས་བྲིས།། ཐུན་པའི་རྫས་ཀྱིས་ཡང་དང་ཡང།། དེ་ལ་བྱུག་བ་བྱ་བ་ཡིན། ། ཕུར་བཏབ་གདུག་དང་བསྟབ་པར་བྱ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། གདུག་པའི་ཆུ་ཡིས་རབ་བྱུགས་ལ།། འདུག་ཤིང་བུའི་མེ་སྤར་ལ།། དུག་ཚོགས་གང་ཡིན་དུས་སུ་ནི།། དུར་ཁྲོད་གནས་སུ་དེ་སོང་ལ། ། སྡོང་པོ་མེ་རེག་ཤིང་ཤུན་ལ།། གཟུགས་བརྙན་བྱས་ལ་དགུག་དབབ་དང།། དྲག་པོའི་ལས་ནི་རྫོགས་བྱས་ལས།། ཐ་མ་དུག་མེད་དེ་ལ་སྲེགས།། ཚངས་པའི་ཚེ་དང་ལྡན་པ་ཡང།། སྐད་ཅིག་གིས་ནི་འཆི་བར་འགྱུར། ། ཐོད་པའི་དཀྱིལ་འཁོར་གྲུ་གསུམ་དུ།། མ་ཧེ་ར་ཡི་ཤིང་ཤུན་ལ།། དེ་ལ་མེ་སྤར་བསྲེགས་པ་ནི།། བདག་ཉིད་ལུས་ལ་རྣམ་སྣང་དགོད།། ཞིང་གི་གདན་ལ་འདུག་ནས་ནི།། ཁྲོས་པའི་སེམས་ཀྱིས་གདུགས་བཅས་ནི། ། ནག་པོ་ཤིང་གི་ཤུན་པ་ལ།། མཚན་མ་མིང་དུ་བཅས་པར་བྲི།། དེ་ལ་ལས་ཐབས་རབ་རྫོགས་བྱ།། དེ་མེ་བཏང་ལ་བསྲེགས་བྱས་ལ།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། ཕུར་པའི་དཀྱིལ་འཁོར་མཐིང་ནག་ལ། ། མེ་རེག་ཐང་ཆུས་བྱུག་བྱས་ནས།། བསེ་ཤིང་ཤིང་བུའི་མེ་སྤར་ལ།། ཐལ་ཆེན་པོས་ནི་ལུས་བྱུགས་ནས།། སྐྲ་ཡང་སྤྱི་བོར་བཅིང་ནས་སུ།། ཙ་ར་ཟངས་ཀྱི་གའུའི་ནང།། ཤིང་ཤུན་གཟུགས་བྲིས་བཅུག་ནས་ནི། ། ཟླ་གྲངས་ཚང་ནས་ལམ་རྒྱ་གྲམ།། དེ་སོང་གཟུགས་གཏུབས་བསྲེགས་བྱས་ནས།། སངས་རྒྱས་ཉིད་ཀྱང་འཆིང་བར་འགྱུར།། རབ་ཏུ་འབར་བའི་དཀྱིལ་འཁོར་ལ།། ཞེ་སྡང་གཏིང་ནས་རབ་བསྐྱེད་དེ། ། ཞིང་གི་ཤུན་པ་དེ་བླངས་ནས།། ཁྲག་དུག་གསུམ་བསྲེས་མཚན་མ་བྲིས།། སྐུ་ཤའི་སྦུགས་བཅུག་མཚན་རྣམས་བྱ།། རབ་གཏུགས་ཕུང་བའི་གནས་སུ་བསྲེག། ཐང་ཅིག་ཡུད་ཀྱིས་དེ་བརླག་འགྱུར།། གླིང་བཞིའི་དཀྱིལ་འཁོར་འབར་བ་ལ། ། ཞོ་ཅན་ཤིང་བུའི་མེ་སྤར་ལ།། གཡོ་བའི་ལོ་ནི་རབ་བླངས་ལ།། གྲོག་མོའི་ས་དང་རབ་བསྲེས་ཏེ།། བོང་བུའི་བདུད་རྩིས་སྤྲུས་ནས་ནི།། མཚན་མ་མིང་དུ་བཅས་པར་བྱ།། ས་བདག་གནས་པའི་ས་ཕྱོགས་དེར། ། རང་གི་རྒྱབ་བསྟན་དྲག་པོ་ཡིས།། ལས་ཐབས་རྫོགས་པར་བྱ་བ་ཡིན།། དེ་ནས་གཏུབས་ཏེ་བསྲེགས་པ་ཡིས།། སངས་རྒྱས་ཉིད་ཀྱང་འཆིང་བར་འགྱུར།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། ། རབ་ཏུ་འབར་བའི་ནག་པོས་བྱུག། ཁྲོས་པའི་རྒྱལ་པོས་ཡང་དང་ཡང།། དེ་ལ་ཐས་པར་བྱ་བ་ཡིན།། ལུས་ནག་ཁྲོས་པ་ལྷོ་ཕྱོགས་བལྟ།། སྐྲ་ཡང་སྤྱི་བོར་བཅིངས་ནས་ནི།། ཤན་གཟུགས་བྲིས་པ་བཅུག་ནས་ནི། ། བཟླས་གྲངས་ཚང་ནས་ལམ་རྒྱ་གྲམ།། དེར་སོང་གཟུགས་གཏུབས་སྲེགས་བྱས་ནས།། སངས་རྒྱས་ཉིད་ཀྱང་འཆི་བར་འགྱུར།། རབ་ཏུ་འབར་བའི་དཀྱིལ་འཁོར་ལ།། གདུག་པའི་ཤིང་ལ་མེ་སྦར་ལ། ། ཞེ་སྡང་གཏིང་ནས་རབ་བསྐྱེད་དེ།། ཞིང་གི་ཤུན་པ་དེ་བླང་ལ།། ལུས་ལ་ཐལ་པ་ཆེན་པོས་བྱུག། སེམས་ཀྱང་ཁྲོས་པའི་སེམས་སུ་གནས།། ཡེ་ཤེས་དམ་ཚིག་རྗེས་དྲན་བལྟ།། ཉི་ཤུ་རྩ་གཅིག་དཀྱིལ་འཁོར་ལ། ། རི་མོ་གཉིས་ནི་གསལ་བྱས་ལ།། ཕོ་ལ་བརྒྱ་རྩ་བརྒྱད་དུ་བྱ།། མོ་ལ་ཉི་ཤུ་རྩ་གཅིག་སྟེ།། སོ་སོའི་དབྱེ་བ་བྱས་ནས་ནི།། ནམ་གྱི་གུང་ངམ་ཉིན་གུང་ལ། དུས་ཚོད་མ་ནོར་བསྲེགས་པར་བྱ། ། འདི་བྱས་ལྷ་ཡང་བརླག་པར་འགྱུར།། དཀྱིལ་འཁོར་མི་བཟད་དྲག་པོ་ཡི།། ནང་དུ་སྤྲུ་ཤིང་མེ་སྤར་ལ།། རྟག་ཁྲག་དང་དུག་ཏུ་སྦྱར།། ཤིན་ཤུན་གཟུགས་བྱིན་གུ་གུལ་བདུག། དེ་ལ་སྔོན་དམར་དག་གིས་དཀྲི། ། དུམ་བུ་གསུམ་དུ་གཏུབས་ནས་ནི།། གཅིག་ལ་ཁྲག་འཐུང་འཁོར་བཅས་ཀྱི།། རོལ་བར་བཏགས་ལ་བསྲེག་པར་བྱ།། གཅིག་ལ་འཕྲ་མེན་སྤྲུལ་བའི་ཚོགས།། རོལ་བར་བསམ་ལ་དེ་བཞིན་ནོ།། གཅིག་ལ་མ་མོའི་ཚོགས་བཅས་ཀྱིས། ། རོལ་ཏེ་བསྲེག་པར་བྱ་བསམ་བསྲེག། འདི་བྱས་ལྷ་ཡང་བརྒྱལ་འགྱུར་ལགས།། དུར་ཁྲོད་རས་དང་ཁྱི་ཁྲག་དང།། ནག་པོའི་རྫས་ལ་རབ་སྦྱར་ལ།། གསལ་བ་གསུམ་དང་ལྡན་བྱས་ཏེ། ། མིང་རུས་བཅས་པར་རབ་གཏུབས་ལ།། སེང་ལྡེང་སོལ་བའི་མེ་ལ་སྲེག། བརྒྱ་རྩ་བརྒྱད་དམ་ཉི་ཤུ་གཅིག། སྟོང་ངམ་ཁྲི་རུ་བསྲེག་བྱས་ན།། ལྷ་ཡང་བརླག་པར་ཐེ་ཚོམ་མེད།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། ། དུར་ཁྲོད་སོལ་བས་ནག་པོར་བྱུག། ཁྲོས་པའི་སེམས་ཀྱིས་ཏིང་འཛིན་བྱ།། དྲི་མ་གསུམ་ལ་མཚན་མ་བཅའ།། དུར་ཁྲོད་རས་ཆེན་དེ་བླངས་ལ།། དེ་ལ་ཕཽ་དང་མོ་གཉིས་ནི།། མཚན་མ་ལེགས་པར་བྲིས་ནས་ནི། ། གང་ཡིན་གནས་སུ་སྦ་བར་བྱ།། མེ་རེག་མ་ཡི་དཀྱིལ་འཁོར་དུ།། གཟུགས་བཅས་ནས་ནི་བཟླས་པར་བྱ།། ཁུགས་པའི་པྲ་ལྟས་བྱུང་བ་དང།། ཕུར་བཏབ་ནས་ནི་མཚན་མ་གདབ།། རྣམ་རྟོག་ལས་ཀྱི་གཤག་ཕྱེ་ནས། ། སྙིགས་མར་བཅས་པའི་སྦྱིན་སྲེག་བྱ།། འདིས་ནི་སངས་རྒྱས་གདན་ལ་འདྲེ།། སེམས་ཅན་སྐད་ཅིག་ཡུད་ཀྱིས་འཆི།། དཀྱིལ་འཁོར་གསད་པའི་ཐབས་དང་བཅས།། དུར་ཁྲོད་རས་སམ་ནག་པོའི་ཤུན། ། ཕོ་དང་མོ་ཡི་གཤག་ཕྱེ་སྟེ།། དུག་དང་རྨེ་ཁྲག་རྣམས་བྱས་ལ།། ཐུན་ཚན་གསང་སྔགས་བཟླས་བྱས་ནས།། ཐུན་མཚམས་མཐའ་མ་དེ་བཞིན་བསྲེགས།། གོང་གི་རྫས་ལ་མཚན་མ་དེ།། རབ་ཏུ་བསྲེགས་པར་བྱ་བའོ། ། དེ་ལྟར་བྱས་པས་ཁམས་གསུམ་གྱི།། སེམས་ཅན་ཐམས་ཅད་རླག་པར་ནི།། ཐང་ཅིག་ཡུད་ཀྱིས་འཆི་བར་འགྱུར།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། རབ་ཏུ་འབར་བའི་མེ་རི་བྲི།། དེ་སྟེང་རོ་ཤིང་མེ་བཏང་ལ། ། ར་དུག་ཤིང་བུས་ཡབ་ཤིང་བྱ།། དུར་ཁྲོས་རས་ལ་གཏུགས་ནས་ནི།། རྣམ་སྣང་སྐུ་ལ་རབ་ཏུ་བརྒྱན།། གདོང་ལ་ཐིག་ལེ་རྣམ་གསུམ་གདབ།། བཟླས་པ་བྱས་ཏེ་ཐུན་ཕབ་ལ།། མཚན་མ་དུམ་བུ་དུམ་བུར་གཏུབ། ། དེ་ཡི་དུམ་བུ་རེ་རེ་དང།། གོ་རོ་ཙ་ན་ཙིཏྟར་བཅས།། མི་དབང་དབང་པོའི་ཤ་ཕྱེས་གདབ།། གྲིར་གསད་ཤ་དང་ཁྲག་ཏུ་བཅས།། ཀར་ཙར་བའི་རྫས་དང་སྤར།། གཏོར་མ་བདུད་རྩིར་སྦྱར་བ་དེ། ། བསྲེགས་ཏེ་བསྲེགས་པར་གྱུར་ན་ནི།། ལྷ་ཡང་རླག་པར་ཐེ་ཚོམ་མེད།། དཀྱིལ་འཁོར་དུར་ཁྲོད་མེ་རི་སྨྱུག། རབ་ཏུ་འཁྲིག་ལ་དེ་ནང་དུ།། བསྲེག་པའི་རྫས་དུ་བསྟན་པ་ནི།། ཀུ་ཤའི་སྤུ་ལ་མེ་བྱའོ།། སྡོང་པོ་རྐང་གཅིག་ཤིང་ཤུན་ལ། ། མཚན་མ་གཉིས་ནི་བྲིས་ནས་སུ།། སོ་སོའི་གནས་སུ་གཞག་པར་བྱ།། དེ་ལ་དགུག་དང་བསྟིམ་བྱའམ།། ཡང་ན་ལས་ཀྱི་རྗེས་བསྒྲུབ་དུས།། ཤ་སྣ་ཚོགས་དང་ཁྲག་སྣ་ཚོགས།། དེ་དང་མཚན་མ་དུམ་བུ་རེ། ། རབ་ཏུ་བསྒྲགས་ཏེ་བསྲེགས་བྱས་ནས།། སངས་རྒྱས་ཉིད་ཀྱང་འཆི་འགྱུར་ན།། སེམས་ཅན་སྡིག་བྱེད་སྨོས་ཅི་དགོས།། རབ་ཏུ་ཁྲོས་བའི་དཀྱིལ་འཁོར་དུ།། ཁ་ཏེ་ར་དང་ར་དུག་ཤིང།། དུར་ཁྲོད་གཡམ་པ་བླང་ནས་སུ། ། དེ་ལ་གཟུགས་བརྙན་བཅས་ནས་ནི།། སྡོང་གཅིག་མེ་རེག་ཐང་ཆུ་ཡི།། ཕོ་དང་མོ་ཡི་མཚན་མ་བྲི།། དགུག་དང་གཞུག་པ་དེ་བཞིན་ཏེ།། གདབ་པ་གཏུབ་པའི་ལས་བྱས་ལ།། དེ་དང་བསྲེས་ཏེ་བསྲེག་པའི་རྫས། ། སེང་གེའི་སྙིང་དང་ཁྲག་ཏུ་བཅས།། ཝ་དང་སྤྱང་ཀི་སྟག་དང་བཅས།། བྱ་རྒོད་སྐྱུང་ཀ་བྱ་རོག་འུག། སྙིང་དང་ཁྲག་ཏུ་བཅས་པ་རྣམས།། མཚན་མ་རེ་དང་བསྲེས་ཏེ་བསྲེག། ནམ་གྱི་གུང་ལ་དེ་བསྲེགས་ན། ། ལྷ་ཡང་བརླག་པར་ཐེ་ཚོམ་མེད།། མེ་རི་དམར་སྨྱུག་དཀྱིལ་འཁོར་དུ།། དུག་ཚེར་བ་ཡི་ཤིང་བུ་ལ།། གསོད་པའི་མེ་ཆེན་རབ་སྦར་ལ།། སྦྲང་རྩི་སྙིངས་མའི་ཆུས་བསྲེས་ལ།། མཚན་མ་མིང་དུ་བཅས་པར་བྱ། ། དེ་ཉིད་གསད་དེ་རབ་གཏུགས་ལ།། དེ་དང་བསྲེ་བར་བྱ་བའི་རྫས།། རྟ་ཡི་སྙིང་དང་རྩ་རའི་སྙིང།། ཆུ་བྱའི་སྙིང་དང་བྱ་བའི་སྙིང།། དེ་དང་གཏོར་མ་རབ་བསྲེས་ཏེ།། མཚན་མ་དང་ནི་བཅས་ཏེ་བསྲེག། གྲངས་འབུམ་བསྲེག་ན་ལྷ་ཡང་འཆི།། ཁྲོས་པས་མདངས་འཕྲོག་བྱ་བ་ནི།། ལས་འདི་ཡིས་ནི་འགྲུབ་པར་འགྱུར།། ཁྲོས་པས་སྨུག་ནག་འབར་བའི་དཀྱིལ།། དུག་ཤིང་མཚལ་གྱིས་རབ་བྱུགས་ལ།། དེ་ནི་སེང་ལྡེང་ཤིང་དང་འདྲ། ། དེ་ལ་མེ་ཆེན་སྦར་བའམ། ཡང་ན་སེང་ལྡེང་ཉིད་ལ་སྤར།། དུར་ཁྲོད་རས་མཆེན་པོ་ལ།། མཚན་མ་ཉིད་ནི་བྲིས་ནས་སུ།། དེ་ལ་བཟླས་པ་གཞུང་བཞིན་བྱ།། ཁུགས་པའི་ཁ་ཁྲ་ཐེབས་པ་དང། ། ཕུར་པ་གནས་སུ་བཞུགས་སུ་གསོལ།། དེ་ནས་གཟུགས་བརྙན་གཏུབ་པར་བྱ།། གཉིས་ཀྱི་གྲངས་ཀྱང་སོ་སོ་ཡི།། བརྒྱད་དང་ཉི་ཤུ་རྩ་གཅིག་གི། མི་འདྲ་རི་མོ་རེ་རེ་བྱ།། ནམ་གྱི་གུང་ལ་རབ་བསྒྲིམས་ཤིང། ། བསྲེག་བྱ་ཉི་མའི་གུང་ལའོ།། དེ་ཡི་གྲངས་ཀྱང་སྔར་གསུངས་འདྲའོ།། དེས་ཀྱང་གདུག་ཅན་བརླག་པར་འགྱུར།། སེར་ནག་འཁྱིལ་བའི་དཀྱིལ་འཁོར་དུ།། སྦྱང་ཚེར་རེ་ལྕག་པ་ཡི་ཤིང།། རབ་ཏུ་སྦངས་ཏེ་མེ་བཏང་ལ། ། ཁྲོས་པའི་སེམས་པས་གནས་བྱས་ལ།། གདུག་པའི་ལས་ལ་བརྩོན་པར་བྱ།། ཙ་རའི་ཁྱིམ་ལ་གཟུགས་བརྙན་བྲི།། མེ་ཏོག་དམར་པོས་མིང་རུས་གཉིས།། གང་ཡིན་གནས་སུ་བྲིས་ནས་སུ། ། དེ་ཉིད་མི་གནས་པ་རུ་བརྟག། དེ་དང་བསྲེ་བའི་རྫས་རྣམས་ནི།། གླང་ཆེན་ཁྲག་དང་ཁྱི་ཁྲག་དང།། ཕག་དང་དྲེའུའི་ཁྲག་རྣམས་ནི།། བསྲེས་ཏེ་དུས་བཞིར་བསྲེག་པར་བྱ།། ངེས་ནི་ལྷ་ཡང་བརླག་པར་འགྱུར། ། ཁམས་གསུམ་གདུག་པ་སྨོས་ཅི་དགོས།། དེ་ལ་དགུག་ཅིང་འདྲེན་པའི་དུས།། བསྲུང་བའི་ལྷ་ནི་བཅུ་གཉིས་ཏེ།། ཡུལ་ལྷས་འཚོ་དང་ཕོ་ལྷས་འཚོའོ།། དགྲ་ལྷས་འཚོ་དང་མུ་སྟེགས་འཚོ།། སྲོག་ལྷས་འཚོ་དང་མ་ལྷས་འཚོ། ། གིང་གིས་འཚོ་འམ་མ་མོས་འཚོ།། དམ་མོས་འཚོ་འམ་ཡི་དགས་འཚོ།། བཙན་གྱིས་འཚོ་འམ་ཐེ་རང་འཚོ།། དེ་ལྟར་བསྲུང་བ་བཅུ་གཉིས་ཏེ།། དེ་དང་དཔྲལ་བའི་ཐབས་བཤད་པ།། དང་པོ་ཤེས་པ་བསྒྲུབ་པའི་དུས། ། སོ་སོའི་མཚན་ཉིད་ཤེས་པར་བྱ།། དེ་དྲངས་ནས་ནི་གཏོར་མ་སྦྱིན།། གང་ཡིན་གནས་སུ་བསྐྲད་ལ་བཏང།། ཡང་ན་གཤེད་དུ་བསྐོས་ལ་གཞག། དེས་ཀྱང་ལས་སུ་མ་རུང་ན།། བསྒྲལ་བའི་ཐབས་ནི་འདི་དག་གོ། བློན་པོ་རྒྱལ་པོར་དེ་མཐོང་ན།། ཡུལ་ལྷས་འཚོ་བར་ཤེས་པས་ནི། ཁོ་ཡི་ཡུལ་གྱི་ལྷ་རྟེན་ས།། ཁོ་ཡི་ཤེས་པ་དེར་བཀུག་ལ།། ཤེས་པ་གཉིས་སུ་གསལ་བྱས་ནས།། གུ་གུལ་ཚིལ་ཆེན་སྲེགས་པར་གསད། ། ཞབས་མ་བསྲེགས་པས་འབྲལ་བར་འགྱུར།། ཡུལ་གྱི་སྐྱེས་པ་རལ་གྲི་ལུས།། ཕོ་ལྷས་སྐྱོབས་བར་ཤེས་པ་ཡིན།། ཤེས་པ་བཀུག་ལ་གནས་པ་དེ།། ཀུན་གྱི་མཚན་ཉིད་ཤེས་པར་གྱིས།། སྡོང་པོ་མེ་རེག་ཤིང་ཤུན་དང། ། གོང་མའི་རྫས་སུ་བསྲེས་ཏེ་བསྲེག། དེ་ཡི་གདུག་པས་དབྲལ་བར་ངེས། མུ་སྟེགས་གོ+ཻཾ་བོ་ལྟར་མཐོང་ན།། མུ་སྟེགས་ལྷ་ཡིས་བསྲུང་བར་ཤེས།། ཚིལ་ཆེན་རྒྱ་ཚིལ་གུ་གུལ་བསྲེག། དེ་ཡི་གདུག་གོས་དཀར་གྱོན་དང་ཅང་མེའོ། ། སྲོག་ལྷས་འཚོ་བ་ཡིན་པས་ན།། གོས་དཀར་གོན་པ་མཐོང་བ་ན།། གོང་མའི་སྟེང་དུ་མནན་པའི་རྫས།། རྟ་ཡི་སྡེར་མོ་བསྲེགས་པས་དཔལ།། ཆང་མི་འོང་ན་ལས་ལ་འབད། ། བུད་མེད་རང་གི་མ་སྲུ་དང།། ཤ་བ་ཡུ་མོ་དེ་མཐོང་ན།། མ་ལྷས་སྲུང་བར་བྱེད་པསན།། ར་ཡི་དྲི་མ་བསགས་པ་དང།། ར་ཡི་ར་གཞོབ་བསྲེགས་པས་ན།། དེ་དང་དཔྲལ་བར་ཐེ་ཚོམ་མེད།། བུད་མེད་བདག་ལ་ཁྲོ་འགྱུར་ན། ། བནྡྷེ་བསྲུང