Wylie |
དབང་ཆེན་ཐུགས་ཀྱི་རྒྱུད་དྲེགས་པ་གསང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། ས་མ་ལ། རྒྱ་རྒྱ་རྒྱ།།།། རྒྱ་གར་སྐད་དུ། ཤྲཱི་པདྨ་བ་ཤང་མ་ཧཱ་ན་རགྷི་ར་ཏ་ནེ་སྟཾ་པ་ན་ནྟྲ་ནཱ་མ། བོད་སྐད་དུ། དཔལ་པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ཅེས་བྱ་བ། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོབ་པ་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། ། གསུང་དང། ཐུགས་དང། ཡོན་ཏན་དང། འཕྲིན་ལས་མ་ལུས་པའི་པདྨ་ཆེན་པོ་དེ་ནི།། འདི་ལྟར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགྱེས་པ་ཆེན་མོའི་བཙུན་མོའི་བྷ་ག་རྣམ་པར་དག་པའི་ཕོ་བྲང་ན་སྙོམས་པར་བཞུགས་པ་ལས། ། འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན་བར་འདོད་ནས་ཏིང་ངེ་འཛིན་ལས་བཞེངས་ཏེ། དབུ་ལྔ་ཕྱོགས་བཞིར་འབར་བའི་གཟུགས་ཀྱི་ལྟ། ། དབུ་སྐྲ་སྨིན་མ་སྤྱན་དང་སྨ་ར་ལྗགས།། ཤངས་དང་ཞལ་དང་མཆེ་བ་རབ་ཏུ་གཙིགས།། རྟ་མགོ་ལྗང་ཞུར་རྔོག་མ་ལེའུ་རྒན་འབར།། རིགས་ལྔའི་རྒྱལ་བ་དབུ་རྒྱན་རང་བྱུང་སྐུ།། ཤར་དུ་རོལ་བའི་ཕྱག་བཞི་ནི། ། ཁྲོ་ཆེན་སྙིང་འབྱིན་ཁ་ཊྭཱཾ་འབར་བ་བསྣམས།། རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་བསྣམས།། ལྷོ་རུ་རོལ་པའིཕྱག་བཞི་ནི།། ཐོད་རློན་ཁྲག་གིས་བཀང་དང་རྡོ་རྗེ་ལུ་གུ་རྒྱུད།། རྡོ་རྗེ་བེ་ཅོན་དང་ནི་རྡེའུ་ཆུང་འཛིན་པས་རོལ། ། ནུབ་ཏུ་རོལ་བའི་ཕྱག་བཞི་ནི།། མེ་ཡི་ཞགས་པ་དང་ནི་ཁྱུང་གི་ཁྲ།། སྡིགས་མཛུབ་རྩེ་ལ་བསྐལ་པའི་མེ་ཆེན་འབར།། རྡོ་རྗེ་ཁ་ཊྭཱཾ་ཁ་ནི་རབ་ཏུ་འཁྲོལ།། བྱང་དུ་རོལ་བའི་ཕྱག་བཞི་ནི།། རྡོ་རྡོ་རྩེ་དགུ་དང་ནི་རྩེ་ལྔ་དང། ། རྩེ་གསུམ་རྩེ་གཅིག་འབར་བ་གསོར་ཞིང་བརྡེག། རྡོ་རྗེ་ལྟ་བུའི་གཤོག་པས་ནམ་འཕང་གཅོད།། རིན་ཆེན་སྤྱོད་པའི་གཤོག་པས་དམ་སྦྱིན་གཏོང།། ཐུགས་ལ་ཡེ་ཤེས་སེམས་དཔའ་རྣམ་པར་བཞུགས། ། དེ་ཡི་སྐུ་ལ་གཟི་ལྡན་པདྨ་འཁྲིལ།། དཔའ་རྟགས་སྟག་གིས་སྟེང་ཕྱོགས་འདུལ་ཞབས་བརྒྱན།། རྒྱ་བྱེའུ་ལྕགས་ཀྱིས་ཤར་ལྷོའི་ཞབས་བརྒྱན་ཏེ།། རྡོ་རྗེ་ཆོལ་བས་ལྷོ་ཕྱོགས་ཞབས་ཀྱང་བརྒྱན། ། བསེ་ཁྲབ་སྨུག་པོས་ལྷོ་ནུབ་རྐྱང་པ་བརྒྱན།། གཅན་གཟན་གཟིག་གིས་བྱང་ཤར་རྐྱང་པ་བརྒྱན།། ཤུན་ཀེན་དར་གྱིས་བྱང་ཕྱོགས་ཞབས་ལ་བརྒྱན།། མཆི་བ་དམར་པོས་ནུབ་བྱང་རྐྱང་པ་བརྒྱན།། སྦྲུལ་ནག་ཁྱིལ་བས་འོག་ཕྱོགས་འདུལ་བ་བརྒྱན། ། ཁྲོ་བརྒྱད་ཉིད་ཀྱི་གདན་དུ་བཏིང་ནས་མནན།། ས་བཅུའི་ཟིལ་གནོན་སྟོབས་བཅུའི་དབང་དང་ལྡན།། དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལ་གནས།། གཉིས་མེད་བྱང་ཆུབ་སེམས་ཀྱིས་ཡོངས་ལ་ཁྱབ། ། དེ་ལྟ་བུའི་སྐུ་མངོན་པར་ཤར་ནས་འཁོར་རྣམས་ལ་ཡོངས་སུ་གཟིགས་ཏེ།། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་སྦྱངས།། འཁོར་བའི་སེམས་ཅན་རྣམས་ལ་སྤྲུལ་པའི་སྐུ་སྐྱེད། ། འཇིག་རྟེན་གྱི་དྲེགས་པ་ཅན་མ་ལུས་པ་རྣམས་ཟིལ་གྱིས་མནན།། ཐེག་པ་རིམ་པ་དགུའི་ལྟ་དགོངས་སམ་འདྲེས་པ་ཕྱེ་ནས།། ཉིད་ཀྱི་སྐུ་ལས་གསང་སྔགས་ཀྱི་རྒྱལ་པོ་འདི་ཕྱུང་ངོ། ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙ་ན་དྷ་སརྦ་དུཤྟན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུ~ཾ་ཧཱུ~ཾ་ཕཊ།། ཅེས་བརྗོད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་མནན་པར་གྱུར་ཏོ། ། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས།། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་དབང་རྣམས་རྫོགས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་བསྒྲུབ་པ་འདི་གསུངས་སོ། ། ཤར་དུ་གཟུགས་པའི་དབུ་ནང་དུ།། རྡོ་རྗེ་འབར་བའི་གཞལ་ཡས་ཁང།། མི་སྐྱོད་མཐིང་ཀ་རྡོ་རྗེ་འཛིན།། ས་གནོན་ཕྱག་རྒྱ་གཡས་པ་ན།། གཡོན་པ་མཉམ་པར་རབ་ཏུ་བཞག། ཡུམ་ཆེན་དབྱིངས་ཕྱུག་མ་དང་འཁྲིལ། ། ཧཱུ~ཾ་བཛྲ་དྷྲིག། མུཾ་ད་ཏུ་ཤྭ་རི། སེམས་ཅན་ཁམས་རྣམས་མ་ལུས་ལ།། བུམ་པའི་དབང་ནི་བསྐུར་བ་ཡིས།། བག་ཆགས་མ་ལུས་དག་བྱས་ནས།། མེ་ལོང་ཡེ་ཤེས་ཆེན་པོ་ཡིས།། རྣམ་པར་ཤེས་པའི་ཕུང་པོ་དང། ། ནམ་མཁའ་འཛིན་པ་རྣམ་པར་དག། ལྷོ་རུ་གཟིགས་པའི་དབུ་ནང་དུ།། རིན་ཆེན་མཛེས་པའི་གཞལ་ཡས་ཁང།། རིན་འབྱུང་སེར་པོ་རིན་ཆེན་འཛིན།། སྦྱིན་གཏོང་ཕྱག་རྒྱ་གཡས་པ་ན། ། གཡོན་པ་མཉམ་གཞག་སྐྱིལ་མོ་ཀྲུང།། ཡུམ་ཆེན་མ་མ་ཀི་དང་འཁྲིལ།། སྭ་ར་ད་ན་དྷྲིག། མཾ་མོ་ཧ་ར་ཏི། འཇིག་རྟེན་གང་ཟག་སེམས་ཅན་ལ། ཅོད་པན་དབང་ནི་བསྐུར་བ་ཡིས།། བདུད་ཀྱི་འཇིགས་པ་སེལ་བྱེད་ཅིང། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། ཚོར་བའི་ཕུང་པོར་འཛིན་པ་དང།། འབྱུང་བ་ཆུ་ཡི་ཞེན་པ་དག། ནུབ་ཏུ་གཟིགས་པའི་དབུ་ནང་ན།། པདྨ་རྒྱས་པའི་གཞལ་ཡས་ཁང།། སྣང་བ་མཐའ་ཡས་ལེ་བརྒན་སྐུ། ། ཕྱག་གཉིས་མཉམ་པར་གཞག་པར་གནས།། ཞབས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང།། ཡུམ་ཆེན་གོས་དཀར་མོ་དང་འཁྲིལ།། ཨཾ་ཨ་རོ་ལིག། པྱཾ་ར་ག་ར་ཏི+ེ། ཁམས་གསུམ་སེམས་ཅན་མ་ལུས་ལ།། རྡོ་རྗེ་འབར་བར་དབང་བསྐུར་བས། ། འཆི་བདག་བདུད་བཅོམ་རྡོ་རྗེའི་སྐུ།། འདུ་ཤེས་ཕུང་པོར་འཛིན་པ་དང།། འབྱུང་བ་མེ་ཡི་སྣང་བ་དག། སོ་སོར་རྟོག་པའི་ཡེ་ཤེས་རྫོགས།། བྱང་དུ་ཞལ་གཟིགས་དབུ་ནང་དུ།། རྡོ་རྗེ་རྒྱ་གྲམ་གཞལ་ཡས་ཁང། ། དོན་གྲུབ་ལྗང་ཁུ་རལ་གྲི་འཛིན།། གཡོན་པ་མཉམ་པར་བཞག་པར་གནས།། སྐྱབས་སྦྱིན་ཕྱག་རྒྱ་གཡས་པ་ན།། ཡུམ་ཆེན་དམ་ཚིག་སྒྲོལ་མ་འཁྲིལ།། ཧ་པྲད་ཉ་དྷྲིག། ཏཾ་བཛྲ་ར་ཏི། འགྲོ་བ་སེམས་ཅན་མ་ལུས་པ།། དྲིལ་བུའི་སྒྲ་ཡིས་དབང་བསྐུར་ནས།། དོན་རྣམས་འགྲུབ་པར་ལུང་སྟོན་ཅིང།། འདུ་བྱེད་ཕུར་བོར་སྣང་བ་དང།། འབྱུང་བ་རླུང་དུ་འཛིན་པ་དག། བྱ་བ་གྲུབ་པའི་ཡེ་ཤེས་རྫོགས། ། དབུས་མའི་ཞལ་གྱི་དབུ་ནང་དུ།། འཁོར་ལོ་འབར་བའི་གཞལ་ཡས་ཁང།། རྣམ་པར་སྣང་མཛད་དུ་ང་ལྟར་དཀར།། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན།། མཛུབ་མོའི་རྩེ་ལ་འཁོར་ལོ་འབར།། ཡུམ་ཆེན་སངས་རྒྱས་སྤྱན་དཔའ་ཁྲིལ། ། ཨོཾ་ཛི་ན་ཛིག། ལ་དྭེ་ཤ་ར་ཏི།། སེམས་ཅན་དཀྱིལ་འཁོར་བཞུགས་རྣམས་ན།། གསང་བའི་མཚན་རྟགས་དབང་བསྐུལ་བས།། སྲིད་པ་བར་དོར་གནས་པ་ཀུན།། གསང་བ་མིང་ནས་བོས་འགྱུར་ནས། ། གཟུགས་ཕུང་འབྱུང་བ་ས་དག་ནས།། ཆོས་དབྱིངས་ཡེ་ཤེས་ངང་དུ་གཤེགས།། རྣམ་སྣང་རྡོ་རྗེ་སེམས་དཔའ་དང།། རིན་འབྱུང་སྣང་བ་མཐའ་ཡས་དང།། དོན་ཡོད་གྲུབ་པ་ཞེས་བྱ་བའི།། རིགས་ལྔར་རྟོགས་པ་འདི་རྣམས་ཀྱིས། ། དབང་ལྔ་འདོད་ལ་དབང་བསྐུར་ཞིང།། དངོས་གྲུབ་འདོད་ལ་དངོས་གྲུབ་སྟེར།། འདོད་དང་ཐར་པ་རབ་ཏུ་སྒྲུབ།། སངས་རྒྱས་ཐམས་ཅད་འདིར་འདུས་སོ།། སངས་རྒྱས་སྤྱན་དང་དབྱིངས་ཕྱུག་མ། ། མ་མ་ཀི་དང་ན་བཟའ་དཀའ།། དམ་ཚིག་སྒྲོལ་མ་ཞེས་བྱ་བས།། དབང་བསྐུར་གསང་བའི་བྱང་ཆུབ་སེམས།། གསང་བའི་དབང་དང་རབ་ལྡན་ཞིང།། དེ་བཞིན་ཤེས་རབ་ཡེ་ཤེས་དང།། བདེ་ཆེན་དབང་ཡང་ཡུམ་ལས་བྱུང། ། རྨད་པ་མི་གསང་ཁུ་བའི་དབང།། རྨད་བྱུང་ཡུམ་དབང་སུས་ཐོབ་པ།། མི་ཟད་རྒྱན་གྱི་འཁོར་ལོར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱི་གསང་བའི་སྔགས་འདི་གསུངས་སོ།། ཨོཾ་བོདྷ་ཅེ་ཏ་མཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ། ། ཨོཾ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཨོཾ། ཧཱུ~ཾ་བཛྲ་ས་ཏྭ་ཨ་བྷི་ཥིཉྩ་ཧཱུ~ཾ།། སྭ་ར་ད་ན་སཾ་བྷ་བ་ཨ་བྷི་ཥི་ན་ཙ་སྭ། ཨཾ་ཨ་མི་དེ་བ་ཨ་བྷི་ཥི་ན་ཙ་ཨཾ། ཧ་ཨ་མོ་གྷ་སི་དྷྭི་ཨབྷི་ཤིན་ཙ་ཧ། བུམ་པ་ཡེ་ཤེས་ཆུ་རྒྱུན་གྱིས།། རྣམ་རྟོག་དྲི་མ་དག་པར་བྱེད།། ཐབས་དང་ཤེས་རབ་ཅོད་པན་གྱིས།། བདུད་བཞིའི་འཇིགས་པ་སེལ་བར་བྱེད།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། འཆི་བདག་བདུད་ཀྱི་གྲོང་ཁྱེར་འཇོམས། ། དྲིལ་བུ་ཆོས་ཀྱིས་སྒྲ་སྒྲགས་པས།། མྱ་ངན་འདས་པར་ལུང་ཡང་སྟོན།། གསང་བ་མིང་གི་དབང་བསྐུར་བས།། སྲིད་པ་བར་དོར་གྲོལ་བར་བྱེད།། ཅེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས། ། དབུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་མཐར་ཕྱིན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་སྲིན་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། ། དབུ་གཙུག་རྟག་པར་རྟ་མགོ་ལྗང་ཁུ་ལྔ།། དཔྲལ་བ་ཞུར་པོ་ཞི་བའི་ལས་སུ་བསྟན།། ཕྲུམ་ཕྲུམ་སེར་པོས་རྒྱས་པའི་བྱ་བ་འགྲུབ།། རྔོག་མ་ལེའུ་རྒན་ཐམས་ཅད་དབང་དུ་སྡུད།། རྟ་གདོང་ལྗང་ཁུ་དྲག་པོ་འགྲུབ་བར་བྱེད། ། རྟ་སྐད་དགུ་ཡིས་ཐེག་པ་རིམ་དགུ་ལ།། དབང་གི་རྣལ་འབྱོར་སྒྲུབ་པ་བྱེད་པ་ཡིས།། བརྡ་སྐད་ཐལ་མོ་ལན་གསུམ་དྲག་ཏུ་བརྡབས།། རབ་ཀྱི་རྒྱལ་བའི་སྐུ་དང་མཉམ་པར་བྱེད།། འབྲིང་གིས་ཐུགས་དམ་གནད་ནས་བསྐུལ་བ་དང། ། ཐ་མལ་རྟགས་ཙམ་འཛིན་པར་བྱེད་པ་ཡིན།། དཔལ་གྱིས་རྟ་སྐད་ཧྲིདྷ་ཧྲིདྷ་ཕེ་ཕེ་སྒྲས།། དང་པོ་ཆོས་ཀྱི་སྐུ་ལས་མནལ་བ་སད།། བར་དུ་ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞེངས། ། ཐ་མ་གང་འདུལ་ཞི་ཁྲོ་སྤྲུལ་པར་སྟོན།། མ་མོའི་བརྡ་སྐད་དང་པོར་བརྡ་ཡང་སྤྲོད།། བར་དུ་ཀློང་བརྟོལ་མཁའ་ལས་སྤྲིན་བཞིན་འདུས།། ཐ་མར་ལས་ལ་བཀྱེ་ནས་དགྲ་བགེགས་འདུལ།། རྟ་མགྲིན་དམར་པོ་རབ་འཇིགས་དབང་གི་ལྷ། ། གྲི་གུག་ཐོད་པ་བསྣམས་པ་འཇིགས་པའི་གཟུགས།། སྲིན་པོ་འདུལ་བའི་མཐུ་ཆེན་དུར་ཁྲོད་བརྒྱན།། ཞལ་ནས་གསང་བའི་སྔགས་ནི་རབ་ཏུ་སྒྲོགས།། ཨོཾ་པདྨ་ཏ་ཀྲིད་ཧི་ཧ་ཧ་ཧཱུ~ཾ་ཧཱུ~ཾ་ཕཊ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྟག་དོང་ཞལ་གྱི་དཀྱིལ་འཁོར་ནས་དབུགས་དཀྱི་རྒྱུ་བ་འདི་ཞལ་ནས་གསང་བའི་སྔགས་ནི་རབ་ཏུ་སྒྲོགས།། ཨོཾ་པདྨ་ཏ་ཀྲིད་ཧྲི་ཧ་ཧ་ཧཱུ~ཾ་ཧཱུ~ཾ་ཕཊ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྟ་གདོང་ཞལ་གྱི་དཀྱིལ་འཁོར་ནས་དབུགས་ཀྱི་རྒྱུ་བ་འདི་དག་གསུངས་སོ། ། སྲོག་དང་གྱེན་རྒྱུ་ཐུར་སེར་དང།། ཁྱབ་བྱེད་དང་ནི་མཉམ་གནས་ཉིད།། འདི་ནི་རྩ་བ་ལྔ་ཡི་རླུང།། འབྱུང་བ་ལྔ་ཡི་བདག་ཉིད་དོ། ། རྒྱུ་བ་རབ་ཏུ་རྒྱུ་བའི་རླུང།། ཡང་དག་རྒྱུ་དང་རྣམ་པར་རྒྱུ།། ངེས་པར་རྒྱུ་བ་ཡན་ལག་ལྔ།། ཕུང་པོ་ལྔ་དང་དབང་པོ་ལྔ།། སྐྱེད་ཅིང་དེ་ལ་དབང་བས་ན།། རྒྱས་པའི་རྩ་དང་རྣམ་པར་རྒྱས།། མྱོས་དང་ལྟུང་དང་མཛའ་བོ་ལ། ། རྩ་བ་ལྔ་ནི་ཡང་དག་གནས།། སྲོག་ཤིང་དབང་པོ་མྱོས་པ་དང།། ཟ་བྱེད་ཀུན་ཏུ་རྒྱུ་བ་ཞེས།། དེ་དག་གནས་ན་སྤྱོད་པའོ།། ཟླ་བའི་ཆ་དང་སྣ་དང་ནི།། བསྙེན་བཀུར་བསྐོང་བཤལ་མཚོན་བྱེད་པ། ། ཡན་ལག་ལྔ་པོ་རྩ་དེར་གནས།། ཀླུ་དང་རུས་སྦལ་རྩངས་པ་དང།། ལྷ་སྦྱིན་དང་ནི་ཞུ་ལས་རྒྱལ།། དེ་དག་དེ་ན་གནས་ཏེ་རྒྱུ།། གཡས་ན་རྒྱུ་བ་མེ་ཡི་རླུང།། ཁ་དོག་དམར་ལ་གདངས་པ་དང། ། གཡོན་ནས་འབྱུང་བ་རླུང་གི་རླུང།། ཁ་དོག་ལྗང་སེར་དག་ཏུ་སྣང།། གཉིས་ཀ་ནས་ནི་བྱུང་བའི་རླུང།། ཁ་དོར་སེར་པོར་སྣང་བ་ལ།། དལ་ཞིང་རྒྱུ་བ་ཆུ་ཡི་རླུང།། དཀར་པོར་སྣང་བ་འོད་དང་ལྡན།། ཁམས་ཀུན་འབྱུང་བ་སྲོག་འཛིན་རླུང། ། གང་ཚེ་འཕོ་ན་འཆི་ཁར་འབྱུང།། དེ་དག་ལྷ་སྐུ་སྔགས་སུ་སྤྲོ།། འབྱུང་འཇུག་གནས་པའི་སྲོག་རྩོལ་ཀུན།། ཡང་དག་དོན་དུ་ཤེས་པར་གྱིས།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས། ། རྟག་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་བསྟན་པ་སྟེ་ལེའུ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་དུར་ཁྲོད་འཕྲ་མེན་མའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་འདི་གསུངས་སོ། ། ཁྲོ་སྙིང་དཀར་མོ་ཞེས་བྱ་སྟེ།། ཁ་རོ་སེང་གེའི་མགོ་ཅན་ལ།། ལྕགས་ཀྱུ་བོས་མོས་གནས་པ་དང།། སྦྲུལ་ཞགས་བྱ་རྒོད་མགོ་ཅན་ཤར།། ཐོད་རློན་རྐུན་མོར་གནས་པ་ལ།། ལུ་གུ་རྒྱུད་ནི་སྟག་གི་མགོ། བེ་ཅོན་གཏུམ་མོ་ཞེས་བྱ་སྟེ།། རྔེའུ་ཆུང་ཀང་ཀའི་མགོ་ཅན་ལྷོ།། མེ་ཡི་ཞགས་པ་སྨོང་མོ་ལ།། ཁྱུང་གི་ཁྲ་ནི་བྱ་རོག་གདོང།། སྡིགས་མཛུབ་མེ་ནི་མ་ཚོགས་མ།། ཁ་ཏ་ཝ་ཡི་མགོ་ཅན་ནུབ།། རྡོ་རྗེ་རྩེ་དགུ་ཐལ་བྱེད་མ། ། རྡོ་རྗེ་རྩེ་ལྔ་སྦྱང་ཁུའི་མགོ། རྡོ་རྗེ་རྩེ་གསུམ་སྨེ་ཤ་ཅན།། རྡོ་རྗེ་རྩེ་གཅིག་འུག་གདོང་བྱང།། དུར་ཁྲོད་ཉེ་བའི་དུར་ཁྲོད་དང།། ཞིང་དང་ཉེ་བའི་ཞིང་དང་ནི།། གནས་དང་ཉེ་བའི་གནས་དག་དང། ། ཚན་དྷོ་ཉེ་བའི་ཚན་དྷོ་ཧ། གང་ན་གནས་པའི་མ་མོ་དང།། མཁའ་འགྲོ་ལྷ་མོ་ལ་སོགས་པ།། ཕྱག་གི་སྤྲུལ་པར་ཤར་བ་ཡིན།། བཅུ་དྲུག་ཕྱག་མཚན་འདི་དག་ཡང།། གཞལ་ཡས་ཁང་དུ་གནས་པའི་ནང། ། མ་མོ་བཅུ་དྲུག་གནས་པ་ཡིས།། འཇིག་རྟེན་རྣམས་ལ་དབང་སྒྱུར་བས།། ཕྱག་མཚན་ནང་དུ་སྦས་ནས་ནི།། སྒྲུབ་པའི་ལས་ལམ་མ་བྱས་ན།། གང་ལ་དམིགས་པ་ལེན་པར་བྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས་མཁའ་འགྲོ་མ་རྣམས་ལས་ལ་མངག་པའི་སྔགས་འདི་དག་གསུངས་སོ། ། ཨོཾ་ཨཱཿཧཱུ~ཾ་ཧ་ཧེ་ཕཊ།། ཧཱུ~ཾ་ནི་རི་མ་ཙི་ཏ་ཙི་ཏ།། ཙ་རོ་མ་རྡུལ་ཕྲན་རྡུལ་ཕྲན།། ཀེང་ཀེང་རག་ཏ་རག་ཏ།། མ་རི་ཤ་སྙིང་ལ་ཤད་ཤད། ། ཙིན་དམ་ཁྲག་ལ་ཀེང་ཀེང།། ཧཱུ~ཾ་ཏྲི་ཤ་རྦད་རྦད། ཛ་ཧཱུ~ཾ་བཾ་ཧོ། དབུགས་ལ་འུབ་འུབ།། ཨ་ཧཱུ~ཾ་ཧེ།། མ་བྷྱོ་ཛ། རུ་ལུ་རུ་ལུ་རག་མོ་བྷྱོ་ཛ། ཧ་ཧ་རུ་ལུ་ལུ་ཧཱུ~ཾ་ཕཊ།། ཆེ་གེ་མོ་མ་ར་ཡ་ཛ་ཛ། གྲུ་གསུམ་མཐིང་ནག་ཐོད་པའི་ནང། ། ཞིང་རས་ལིང་གར་ཐུན་གྱིས་བྲབ།། ཕྱག་རྒྱ་བཞི་བཅིངས་ཉུངས་ཀར་བརྡེག། བཅུ་དྲུག་མ་མོས་གསད་པར་བྱ།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས། ། ཕྱག་རྒྱ་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ།། དུར་ཁྲོད་བརྒྱད་ཀྱི་མ་མོ་བཅུ་དྲུག་བསྒྲུབ་པ་སྟེ་ལེའུ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་གཤོག་པ་ཁམས་གསུམ་རྣམ་པར་རྒྱལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་གསུངས་སོ། ། རྡོ་རྗེ་ལྟ་བུའི་གཤོག་པ་ནི།། རྟོག་པའི་འཕང་ཡང་གཅོད་པར་བྱེད།། ཁྲོ་ལས་སྐུ་གྲུབ་གསེར་གྱི་མདོག། ཟས་སུ་རྒྱ་མཚོའི་གྲོང་ཁྱེར་ཟ།། གནོད་པར་བྱེད་པ་རྡོ་རྗེས་བརྡུང། ། ནད་པའི་ནད་རོ་སྨྲ་ཤད་བྱབ།། གདུག་ཙུབ་ཞེན་ཆགས་མེ་ལ་སྲེག། ས་བདག་ཀླུ་གཉན་ཞེན་ཆགས་སྦྱོང།། ཨོཾ་བཛྲ་པ་ཏི་ག་རུ་ཊ།། ཀཾ་ཡ་ཛྭ་ལ་པ།། ན་ག་རུ་པ་ཡ། མ་ཧཱ་རྭ་ཛ་ཀྲོདྷ། བྷཻ་ར་བཱ་ཡ། བཛྲ་དུ་ན་ཏེ་ཛ་ལི་ཏ།། ནཱ་ག་སརྦ། ཨ་གད་ཏ་ཡཱ། གྷཱ་ཏ་ཡ་གྷཱ་ཏ་ཡ། ནཱ་ག་པ་ཡ། པྲ་ཧ་ར་པྲ་ཧ་ར། ཀྲ་མ་ས་ར་ས་ར། ཨུད་ཙ་ཏ་ཡ་ཕཊ།། ནཱ་ག་སྥོ་ཏ་ཡ། དྷཱི། འཁཱ་ད་ཁཱ་ད།། ནཱ་ག་སརྦ་དུཥྟན་ཀ་རི་ཛི་བན་དྷ་ར། ། དྷ་མ་ཀ། ནཱ་ག་བི་དེ་ར་ཡཱ། ཏི་ལིང་གྷ་ལེ། ནག་བྷསྨིང་ཀུ་རུ་ཧཱུ~ཾ་ཕཊ། དཀར་གསུམ་མངར་གསུམ་འབྲུ་སྣ་དང།། ཆང་ཟན་ཤིང་ཏོག་ལ་སོགས་པའི།། གཏོར་མས་མཉེས་པར་རབ་ཏུ་བྱ།། རིན་ཆེན་གསེར་གྱི་ཁྱུང་ཆེན་ཡིན། ། དེ་ནས་བཅོམ་ལྡན་འདས་ཀྱིས་རིན་ཆེན་གཤོག་པས་ཀླུ་རྣམས་ཐམས་ཅད་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། བསྒྲུབ་པའི་རྣལ་འབྱོར་སྐལ་བཟང་ལ།། བར་དུ་གཅོད་པ་བསྲུང་མཛད་པ། ། རང་ཉིད་ཡི་དམ་ལྷ་རུ་གནས།། གཅོད་བྱེད་རང་ལ་བསྐོར་བ་ལས།། བདག་གིས་ཁྲོམ་ཞེས་རབ་བསྒྲགས་པས།། དྷ་ལས་ནམ་མཁར་ཁྱུང་དུ་གྲུབ།། ཕོ་མོ་པདྨ་ར་གའི་མདངས།། འཐབ་འཛིང་འཛུམ་ཤིང་སྐོར་བར་བྱེད། ། གནོད་བྱེད་དཔག་ཚད་བརྒྱར་རྡེངས་ནས།། ཕྱིན་ཆད་གནས་འདིར་འཁོར་མི་སྲིད།། ཨོཾ་ག་རུ་ཌཙ་ལེ་ཙ་ལེ་པ་ཙི་རུ་གྷ། ཉིན་མོའི་སྔགས་སོ།། ཨོཾ་ག་རུ་ཌ་ཙ་ལེ་ཙ་ལེ་པ་ཙི་རུ་དྷ། མཚན་མོའི་སྔགས་སོ།། ས་ནག་ཙ་ཏྲི་དུ་མི་ཧུར་ཐུམས་ཛ། ཐུན་སྔགས་སོ།། སངས་རྒྱས་སྟོང་དང་རྩ་གཉིས་ཡང།། ཉི་མ་ཟླ་བས་རབ་ཏུ་བརྒྱན།། ལྟ་བའི་འདེགས་གཤོག་རྡོ་རྗེས་བརྒྱན།། སྤྱོད་པའི་འཛུམ་གཤོག་རིན་ཆེན་སྤྲས། ། ཨ་མོ་དེ་བ་སྡེར་མོ་ཅན།། དྲབ་མོ་དང་གློག་འགྱུར་ཅན།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། འདི་དག་གཤོགས་པའི་དཀྱིལ་འཁོར་གནས།། བཛྲ་ཨང་ཀུ་ཤ་ཛ་རད་ན་པཱ་ཤ་ཧཱུ~ཾ། སྦར་སྥེ་ཏ་བཾ། ཀརྨ་གྷནྜོ་ཧོ།། ཞེས་གསུངས་སོ།། དྲེགས་པ་ཟིལ་མནོན་པདྨ་དབང་ཆེན་གྱི་རྒྱུད་ལས།། གཤེགས་པ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་བྱ་ཁྱུང་ཀླུ་འདུལ་བའི་ལེའུ་སྟེ་ལྔ་པའོ།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། ། དུས་གསུམ་སངས་རྒྱས་རྣམས་ཀྱི་གསུང་མཆོག་སྐུ།། པདྨ་དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་མཆོག། སྐྱེ་མེད་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར། ། ཕྱག་ན་རིན་ཆེན་ཟ་མ་ཏོག། ཡིད་བཞིན་ནོར་བུ་རིན་པོ་ཆེ།། གཡས་དང་གཡོན་ན་རྣམ་པར་འཛིན།། པདྨ་དམར་པོ་ཁ་ཕྱེ་བའི།། སྙིང་པོར་ས་བོན་ཡང་དག་འཁྲུངས།། འདབ་མ་གསང་སྔགས་འཕྲེང་བ་ཡིས། ། རིལ་པོར་འཛིན་ནམ་རྗེས་སུ་ཞིགས།། ཡང་ན་བསྐྱེད་རིམ་ཐམས་ཅད་ལ།། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གསལ།། ཨོཾ་ཛྙཱ་ན་སཏྭ་ཧཱུ~ཾ། ཨོཾ་ར་ཛ་ཏྲི་ཛ་བྷ་ག་བ་ཏི་པ་ར་མ་སི་ཧོ།། པི་ཙུ་པི་ཙུ་པྲཛྙ་བར་ད་ནི་བད་ཏྲེ་ན་མ། ཛྭ་ལ་ཛྭ་ལ་མེ་དྷ་བྷར་དྷ་ནི་པ་ཁྱེད་བྷི་རི་བུདྷ་པ་ར་དྷ་ནི་ཧ་རི་ནི་ས་ཧི། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་ངང་ནས་གཡོ་བྱེད་རྣམ་པར་རྒྱུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་འདི་གསུངས་སོ། ། སྲོག་འཛིན་རྒྱས་ནས་མི་འབྲལ་འཛིན།། སྙིང་འདོད་ཁ་ཤུགས་གསལ་སྟོང་བཀྱེ།། སྨྱོ་རླུང་སྲོག་ཤིང་ཀོ་ཏ་ཀྵ།། ལ་དོར་བྱིན་རླབས་བདེ་བསྒོམ།། མེ་མཉམ་མཛའ་བོ་ལྟེ་སྙིངས་འཇུག། ཕོ་སོགས་བདེ་སྟོང་ཐུང་བ་སྐྱེ།། དམུ་ཆུ་ཟ་བྱེད་ཀོ་ཏ་བ།། ཀྵ་ཞེས་རྣམ་པགསུམ་དུ་བྱ།། ཐུར་སེལ་སྨྱོས་དང་གསང་བར་སེལ།། འོག་ནད་སྐྱེ་དང་བདེ་སྟོང་རིང།། ཕོལ་དང་ཞ་ཁུམ་མྱོས་པ་དང། ། ཀོ་ཏ་བ་ཏེ་རྣམ་གསུམ་བྱ།། གྱེན་རྒྱུ་རྣམ་རྒྱས་མགྲིན་སྨྲ་རྒོད།། མགྲིན་སྲང་གསལ་སྟོང་འབྲས་ཀུག་དབང།། ཀ་ཏ་གྱེན་གྱིས་སྒྲ་ཡིན་ཏེ།། དོར་བྱིན་བདེ་བ་ཡང་དག་དགོད།། ཁྱབ་བྱེད་ལྟུང་དང་ཆུ་གཉིས་ལས། ། ཁོལ་བདེ་གསལ་དངས་ཀུན་རྒྱུ་ཞིང།། ཀུ་ཏི་རག་བྱ་བ་དེ།། དེར་སྦྱིན་བདེ་བ་བྱེད་པའོ།། རྒྱུ་བ་ཟླ་ཆ་དམིགས་གཟུགས་རི།། ན་ཞིང་གཟུགས་ཉིད་ལྷོང་བ་དང།། ཀླུ་དང་ཀོ་ཏ་ཤུ་ཞེས་པས།། ལ་དེ་བྱིན་དང་ལྡན་པ་བྱ། ། ཤིན་ཏུ་རྒྱུ་བ་སྣར་གནས་དྲིལ།། ཡུལ་ཉིད་རིག་ན་དྲི་མི་ཚོར།། རུས་སྦལ་ཀོ་ལ་པ་ཀོ་ལ།། གསུམ་གྱི་དེ་ཉིད་རབ་ཏུ་བྱ།། རྒྱུ་བྱེད་རྣ་བ་སྒྲ་གསུམ་རིག། དེ་ཞ་མི་གནོད་ཏིང་འཛིན་ཧོ་ན།། རྩངས་པ་ཀོལ་པ་ཡིན་ཏེ། ། བཅོས་པ་རྣམས་ནི་ཀུན་ཏུ་རིག། སྔོན་རྒྱུ་བསྙེན་བཀུར་ཅེས་རེ་རིག། སྨྲ་ཀ་རོ་ཉིད་རོགས་བཀུག་པས།། ལྷ་སྦྱིན་ཀོ་ལ་བ་ཤུ་དྷ།། བཅོས་པ་ཀུན་རིགས་གསུམ་པོ་ཡིན།། ངེས་པར་ཀོངས་བགས་རེག་བྱ་རིག། བེར་ལངས་ཡགས་རིང་ཡེ་ཤེས་ཡུལ།། གཞུ་རྒྱལ་ཀོ་ལ་ཏ་ཐ་ཞེས།། ཡོ་ག་གསུམ་པོ་བྱ་བ་ཡིན།། བྱུང་རྒྱལ་དྲོད་ཀྱི་ལ་དོར་བ།། དེ་ཉིད་རྩ་དེ་གནས་སུ་དོར།། གཡོ་བྱེད་ལ་ནི་རྔན་གདགས་སྦྱིན།། བླ་མ་ཡི་དམ་མཁའ་འགྲོ་དང། ། མདོ་རྒྱུད་སྣང་བ་རྟེན་འབྲེལ་བརླབས།། སྟེང་དུ་ལོངས་སྤྱོད་བརླབས་རྟེན་དེ།། འོག་དུ་གསང་བ་སྙོམས་པར་འཇུག། ཆུ་སོགས་ཀུན་ལ་རྣམ་པ་གསུམ།། སངས་རྒྱས་རྣམས་ཀྱི་གནད་དུ་ཆེ། ། མིང་གནས་རྩ་དང་ལས་ཟུག་དང།། ཏིང་འཛིན་རེངས་བཅོས་བརྡ་སྒྲ་རྣམས།། དུ་བ་ལ་སོགས་ཟིན་འགྱུར་ནས།། ཀུན་གྱིས་སངས་རྒྱས་ས་ཐོབ་སྟེ།། དབང་ཆེན་ཞེས་ཀྱང་དེ་ལ་བྱ།། འདི་ལས་གཞན་གྱིས་དགོངས་པ་མེད། ། པདྨ་དབང་ཆེན་དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་རྒྱུད་ལས།། ཡེ་ཤེས་སེམས་དཔའ་མཁྱེན་རིགས་གསལ་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་གཟི་ལྡན་པདྨོ་ཡུམ་སྐུ་ལ་འཁྲུལ་བར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། བཞུགས་ནས་སངས་རྒྱས་ཐམས་ཅད་གྱེས་པར་བྱེད་པ་འདི་གསུངས་སོ།། ཐུགས་ཀྱི་ཏིང་འཛིན་དགོངས་པ་རབ་གསལ་བའི། ། གཟི་ལྡན་པདྨོ་སེམས་དཔའི་སྐུ་ལ་འཁྲིལ།། དམར་གསལ་འཁོར་ལོ་རིན་ཆེན་ཟ་མ་ཏོག། བདེ་བ་ཆེན་པོའི་རྟགས་སུ་མཉམ་པར་སྦྱོར།། ཡབ་ཡུམ་བདེ་བསྒོམ་པའི་སྦྱོར་བ་ཅན།། རླུང་གིས་གཞུ་གདུངས་མེ་ཡི་མདའ་འཕངས་པས། ། བར་སྣང་ལྷ་བྲན་ཞུ་བའི་ཁུ་བ་ཐིགས།། ཡུམ་གྱི་ཀོང་བུར་དམར་མེ་འོད་དུ་གསལ།། མི་ཡི་བུ་མོ་དུང་ཅན་བན་གླང་ཅན།། རི་དགས་མ་དང་རུས་སྦལ་མོ་ལ་སྦྱོར།། འདོད་པ་མཉམ་པ་དང་སྒོམ་པ་བྱིན་བརླབས་མཉམ། ། བསྙེན་པ་རིགས་མ་གཟུགས་སྒྲ་བརྟག་པར་བྱ།། ཉེ་བ་སྙེན་ཟངས་ཀྱི་མདོག་གིས་བཟུང་སོགས་ཏེ།། བསྒྲུབ་པ་པདྨའི་ནང་དུ་རྡོ་རྗེ་བསྒོམ།། བསྒྲུབ་ཆེན་སྒྲུབ་དེ་བྷ་གར་རྡོ་རྗེ་ཡིས། ། འོ་མ་འཐུང་བའི་དོན་ལ་བསྒོམ་པར་བྱ།། རྡོ་རྗེ་རྩེ་ནས་གྱེན་དུ་དྲང་བ་ནི།། སྲིད་པ་གསུམ་གྱི་ལམ་ནས་གནས་སུ་འདྲེན།། ལྟེ་བའི་གནས་སུ་འགྲོངས་ན་རྒྱ་བོར་འདྲ།། སྙིང་ཁར་སེར་གེའི་ཁོག་པ་ལྟ་བུར་རྒྱས། ། ལྕེ་ཡིས་ཞལ་གྱི་གདོང་ཡང་རབ་ཏུ་ཁེབས།། སྨིན་མཚམས་མཛོད་སྤུ་སྤྱི་གཙུག་དུང་ལྟར་འཁྲིལ།། བྱང་སེམས་དཀར་དམར་མཐར་ཕྱིན་བསྒྲུབ་པ་པོ།། ཟབ་མོ་ཚེ་ཡི་དངོས་གྲུབ་ཐོབ་པའི་ཚེ།། རང་གི་གནས་རྣམས་རང་ཞལ་རང་གིས་མཐོང། ། གཙུག་གཏོར་འཁོར་ལོ་སྒྱུར་པའི་དུས་ཞེས་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་སྔགས་ཐམས་ཅད་ཀྱི་རྒྱལ་པོ་འདི་དག་སེམས་ཅན་ལ་ཕན་པའི་དོན་དུ་གསུངས་སོ། ། ཨོཾ་ཀ་ཏེ་བི་ཀ་ཏེ་ནི་ཀེ་ཏེ་ཀ་ཏང་ཀ་ཏེ་སྭཱཧཱ།། ཨོཾ་སརྦ་ས་ཀ་རི་པ་རི་ཤུད་དྷེ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ། མ་ཧཱ་ན་ཡ་པ་རི་བ་རེ་སྭཱཧཱ། ཨོཾ་པདྨ་ཨཱ་ཡུ་ཥེ་ཧྲི། ཨཱ་ཡུཛྙཱ་ན་ཚེ་བྲུཾ་སྭཧཱ།། ཞེས་གསུངས་སོ། ། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས།། གསང་བ་གཟི་ལྡན་པདྨ་ཚེ་གནས་གསང་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་དུས་གསུམ་སངས་རྒྱས་ངན་སོང་སྦྱོང་བའི་དཀྱིལ་འཁོར་འདི་གསུངས་སོ། ། འདས་པའི་སངས་རྒྱས་ད་ལྟར་བཞུགས་པ་དང།། མ་འོངས་སངས་རྒྱས་ལ་སོགས་ཇི་སྙེད་པ།། ཀུན་ཀྱང་སྐུ་དང་གསུང་དང་ཐུགས་སུ་འདུས།། འདི་ལས་མ་གཏོགས་གཞན་ན་གྲུབ་པ་མེད། ། ཨོཾ་ནི་སངས་རྒྱས་སྐུ་ཡི་གནས།། མཚན་དང་དཔེ་བྱད་ཡང་དག་རྫོགས།། ཨཱཿནི་སངས་རྒྱས་གསུང་གི་སྒྲ།། ཇི་སྙེད་སྐད་དུ་ཆོས་ཡང་སྟོན།། ཧཱུ~ཾ་ནི་སངས་རྒྱས་ཐུགས་ཀྱི་འཇིངས།། སེམས་དང་ཡེ་ཤེས་ཀུན་འབྱུང་གནས།། སྐུ་ནི་ཕྱག་རྒྱ་ཆེན་པོར་གནས།། མཛད་པའི་ཕྱག་རྒྱ་སྤྲུལ་པའི་སྐུ།། རྫོགས་པའི་སངས་རྒྱས་ལོངས་སྤྱོད་སྐུ།། གནས་པའི་སངས་རྒྱས་ཆོས་ཀྱི་སྐུ།། གསུང་གི་ལས་དང་དམ་ཚིག་རྒྱ། ། སྔོན་གྱི་དམ་ཚིག་དབང་གིས་ན།། ཆོས་ཀྱི་དོན་ལ་མི་འདའ་བར།། ལས་དང་དམ་ཚིག་རབ་སྦྱིན་བྱེད།། ཐུགས་ནི་ཆོས་ཀྱི་ཕྱག་རྒྱ་སྟེ།། འཁོར་དང་མྱ་ངན་འདས་པའི་ཆོས།། མ་ལུས་འདུས་པའི་བྱང་སེམས་ཐུགས། ། ཐམས་ཅད་འབྱུང་འཇུག་གནས་པར་བཤད།། ཨོཾ་ཞེས་བྱ་བ་སྐུ་ཡིན་ཏེ།། མི་ཟད་རྒྱན་གྱི་འཁོར་ལོ་གནས།། ཨཱཿ་ཞེས་བྱ་བ་གསུང་ཡིན་ཏེ།། མི་ཟད་རྒྱན་གྱི་འཁོར་ལོ་སྒྲོགས།། ཧཱུ~ཾ་ནི་ཐུགས་ཀྱི་གསང་སྔགས་ཏེ། ། མི་ཟད་རྒྱན་གྱི་འཁོར་ལོ་ཐིམ།། སྐུ་གསུང་ཐུགས་ཀྱི་མི་གེ་གསུམ།། ཇི་སྙེད་ཆོས་ཀྱི་བཟླས་པ་སྟེ།། རྡོ་རྗེའི་བཟླས་པ་ཞེས་ཀྱང་བྱ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། སྙིང་པོ་འབྲུ་གསུམ་ཞེས་བྱ་སྟེ། ། འདི་དོན་གང་གིས་བསྒྲུབ་པ་དེའི།། ཉམས་ནི་སེམས་ལས་འཆར་བར་བྱེད།། གར་ནི་ལུས་ལ་འགྱུར་བ་ཡིན།། སྔགས་ཀྱང་དག་ཏུ་འབྱུང་བ་སྟེ།། མཐོང་སྣང་ཡུལ་ལ་འཆར་བ་དང།། བག་ཆགས་རྨི་ལམ་དག་ཏུ་རྨི། ། གསང་སྔགས་འདི་ལ་ཀུན་རྟག་བཟླས།། ལས་རྣམས་མ་ལུས་འདིས་འགྲུབ་པས།། དུས་གསུམ་སངས་རྒྱས་གསང་སྔགས་ཡིན།། རྒྱལ་པོ་ལྟ་བུར་ཆེ་བ་ཡིན།། ཉི་ཟླ་བཞིན་དུ་གསལ་བ་ཡིན། ཆུ་བོ་ལྟ་བུར་ཁྲུ་མཛད་ཅིང། ། ས་ལྟར་གནས་ཤིང་འདེགས་པར་བྱེད།། མེ་བཞིན་རྣམ་རྟོག་བག་ཆགས་སྲེག། རླུང་བཞིན་བགེགས་དང་རྣམ་རྟོག་འཐོར།། ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ།། ཡིད་བཞིན་རིན་ཆེན་ལྟ་བུར་གནས། ། རྒྱ་མཚོ་བཞིན་དུ་རབ་ཏུ་ཆེ།། རང་སེམས་རིག་པ་ཆོས་ཀྱི་སྐུ།། སྣང་བ་ཆོས་སྐུའི་འོད་གསལ་ཡིན།། ཉི་མ་དང་ནི་འོད་བཞིན་ཁྱབ།། སེམས་ཉིད་རང་བཞིན་འོད་གསལ་བས།། རིགས་དྲུག་འཁོར་བའི་གནས་ལུགས་རྟོགས། ། གང་གི་རིག་པ་མྱ་ངན་འདས།། ཨོཾ་ད་ཧ་ད་ཧ་སརྦ་ན་རག་ག་ཏེ་ཧེ་ཏུ་ཧཱུ~ཾ་ཕཊ།། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏེ་ཧེ་ཏུ་ཧཱུ~ཾ་ཕཊ།། ཨོཾ་མ་ཐ་མ་ཐ་སརྦ་ཏིང་ཡ་ག་ཏིང་ཡ་ག་ཏེ་ཧེ་ཏུ་ཧཱུ~ཾ་ཕཊ། ། ཨོཾ་ནརི་བི་ཤྭ་མུ་ལ་ཙྪི་ན་དཙྪི་ན་ད་ཧཱུ~ཾ་ཕཊ།། ཨོཾ་སརྦ་དུ་རྒ་སརྦ་ག་མེ་སརྦ་ཀླེ་ཤེ་ཧེ་ཏུ་ཧཱཾ་ཕཊ།། ཨོཾ་པ་ར་བིདྷ་ཁ་ད་ག་ཏེ་བ་སརྦ་ཚིན་དྷ་ཚིན་དྷ་ཧེ་ཏུ་ཧཱུ~ཾ་ཕཊ།། ཅེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས། ། དུས་གསུམ་སངས་རྒྱས་ཀྱིས་རིགས་དྲུག་ངན་སོང་སྦྱོང་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཞབས་ཁྲོ་བོ་རོལ་བའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། ། ཞབས་ཀྱི་ཆས་བརྒྱད་སྒེག་པོ་ཡིས།། འདས་པའི་ཁྲོ་བོ་བརྒྱད་མནན་པས།། ཡེ་ཤེས་ཉིད་ལ་ཉིད་རོལ་པས།། ཕྱོགས་སྐྱོང་རྒྱལ་ཆེན་རང་སར་བཅོམ། ། བདུད་བཞི་ཞབས་ཀྱི་ངང་གིས་བརྫིས།། ཟིལ་གྱིས་མནན་བས་ཁྱད་པར་འཕགས།། འདི་ནི་སངས་རྒྱས་ཐམས་ཅད་ལས།། ཁྱད་པར་འགྱུར་བས་ཆེ་བ་ཡིན།། དཔའ་བོ་སྟག་ཆས་ཧཱུ~ཾ་ཆེན་བཅོམ།། བྱ་བྱེའུ་ལྕགས་ཀྱིས་མི་གཡོ་བ། ། རྡོ་རྗེ་ཆོལ་པས་གཤིན་རྗེ་གཤེད།། བསེ་ཁྲག་སྨུག་པོ་དབྱུག་སྔོན་ཅན།། སྦྲུལ་ནག་པདྨ་འཁྱིལ་བ་སྟེ།། མཆེ་བ་འདོད་པའི་རྒྱལ་པོ་ལ།། ཤུ་ཀེན་དར་གྱི་བདུད་རྩི་འཁྱིལ།། གཅན་གཟན་གཟིག་གིས་སྟོབས་ཆེན་མནན། ། ས་སྟོབས་དབང་ཆེན་སྦས་པ་ས་རོལ།། ཞབས་ཀྱིས་ཐམས་ཅད་ཟིལ་གྱིས་མནན།། བསྲུང་བར་འདོད་པའི་རྣལ་འབྱོར་པས།། གྲོ་ག་ལ་སོགས་རས་ལ་ནི།། རྡོ་རྗེ་རྒྱ་གྲམ་ལེགས་བྲིས་པའི། ། འཁོར་ལོ་རྡོ་རྗེ་ལ་གནས་པ།། དེ་ཡི་ལྟེ་བ་ཟླུམ་པོ་ལ།། ཧ་ནི་དབུས་སུ་གཞག་ནས་ནི།། དེ་ལ་གང་སྲུང་རུས་དང་ནི།། མིང་གི་དབུས་སུ་བྲི་བར་བྱ།། སྔགས་ཀྱི་ཡི་གེའི་ཚིག་རྣམས་ཀྱིས།། རྡོ་རྗེ་རྒྱ་གྲམ་རྭ་རྣམས་ལ། ། བརྒྱན་ཏེ་ལེགས་པར་གཞག་པར་བྱ།། བསྐྱེད་ནས་བསྟིམ་སྟེ་གང་བཏགས་པའི།། བསྲུང་བ་དམ་པར་འདི་འགྱུར་རོ།། གང་གི་འདི་ལ་ནན་ཏན་བྱ།། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྟ་ཏིཥྟ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུ~ཾ་ཕཊ།། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ།། གྲོ་ག་ལ་སོགས་གཞི་མ་ལ།། གྷི་ཧང་སྣག་ཚལ་རབ་བྲི་བ།། རྩིབས་བརྒྱད་པ་ཡི་འཁོར་ལོ་བྱ།། བརྒྱད་ལ་ཁྲོ་བོའི་མུ་ཁྱུད་སྤྱི། ། ལྟེ་བ་མི་རུས་བརྒྱན་བྱས་ནས།། རབ་ཏུ་གནས་ཏེ་དཔུང་པར་གདགས།། ཡང་ན་མནན་པ་བྲིས་ནས་ནི།། ཚ་ཚའི་ནང་དུ་གང་ཡིན་མནན།། ཨོཾ་ཨ་ཨུཥྞི་ཥ། བཛྲ་ཙ་ཀྲ་ཝ་ར་ཏི།། སརྦ་ལོ་ཀི་བྲུཾ་བྲུཾ་དྲུཾ་དྲུཾ། ལོ་ཀི་ཀོ་ཏ་ར་ཡན་ཏྲ་མན་ཏྲ་ཏན་ཏྲ།། ཤ་ཙོར་རྣ།། པྲམ་ག་ཡེ་ན་ཀེ།། ན་མ་མ་ཏྲི་ཏ་གར་ཏི། ཏ་ན་ཙ་ཏ་ན། སརྦ་ལོ་ཀི། ཚིན་དྷ་ཚིན་དྷ། བིན་དྷ་བིན་དྷ། ཧ་ན་ཧ་ན། ད་ན་ད་ཧ།། པ་ཙ་པ་ཙ།། བི་དྷཱ་ན་ས་ཡ། ས་ཏ་ས་ཏ། ཕྲ་ཏ་ཕྲ་ཏ། པི་ཙུར་ཎ་པི་ཙུར་ཎ། ཨོཾ་ཨ་ཨུ་ཥ་ཎི་ཥ། བཛྲ་ཙ་ཀྲ་ཝ་ར་ཏི་བྷྲུཾ།། སརྦ་ལོ་ཀི་སྭཱཧཱ།། བསྲུང་བའི་སྔགས་སོ།། ཨོཾ་ཨ་ཨུ་ཥ་ནཱི་ཥ། དུ་རུ་ས་དུ་ཨེ་ཀ་དུ་ནཀྵེ་དུ་ནན། བ་ནརི་ར་ཧཱུ~ཾ། ལཾ་སྟཾ་གྷ་ནརྒ། གནན་པའི་སྔགས་སོ།། ཨོཾ་བཛྲ་ཀྲོདྷ་ཧཱུ~ཾ་ཀ་ར་ཧཱུ~ཾ། ཨོཾ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུ~ཾ།། ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དན་ཌ་ཧཱུ~ཾ།། ཨོཾ་བཛྲ་ཀྲོ་ཏ་པདྨ་ཀུན་ཌ་ལི་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ཊ་ཀི་རྭ་ཛ་ཧཱུ~ཾ། ཨོཾ་བཛྲ་ཀྲོདྷེ་ཨ་མྲྀ་ཏ་ཀུན་ཌ་ལ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་མཧཱ་པ་ལ་ཧཱུ~ཾ། ཁྲོ་བོའི་སྔགས་སོ།། ཨོཾ་ཨེ་ཨུ་ཥ་ཎི་ཥ་ཡ་ཡ་རྦད།། ཡན་ཏྲ་ཙིནྟྲ་རྦད།། མན་ཏྲ་ཡ་ཙ་མ་རྦད།། བསད་པའི་སྔགས་སོ།། ཨོཾ་ཨ་ཨུས་ཎཱི་ཤ་པ་ཙ་ཕི་ཏོ་ས་ཤོ་ཤཱ་ཡ། མོ་ཧ་ཡ། སྟཾ་བྷ་ཡ་ཧཱུ~ཾ་ཕཊ། སེར་བ་བསྲུང་བའོ།། ཨོཾ་ཨ་ཨུས་ཎཱི་ཤ།། ནཱ་ག་རི་རཾ་བི་བོ་ཧ་མ། ཙིན་ཏ་ཙིན་ཏ། ནཱ་ག་ནག་ཐ་ཧཱ། ཀླུ་གཉེན་བདག་བསྲུང་བའོ།། ཨེཾ་ཨ་ཨུཥྞི་ཤ། སརྦ་ཙི་ཏ་ཁ་ཐམ། སྲོག་གཟེར་རྦུད་ནན། འདྲིད་ཤུ་པོ་ཧྲི་ཤག་རྦད། བགེགས་སྤྱིར་བསྲུང་བའོ།། ཨོཾ་ཨ་ཨུས་ཎཱི་ཥ། ཡ་མ་ར་ཙ་བྷྱོ་བཟློག་རྦད།། ཀི་ལི་ཀི་ལི་ཡེ་བྷྱོ་བཟློག་རྦད། ཨོཾ་མ་མ་ཧེ་ཀཾ་ཕྲཾ་བཟློག་བྷྱོ་རྦད།། འཁོར་ལོ་བྱས་པ་བཤིག་པའི་སྔགས་སོ། ། བསྲུང་དང་གསད་དང་བཟློག་པ་དང།། བཤིག་པའི་ལས་སུ་བསྟན་པ་རྣམས།། རྫས་དང་ཏིང་འཛིན་སྔགས་ལྡན་པས།། གང་གིས་འདི་དོན་སྦྱོར་བྱེད་པ།། པདྨ་དབང་གི་ཞབས་ཀྱི་མཐུས། ། གདུག་བྱེད་ཀུན་ལས་རྣམ་པར་རྒྱལ།། ཅེས་གསུངས་སོ།། པདྨ་དབང་ཆེན་དྲགས་པ་ཟིལ་གནོན་གྱི་རྒྱུད་ལས།། ཞབས་ཁྲོ་བོའི་དཀྱིལ་འཁོར་གདུག་པ་ཅན་གཟིར་མནན་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་དགུའི་སྒྲུབ་ཐབས་འདི་དག་གསུངས་སོ།། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནི།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་པ་རབ་ཏུ་བརྒྱད། ། དབུས་ཀྱི་པདྨ་ཉི་ཤུ་བཞི།། རིན་ཆེན་ཁྲི་རྐང་ཟུར་བཞིར་གནས།། དེ་དབུས་དབང་གི་སྐུ་ཡང་བྲི།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི།། ཐིག་བཞི་བཏབ་པས་ལེ་རྩེ་དགུ། རིགས་ལྔ་ཡབ་ཡུམ་སྐུ་བཀོད་ནས། ། སྒོ་དང་རྟ་བབས་ཡང་དག་ལྡན།། རྟ་མགྲིན་དབང་གི་དཀྱིལ་འཁོར་ནི།། གྲུ་གསུམ་མ་ཏྲང་ལྟོ་བར་བྱ།། འགྲོ་བ་འདུལ་བ་གྲུ་གསུམ་ནང།། ཐོད་པ་ཞིང་རས་ལིང་གར་བཅས།། ཁམས་གསུམ་རྣམ་རྒྱལ་སྦྱིན་སྲེག་ཐབས། ། རྨ་ཤད་ལྕག་མ་རྡོ་རྗེས་བསྡུ།། ཡེ་ཤེས་སེམས་དཔའ་རིན་ཆེན་དབུས། ཚེ་ཡི་བུམ་པ་བཞག་པར་བྱ།། གཟི་ལྡན་མཎྜལ་བུམ་པའི་སྟེང།། མཚན་ལྡན་ཐོད་པར་བྱང་ཆུབ་སེམས། ། དུས་གསུམ་སངས་རྒྱས་མ་ལུས་པ།། ཟླ་བ་པདྨ་ཉི་ཟླར་བཅས།། ཞབས་ཀྱི་ཁྲོ་རྒྱལ་འཁོར་ལོ་ནི།། མཎྜལ་སྟེང་དུ་རབ་བཀོད་ནས།། རབ་ཏུ་གནས་པ་བྱས་ནས་ནི།། གང་བསྲུང་དེ་ལ་གདགས་པར་བྱ། ། ཞེས་སུངས་སོ།། དེ་ནས་བཅོམ་ལྡན་འདས་ལ།། འཁོར་གྱིས་ཡོངས་སུ་མཉེས་བར་བྱ་བའི་ཕྱིར་བསྒྲུབ་པའི་དོན་འདི་གསོལ་ཏོ།། གར་དབང་བཅོམ་ལྡན་པདྨ་ཧེ་རུ་ཀ། ཆོས་དབྱིངས་རྣམ་པར་དག་པའི་ངང་ཉིད་ལས། ། སྲིད་གསུམ་ཐུགས་རྗེས་སྤྱོད་པའི་ཁྱད་པར་གྱིས།། ཡེ་ཤེས་ངང་ནས་རོལ་ཅིང་གཤེགས་ཤུ་གསོལ།། ཨེ་ཧྱེ་ཧི་བྷ་ག་ཝན། པདྨ་ཧེ་རུ་ཀ་ས་མ་ཡ། མ་ནུ་སྨྲ་ར་ཏི་སྦ་ས་མ་ཡ།། མ་ནུ་སྨྲ་ར་ཛ་ཧཱུ~ཾ་བཾ་ཧོ། ། ཡེ་ནས་དབྱེར་མེད་མཉམ་ཉིད་དོན་ལ་གནས།། མི་རྟོག་ཐབས་ཀྱི་ཁྱདཔར་ཅིར་ཡང་སྟོན།། གསལ་དང་གསོལ་བའི་མཛད་པ་མི་གཉྀས་ཀྱང།། ཇི་སྲིད་གསོལ་འདེབས་དེ་སྲིད་བརྟན་པར་བཞུགས།། ཀཱ་ཡ་ཝཱཀ་ཙིཏྟ་ས་མ་ཡ་ཏིཥྛ་ལྷན། ཐབས་ཀྱི་བྱེ་བྲག་མང་པོའི་ཁྱེད་པར་ལས།། དབང་ཆེན་པདྨ་གར་དབང་ཧེ་རུ་ཀ། ཡེ་ཤེས་སྒྱུ་མའི་སྐུ་ནི་དབྱིངས་ནས་གསལ།། ཨ་ལི་ཀ་ལིའི་སྒྲ་དབྱངས་ཐབས་ཤེས་སྟོན། དམིགས་མེད་ཐུགས་ནི་དོན་དམ་ངང་ནས་འཆར།། ཚོགས་གཉིས་རྫོགས་མཛད་ལྷ་ལ་ཕྱག་འཚལ་བསྟོད།། ཨ་ཏི་པུ་ཧོ།། པྲ་ཏི་ཛ་ཧོ།། ཨ་ལ་ལ་ཧོ། ཆེ་མཆོག་མཁའ་དང་མཉམ་པའི་དུར་ཁྲོད་ནས། ། ངག་གི་དབང་ཕྱུག་དཔལ་ཆེན་པདྨའི་སྐུ།། ཐུགས་དམ་ཐབས་ཀྱི་བདུད་དཔུང་འཇོམས་མཛད་པ།། དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ། རྣམ་དག་བདུད་རྩི་དམ་རྫས་མཉེས་པ་མཆོད་འབུལ། ། ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་གསོལ།། དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ།། གཟི་ལྡན་ཆེན་མོ་དཔལ་གྱི་ཡུམ་མཆོག་དང།། ཡེ་ཤེས་ཆེན་པོ་ལྔ་ནི་མཐར་ཕྱིན་ཅིང།། འབྲས་བུ་ཆེན་པོ་སྒྲུབ་པའི་ལྷ་ལྔ་ནི། ། དབུ་ལ་སྦས་པའི་རིགས་ལྔ་སངས་རྒྱས་དང།། ཆོས་རྣམས་ཐམས་ཅད་མ་ལུས་སྒྲ་སྒྲོགས་ཤིང།། འགྲོ་བ་མ་ལུས་ཁ་ལོ་གྱེན་དུ་སྒྱུར།། ལྗགས་ལ་སྦས་པའི་ངག་གི་དབང་ཕྱུག་དང།། སོ་སོའི་རིགས་ལས་ཁ་དོག་ཅིར་ཡང་སྣང། ། གདན་ཁྲི་རིན་ཆེན་ཁྲི་ལ་སྦས་པ་ཡི།། རིགས་བཞི་ཧེ་རུ་ཁྲོ་རྒྱལ་བཞི་རྣམས་དང།། ཡུམ་གྱི་དབང་གིས་དགའ་བ་བསྐྱེད་མཛད་མ།། ཆགས་པའི་ཚུལ་གྱིས་སྐུ་ལ་རབ་ཏུ་འཁྲིལ། ། གདན་ལ་སྦས་པའི་ཡུམ་ཆེན་བཞི་རྣམས་དང།། སྤྲུལ་པའི་ཚུལ་གྱིས་ཀླུ་རྒྱལ་འདུལ་མཛད་པ། གཤེགས་པར་རྦས་པས་མ་གཞི་སངས་རྒྱས་དང།། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྐུ། ། ཕྱག་མཚན་མཆོན་ཆར་སྦས་པའི་མ་མོ་བཅུ་དྲུག་དང།། མི་མཛད་རྒྱན་གྱི་འཁོར་ལོ་མངའ་མཛད་པར།། སྐུ་གསུང་ཐུགས་ལ་སྦས་པའི་སངས་རྒྱས་དང།། གདན་ལ་སྦས་ནས་འཁོར་དུ་བསྟན་པ་ཡི།། དོམ་དམ་གསང་སྦས་སིང་ང་འཇམ་པ་ལ། ། དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང།། སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕོ་ཉ་མོ།། ཡོན་ཏན་འཕྲིན་ལས་གཉིས་མེད་སྒྱུ་འཕྲུལ་སྦས།། སྤྲུལ་པའི་ཁམ་རྒྱ་ཆེ་ན་མོ་བཅུ་དྲུག་རྣམས། ། འཁོར་བ་མ་སྟོང་སྲིད་པ་མ་ཟད་བར།། ཐུགས་རྗེའི་ཐབས་ཀྱིས་འགྲོ་དོན་མཛད་པའི་ཕྱིར།། ཉིན་དང་མཚན་དུ་དགོངས་པ་མ་གཡེལ་བའི།། སྦས་པའི་ལོང་པ་རྒྱབ་འབྲེལ་བརྒྱད་རྣམས་དང།། ཐུགས་རྗེའི་སྨིན་མཛད་ཉིན་དང་མཚན་མི་ཉལ། ། སྐྱོ་དུབ་མེད་པར་འགྲོ་དོན་ལྷུན་རྫོགས་མཛད།། སྦས་པའི་དམུན་ལོང་འཁོར་བ་དྲུག་ཅུ་དང།། མཐུ་རྩལ་ལྡན་པས་སྤྲུལ་པ་ཀུན་གྱི་གཙོ།། ང་རོ་དབྱངས་སྙན་མ་མོ་ཀུན་གྱི་བླ། ། ཟ་བྱེད་དཔལ་གྱི་མ་མོ་ཁྱི་བརྒྱད་དང།། ཞབས་ལས་སྤྲུལ་པའི་ལྕགས་ཀྱི་སྤྱང་མོ་བརྒྱད།། སྦྲུལ་པའི་ཕོ་ཉ་གར་ཡང་ཐོགས་པ་མེད།། ཡེ་ཤེས་སྤྲུལ་པའི་ཁྱི་བཅུར་སྦས་པ་དག། ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པའི། ། འཕྲིན་ལས་རྣམ་བཞིའི་རྣམ་ཐར་སྒོ་བསྲུང་བ།། དབུ་དགུ་རྐང་གཅིག་ལ་སོགས་སྒོ་བ་དང།། ཆོས་ཉིད་སྒྲ་སྒྲོགས་དབྱར་དགུན་དུ་བཞིར་འབྱེད།། སྟོང་པར་སྦས་པའི་མེ་འབྲུག་རླུང་འབྲུག་རྣམས། ། རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ།། ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ།། སརྦ་པཉྩ་ཨ་མྲི་ཏ་ཁ་རཾ་ཁ་ཧི། ཞེས་པ་བཅུ་པའི་རྟོག་པ་ཅན་རྣམས་ཀྱིས་ཀྱང་མཉེས་པའི་མཆོད་པས་མཆོད་དོ། ། དེ་ནས་ཡང་སོ་སོ་ནས་དངོས་གྲུབ་ཞུ་བ་འདིས་གསོལ་བ་བཏབ་བོ།། སྐྱེ་མེད་སྐུ་ཡི་རང་བཞིན་རྡོ་རྗེ་ཉིད།། འགགས་མེད་ཀུན་ཏུ་གྲགས་པ་རྡོ་རྗེའི་གསུང།། མི་རྟོག་སྟོང་པར་སྣང་བ་རྡོ་རྗེའི་ཐུགས། ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག། ཀ་ཡ་སིདྷི་ཨོཾ།། བཱག་སིདྷི་ཨཱ།། ཙིཏྟ་སིདྷ་ཧཱུ~ཾ། ཞེས་གསོལ་བ་བཏབ་པས།། བདུད་རྩི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཐེག་པ་དམན་པའི་ལྟ་བ་དག་ནས། ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་ལྡན་དུ་དུས་དེར་གྱུར་ཏོ།། དེ་ནས་རྒྱུད་ལས་སྦྱངས་བའི་ཞལ་མཐོང་བ་རྣམས་ཀྱིས།། ཉིད་ཀྱི་སྐུ་ལ་དྲིན་ལན་དུ་མཆོད་པ་འདི་ཕུལ་ལོ།། དོན་དམ་སྐྱེ་འགགས་མེད་པའི་ངོ་བོ་ལས། ། ཐབས་ཀྱི་རོལ་པའི་ཆོ་འཕྲུལ་ཅི་ཡང་སྟོན།། བདག་རྟོག་འཛིན་པའི་མུན་པ་བསལ་བའི་ཕྱིར།། དུག་སྔ་སྨན་དུ་སྦྱར་བའི་བདུད་རྩི་དང། དུག་གསུམ་ཤ་ཁྲག་དམར་གྱི་གཏོར་མ་དང། ། ཁམས་གསུམ་དབང་སྡུད་པདྨ་རག་ཏ་འདི།། པདྨ་དབང་ཆེན་འཁོར་དང་བཅས་ལ་འབུལ།། ཐུགས་རྗེས་དགོངས་ལ་དགྱེས་མཛོད་དངོས་གྲུབ་གསོལ།། མ་ཧཱ་རཀྟ་ཁ་ཧི། མ་ཧཱ་བྷ་ལིང་ཏ་ཁ་ཧི། མ་ཧ་པཉྩ་ཁ་ཧི། ཞེས་ལྔ་སྲིན་རྣམས་ཀྱིས་རང་གི་དམ་ཚིག་གིས་མཆོད་དོ།། དེ་ནས་ཡང་ཕྱོགས་བཅུ་ནས་ལྷགས་པའི་འཁོར་རྣམས་ཀྱིས་བསྟོད་པའི་རྒྱལ་པོ་འདིས་ཡོངས་སུ་བསྟོད་དོ།། ཆོས་དབྱིངས་རྣམ་དག་ལྷུན་གྲུབ་ཞིང་ཁམས་ནས། ། བཅོམ་ལྡན་དབང་ཆེན་པདྨ་ཧེ་རུ་ཀ། ཡེ་ཤེས་སྒྱུ་མའི་གཟུགས་སུ་འཇིགས་པར་སྟོན།། ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད།། རྔམ་ཆེན་ཧཱུ~ཾ་སྒྲས་དྲག་པོ་གདུག་པ་འཇོམས།། ཅིར་ཡང་སྤྲུལ་པའི་གསུང་ལ་ཕྱག་འཚལ་ལོ། ། སྐྱེ་མེད་མཁྱེན་པའི་ཐུགས་ཀྱིས་མ་བསྒྲིབས་གསལ།། རྣམ་དག་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ།། ཞེས་སྟོད་དོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་གསུངས་པ་ལ། འཁོར་རྣམས་ཀྱིས་དེར་བྱོན་ཅིང་བཞུགས་པར་ཞུས་ནས་མཆོད་བསྟོད་ཀྱི་དབྱངས་ཀྱིས་བསྐུལ་བའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་བདེ་བ་གཤེགས་པ་ཐམས་ཅད་ཀྱི་རྒྱལ་པོ་གང་གི་དབང་ཕྱུག་གིས་འདི་སྐད་གསུངས་སོ། ། དབེན་པ་ཆེན་པོའི་ས་ཕྱོགས་སུ།། རིགས་ལྡན་སྔགས་པས་རབ་བསྒོམ་པ།། སྟོང་པ་ཉིད་ལས་སྙིང་རྗེར་ལྡན།། དེ་ལས་བྱུང་བའི་ཡི་གེ་ཧྲི།། གཞལ་ཡས་ཟླ་གམ་དམར་པོའི་ནང། ། སྒོ་གཅིག་ནུབ་ཏུ་རྣལ་འབྱོར་གནས།། དེ་ནི་འབྱུང་ལྔའི་སྟེང་དུ་བསྒོམ།། གདན་སྟེངས་ཧྲི་ལས་གྱུར་པ་ནི།། ཞལ་གསུམ་དཀར་དམར་སྔོ་བ་ལ།། རྟ་མགོ་འཕྲིན་ལས་བཞི་དང་ལྡན། ། དེ་ཡི་ཕྱག་རྒྱ་དྲུག་པ་སྟེ།། རྡོ་རྗེ་ཁ་ཊྭཱཾསྦྲུལ་ཞིགས་གཡས།། དྲིལ་བུ་བན་དྷ་ལྕགས་སྒྲོག་གཡོན།། རལ་གཅིག་མ་ནི་སྐུ་ལ་འཁྲིལ།། གསང་བའི་མ་མོ་བཞི་ཡིས་བསྐོར།། བྱི་ལ་ཕུ་ཤུད་ཕོ་ཉར་འགྱེད། ། གསལ་ནས་གསང་བའི་དྲག་སྔགས་འདི།། ནང་གི་བཟླས་པ་བྱེད་པ་དེས།། དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན།། མཆོག་དང་མཐུན་མོང་མ་ལུས་འགྲུབ།། ཧྲི་སྦར་ཏ་ཀྲིད་དྷི་རི་དྷི་རི། ཧྲི་ཧ་ཡ་གྲི་བ་ཨེ་ཀ་ཛ་ཏི་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཧྲི་ཛ་ཛ། ། དེས་ན་འཇིག་རྟེན་མ་ལུས་པ།། གལ་ཏེ་དབང་དུ་བྱེད་འདོད་ན།། བདུན་འབུམ་སྔགས་ལ་འབད་ནས་བསྙེན།། སུམ་འབུམ་གྲངས་ཀྱིས་འགྲུབ་ཡོད།། སྦྱིན་སྲེག་མེ་ཐབ་རབ་རྩེགས་ནས། ། ཤ་ཁྲག་ལ་སོགས་མཆོད་པ་འབུལ།། གང་ལ་དམིགས་པ་རབ་སྲེག་ན།། དངོས་གྲུབ་ཇི་ལྟར་འདོད་པ་གྲུབ།། ཨོཾ་པདྨ་ཏ་ཀྲི་ད་ཧ་ནི་ས་ཤཱ་ན་ཏིང་ཀུ་རུ་ཡེ་སྭཱ་ཧཱ།། ཨོཾ་པདྨཏ་ཀྲིད་ཧ་རི་ནི་ས་པུཥྟི་རུ་ཡེ་སྭ་ཧཱ། ཨོཾ་པདྨ་ཏ་ཀྲིད་ཧ་རི་ནི་ས་པ་ཤཾ་ཀུ་རུ་ཡེ་སྭ་ཧཱ། ཨོཾཔདྨ་ཏ་ཀྲིད་ཧ་རི་ནི་ས་ཧ་མ་ར་མ་ཕཊ་ཕཊ། ཤར་ན་མར་མོ་དཀར་མོ་གནས།། ལྷོ་ན་སེར་ལ་ནུབ་ལ་དམར།། བྱང་ན་ལྗང་ཁུའི་མ་མོ་བཞིན།། སྤྱི་གཙུག་ཕག་གདོང་ཁ་གདངས་མ། ། ཀུན་ཀྱང་གྲི་ཁུག་ཐོད་པ་འཛིན།། ཨོཾ་བཛྲ་བཱ་རཱ་ཧི་ཧཱུ~ཾ། ཨོཾ་ར་ད་ན་བཱ་རཱ་ཧི་ཏྲཱཾ།། ཨོཾ་པདྨ་བཱ་རཱ་ཧི་ཨཱཿ་ཨོཾ་ཀརྨ་བཱ་ར་ཧི་ཧ། ཞེས་གསུངས་སོ།། དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས།། དཔལ་རྟའི་རྒྱལ་པོ་དྲེགས་པ་ཟིལ་གནོན་གྱི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་རྗེ་བཙན་དམ་པ་དེས།། དྲེགས་པ་ཐམས་ཅད་གནད་ལ་ཟིལ་གྱིས་མནན་པའི་ཕྱིར།། གང་དག་མ་རུངས་པ་ཐམས་ཅད་གནད་ནས་གཟིར་བའི་སྲོག་མཐུ་འདི་གསུངས་སོ། ། བླ་མའི་སྐུ་ལ་བསྡོས་པ་དང།། སངས་རྒྱས་བསྟན་པ་མི་གནས་ན།། བསྒྲུབ་པ་འདི་ནི་རབ་ཏུ་བྱ།། གསང་རྟེན་གསང་བར་བཅའ་བ་ནི། ། དཀྱིལ་འཁོར་འོག་ཏུ་ཐོད་པའི་ནང།། གྲི་སྙིང་སྔགས་བཅུག་དར་ནག་བཅས།། དེའི་སྟེངས་པར་ཁང་ལུག་སྙིང་དུ།། རྩ་དབུས་གུར་གུམ་ཨ་མྲི་ཏ།། གཡས་པ་མིང་རུས་ལིང་ག་བྲིས།། གཡོན་དུ་སྲོག་སྙིང་རྣམ་པ་གསུམ། ། དེའི་སྟེངས་དཀྱིལ་འཁོར་གྲུ་བཞི་པ།། སྒོ་བཞིར་མཆོད་རྟེན་རེ་རེ་བཞག། དབུས་སུ་ཧྲི་བྲིས་ཐམ་སྔགས།། ཕྱི་རྟེན་ཐང་སྐུར་རབ་ཏུ་གནས།། ནང་རྟེན་ལུག་ནག་གཡང་གཞི་ལ།། མི་སྙིང་ལུག་སྙིང་བརྒྱན་པར་བྱ། ། ཕྱི་ཡི་དམ་རྫས་དཀར་གསུམ་མངར།། ནང་གི་ལ་དུལ་ཕུག་དང།། འབྲུ་ཆང་ཉ་ཤ་བཙོང་ལ་སོགས།། གསང་བའི་གཏོར་མ་ཤ་ཁྲག་དབུལ།། ཕྱི་བསྒྲུབ་ཐུན་དང་དང་ཟོར་གྱིས་བསད།། ནང་བསྒྲུབ་ཐོད་པ་གའུའི་ནང། ། སྔགས་བྲིས་པར་བུར་བསྐོར་བར་བྱའོ།། གསང་བསྒྲུབ་གྲུ་བཞི་ལྟོ་བ་ལ།། སྲོག་སྔགས་བླ་རྡོ་བཅས་ནས་ནི།། སྲིལ་བྱེད་ཕྱག་ཆས་གཟིར་བར་བྱ།། ཕྱི་བསྒྲུབ་བོད་རྦད་བསད་པ་གསུམ། ། ནང་བསྒྲུབ་གཅིག་ཏུ་དྲིལ་ལ་བཟླས།། བསད་རྦད་བོད་པ་དཀྲུགས་པའོ།། གསུང་བསྒྲུབ་སྲོག་སྔགས་བཟློག་པ་ཉིད།། ཕྱི་སྐོངས་མདོས་ཀྱིས་བསྐང་བར་བྱ།། ནང་གི་གཏོར་མ་བདུད་རྩི་ལ། ། གསང་བ་ཚོགས་ཀྱིས་སྐང་བར་བྱ།། ཕྱི་རྟགས་བཙན་པོ་མི་ཆེན་སོགས།། ནང་རྟགས་མོན་དང་ཨ་ཙ་ར།། གསང་བ་ལས་བྱེད་གསོད་བྱེད་འབྱུང།། བསྙེན་དུས་ཟླ་གཅིག་ར་བ་བཞི།། བསྒྲུབ་པ་ཟླ་གཅིག་འབྲེང་པོ་བཞི། ། བསད་པ་བཟླ་གཅིག་ཐ་ཆུང་བཞི།། འབོད་དང་རྦད་དང་བསད་པར་བྱ།། ཕྱི་རྟགས་ཆས་གོས་ནག་པོར་བྱ།། ནང་རྟགས་ཁྱི་ནག་ལུག་ནག་རྟེན།། གསང་བ་ཐོད་པ་སྐུ་གཟུགས་སྙིང།། ཨོཾ་ཤྲཱི་མཧཱ་ཀཱ་ལ་ག་ན་མེ་ཏི་གོ་ལ་ཛ་ཧཱུ~ཾ་བཾ་ཧོ། ། འབོད་པ་དེའི་ཕྱི་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལ་རགྴ་དུ་བེ་ནི་ཛ། རྦད་པ་གྲུབ་པ་དེ་ནང་གི་སྔགས་སོ།། ཨོཾ་སྲོག་གོ་རུ་ཏ་ཧཱུ~ཾ་བྷྱོ་རྦད།། མུན་ནག་ཤི་བྷྱོ། མུན་ཤི་བྷྱོ།། ཐུམ་རིལ་ལི་ལི་མ་ར་ཡ་རྦད། ། གསང་བ་བསད་པའི་སྔགས་སོ།། བྷ་ལིང་རག་ཏ་ཁ་ཧི་ཁ་ཧི།། འབོད་རྦད་བསད་དུས་སུ་གཏོར་མ་འབུལ་ལོ།། ཕྱི་བསྐུལ་རྒྱལ་པོ་བཞི་ནས་བསྐུལ།། ནང་རིམ་དམ་ཅན་བསྲུང་མར་བསྐུལ།། གསང་བ་འཕྲིན་ལས་མཛད་པར་བསྐུལ། ། ཧཱུ~ཾ། ཉི་མ་བྱང་ཤར་མཚམས་ན་བཞུགས་པའི་ཚེ།། རླུང་ནག་དགུ་ཀློང་འཁྱིལ་བའི་དཀྱིལ་འཁོར་ནས།། ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས།། འཁོར་དུ་མ་མོ་ནག་མོ་འབུམ་གྱིས་བསྐོར། ། ཞལ་གཅིག་ཕྱག་ནི་བཞི་པ་སྟེ།། ལྕགས་ཀྱི་རལ་པ་བསེ་གདོང་ཅན།། བསེ་ཡི་སྲེ་མོ་གཡུ་སྨིན་ཅན།། གསེར་མགོ་ལྕགས་ཀྱི་སྨྲ་ར་ཅན།། དུང་གི་མཆེ་བ་ལེའུ་བརྒན་ལྗགས།། གཡས་ན་ཙན་དན་བེ་ཙོན་དང། ། ལྕགས་ཀྱི་བར་ཤད་རྣོན་པོ་བསྣམས།། གཡོན་ན་དར་ནག་ལྕགས་སྒྲོག་བསྣམས།། ཕྱི་ཡི་ཆོས་འཁོར་སྐྱོང་བའོ་ཚེ།། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ།། སྤྱན་མིག་བཟང་དང་རྣམ་ཐོས་སྲས།། རྒྱལ་ཆེན་སྡེ་བཞི་འཁོར་དང་བཅས། ། ནང་གི་དམ་ཚིག་བསྲུང་བའི་ཚུལ།། བདུད་བཙན་རྒྱལ་པོ་སྣང་ཡང་འདྲེན།། གསང་བའི་འཕྲིན་ལས་མཛད་ཙམ་ན།། བདུད་དང་མ་མོ་རྒྱལ་བཙན་ཀུན།། བསྡུས་ཤིང་སྡོངས་ནས་བསྟན་པ་བསྲུང། ། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས།། ཕོ་ཞེ་སྡང་གི་བདག་ཉིད་སྲོག་ཏུ་སྒྲུབ་པ་ལས།། མགོན་པོ་བསེ་གདོང་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མ་རུངས་པ་གནས་ནས་གཟིར་བའི་སྲོག་མཐུ་འདི་གསུངས་སོ།། དང་པོར། བསྙེན་པ་ཐེམས་པ་ཡིས།། དབེན་པའི་གནས་སུ་འདུག་ནས་ནི།། བུ་ཆུང་པགས་པའི་གླུད་བུ་ལ། ། ཕོ་མོའི་འཁོར་ལོ་གཉིས་བྲིས་ནས།། ཕོ་ནི་གྲི་གུག་ཐོད་པ་འཛིན།། མོ་ནི་མེ་ལོང་སྦྲུལ་ཞགས་ཐོགས།། རང་རང་འཁོར་ལོ་ལྟེ་བར་གནས།། འཁོར་ལོ་དྲུག་ལ་མིང་སྲིང་དྲུག། སྔོན་པོ་ལག་པ་སྦྲེལ་བར་བྲི། ། འཁོར་ནི་བཅུ་བདུན་དམར་པོ་ནི།། ལག་སྦྲེལ་འཁོར་ལོ་བཅུ་བདུན་བྲི།། ཁ་སྦྱར་བར་དུ་དགྲ་གཟུགས་ནི།། ཕྱེདཔ་ཐོན་ཙམ་བྱས་ནས་ནི།། ཤིང་དམ་རྫ་སའི་ག་འུ་ནི།། དམར་པོ་ཁ་སྦྱོར་ནང་དུ་གཞུག། སྟེང་དུ་ལྕགས་ཀྱུ་དམར་པོ་གཟུགས།། མཎྜལ་ཟླུམ་པོ་སྟེང་དུ་བཞག། ཕག་རྒོད་ཤ་ཡི་གཏོར་མ་ཡང།། དེ་ཡི་མདུན་དུ་བཞག་པར་བྱ།། དེ་མཐའ་དམར་པོའི་གཟུགས་ཀྱིས་བསྐོར།། འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་གིས། ། དེ་ཡི་མཐའ་མ་བསྐོར་བར་བྱ།། ཕྱི་རིམ་སྣ་ཚོགས་ཤ་ཡིས་བསྐོར།། དེ་རྣམས་དར་དམར་གུར་གྱིས་དབུབ།། སྔགས་ནི་བྲི་དང་བཟླས་པ་སྟེ།། ཞག་གསུམ་དག་ནས་ཆོ་འཕྲུལ་ཡོད།། ལྔ་ཡི་ནུབ་མོ་ཁོ་རང་ཡོང། ། དེ་ཡི་གསང་སྔགས་བཤད་ཀྱིས་ཉོན།། ཀཱ་ལ་རཱ་ཏྲི་ཡེ་ཆེ་གེ་མོ་མ་ར་ཡ་ཕཊ།། ཕོའི་གཟུགས་ཀྱི་སྙིང་ཁར་བྲིའོ།། མ་ཧཱ་ར་ཀཱ་ལ་རཱ་ཏྲི་ཡེ་ཆེ་གེ་མོ་མ་ར་ཡ་ཕཊ།། མོའི་གཟུགས་ཀྱི་སྙིང་ཁར་བྲིའོ། ། ཧྲཱི་ཛ་མ་ཧཱ་ཀཱ་ལ། ནརྀ་ཀ་པ་ལ་ཡེ།། རཱ་ཏྲི་ཧ་ཏི། རོ་ཧ་སྟི་བ།། དན་དྷ་རུ་པ།། ཡཾ་ཨེ་ཛ། དུས་མཚན་ཕོ་དགུག་པའོ།། ཧྲི་ཛ་མ་ཧཱ་ཀཱ་ལི་ལུ་མ་ར་པ་ཏྲ་མ་ཨེ་ལཾ་ཨེ་ཛ་མོ།། དགུག་པའོ།། ཀ་ལི་ཏྲིདྷ་ན་ཆི་ཀ་པ་ལ་བྷ་ལིང་ཁ་ཧི། གཏོར་མ་དབུལ་བའོ།། ནག་པོ་ལུས་པོ་སྤུ་ཡིས་གང།། སྤྲེའུ་གདོང་མིག་སེར་མཆེ་བ་རྣོ།། སོ་ནག་སེན་མོ་རབ་ཏུ་རྣོ།། སྐྱེ་ལ་རུས་པའི་ཁོལ་ཐག་ཅན།། ཁ་ནས་བཤུགས་པའི་གླུ་ལེན་ཅིང།། ལག་ན་མི་ཐོད་ཁྲག་བཀང་འཐུང། ། སྤྱིའུ་ཚུགས་དྲག་ཏུ་འགྲོ་བ་ནི།། གང་དམིགས་གནས་སུ་ཡུད་ཀྱིས་ཕྱིན།། བསྒོམས་ནས་གསང་སྔགས་བཟླས་པར་བྱ།། དང་པོའི་ནུབ་མོ་མཚན་མ་ནི།། སྐྲ་མེད་མགོ་བོ་རས་གཏུམས་ཡོང། ། དེ་ལ་མ་འཇིགས་བཟླས་པ་ཡིས།། གཉིས་པ་ཕག་རྒོད་མགོ་ཅན་ང།། དེ་ལ་མ་འཇིགས་གསུམ་པ་ན་མི་ལུས་འབག་གི་མགོ་ཅན་ཡོང།། དེ་ལ་མ་འསྔིགས་བཟླས་པ་ཡིས།། བཞི་པར་གནས་ཁང་འབག་གིས་འགེངས། ། མགོ་བོ་རས་ཀྱིས་ཕུར་ནས་ནི།། དེ་དག་ལ་གནས་ཐོགས་པ་ཡང།། མེ་ལོང་ཁྲམ་སྡེའུ་དཀར་ནག་དང།། དབྱུག་པ་རལ་གྲི་ཞགས་པ་དང།། བྱ་མགོ་གླུད་བུ་ལྕགས་ཀྱུ་དང།། མི་རོ་སྐྱེལ་པ་ཇོན་དམར་དང། ། མཚོན་གྱི་གྲུ་གུ་ལ་སོགས་ཐོགས།། ཧ་ཧ་ཅི་ཟ་ཟིར་ནས་ནི།། རང་གི་ལག་པ་འཐེན་དུ་ཡོང།། དེ་ལ་མ་འཇིད་བཟླས་པ་ཡི།། ལྔ་ཡི་ནུབ་མོ་དར་ཅིག་ན།། མི་ནག་ཆེན་པོ་སྤྱི་གཙུག་འགྲོ་ལུས་པོ་ཐམས་ཅད་སྤུ་ཡིས་གང། ། ཧ་ཧ་ཅི་བྱ་ཟེར་ནས་ཡོང།། ཕག་རྒོད་གཏོར་མ་སྦྱིན་ནས་ནི།། དམ་ལ་བཏགས་ནས་མི་སྣང་འགྱུར།། དེ་ནས་ལསལ་སྦྱར་བྱ་བ།། གྲུ་གསུམ་ནག་པོ་བཅས་པའི་ནང།། ག་འུར་བཅུག་ལ་དགྲ་ཡིས་གཟུགས། ། མེ་ལོང་ནང་དུ་འཆར་བར་བྱ།། རང་ལུས་ཕག་རྒོད་ཚིལ་བུ་དང།། ཐལ་ཆེན་སྦྱར་བས་བྱུག་པར་བྱ།། ཉིན་ཞག་བདུན་དུ་བཟླས་པར་བྱ།། ཧྲི་ཛ་མ་ཧཱ་ཀ་ལ།། ནརི་ཀ་པ་ལ་ཡེ། རཱ་ཏྲི་ཧ་སྟི་རོ་ཧ་སྟིབ། ། དྷ་ན་ད་ཏུབ་པ། ཡཾ་ཨེ་ཛ་ཆེ་གེ་མོ་མ་ར་ཡ་ཕཊ།། ཉིན་མོ་བཟླས་སོ།། ཧྲི་ཛ་མ་ཧཱ་ཀ་ལི།། ལུ་མ་རད་ཏྲ་མ་ཨེ་ཡཾ་ཨེ་ཛ། ཆེ་གེ་མོ་མ་ར་ཡ་ཕཊ།། མཚན་མོ་བཟླས་སོ།། གལ་ཏེ་འགྲུབ་པར་མ་གྱུར་ན། ། སྔགས་བཟློག་བླ་རྡོ་གནད་ལ་དབབ། ཕ་ཝང་ལོང་བུ་ཧྲི་བྲིས་དང།། མཆོང་སྨུག་པོ་ལ་ཛ་བྲིས་དང།། ཐོད་ལོ་ཀོར་ལ་ཧྲི་བྲིས་ནས།། འཁོར་ལོ་ནང་དུ་དྲིལ་བྲས་ལ།། ཉུངས་དཀར་དང་ཉུངས་ནག་གཉིས།། གུ་གུལ་ཆུ་ནས་བཏོན་ལ་བྲབ། ། སྲོག་སྔགས་མགོ་མཇུག་བཟློག་བྱས་ནས།། དུས་མཚན་གནད་ལ་འབེབས་པར་བྱེད།། པདྨ་དབང་ཆེན་དྲེགས་པ་ཅན་ཟིལ་གྱྀས་གནོན་པའི་རྒྱུད་ལས།། ཞེ་སྡང་ཕོའི་བསྒྲུབ་པ་ལས་དུས་མཚན་ནག་མོ་བསྒྲུབ་པ་སྟེ་ལེའུ་བཅུ་གསུམ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་མ་རུངས་པ་གནད་ནས་གཟིར་བའི་སྲོག་སྔགས་འདི་གསུངས་སོ།། ཤིན་ཏུ་དབེན་པའི་གནས་ཉིད་དུ།། དཀྱིལ་འཁོར་འཁོར་ལོ་རྩིབས་དྲུག་པ། ། དབུས་ཀྱང་གྲུ་གསུམ་ཐོད་པའི་ནང།། དགྲ་ཡི་ལིང་ག་བཞག་པར་བྱ།། རྩིབས་དྲུག་དག་ལ་ཕུར་པ་དགོད།། རྟེན་པ་བྱ་རྒོད་མདའ་ལ་ནི།། དར་ནག་གྲི་སྙིང་བཏགས་པ་དང། ། གཉུག་རྒོད་སྐུ་དང་དར་བཏགས་རྟེན།། ཤ་ཁྲག་གཏོར་མ་བཟང་དུ་བྱ།། དེ་ནས་ཏིང་འཛིན་རྣམ་གསུམ་ལས།། མ་ཧཱ་ཀཱ་ལ་ཞལ་གཅིག་པ།། གཡས་ན་ཙན་དན་བེང་ཆེན་བསྣམས།། གཡོན་པ་ཐོད་ཁྲག་རྒྱུ་ཞགས་སྡོག། རང་བཞིན་གནས་ནས་སྤྱན་དྲངས་ནས།། བསྟིམ་སྟེ་མཆོད་པ་དབུལ་བར་བྱ།། ཨོཾ་མ་ཧཱ་ཀཱ་ལ་གུ་ན་ཧྲི་ད་ཧཱུ~ཾ། བསྙེན་པའོ།། མ་ར་ནི་ཛ། སྙིང་ལ་ཐུ་ལི།། ལུས་ལ་རྦད་པུ་ནི་ཤ་ག་ཛ་ཛ།། བསྒྲུབ་པའོ། ། ཨོཾ་མ་ཧཱ་ཀ་ལ་ཐུཾ་ལིང་ཐུཾ་རིལ་རྦུད་བུ་ནི་ཛ། སྙིང་ལ་ཡ། ཏྲག་རག་ཤ་ལ་ཐུ་རིལ་རྦད། སྙིང་རྩ་ལ་ཛ་ཛ། ལས་སྦྱོར་རོ།། སློབ་དཔོན་དང་ནི་ཨ་ཙ་ར། དྲིལ་བུའི་སྒྲ་དང་གནས་ཁང་འཚེག། འོད་དང་མི་ནག་བྱ་ནག་དང། ལིང་བྱེད་སེམས་ཅན་གསོད་པ་དང།། ཤ་ཟ་ཞིང་བཅུ་ཁྲག་འཐུང་བ།། ལས་རྣམས་གྲུབ་པས་སྦྱིན་སྲེག་བྱ།། ཐལ་བ་གནན་ནམ་རླུང་ལ་ཕྱར།། ཨོཾ་ཙན་ཌ་མ་ཧཱ་ཀཱ་ལ་བཛྲ་ཤྲི་ནི།། ཨི་དཾ་བྷ་ལིང་གྲིཧྣ་ཐིཧྞ་ཡ་སྭཱཧཱ། གཏོར་མ་དབུལ་ལོ།། གུ་ཧྱ་ཤ་ཏྲུཾ་ས་མ་ཡ་སྭཱཧཱ། བསང་ཆུ་དབུལ་བའོ།། རག་ཏ་ཙི་ཏ་ཤོ་དྷ་སྭཱཧཱ། རག་ཏ་དབུལ་བའོ།། བ་ལིང་མ་ཧཱ་ཤ་ཏྲུཾ་སྭཱཧཱ། གཏོར་མ་དབུལ་བའོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦྦ་ཤ་ཏྲུཾ།། རུ་བ་ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན་ཧཱུ~ཾ་ཕཊ།། ཆེ་གེ་མོའི་སྲོག་རྩ་ལ་མ་ར་ཡ་ཁའི། སྲེག་རྫས་དབུལ་བའོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས།། ཞེ་སྡང་ཕོའི་བསྒྲུབ་པོ་ལས་མགོན་པོ་ཀ་ཐུན་ནག་པོའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེ་སྡང་ཕོའི་བསྒྲུབ་པས་སྦྱོར་བ་སྡུད་པ་འདི་གསུངས་སོ།། རང་གི་སྙིང་ཁར་བསམ་བྱ་བ།། ཨ་ལས་ཟླ་བའི་དཀྱིལ་དུ་ཧཱུ~ཾ། ། དེ་ལས་རྡོ་རྗེ་ལྟེ་བར་ཧཱུ~ཾ།། དེ་ཡི་འོད་ཀྱིས་རང་གི་ལུས།། སྦྱངས་ནས་འོད་ཀྱི་ཕུང་པོར་གྱུར། དཔེར་ན་ནམ་མཁའི་འཇའ་ལྟ་བུ།། ངག་ཏུ་ཨོཾ་ཨཾ་ཞེས་བརྗོད་པས།། གྲུབ་པའི་གནས་ནས་སྤྱན་དྲངས་པས།། རང་ལུས་འོད་དང་གཉིས་མེད་འདྲེས། ། འཕགས་པ་སྣོད་འཛིན་མདོག་ནག་པོ།། བྱིས་པའི་གཟུགས་ཅན་སྦྲུལ་གྱིས་བརྒྱན།། གཡས་ན་ཐོད་པ་ཁྲག་གིས་བཀང།། གཡོན་ན་ནེའུ་ལེའི་རྐྱལ་བ་བསྣམས།། ནོར་འཛིན་སེར་པོའི་གདན་སྟེངས་ན། ། སྟག་གི་ཤམ་ཐབས་བརྐྱང་བསྐུམ་བཞུགས།། དེ་ནས་ལག་པར་ཡི་གེ་དགོད།། གཡས་པའི་མཐིལ་དུ་ཨོཾ་ཡིག་ལས།། བུམ་པ་བཟང་པོ་ཨོཾ་གྱིས་བརྒྱན།། བུམ་པའི་རྩི་བར་ཛཾ་ཡིག་ལ། མཛུབ་མོ་བྷ་ལ་གུང་མོར་ལ། སྲིན་ལག་ཛ་ལ་མཐེའུ་ཆུང་ལེན།། མཐེ་བོང་རྩ་བར་དྲ་ཡིག་བཀོད།། ནོར་བུ་འཆིང་བའི་དབུས་སུ་ཡི།། གཡོན་དུ་སྭཱ་སྟེ་གཡས་སུ་ཧཱ། དེ་ནི་ཡི་གེ་བཀོད་བསམས་ནས།། སྔགས་འདི་ལན་བདུན་བརྗོད་པ་ཡིས། ། རང་གི་ཁ་ལག་བྱིན་གྱིས་བརླབས།། ཨོཾ་ཨིན་དྲ་ནི་མུ་ཁཾ་བྷྲ་མ་རི་སྭཱཧཱ། ཁ་ལ་ལག་རེག་ལན་བདུན་བཟླས།། དེ་ནས་རང་གི་ཐུགས་ཁ་ནས།། ཕྱུང་ནས་བདུན་གྱིས་སྣོད་ནང་བཞག་ཆུ་ཡི་རྒྱུན་ནི་མི་འཆད་པར། ། རང་གི་ལག་པ་ན་བླུག་པས།། རང་གི་ཁ་ནས་བྱུང་བའི་ཆུ།། རང་གི་ལག་པ་དག་ཏུ་བབས། དེ་ནས་སྣོད་འཛིན་ཞལ་དུ་སྦྱིན།། ཨོཾ་ཛཾ་ལུམ་པ་ནི་སྭཱཧཱ། དེ་ནས་མཆོད་པ་རྣམ་ལྔས་མཆོད། ། སྔགས་འདི་བརྒྱ་རྩ་བརྒྱད་དུ་བཟླས།། ཨོཾ་ཛཾ་བྷ་ལ་ཛ་ལེན་དྲ་ཡེ་སྭཱཧཱ།། རང་གི་སྲིན་ལག་སྦོམ་པོ་ཡིས།། ཆུ་ཡི་ནང་ནས་སྣོད་འཛིན་བླངས།། རང་ངམ་སྐུ་གཟུགས་དག་ལ་བསྟིམ།། ཆུ་དེ་ནོར་ལ་སྦྱིན་པར་བྱ། ། གཏོར་མ་གཙང་མའི་ས་ལ་བཏང།། ཆུ་སྦྱིན་བྱ་བའི་དུས་ཚོད་ཡང།། བདུད་ཀྱི་ལས་བྱེད་དུས་ཡིན་པས།། སྲོད་ཀྱི་དུས་སུ་བྱ་བ་མིན།། བདུད་ནོར་ཁྱི་དང་བྱ་རོག་ནི།། ཡོད་པའི་སར་ནི་བྱ་བ་མིན། ཆུ་སྦྱིན་ཆག་ན་བསབ་བར་བྱ། ། རྣལ་འབྱོར་བསྒྲུབ་པ་ཕུན་སུམ་ཚོགས།། བློ་ཆུང་རྣམས་ལ་ཕན་གདགས་ཕྱིར།། ངས་ནི་ཁྱེད་ལ་གསལ་བར་བཤད།། ཅེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས། ། འཕགས་པ་སྣོད་འཛིན་སྒྲུབ་པ་སྟེ་ཕོ་ཞེ་སྡང་གི་བདག་ཉིད་ལ་ས་ཞི་བ་ནོར་སྒྲུབ་པ་སྟེ་ལེའུ་བཅོ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕོ་ཞེ་སྡང་གི་བདག་ཉིད་ཀྱིས་ལོངས་སྤྱོད་རྣམས་འཕེལ་བར་བྱེད་པའི་བསྒྲུབ་པ་འདི་དག་གསུངས་སོ། ། བསྒྲུབ་པའི་གནས་ནི་ནགས་ཁྲོད་དམ།། མ་མོའི་ཁྱིམ་དང་ཉམས་དགའི་སར་འབད་པས་བྲིས་སྐུ་བཞེངས་ནས་ནི།། དེ་ཡི་མདུན་དུ་མཎྜལ་དང།། གཏོར་མ་མཆོད་པ་བཤམ་པར་བྱ། ། ལ་ཕུག་ཟས་ཀྱང་དེ་ལ་དབུལ།། ཐོག་མར་གདན་ལ་འདུག་ནས་ནི།། ཆོས་རྣམས་སྟོང་པར་གནས་པ་ལས།། ཉི་མའི་སྟེང་ནག་དམར་གནས།། འོད་འཕྲོས་སེམས་ཅན་ཚོགས་དག་གྱུར། ། འདུས་ནས་ཡི་གེ་ག་ལ་ཐིམ།། ལ་ཕུག་ཤིན་ཏུ་བཟང་པོར་གྱུར།། དེ་ལས་ཚོགས་ཀྱི་བདག་པོའི་སྐུ།། དམར་པོ་ཞལ་གཅིག་བཅུ་གཉིས་ཕྱག། གཡས་པ་དགྲ་སྟ་གཏུན་ཤིང་དང།། མདའ་གཞུ་ཀ་ཊྭཱཾ་ལྕགས་ཀྱུ་དང། ། ཁྲག་གིས་བཀང་བའི་ཐོད་པ་བསྣམས།། གཡོན་པ་རྡོ་རྗེ་རལ་གྲི་ཞགས།། ཐོད་པ་ཕུབ་ཆུང་རྩེ་གསུམ་དང།། འཕང་མདུང་བསྣམས་པས་བཅུ་གཉིས་འཛིན།། བྱི་ལ་སྔོན་པོའི་ཁྲི་སྟེངས་ན།། རོལ་བའི་སྟབས་ཀྱིས་ཡང་དག་གནས། ། དེ་ནས་གསང་སྔགས་རབ་བཤད་བྱ།། སྔགས་ཀྱི་རྒྱལ་པོ་འདི་ཡིན་ནོ།། ཨོཾ་ག་ག། སིདྷ་སིདྷ། སརྦ་ཨརྠ་མི་པྲ་སཱ་དྷ་ཡེ་ཧཱུ~ཾ་ཧཱུ~ཾ་ཛ་ཛ་ཛ་སྭཱཧཱ། ཚོགས་བདག་འགུགས་པའི་སྔགས་སོ།། ཨོཾ་ཨ་ག་ཧཱུ~ཾ་ཧྲི་སྭཱཧཱ། བཟླས་པའི་སྔགས་སོ།། ཨོཾ་ཨག་ཧྲིགྷ་ན་བ་ཏི་བ་ར་ཏ་ཀ་སྭཱཧཱ་ཧཱུ~ཾ། བསྒྲུབ་པའི་སྔགས་སོ།། སྟོང་ཕྲག་བརྒྱ་ཡིས་གྲུབ་པར་འགྱུར།། གསང་སྔགས་བཟླས་པའི་མཆིལ་མ་ཡིས།། དཔྲལ་བར་ཐིམ་ལེ་རབ་བྱས་ན། ། བགེགས་རྣམས་མཐོང་ན་སྐྲག་པ་དང།། རྒྱལ་པོས་མཐོང་ན་དགའ་བ་སྟེ།། འགྲོ་བས་མཐོང་ན་དབང་དུ་འགྱུར།། འདོད་པའི་རྫས་རྣམས་རབ་ཏུ་སྟེར།། ཞེ་སྡང་པ་དག་པོ་ཆགས་པའི་གཙོ།། སྟོང་ཁམས་མ་ལུས་དབང་དུ་འགྱུར། ། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས།། ཕོ་ཞེ་སྡང་གི་བདག་ཉིད་ལས་ལོང་སྤྱོད་བསྒྲུབ་པ་སྟེ་ལེའུ་བཅུ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་མོ་ཆགས་པའི་བདག་ཉིད་ལས་དྲག་པོར་བསྒྲུབ་པ་འདི་གསུངས་སོ། ། རྒྱ་གྲམ་ལམ་དང་དུར་ཁྲོད་དང།། ཤིང་གཅིག་དྲུང་ངམ་ཁང་སྟོང་གནས།། དུས་ནི་ཟླ་བ་མར་ངོ་ཡི།། ཉི་ཤུ་གསུམ་མམ་བརྒྱད་དགུའི་དུས།། མུན་སྲོས་དག་ལ་འཇུག་པར་བྱ། ། དེར་ནི་མཎྜལ་གྲུ་བཞི་པ།། ཕྱོགས་རེར་ཁྲུ་གང་སོར་བཞི་བྱ།། དུར་ཁྲོད་ཐལ་བ་སོལ་ཆེན་དང།། བ་གླང་ལྕི་བ་བསྲེས་ལ་བྱུག། དཀྱིལ་དུ་ལུག་ནག་ཁྲག་གིས་ནི།། གྲུ་གསུམ་གཉིས་བརྩེགས་བྲི་བར་བྱ། ། གྲུ་གསུམ་དྲུག་པོ་དེ་དཀྱིལ་དུ།། པདྨ་འདབ་བརྒྱད་བྲིས་ནས་ནི།། བདག་ཉིད་ལྷོ་རུ་ཁ་ལྟས་ནས།། ནག་པོའི་གདན་ལ་གནས་བྱས་ནས།། པདྨའི་དབུས་སུ་བསམ་བྱ་བ།། རི་དམར་ཉི་མའི་གདན་སྟེང་དུ། ། ཙ་ཡིག་དམར་པོ་ལས་སྐྱེས་པའི།། གཏུམ་མོ་དམར་མོ་ཞལ་གཅིག་མ།། སྤྱན་གསུམ་དབུ་སྐྲ་གྱེན་དུ་འཁྱིལ།། སོ་རྣོན་ལྕེ་ནི་རྣམ་པར་འཁྱིལ།། ཕྱག་བཞི་གཡས་ཀྱི་དང་པོ་ན།། གྲི་གུག་གཉིས་པར་གློ་བའི་ཤ། ། གཡོན་པ་ཐོད་པ་ཁྲག་གིས་བཀང།། གཉིས་པ་ན་ནི་ཏྲི་ཤུལ་བསྣམས།། རྣ་རྒྱན་མགུལ་རྒྱན་དཔུང་རྒྱན་དང།། ཕྱག་གདུབ་ཞབས་གདུབ་སྨུ་རེགས་རྒྱན། སྦྲུལ་གྱི་དོ་ཤལ་ཚད་སྐུད་བྱས།། སྟག་གི་པགས་པའི་ཤམ་ཐབས་མཛེས། ། རོ་ཡི་སྟེང་ན་གར་བྱེད་བསྒོམ།། མདུན་དུ་མར་མེ་གཡས་སུ་སྦོས།། དེ་ལ་གཏོར་མ་དབུལ་བ་ནི།། ཚུལ་ཁྲིམས་ལྡན་པའི་ཐོད་པ་རུ།། ཤ་ཆེན་ཟན་དང་ལུག་ནག་ཁྲག། གཏོར་མ་རབ་ཏུ་བཟང་བར་བཤམས། ། དེ་ནས་རང་ལུས་བསྲུང་བ་ནི།། དཔྲལ་བར་ཨོཾ་ལ་སྤྱི་བོར་ཨཱཿ། རྒྱབ་ཏུ་ཧཱུ~ཾ་ལ་མིག་གཉིས་ཧྲིཿ་དཔུང་པ་གཉིས་སུ་ཡི་གེ་མ།། སྙིང་ཁར་ཕཊ་ཅེས་བྱ་བ་བཀོད།། ཨོཾ་ཨཱཿཧཱུ~ཾ་ཧྲིཿམཾ་ཕཊ།། དེ་ནས་དང་པོར་རང་ལ་མཆོད། ། ལག་པ་གཡོན་པས་མེ་ཏོག་དབུལ།། གཡས་པས་མར་མེ་བདུག་སྤོས་མཆོད།། མཆོད་པ་རེ་ལ་སྔགས་རེས་དབུལ།། དེ་འོག་མདུན་གྱི་ལྷ་མོ་མཆོད།། དེ་ལ་མཆོད་པས་མཉེས་པར་བསམ། ། དེ་ནས་ཏིང་འཛིན་མ་བྲལ་བར།། གསང་སྔགས་ཁྲི་ཚོ་གསུམ་དུ་བཟླས།། ཨོཾ་ཙརྣི་ཀི་ཨཾ་བཾ་གི་མ་ཧཱ་ཀ་ལི་ཀྲོདྷ་བ་ཊཝ་ཐཾ་ད་ནི་བིང་ཀ་ལ་ནི་ཧྲིང་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། མཱ་ར་ཡ་མཱ་ར་ཡ། མ་མ་ཤ་ཏྲུན་ཀུ་རུ་ཀུ་རུ། མ་མ་ཀཨཱ་རྱཾ་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ། ཐུན་མཚམས་དག་ཏུ་གཏོར་མ་ནི།། སྔགས་འདིས་དབུལ་བར་བྱའོ།། ཨོཾ་ཀྵི་ཀྵི་ཏྲ་པ་ལ་མ་ཧཱ་ཀཱ་ལ་ཧཱུ~ཾ་ཧཱུ~ཾ་ཕཊ།། དེ་ནས་སྦྱིན་སྲེག་མཆོད་པར་བྱ།། རག་ཏའི་དཀྱིལ་འཁོར་ཕྱི་རོལ་སྟེང།། སྲེག་རྫས་སྐྱེ་ཚེ་མར་ནག་སྲེག། རྡོག་པོ་རེ་ལ་བསྙེན་པའི་སྔགས།། ཁྲི་ཁྲི་བཟླས་ནས་དུར་ཁྲོད་ཤིང།། ཚེར་མ་ཅན་གྱི་མེ་ལ་སྲེག། དེ་ནས་ལས་ལ་སྦྱར་བ་ནི།། ཚ་དང་དུག་དང་སྐྱེ་ཚེ་དང།། བསྒྲུབ་བྱའི་རྫས་དང་ལུག་ནག་ཁྲག། བསྲེས་ནས་དགྲ་བོའི་གཟུགས་བྱས་ལ།། དེ་ཡི་སྙིང་ཁར་མིང་རུས་གཞུག། ལུག་ནག་ཁྲག་གིས་ལན་བདུན་བྱུག། དེ་ནི་གཏོར་མའི་ནང་དུ་བཞག། གསང་སྔགས་ཉི་ཤུ་རྩ་གཅིག་བཟླས།། གཟུགས་ལ་མཆིལ་མ་སྔགས་ལེན་གདབ། ། དུར་ཁྲོད་ཤིང་དང་ཚེར་ཅན་ཤིང།། མེ་བཏང་གཟུགས་དེ་མ་ཟད་བར།། བསྲེག་ནས་གནོད་བྱེད་གཞན་ཡང་བསྲེག། དེ་ཡི་བསད་སྔགས་འདི་གསུངས་སོ།། ན་མ་ས་མན་ཏ་ཀཱ་ཡ་བཱག་ག་ཙིཏྟཱ་བཛྲ་ན་ན། ཨོཾ་ཁ་ཁ་ཁ་ཧི་ཁ་ཧི། སརྦ་དུཥྟ་ན་ས་ཏྭ་ད་མ་ཀ། ཨ་སི་མུ་ས་ལ་བར་ཤོ་བ། བ་ཤ་ཧ་ཧ་ཙ་རུར་འབུན་ཛ། ཙ་ཏུར་མ་ཁ་ཤ་ཙར་ན། ཨཱ་གཙྪ་ཨཱ་གཙྪ། ཆེ་གེ་མོ་ཐམས་ཅད་ཀྱི་དྲན་པ་ཧ་རི་ནི།། མ་ཧཱ་པ་འགན་འག་ཏ་རེ་རེ་གེ་བེ་ཧ་ནན། ཆེ་གེ་མོ་ཐམས་ཅད་ལ་བྷ་ཡཾ་ཀ་ར། ཨཊྚ་ཊྚ་ཧ་ས་ན་དེ་ནི། གོ་རོ་གོ་རོ། སརྦ་ཀརྨ་ན་ཚིན་ད་ཝ་ཚིན་ད། སརྦ་མན་ཏྲན་བན་དྷ་བན་དྷ་པ་ར་མོན་ཏྲན། ཆེ་གེ་མོ་ཐམས་ཅད་ཨཱ་ཀར་ཤ་ཡ་ཨཱ་ཀར་ཤ་ཡ། ཆེ་གེ་མོ་ཐམས་ཅད་ད་ནེ་ར་སྨ་ཐ་ནེར་མ་ཐ། པྲ་བི་ཤ་ཡ་པྲ་བི་ཤ་ཡ། མ་ལ་མ་ཛི། ཆེ་གེ་མོ་ཐམས་ཅད་ཀྱི་འཇའ་ཧཱ་ནཱ་ཀ་ར། ཀུ་རུ་ཀུ་རུ། མ་མ་ཀིརྱཾ། ཆེ་གེ་མོ་ཐམས་ཅད་ཀྱི་འཛའ་ཧཱ་ན་ཀཱ་ར། ཀུ་རུ་ཀུ་རུ་མ་ཀ་ཏྱཾ། ཆེ་གེ་མོ་ཐམས་ཅད་ཧ་ཧ་ད་ཧ། ཆེ་གེ་མོ་ཐམས་ཅད་པ་ཙ་པ་ཙ། མཱ་མི་ལམ་པ་མཱ་མི་ལཾ། ས་མ་ཡ་མ་ནུ་སྨ་ར་ས་མ་ཡ་མ་ནུ་སྨ་ར་ཧཱུ~ཾ་ཧཱུ~ཾ་ཕཊ།། སྥོ་ཊ་ཡ་སྥོ་ཊ་ཡ། ཆེ་གེ་མོ་ཐམས་ཅད་ནཱ་ཤ་ཡ་ནཱ་ཤ་ཡ། ། ཧི་ཧི་བྷ་ག་བན་ཀྞི་ན་གྷིན་ཙ་ར་ཡ། སི་མ་མ་སརྦ་ཨ་རི་བྷ་ས་དྷ་ཡ་སྭཱཧཱ། ཞེས་པས་བསད་བླགས་བཟླས་ནས་བསྲེག། ཐལ་བ་རླུང་ལ་དགྲ་ཕྱོགས་ཕྱར།། དེ་ལ་གྲུབ་པའི་རྟགས་བཤད་པ། ། བསྒྲུབ་པ་པོ་ཡི་རྨི་ལམ་དུ།། ཤ་སྟེར་བ་དང་ཆང་སྟེར་བ།། ཞོ་དང་འོ་མ་སྟེར་བ་ཡོད།། ལུས་ལ་ཁྲག་འཛག་ལ་སོགས་འབྱུང།། བསྲུང་དང་བསད་པ་གྲུབ་པའོ།། པདྨ་དབང་ཆེན་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས། འདོད་ཆགས་མོའི་བསྒྲུབ་པ་ལས་ལྷ་མོ་གཏུ་མོ་དམར་མོའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་བཅོམ་དན་འདས་ཀྱིས་མོ་ཆགས་པའི་བདག་ཉིད་ལས་བལ་མོ་ཐུགས་ཀྱི་རེག་ཆོད་འདི་གསུངས་སོ། ། རང་ཉིད་ཉལ་པའི་མ་ལ་འོག་ཏུ།། ཁྲུ་གང་གྲུ་གསུམ་བྲུས་པའི་ནང།། རོ་ཐོལ་ལྡོང་རོས་ཁྱི་ལུད་ཀྱིས།། དེ་ཡི་ལོགས་ལ་ཞལ་ཞལ་བྱུག། དེ་ནང་རབས་ཆད་ཐོད་པ་གཞུག། ལུགས་སའི་སྨད་གོས་སྟེང་དུ་ནི། ། ལིང་ག་ཉི་ཤུ་རྩ་གཅིག་བཞག། གཡམ་པ་དག་ལ་བྲི་བ་ཡང།། རྡོ་རྗེ་རྒྱ་གྲམ་བྲིས་པ་ཡིས།། གྲུ་གསུམ་དེ་ཡི་ཁ་བཅད་ནས།། དེ་ཡི་སྟེང་དུ་རེ་བ་ནི།། ནག་པོ་གྲུ་གསུམ་བྲིས་པའི་སྟེང།། བདག་ཉིད་ཁ་ནི་ནུབ་ལྟས་བསྡད། ། རང་གོས་མགོ་མཇུག་བཟློག་ལ་གོན།། རང་མདུན་མཆོད་རྟེན་ནག་པོ་ནི།། བང་རིམ་ལྔ་པ་ལེགས་བྱས་ལ།། འོག་ཏུ་མིང་རུས་ལིང་ག་གཞུག། ལྕགས་ཟངས་ཉུངས་ཀར་ཐུན་གྱིས་བྲབ།། བྱང་ཕྱོགས་བྲུབ་ཁུང་གྲུ་གསུམ་ནང། ། ལོགས་ལ་མཐོ་གང་སོར་བཞི་ལ། དཔངས་སུ་སོར་བརྒྱད་བྱས་པའི་ནང།། དགྲ་ཡི་རྐང་རྗེས་དྲི་མའམ།། ཁམ་སའི་གཟུགས་ནི་བྱས་པ་ཡི།། སྙིང་ཁར་ལོགས་ཆད་འཁོར་ལོ་ལ། ། མིང་རུས་བྲིས་ལ་གཞུག་པར་བྱ།། མཆོག་གུ་ཕུར་པ་སོར་བརྒྱད་པ།། གྲི་ལྕགས་མདེའུ་བཅུག་པ་དགོད།། འབབ་ཁུང་ཁ་ལ་རྩང་སོར་བརྒྱད།། ཉི་ཤུ་རྩ་གཅིག་གཟུགས་པར་བྱ།། གུ་གུལ་ཁྱི་བྲུག་རྭ་གཞོབ་ཀྱིས། ། ལིང་ག་ལྷ་དང་དབྲལ་བར་བྱ།། ལྷོ་ཕྱོགས་ཁྲུ་གང་གྲུ་གསུམ་པའི།། ལོགས་ལ་སྒྱེད་པོ་དམར་ནག་གསུམ།། དེ་ཡི་སྟེང་དུ་སླང་བཞག། ནང་དུ་ཚེར་མ་ཅན་གྱི་ཤིང།། གྲུ་གསུམ་དག་ཏུ་བརྩིག་པར་བྱ། ། སྲེགས་རྫས་ཏིལ་ནི་དཀར་ནག་ལ།། ར་ཚིལ་བཙན་དུག་ངར་མས་བྱའོ།། དང་པོར་མཚམས་གཅོད་དུས་སུ་ནི།། ནུབ་ཐུན་བསྙེན་པའི་སྔགས་འདི་བཟླས།། ཨོཾ་སྲོག་པ་རྩ་ལ་འར་འར།། སྙིང་ལ་དུཾ་བུ་རྦུད། སྙིང་ལ་རྦུད། ། ཐུཾ་ས་མ་ལང་ཏེ་རྦུད། སྙིང་ལ་ཐོད་པ་ས་རུ་སྦོ་ཏ་ཡ་རྦུད། སྲོག་ཆོད་འདུ་མ་ཡ་ཛ། ནུབ་བརྒྱད་ལོན་ནས་མལ་འོག་ནས།། ལིང་ག་བཏོན་ལ་ལྷ་མ་འབོག་བྱ།། གོས་ནི་མགོ་མཇུག་ལོག་པར་གོན།། རེ་བས་དུལ་གདབ་སྦྱད་བཏུས་བྱ། ། བར་དུ་ཆོས་སྐྱོང་མཐོང་བ་ན།། འཇིགས་པར་མི་བྱ་ཡི་དམ་བསྒོམ།། དེ་ནས་བསྙེན་སྔགས་བསྐོར་སྔགས་ཐུན།། བཟླས་ཤིང་རང་ཉིད་གཅེར་བུར་བྱ།། གཏོར་མ་ཁྱེར་ལ་ལན་བདུན་དུ། ། བསྐོར་ལ་གཡོན་དུ་བསྐོར་བར་བྱ།། བཅུ་གཅིག་ཉི་ཤུ་རྩ་གཅིག་བསྒྲུབ།། དེ་ཡི་སྔགས་འདི་བཤད་པ་ཡིན།། ཨོཾ་པ་རི་ཤ་ཐུན་བྷྱོ་ནན། ཀུ་ཀུ་ར་མང་ཀུ་ར་ཛ། སྒྲ་ཏོག་ཤིག་སྲོག་ལ་བྷྱོ། དེ་ནས་ལྷམ་ནང་ལིང་ག་བཏོན། ལྷོ་ཕྱོགས་འབྲུབ་ཁུང་ནང་བཅུག་ལ།། མཆོག་ཕུར་བརྡེ་ཅིང་གསང་བླགས་བཟླས།། ལིང་གའི་སྙིང་ཁར་བཞག་པར་བྱ། ཨོཾ་ན་ག་ཙི་བཏ་ཨ་ཨ། དེ་ནས་ཕུར་པ་བཏོན་བྱས་ནས། ། མཆོག་ཕུར་རྩེ་མོར་ལིང་ག་བཀལ།། སྦྱིན་སྲེག་རྫས་དང་བསྲེག་བྱས་ནས།། སླ་ངའི་ནང་དུ་བསྲེག་པར་བྱ།། ཨོཾ་ཨག་ནི་ཛྭ་ལ་རཾ་བྷྱོ། མེ་ཏྲག་དུན། སྙིང་ཁྲག་ཤིག། དམ་ཉམས་ཀྱི་སྲོག་པ་ཙ་ལ་རཾ།། པ་ཀི་ར་ཛ་ཛ། བསྒྲུབ་པའི་དུས་སུ་རང་ཉིད་ཀྱང།། སེར་པོའི་གོས་སྤང་ནག་པོ་གོན།། ཡུག་ས་མི་མཐོང་ཁ་མི་བསྲེ།། དམ་ཚིག་འདི་ནི་བལ་མོ་ཡིན།། ཅེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས། ། བལ་མོ་ཐུགས་ཀྱི་རེག་ཆོད་མོ་འདོད་ཆགས་ཀྱི་བདག་ཉིད་ལས།། བལ་མོ་ཨེ་ཐར་མ་བསྒྲུབ་པ་སྟེ་ལེའུ་བཅོ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་མོ་འདོད་ཆགས་ཀྱི་བདག་ཉིད་ལས་དུར་ཁྲོད་སྲིན་མོ་བདུན་གྱི་བསྒྲུབ་པ་འདི་དག་གསུངས་སོ། ། དབེན་པའི་གནས་སུ་འདུག་ནས་ནི།། གྲིར་ཤིའི་ཁྲག་དང་ཤ་བསྲེས་ནས།། དཀྱིལ་འཁོར་གྲུ་བཞི་ཁྲུ་གང་སྟེ།། དབུས་སུ་འབྲུབ་ཁུང་གྲུ་གསུམ་བྱ། ། ཟུར་རེར་མིང་བྱང་རེ་རེ་བྲི།། དེའི་སྟེང་སྨྱུག་གཤགས་བདུན་གྱི་ནི།། རྩེ་མོར་མིང་བྱང་རེ་རེ་སྐྱོན།། མི་སྙིང་ནང་དུ་དགྲ་བོ་ཡི།། མིང་བཅུག་ཚོན་སྐུད་སྣ་སྔས་བསྡམས།། སྣ་ནི་སྔགས་པའི་སྲིན་ལག་གཟུང། ། གྲུ་གསུམ་རྩ་བ་བདུན་ཐ་མ་བསྐོར།། དམར་གཏོར་ཤ་ཁྲག་བྱས་པ་དབུལ།། སྲིན་མོ་བདུན་གྱི་སྲོག་སྙིང་ནི།། ཞག་བདུན་བཟླས་པ་རབ་ཏུ་བྱའོ།། མ་མ་ཤིང་དོ། རུ་ས་སྙིང་ཡ[¿]། ནརི་ཤ་ཀུ་རུ་ཐུཾ་རྦད། ཁྲག་ཧི་རྦད་རྦད། ནིར་ཏི་ནི་མ་མ་རྦད་རྦད། སུ་རག་ཤ་རྦད་རྦད། བ་རུ་ན་ཐིབས་ཐིབས། གཏོར་མར་རག་ཏ་སྦྲེང་བཟླས་པས།། སྲིན་མོ་བདུན་པོ་མངོན་དུ་ཡོང།། ཡང་ན་སྙིང་གི་གཟུངས་ཐག་དེ།། འདར་ན་སྨྱུག་མའི་མདའ་བདུན་ནམ། ། རྩང་བདུན་ཡང་ན་ཕུར་པ་བདུན།། དྲིལ་ཞིང་སྙིང་གི་ལིང་ག་སོགས།། གང་འདར་དེའམ་ཀུན་ལ་བརྡེག། སྙིང་དུ་མ་བུ་དུམ་བུར་རྦུད་རྦུད། སྲོག་རྩེ་སྙིང་ཕྲིག་ཕྲིག། རྦད་རྦད་རྦུད་རྦུད་སོད་སོད། ཆེ་གེ་མོ་ཎི་མ་ར་ཡ་ཧཱུ~ཾ། བདུན་བདུན་གདབ་པར་བྱའོ།། དེ་ནས་སྲིན་མོ་བདུན་པོ་བསྐུལ།། སྲིན་མོ་ཆེན་མོ་མཐུ་མོ་ཆེ།། ནག་མོ་རལ་གཅིག་འབྲུག་ལ་ཞོན།། དགྲ་བོའི་སྙིང་ཁྲག་དྲོན་མོ་འཐུང།། སྙིང་ཁྲག་ཧཱ་ལ་རྦུད་རྦུད། ། སྙིང་མོ་འཁྲོས་མ་སྙིང་འབྱིན་མ།། ཞོན་ནི་མེ་ཡི་འོད་ལ་ཞོན།། གཅོད་ནི་སྲོག་རྩ་དམར་པོར་གཅོད།། སྲོག་དུམ་པ་ཧ་རྩ་ཁྲུམ་རྦུད་ཛ།། སྲིན་མོ་ཁྲག་འཐུང་ཨུ་པ་ཤ།། ཞོན་ནི་སེར་བའི་དཀྱིལ་འཁོར་ཞོན། ། འབྲུག་ནག་རྐྱལ་པ་ལག་ན་ཐོགས།། དམ་ཉམས་དགྲ་ལ་གཏོང་བར་བྱེད།། ནང་ཐཽང་ཐིབས་ཐིབས་ཨ་ཧུ་ག་ཀྵ་ཐིབས་ཐིབས་ཐིབས་ཨུ་རི་ནི་ཛ། སྲིན་མོ་ཤེལ་འགྲོ་འཚུབ་ནག་ཞོན།། ནད་ནི་ཁྲག་ནད་མཆིན་གཟེར་གཏོང། ། དམ་ཉམས་དགྲ་ལ་ཁྲག་ནད་ཐོང།། སི་ཧ་ནབ་ཏུབ་ཁྲག་གཏོང་ཚལ་བྷྱོ་བྷྱོ་ཛ། སྲིན་མོ་ནག་མོ་ཁྲག་འཛག་མ།། ཞོན་ནི་ཉི་མའི་ཟེར་ལ་ཞོན།། ལག་ན་ཁྲག་གི་མདའ་འཐུན་འཕྲེན། ། དམ་ཉམས་དགྲ་བོའི་སྙིང་ལ་རྒྱོབ།། ཁྲག་དུ་འགན་ཛ་སུ་རི་སྟུབས་ནརི་ར་ཛཱ་ཛཱ། སྲིན་མོ་ཤ་ཟ་སུ་པ་ཏ།། ཆིབས་སུ་ནམ་མཁའི་གློག་ལ་བཅིབས། ཐོག་དང་སེར་བའི་བདག་མོ་མཛད།། ནང་དུ་ཕོ་གློག་སླང་ཐབས་གཏོང། ། སུབས་དགྲ་བོ་ཐོ་རཾ་སུབས།། ཐེ་རེ་རེ་ཁ་ཆིངས།། ཐེ་རེ་ཏུག་ཐེ་རེ་སུབས་ཤྲིར་ཛ། སྲིན་མོ་དམར་མོ་མི་ཟན་མ།། དམར་མོ་ཟངས་ཀྱི་རལ་གྲི་ཐོགས།། ཆོད་ཅིག་དགྲ་བོའི་སྲོག་རྩ་ཆོད།། སྲོག་རྦུད་ལིང་ཙ་ཙ་ཕྲེང་ཕྲེང་རྦད་རྦ་ད། ནི་ཁུཾ་རི་ཚོད་ཛ་ཛ། དེ་ནས་སྦྱིན་སྲེག་བྱ་བ་ནི།། སྙིང་དེ་དུཾ་བུ་བདུན་གཏུབས་ནས།། ཚེར་མ་ཅན་ན་དུག་ཤིང་མེ།། སྔགས་འདིས་བསྲེག་པར་བྱ་བའོ།། ཆེ་གེ་མོ་ད་ཧ་ད་ཧ།། པ་ཙ་པ་ཙ། ། མ་མ་ཀུ་རུ་ཀུ་རུ་ཆེ་གེ་མོ་རཾ།། བསྲེགས་ནས་ཐལ་བ་ར་ཐོད་བླུག། གདུག་པ་ཙན་ནམ་ལྷ་ཁང་ངམ།། མཆོད་རྟེན་འོག་ཏུ་མནན་པར་བྱའོ།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གྱིས་གནོན་པའི་རྒྱུད་ལས། ། དུར་ཁྲོད་ཀྱི་སྲིན་མོ་བདུན་བསྒྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་མོ་ཆགས་པའི་བདག་ཉིད་ཀྱིས་ཐོག་སེར་དབབ་པའི་བསྒྲུབ་པ་འདི་དག་གསུངས་སོ། ། དང་པོ་བསྙེན་པའི་སྲོག་དགུག་པ།། དབེན་པའི་གནས་ནི་ཡིད་འོང་བར།། ཡོ་བྱད་ལྡན་པར་བྱས་ནས་ནི།། ཕྱི་ནང་བཤགས་པ་རབ་ཏུ་བྱ།། མ་ཉེས་དབང་ཡང་གཟུགས་བར་བྱ།། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་བྲི། དབུས་སུ་ཡི་གེ་ཧྲི་བྲིས་ནས།། རྩིབས་བཞི་མ་ར་ཙ་ཤ་བྲི།། རྟེན་རྫས་སྲིན་མོ་ཁྱི་ནག་དང།། གླང་རོག་བུད་མེད་སྙིང་ལ་བྱ།། དམ་རྫས་གཏོར་མ་རྒྱན་བཅས་བཤམས།། དེ་ནས་སྒོམ་པ་ཏིང་འཛིན་གསུམ། ། དབུས་སུ་ཧྲི་ལས་རྟ་མགྲིན་ཉིད།། ཤར་དུ་སྟག་སྲིན་ཟོར་བའི་གདོང།། ལྷོ་ཡི་བཾ་སྲིན་དྲེད་མོའི་གདོང།། ནུབ་ཀྱི་ཀོང་སྲིན་བ་གླང་གདོང།། བྱང་དུ་འབྲོག་སྲིན་ཆུ་སྲིན་གདོང།། བསྐྱེད་དང་སྤྱན་དྲངས་བསྟིམ་མཆོད་བྱ། ། ཟིལ་གནོན་དབང་དུ་བསྡུ་བར་བྱ།། བསྙེན་པ་ཆུ་མིག་ལྐུག་པའི་ཆུ།། ཕུལ་གང་གུ་གུལ་ནག་པོ་མཉེ།། དེ་ཡི་ཆུ་ནས་ཉུངས་ཀར་འབྱུང།། བན་དྷ་ཅིག་གི་ནང་བླུགས་ཏེ།། རག་མོ་བཞིས་བསྐོར་སྔགས་འདིས་གདབ། ། ཨོཾ་རག་མོ་རག་མོ་སྙིང་ཁ་རག་སྙིང་ཙ་བུ་ལ་མ་བྷྱོ།། ཨོཾ་རག་མོ་རག་མོ་རུ་རུ་རོ་རུ་ཙ་པ་ལ་དགྲ་བོའི་སྙིང་ཁ་རག་མོ་བྷྱོ།། ཨོཾ་རག་མོ་རག་མོ་རྩ་མོ་ཁྲག་ལ་མུ་ཤ་མ་བྷྱོ།། ཨཾ་རག་མོ་རག་ཏྲག་མོ་ཏྲག་མ་ཤིག་ཤིག་སྙིང་ཁ་རག་མ་ལ་བྷྱོ། ། སྲོག་སྙིང་བསྙེན་པ་འདི་བཟླས་པས།། འབུམ་ཚོ་བཞི་དང་ཁྲི་ཚོ་བཞིས།། བུད་མེད་མང་པོ་ལུག་ཁྱུ་དང།། ཆུ་བོ་ཟོར་བ་ཐོགས་པ་འབྱུང།། བར་དུ་ཟོར་ཐོགས་ཐུན་སྒྲུབ་པ། ། བན་དྷ་གུ་གུལ་དུད་པས་བདུག། དེ་ནས་ར་རོག་སྙིང་ཁྲག་དང།། རྒྱ་བོ་ཁྱི་དང་མཚལ་བུའི་བྱ།། བུད་མེད་སྙིང་ཁྲག་སྐམ་པོ་རྣམས།། ཁུ་འཕངས་སེར་པ་འཆུས་སྦྱངས་ཏེ།། བན་དྷ་ཁྲག་གིས་བཀང་བའི་ནང། ། བསྙེན་པའི་དུས་ཀྱི་ཉུངས་ཀར་ལ།། བསྒྲུབ་པའི་སྔགས་ནི་བཏགས་ལ་བྲབ།། དུ་ཁྲོཾ། དཀར་ཁྲོ། བྲུ་ཏི་ཕྲ། ཡུ་ག་ཏི་སྨིན། ཤར་ཤར་རྟ་ཧྲིལ་བྷྱོ། རག་ཏུ་ཙ་ར་ཧྲིལ་བྷྱོ་ཏྲཱཾ་ཏྲཾ། སྔགས་འདི་འབུམ་དུ་བཟླས་བྱས་ན། རླུང་འཚུབ་ཁུ་འཕངས་ཁ་བ་འབྱུང།། སེར་དབྱིབས་ཇི་ལྟར་འདོད་པའི་གཟུགས།། བག་ཕྱེ་ལས་བྱས་ཐུན་ཁྲག་གཞུག། ཐ་མར་སྐྱ་རིངས་གཟེར་གདབ་པ།། མཛེ་ཐོད་ལེགས་པར་བྱི་དོར་བྱས། ། ནང་དུའང་འཁོར་ལོ་རྩིབས་བཞི་བྲི།། རྩིབས་ལ་བསྙེན་སྔགས་རེ་རེ་བྲི།། དབུས་སུ་ཡུམ་ལྷ་སེར་བསྲུང་བྲི།། རྩིབས་མཆན་ལ་ནི་བསྒྲུབ་སྔགས་བྲི།། མུ་ཁྱུད་དག་ལ་དབབ་སྔགས་བྲི།། ནང་དུ་བསྒྲུབ་པའི་ཉུངས་ཀར་ཁྲག། སྐམ་པ་དེ་བླུགས་དབབ་སྔགས་བརྡེག། མཧཱ་ཧྲི་ལ་ཤར་ཏྲ་ཏྲག། རུ་རྩ་རི་རྩ་ཤུ་ཏི་ཁྲོཾ། ཙ་མུན་ཏུར་ཁྲོཾ།། ས་མན་ཏ་ཨ་ཀ་ར་ཤ་ཡ་དུ་རུ་དུ་རུ་ཁྲོཾ་ཕཊ།། ཁྲི་ཕྲག་གཅིག་ཏུ་བཟླས་པ་ཡིས།། ཕྱི་རྟགས་འཇའ་དང་འཚུབ་མ་དང། ། ཁུ་འཕངས་སེར་བ་གནས་ཁང་འབབ།། ནང་རྟགས་ཟོར་ཐོགས་ཆུ་འཁྲིད་དང།། བཙས་མ་རྔ་དང་གཡུལ་བྱེད་དང།། ཆུ་འཁྱགས་པ་དང་དམག་འདྲེན་འབྱུང།། གཟའ་བདུད་རྒྱུ་བའི་དུས་ཤེས་པས། ། གནམ་ཟེར་ར་རྩེར་ཡུལ་ལྷ་ལ།། བསྙེན་པའི་བན་དྷ་སྦ་བར་བྱ།། བར་སེར་བཙན་ལ་རི་ཐང་མཚམས།། བསྒྲུབ་པའི་བན་དྷ་སྦ་བར་བྱ།། ས་གཟེར་ཀླུ་ལ་འོད་དཀྱིལ་དུ།། དབབ་པའི་མཛེ་ཐོད་སྦ་བར་བྱ། ། འཇུག་སྡུད་སྣང་སྲིད་ལྷ་སྲིན་སྔགས།། སྡེ་བརྒྱད་སྔགས་འདིས་དབབ་པར་བྱ།། བཛྲ་རུ་དྲི་ཏྲཾ་བྷྱོ།། བ་དུ་རུ་ཏྲི་ཏྲཾ་བྷྱོ།། ཡ་མ་དུ་ཏྲི་ཏྲཾ་བྷྱོ།། ཡག་ཤ་རུ་ཏྲི་ཏྲཾ་བྷྱོ། ན་ག་རུ་ཏྲི་ཏྲཾ་བྷྱོ།། དྷེ་བ་རུ་ཏྲི་ཏྲཾ་བྷྱོ།། ཙ་བ་ཤ་ཡ་མ་ཏྲཾ་བྷྱོ། པྲ་མ་ནི་ཏྲཾ་བྷྱོ། དེ་ནི་རྟ་ཡིས་དབབ་པའི་སྔགས།། སྣ་ཚོགས་ཁྲག་དང་སྔོ་ཁུད་དང།། འོ་མ་ལ་སོགས་ཐབས་བྱས་ན།། ལྷ་ཀླུ་ཁྲོས་ནས་སྐྱིན་ཐང་འབེབས།། བློ་བུར་དག་ཏུ་འབྱུང་བ་འཁྲུག། ཨོཾ་གྷུ་སི་དན་མ་དགྲ་ལ་བྷྱོ། ཨུ་ཙུས་སྨ་ཤ་དགྲ་ལ་བྷྱོ།། ཁཾ་ཁས་མ་དགྲ་ལ་བྷྱོ།། རྦད་ཤག་མ་དགྲ་ལ་བྷྱོ།། དེ་ནི་ཐབས་ཀྱིས་དབབ་པའི་སྔགས།། ཐལ་འཇམ་དགྲ་ལ་ཟོར་དུ་འཕང།། ཐུན་དང་གཏོར་མ་འཕང་བར་བྱ།། དྲག་སྔགས་འདི་ཡིས་ཟོར་དུ་འཕང། ། ཡུལ་ཆེ་གེ་མོ་ཐིག་ནིག། གཅིག་མེད། གཉིས་ཏྲག། བརྒྱད་བཅད། གནམ་མཐོངས་ཕྱེ།། ལྕགས་སྒྲོག་ཁྲོལ།། མི་རེང་སོད།། སྐྱང་རྗེ་སྐྱང་མོ་ཙུ་རུ་ཙུ་རུ་ཕཊ། ཟོར་གྱིས་འཕང་བར་བྱ་བ་སྟེ། ། རང་ལ་བྱུང་ན་དགྲ་ཡུལ་དུ།། ཡི་དམ་གཏོར་མས་འཕང་བར་བྱ།། ཕེབས་ནས་བཏང་རག་བཏ་ང་བ་དང།། རྒྱུན་དུ་བཟླས་ཤིང་མཆོ་ད་པར་བྱ།། ཨོཾ་རག་མོ་རག་མོ། སྙིང་རྩ་རུ་རུ་རྩ་བ་སྙིང་ཁ་རག། གྷུ་ས་དི་ན་མ་ཤག་མུ་ཤ་མ་ལ་བྷྱོ། ཚེས་བཞི་བརྒྱད་དང་བཅོ་ལྔ་དང། བཅུ་གཅིག་བཅོ་བརྒྱད་ཉི་ཤུ་གཉིས།། ཉི་ཤུ་ལྔ་དང་ཉི་ཤུ་དགུ། ཟླ་བ་ལ་དེ་དུས་སུ་སྔགས།། བཟླས་ལ་མཁའ་འགྲོ་རྣམ་བཞི་མཆོད། ། རྫས་ལ་བསྙེན་པ་བསྐྱལ་བྱས་ནས།། འགོང་ཡུགས་མི་གཙང་མ་སོང་བའི།། མཐུན་རྣམས་ལེགས་པར་སྦས་བྱས་ནས།། སྔགས་པས་དགོས་པའི་དུས་ཉིད་དུ།། དངོས་གྲུབ་ཆེན་པོ་ཐོབ་གྱུར་པས།། ཁྲོས་པ་ཙམ་གྱིས་ཐོག་སེར་འབེབས། ། ཁྱབ་འཇུག་ཆེན་པོའི་མཐུ་དང་འདྲ།། སངས་རྒྱས་བསྟན་པ་གཉེན་པར་འགྱུར།། ཞེས་གསུངས་སོ།། པདྨ་དབ་ང་ཆེན་དྲེགས་པ་ཅན་ཟིལ་གྱི་གནོན་པའི་རྒྱད་ལས། འདོད་ཆགས་མོའི་ལས་ཀྱི་ཐོག་དང་སེར་བ་དབབས་པ་ལས་གདོང་མོ་བཞིའི་ལེའུ་སྟེ་ཉི་ཤུ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱི་འདོད་ཆགས་མོའི་བདག་ཉིད་ལས་ཡུལ་ཁམས་བསྲུང་བའི་གསང་སྔགས་དམ་པ་འདི་གསུངས་སོ། ། ནང་པར་སྦྲིན་པ་རྟག་པའི་སྔགས།། ཉི་ཤུ་རྩ་གཅིག་ཡུངས་དཀར་བཟླས།། སྤྲིན་རྐང་ཤར་ཏེ་སྤྲིན་ལ་གཏོར་བྱས་ན།། སྤྲིན་མ་མེད་པར་ལེགས་པར་འགྱུར།། ཨོཾ་བྱི་ར་བྱི་ར་སྭཱ་ཧཱ།། སྤྲིནརྐང་གཟུགས་ན་གཅད་པའི་སྔགས། ། ཉི་ཤུ་རྩ་གཅིག་ཉུང་དཀར་བཟླས།། སྤྱིན་དཀར་ཤར་གྱི་བྱུང་བ་ལ།། གཏོར་ན་སྤྲིན་གྱི་རྐང་པ་གཏུབས།། ཏད་ཡ་ཐཱ་ཨ་ཧཱུ~ཾ།། ཧུཾ་ཏ་རུ་བྱ་བྱི་རུ་ལ།། སརྦ་བྱི་ཤ་ག་ཏ་ཡ་ཧ་ཡ་གྲིབ་ལུ་ཧུ་ལུ་ཧུ་ཧཱུ~ཾ་ཕཊ་སྭཱ་ཧཱ། སྤྲིན་པ་ཡང་ཡང་འཐིབ་པ་ན། གསལ་ཕྱིར་སྔགས་འདི་ལན་བདུན་བཟླས།། ལེ་གས་པ་གཉིས་བསྣོལ་རལ་གྲི་ཡི།། ཕྱག་རྒྱས་གསྤྲིན་འཐེབས་མྱུར་དུ་གསལ།། ཨོཾ་བཛྲ་ཀ་ཏ་རི་ཙིན་ཏ་ཙིན་ཏ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། བཏག་དང་བཅད་དང་འཐིབས་གསལ་བ།། དེ་དག་སྤྲིན་པའི་གསང་སྔགས་ཡིན།། ལུག་འདེད་དག་ཏུ་བཟློག་པ་ནི།། སྔགས་ནི་ཉུང་དཀར་བརྒྱ་རྩ་བརྒྱད།། བཟླས་ནས་གར་འདོ་ད་ས་ངོས་སུ།། སྡིགས་མཛུབ་དག་གིས་དེད་པར་བྱ། ། ཨོཾ་ཛ་ཛ་ཀན་མ་པ་ཙ་ཧཱུ~ཾ་ཨཱཿཊ། ཆང་དབང་སོང་ནས་བཟློག་འདོད་ན།། ཉུང་དཀར་སྔགས་འདི་བཟླས་བྱས་ནས།། རྒྱ་གྲམ་ཕྱག་རྒྱས་དམ་དུ་བསྡམས།། ཚོར་བ་ཐོག་ཏུ་བཟོག་པར་བྱེད། ། ཨོཾ་བཛྲ་ག་རུ་ཌ་ཡ།། ཧཾ་ས་ཧེ་ཙ་ལ་ཙ་ལ་སྭཱ་ཧཱ།། སྔགས་པ་ཕྲག་དོག་བྱུང་བ་ནི།། མཛུམ་མོའི་རྩེ་ལ་རླུ་ང་ལྷ་བསམ།། འཁོར་ལོ་སྟེང་བཞག་གར་འདོད་འཕང། ཐལ་ཆེན་དག་ལ་ཉི་ཤུ་གཅིག། བཟླས་ཏེ་མགྲིན་སེར་འབེབས་པ་བཟློག། སེར་བ་མུ་ཁྲིད་འགྲིམ་པར་བྱེད།། ཨོཾ་པད་ཀ་མ་ར་བ་ཨེ་ནེའུ་ཐེ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ།། ལྷ་ལ་བསྐོར་ཏེ་བཟློག་པ་ནི།། གླང་རུའི་ནང་དུ་ཡུངས་ཀར་དང།། སྐྱེ་འབྲུམ་དང་ནི་ལན་ཚྭ་དང། ། བུད་མེད་བཅུ་གསུམ་ལོན་པའི་ཁྲག། སྔགས་ནས་རྟ་རུ་བཅུག་བྱས་ནས།། རྟ་ལ་བསྐོར་ནས་རྟ་མཚམས་ཐུབ།། ཨོཾ་ཐ་ཁྲིད་བཛྲ་ཐ་ཁྲིད་བཛྲ་དོ་ཧུ་ཡ་ཧུ་ཡ་རུ་ལུ་རུ་ལུ་སྭཱཧཱ། ནང་འགྲས་དགྲ་ཡི་ཡུལ་བཟློག་ནི། ། སེར་བསྲུངས་གཉིས་ཀྱིས་དབུས་འཚུབས་ན།། སྔོ་སྣ་ཚོགས་ཚད་དག་ལ་བསྔགས།། རང་ཡུལ་བཟློག་ལ་དགྲ་ཡུལ་དབབ།། ཨོཾ་ཧཱུ~ཾ་ཕཊ།། བྷྱོ་དུ་ལིང་ཕོབ།། ཀར་ཕྲོཾ་དུ་དྲིལ་ས་ར་དུ་རུ་ཕོ།། མར་ཕྲོཾམ་དུ་འདྲི་ལ་ལོ་དུ་མ་ཕོབ། ། སེར་དུཾ་ཕོབ།། ཀྱང་དུཾ་ཕོབ།། སེར་བ་བླཽ་བུར་བྱུང་བཟློག་པ།། སྔགས་འདི་ཉུངས་ཀར་ཐལ་ཆེན་ལ། བཟླས་ནས་གཏོར་ན་སྤྲིན་མེད་པར།། བློ་བུར་སེར་པ་བྱུང་བ་བཟློག། ན་མོ་བྷ་ག་པ་ཏི། ཤག་ཀྱ་མུ་ནེ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ་བྱོ། སཾ་མྱག་སཾ་བུདྷ་ཡ། ཏ་ད་ཡ་ཐཱ། ཨོཾ་བུ་ཛེ་བྷུ་ཛེ། ས་མ་ཡ་བྷུ་ཛེ། ཏ་ཐཱ་བྷུ་ཛེ། བྲ་བར་བྷུ་ཛེ། ནགས་ར་ཙན་ཙོ་ནེ་སྭཱཧཱ། ལུགས་འདེད་ཆང་དབང་ཕྲག་དོག་དང། ། ལྷ་བསྐོར་ནང་འདས་བློ་བུར་རྣམས།། གདོང་བཟློག་སྔགས་ཀྱིས་དབྱེ་བ་སྟེ།། སོ་སོར་གསལ་བ་སྔགས་ཀྱི་མཐུ།། སེར་བ་བཅད་པའི།། པདྨ་ཧེ་རུ་ཀར་བསྒོམ་ལ། གཡས་པའི་ཁུ་ཚུར་བཅངས་པའི་ནང། ། མཐེ་འོང་བཅུག་ལ་སྡིགས་མཛུབ་བསྒྲེང།། སེར་བ་བཅད་པའི་ཕྱག་རྒྱའོ།། ལྕགས་སམ་སེང་ལྡེང་ཕུར་པ་ལ།། བརྒྱ་རྩ་བརྒྱད་དམ་ཉི་ཤུ་གཅིག། བཟླས་ཏེ་རི་རྩེ་འོང་བའམ།། སྦས་ན་ཕུར་བུ་མ་བྱུང་བར། ། སེར་བ་འབེབས་པར་མི་འགྱུར་རོ།། མར་དང་ཡུངས་དཀར་སེང་ལྡིང་ཤིང།། བཟླས་ན་ཧོམ་བྱས་སེར་བ་འཆད།། སྔགས་འདི་འབུམ་དུ་བཟླས་ནས་ནི།། གྲོ་ག་ཤུ་གུ་ལ་བྲིས་ཏེ།། ཕུར་བུ་དག་ལ་དཀྲིས་བྱས་ནས། ། དེ་ལ་ཚོན་སྐུད་སྣ་ལྔས་བཅིངས།། སེར་བ་འོང་བའི་རྒྱུན་སྲད་དུ།། བཏབ་ན་སེར་བ་ཆོད་པར་འགྱུར།། ཨོཾ་པདྨ་ཀྲིད་ཧྲི།། ཧ་ཧ་ཧཱུ~ཾ་ཧཱུ~ཾ་ཕཊ།། ན་མོ་བྷ་ག་བན་ཛ་ན་ཡ། ཙན་དྷ་ཀ་ཀུ་ཏ་ཡ།། ས་ར་ས་ར།། སུ་རུ་སུ་རུ། ། སུ་རེ་བ་ག་པ་ཙ་རའི་མ་ས། ཧ་ར་ཧ་ར། པ་ཙ་པ་ཙ་ནི་སྭཱཧཱ། ཤིང་ཤུན་དག་ལ་འཁོར་ལོ་བྲི།། ལྟེ་བར་སེར་བ་གཏོར་བ་ཡི།། ལིང་ག་མིང་རུས་བྲིས་ནས་ནི།། ལྕེ་ལ་སེང་ལྡེང་ཕུར་པས་གདབ།། ཕུར་བུའི་སྦལ་ལ་སྔགས་དཀྲིས་ཏེ། ། འཁོར་ལོའི་ཕྱི་རིམ་སྔགས་འདིས་བསྐོར།། སེར་མཐོའི་འོག་ཏུ་སྦས་བྱས་ན།། སེར་བ་མ་ལུས་ཐུབ་པར་ངེས།། ཉུངས་ཀར་ཉུངས་ནག་ཐལ་ཆེན་ལ། འབུམ་ཚོ་གསུམ་དུ་བཟླས་ནས་ནི། ། སེར་བའི་གདོང་དུ་བརྒྱབ་ན་ཆོད།། དམ་ཚིག་ཆེན་པོས་རབ་ཏུ་བཤད།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས།། མོ་ཆགས་པའི་བདག་ཉིད་ལས་མཁའ་འགྲོ་མས་སེར་བ་བསྲུང་བའི་ལེའུ་སྟེ་ཉེར་གཅིག་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་གཏི་མུག་གི་བདག་ཉིད་ཀླུའི་བསྒྲུབ་པ་འདི་གསུངས་སོ།། གང་གི་ཀླུ་ལ་གཏད་འདོད་ན།། གྲུ་གསུམ་ནང་དུ་ཐོད་ཆེན་གཞུག། དེ་ནང་ལིང་ག་སྔགས་བསྐོར་གཞུག། ནུབ་མོ་མོ་སྔགས་འདི་ཡང་བཟླས།། ཨོཾ་ནག་ཤུ་ལི་ནི་སྭཱ་ཧཱ།། པད་མར་འཛོ་མོ་རྟགས་ཡིན།། ཉིན་མོ་ཕ་ཡི་སྔགས་འདི་བཟླས།། ཨོཾ་ནག་སུ་པྲ་ཏི་བཛྲ་དུན་ཏེ་མི་ལི་མི་ལ་སྭཱཧཱ། གླང་དམར་གཡག་ནག་མོ་ཕོ་རྟགས་ཡིན། ། བ་གླང་འབྲི་དང་སྦལ་བ་ཉ།། དེ་རྨིས་དབང་དུ་འདུས་པའི་རྟགས། ང་དང་ཆོ་ངེས་འདེབས་ན་ལྡོག། ཆོ་འཕྲུལ་ཤིན་རུ་ཆེ་བ་ནི།། གྲུབ་ཡང་དབང་དུ་མ་འདུས་རྟགས།། པདྨ་དབང་གིས་དབང་དུ་སྡུད། ། དཀར་གསུམ་མངར་གཏོར་སྔགས་འདིས་བྱིན།། ཨོཾ་ནཱ་ག་པ་ན་ཡ་ཀྲུ་ར་ཧ་ན་ཧ་ན་དུ་སྟ་ཧཱུ~ཾ།། ཁ་ཁ་ཁ་ཧི་ཁ་ཧི་བ་ལིང་ཧཱུ~ཾ་ཕཊ།། ཨོཾ་ནན་དུ་ན་ག་ར་ཙ་ཡ་བ་ལིང་ཏ་ཁ་ཁ་ཁཱ་ཧི་བ་ལིང་ཧཱུ~ཾ་ཕཊ།། དེ་ནས་རྦད་པར་བྱ་བ་ནི། ། དགྲ་བོའི་སྲོག་སྙིང་འདི་ཡང་བཟླས།། ཞག་ལྔར་དམིགས་ནས་དགྲ་བཀུག་སྟེ།། ལིང་ག་དག་ལ་བསྟིམ་པར་བྱ།། ཙི་ཏ་ཙི་བཾ་འབྲུ་ཐུམ་རིལ་ཁས་མུགས་ཐིབས། ཀླད་ཁྲག་སྤྱོས་ཤིག། མིག་རྩ་སྒྱུར་ཅིག། རྩ་རྒྱུས་ཆོད་ཅིག། དགབ་རྩ་དྲོངས་ཤིག་ལྷུ་གཟུགས་ཁྲོལ་ཅིག། བཀྲག་དང་གཟི་མདངས་ཁྲོལ་ཅིག། ཉམས་པར་གྱིས་ཤིག། དགྲ་བོ་ལྷ་དང་དབྱེ་བ་སྟེ།། ཀླུ་ཡི་སྨོད་ངན་རྦད་པ་ཡིན།། དེ་ནས་བསད་པ་སྐྱེར་འབྲུ་དང། ། སྐྱེ་ཚེ་ཤངས་ཚེ་ཐུན་འདི་ནི།། བརྒྱ་བརྒྱད་དག་ནི་དབབ་པར་བྱ།། ཨོཾ་ཙཀྲ་མ་ར་ཡ་སོད། ཙག་ཀྲུ་མ་ར་ཡ་སོད།། ཙག་ཁྲ་མ་ར་ཡ་སོད།། ཙ་ཀྲ་མ་ར་ཡ་སོད།། ཙ་ཀྲ་མ་ར་ཡ་སོད།། དེ་ནས་གཏང་བར་བྱ་བ་ནི། ། བཅོ་ལྔ་གནམ་སྟོང་དུས་ལ་ནི།། གླང་དམར་རྭ་ནི་གཞོབ་མེད་པར།། ལིང་ག་བཅུག་ལ་རྡ་རས་བཅད།། ཀླུ་ཡིས་གནས་ཁང་སར་ཕྱིན་ལ།། སྔགས་འདིས་ས་འདི་བརྐོལ་བར་བྱ།། ཨོཾ་བྱིས་ཆོག་ཅིག། མཐོང་བའི་དུག་ལ་སྒྲིབ་ཤིང་གདགས།། རེག་པའི་དུག་ལ་བྱུག་པས་བསྲུང།། ཁ་རླངས་དུག་ལ་རྟེན་འབྲེལ་སྔགས།། བསམ་པའི་དུག་ལ་ཏིང་ངེ་འཛིན།། སྔགས་འདིས་ཐོད་པར་གཞུག་པར་བྱ།། སརྦ་བིག་བག་ཤོ་ཁོ་ལི་ལི་དམ་ཏེ་ཡ་སྭཱཧཱ། ཐོད་པའི་སྟེང་དུ་རྫས་སྦྲེང་བ།། ཙན་དན་སྤོས་ཆུས་སྔགས་འདིས་བླུགས།། ཨོཾ་ནག་ཤ་ཤ་ཤུ་ཤུ་མེད་ནེ་ཛྙཱ་ན་ཙ་ཀྲ་ཤུར་ན་ཧྲི་ཡ་སཾ།། དེ་ནས་གཏད་རྫས་སམ་གཡོགས་ནས།། དེའི་སྟེང་རུ་སྦལ་ཁོག་པ་ནི། ། ཁ་སྦུབ་སྔགས་འདིས་མནན་བར་བྱའོ།། ན་ག་ར་ཙ་བཛྲ་ས་མ་ཡ་ཧཱུ~ཾ་ཕཊ།། ན་ག་ཀྲོ་ཏ་བཛྲ་ས་མ་ཡ་ཧཱུ~ཾ་ཕཊ།། ན་ག་ཡག་ཤ་ཀྲོ་ཏ་ས་མ་ཡ་ཧཱུ~ཾ་ཕཊ།། ན་ག་རག་ཤ་ཀྲོ་ཏ་ས་མ་ཡ་ཧཱུ~ཾ་ཕཊ།། ན་ག་ཟི་དར་ཀྲོ་ཏ་བཛྲ་ས་མ་ཡ་ཧཱུ~ཾ་ཕཊ། ། ནག་སརྦ་དུས་སྟན་ས་མ་ཡ་ཧཱུ~ཾ་ཕཊ།། ན་ག་སརྦ་པ་པཾ་ས་མ་ཡ་ཧཱུ~ཾ་རྦད།། དེ་ནས་ཕྱི་ལཾ་བཅད་པའི་སྔགས།། དམ་ཚིག་སྔགས་བདུན་རེ་རེ་ལ།། འདི་བཏགས་ཁྲག་རུལ་རྗེས་སུ་འབྲེང། ། ཧ་ཧ་ཧི་ཧི་ན་ག་ཏི་སྟ་ས་མ་ཧཱུ~ཾ་ཕཊ། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ལས། ཀླུ་གཏི་མུག་དུག་གི་བདག་ཉིད་ལ་གཏད་པ་དྲག་སྔགས་བདུན་པའི་ལེའུ་སྟེ་ཉེར་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱི་ཀླུ་གཏི་མུག་གི་བདག་ཉིད་གཉན་ལ་གཏད་པ་འདི་གསུངས་སོ། ། འབྲུབ་ཁུང་ནང་དུ་ཐོད་པ་བཞག། དེ་ནང་འཁོར་ལོ་ཤིང་ཤུན་ལ།། དབུས་སུ་དགྲ་གཟུགས་མིང་དང་རུས། ། ཕྱི་རིམ་འབོད་རྦད་བསད་པའི་སྔགས།། རིམ་པ་གསུམ་དུ་བྲི་བར་བྱ།། དེ་ན་སྡིག་པ་གཉན་གྱི་ལྟོ།། དེ་ནས་གསང་སྔགས་བཤད་པར་བྱའོ།། ནག་འདུ་ན་ག་འདུ་ན་ག་ཤན་འདུ།། ཧི་ལི་ཧི་ལི་འདུས་འདུས། ། སྡིག་པ་ཉ་སྦྲུལ་རྨིས་པ་ན།། དགྲ་བོ་དགུག་པ་རྦད་པའི་སྔགས།། ན་ག་ར་ཙ་ཨ་ར་ནན།། ན་ག་སུ་ག་ནག་སུ་ག་ཧཱུ~ཾ་ཛ་ཧཱུ~ཾ་ཛ། བཙོན་བཟུང་བ་དང། རྩིག་སྐུད་དང།། སོལ་བ་འཇུག་པ་རྨིས་ན་ཁུགས།། དེ་ནས་བསད་པར་བྱ་བ་ནི། ནག་པོ་བམ་ཙི་ཙ་རྒྱས།། ཏྲག་ཐུར་སྙིང་ལ་མགུལ།། མྱགས་མྱགས་རྩ་བཞི་སྐུམས་ཤན་ཤན་སྲོག་ལ་ཤན་ཐུར་སོད།། ན་ག་ཀེན་ཙོ་འདུས་འདུས་ཛ་དུར་དགྲ་ལ་བྷྱོ།། དེ་ནས་ཆུ་མིག་ཁ་བྱང་བལྟས་སམ། ། བྱང་ཤར་དག་ཏུ་ཁ་ལྟ་བར།། ཐོད་པ་གནན་ས་ལེགས་པར་གཏང།། རང་གིས་ཕྱི་ལ་མ་ཁྲག་རུལ་བཅད།། དགྲ་ལ་ཟ་ལམ་རྩི་སྨན་སྦྲེང།། པདྨ་དབང་ཆེན་དྲེགས་པ་ཅན་ཟིལ་གནོན་གྱི་རྒྱུད་ལས། ། གཉན་ལ་གཏད་པའི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདིས་ཀྱིས་ཀླུ་གཏི་མུག་གི་བདག་ཉིད་ལས་ས་བདག་ལ་གཏད་པ་འདི་གསུངས་སོ།། གྲོ་ག་ཤིང་ཤུན་དག་ལ་ནི།། དགྲ་ཡི་གཟུགས་ནི་ལེགས་བྲིས་ནས། ། ལག་གཡས་ཧལ་ཁྱི་ཧང་ན་ཕན་གཡོན།། རྐང་གཡས་ཐེ་སེ་ཙང་ཀུན་གཡོན།། ཕྱི་རིམ་སྦལ་པ་སྔགས་ཀྱིས་བསྐོར།། ས་བདག་བཞི་ཡི་སྲོག་འདི་བཟླས།། ཀྲོ་ཏ་མ་ཁྱེན་སྙིང་ཁྲག་སྲོག་ཆོད་དབུགས་ལོང་ཕཊ་ཛ་ཛ། ཁ་ཁུ་རི་ན་ཛྙཱ་ཙ་ཤ་ར་ན་སྲོག་ཕཊ་ཛ་ཛ། ས་བ་མེ་བྱིན་གན་དྷེ་རེ་ཕཊ་ཛ་ཛ། དུ་ར་ཤི་པར་ཙ་ཕཊ་ཛ་ཛ། འདི་ནི་ཧལ་ཁྱི་ཧང་ཕན་དང།། ཐེ་སེ་ཙང་ཀུན་བོད་སྔགས་ཡིན།། དེ་ནས་གཏད་པའི་སྔགས་འདི་བཟླས། ། ཨོཾ་བྷི་ར་ཏེ་དུར་ནི་པྲ་ཛ་ཕཊ།། ཨོཾ་ས་ཏོ་རག་ཤཾ་དུ་ར་ཙ་ཕཊ།། ཀེའུ་དུ་རག་ཤ་ཀྵུ་ཏི་ཕཊ་ཛ་ཛ། པྲ་ཡང་ཀུ་རུ་པྲེ་ར་ཛ་ཛ། ན་ག་ཀུ་རུ་ནག་པོ་ཙིཏྟ་རྦད།། གྷི་ན་ཀུ་རུ་དེ་བ་ཤན་དེ་རྦད། ཏ་ནོ་བེ་ན་ཀུ་རུ་ཡེ་སྭཱཧཱ། ཞེས་པས་བདག་གནས་སར་གཏད།། ཡང་ན་རོ་དང་སྦྲགས་ནས་གཏད།། རོ་ཡི་ཁར་བཅུག་གཏད་པར་བྱ།། ཞེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས། ། ས་དག་ལ་གཏད་ཅིང་ལས་བཅོལ་བའི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱང།། ཀླུ་གཏི་མུག་གི་བདག་ཉིད་ལས་དྲག་པོའི་ལས་ཀྱིས་བཟློག་ཅིང་གནད་ལ་དབབ་པར་བྱ་བའི་བསྒྲུབ་པ་འདི་དག་བསྟན་པ་བསྲུང་ཕྱིར་གསུངས་སོ། ། མདུན་དུ་གྲུ་གསུམ་ནག་པོའི་ནང།། ཐོད་ནང་ཀླུ་ཡི་གཟུགས་བཞག་ནས།། བྲ་མའི་ཕུར་བུ་སྔགས་བཟླས་ཏེ།། ཁྱུང་ནག་ཁ་ན་སྦྲུལ་ནག་ཟ་བ་བསམ།། ཨོཾ་ར་མ་ཧཱ་ག་རུ་ཊ་ཧཱུ~ཾ་ཧཱུ~ཾ། ཨོཾ་བཛྲ་བ་ཏི་ག་རུ་ཊ་ཧཱུ~ཾ་ཧཱུ~ཾ།། ཛ་ཛ་ར་ཙ་ཏྲི་ཛ་ཧཱུ~ཾ་ཕཊ།། དེ་ནི་བསྙེན་པའི་གསང་སྔགས་ཡིན།། ཀླུ་རྣམས་གསོད་བའི་སྔགས་འདི་ནི།། ཉུངས་ཀར་བྲབ་ཅིང་ཕུར་བུས་གདབ།། ཨོཾ་ལྷང་ལྷང་ཚེར་ཚེར་ཤིག་ཤིག་དུམ་དུམ། ། ཨོཾ་ར་ཙ་མ་ཧཱ་ག་རུ་ཊ་ཁྱུང་རྦད། ཧུར་ཐུམས་བྷྱོ།། ས་ན་ག་ཙ་ཏྲི་དུ་མེ་སྲོག་ལ་མ་ར་ཡ་རྦད། ལས་ཀྱི་རང་གཤེད་འབེབས་པ་སྟེ།། རྡོ་རྗེ་རིན་ཆེན་གཤོག་པ་ཡི།། ཕོ་ཉ་རབ་ཏུ་གཏད་བཟློག་བྱེད། ། ཀླུ་གཉན་ས་བདག་གདོང་ཟླ་རྣམས།། བཟློག་དང་མཐུ་བྱེད་ངག་མནན་པ།། ཡཾ་ལས་ལྕགས་ཁང་གྲུ་བཞིའི་དབུས།། ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་ནི།། བསྣོལ་མར་གནས་པའི་བར་དུ་ཡང།། ནརྀ་ལས་བསྒྲུབ་བྱ་བསྐྱེད་པར་བསམ། ། དེ་ཡི་ལྕེ་ལ་བྲི་བའི་སྔགས།། ཀཱ་ཡ་བ་ག་ཙིཏྟ་སྟཾཔ་ཡ་ཀུ་རུ་ལ།། དེ་ལ་དགུག་གཞུག་བྱས་ནས་ནི།། ཡཾ་བརྒྱད་ལྕགས་བྱུང་བསྲེགས་པར་བསམ།། ཉལ་ཀར་སྔགས་འདི་བརྒྱ་རྩ་བརྒྱད། ། དེ་ལས་མང་བ་མི་བཟླས་སོ།། ཨ་མུ་ཀ་ཀཱ་ཡ་བཱ་ག་ཙིཏྟ་སྟཾ་པ་ཡ། ཛཾ་བྷ་ཡ། མོ་ཧ་ཡ། བན་དྷ་ཡ། མ་ར་ཡ། ལཾ་ཀུ་རུ་ཧཱུ~ཾ་ཕཊ།། ཅེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས། ། གཏི་མུག་ཀླུའི་བདག་ཉིད་གཏད་ལོག་བསྲུང་བའི་ལེའུ་སྟེ་ཉེར་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས།། གཏི་མུག་ལས་བྱུང་བའི་ཀླུའི་བདག་ཉིད་ལས་ཀླུ་གཉན་ས་བདག་གི་གདོང་ཟླ་བཟློག་པའི་འདི་གསུངས་སོ། ། རོ་གཡམ་ཐོག་ཏུ་རོ་རས་ལ།། འཁོར་ལོའི་དབུས་སུ་བསྒྲུབ་བྱ་བྲི།། ལྕེ་ལ་མནན་པའི་སྔགས་བྲིས་ཏེ།། རྩིབས་ནི་བཅུ་དྲུག་ནང་དུ་བསྟན།། དེ་ལ་གསང་སྔགས་བྲི་བར་བྱ།། དེ་སྟེང་མཆོད་རྟེན་གསུམ་བརྩེགས་པ། ། ཟུར་སུམ་བྱས་པའི་ནང་དུ་ཡང།། ཕུར་བུ་ཇགས་བྲིས་ལིང་ག་གཟེར།། བུམ་པ་བཀྲ་ཤིས་ས་ལ་བྱ།། ནང་དུ་བདག་ཉིད་བཞག་པར་བྱ།། ཕྱག་གི་ཕུར་པ་ཕྱིར་ཕྱུང་ལ།། རྩེ་མོ་དགྲ་ལ་བསྟན་པར་བྱ། ། དཔལ་ལ་གསང་སྔགས་བྲི་བར་བྱ།། གོས་ནག་གོན་ལ་བསྒྲུབ་བྱ་དགུག།། ལིང་ག་དག་ལ་བསྟིམ་པར་བྱ།། རང་བས་ཆེ་བ་མེད་པར་བསྒོམ།། བསྐོར་བ་ཕྱིན་ཀ་ལོག་ཏུ་བྱ།། ཉ་སྟོང་ཚེས་བརྒྱད་དུས་གཉེན་ལ། ། སྔགས་འདི་རབ་ཏུ་བཟླས་པར་བྱ།། ཨོཾ་མ་ག་ཏི་བཟློག། ས་ག་ཏི་བཟློག། ས་ཏི་དུན་ཏི་སྲོག་ལ་བཟློག། ང་སྲོག་ཏིག་ལ་བབ། ངར་ངར་ལ་བབ།། སུ་པ་ཎི་ཡ་བཟློག། རྦོད་སྟོང་དུར་ཡ་བཟློག། དེ་ནི་བསྙེན་པའི་གསང་སྔགས་དེ། ། འདི་ནི་ལས་ཀྱི་ཤམ་བུ་ཡིན།། བརྒྱ་བརྒྱ་དག་ལ་རེ་རེ་གདགས།། གཤིན་རྗེའི་ཡ་ཐོག་བཟློག། ཕུར་བུའི་ལྷ་འབྱེད་བཟློག། མ་མོའི་དལ་ཁ་ད་ན་ཤིང་བཟློག། བསེ་མོའི་སྲོག་ཤིང་སྲོག་སྙིང་བཟློག། ཕོ་རྒྱུད་བཟློག། མོ་རྒྱུད་བཟློག། བཙན་བཟློག། བདུད་བཟློག། རྒྱལ་པོ་བཟློག། ཅེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་རྒྱུད་ལས།། གཏི་མུག་ཀླུའི་གདོང་ཟླ་བཟློག་པ་སྟེ་ལེའུ་ཉེར་དྲུག་པའོ། ། དེ་ནས་བཅོམ་ལྡན་འདས་ལ། འཁོར་རྣམས་ཀྱིས་འདི་སྐད་ཅེས་སྔགས་པའི་ཆེ་བ་མང་པོ་མགྲིན་གཅིག་ཏུ་བརྗོད་དོ།། སྟོང་གསལ་རིག་པ་ཆོས་ཀྱི་སྐུ།། ཡེ་ཤེས་ལྔ་ཡི་རྩལ་འཆང་བ། ། གཟུང་ཡུལ་སྟོང་པ་ཤེས་རབ་ཉིད།། འཛིན་སེམས་ཡེ་ཤེས་ལས་བྱུང་བས།། སྙིང་རྗེ་ཐབས་ཀྱི་བདག་ཉིད་ཅན།། ཐབས་དང་ཤེས་རབ་གཉིས་མེད་པས།། སྐུ་གསུམ་སྣང་བ་ཁྱོད་ཀྱི་སྐུ།། འཁོར་བ་ཁམས་གསུམ་སེམས་ཅན་ལ། ། ལས་ཀྱི་དབང་གིས་ཉོན་མོངས་སྣང།། དེ་བཟློག་ཆོས་ཀྱི་འཁོར་ལོ་བསྐོར།། བླ་མེད་ཐེག་པ་རབ་སྟོན་མཛད།། རྣལ་འབྱོར་ལམ་ལ་ཞུགས་པ་ལ།། ཉམས་ཀྱི་སྣང་བ་ཤར་བར་བྱེད། ། ཐབས་ཀྱི་ཆ་ལས་སྐྱེས་པ་ནི།། སྣང་བ་དགྲར་ལངས་རྣལ་འབྱོར་ཡིན།། ཤེས་རབ་ཆ་ལས་སྐྱེས་པ་ནི།། སྟོང་པ་དགྲར་ལངས་རྣལ་འབྱོར་ཡིན།། སྣང་སྟོང་གཉིས་སུ་མེད་པ་ཡིན།། སྐུ་གསུང་ཐུགས་ནི་མི་ཟད་པའི། ། རྒྱན་པའི་འཁོར་ལོ་ཡང་དག་གནས།། དཀྱིལ་འཁོར་དགུ་ཡི་བསྒྲུབ་པ་ཡིས།། ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་ཆེ།། བདག་ཅག་དུག་གསུམ་གདུག་པ་ཅན།། དཔལ་གྱི་བཀའ་ལས་མི་འདའ་བར།། དམ་ཚིག་བཞིན་དུ་བསྟན་པ་བསྲུང། ། ཞེས་བརྗོད་ནས་རྗེས་སུ་ཡི་རང་བར་གྱུར།། ཐམས་ཅད་ཆོས་ཀྱི་སྐུར་ཐིམ་མོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གྱིས་གནོན་པའི་རྒྱུད་ལས།། རྗེས་སུ་ཡི་རང་བ་སྟེ་ལེའུ་ཉེར་བདུན་པའོ། །།། དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་རྫོགས་སོ།། པཎྜི་ཏ་པདྨ་འབྱུང་གནས་དང། ལོ་ཙར་ཁ་ཆེ་ཨ་ནན་ཏ་ས་བསྒྱུར་བའོ།།།། རྒྱ་གར་སྐད་དུ།། ཤྲི་བཛྲ་མ་ཧཱ་ཀྲོདྷ་ཧ་ཡ་གྲི་བ་ཏན་ཏྲ་རཱ་ཛ་ནི་ནཱ་མ།
CLOSE WINDOW