CLOSE WINDOW

Gpb045.023: རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ
Wylie

རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་མཱུ་ཏནྟྲ་ཁཎྜ། བོད་སྐད་དུ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད།། མཚོན་ཆེན་སྔོན་པོ་ཆེར་འབར་བ། ། ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར།། སྲོག་གི་སྒོ་རུ་ཤར་བ་དང། སྙིང་གི་དཀྱིལ་དུ་བསྒོམ་པར་བྱ།། སྙིང་རྗེ་བསྒྲལ་བའི་དམ་ཚིག་ནི།། བསད་ཅིང་མནན་པ་ཉིད་ཡིན་ཏེ།། ཕུར་པའི་རྡོ་རྗེ་དེ་ཉིད་དེ། ། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། རྡོ་རྗེ་གཞོན་ནུའི་རིགས་འཛིན་རྣམས། ཁྲོ་བོ་རྡོ་རྗེ་སྒྲུབ་པར་མཛོད། ཁྲོ་བོ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། རྡོ་རྗེའི་དེ་ཉིད་རང་བཞིན་ལས།། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད།། འབར་བའི་ཁྲོ་བོ་མི་བཟད་པ།། སྐུ་ཡི་གཏེར་དུ་བདག་བསྐྱེད་ཅིག། ཐབས་ཀྱིས་སྤྱོད་པས་སེམས་ཅན་དོན། ། བྱམས་དང་སྙིང་རྗེ་གང་འདུལ་བ།། སངས་རྒྱས་འཕྲིན་ལས་རྫོགས་པར་མཛད།། དབང་དང་བྱིན་རླབས་འདིར་སྩོལ་ཅིག། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་དཱི་པ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཨུ་ཡ་ཀ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཨུ་ཤ་ཀ་མུ་ཁ་ཧཱུཾ། འདི་ནི་ཁྲོ་བོ་ཆེན་པོ་ཧཱུཾ་མཛད་དང།། རྡོ་རྗེ་ལྷ་མོ་སྒྲ་འབྱིན་དང།། སྤྲུལ་པའི་ལྷ་མོ་འཕྲ་མེན་དང།། ཕག་གི་མགོ་ཅན་དང། རྩངས་པའི་མགོ་ཅན་དང། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་བྱཱ་གྷྲ་མུ་ཁི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ས་མུ་བུ་ཧཱུཾ། འདི་ནི་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང། ལྷ་མོ་སྒེག་མོ་དང། སྤྲུལ་པའི་འཕྲ་མེན་མ་སྟག་གི་མགོ་ཅན་དང། བྱ་རྒོད་ཀྱི་མགོ་ཅན་ནོ།། ཨོཾ་བཛྲ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ཏཱི་ཏཱ་རུ་ཧཱུཾ། ཨ་བཛྲ་ཏྲཱ་ན་མུ་ཁ་ཧཱུཾ། འདི་ནི་ཁྲོ་བོ་དབྱུག་སྔོན་འཆང་བ་དང། ལྷ་མོ་རྡོ་རྗེ་སྡེར་མོ་ཅན་དང། སྤྲུལ་པའི་འཕྲ་མིན་མ་གཡག་མགོ་ཅན་དང། བྱ་རོག་མགོ་ཅན་ནོ།། ཨོཾ་ཡ་མཱན་ཏ་ཀ་བཛྲ་ཀྲོ་དྷ་ཧཱུཾ་པ་ཙ་པ་ཙ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་སྨ་ཤཱ་ན་པ་ཏི་ཧཱུཾ། ཨོཾ་བཛྲ་ཧ་རི་ནི་མུ་ཁ་ཧཱུཾ། ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁ་ཧཱུཾ། འདི་ནི་ཁྲོ་བོ་གཤིན་རྗེ་མཐར་བྱེད་དང། ། ལྷ་མོ་དུར་ཁྲོད་བདག་མོ་དང།། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་རི་དགས་ཀྱི་མགོ་ཅན་དང། འུག་པའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བན་དྷ་བན་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མུ་ཧ་ལ་ཧཱུཾ། ཨོཾ་བཛྲ་པྲེ་ཏ་མུ་ཁ་ཧཱུཾ། འདི་ནི་ཁྲོ་བོ་མི་གཡོ་མགོན་པོ་དང། རྡོ་རྗེ་ལྷ་མོ་གཏུན་ཁུང་མ་དང། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་གཟིག་གི་མགོ་ཅན་དང། ཁྲའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ཛ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་བ་ར་མུ་ཁ་ཧཱུཾ། ཨོཾ་བཛྲ་ཀྲོ་ཏ་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་རྟ་མགྲིན་དང། རྡོ་རྗེ་ལྷ་མོ་གཏུམ་མོ་དང། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་བྱི་ལའི་མགོ་ཅན་དང། པུ་ཤུ་ཀྱི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ས་བྱ་ཏི་ཧཱུཾ། ཨོཾ་བཛྲ་སྲི་ཀ་ལ་མུ་ཁི་ཧཱུཾ། ཨོཾ་བཛྲ་པཉྩ་ར་ན་མུ་ཁི་ཧཱུཾ། འདི་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང། རྡོ་རྗེ་ལྷ་མོ་མདའ་སྙེགས་མ་དང། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་སྤྱང་ཀིའི་མགོ་ཅན་དང། ཁྲའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིན་དྷ་ཚིན་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་སི་བྱ་མ་ཏི་ཧཱུཾ། ཨོཾ་བཛྲ་སིང་ཧ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཏི་ཏི་ལ་མུ་ཁ་ཧཱུཾ། འདི་ནི་ཁྲོ་བོ་བདུད་རྩི་འཁྱིལ་བ་དང། རྡོ་རྗེ་ལྷ་མོ་མཛད་སྒྲ་མ་དང། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་སེང་གེའི་མགོ་ཅན་དང། ཕ་ཝང་གི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བིན་དྷ་བིན་དྷ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་མཱ་ར་ཡ་ཧཱུཾ། ཨོཾ་བཛྲ་རཱ་ཀྵ་ས་མུ་ཁ་ཧཱུཾ། ཨོཾ་ན་ཀུ་ལ་མུ་ཁ་ཧཱུཾ། འདི་ནི་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང། རྡོ་རྗེ་ལྷ་མོ་གསོད་བྱེད་མ་དང། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང། སྲེ་མོའི་མགོ་ཅན་དང། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མུཎྜེ་མཾ་ཧཱུཾ། ཨོཾ་བཛྲ་རཀྵ་ས་མུ་ཁ་ཧཱུཾ། ཨོཾ་བཛྲ་ཀྲཱ་ཤི་ཀ་མུ་ཁ་ཧཱུཾ། འདི་ནི་ཁྲོ་བོ་སྟོབས་པོ་ཆེ་དང། རྡོ་རྗེ་ལྷ་མོ་རིགས་བྱེད་མ་དང། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་དོམ་གྱི་མགོ་ཅན་དང། བྱི་བའི་མགོ་ཅན་ནོ།། ཨོཾ་བཛྲ་ཡཀྵ་ས་ད་ར་ཧཱུཾ་ཛ། ཨོཾ་བཛྲ་བྷཻ་ར་བེ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་བཾ། ཨོཾ་བཛྲ་མ་ར་ནི་ཧཱུཾ་ཧོ། འདི་ནི་ཤར་དུ་པུ་ཤུད་ཀྱི་མགོ་ཅན། ལྷོར་བྱ་རོག་གི་མགོ་ཅན། ནུབ་ཏུ་སྲིན་བྱའི་མགོ་ཅན། བྱང་དུ་ཁྲའི་མགོ་ཅན། འཁོར་བའི་ཕུར་པ་བསྒྲུབ་པའི་དོན་དུ། དབང་དང་བྱིན་བརླབ་ཞུས་པའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཡེ་ཤེས་ཁྲོ་བོ་གཤེགས་པ་ནས། ། རྟགས་དང་མཚན་མ་བསྟན་པ་དང།། ཕུར་པའི་དངོས་གྲུབ་སྩལ་དུ་གསོལ།། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕོ་ཉ་ཆེན་པོའི་དུས་ལ་བབ།། བདག་ཉིད་ཆེན་པོའི་དུས་ལ་བབ། ། ས་བདག་ཆེན་པོའི་དུས་ལ་བབ། ཁྱི་ཡི་གདོང་ཅན་དུས་ལ་བབ།། བསྒྲལ་བར་བྱ་བའི་དུས་ལ་བབ།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས།། དུས་གསུམ་སངས་རྒྱས་སྲས་བཞིན་དུ།། རིགས་འཛིན་བདག་ཅག་རྣམས་ལ་ནི། ། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་དེ་བགུག་ནས།། མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང། ། ལུས་ངག་ཕྱེ་མར་མཛད་ནས་ཀྱང།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ནི། མོ་ཧཾ་གྷཱ་ཏ་ཡ་བྷ་ག་བ་ན་ཧྲི། ཀྲི་བྲི་བི་ཀྲྀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལ་ཛཿཧཱུཾ་བཾ་ཧོ། སརྦ་བིགྷྣཱིན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བགེགས་བྱེད་པ་ཡི་བདུད་རྣམས་དང།། སྡུག་བསྔལ་སེལ་ལ་མཉམ་སྦྱོར་བ།། ཆེ་གེ་མོ་ཞེས་བྱ་བའི་བདུད།། ཟུང་ཞིག་རྡུངས་ཤིག་རྣམ་པར་ཆིངས།། གཏོགས་ཤིང་གྲོགས་དང་དབྱེ་བར་གྱིས། རིང་ནས་ཁུག་ལ་སྨྲ་རུ་ཆུག། ཕོབ་ཅིག་རྣམ་པར་གཟིར་བར་གྱི།། བདག་གི་དབང་དུ་བྱས་གྱུར་ནས།། བསྒོ་བའི་བཀའ་ཉན་གུས་པར་གྱི།། ཧཱུཾ་པ་ར་བི་དྷ་ར་ཚིན་དྷ་ཚིན་དྷ་ཧཱུཾ་ཕཊ། བིན་དྷ་བིན་དྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཏྲ་ས་ཡ་ཧཱུཾ་ཕཊ། ཧ་ས་ཡ། ཡར་ཧྲི་དཎྜ་ཧཱུཾ་ཕཊ། ཤཱི་གྷྲ་ཨ་ན་ཡ་ཧཱུཾ་ཕཊ། ཛྭཱ་ལ་པ་ཡ་ཛྭཱ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བིན་དྷ་ཡ། བིན་དྷ་ཡ་ཧཱུཾ་ཕཊ། ཕོ་ཉ་བྲལ་དང་མངག་པའི་ཚོགས།། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ།། མངོན་སྤྱོད་ཇི་ལྟར་ངེས་པ་དང།། མངོན་སྤྱོད་བྱིན་བརླབས་དེ་བཞིན་མཛོད།། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཊ་ཀ་ཊ་ཡེ། ཛ་ཡེ། བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་རྭ་ཛིན་ཏེ། མ་ར་སེ་བྱ་པྲ་མ་ར་དྷ་ནི་ཧཱུཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལུང་གིས།། སྡིག་ཅན་གང་ཞིག་འདའ་བྱེད་པ། ། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། མགོ་ནི་ཚལ་པ་བརྒྱ་རུ་གྱིས།། ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཧཱུཾ་མ་མ་བ་ཤཾ་ཀུ་རུ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། ། སོང་ཞིག་ལྷ་མིན་གང་ཡང་རུང།། ང་ལ་བར་ཆད་བྱེད་པའི་བདུད།། མཐུ་དང་རྫུ་འཕྲུལ་མེད་པར་མཛོད།། སརྦ་ཨ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། ། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས།། ལུས་སེམས་རྡུལ་བཞིན་བརླག་པར་མཛོད།། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུངས་བྱས་ནས།། ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡ་ཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ།། གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་མཐུར་འགྱུར་རོ།། བརྣག་པ་དེ་ཁོ་ན་ཉིད་དོ།། ཀཱི་ལ་ཡ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། ཀི་ལ་ཡ་ལན་བཅོ་བརྒྱད་བརྗོད་ནས་དཀར་ནག་གི་མཚམས་སུའོ། ། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཕཊ་ཕཊ་ཕཊ། འདི་བརྗོད་པར་བྱའོ།། རྡོ་རྗེ་ཕུར་པ་རྩ་བའི་དུམ་བུ་སློབ་དཔོན་པདྨ་འབྱུང་གནས་དངོས་ཀྱི་རྒྱ་དཔེ་དང་མཐུན་པར། དཔལ་ས་སྐྱ་པཎྜི་ཏས། གཡས་རུའི་སའི་ཆ་ཤངས་ཀྱི་སྲེག་ཞིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །།།

CLOSE WINDOW