་མས་འཚོ་བས་ན།། ལྷ་ཉིད་བདུད་དུ་ཕབ་ལ་གཞག། སྐྱེས་པ་མོ་དང་འགྲོགས་མཐོང་ན།། མ་མོ་གང་གིས་འཚོ་འགྱུར་བས།། ཤེས་པའི་ལས་ལ་འབད་པས་འགྲུབ།། གྲོགས་མོ་མཛའ་མོ་དེ་མཐོང་ན། ། སྨན་མོས་བསྲུང་བ་ཡིན་པར་ངེས།། སྙིང་ཁྲག་རྔུབ་པའི་ལས་བྱས་ན།། དེ་ལ་སྐྱོབ་པ་ཡོང་མི་ནུས།། བློན་པོའམ་ཤེས་དམན་མཐོང་བ་ན།། ཡི་དགས་འཚོ་བར་ངེས་པས་ན།། ཁྲོས་པའི་རྒྱལ་པོས་ཕུར་བཏབ་པས། ། རང་བཞིན་བརྒྱལ་ཏེ་སྐྲག་ནས་འགྲོ།། གངས་རི་གཡའ་རི་བྲག་ཆེན་དང།། ཐེ་བྲང་གླ་ཤིང་མཐོང་བ་ན།། བཙན་དང་ཐེ་བྲང་འཚོ་ངེས་པས།། སོ་སོའི་མཐུན་པའི་རྫས་རྣམས་ནི། ། བག་ཟན་ལ་བྱས་ཚོན་གྱིས་བསྐུ།། དེ་ལ་བྱིན་ལ་གུ་གུལ་དང།། ཏིལ་ཆེན་དུད་པས་བདུགས་ལ་དབྲལ།། དེ་ཡི་དུས་སུ་ཤེས་བྱ་བ།། བླ་ཆེན་དྲུག་དང་སྤྲུལ་པ་དྲུག། འདི་དག་བསྲུང་བའི་རྟེན་ཡིན་པས།། འདི་ནི་ཡུལ་ལྷས་ཤེས་པར་བྱའོ། ། དེ་ཡི་མཚན་ཉིད་རབ་བརྟགས་བྱ།། སྟག་དང་ཤ་བ་ལུག་དང་གླང།། ཁྱི་དང་ཕག་དང་དྲུག་ཏུ་སྟེ།། དོན་ནི་བླ་ཆེན་དྲུག་ཅེས་བྱ།། འདི་ཡི་ཡུལ་ལས་རྟེན་པ་ནི།། རྟ་དང་དྲེ་དང་འདྲ་བའི་ལུས། ། རྙན་དང་དགོ་བ་རབ་ཏུ་གྲགས།། བཙོས་དང་རྔས་ཆེན་དེ་དང་འདྲ།། མཛོ་དང་བུང་བུ་དེ་འགྱུར་ལ།། སྤྱང་གི་གཅན་གཟན་དེ་དག་ཀུན།། ཙ་ར་དག་ཏུ་རབ་ཏུ་ཤེས།། དེ་འདྲ་ལྷ་རྣམས་འབྱུང་བ་ལ།། དེ་དག་འགྲོགས་པའམ་དེ་དབང་དུ། ། སོང་བ་དེ་དང་དབྲལ་བར་བྱ།། དེ་ཡི་གཉེན་པོ་གཏང་བ་ནི།། སྟག་དང་བྱ་རྒོད་ལ་སོགས་པ།། རབ་ཏུ་ཁྲོས་པས་རྦད་པར་བྱ།། དེ་དག་ལས་ཀྱང་སྤྲུལ་པའི་ཚོགས།། དཔལ་གྱི་ཕོ་ཉ་ལས་མཁན་མོ། ། དཀར་པོ་དུང་གི་མཆེ་བ་ཅན།། ནམ་མཁའ་བྱུང་བ་མཛོད་ཁྱིམ་མ།། ལག་ནས་སྤུ་གྲིས་སེམས་ཅན་སྒྲོལ།། གདུག་པའི་ཞལ་གྱིས་སྙིང་ཁྲག་རྡུབ།། སྤྲུལ་པ་ཚོགས་ཆེན་ཆེར་ལྟར་འབེབས།། སྤྲུལ་པ་སུམ་བརྒྱ་དྲུག་ཅུ་འགྱེད། ། སུམ་བརྒྱ་དྲུག་ཅུའི་མངའ་བདག་མོ།། བསྐལ་པ་བརྒྱ་ཁྲིའི་ཕ་རོལ་ནས།། དམ་ལས་འདས་པའི་བློ་འདྲེན་ནམ།། ཉམས་པའི་བླ་ལ་ནན་མ་ཆུང།། ལྷོ་ཡི་ཕྱོགས་ནས་བཞེངས་པ་ནི།། ནག་མོ་ལྕགས་ཀྱི་ལན་ཚར་ཅན། ། ཁྱུང་གི་ཁྲ་ཆེན་གཡས་ནས་འགྱེད།། བནྡྷ་གྲི་ཐོགས་གསོད་ལ་རྔམ།། ཚངས་པ་བསྐྱིལ་བའི་ཆ་ལུགས་ཅན།། མི་སྡུག་གཙིགས་པའི་གཅེར་བུའི་ལུས།། སྤྲུལ་པ་སུམ་བརྒྱ་དྲུག་ཅུ་འགྱེད། ། སུམ་བརྒྱ་དྲུག་ཅུའི་མངའ་བདག་མོ།། བསྐལ་པ་གསུམ་ནས་བླ་ཚོལ་ཚོལ།། དཔག་ཚད་ལྔ་པར་སྲོག་འགུག་འགུགས།། ཉམས་པའི་བླ་དང་སྲོག་ལ་ཡང།། ནུབ་ཀྱི་ཕྱོགས་ནས་བཞེངས་པ་ནི།། དམར་མོ་ཉི་མའི་སྤྱན་མངའ་བ། ། གདུག་འདུལ་གྲངས་པ་སེལ་བར་མཛད།། གསོད་རྔམ་པའི་ལས་ལ་བརྩོན།། མཆེ་གཙིགས་གཡང་གཞི་གིས་སུ་གྱོན།། སྤྲུལ་པ་སུམ་བརྒྱ་དྲུག་ཅུ་འགྱེད།། སུམ་བརྒྱ་དྲུག་ཅུའི་མངའ་བདག་མོ། ། རབ་ཏུ་མི་སྲུན་བླ་འགུགས་མ།། ཉམས་པའི་བླ་དང་སྲོག་ལ་ཡ།། བྱང་གི་ཕྱོགས་ནས་བཞེངས་པ་ནི།། ལྗང་ནག་བསྐྱིལ་བའི་མི་ཐོད་ཅན།། སེར་མོ་ཅན་འབུམ་གྱིས་བསྐོར།། ཕྱག་ན་རལ་གྲིས་སྲོག་གཅོད་མ། ། སྤྲུལ་བ་སུམ་བརྒྱ་དྲུག་ཅུ་འགྱེད།། སུམ་བརྒྱ་དྲུག་ཅུའི་མངའ་བདག་མོ།། སྔོན་ནས་དགྲ་བོ་བླ་འགུགས་སམ།། ཉམས་པའི་བླ་དང་སྲོག་ལ་ཡ།། ནམ་མཁའི་ལྷ་མོ་ཕུར་པའི་ལྷ།། ལག་བརྒྱ་ལྕགས་ཀྱིས་ཕུར་པ་འདྲིལ། ། སྤྱན་བརྒྱ་ཁྲག་གི་མཆིལ་མ་འཐོར།། ཞལ་ནས་གདུག་པའི་སྔགས་ཟེར་ཟློས།། མཆེ་བས་སྐྱེ་ཤི་རྩ་བ་གཅོད།། ཕུར་པའི་ལས་མཁན་ཆེན་མོ་ལ།། རབ་ཏུ་བསྲུང་བའི་ལས་ལ་བརྩོན།། སྤྲུལ་པ་མང་པོ་ཕྱོགས་བཅུར་འགྱེད། ། རྡོ་རྗེ་སྐུ་གསུང་ཐུགས་ལས་སྤྲུལ།། ཉམས་པའི་བླ་དང་སྲོག་ལ་ཡ།། གཞན་ཡང་སྤྲུལ་པའི་ཚོགས་བཅས་ཀུན།། ལས་དང་ལས་ལས་སྤྲུལ་པ་དང།། ཡེ་ཤེས་ལས་ལས་སྤྲུལ་པའི་ཚོགས། ། རབ་ཏུ་བཀྱེ་ལ་དགུག་པར་བྱའོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་གྱི་མདོ་ལས།། སྦྱིནསྲེག་གི་ལེའུ་སྟེ་ཉི་ཤུ་གཉིས་པའོ།།།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས། ། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། གསོལ་བ་གདབ་ཕྱིར་འདི་སྐད་གསོལ།། ཀྱེ་ཀྱེ་དཔའ་བོ་ཐམས་ཅམཁྱེན།། སྤྲུལ་པའི་མངའ་བདག་ཡེ་ཤེས་ཅན།། ཐབས་མཁས་ཐུགས་རྗེས་སྤྲུལ་པའི་སྐུ།། ངོ་བོ་ཉིད་མཁྱེན་དྲག་པོའི་གསུང། ། གདུག་པ་འདུལ་པའི་ཐུགས་མངའ་བ།། རྫུ་འཕྲུལ་མཁྱེན་ལྡན་ཁྱེད་ལ་འདུད།། རྣལ་འབྱོར་ལས་མཐར་ཕྱིན་པ་ལ།། སྦྱིན་སྲེག་ལ་སོགས་གསུངས་ལགས་ན།། མཐར་གྱི་ལས་སུ་བྱ་བ་ལ། ། མནན་དང་གཏད་པ་མི་འཚལ་ལམ།། འདི་ཡི་ཐབས་ནི་ཇི་ལྟར་བགྱི།། རྫུ་འཕྲུལ་མག་བདག་གིས་བཤད་གསོལ།། དེ་སྐད་ཅེས་ནི་གསོལ་པ་དང།། བཅོམ་ལྡན་བཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུའི་ཚིག་གསན་ནས། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། རྣལ་འབྱོར་ལས་མཐར་འབྱིན་པ་ལ།། མཐར་གྱི་ལས་ཐབས་ཤིན་ཏུ་གཅེས།། ཁྱེད་ནི་ཐམས་ཅད་མཁྱེན་མངའ་ཡིན།། འདྲི་བར་བྱེད་པ་ལེགས་སོ་ལེགས།། མཐར་གྱི་ལས་ཐབས་ངས་བཤད་ཀྱིས། ། ཀརྨ་ཧེ་རུ་ཡིད་ཀྱིས་ཉོན།། མཐར་གྱི་ལས་ལ་མང་ན་ཡང།། ང་ཡིས་མདོ་ཙམ་བཤད་པར་བྱ།། ཀླུ་ལ་གཏད་ལ་མནན་བྱ་བ།། ཐལ་བ་དུམ་བུ་རྣམས་བསྡུ་བ།། གྲི་མདའ་རལ་གྲི་རྩེ་མོས་བསྡུ། ། བུང་བུའི་བདུད་རྩིས་དེ་སྤྲུས་ལ།། དུར་ཁྲོད་སོལ་བས་ནག་པོར་བྱུག། གྲོག་འམ་ཤིང་ཤུན་དག་ལོ་ནི།། མིང་དང་རུས་སུ་བཅས་བྲིས་ལ།། གཟུགས་བརྙན་སྙིང་ཁར་དེ་བཅུགས་ནས།། དུར་ཁྲོས་རས་ལ་ཚིལ་ཆེན་དང། ། གུ་གུལ་དག་གིས་བདུག་བྱུགས་ལ།། དེ་ཡི་གཟུགས་བརྙན་གཏུམ་པར་བྱ།། ར་ཁྱི་མ་ཡི་བཅུད་ཀྱིས་བསྐུ།། དྲག་པོའི་ལས་ཀྱི་ནང་དུ་གཏུམས།། རྡོ་རྗེ་རྒྱ་གྲམ་ལ་ཡང་གདབ།། ལག་ཐོགས་ཀུན་ལ་གདབ་པར་བྱ། ། ཆུ་མིག་ཀླུ་གདུག་ཡོད་པའི་སར།། སོང་ཡེ་ཀླུ་ཡི་གཏོར་མ་བསྔོ།། ས་ཕྱོགས་འདི་ན་གནས་པ་ཡི།། ཀླུ་གདུག་འཁོར་དང་བཅས་པ་ལ།། བདག་གིས་གཏོར་མ་བསྔོས་པས་ནི།། ལུས་ངག་ཡིད་གསུམ་ཚིམ་གྱུར་ནས། ། སྟོན་པའི་བཀའ་དང་གདུང་འཛིན་པས།། ང་ཡིས་གཏད་པའི་དགྲ་བོ་འདི།། ཀླུ་གདུག་རྣམས་ཀྱིས་ཤོ་ར་རེ།། བསྐལ་བར་བགྲངས་ཀྱང་མ་བཏང་ཞིག། དེ་སྐད་བྱས་ལ་ཀླུ་ལ་གཏད།། ཆུ་མིག་འོག་ནས་གོམ་པ་གསུམ། ། དེ་ཡི་གནས་སུ་བརྐོས་ལ་གཞུག། ཀླུ་ལ་གཏད་པའི་རིམ་པ་ཡིན།། དེ་ནས་གྲོ་ག་འམ་ཤིང་ཤུན་ལ།། རུས་སྦལ་འབར་བའི་གཟུགས་བྲིས་ལ།། དེ་ཡི་ནང་དུ་གཟུགས་བརྙན་གཞུག། དྲག་པོའི་རྫས་ཀྱི་ནང་དུ་དྲིལ།། བ་སུ་རིགས་དྲུག་སྤྱན་དྲངས་ལ།། དེ་ལ་གཏད་པ་བྱས་ནས་ནི།། བག་ཟན་བ་སུའི་གཟུགས་བྱས་ལ།། དེ་ཡི་དབུས་སུ་རྫས་དེ་གཏད།། རྒྱ་མཚོ་དབུས་སུ་རྡོ་དང་བྲག། རྒྱ་མཚོའི་གཏིང་དུ་མནན་པ་སྟེ།། དེ་ཡང་ཀླུ་ལ་གཏད་པ་ཡིན།། གདུག་པའི་གཟུགས་བརྙན་ཤིང་ཤུན་པྲི།། དེ་ལ་མིང་དང་རུས་བཅས་མང།། ཀླུ་སྨན་མང་དུ་ཚོགས་པ་དང།། བ་དམར་འོ་མ་སྦྲེང་ཞིང་བསྒོ། ། གདུག་པའི་རྐང་ལག་བཞི་རྣམས་ལ།། སྦལ་པའི་རྐང་ལག་བཞི་ཡང་གཏད།། དུར་ཁྲོད་ལོ་མས་དཀྲི་བྱས་ལ།། གཏོར་མ་དང་བཅས་གནས་སུ་བསྐྱལ།། འདི་ཡང་གདུག་པ་ཀླུ་ལ་གཏད་པ་ཡི།། རིམ་པ་ཡིན་པར་ཤེས་པར་བྱའོ། ། གདུག་པ་སྦྲུལ་གྱི་གནས་དག་གམ།། ཀླུ་གདུག་གནས་སུ་གཏད་མནན་པ།། གདུག་པ་ཉལ་བའི་དུས་སུའམ།། བུ་ཚ་གསོ་ཡི་དུས་དག་ཏུ།། གྲོ་ག་ལ་ནི་གཟུགས་བརྙན་བྲི།། མེ་ཏོག་དམར་པོའི་ཆུ་ཡིས་བྱུག། ར་དང་ཁྱི་ཡི་ཁྲག་གིས་བྲི།། གདུག་པའི་ཚང་གི་འོག་ཏུ་འམ།། ཡང་ན་ཤུག་པ་གྲིས་གཤགས་ལ།། ཤ་མདངས་པར་དུ་དེ་བཅུག་ལ།། གཏད་པའི་ཚིག་བཤད་བརྗོད་བྱ་སྟེ།། མནན་པ་དག་ནི་བྱ་བ་ཡིན། ། འདི་ཡང་ཀླུ་ལ་གཏད་པའོ།། བྲག་དམར་གནས་ནས་ཆུ་མིག་སྐྱེས།། སེར་སྐྱ་ཁ་ནི་ལྷོ་ཕྱོགས་བལྟས།། དེ་ཡི་གནས་སུ་སོང་ནས་ནི།། དུར་ཁྲོད་མོན་ཐོད་ནག་པོའི་ནང།། གཟུགས་བརྙན་མིང་རུས་མང་པོས་དགང། ། དེ་ཡི་བུག་ཐམས་ཅད་ཀུན།། དྲག་པོའི་རྫས་ཀྱིས་བཀག་བྱས་ལ།། ཀླུ་སྲིན་མཐུན་པའི་རྫས་བསྔོན་ལ།། དེ་ལ་གཏད་པར་བྱ་བ་ཡིན།། འདི་ཡང་ཀླུ་ལ་གཏད་པའོ།། རས་རུས་སྦལ་རྒྱབ་འདྲ་ལ།། འདི་ལ་གནན་པ་ཡོངས་མི་བྱ། ། ས་བདག་གནས་པའི་ས་ཡིན་པས།། མནན་ན་རྣལ་འབྱོར་མེད་རླག་འགྱུར།། དེ་བས་མཁན་པས་རབ་བརྟགས་ལ།། ཉེས་མེད་གནོད་ཚུགས་ཤེས་པར་བྱའོ།། དྲེད་མོའི་རལ་པ་གསིགས་འདྲ་བའི། ། དེ་ཡི་གནས་སུ་གནན་བྱ་བ།། གནོད་སྦྱིན་གཏད་པའི་རིམ་པ་སྟེ།། ཕ་དང་མ་དང་ཕོ་ནུ་ཡི།། ཐོད་པ་དུར་ནས་བླངས་ནས་སུ།། དེ་ལ་སྨེ་ཁྲག་རྣམས་བྱུག་ནས།། རུས་མིང་གཟུགས་བཅས་ནང་དུ་གཞུག། ཁྱི་དང་ཕག་དང་དྲེའུ་ཡི།། གཟུགས་བྱས་ནང་དུ་གཞུག་པར་བྱ།། དེ་ནས་རྣལ་འབྱོར་དམ་པ་དེས།། ཏིལ་ཆེན་པོ་ཡི་དུད་བཏང་ལ།། ས་ཕྱོགས་འདི་ནི་གནས་པ་ཡི།། གནོད་སྦྱིན་འཁོར་དང་བཅས་རྣམས་ཀྱི། ། ཐང་ཅིག་ཡུད་ལ་འདིར་འདུས་ཤིག། མཐུན་པའི་གཏོར་མ་རབ་བསྔོས་ལ།། གཏད་པའི་རིམ་པ་བྱ་བ་ཡིན།། གནོད་སྦྱིན་གཏད་པའི་རིམ་པའོ།། ནལ་མ་བུར་རོ་སྦེད་འདྲ་བའི།། དེ་ཡི་གནས་སཡ་མནན་གཏད་བྱ། ། ཕག་པའི་ཐོད་པའི་ནང་དུ་ནི།། གཟུགས་བརྙན་མིང་རུས་བཅས་ལ་གཞུག། དེ་རབས་ཆད་པའི་དུག་གིས་བྲི།། མཐུན་པའི་གཏོར་མ་གོང་བཞིན་བསྔོ།། འདི་ཡང་གནོད་སྦྱིན་གཏད་པ་ཡིན། ། སྤྲང་པོ་སྤྲང་འཁར་ཐོགས་འདྲའི་རི།། དེ་ཡི་སྙིང་ཁར་མནན་གཏད་པ།། རྒྱལ་པོའི་སྙིང་གི་ནང་དུ་ནི།། མིང་བྱང་གཟུགས་སུ་བཅས་པར་གཞུག། ཕག་དང་དྲེའུའི་ཁྲག་གིས་བྲི།། མཐུན་པའི་གཏོར་མ་བསྔོས་ལ་གཏད། ། དེ་ནས་མནན་པ་བྱ་བ་ཡིན།། འདི་ཡང་གནོད་སྦྱིན་གཏད་པའོ།། ཝ་སྐྱ་ཐུར་ལ་རྒྱུག་འདྲའི་རི།། དེ་འདྲའི་སྣ་རུ་གནན་གཏད་པ།། རབས་ཆད་ནག་པོའི་ཐོད་པ་ལ།། རྟ་ནག་ཁྲག་གིས་དེ་ལ་བསྐུ།། མིང་རུས་གཟུགས་བརྙན་བཅས་པར་གཞུག། གསང་སྔགས་མང་བཟླས་རྒྱ་ཡང་གདབ།། དེ་ནས་གཏོར་མ་རབ་བསྔོས་གཏད།། དེ་ནས་མནན་པ་བྱ་བ་ཡིན།། འདི་ཡང་གནོད་སྦྱིན་གཏད་པའོ།། ཕག་པ་ཆུ་ནི་འཐུང་འདྲའི་རི། ། རི་བྲག་སྣ་རུ་གཏད་བྱ་བ།། བསྣོལ་དྲི་མོ་ཡི་ཐོད་པ་རུ།། མིང་དང་མཚན་མར་བཅས་པ་གཞུག། གསང་སྔགས་མང་བཟླས་རྒྱ་ཡང་གདབ།། གཏོར་མ་བྱིན་ལ་གཏད་གནན་བྱ།། འདི་ཡང་གནོད་སྦྱིན་གཏད་པའོ། སྤྱང་ཀི་གཟན་ལ་རྒྱུག་འདྲའི་རི།། དེ་ཡི་ཁ་རུ་མནན་པ་ནི།། སྤྱང་མོའི་ཐོད་པའི་ནང་དུ་ནི།། མིང་དང་གཟུགས་བརྙན་ཤིང་ཤུན་བྲི།། མངལ་ན་གནས་པ་ཡན་ཆད་དང།། སྲིད་པས་བསྐོས་པ་ཐམས་ཅད་གཏད། ། མཐུན་པའི་གཏོར་མ་དེར་བསྔོས་ལ།། མནན་པ་དག་དང་བྱ་བ་ཡིན།། འདུ་ཡང་གནོད་སྦྱིན་གཏད་པའོ།། སྦྲུལ་གདུག་ཐུར་ལ་རྒྱུག་འདྲའི་རི།། དེ་ཡི་རྩ་རུ་གཏད་གནན་པ།། ཕག་མོ་རུས་པའི་ཐོད་པ་རུ། ། ཞིང་གི་རས་མ་ཆེན་པོ་ལ།། གུ་གུལ་སྨེ་ཁྲག་སྦྱར་ལ་བྲི།། དེ་ཡི་ནང་དུ་བཅུག་ནས་ནི།། གཏོར་མ་བསྔོས་ལ་གཏད་གནན་བྱ།། འདི་ཡང་གནོད་སྦྱིན་གཏད་པའོ།། སྟག་སྐྱ་སེང་གེ་འཐབ་འདྲ་བའི།། བྲག་དག་ར་ཡི་བར་དུ་གཏད། ། དེ་ཡི་གནས་སུ་གནན་པ་ནི།། དྲི་བོའི་ཐོད་པར་རབ་བླངས་ལ།། གྲི་ཡི་ཁྲག་གིས་མིང་རུས་བྲི།། མཚན་མ་མང་པོ་དེར་བཅུག་ལ།། གཏོར་མ་བསྔོས་ཏེ་གཏད་གནན་བྱ།། འདི་ཡང་གནོད་སྦྱིན་གཏད་པའོ། ། བྲག་ནི་ཆུ་སྲིན་ཁ་གདངས་འདྲ།། དེ་ཡི་བ་རུ་གནན་གཏད་པ།། སྡོང་པོ་མེ་རེག་གཏུན་ནང་དུ།། དུར་ཁྲོད་རས་ལ་མིང་རུས་བྲི།། སྡོང་པོ་རྐང་གཅིག་ཐང་ཆུས་བསྐུ།། མཚན་མ་མིང་དུ་བཅས་པ་གཞུག། དེ་ལ་དྲག་པོའི་རྒྱ་ཡིས་གདབ།། གཏོར་མ་བ་དམར་འོ་མས་བྱ།། བསྔོས་བྱས་གཏད་དང་མནན་པ་བྱ།། འདི་ཡང་ཀླུ་སྲིན་གཏད་པའོ།། སྡོང་པོ་རྐང་གཅིག་དྲུང་དུ་ནི།། བདག་ཉིད་གནས་ཏེ་གསང་སྔགས་བཟླས། ། དེ་ཡི་གནས་སུ་གཏད་མནན་པ།། གླང་མའི་བྱང་བུའི་གཟུགས་བརྙན་བྲི།། ཟ་བྱེད་གསོད་བྱེད་ཁྲག་གིས་ཏེ།། དེ་ནས་དྲག་པོའི་རྫས་ཀྱིས་དྲིལ།། ར་ཁྱི་ཁར་ནག་གིས་དཀྲིས་ནས།། དེ་ཡི་གནས་སུ་གཏད་གནན་བྱ། ། བསྐལ་པ་མཐས་ཀླས་ཐམས་ཅད་དུ།། ང་ཡིས་གཏད་པ་ཤོ་ར་རེ།། གལ་ཏེ་དེ་དག་ཤོར་གྱུར་ན།། ཁྱོད་ཉིད་སྡུག་བསྔལ་བཅས་ཏེ་འཆི།། རྡོ་རྗེས་མགོ་ཡང་འགེམས་འགྱུར་པས།། དེ་བས་ང་ཡིས་གཏད་པ་འདི། ། མཐུན་པའི་གསེར་སྐྱེམས་འདི་འཐུང་ལ།། བདུན་བརྒྱུད་ཡན་ཆད་མ་གཏང་ཞིག། ཐེ་བྲང་གཏད་པའི་རིམ་པའོ།། དེ་ནས་ལམ་གྱི་རྒྱ་གྲམ་དུ།། རབ་ཏུ་ཁྲོས་པའི་སེམས་གནས་བྱ།། ཏིལ་ཆེན་པོ་ཡི་དུད་པ་གཏང། ། ལྷ་སྲིན་མང་པོ་དེར་བོས་ལ།། གསེར་སྐྱེམས་རྒྱས་པར་བཏང་ནས་ནི།། ཁྱེད་ལ་བདག་ལྷ་ལས་འཆོལ་ན།། དམ་ལས་མ་འདའ་འདི་གཏོད་ཀྱིས།། ལྷ་སྲིན་སྡེ་བརྒྱད་འདི་གཏོད་ཀྱིས།། ང་ཡིས་གཏད་པ་ཤོ་ར་རོ། ། བདུན་བརྒྱུད་ཡན་ཆད་མ་གཏང་ཞིག་དེ་སྐད་བྱས་ལ་གནན་པ་བྱ།། ལྷ་སྲིན་ཀུན་ལ་གཏད་པ་ཡི།། རིམ་པ་ཡིན་པར་ཤེས་པར་བྱའོ།། རི་ནི་ཐལ་ཕུང་སྤུང་འདྲ་འམ།། རི་བོ་མདུར་བའི་སྣ་རུ་ནི། ། དེ་ནས་བདག་གནས་ཞེས་བྱ།། སྔོན་ལ་ས་བདག་མཆོད་བྱས་ལ།། དེ་ནས་རའམ་རིའུའི་ཐོད་དུ།། གཟུགས་བརྙན་དམར་སེར་མདོག་བསྐྱུར་ལ།། ཉེ་བའི་རིས་སམ་དམིགས་པ་རང།། ཐོད་པའི་ནང་དུ་བཅུག་ནས་ནི། ། གསང་སྔགས་མང་དུ་བཟླས་ནས་སུ།། དེ་ནས་ས་བདག་སྤྱན་དྲངས་ཏེ།། ཉེ་འཁོར་འདི་ན་གནས་པ་ཡི།། ས་བདག་འཁོར་བཅས་དགོངས་སུ་གསོལ།། སྟོན་པའི་བཀའ་དང་དམ་ལས་ནི།། མ་འདའ་ཁྱེད་རྣམས་སྤྱན་འདྲེན་ན། ། གདུག་པའི་སེམས་དང་བཅས་ཏེ་གཤེགས།། རིན་ཆེན་འདོད་པའི་ནོར་བཅས་འདི།། ཁྱེད་ལ་གུས་པའི་སེམ་ཀྱི་བསྔོ།། དམ་ལས་འདས་པ་འདི་ཡིན་གྱིས།། ཁྱེད་ལ་གཏད་ཀྱིས་ཤོ་ར་རེ། ། བདུན་བརྒྱུད་རངས་པ་ཁྱོད་ལ་གཏད།། དེ་སྐད་བྱས་ལ་གནན་པ་བྱ།། ས་བདག་ལ་གཏད་རིམ་པའོ།། མ་རུངས་པ་ཡི་ས་ཕྱོགས་ན།། ལྷ་དང་ལྷ་མིན་གནོད་སྦྱིན་རྣམས།། སྔོན་གྱི་བཏགས་པ་མིང་ཅན་ལ།། དེ་ལ་གཏད་ཅིང་མནན་པ་ནི། ། སྤྲེའུའི་ཐོད་པའི་ནང་དུ་ནི།། མཚན་མའམ་དྲི་མ་ཐལ་བ་ལ།། བྱས་ལ་མདོག་ནི་སྨུག་པོར་བྱུག། མཚན་མ་མིང་དུ་བཅས་ལ་གཞུག། དེ་ནས་སྔོན་དུ་གྲགས་པ་ཡི།། གང་ཡིན་མིང་ནས་བོད་ནས་ནི། ། མཐུན་པའི་རྫས་རྣམས་ཕུལ་ནས་སུ།། ང་ཡི་བསྟན་པ་འདིས་བཤིག་གིས།། ཁྱེད་ལ་དམ་ཉམས་འདི་གཏོད་ན།། སྔོན་ཚེ་སྟོན་པས་བཀའ་བསྒོ་སྟེ།། ཇི་ལྟར་ཞལ་གྱིས་བཞེས་པ་བཞིན།། ལས་ལ་བསྐུལ་གྱིས་འཕྲིན་ལས་མཛོད། ། གཏད་པའི་ཉམས་པ་ཤོ་ར་རེ།། དེ་སྐད་བྱས་ལ་གནན་པ་བྱ།། མཚན་མའི་ལྷ་རྟེན་ལ་གཏད་པའོ།། གོང་གསུམ་དག་ཏུ་གནན་པ་ནི།། བཙན་ལ་གཏད་པའི་རིམ་པ་སྟེ།། གྲོ་ག་འམ་ཤིང་ཤུན་དག་ལ་ནི། ། དམར་ཆེན་པོ་ཡིས་མིང་རུས་བྲི།། སྡོང་པོ་མེ་རེག་ཤིང་ཤུན་གཏུམས།། དྲག་པོའི་རྫས་ཀྱི་ནང་དུ་དྲིལ།། གུ་གུལ་ཆུ་ཡིས་རབ་བྱུགས་ལ།། འཐུན་པའི་རྫས་དང་གསེར་སྐྱེམས་བཅས།། བསྔོ་བ་བྱས་ལ་གཏད་མནན་བྱ། ། བཙན་ལ་གཏད་པའི་རིམ་པའོ།། དེ་བཞིན་གཤེགས་པའི་གཟུགས་བརྙན་ལ།། དམ་ལས་འདས་པ་གཏད་བྱ་བ།། རྫ་སོ་མ་བཏང་ནང་དུ་ནི།། མཚན་མ་མིང་དུ་བཅས་པ་གཞུག། སྤོས་བལྟམ་དཀོན་མཆོག་སྤྱང་ཡང་དྲང།། མཆོད་པ་ཕུལ་ཏེ་འཕྲིན་ལས་བཅོལ།། དམ་ལས་འདས་པ་འདི་གཏོད་གྱིས།། བསྐལ་པའི་མཐར་ཡང་མ་གཏང་ཞིག། དེ་སྐད་བྱས་ལ་རྨང་འོག་སྦ། མཆོད་རྟེན་གཏད་པའི་རིམ་པའོ། ། མགོན་པོ་ནག་པོ་དེ་ལ་གཏད་པ་ནི།། གུགས་མའི་རྫེའུའི་ནང་དུ་ནི།། མཚན་མ་མིང་བཅས་དུར་ཁྲོད་རས།། ལེགས་པར་བསོགས་ལ་གཞུག་པར་བྱ།། སྤོས་བལྟམ་མཆོད་བ་ཤ་ཁྲག་གི། གཏོར་མ་རྒྱས་པར་རབ་བསྔོས་ལ།། འཕྲིན་ལས་བཅོལ་ཏེ་གཏད་གནན་བྱ།། མགོན་པོའི་གཏད་གནན་རིམ་པའོ།། གཙུག་ལག་ཁང་ལ་གཏད་པ་ནི།། སྲེ་མོའི་ཐོད་པའི་ནང་དུ་ནི།། མཚན་མ་བྲིས་ཏེ་དེ་རུ་བརྫང། ། དེ་ནས་གཙུག་ལག་སྲུངས་མ་རྣམས།། སྤྱན་དྲངས་ནས་ནི་མཆོད་པ་བུ།། དེ་ནས་ལས་བཅོལ་གཏད་གནན་བྱ།། དབུས་ཀྱི་གཙོ་བོའི་ཞབས་འོག་གཞུག། གཙུག་ལག་གཏད་པའི་རིམ་པའོ།། མ་མོ་ལ་གཏད་པའི་རིམ་པ་ནི། ། དུར་ཁྲོད་གནས་སམ་བྲག་ཕུག་གམ།། གྲོག་པོའི་མགོ་རྡུམ་དེ་གནས་སམ།། ཕུག་གང་ཁང་སྟོང་དག་ཏུ་ནི།། དུར་ཁྲོད་མོན་མོ་ཐོད་པའི་ནང།། རས་ཆེན་དག་ལ་མཚལ་ཆེན་གྱིས།། མཚན་མ་མིང་རུས་བཅས་པ་བྲི། ། དེ་ནས་དྲག་པོའི་རྫས་ཀྱིས་དྲིལ།། ཐོད་པའི་ནང་དུ་བཅུག་ནས་ནི།། སྣོད་ཁྲག་མང་པོའི་གཏོར་མ་ལ།། འབྲས་བུ་རྒྱས་པའི་ཤ་སྣས་བརྒྱན།། ཞིང་གིས་གཡབ་ཅིང་འོ་དོད་འབོད།། དེ་ནས་གཏོར་མ་རྒྱས་པར་བསྔོ། ། འདོད་པའི་ལས་རྣམས་རྒྱས་པར་བཅོམ།། དེ་ནས་གཏད་དང་གནན་པ་བྱ།། མ་མོ་ལ་གཏད་རིམ་པའོ།། གཤིན་རྗེ་ལ་གཏད་རིམ་པ་ནི།། འབྲུ་སྣ་ཚང་པའི་ངར་ཕྱེ་ལ།། ཁྲུ་གང་གཟུགས་ནི་བྱས་ནས་སུ། ། དེ་ཉིད་གཤིན་རྗེར་རབ་བསྐྱེད་ལ།། དེ་ལ་ཡེ་ཤེས་གཤིན་རྗེ་བསྟིམ།། དེ་ལ་མཆོད་ཕུལ་འཕྲིན་ལས་བཅོལ།། དུར་ཁོརྡ་རས་ལ་འཁོར་ལོ་ཡི།། སྲིད་པ་གསུམ་པོ་ལྟོར་གནས་བྲི། ། འཁོར་ལོའི་རྩིབས་དང་བར་དག་ཏུ།། འདོད་པའི་རི་མོ་ཁྲག་དུག་བྲི།། མཁར་ལ་རྩབས་དང་བར་དག་དེ་ལ་བཟླས་པ་མང་དུ་བྱ།། དེ་ནས་འཁོར་ལོ་རབ་དྲིལ་ལ།། གཤིན་རྗེའི་ལག་ཏུ་གཏད་པར་བྱ།། སྙིང་ཁ་བྲུས་ལ་དེར་བཅུག་སྟེ། ། དུར་ཁྲོད་གནས་སུ་རབ་ཕྱིན་ནས།། དུར་དབུས་བརྐོས་ལ་དེ་ནང་དུ།། ཁ་ཏི་རི་ཡི་ཤིང་བུས་བརྫང།། དེ་མེ་ཆེན་པོ་གཏང་ནས་ནི།། གཟུགས་བརྙན་དྲོས་དྲོས་དེ་ལ་སྤྲོ།། ལེགས་པར་དྲོས་པར་གྱུར་པ་དང། ། དེ་ཉིད་དུ་ནི་བཞུགས་པས་ནི།། དམིགས་པ་མགོ་མནན་བཞུགས་པར་བསམ།། དེ་ནི་འཆོར་བར་ཡོངས་མི་འགྱུར།། གཤིན་རྗེ་གཏད་པའི་རིམ་པའོ།། བདུད་ལ་གཏད་པའི་རིམ་པ་ནི།། དྲ་ཕྱིང་གཙང་བའི་ནང་དུ་ནི། ། འབྲུ་ཆང་འབྲུ་སྣ་ཚོགས་པ་ཡི།། གཏོར་མ་ལེགས་པར་བཤམ་བྱས་ལ།། དྲེགས་པའི་བདུད་ཕོ་སྤྱན་ཡང་དྲང།། དེ་ལ་འདོད་པའི་ཡས་བྱིན་ཏེ།། གང་འདོད་ལས་རྣམས་བསྒོས་ལ་གཞག། གླེན་པའི་ཐོད་པའི་ནང་དུ་ནི།། གཟུགས་དང་བསྔོ་བ་ངར་ཟན་བཅས།། མཚན་མ་ཤིང་ཤུན་དག་ལ་བྲི།། དེ་ཡི་གནས་སུ་གཞུག་ནས་ནི།། བདུད་ལ་གཏད་པར་བྱ་བ་སྟེ།། ཤྭ་བུད་མདོ་རུ་སོང་ནས་ནི། ། དེ་རུ་བདུད་པོ་དེ་ལ་གཏད།། བདུད་ལ་བཏད་གནན་བྱ་བའི་རིམ།། གསང་བ་སྦ་བའི་ཐབས་གནན་པ།། འདི་འདྲའི་ལས་ལ་དམིགས་བཅས་པ་སྟེ།། མཚན་མ་མིང་དུ་བཅས་པ་སྟེ།། རྣལ་འབྱོར་གནས་སམ་དེ་འོག་ཏུ། ། རྟག་པར་ཡི་དམ་མ་ཡེངས་པ།། དེ་ཉིད་ལ་ནི་རྟག་གནས་བར།། མ་ཡེངས་སེམས་ཀྱིས་མནན་པར་བྱ།། དེ་ཡི་སེམས་གནས་ལས་བྱས་ན།། སངས་རྒྱས་ཉིད་དེ་རླག་འགྱུར་ན།། ཁམས་གསུམ་སེམས་ཅན་སྨོས་ཅི་དགོས། ། དེ་ཡི་ཡན་ལག་གསང་གནན་པ།། དམིགས་པའི་ཡུལ་རྣམས་ཐམས་ཅད་ཀུན།། དེ་དང་དེ་གནས་ཐམས་ཅད་ཀྱིས།། སྐུའམ་དམིགས་པ་སྤྱན་དྲངས་པའི།། དེ་ཡི་གནས་སུ་བསམ་པར་བྱ།། འདིས་ཀྱང་རླག་པར་ཐེ་ཚོམ་མེད། ། རྟགས་དང་མཚན་མ་མ་བྱུང་བར།། རབ་ཏུ་འབད་དེ་བྱ་བ་ཡིན།། རྟགས་ཕྱིན་གསོ་བའི་ལས་བྱའོ།། དཀྱིལ་འཁོར་དབུས་སུ་དེ་བཞུགས་ལ།། གང་དང་གང་གི་ལས་བདག་དེས། ། འབྲས་བུའི་སྣང་སྔགས་ཟློས་ཤིང།། ཡན་ལན་ལྔ་ནས་ལག་གཟུང་སྟེ།། སྙིང་ཁར་ལཾ་ལས་རི་རབ་བསྐྱེད།། ཤིན་ཏུ་བརྗིད་ཆགས་ལྕིད་ཆེ་དེས།། འཁུ་མི་ནུས་པར་གནན་པ་ཡིན།། གནན་པའི་གསང་སྔགས་མང་དུ་བཟླས། ། སོ་སོར་རང་རང་ལས་ཤེས་ལྟ།། དེ་ཡི་སྟེང་དུ་བསྐྱེད་ལ་གཞག། དེ་ཡི་གསང་སྔགས་མང་བཟླས་ལ།། ཡང་དང་ཡང་དུ་མི་འཆོར་བསམ།། དེ་ཡི་གསང་སྔགས་བསྟན་པ་ནི།། འདི་ཉིད་ཡིན་ཏེ་ཤེས་པར་གྱིས། ། ཨོཾ་བཛྲ་ནརི་མཱ་ར་ཡ་ཤ་ཏེ་ཧེ་དུ་ནནནཎ། ཨོཾ་ནཱ་ག་པི་པ་ཤ་ཡ་ཛ་ནརི་ཤ་སྟཾ་པ་ནི་ནནནཎ། ཨོཾ་བཛྲ་ཞུ་མ་ཞུ་ཡ་ནརི་ཞུ་མ་ཞུ་ཡ་ནནནཎ། ཨོཾ་བཛྲ་ཞུང་ཞུང་ཡ།། ཏྲི་ཤ་མེ་ཀ་ཡ་ཡང་ལྟ་བ་ཡ་ཛྫ་ནརི་བཛྲ་ནནན་ཎ། ། ཨོཾ་བཛྲ་བོང་བོང་ཡ་ནི་བཛྲ་ནཎནཎ།། ཨོཾ་བཛྲ་ཁ་ཏ་ཁ་ཏ་ཡ། བཛྲ་ཤུན་ཀུ་རུ་ཡ།། ཛྲི་ནི་བཛྲ་ནནནཎ། མ་མ་ས་མ་ཡ་ཏི་ག་ན་དྲེ་ཤ་ནནནཎ། ཨོཾ་ཧྲིཥྟཿབི་ཀྲི་ཏཱ་ན་ན་ནེ་སརྦ་ཤ་ཏྲུན་ནཎནཎ། ཨོཾ་བཛྲ་ཤ་ཏྲ་ཡ། མི་ཏྲི་ཡ། ཛ་ནརི་བཛྲ་ནཎནཎ། ཨོཾ་བཛྲ་མེ་ཏྲི་ཡ།། བཛྲ་ཏྲི་མཱ་ར་ཡ། ནརི་བཛྲ་ནཎནཎ། ཨོཾ་བཛྲ་ཏྲི་ལཾ་དུ་ཡ། ལཾ་ཏྲ་ཡ། དེ་དག་བཟླས་པ་ཚང་བ་དང།། རང་རང་གནས་སུ་མནན་པ་སྟེ།། རྐང་པ་བྱང་ཤར་མཚམས་སུ་གཏད། ། དབང་མོ་ལ་ཡང་གཏད་ལ་གཞག། མགོ་བོ་ལྷོ་ནུབ་མཚམས་སུ་བསྟན།། སྲིན་པོ་ཕོ་མོ་དེ་ལ་བསྟན།། སོ་སོའི་གསང་སྔགས་བཟླས་ལ་བྱའོ།། ཡི་གེ་དུག་དང་མ་རུངས་པ།། དེ་དུས་བྱུག་དང་དབྲི་བ་ཡིན། ། འདི་འདྲ་ལས་ཐབས་མཐར་གྱིས་ལས།། འདི་བྱས་ཤོར་བ་འགའ་ཡང་མེད།། ང་ཡི་བསྟན་པ་གཞུང་བཞིན་དུ།། རབ་ཏུ་མ་ནོར་མཁས་པས་གྱིས།། ནོར་བྱས་ལས་རྣམས་མི་འགྲུབ་ལ། ། དམིགས་པའི་རྒྱུད་རྣམས་རབ་འཔེལ་བས།། མཁས་པས་བརྟག་སྟེ་ཤེས་པར་བྱའོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་གྱི་མདོ་ལས། གཏད་གནན་གྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།།།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས། ། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། གསོལ་བ་གདབ་ཕྱིར་འདི་སྐད་བསྟོད།། ཀྱེ་མ་གསང་བའི་བདག་ཉིད་གཙོ།། སྐུ་གསུང་ཐུགས་ནི་རབ་ཟབ་པ།། རྒྱ་མཚོ་ལྟ་བའི་ངང་ཚུལ་ཅན།། སྐྱེ་མེད་དོན་ལྡན་ཁྱོད་ལ་བསྟོད། ། གསང་སྔགས་བདག་པོ་ཁྱོད་ལ་བསྟོད།། ཐེག་པའི་རང་བཞིན་ཁྱོད་ལ་བསྟོད།། ཐབས་ཀྱི་མངའ་བདག་ཁྱོད་ལ་བསྟོད།། རོལ་པའི་བདག་ཉིདཁྱོད་ལ་བསྟོད།། འཕྲིན་ལས་མངའ་བདག་ཁྱོད་ལ་བསྟོད། ། གདུག་འདུལ་ཁྲོ་རྒྱལ་ཁྱོད་ལ་བསྟོད།། དབང་སྡུད་ཆེན་པོ་ཁྱོད་ལ་བསྟོད།། ཟིལ་གནོན་ཆེན་པོ་ཁྱོད་ལ་བསྟོད།། ཐབས་རྣམས་མ་ལུས་རྫོགས་གསུངས་ན། གསང་པ་ཟབ་མོའི་མདོ་སྡེ་འདི། ། གཏུག་པ་འདུལ་བ་ཁྱད་པར་འཕགས།། ཁྲོ་བོ་མཁའ་འགྲོ་བདག་ཅག་འཁོར།། འཚོགས་པ་རྣམས་ལ་གསུངས་པ་ན།། སྔར་ནི་བདེ་གཤེགས་རྣམས་ཀྱིས་གསུངས།། ཕྱིས་ནི་བདེ་གཤེགས་གང་གསུང་འགྱུར། ། ད་ལྟ་འདི་ཉིད་གནས་ལགས་ན།། ཕྱིས་ནི་ས་ཕྱོགས་གང་དུ་དར།། གང་ཟག་ཇི་ལྟ་བུ་དང་ཕྲད།། འདི་སྟོན་སློབ་དཔོན་ཇི་ལྟར་བལྟ།། བདག་ཅག་རྣམས་ཀྱིས་ཇི་ལྟར་བགྱི།། བཅོམ་ལྡན་འདས་ཀྱིས་ལུང་སྟོན་གསོལ། ། དེ་སྐད་ཀྱིས་ནི་གསོལ་པ་དང།། བཅོམ་ལྡན་བ་ཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུའི་ཚིག་གསན་ནས།། གསུང་ནི་སྐད་འདི་བཀའ་སྩལ་ཏོ།། ཁྱོད་ནི་བཅོམ་ལྡན་ང་དང་འདྲ།། སེམས་ཅན་ཀུན་ལ་ཕན་བྱེད་ཡིན། ། ཁམས་གསུམ་སྙོམས་པའི་ཕ་མ་ཡིན།། ཟབ་མོ་ཁོང་དུ་འཆང་བྱེད་ཡིན།། བདེ་བ་སླད་ཀྱིས་ལུང་སྟོན་ཡིན།། གདུག་པ་སླད་ཀྱིས་ཚར་གཅོད་ཡིན།། ཡེ་ཤེས་འཕྲུལ་པའི་སྐུ་མཆོག་ཡིན།། གསང་གསུམ་སྡུད་པའི་ཐུགས་མཆོག་ཡིན། ། སྤྲོས་མེད་མཁྱེན་པའི་ཐུགས་མཆོག་ཡིན།། གསང་བ་སྦས་པའི་ཐབས་མཆོག་རྣམས།། དོན་ལྡན་མཁྱེན་པ་ཁྱོད་ཡིན་པས།། དེ་ཡང་འདི་ལྟར་གནས་པར་གྱིས།། གསང་བ་ཟབ་མོའི་དོན་ཆེན་འདི། ། དུས་གསུམ་སངས་རྒྱས་གང་གིས་ཀྱང།། སྔར་འདས་སངས་རྒྱས་མ་གསུངས་ལ།། ཕྱིས་ཀྱང་གསུང་བར་མི་འགྱུར་ཏེ།། བྱོན་པར་སྟེགས་པས་ཚུལ་མཐུན་གསུངས།། གསང་བའི་ཐེག་པ་འབྱུང་བར་དཀོན། ། ཨུ་དུམ་བར་ཇི་བཞིན་ནོ།། སྔར་གྱི་སངས་རྒྱས་འོད་སྲུངས་ཀྱིས།། གསང་སྔགས་འབྲས་བུའི་འཁོར་ལོ་བསྐོར།། དེ་ཡི་དུས་འདི་མ་གསུངས་ཏེ།། འདི་བསྟན་སྣོད་མེད་གསང་བས་སོ།། སྔར་གྱི་སངས་རྒྱས་ཇི་སྙེད་ཀྱིས། ། གསང་བའི་དོན་ནི་འདི་མ་གསུངས། སྣོད་ངན་འདི་ཡིས་སྣོད་མེད་པའོ།། སྔོན་གྱི་སངས་རྒྱས་མངོན་དུ་བྱུང།། རྒྱལ་པོ་ཞེས་ནི་བྱ་བ་དེས།། གསང་བའི་དོན་གྱི་འཁོར་ལོ་བསྐོར།། འགྲོ་བ་ཡང་དག་མཐའ་ན་གནས། ། དེས་ཀྱང་གསང་བའི་མདོ་སྡེ་འདི།། གསང་བའི་ཕྱིར་ན་མ་གསུངས་སོ།། ང་ཡིས་བསྟན་པའི་འོག་ཏུ་ནི།། སངས་རྒྱས་འཇམ་པའི་དབྱངས་ཞེས་བྱ།། ད་ལྟ་དང་ཚུལ་མཐུན་བྱུང།། དེ་ཡི་མདོ་འདི་བག་ཙམ་གསུངས། ། དེ་ཡི་སླད་ནས་ཡོངས་མི་གསུངས།། སྣོད་དུ་འགྱུར་བ་མེད་པའི་ཕྱིར།། དེ་ཉིད་གསང་ནས་བཞུགས་པའོ།། ལས་ཀྱི་རྒྱལ་པོ་དེ་ཉོན་ཅིག། དེ་ལྟ་ང་ཡི་བསྟན་པ་ཡི།། གསང་བ་རྒྱ་ཆེན་བསྟན་པ་འདི། ། ཕྱི་མའི་དུས་ཀྱི་ཚེ་ན་ནི།། འཛམ་བུའི་གླིང་དུ་སྤྱོད་འགྱུར་ཏེ།། དེ་སྐྱེས་རྒྱལ་པོ་བསོད་ནམས་ཅན།། ཡེ་ཤེས་ཚོགས་བསག་གྱུར་པ་ཡི།། རྒྱལ་པོ་ཛ་ཞེས་བྱ་བ་དེའི།། ཉེ་འཁོར་དག་ཏུ་གནས་པ་ཡི། ། ཁྱོད་ཀྱིས་དུས་འདི་གནས་པར་འགྱུར།། དེར་ནི་གནས་པའི་དུས་ཉིད་དུ།། གང་ཟག་སྐལ་བ་ལྡན་རྣམས་ནི།། དད་ཅིང་སྤྱོད་པ་བཟང་བས་གནས།། སྐལ་མི་ལྡན་པའི་གང་ཟག་ནི།། མ་དང་ཚོལ་བར་མི་བྱེད་པས། ། ཆེད་འགའ་དར་ལ་ཆེད་འགའ་ནུབ།། ཆེད་འགའ་མངོན་དུ་འབྱུང་བར་འགྱུར།། ཆེད་འགའ་གབ་ཅིང་སྦས་པར་སྣང།། སྣོད་ལྡན་ཚུལ་བཞིན་སྤྱོད་པར་འགྱུར།། དེ་ཡིས་གསང་སྔགས་སྟོབས་རྙེད་འགྱུར།། ལ་ལ་ཚུལ་འདྲའི་ལོག་པར་སྤྱོད། ། དེས་ནི་གསང་སྔགས་མཐུ་མེད་དེ།། ལྟུང་བའི་གནས་སུ་འགྱུར་བ་སྟེ།། དཔེ་ཙམ་སྟེན་པས་སྤྱོད་བྱེད་དེ།། གདམས་མེད་པ་ཡི་སྐྱོན་གྱིས་སོ།། སྣོད་མེད་གང་ཟག་ལ་ལ་དག། འདི་ལ་མ་དད་སྐུར་བ་འདེབས། ། དེ་ཡིས་མནར་མེད་དམྱལ་བར་ལྟུང།། དེ་ཡི་དབང་གིས་ལ་ལ་དད།། ལ་ལ་མ་དད་པར་གནས་ཏེ།། ང་ཡི་བསྟན་པ་ལྔ་བརྒྱ་བཅུ།། དེ་ཡི་ལྔ་བརྒྱ་ཐ་མ་ལ།། ང་ཡི་བསྟན་པ་གསང་སྔགས་འདི། ། ཤིན་ཏུ་དར་ཞིང་རྒྱས་པར་འགྱུར།། སངས་རྒྱས་བསྟན་གནོད་འབྱུང་ཕྱིར་རོ།། དེ་ཡི་དུས་ཀྱི་སྐབས་སུ་ཡང།། འདི་འདྲའི་ལོག་པའི་ཆོས་སྟོན་འབྱུང།། ལས་འཕྲོ་མེད་པའི་གང་ཟག་རྣམས།། བདུད་ཀྱི་བསྟན་པའི་ཆོས་ལ་དད། ། ཡང་དག་འདི་ལ་སྐུར་འདེབས་འགྱུར།། དམྱལ་སྲེགས་གནས་སུ་ངེས་ལྟུང་བས།། དེ་དུས་ལས་ཀྱི་རྒྱལ་པོས་ཀྱང།། གསང་བའི་དོན་འདི་རྒྱ་ཆེར་ཡང།། གནས་པར་ཡང་དག་མ་བྱས་ན།། ལོག་པའི་ལམ་ལ་དད་པར་འགྱུར། ། དེ་བས་ཡང་དག་གནས་པར་གྱིས།། དེ་དུས་གང་ཟག་སྐལ་ལྡན་ངེས།། མ་ནོར་མཁྱེན་ཅིང་གཞན་ལ་འཆད།། ཚུལ་བཞིན་ཡིད་ལ་བྱེད་པ་དེ།། ང་ཡི་བསྟན་པ་འཛིན་པ་ཡིན།། རྡོ་རྗེ་ཐེག་པའི་གཏིང་འཛུགས་ཡིན། ། རྣལ་འབྱོར་ཀུན་གྱི་རྒྱུད་འཛིན་ཡིན།། ང་ཡི་བསྟན་པ་གནས་ཞེ་ན།། མ་ནོར་དོན་ཉིད་མི་གནས་ན།། ཡི་གེ་ཚིག་ཏུ་གནས་ཀྱང་ནི།། བསྟན་པའི་ཚུལ་ཙམ་གནས་ཞེས་བྱ།། དེ་བས་མ་ནོར་ཤེས་པ་དེ། ། ང་ཡི་སྲས་ནི་དམ་པ་ལྟའོ།། འདི་སྟོན་སློབ་དཔོན་དམ་པ་ནི།། སེམས་ཅན་ལྟ་བུར་མི་ལྟ་སྟེ།། སངས་རྒྱས་ཉིད་དུ་ལྟ་བར་གྱིས།། འདི་ཡིས་བྱང་ཆུབ་གཏེར་ཕྱིར་རོ། ང་ཉིད་ཡིན་པར་ཤེས་པར་གྱིས། ། མ་ནོར་དོན་རྣམས་སྟོན་ཕྱིར་རོ།། དེ་བས་ང་དང་ཐ་མི་དད།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང།། དེ་ལ་བྱིན་གྱིས་བརློབ་ཅིང་ཁུར།། མཁའ་འགྲོ་ཚོགས་བཅས་ཀུན་གྱིས་ཀྱང།། དེ་ལ་མཆོད་འབུལ་བཀའ་སྩལ་ནན། ། ཁམས་གསུམ་གནས་པའི་སྐྱེ་བོ་ཡིས།། དེ་ལ་བཀུར་བར་འོས་པ་ཡིན།། གསང་བའི་དོན་རྣམས་མ་ནོར་བར།། འཆད་ཅིང་འཛིན་པའི་གང་ཟག་དེ།། སྡུད་པའི་རྒྱལ་པོ་ཁྱོད་ཉིད་འདྲ། ། དེ་སྟོན་སློབ་དཔོན་དམ་པ་དེ།། སངས་རྒྱས་ཡིན་པར་རང་སྨྲའོ།། གསང་བའི་ཡི་གེར་གར་གནས་པ།། ང་ཉིད་གནས་པར་ཤེས་པར་གྱིས།། མ་ནོར་གདམས་པར་རབ་འཆད་སར།། ང་ཡི་བསྟནཔ་གནས་པས་ན། ། ཆོས་ཀྱི་འཁོར་ལོ་བསྐོར་བར་ནི། ཡིན་པར་ཤེས་པར་བྱ་བ་ཡིན།། དེ་ཡི་གདམས་པ་རྒྱུད་རིམས་འཆད།། ཆོས་ནི་རྒྱུན་མི་འཆད་པ་ཡང།། འཁོར་ལོ་བསྐོར་བར་ཤེས་པར་གྱིས།། དེ་དོན་འཆད་པའི་ས་ཕྱོགས་སུ། ། འདི་ནས་བྱིན་གྱིས་བརླབས་ཀྱི་ནི།། དགོངས་པ་ཕུན་སུམ་ཚོགས་པ་འབྱུང།། ནད་མེད་ཞི་བ་བསམ་ཡས་བ།། བདེ་པ་མཐའ་དག་ལེགས་འཕེལ་འབྱུང།། འདི་ཡི་དོན་ཉིད་འཆང་བྱེད་དེ།། སྐུ་གསུང་ཐུགས་ནི་གསང་བ་ཡི། ། མཛོད་ཆེན་དམ་པ་ཤེས་པར་བྱའོ།། སྐུ་གསུང་ཐུགས་ཀྱི་གཏེར་ཆེན་འདི།། ཡིན་པར་ཤེས་པར་བྱ་བ་ཡིན།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས།། གསང་བ་དམ་པའི་མདོ་འདི་ནི།། མི་ནུབ་གདམས་པས་གནས་པར་གྱིས། ། ཚུལ་ལྡན་བག་ཡོད་གནས་པར་གྱིས།། དེ་ནས་བཅོམ་ལྡན་བཀའ་ལུང་གསལ།། དེ་ནས་ལ་ཀྱི་རྒྱལ་པོ་ཡིས།། བཀའ་སྩལ་ཐུགས་ཆུད་འདི་སྐད་གསོལ།། མདོ་འདི་གནས་པར་བགྱི་ལགས་ན། ། འདི་ལ་སྐུར་འདེབས་གང་ཟག་དེའི།། རྣམ་པར་སྨིན་པའི་འབྲས་བུ་དེ།། ཅི་ལྟ་བུར་ནི་འབྱུང་བ་ལགས།། གྲགས་པའི་དོན་ཆེན་ཟབ་མོ་ནི།། གང་ཟག་ཇི་ལྟ་བུ་ལ་བཞག། མོ་བཞག་པ་ཡི་སྣོད་ནི་གང།། དེ་སྐད་སྟོན་པ་ལ་ཡང་གསོལ། ། ལས་ཀྱི་རྒྱལ་པོ་ཁྱོད་ཉོན་ཅིག། གསང་བ་ཟབ་མོའི་མདོ་ཉིད་ལ།། གང་ཞིག་སྐུར་པ་འདེབས་པ་དེ།། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ལ།། གང་ཟག་དེ་ཡིས་སྐུར་བཏབ་པས།། འབྲས་བུ་མནར་མེད་མྱལ་བར་འགྲོ། གསང་བའི་མདོ་ལས་མི་སྙན་སྨྲ།། ཡང་དག་ལམ་དང་ངེས་བྲལ་ནས།། བྱོལ་སོང་གནས་སུ་ངེས་པར་སྐྱེ།། འདི་ལ་སྐུར་བཏབ་མ་དད་པས།། ཡི་དགས་གནས་ལས་ཐར་དུས་མེད། ། གལ་ཏེ་ངན་སོང་གསུམ་ལས་ནི།། ཐར་བར་གྱུར་ཀྱང་རུ་དྲར་སྐྱེ།། སེམས་ཅན་འཚེ་ཞིང་སྲོག་གཅོད་པས།། དམ་དུ་བླངས་ཏེ་བསྒྲལ་བར་བྱའོ།། ལས་ཀྱི་འཁོར་བ་ཡིན་པར་བཤད།། གསང་བ་ཟབ་མོའི་མདོ་འདི་ནི། ། གཞག་པར་བྱ་བའི་སྣོད་ཀྱང་དཀོན།། འདི་བཞག་པ་ཡི་སྣོད་རྣམས་ནི།། སྔོན་དུས་སྤྱོད་པའི་ལས་འཕྲོ་ཅན།། ལུང་བསྟན་སྣང་བ་ཐོབ་པ་དང།། བསམ་པ་མ་འཇུངས་སེམས་བརྟན་པ།། བླ་མ་མཉེས་བྱེད་ཡང་དག་ལེན། ། བདུད་རྩི་འདི་སྤྱོད་གཡོ་སྒྱུ་མེད།། ཕས་ཀྱི་རྒོལ་བ་ཚར་ཡང་གཅོད།། ལྟ་ཟབ་བཞིན་གྱི་ཁར་མི་གཏོང།། རྒྱལ་བ་རྣམས་ལ་མཆོད་བྱས་ཡིན།། དེ་ལྟ་བུ་ལ་གཞག་པར་བྱ།། མི་བཞག་པ་ཡི་སྣོད་བསྟན་པ། ། བསམ་ལོག་དད་མེད་གཞུང་འགལ་དང།། བཀའ་པོར་ལོག་པར་རྩོམ་པ་དེང།། ཆོས་ལ་ཡིད་གཉིས་སྒྲིབ་པ་སྡུག། བློ་ཞན་མ་རབས་སེམས་ཞུམ་པ།། ཟབ་མོའི་དོན་མེད་ཡལ་བར་གཏོང། ། གཞན་ལ་བསྒྱུར་ན་རང་བཞིན་འོ།། བླ་མ་མི་གུས་རྩོམ་པ་ཆེ།། ལོག་པའི་བསམ་པ་ཐལ་འགའ་འཆང།། ཉམས་ལེན་མུ་སྟེགས་སྡེ་ལ་དགའ།། གཏིང་ནས་འགགས་ཤིང་བསམ་པ་མེད།། མནར་མེད་གནས་སུ་འཚེད་འགྱུར་བས། ། དེ་ལ་བཞག་པར་བྱ་བ་མིན།། དེ་བས་སྣོད་ཀྱྀ་རིམ་པ་ནི།། ཤིན་ཏུ་དཀོན་པར་ངས་བཤད་དོ།། ཞེས་གསུངས་སོ།། དེ་ནས་འདུས་པའི་འཁོརརྣམས་ཀྱིས།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་དང། ། སྡུད་པ་ཀརྨ་ཧེ་རུ་གཉིས།། རབ་ཏུ་མཉེས་པའི་མཆོད་པ་ནི།། ཕྱི་ནང་གསང་གསུམ་མཆོད་པ་འབུལ།། བསྐོར་བ་ལ་ནི་དུ་མར་བསྐོར།། བཅོམ་ལྡན་ཁྲག་འཐུང་རྒྱལ་པོ་ལ།། སྡུད་པ་ལས་ཀྱི་རྒྱལ་པོ་དེ། ། གསང་བ་དོན་གྱི་མདོ་ཉིད་ལ།། བསྟོད་པའི་རྒྱལ་པོ་འདིས་བསྟོ་དོ།། ཨེ་མ་ཧོ་ཐམས་ཅད་ངོ་མཚར་ཆེའོ།། ཉོན་མོངས་མི་གནས་ཡོན་ཏན་ལྡན།། མཚན་མ་མི་གནས་མཐའ་ལས་འདས།། ཁམས་གསུམ་ཉོན་མོངས་ཞལ་དུ་གསོལ། ། སྐྱེ་མེད་ཐུགས་ནི་རྟག་པར་བསྐངས།། གསུང་ནི་གདུག་འདུལ་དྲི་མ་མེད།། སྐུ་ནི་རོལ་བའི་ངང་ཉིད་བརྗིད།། གསུང་ནི་བྱིན་བརླབ་འབྲུག་ལྟར་སྒྲོགས།། སྐུ་ཡི་བྱིན་བརླབ་ཆར་ལྟར་འབེབས། ། ཐུགས་ཀྱི་བྱིན་བརླབ་གློག་ལྟར་འགྱུ།། ཁྲག་འཐུང་རྒྱལ་པོ་ཁྱོད་ལ་བསྟོད།། ཨེ་མ་ཧོ། བཅོམ་ལྡན་གཉིས་མེད་དཔའ་བོ་དང།། ཐ་མི་དད་པའི་སེམས་ཆེན་པོ།། སེམས་ཅན་དོན་ཀུན་གྲུབ་མཛད་པ། ། ཡང་དག་དོན་དམ་ཐུགས་ཆུད་ཅིང།། སྨྲ་བའི་སེང་གེ་དབང་ཡང་བསྐུར།། དོན་ཀུན་རྫོགས་མཛད་མུན་སེལ་བ།། བརྗིད་པའི་རང་བཞིན་དག་པའི་སྐུ།། ངང་ཚུལ་འཆང་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ།། དེ་བཞིན་གཤེགས་པ་ཀུན་གྱི་གསུང། ། བརྗིད་པའི་བདུད་རྩི་ཉོན་མོངས་སེལ།། ལོག་ལྟ་གཅོད་ཤུགས་འཆང་བ་ཡི།། བདེ་ཆེན་བདུད་རྩི་ཁྱོད་ལ་བསྟོད།། དེ་སྐད་འཁོར་རྣམས་ཀྱིས་བསྟོད་ཕུལ།། དེ་ནས་ལས་ཀྱི་རྒྱལ་པོ་ཡིས། ། ཐབས་དང་ཤེས་རབ་གཉིས་མེད་བཞུགས།། རང་གི་རྡོ་རྗེ་གནས་སུ་གསོར།། སྟོན་པས་ཇི་སྐད་བཀའ་སྩལ་པ།། བདག་གི་དེ་ལྟར་གནས་པར་བགྱི།། དེ་སྐད་ཅེས་ནི་གསོལ་པ་དང།། བཅོམ་ལྡན་གཉིས་མེད་ངང་བཞུགས་ཏེ། ། བརྗོད་པའི་ཚིག་དང་བྲལ་ནས་བཞུགས།། འདུས་པའི་འཁོར་ཚོགས་མ་ལུས་པ།། རང་གི་རྟགས་པའི་དོན་རྣམས་ལ།། དམ་པའི་སེམས་དང་བཅས་གྱུར་ཏེ།། ཐུགས་ཁར་ཞུགས་ཏེ་མི་སྣང་གྱུར། ། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་རྡོ་རྗེ་གསང་བ་གཏེར་གྱི་མདོ་ལས།། ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།།།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་གསང་བ། ཐུགས་གསང་བ། རྡོ་རྗེ་གསང་བ་གཏེར་ཞེས་བྱ་བའི་རྒྱུད་གསང་བ་ཆེན་པོའི་མདོ་རྫོགས་སོ།།།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་ཨག་ནེ་བཛྲ་ཛི་ཧ་མ་ལ་མ་ཧཱ་ཏན་ཏྲ་ནཱ་མ།

CLOSE WINDOW