Wylie |
ཨརྱ་མཉྫུ་ཤྲཱི་ཡ་མ་རཱ་ཛ་མ་རུ་ཙེ་ཙིཏྟ་ཏནྟ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་མེ་རུ་ཙེ་ཐུགས་ཀྱི་རྒྱུད། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ཨུ་རྒྱན་གྱི་ཡུལ་རྒྱ་མཚོ་ཆེན་པོ་ལ་བརྟེན་པ། རྫུ་འཕྲུལ་ཅན་གྱིས་བགྲོད་པ་ལས་གཞན་གྱིས་བགྲོད་པར་དཀའ་བའི་ཡུལ་ན། གླགས་ཤིའི་ལུང་བྱ་བ་རུ། བྲག་ཕུག་ཁོང་སེང་ཅན་ཞེས་བྱ་བ་ན། བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་བྱ་བའི་སྤྲུལ་པ། པདྨ་སཾ་བྷ་བ་རྡོ་རྗེ་ཐོད་འཕྲེང་རྩལ་ཞེས་བྱ་བ། སྐུ་ཚེ་ཡི་རིགས་འཛིན་སྙེས་པ། འགྲོ་བ་ཡོངས་ཀྱི་དཔལ་མགོན་དུ་གྱུར་པ། བདུད་དང་སྲིན་པོ་མ་ཏྲཾ་བཞིན་སྒྲོལ། མ་མོ་མཁའ་གྲོ་དང་གིང་ཐམས་ཅད་ཀྱིས་ནུབ་རེ་ལ་བསྐོར་བ་ལན་གསུམ་གསུམ་བྱེད་ཅིང། སྲོག་གི་སྙིང་པོ་འབུལ་བ། བརྒྱ་བྱིན་དང། གཤིན་རྗེ་དང། སྲིན་པོ་དང། ཤ་ཟ་དང། མ་མོ་དང། ལྟོ་འཕྱེ་དང། གྲུལ་བུམ་དང། དྲི་ཟ་དང། མིའམ་ཅི་དང། རྣམ་ཐོས་ཀྱི་བུ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། འབྱུང་པོ་དང། གདོན་ཕལ་པ་རྣམས་ཀྱང་སྐོར་བར་བྱེད། ཕྱག་འཚལ། མཆོད་པ་འབུལ་ལོ། ཤ་ཟ་ལྕེ་སྤྱང་གི་ཚོགས་ཐམས་ཅད་ཀྱང་འདུར་ཞིང་ཕྱག་འཚལ་བའི་གནས་དེ་ན། སློབ་དཔོན་ཉིད་དགོངས་པ་མཛད་ཅིང་སྦྱིན་པ་གཏོང་ཞིང་བཞུགས་སོ།། གཞན་ཡང་ཉིད་ལ་འཁོར་ནི། ཕྱི་ཡི་བསྟན་པ་འཛིན་པ་དང། ནང་གི་བསྟན་པ་སྐྱོང་བ་དང། གསང་བའི་བསྟན་པ་སྲུང་བས་བསྐོར་ནས་བཞུགས་སོ།། དེ་ཡི་ཚེ་ན་བདག་གིས་བསམ་པ།། རང་གི་ཆེད་དུ་མི་བསལ་ཞིང།། དམ་ཚིག་བསྲུང་ཞིང་བསྐྱབ་པའི་ཕྱིར། ། པདྨ་ཉིད་ལ་ཞུ་བ་བརྩམ།། བླ་མའི་བླ་མ་དགོངས་སུ་གསོལ།། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ།། བདག་ནི་རོ་ལངས་བདེ་བ་སྩལ།། བསྟན་པ་འདི་བཟླས་བསོད་ནམས་ཚོགས་ཟད་དེ། ། དུས་ངན་ཐ་མར་གྱུར་ཏེ་བསྟན་འཇིག་སེར་ཆགས་འཚེ།། ཤ་ཟ་གདོང་དམར་གདུལ་དཀའ་དཀོན་མཆོག་སྐུ་ལ་བསྔོ།། དེ་ཚེ་དེ་འདུལ་མན་ངག་ཐབས་བསྟན་ཞུ་བར་གསོལ།། སློབ་དཔོན་ཉིད་ཀྱི་བཀའ་སྩལ་བུ་ལ་ནི། ། རང་དོན་མ་ཡིན་དམ་ཆོས་བསྲུང་དོན་དུ།། བསྟན་པ་འཇིག་པའི་ཤ་ཟ་གདུལ་དཀའ་བ།། དེ་གདུལ་མན་ངག་ཞུ་བ་ཞུས་པ་ལེགས།། གང་འདོད་སྦྱིན་གྱིས་བསྟན་པ་བསྲུང་བར་བྱོས།། སློབ་དཔོན་རོ་ལངས་གསང་བས་ཞུ་གསོལ་པ། ། མན་ངག་གཤིན་རྗེ་དམར་པོའི་ཡང་སྙིང་ཞུ།། འདི་ཡི་ངེས་ཚིག་སྒྲུབ་ཐབས་ལས་རིམ་ཞུ།། བླ་མའི་ཐུགས་རྗེས་བདག་ལ་གཟུང་དུ་གསོལ།། སློབ་དཔོན་ཉིད་ཀྱིས་བཀའ་སྩལ་བུ་ལ་ནི། ། ངེས་ཚིག་ཡ་མ་རཱ་ཛ་བཛྲ་ཡཀྴ་མ་རུ་ཙེ།། སྲོག་དང་ཐོད་ཆེན་ཝ་ཐོད་གསུམ་ལ་སྒྲུབ།། གསོ་གསོད་ལ་སོགས་ལས་རྣམས་སྣ་ཚོགས་འགྲུབ།། ཅེས་བཀའ་སྩལ་ཏོ།། ལུང་དེ་ལ་བརྟེན་ཏེ་དཔལ་རོ་ལངས་བདེ་བས་མཛད་དོ། ། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། ཤྲཱི་ཡ་མ་རཱ་ཛ་ཧ་ལ། ཟུར་ཐར་བྱེད། གཤེད་གཤེད་བུ་རལ་པ་ཅན། དྲེགས་པ་ཅན་ཐམས་ཅད་ཀྱི་གཤེད་མ་སྟེ། བསྟན་པ་བསྲུང་བའི་ལྷ་ལ་ཕྱག་འཚལ་ལོ། ། གཤིན་རྗེའི་རྒྱལ་པོ་སྲོག་དབུགས་བདག་པོ་སྟེ།། ཀུན་གྱི་བདུད་ཡིན་སྐྱེ་འགྲོ་ཀུན་ལ་གནས།། ལྷོ་ཡི་ཕྱོགས་ནས་ཁམས་གསུམ་ཁྲམ་ལ་འདེབས།། ང་རྒྱལ་དབང་གིས་སྐུར་འགྱུར་དམར་ལ་གདང། ། དྲེགས་པ་ཅན་གྱི་ང་རྒྱལ་འཇོམས་མཛད་ཕྱིར།། རླུང་གིས་བསྐྱོད་ཅིང་མེ་ཡི་འཁོར་ལོས་བསྲེག། འབར་བའི་མཆེ་གཙིགས་དུག་གསུམ་ཞལ་དུ་རྡུག། རྨོངས་འཁྲུལ་དངོས་ལྟ་སྙིང་གི་ཁྲག་ཆེན་ལྡག། དབུ་སྐྲ་རལ་པའི་ཕོ་ཉ་མང་པོ་ཀུན། ། གདུག་པའི་ཚུལ་གྱིས་དཀོན་མཆོག་དགྲ་ལ་གཏོང།། སྐུ་ཡི་མེ་དཔུང་འབར་བས་སྣང་སྲིད་ཁ་དོག་གསལ།། ཤངས་ནས་བསྐལ་པའི་རླུང་ཚུབ་འཇིག་རྟེན་འཁྲུག། སྐྱེ་འགྲོའི་ཚེ་དང་སྲོག་པ་དབང་སྒྱུར་ཞིང། ། ཀུན་གཞི་གཏན་དུ་ཕུང་མཛད་ང་ལ་འདུད།། ཟད་པའི་དུས་ན་བསྐལ་པའི་མེ་ལྟར་འབར།། བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ།། དགྲ་དཔུང་འཇོམས་པར་མཛད་ལ་ཕྱག་འཚལ་ལོ། ། དངོས་གྲུབ་སྟེར་བར་མཛད་ལ་ཕྱག་འཚལ་ལོ།། དེ་ཡི་སྒྲུབ་ཐབས་དམ་པ་ཡང་སྙིང་འདི།། དབེན་ཞིང་ཉམས་དགའ་བཀྲ་ཤིས་ཡིད་འོང་དུ།། གྲུབ་པའི་ཉི་མ་ཤིས་དང་གཟའ་སྐར་བཟང།། དེ་འཇུག་ཕྱི་བཤགས་ནང་བཤགས་སྲོག་འདོན་བྱ། ། བཟོ་བོ་མཁས་པ་སྤྱན་དྲང་སྤྱིན་མེད་ཚོན།། འཇམ་དཔལ་གཤིན་རྗེའི་སྐུ་བྲི་ཟིན་པ་དང།། རབ་གནས་ཆོ་ག་རྒྱལ་སྐར་དག་ལ་བྱ།། མཆོད་པ་རྣམ་ལྔ་གཏོར་མ་ཕུན་སུམ་ཚོགས། ། བདག་ཉིད་འདུག་ལ་བཟླས་པ་བརྩམ་པར་བྱ།། བསྙེན་པའི་སྙིང་པོ་ཨོཾ་དང་སྭཱཧཱའི་མཐར།། མ་རུ་ཙེ་ཏེ་པ་ན་པ་ཏ་ཡེ།། དགུ་པྲ་བཅུ་གཉིས་འཕྲེང་བར་ལྡན།། བདག་ཐུགས་ཡེ་ཤེས་སཻམས་དཔའི་ཐུགས་ཁའི་ཧཱུ~ཾ། ། ཡི་གེ་བཅུ་གཉིས་སྔགས་ཀྱི་འཕྲེང་བས་བསྐོར།། འཕྲེང་བས་ལྷ་རྣམས་ཐུགས་དམ་བསྐུལ་ཞིང་མཆོད།། བསྡུས་པས་བདག་ཉིད་འཇམ་དཔལ་དམར་པོ་འགྲུབ།། དེ་འདྲའི་ཚུལ་གྱིས་དྲུག་འབུམ་གྲངས་ལ་བསྐྱལ། ། བཟླས་པ་རྫོགས་དང་དངོས་གྲུབ་བླང་བར་བྱ།། དེ་ནི་བསྙེན་པ་བྱ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་སྔགས་པ་དཔའ་སེམས་ལྡན་པ་ཡིས།། གནམ་ལྕགས་མ་ལ་ཡ་ཡི་རྩེར་ཕྱིན་ལ། ། མཎྜལ་ཁྲག་གིས་ཆག་ཆག་གདབ་པར་བྱ།། དེ་དབུས་བཞག་སྟེ་མདུན་དུ་བེ་ཤིང་ལ།། རྡོ་རྗེ་བེ་ཅོན་རྒྱལ་པོ་བྱས་ལ་གཞག། བཅུ་གཉིས་གསང་སྔགས་སུམ་འབུམ་གྲངས་ལ་བསྐྱལ།། བར་བར་སྐབས་སུ་བེ་ཅོན་དབང་བསྐུར་བསྔགས། ། ཨོཾ་དང་ཕཊ་ཀྱིས་ཐོག་མ་རྟེན་བྱས་ལ།། བསྐུར་བའི་སྙིང་པོ་བེ་བ་ས་ཏ་ཡེ།། ཨ་མུ་ཁཾ་ཧཱུ~ཾ་ཡ་མ་ཏེ་བཅུ་གཉིས་པ།། རྨེ་ཁྲག་དག་གིས་བྱུག་ཅིང་བརྒྱ་བརྒྱ་བཟླས།། བཟླས་པ་རྫོགས་དང་དངོས་གྲུབ་མཎྜལ་བསྡུ། ། ཉེ་བའི་བསྙེན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་སྔགས་པ་དཔའ་སེམས་ལྡན་པ་ཡིས།། དུར་ཁྲོད་གནས་མལ་ལྷ་ཁང་སྙིང་པ་རུ།། སྔགས་པ་མདའ་འཕེན་ཟླ་བ་མར་ངོ་ལ། ། གྲུབ་བའི་ཉི་མ་བདུད་ཀྱི་ཉི་མ་ལ།། འཇིག་རྟེན་ལྷ་འདྲེ་རྣམས་ལ་དཔང་བཙུགས་ཏེ།། དུར་ཁྲོད་ས་ལ་མཎྜལ་མདའ་གང་བྱ།། ཆག་གང་སྤངས་ཏེ་ཁྲག་གིས་དམར་པོ་བྱུག། བ་སུ་ཐིག་གདབ་འཁོར་ལོ་རྩིབས་བཞི་པ། ། མཐའ་མ་རྡོ་རྗེ་ར་བས་བསྐོར་ཏེ་བྲི།། དབུས་སུ་གཏིང་བྲུས་ཝ་ཡི་ཐོད་པ་ལ།། ཨོཾ་དང་ཧཱུ~ཾ་དང་ཛ་དང་མ་བྲིས་ལ།། ནང་དུ་རཀྟ་དུག་རྫས་མིང་རུས་གཞུག། ས་ཡིས་གཡོགས་ཏེ་གྲུ་གསུམ་ཟླ་གམ་གསུམ། ། གྲུ་ཆད་མ་རཱ་ཛ་བྲི་ཤོད་རྡེའུ་སྤུང།། ལྕགས་རི་སྒོ་དང་ལྡན་པ་བྲི་བར་བྱ།། དབུས་ཀྱི་ལྟེ་བ་མཐིང་ནག་གྲུ་གསུམ་དུ།། བདག་ཉིད་གཤིན་རྗེ་དམར་པོའི་ཕོ་བྲང་གདབ།། རྩིབས་བཞིའི་སྟེང་དུ་དམར་པོ་མཆེད་བཞི་སྒོམ། ། རྩིབས་ཆེན་བཞི་ལ་བཛྲ་མ་བཞི་སྟེ།། གྲུ་ཆད་བཞི་ལ་བདུད་དང་གིང་རྣམས་སྒོམ།། དབུས་སུ་བསེ་ཕོར་མཚན་ལྡན་ནང་དུ་ནི།། མི་སྙིང་ཁྱི་ར་དམར་ཁྲའི་ཤ་དང་ཁྲག། ཤར་དུ་བདུད་རྩི་བནྡྷ་ཤ་དང་ཁྲག། གཤིན་རྗེའི་སྲོག་ཟིན་རླབ་མཚོ་ཡིན་པར་སྒོམ།། ལྷོར་ནི་དུག་ཤིང་ཧོམ་སྟེ་ལྕགས་ཀྱི་སྤྱང་མོར་སྒོམ།། ནུབ་ཏུ་སྤྲུལ་པའི་ཁྲོ་བོ་སྤུངས་ཕུར་སྒོམ།། བྱང་དུ་དུག་གཏོར་རབས་ཆད་བནྡྷ་གང།། དུག་གི་ཕུར་བ་ནག་པོ་ཨ་ནི་ཕཊ། ཁ་ཁ་ཧུ་ལུའི་རླུང་གཤོག་གཡས་གཡོན་གཉིས།། རྩང་གཉིས་ཁ་ལ་ལིང་ག་མགོ་ཐུར་བསྟན།། བྱང་ཤར་འབྲུབ་ཁུང་ཁྲུ་གང་ཐར་དུ་བརྐོ།། རྒྱ་མདུད་མེད་པའི་ཕུར་པ་ནག་པོ་བདུན།། གྲུ་ལ་སྤུངས་ཏེ་ཧ་སྟེ་རྩེ་ལྔ་དང། ། གཤོག་རུས་དག་བཤོས་གསུམ་ཡང་རིམ་པ་བཞིན།། དཔལ་གཏོར་ལྷོ་ནུབ་གྲུ་ལ་ཤར་ལྷོར་མཉྫུ་ཤྲཱི།། ལྷོ་སྒོར་ཡ་མ་རཱ་ཛའི་བྷ་ལིང་བཞག། བཟླས་པ་ཐུན་གསུམ་གཅད་དེ་བྱ་བ་ཡང། ། དང་པོའི་བཅུ་གཉིས་འབུམ་གཅིག་བཟླས་པ་བྱ།། དེ་ནས་བྱེ་བ་ཐིམ་པས་སྒྲུབ་པ་རྫོགས།། དེ་བར་དུག་གི་བསྙེན་པ་མཐར་ཕྱུང་ལ།། ལྷ་ལྔ་དབྲལ་ཞིང་དགུག་པ་དྲག་ཏུ་བྱ།། ཁུགས་པར་གྱུར་དང་དྲག་པོའི་འཕྲིན་ལས་བརྩམ། ། མི་སྨྲ་རོ་ཚས་རས་བླང་ཁྲག་ཏུ་སྤང།། དུག་སྦྱར་ཁུ་བས་བཀྲ་ཞིང་མདངས་ཕྱུང་ལ།། ཕུར་བཞིའི་ཁ་ལ་བརྒྱངས་ཏེ་བསྐམ་པར་བྱ།། མ་ཏོལ་དུམ་བུ་ཐང་ཁྲོམ་ཁ་ཐོག་དང།། དུག་རྣམས་རང་གི་སྲིན་ལག་ཁྲག་སྦྱར་ནས། ། གནག་ཙ་སྦྱར་ཏེ་བྱ་རོག་འུག་པའི་སྒྲོས།། འཁོར་ལོ་རིམ་པ་གསུམ་དང་ལྡན་པར་བྲི།། དབུས་སུ་གྲུ་གསུམ་བསྣོལ་ཏེ་བཞི་པ་ལ།། ཨོཾ་མ་རུ་ཙེ་ཞེས་བྲི་བར་བྱ།། རྩེ་མཚན་བཞི་པ་ཏ་ཡེ་སྭཱཧཱ་ཞེས། ། བྲིས་བས་ཡི་གེ་བཅུ་གཉིས་དགོད་པ་ཟིན།། རིམ་པ་གསུམ་པ་རྩིབས་བརྒྱད་ལ།། ཨོཾ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ། ཡ་མན་ཏ་ཀ། ཨ་ཀྲོ་ཏེ་ཀ། ཀཱ་ལ་རུ་པ། བཛྲ་ཏ་ཀྲོ་ཏ་ཀ། དགྲ་བོའི་ཙིཏྟི་ལ་རྦད། ཐུཾ་རི་ལི་ལི་བྷྱོ། ས་སྟོང་རིང་དང་རུས་བཅུག་ལ།། དབང་ལ་འགུགས་པའི་ཛ་ཞེས་བྲི།། དེ་ནས་ཝ་ཐོད་ཡར་ཕྱུང་གྲུ་གསུམ་སྦག། འཁོར་ལོའི་སྟེང་དུ་ཝ་ཐོད་གཞག་པར་བྱ།། སྙིང་པོ་བོད་རྦད་གསད་དེ་ལས་སྔགས་བཟླས། ། ཡི་གེ་བཅུ་གཉིས་བོད་པའི་སྙིག་པོ་ཡིན།། སུམ་ཅུ་སོ་བཞི་གསད་པའི་ལས་སྔགས་སོ།། འདི་ནི་སྒྲོལ་གིང་རྟག་ཏུ་རྦད་པའི་སྔགས།། སྟོང་སྟོང་ཉིན་མཚན་གུང་ལ་བཟླས་པར་བྱ།། གཏུམ་པོ་ཡཾ་ཡཾ། སྒྲོལ་གིང་ཡཾ། མ་རུ་ཙེ་ལས་ལ་ཡཾ་ཡཾ། ཙ་ལ་ཧུར། དབུགས་ལ་ཐུམ། སྲོག་ལ་ཡ། དུ་ན་ཛ། དུ་ལིང། ཀྲིད་དེ་ཀྲད་དེ། ཛ་ཛ། བར་བར་དབང་གཟུགས་ཆོ་ངེས་གདབ།། ཤིས་པའི་ཕོ་ཉས་མངག་ཅིག་དགུག། གཟུགས་དང་ལིང་ག་ཉིད་ལ་གདབ།། འབྲུབ་ཁུང་དུ་ནི་བརྡེག་པའི་སྔགས།། ཨོཾ་ཏྲི་ལིང་ཤན་ཏྲི་དུ། དྲི་ཟ་ཡཀྴ། རྦད་བུ་ཕྱེ་མ་ཁ་དྷར། རུ་རུ་པྲ་པྲ་དུཾ་དུཾ་ཤིག་ཤིག། དགྲ་བོ་མཱ་ར་ཡ། ར་བསྒྲལ་གཡང་གཞི་མགོ་ལྤགས་བཤུས། ། མིང་རུས་ཙིཏྟ་པགས་པའི་སྟེང།། གྲ་སོ་ཕུར་པ་བེ་ཅོན་ལ།། སྔགས་འདི་བཟླས་ལ་བརྡེག་པར་དབུལ།། རྣལ་མ་རྣལ་ཏེ་གསོད་ལ་རྔམ། གཤོས་ལ་མེར། པྲིས་ལ་ཆུཾ། ཐུ་བིས་ཐུ། ལྕགས་ཀྱི་སྒྲ། དགྲ་བོ་ནི་མཱ་ར་ཡ། དེ་ནས་ལིང་ག་ཚོ་གསུམ་དུ། གཅིག་ནི་ལྷོའི་ལྷ་མོ་ལ་བསྲེག། ཤར་གྱི་དམ་རྫས་མཆོད་པར་དབུལ།། ཏྲག་རཀྴ་རུ་ལུ་རུ་ལུ་བྷྱོ། རག་མོ་ཏེ་ཀུ་མ་ཛ་ཛ། རག་མོ་ཙ་ཙ་ཁ་ལ་མ་ཧི་བྷྱོ། མ་རུ་ལུ་རུ་ལུ་བྷྱོ། ཏྲག་ཁ་མུན་ཏྲ་བྷྱོ། རུ་ལུ་རུ་ལུ་བྷྱོ། གཅིག་ནི་དབུས་ནི་ཝ་ཐོད་དུ།། བཅུག་སྟེ་གསད་དང་རྦད་པ་བཟླས།། དེ་ཞབས་ཐུན་སྔགས་བཟླས་པར་བྱ།། ཡུལ་གྱི་ཕྱོགས་སུ་ཁང་པ་ལ།། བསྐུལ་ཏེ་འཕང་ངམ་བརྡེག་པར་བྱ། ། ཐ་མ་མནན་དང་གཏད་པའོ།། ཐོད་པ་གཡང་གཞི་མགོ་ལྤགས་གཏུམ།། སྟོང་ལམ་མཁར་གྱི་སྒོ་ཁའམ།། ལམ་གྱི་བཞི་མདོར་མནན་པ་བྱ།། ཧྲིཥྟི་བཞིས་བསྐོར་སྔགས་ཀྱིས་གནན།། མནན་པ་ཀླུ་ལ་གཏད་པར་བྱ། ། བསྙེན་པ་རྟགས་ལ་ཕེབས་ཏེ་བཟླས།། སྒྲུབ་པ་ཆུ་གླང་བུམ་པ་རུ།། སྦལ་པ་ནག་པོའི་གཟུགས་བྱས་ལ།། ཛ་བཞིའི་སྙིང་པོ་བཟླས་པར་བྱ།། གྲུབ་དང་རྦད་པའི་སྙིང་པོ་བཟླས།། སྔོ་རུ་ཆུ་དང་གསད་སྔགས་བཟླས། ། ཡཾ་ཤེ་ཀླུ་ལ་བསྐུལ་མར་གཏང།། སྒྲུབ་པ་ཚུལ་བཞིན་དུ་བྱ་བའི་ལེའུ་སྟེ་བཞི་པའོ།།།། སྔགས་པ་ནང་འགྲས་རྟགས་འགོར་ན།། རོ་ལངས་འཁོར་ལོ་ནང་རྩེ་བསྟན།། ཞི་བ་ཕྱིན་ཅི་ལོག་གི་སྔགས། ། བཟླས་པ་དམ་དུ་དེ་ལ་སྒྲུབ།། འབྲུབ་ཁུང་ལིང་ག་བཅས་པ་ལ།། དཔང་གཟུགས་ར་མདའ་བཟློག་པར་བྱ།། ཕུར་བུས་གདབ་ཅིང་རྡུལ་དུ་བརླག། རྡོ་རྗེ་བརྡུང་ཞིང་ཀླུ་ལ་གཏད།། བནྡྷེ་གསད་པའི་ལེའུ་སྟེ་ལྔ་པའོ། །།། ཞི་བའི་ལས་དེ་རས་སྒེའུ་དཀར་པོ་དང།། བསྲུང་སྐུད་དཀར་ལ་ཤན་ཏིང་ཀུ་རུ་བཟླས།། རྒྱས་པའི་ལས་དེ་བུམ་པ་མཚན་ལྡན་ལ།། པུཥྟིཾ་ཀུ་རུའི་བཟླས་པའི་པ་བྱས་པས་འགྲུབ།། དབང་གི་ལས་དེ་འཁོར་ལོ་ཟླ་གམ་ལ། ། པ་ཤང་ཀུ་རུ་ཐམས་ཅད་དབང་དུ་འགྱུར།། མཱ་ར་ཡ་སྟེ་གོང་ནས་འབྱུང་བ་བཞིན།། སེར་བ་དབབ་ན་ཀེ་ཏ་བཟླས།། གཅད་པར་འདོད་ན་ཧཱུ~ཾ་ཕཊ་བཟླས།། ནད་པ་གསོ་ན་མེ་དཔུང་འབར་བ་སྒོམ། ། དེ་ཡིས་གསང་སྔགས་བཟླས་ཏེ་བསྲུང་བར་བྱ།། ལྟས་ངན་ཆོ་འཕྲུལ་གཏོང་བར་བྱ་བ་ཡང།། མོན་མོ་ཁ་ཀྲའི་ཡང་སྙིང་གདགས་ཤིང་གདབ།། མི་རྒོད་བཅིང་ན་པ་ཤ་མའི་མོ་སྔགས།། རེངས་པར་བྱ་ན་བདུད་དཔུང་ནག་པོའི་སྔགས། ། རྫས་དང་མན་ངག་ཅན་གྱིས་མཚམས་སུ་སྦྱར།། ལས་རྣམ་པར་ཆེ་བའི་ལེའུ་སྟེ་དྲུག་པའོ།།།། གཤིན་རྗེ་དམར་པོའི་དཔེ་བྱད། ལས་ཀྱི་ཐོ་རྩ་བ་དམར་པོ། རོ་ལངས་བདེ་བས་ཡི་གེར་བཀོད། འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་མ་རུ་ཙེའི་ཐུགས་རྒྱུད་རྫོགས་སོ།།།།
CLOSE WINDOW