Wylie |
དོན་དམ་པར་དཔའ་བར་འགྲོ་བ་གར་མཁན་མཆོག་གི་རྒྱུད་ཕྲན་ལེའུ་མདོར་བསྡུས་པའོ།།།། བོད་སྐད་དུ། འཇམ་དཔལ་དམར་པོ་ཟོར་བ་དམར་ནག་གི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། དབུས་ཀྱི་ལྕགས་མཁར་ཆེན་པོ་འདི།། གཤིན་རྗེ་གཤེད་པོའི་གནས་ཡིན་ཏེ།། སྐུ་མདོག་དུག་ཆེན་ཧ་ལ་འདྲ། ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས།། བེ་ཅོན་གཡས་ལ་སྡིགས་མཛུབ་གཡོན།། མ་ཧེའི་གདན་ལ་བརྐྱང་བསྐུམ་བཞུགས།། གཡོན་ན་ནག་མོ་བེ་ཏ་ལི།། གཡས་ན་ཨེ་ཀ་ཛཱ་ཊི་མ།། བདུད་མོ་གཉིས་དང་དགྱེས་ཏེ་རོལ། ། དེའི་འཁོར་ན་གང་འཁོར་ན།། ཕྱོགས་སྐྱོང་གཤིན་རྗེའི་འཁོར་དང་སྟབས་ཅིག་བཞུགས།། གཞན་ཡང་འཁོར་དུ་གཏོགས་པའི་ལྷ། ཐུགས་ཀྱི་སྲས་མཆོག་ཡ་མ་རཱ་ཛ་དང། ཤར་ནས་སྲིན་པོ་མ་རུ་ཙེ་དང། ། ལྷོ་ནས་གཤིན་རྗེ་མ་རུ་ཙེ་དང། ནུབ་ནས་བདུད་མ་རུ་ཙེ་དང། བྱང་ནས་གནོད་སྦྱིན་མ་རུ་ཙེ་དང། དེ་དག་ཀྱང་རང་གི་འཁོར་དང། ཤར་ནས་སྲིན་པོའི་འཁོར་དང། ལྷོ་ནས་གཤིན་རྗེའི་འཁོར་དང། ནུབ་ནས་ཀླུའི་འཁོར་དང། བྱང་ནས་གནོད་སྦྱིན་གྱི་འཁོར་དང། དེ་དག་ཀུན་གྱི་འཁོར་ན་ཡང་ཕྱིའི་འཁོར་དང།། ནང་གི་འཁོར་དང། གསང་བའི་འཁོར་དང་སྟབས་ཅིག་སྟེ། གཞན་ཡང་མཐུ་སྟོབས་ཀྱི་བདག་པོ་ལག་ན་རྡོ་རྗེ་འཛིན་པ་དང་ཐབས་གཅིག་ཏུ་བཞུགས་སོ། ། དེའི་ཚེ་དེའི་དུས་ན་གནོད་སྦྱིན་ཕོ་མོ་དེ་དག་གིས། སེམས་ཅན་སྐྱེས་འགུལ་ཐམས་ཅད་ལ། ཤ་ལ་ཟ་བ་དང། ཁྲག་ལ་འཐུང་བ་དང། དུས་མ་ཡིན་པར་གསོད་པ་དང། རྣམ་པར་འཚེ་བ་ནི་བྱེད། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་བདེ་བ་སྣ་ཚོགས་བཏང་བའི་སྐྱོན་གྱིས། མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ནས་ཞལ་གྱི་འཛུམ་པ་ཕྱུང་ནས། འདི་སྐད་ཅེས་གསོལ་ཏོ།། ཧེ་ཧེ་དཔའ་བོ་འཇིགས་བྱེད་ཆེ།། ངོ་མཚར་རྨད་བྱུང་ཁྱད་པར་ཆེ།། ཐམས་ཅད་འདུལ་བའི་སྟོབས་པོ་ཆེ།། གནོད་སྦྱིན་ཕོ་མོ་དྲེགས་པ་ཆེ།། སྟོན་པའི་འཁོར་དུ་འདུས་ནས་ཀྱང། ། ཐམས་ཅད་བསྒྲལ་པའི་ལས་བྱ་སྟེ།། མ་རིགས་མི་མཚལ་ཚུལ་བཞིན་དུ།། སྟོན་པའི་ཐུགས་རྗེས་གདུལ་དུ་གསོལ།། ཞེས་གསུངས་ཏེ་རང་གི་གནས་སུ་འཁོར་བར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་ཁམས་གསུམ་དབང་དུ་བསྡུས། ། སྲིད་གསུམ་ཟིལ་གྱིས་མནན། སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་ནག་ཏུ་གཏིབས་ཏེ། ཐུགས་ཡེ་ཤེས་ཀྱི་ཉི་ཟེར་གྱི་རྩེ་ལ་ལྕགས་ཀྱུའི་ཚོགས་དང། ཞགས་པའི་ཚོགས་དང་ལྕགས་སྒྲོག་གི་ཚོགས་དང། དྲིལ་བུའི་ཚོགས་བསམ་གྱིས་མི་ཁྱབ་པ་འབྲོས་ཏེ། ཧཱུ~ཾ་ཧཱུ~ཾ་དང། ཕཊ་ཕཊ་དང། ཧ་ལ་ཧ་ལ་དང། ཛ་ཧཱུ~ཾ་བཾ་ཧོ། ཨེ་ཨ་ར་ལི་ཧྲིང་ཛ། ཞེས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ཙམ་གྱི་སྒྲ་བསྒྲགས་ནས་དབང་དུ་བསྡུས་ནས། གནོད་སྦྱིན་ཕོ་མོ་དེ་དག་བྲེད། རབ་ཏུ་བྲེད། ཀུན་ཏུ་རབ་ཏུ་བྲེད། འདར། རབ་ཏུ་འདར། ཀུན་ཏུ་རབ་ཏུ་འདར། སྔངས། རབ་ཏུ་སྔངས། ཀུན་ཏུ་རབ་ཏུ་སྔངས་ནས། བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། བདག་ཅག་གནོད་སྦྱིན་གདུག་པ་རྣམས།། སྣང་སྲིད་སྲོག་ཆགས་མ་ལུས་ཀུན། ། གསད་གཅད་རྣམ་པར་འཚེ་བྱེད་དང།། འཇིག་རྟེན་ཁམས་རྣམས་མི་བདེ་བ།། བདག་ཅག་རྣམས་ཀྱི་རང་ལས་ལགས།། དཔའ་བོ་ཆེན་པོ་ཅི་ལ་སྐྱོན།། འདི་འདྲ་ཤིན་ཏུ་མི་ལེགས་ན། ། གཙོ་བོ་ཆེན་པོ་ཁྱོད་ཉིད་ནི།། ཐུགས་རྗེ་ཆེན་པོའི་མངའ་བདག་ན།། འདི་འདྲའི་ཆོ་འཕྲུལ་ཅི་ལ་སྟོན།། གདུག་པའི་གསུང་སྒྲ་ཅི་ལ་སྒྲོག། ཐུགས་ཀྱི་སྤྲུལ་པ་ཅི་ལ་འགྱེད།། དཔའ་བོ་ཆེན་པོས་བདག་ཅག་ལ། ། བཀའ་དབབ་མི་འཚལ་འབངས་སུ་མཆི།། འབངས་ལ་ལས་དང་ཟས་དང་སྐོམ།། ཅི་བགྱི་བཀའ་རྣམས་ཉན་པར་བགྱིའོ།། ཞེས་གསུངས་ནས། ཤར་ཕྱོགས་ནས་སྲིན་པོ་མ་རུ་ཙེའི་འཁོར་སྲིན་པོ་དང་བཅས་ནས། རང་རྟགས་སྲོག་གི་སྙིང་པོ་ཕུལ་བ་ནི།། ཨོཾ་རྣལ་མ་རྣལ་ཏེ་གསོད་ལ་རྔམ།། གཤོགས་ལ་མེར་དཀྲིས་ལ་ཆུམ།། ཐུ་བིས་ཐུ། ལྕགས་ཀྱི་སྐྲ། དགྲ་བོ་ནི་མཱ་ར་ཡ་ཧཱུ~ཾ་ཕཊ། ལྷོ་ཕྱོགས་ནས་གཤིན་རྗེ་མ་རུ་ཙེས་འཁོར་གཤིན་རྗེ་མ་རུ་ཙེ་དང་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། རང་རྟགས་སྲོག་གི་སྙིང་པོ་ཕུལ་བས། ཨོཾ་ཏྲི་ལིང་ཤང་ཀ་དུ། དྲི་ཟ་ཡཀྴ་རྦད་པུ་ཕྱེ་མ་ཁ་འདར། རུ་རུ་པྲ་པྲ་དུཾ་དུཾ་ཤིག་ཤིག། དགྲ་བོ་མཱ་ར་ཡཱ་ཞེས་ཕུལ་ལོ། ། ནུབ་ཕྱོགས་ན་བདུད་མ་རུ་ཙེ།། འཁོར་བདུད་དང་ཆས་ཏེ་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། རང་རྟགས་སྲོག་གི་སྙིང་པོ་འདི་ཕུལ་ལོ།། བདུད་བྲ་མ་ཡ། བདུད་མཱ་ར་ཡ། སྙིང་མགོ་ཆོད། དུ་རུ་དུ་རུ། ཧར་ཏི་ཧར་ཏི། དགྲ་བོའི་སྙིང་ལ་ཛ། ནག་པོ་ཏི་པ་ཙ་པྲ་ཡི། དགྲ་བོ་སྙིང་ལ་པ་ཙ་བཾ་རིལ་རྦད། ནཱ་ག་ཀྲོ་དྷི་ཤྭ་རི་སྙིང་ལ་པ་ཙ་ལ་ཏྲག་མ་ཏྲག་ཤིག། དགྲ་བོའི་སྙིང་ལ་ཁ་རཾ་ཁའི། ནག་པོ་ཤ་ཏི་པ་བཾ་རིལ་རྦད། ནག་པོ་ཧེར་ཧེམ་བཾ་རིལ་རྦད། ནཱ་ག་སྙིང་མགོ་ཆོད། ཁ་ལ་ཟོ་སྙིང་མགོ་ཆོད། ཙ་ལ་རོག་པ་དགྲ་བོའི་སྙིང་ལ་ཛ་ཛ། དགྲ་བོའི་སྙིང་ལ་ཧུར་བེ་ར་བཾ་རིལ་རྦད། ཧུ་ཡ་ཧུ་ཡ། དགྲ་སྙིང་ལ་དུ་ར་དུ་ར། གློ་ཙ་བཾ་རིལ་རྦད། ཡང་ན་སྙོས་ཤིང་ལྐུགས་སུ་ཆུག། ཡང་ན་མྱོས་ཤིང་འབོག་ཏུ་ཆུག། ཡང་ན་ཙ་ལ་བདུན་རྒྱུད་ཆོད། ཅེས་ཕུལ་ལོ།། བྱང་ནས་གནོད་སྦྱིན་མ་རུ་ཙེ།། འཁོར་གནོད་སྦྱིན་དང་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས།། རང་རྟགས་སྲོག་གི་སྙིང་པོ་ཕུལ་པ་ནི། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་བཻ་ཤྲ་མ་ནི་སྱེ་ཧ་མ་ཧ་རཱ་ཛ་སྱེ་ཧ། ན་མོ་རཏྣ་ཀུ་པ་ར་སྱེ་ཧ། གུ་ཡ་ཀ་ཏེ། པ་ཏེ་ཏུ་པ་ན། ཏ་ཀུ་པ་ར་མའི་རྟ་ཤ་མི། ཨ་ནུ་རུ་པ་སུ་རུ་པ་ན་ཏ། ཀུ་པ་ར་ཙནྟྲ་ཙ་ཁཾ། ཧེ་མོ་ཁ་ས་ཀ་ན་ཏ། ཀུ་པ་ར་ན་ཙནྟྲ་ཙ་ཁཾ། ཧེ་མོ་ཁ་ས་ཀ་ན་ཏ། ཀུ་པ་ར་ན་ཧྱེ་མ་ཀན་ཀུ་ཧ། ཀ་ཙ་ལ་ཀ་ཙ་ལ་པ་ཙ་པ་ཙ་སུ་ལུ་སུ་ལུ་སྭཱཧཱ། ཞེས་རང་རྟགས་སྲོག་གི་སྙིང་པོ་འདི་ཕུལ་ལོ།། དེ་ནས་འཁོར་གནོད་སྦྱིན་མོ་གདུག་པས་ཀྱང་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ་འདིའོ། ། ཏྲག་རཀྟ་ཁ་མུན་ཏྲ། མུ་རུ་ལུ་མུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། རག་མོ་ཏེ་ཀུམ་ཛ་ཛ་ཁ་ལ་མ་ཏི་བྷྱོ། རུ་ལུ་རུ་ལུ་མ་ཧི་བྷྱོ། ཞེས་ཕུལ་ལོ།། དེ་ནས་འཁོར་བལ་མོ་གདུག་པས་ཀྱང་རང་རྟགས་སྲོག་གི་སྙིང་པོ་ཕུལ་ལོ། ཨོཾ་ཁྱི་ཁྲིད་ར་ཁྲིད་རོལ་ཁྲག་ས་མཐུང། ཀང་ཀང་ཀེང་ཀེང་ཀྱིང་ཀྱིང། ཤ་ཟ་བའི་སྙིང་འབྱིན་པའི། ཁྲག་འཐུང་བའི། དབུགས་འཕྲོག་པའི། སྲོག་གཅོད་པའི། ཤ་ཟ་བའི་ཙིཏྟི་མེ་རོ་ཤ། ཏང་པར་ལ་ཏོང། ཤ་ལ་ཀྱིང་ཀྱིང་ཀྲ་ཧེ་པྲ་ཧེ་ཧཱུ~ཾ་ཕཊ་ཕཊ། དེ་བཞིན་དཀྱིལ་འཁོར་གྱི་ལྷ་སྲིན་གྱིས་རང་རྟགས་སྲོག་གི་སྙིང་པོ་འདི་ཕུལ་ལོ།། བསྟན་པ་བསྲུང་བར་ཞལ་གྱིས་བཞེས། ཟོར་བ་དམར་ནག་གྱི་རྒྱུད་ལས། བཅས་ཀ་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་གནོད་སྦྱིན་དེ་དག་གིས།། རང་རང་སྒྲུབ་པ་ཚུལ་བཞིན་ཕུལ།། མཚན་ལྡན་དུར་ཁྲོད་ལྟ་བུའམ།། དམར་ནག་རྒྱ་སྐྱེགས་ཁ་དོག་འདྲ། ། དེ་ལྟ་བུ་ཡི་གནས་དག་ཏུ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། འཁོར་ལོ་རྩིབས་བཞི་བྲི་བར་བྱ།། མཐའ་མ་རྡོ་རྗེ་ར་བས་བསྐོར།། གྲུ་ཆད་སྒོ་ཁྱུད་ལྡན་པར་བྲི།། དབུས་ཀྱི་མཐིང་ནག་གྲུ་གསུམ་ལ། ། ཡ་མན་ཏ་ཀ་ཡབ་ཡུམ་དགོད།། ཤར་གྱི་འཁོར་ལོ་ལ་སྲིན་པོ་མ་རུ་ཙེ་དགོད། ལྷོ་ཡི་འཁོར་ལོ་ལ་གཤིན་རྗེ་མ་རུ་ཙེ་དགོད། ནུབ་ཀྱི་འཁོར་ལོ་ལ་བདུད་མ་རུ་ཙེ་དགོད། བྱང་གི་འཁོར་ལོ་ལ་གནོད་སྦྱིན་མ་རུ་ཙེ་དགོང་སྒོ་བཞིར་བསེ་ཡི་སྐྱེས་བུ་བཞི་དགོད། གྲུ་ཆད་བཞི་ལ་བསེ་མོ་བཞི་དགོད། དེ་ལྟ་ལྷ་རྣམས་དགོད་པར་བྱ་བ་ཡང།། གྲོ་ག་ཞིང་རས་ལྟ་བུ་ལ།། རང་རང་སྙིང་པོ་བྲིས་ནས་ཀྱང།། རྩང་ལ་བཏགས་ཏེ་རེ་རེ་དགོད། ། མཚན་ངན་བནྡྷ་དུམ་མངས་སུ།། བདུད་རྩི་རཀྟའི་གཏོར་མ་དང།། དམ་རྫས་སྩལ་ལ་ཤར་དུ་དགོད།། དུག་ཤིང་སྣ་ཚོགས་ཧོམ་བྱས་ལ།། ལྷོ་ཕྱོགས་འཁོར་ལོ་དག་ལ་དགོད།། ཕུར་བུ་བཅུ་གཉིས་སྦམས་བྱས་ལ། ། ནུབ་ཕྱོགས་འཁོར་ལོ་དག་ལ་དགོད།། བྱང་དུ་དབྱེ་བ་ལས་ཀྱི་ཐུན།། མྱོས་པར་བྱ་ཕྱིར་དུག་སྣ་ཚོགས།། ཤར་ལྷོའི་འབྲུབ་ཁུང་གྲུ་གསུམ་དུ།། མཐའ་མ་གཙང་དམར་འབུམ་གྱིས་བསྐོར།། མགར་བ་ཨ་ལའི་གཟུགས་བྱས་ལ། ། འབྲུབ་ཁུང་ནང་དུ་སྤྱི་ཚུགས་བཞག། གྲོ་ག་ཤིང་ཤུན་དག་ལ་ཡང།། མི་ཁྲག་ར་ཁྲག་ཁྱི་ཁྲག་གིས།། ལོ་ཟླ་ཡན་ཆད་བྲི་བར་བྱ།། འབྲུག་ཁུང་བཅུག་ལ་གྲགས་སོ་བརྡེག། རྩང་རེ་མགུལ་དུ་རེ་རེ་བརྡེག། དང་པོ་མགར་བ་ཨ་ལག་གིས།། སྐྲ་དང་དྲི་དང་བདུད་རྩི་དང། གྲོག་མཁར་ས་དང་ཤིང་ལོ་ལ།། མི་ཁྱི་ར་ཡི་ཁྲག་གིས་སྦྲུ།། མིང་དང་རུས་བྲིས་ཁོང་པར་གཞུག། བུད་མེད་ཞབས་མར་གྲིལ་བྱས་ཏེ། ། དཀར་པོ་གཉའ་ནག་སྐྱེ་རུ་གདགས།། ལྷ་བསྙེན་བྱ་ཞིང་མགོ་མཇུག་ཏུ།། དམིགས་པ་ཉིད་ཀྱང་རང་ལ་བཅའ།། ནང་ནུབ་ཉིན་གུང་མཚན་གུང་དུ།། ཕོ་ཉ་མངག་ཅིང་དགུག་པར་བྱ།། ཞག་གྲངས་དུ་བྱེད་བསྙེན་པར་བྱ། ། སུམ་འབུམ་ཉིས་འབུམ་བསྙེན་པ་རྫོགས་པ་དང།། དཀར་པོ་གཉའ་ནག་དགྲ་བཟློག་བྱ།། དམིགས་པ་ར་ལ་བཅའ་སྟེ་བསྒྲལ།། གཡང་གཞི་བཤུས་ཏེ་སྙིང་ཕྱུང་ལ།། སྙིང་གི་ནང་དུ་ལིང་ག་གཞུག། གཡང་གཞིའི་ཁུང་གྲིལ་གཏུམས་པ་ལ།། གྲག་སོ་དག་ལ་སྔགས་ཤིང་བརྡེག། ཐོན་ནས་ཕུར་བུ་བཞེངས་གསོལ་ལ།། གཞུང་ནས་འབྱུང་བ་བཞིན་དུ་གདབ།། དེ་དག་ར་ཡི་ཁར་བཅུག་ནས།། བདག་ཉིད་གཤིན་རྗེར་བསྒོམས་པ་དེས། ། གྲག་སོ་མང་དུ་བཟླས་ཤིང་གདབ།། བཟླས་པའི་བསྙེན་པ་རྫོགས་པ་དང།། ཚོན་སྐུད་སྣ་ལྔའི་བྱད་ཐག་གིས།། ར་ཡི་ཁ་བཅིང་སྔགས་བཏབ་ལ།། ཟམ་རྔུར་སྟོང་ལམ་ཆེན་པོའམ། ། མཁར་པོ་ཆེ་ཡི་ཐེམ་རྩར་མནན།། མགར་བ་ཨ་ལག་ཕུང་བར་བྱེད།། ཟོར་བ་དམར་ནག་གིས་རྒྱུད་ལས། མཆེད་ལྔ་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་སྲིན་པོ་མ་རུ་ཙེ་རང་གིས་སྒྲུབ་པ་འདི་གསུངས་སོ། ། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། ཟླ་གམ་དམར་པོ་གསུམ་གྱིས་བསྐོར།། དེ་བཞིན་གྲུ་ཆད་བཞི་ཡིས་མཛེས།། དབུས་སུ་འཇམ་དཔལ་ཡབ་ཡུམ་དགོད།། མདུན་དུ་སྲིན་པོ་མ་རུ་ཙེ། ། གྲུ་ཆད་བཞི་ལ་ལང་ཀ་སྲིན་པོ་མཆེད་བཞི་དགོད།། གཡས་ཀྱི་ཟླ་གམ་སྟེང་དུ་ཡབ་ཡུམ་གཏོར་མ་དགོད།། གཡོན་གྱི་ཟླ་གམ་སྟེང་དུ་སྨན་དང་རཀྟ་བཞག། མདུན་གྱི་ཟླ་གམ་སྟེང་དུ་སྙིང་སྣའི་གཏོར་མ་བཞག། ཤར་ལྷོའི་གྲུ་ཆད་སྟེང་དུ་རུས་པའི་གཏོར་མ་བཞག། ལྷོ་ནུབ་གྲུ་ཆད་སྟེང་དུ་དུག་གི་ཧོམ་ནག་བཞག། ནུབ་བྱང་གྲུ་ཆད་སྟེང་དུ་དྲག་པོའི་ཕུར་ཐུན་བཞག། བྱང་ཤར་གྲུ་ཆད་སྟེང་དུ་དབྱེ་བའི་དུག་ཐུན་བཞག། མགར་བ་ཨ་ལའི་གཟུགས་བྱས་སྔོན་དམར་བྱད་དུ་གཞུག། བུད་མེད་ཞབ་མས་གྲིལ་བྱས་གཉའ་ནག་སྐྱེ་རུ་གདགས།། དམིགས་པ་ར་ལ་བཅས་ལ་མགར་བ་རལ་བསྟིམ།། དྲག་པོའི་སྔགས་འདིས་རྟག་ཏུ་སྒྲུབ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མམ་ཨེ་ཀ་ཛཱ་ཊི་ནི་ཛ། ཨོཾ་རྣལ་མ་རྣལ་ཏེ་གསོད་ལ་རྔམ། གཤོགས་ལ་མེར། དཔྲིས་ལ་ཆུམ། ཐུ་བསི་ཐུ་ལྕགས་ཀྱི་སྐྲ། དགྲ་བོ་ནི་མཱ་ར་ཡ་ཧཱུ~ཾ་ཕཊ། ཅེས་པ་རྟག་ཏུ་དྲང་བར་བྱ།། བདུན་འབུམ་གྲངས་ནི་ཚང་འགྱུར་ན། ། མོན་དང་བཙུན་ཆེན་ཨ་ཙ་ར།། འོད་དང་སྒྲ་དང་དུག་ཆོམ་དང།། གནས་ཁང་ཆེམ་སྒྲ་ཟེར་ཞིང་འོང།། ལང་ཀ་སྲིན་པོར་དམིགས་པ་གཅིག། ར་ཡི་ཙིཏྟ་འབྱིན་ཙམ་ན།། ཨོཾ་ནི་ཤ་གུ་རུ་ནི་ཤ་ཀུ་རུ། ཁ་སོབ་ཏི་ཡཾ་རུ་ཏི་ཡཾ། སེན་མྱེན་ཡཾ། སེན་ཡཾ་སྙིང་ཚལ་པ་རྦད། ནུབ་བྱང་ཕུར་བུ་སྙིང་ལ་གདབ།། ཕུར་པ་སྙིང་ལ་ཐེམས་ཙམ་ན།། རི་རབ་འོག་ཏུ་བརླག་པར་བསམ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛ་ལ་མ་ལ་ཀ་ར་ཡ། ཨོཾ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ། པུ་ཏ་པུ་ཏ། སརྦ་ནཱ་ག་ཏ་ནཱ་ག་ནི། ས་ར་ས་ར། བྱི་ས་ར་བྱི་ས་ར་སརྦ་དུཥྟན་ཧྲི་ཏ་ཡ། ཤོ་ད་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱཧཱ། ཨན་ད་ར་སན་ད་ཙན་ད་ར་ཀན་ད་ར་སྭཱཧཱ། ན་མ་ས་མན་ཏ་བི་ཤོ་ཏ་ཡ་བིང་ཧཱུ~ཾ་ཕཊ། ཕུར་ཐུན་རབ་ཏུ་ཁྲོས་ཏེ་གདབ།། དུག་བླུག་ནང་དུ་བཅུག་ནས་ཀྱང།། མྱོས་པ་དུག་ཐུན་སྔགས་གདབ་ཅིང།། ལྷ་ལྔ་དག་དང་སྦྲེལ་བར་བྱ།། ཨོཾ་ཡ་མ་རཱ་ཛ་ཀླུ་ལིངས་སཾ་ཀུ་ཏ་ནན། ཡོ་ལྕགས་སཾ་ཀུ་ཏ་ཀོ་ཧཱུ~ཾ་ཕཊ། ཅེས་ཁྲོས་ཏེ་ལྟ་ལྷ་དང་དབྲལ། ལྷོ་ནུབ་ཧོམ་ནག་དག་ཏུ་དྲག་པོའི་སྔགས་འདིས་བསྲེག། ཏྲ་ག་རཀྴ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། རབ་མོ་ཏེ་ཀུཾ་ཛ་ཛ་ཁ་ལ་མ་ཏི་བྷྱོ། རུ་ལུ་རུ་ལུ་མ་ཧི་བྷྱོ། རབ་ཏུ་ཁྲོས་ཏེ་སྲིན་མོ་གདུག་པའི་སྔགས་ཀྱིས་བསྲེག། འབྲུབ་ཁུང་ནང་དུ་རང་ཏུ་ཁྲོས་ཏེ་མནན། ལིང་གའི་མཚན་མ་ར་ཡི་ཐོད་པར་གཞུག། ཧྲིཥྟི་བཞིས་བསྐོར་སྔགས་བཟློས། ལྷ་ཁང་ཐེམ་རྩར་མནན། མགར་བ་ཨ་ལག་རབ་ཏུ་བརླག་པར་བཤད། ཟོར་བ་དམར་ནག་གི་རྒྱུད་ལས། སྲིན་པོ་མ་རུ་ཙེ་སྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་གསུམ་པའོ།།།། དེ་ནས་གཤིན་རྗེ་མ་རུ་ཙེ།། རང་གི་སྒྲུབ་ཐབས་འདི་གསུངས་སོ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། ། ཟླ་གམ་གསུམ་གྱིས་བསྐོར་བ་བྲི།། འཁོར་ལོ་བཞི་ལྡན་གྲུ་ཆད་བཞི།། སྒོ་རྣམས་སྒོ་ཁྱུད་ལྕགས་རི་མོ།། དབུས་སུ་འཇམ་དཔལ་ཡབ་ཡུམ་དགོད།། མདུན་དུ་གཤིན་རྗེ་མ་རུ་ཙེ། ། འཁོར་ལོ་བཞི་ལ་གཤིན་རྗེ་དགོད།། སྒོ་བཞིར་བསེ་མོ་བཞི་ཡང་དགོད།། གཡས་ཀྱི་ཟླ་གམ་སྟེང་དུ་ཡབ་ཡུམ་གཏོར་མ་དགོད།། གཡོན་གྱི་ཟླ་གམ་སྟེང་དུ་གཤེད་ཀྱི་གཏོར་མ་དགོད།། མདུན་གྱི་ཟླ་གམ་སྟེང་དུ་གཤིན་རྗེའི་བླ་རྡོ་བཟུང། ། གྲུ་ཆད་བཞི་ལ་གསད་པའི་ཐུན་བཞི་བྱ།། མགར་བ་ཨ་ལག་གཟུགས་བྱས་ལ།། གཤེད་བཞིས་གསད་པའི་ཕུར་གཏན་བྱ།། ཉི་མ་བཞི་པའི་སྔགས་ཀྱིས་གཟེར།། ཞེས་རྟག་ཏུ་རྒྱུད་སྔགས་འདི་དྲང་ངོ། ། ཨོཾ་མཉྫུ་ཤྲཱི་ཡ་མ་རཱ་ཛ་མ་མ་ཀ་ཨེ་ཀ་ཛཱ་ཊི་ནརི་ཛ་ཛ། ཨོཾ་ཏྲི་ལིང་ཤང་ཀ་དུ་ཏྲི་ཟ་ཡཀྴ་རྦད་པུ་ཕྱེ་མ་ཁ་འདར།། རུ་རུ་པྲ་པྲ་དུཾ་དུཾ་ཤིག་ཤིག་དགྲ་བོ་མ་ར་ཡ། བདུན་འབུམ་གྲངས་ནི་ཚང་འགྱུར་ན། ། མོན་དང་བཙད་པོ་ཨ་ཙ་ར།། འོད་དང་སྒྲ་དང་ཏུག་ཆོམ་དང།། དེ་དག་གཤིན་རྗེ་གྲུབ་པའི་རྟགས།། དེ་ལྟར་བྱུང་ན་གསད་ལས་བྱ།། ཉི་མ་དང་པོ་དག་ལ་ཡང།། ཡ་མ་རཱ་ཛའི་ལས་བྱ་སྟེ།། དུག་དང་སྒྲོ་ཡིས་ལྷ་ལྔ་དབྲལ། ། ཉི་མ་ནི་རྩེར་ཤར་བ་དང།། དཀྱིལ་འཁོར་ཤར་དུ་ར་གཞག་ལ།། དྲག་པོ་གསད་པའི་སྔགས་བཟླས་ཏེ།། བདག་ཉིད་གཤིན་རྗེའི་ཐུགས་ཀ་ནས།། སྔོ་ནག་གསལ་འཚེར་ཡ་གཅིག་བསམ།། ཡི་གེ་ཡ་ཡི་མཐའ་མ་རུ། ། དྲག་སྔགས་ཡི་གེ་འབྲུ་བདུན་པོ།། དྲག་པོ་མེ་འབར་འདྲ་བ་བསམ།། གསད་པ་ལས་ཀྱི་སྔགས་འདི་བཟླས།། ཨོཾ་ཧྲིཥྟི་བི་ཀྲི་ཏཱ་ན་ན། ཆེ་གེ་མོ་ཤ་ཏྲཱུཾ་ནཱ་ཤ་ཡ་ཧཱུ~ཾ་ཕཊ། ཡ་མ་རཱ་ཛ་ས་ཏྲ་མེ་ཡ། ཆེ་གེ་མོ་ཨ་མུ་ཀཾ་པྲ་མ་ཡ་ཧཱུ~ཾ་ཕཊ། དྲག་པོ་སྔགས་ཅིང་རང་ལ་བསྟིམ།། ཞེས་བརྗོད་པས་འོད་ཟེར་བདག་ལ་ཕོག་པས། རང་དབང་མེད་པར་བསྐུལ་ནས།། དེས་གཤིན་རྗེ་མ་རུ་ཙེ་བསྐུལ། དེས་གཤེད་པ་མ་རུ་ཙེ་བསྐུལ། དེས་ཕྱོགས་སྐྱོང་གི་གཤིན་རྗེ་བསྐུལ་དེ་མ་མོ་དང། མཁའ་འགྲོ་དང། གིང་ཕོ་མོ་ལ་སོགས་པ་རང་དབང་མེད་པར་བསྐུར་ནས། དེས་གཟས་པ་པོ་བཀུག་ནས་ར་ལ་བསྟིམ། ར་ཉིད་གཟས་བ་པོར་གྱུར། རང་ཉིད་ཀྱི་སྤྱི་བོར་དྲག་པོ་སྔགས་ནས་བརྒྱབ་པས། ཚངས་པའི་རྩ་གཅད་པས་མགོ་འཁོར་བར་བསམ་མོ།། ཡང་ཉི་མ་རྩེ་ལ་ཤར་ནས། ཡང་བདག་གི་ཐུགས་ཁའི་ཡ་ལས་དྲག་སྔགས་འབྲུ་བདུན་མེ་འབར་བ་དང་འདྲ་བར་བསམ་མོ། ། ཨོཾ་ཧྲིཥྟི་བི་ཀྲི་ཏཱ་ན་ན། ཆེ་གེ་ཞིག་ཤ་ཏྲཱུཾ་ནཱ་ཤ་ཡ་ཧཱུ~ཾ་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུ~ཾ་ཕཊ། ཅེས་ར་དཀྱིལ་འཁོར་གྱི་ལྷོར་བཞག་ལ། གཤེད་མྱོས་བྱེད་འབར་བའི་དྲག་སྔགས་དེས། ཉི་མ་གཉིས་པ་ལ་ལྟེ་བ་ཁུང་གི་ལིངྒ་འམ་མིང་བྱས་ལ་གྲགས་སོ་གསིབས་པས། འོད་ཟེར་བདག་ལ་ཕོག་པས་རང་དབང་མེད་པར་བསྐུལ་ནས། དེས་གཤིན་རྗེ་མ་རུ་ཙེ་བསྐུལ། དེས་མྱོས་བྱེད་འབར་བ་བསྐུལ། དེས་མ་མོ་མཁའ་འགྲོ་དང་གིང་བདུད་ཐམས་ཅད་རང་དབང་མེད་པར་བསྐུལ་ཏེ། དེས་གཟས་པ་པོ་བཀུག་ནས་ར་ལ་བསྟིམ་པས། ར་ཉིད་གཟས་པ་པོར་གྱུར་ཏེ། ར་ཉིད་ཀྱི་ལྟེ་བར་གྲགས་སོ་སྔགས་ནས་བརྒྱབ་པས། ལུས་རྒྱལ་ཞིང་འཁྲུགས་པར་བསམ་མོ།། དེ་ནས་ཉི་མ་གསུམ་པ་ལ། ར་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བཞག་ལ། ཐུགས་ཀའི་ཡ་ནག་པོའི་ཐ་མ་དྲག་སྔགས་འབྲུ་བདུན་གྱིས་བསྐོར་བར་བསམས་ལ། དྲག་སྔགས་འདི་དྲག་པོ་ལ་བསྔགས་ཤིང་མགྲིན་པའི་མིང་བྱང་ལ་བརྒྱབ་སྟེ། ཨོཾ་ཧྲིཥྟི་བི་ཀྲི་ཏཱ་ནན་ཤ་ཏྲཱུཾ་ནཱ་ཤ་ཡ་ཧཱུ~ཾ་ཕཊ་ཡ་ད་ཡོ་ནི་ར་ཡ་ཀྴེ་ཡ། ཆེ་གེ་མོ་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུ~ཾ་ཕཊ། གཤེད་ཨ་རྱ་མ་རུ་ཙེའི་ལས་ཏེ། འོད་ཟེར་བདག་ལ་ཕོག་པས་རང་དབང་མེད་པར་བསྐུལ་ནས། དེས་གཤེད་མ་རུ་ཙེ་བསྐུལ་ནས། དེས་ཨརྱ་མ་རུ་བསྐུལ། དེས་མ་མོ་མཁའ་འགྲོ་གིང་བདུད་ཕོ་མོ་བསྐུལ། དེས་གཟས་པ་པོ་བཀུག་ནས་ར་ལ་བསྟིམ་པས། ར་ཉིད་གཟས་པ་པོར་གྱུར་ཏེ། ར་ཉིད་ཀྱི་མགྲིན་པར་དྲག་པོ་དྲག་པོ་བརྒྱབ་པས། ཁྲག་ལྷུག་གིས་སོང་བར་བསམ་མོ།། དེ་ནས་ཉི་མ་བཞི་པ་ལ་གཤེད་རལ་པ་ཚར་དགུའི་ལས་བྱས་ཏེ། ར་ཉིད་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་བཞུག་ལ། ། ཉི་མ་རི་རྩེ་ལ་ཤར་ཙམ་ན་བརྩམས་ཏེ། ཐུགས་ཀའི་ཡ་ནག་པོའི་མཐའ་མ་དྲག་སྔགས་འབྲུ་བདུན་གྱིས་བསྐོར་བར་བསམ། དྲག་སྔགས་འདི་དྲག་པོ་བསྔགས་ཤིང་སྙིང་ཁའི་མིང་བྱང་ལ་བརྒྱབ་པས། ། ཨོཾ་ཧྲིཥྟི་བི་ཀྲི་ཏཱ་ན་ན། ཤ་ཏྲཱུཾ་ཤ་ཡ་ཧཱུ~ཾ་ཕཊ། ཡཀྵེ་ཡ་ཅ་ནི་ར་མ་ཡ། ཆེ་གེ་མོ་མུ་ཀཾ་མཱ་ར་ཡ་ཧཱུ~ཾ་ཕཊ། གཤེད་རལ་པ་ཚར་དགུའི་ལས་ཏེ། འོད་ཟེར་བདག་ལ་ཕོག་པས་རང་དབང་མེད་པར་བསྐུལ། དེས་གཤེད་རལ་པ་ཚར་དགུ་བསྐུལ། དེས་མ་མོ་མཁའ་འགྲོ་གིང་བདུན་ཕོ་མོ་བསྐུལ། དེས་གཟས་པ་པོ་བཀུག་སྟེ་ར་ལ་བསྟིམ་པས། ར་ཉིད་གཟས་པ་བོར་གྱུར་ཏེ། ར་ཉིད་ཀྱི་སྙིང་ཁ་གྲགས་སོ་ལ་བསྔགས་ནས་བརྒྱབ་པས་སྲོག་ཕྱིར་ཐུལ་གྱིས་བྱུང་བར་སྒོམ་མོ། ། དེ་ལྟར་གཤེད་བཞིའི་ལས་བྱས་ཏེ། ར་ཡི་སྙིང་ཕྱུང་པ་གས་པ་བཤུས་ལ། ལིང་ག་སྙིང་གི་ནང་དུ་གཞུག། དུར་ཁྲོད་ལྟ་བུར་རབ་ཏུ་གནན། ཟོར་བ་དམར་ནག་གི་རྒྱུད་ལས། གཤིན་རྗེ་མ་རུ་ཙེ་རང་གི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་བདུད་མ་རུ་ཙེས་རང་གི་སྒྲུབ་ཐབས་འདི་གསུངས་སོ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། གྲུ་ཆད་བཞི་དང་ལྡན་པར་བྱ། ། མེ་རི་ཐོད་འཕྲེང་དེ་བཞིན་བཏང།། འཇམ་དཔལ་ཡབ་ཡུམ་དབུས་སུ་དགོད།། ལྕགས་མས་ནག་པོའི་ཕུར་པ་ལ།། བདུད་པོར་དམིགས་ཏེ་མདུན་དུ་དགོད།། གྲུ་ཆད་བཞི་ལ་བདུད་བཞི་དགོད།། རབས་ཆད་ནག་པོའི་ཐོད་པ་རུ། ། སྣ་ཚོགས་སྙིང་སྦྱར་དབུས་སུ་དགོད།། ཐོད་པ་ནག་པོ་དུག་གིས་བཀང།། རེ་བ་ནག་པོས་ཐོད་པ་གྲིལ།། མིང་རུས་བྲིས་ཏེ་ཐོད་པར་གཞུག། བྱང་ཤར་འབྲུབ་ཁུང་ནང་དུ་གཞུག། མཐའ་མ་ཚེར་མ་སྣ་ཚོགས་བསྐོར། ། མངོན་དུ་དྲག་པོའི་སྔགས་འདིས་སྒྲུབ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཊི་ནི་ཛ་ཛ། ཨོཾ་བདུད་པྲ་མ་ཡ་བདུད་པྲ་མ་ཡ། སྙིང་མགོ་ཆོད་དུ་རུ་དུ་རུ། ཧར་ཏི་ཧར་ཏི། དགྲ་བོའི་སྙིང་ལ་ཛ། ནག་པོ་ཏི་པ་ཙ་པའི། དགྲ་བོའི་སྙིང་ལ་པ་ཙའི། དགྲ་བོའི་སྙིང་ལ་པ་ཙ་བམ་རིལ་རྦད། ནཱ་ག་ཀྲོ་དྷི་ཤྭ་རི་སྙིང་ལ་བ་ཙ་ལ། དགྲ་བོའི་སྙིང་ལ་ཁ་རམ་ཁའི། ནག་པོ་ཤ་པ་ཏི་བ་བམ་རིལ་རྦད། ནག་བོ་ཧ་ར་ཧ་ར་བཾ་རིལ་རྦད། ནཱ་ག་སྙིང་མགོ་ཆོད། ཁ་ལ་ཟོ་སྙིང་མགོ་ཆོད།། ཙ་ལ་རོག་པ་དགྲ་བོའི་སྙིང་ལ་ཛ་ཛ། དགྲ་བོའི་སྙིང་ལ་ཧུ་ར་བེ་ར་བཾ་རིལ་རྦད། ཧུ་ཡ་ཧུ་ཡ་དགྲ་བོའི་སྙིང་ལ་དུ་ར་དུ་ར། གློ་ཙ་བཾ་རིལ་རྦད། ཡང་ན་མྱོས་ཤིང་ལྐུགས་སུ་ཆུག། ཡང་ན་སྨྱོ་ཞིང་འབོག་ཏུ་ཆུག། ཡང་ན་རྩ་བ་བདུན་རྒྱུད་ཆོད།། བདུན་འབུམ་གྲངས་ནི་ཚངས་འགྱུར་ན།། གཡག་དང་བྱ་རོག་སྟག་གཟིག་དང།། བ་གླང་ཆུ་ཆེན་དྲུག་པ་དང།། རྟ་པ་ཞིབ་ཅན་མི་རེང་སྐྱ་བཤར་སྟོན། ། དེ་ལྟར་བྱུང་ན་ལས་འགྲུབ་སྟེ།། དཀར་པོ་གཉའ་ནག་དམིགས་པ་བཅའ།། མགར་པ་ཨ་ལའི་ལྷུ་བཅུ་གཉིས།། མགོ་དང་བཅུ་གསུམ་གཟུགས་བྲིས་ལ།། ར་ལ་བཏགས་ཏེ་གྲགས་སོ་པ། ། རྩ་བའི་སྔགས་ཏེ་འབུམ་དུ་བཟླས།། ཞེ་སྡང་དྲག་པོ་ར་བསྒྲལ་ལ།། ར་སྙིང་དུག་གི་ཐོད་པར་གཞུག། བདུད་མོ་གདུག་པའི་དྲག་སྔགས་འདི།། དུག་ཐུན་ནང་དུ་འབུམ་དུ་བཟླས།། ཏྲག་རཀྟ་ཁ་མུན་ཏྲ་མུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། རག་མོ་ཏེ་ཀུ་མ་ཛ་ཛ་ཁ་ལ་མ་ཏི་བྷྱོ། རུ་ལུ་རུ་ལུ་མ་ཧིང་བྷྱོ། མ་མ་མ་ལས་ལ་ཡཾ། གྲོ་ལོ་རྣོ་ཚེ་གྲམ་གཡས་ལ་ཡ། ཏི་སྣ་རྦད་སྣ་ཐུམ་རི་ལི་ལི། མ་ཏི་ཏི་ཏ་རྦད་ན་ཐུམ་རི་ལི་ལི། ཤ་ཏི་ཏ་རྦད་ན་ཐུམ་རི་ལི་ལི། ཁ་ཚུམས་ནི་ཡ་ཏི་ཏ་རྦད་ན་ཐུམ་རི་ལི་ལི། ཡ་ཀྴ་ནི་ཡ་ནི་རྦད་ན་ཐུམ་རི་ལི་ལི། དགྲ་བོ་ནི་ཡ་ཏི་རྦད་ན་ཐུམ་རི་ལི་ལི། ཞེས་ནི་དྲག་པོ་དུག་ལ་བསྟིམ།། དུག་ནི་ཐོད་པར་བཅས་པ་དེ།། ནུབ་ཕྱོགས་ཆུ་མིག་ལྐུག་པའམ། ། བྲག་དང་ཆུ་འཐབ་བར་དུ་མནན། མགར་བ་ཨ་ལ་ཕུང་བར་འགྱུར། ཟོར་བ་དམར་ནག་གི་རྒྱུད་ལས། བདུད་མ་རུ་ཙེ་རང་ཉིད་སྒྲུབ་པའི་ཐབས་ཏེ་ལེའུ་སྟེ་ལྔ་བའོ།།།། དེ་ནས་གནོད་སྦྱིན་མ་རུ་ཙེ་རང་གི་སྒྲུབ་ཐབས་འདི་གསུངས་སོ། ། དཀྱིལ་འཁོར་ལ་གང་གྲུ་བཞི་ལ།། དུག་དང་ཁྲག་གིས་ཆག་ཆག་གདབ།། མཐིང་ནག་གྲུ་གསུམ་ཟླ་གམ་གསུམ།། མུ་ཁྱུད་ཟླུམ་པོ་ཐོད་འཕྲེང་བཏང།། གྲུ་ཆད་བཞི་ཡིས་རྣམ་པར་མཛེས། ། དབུས་སུ་འཇམ་དཔལ་ཡབ་ཡུམ་དགོད།། མདུན་དུ་གནོད་སྦྱིན་མ་རུ་ཙེ།། གྲུ་ཆད་བཞི་ལ་གནོད་སྦྱིན་བཞི།། མཆོག་གི་ཕུར་པ་བཞི་ལ་དགོད།། བསེ་འམ་ཟངས་གཞོང་ནང་དག་ཏུ།། སྨན་དང་དམ་རྫས་རྒྱས་པར་དགྲམ། ། གཏོར་མ་ཆེན་པོ་དབུས་སུ་བཞག། སྤྱན་གཟིགས་གཏོར་མ་ཤར་དུ་བཞག། སྐྱ་རེངས་ཤར་ནས་སྨོད་བཙུགས་གཏད།། དཀར་པོ་གཉའ་ནག་སྐྱེ་རུ་ཡང།། གང་ལ་དམིགས་པའི་མིག་རུས་གདགས། ། ར་ལ་གཤིན་རྗེའི་ཁྲམ་ཡིག་བྲིས།། སྤུ་ལ་གཤིན་རྗེའི་སྨོད་བདུད་བྱ།། ཕུར་བཞི་དག་ལ་བརྒྱངས་ཏེ་བཞག། ཡང་ན་བླ་བཞི་བསྐམས་ནས་ཀྱང།། སྙིང་ཁེར་རྩང་གིས་བརྒྱབ་ལ་བཞག། མངོན་དུ་དྲག་པོའི་སྔགས་འདིས་གྲུབ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཊཱི་ནརི་ཛ་ཛ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བེ་བྲ་མ་ཎི་སྱེ་ཧ། མ་ཧཱ་རཱ་ཛ་སྱེ་ཧ། ན་མོ་རཏྣ་ཀྲ་ཀུ་སྱེ་ཧཱ། གུ་ཧྱ་ཡ་ག་ཏི་བ་ཏེ་དུ་བ་ཡ་ན་ཀུ་བ་རི་ཏའི་ཤ་མིའི། ཨ་ནུ་རུ་པ་སུ་རུ་པ་ན་ཏ། ཀུ་པ་ར་ཙནྟ་ཙ་ཁམ་ཧེ་མོ་ཁ་ཀ་ན་ཏ། ཀུ་པ་ར་ན་ཧེ་མ་ཀན་ཀུ་ཧ་ཀ་ཙ་ལ་ཀ་ཙ་ལ། པ་ཙ་པ་ཙ། པུ་ལུ་པུ་ལུ་སྭཱཧཱ། བདུན་འབུམ་དག་ཀྱང་རྫོགས་འགྱུར་ན།། གནོད་སྦྱིན་སྐུ་དག་སྟོན་པ་དང། ། ལྷ་ཁང་མཆོད་རྟེན་ལྟ་བུ་འམ།། འབག་དང་བཙུན་པ་ལྟ་བུ་འམ།། བོན་དང་བནྡྷེ་བཙན་པོར་སྟོན།། དེ་ལྟར་བྱུང་ན་ར་བསྒྲལ་ཏེ།། སྙིང་ཕྱུང་མགོ་གཅད་ཁ་རུ་བཞུག། ཡང་ན་ར་ཡི་ཁ་མིག་བཙེམས་ལ། ། གོམ་གསུམ་བྱང་ཐང་ར་མཐོང་གཏང།། ལས་རྣམས་ཐམས་ཅད་རྫོགས་པར་བཤད།། སྙིང་ལ་དྲག་པོའི་སྔགས་འདིས་བརྡེག། ཙི་བི་རི་ཙཀྲ་པ་ན་ས་མ་ཡ། ཨ་མྲྀ་ཏི་མཱ་ར་ཡ་ཨཾ་གུ་ཤ་ཛ། ནཱ་ག་མཱ་རཱ་ཡ་ཛ། ཚལ་པ་ཨ་ནརི་ཏྲི་མཱ་ར་ལ། ཨཾ་གུ་ཤ་ཛ། ཤུ་ཤུ་རག་ཤ་ཚལ་པ་ཨ་ནརི་ཏྲི་མཱི་ར་ཡ་ཡཾ་གུ་ཤ་ཛ་ཛ། ཨ་བེ་ཤ་ཡ་ཚལ་པ་ཨ་ནརི་ཏྲི་མཱ་ར་ཡ་ཨཾ་གུ་ཤ་ཛ། དེ་ནས་བདུད་པའི་ཕྱག་རྒྱ་སོར་མོ་རྣམས་ནང་དུ་བསྣོལ་ལ་བཀུག་ནས་བརྡུང། ། ཨོཾ་བཛྲ་ཀ་ར་མུ་ཀ་ར་མུ་སྟི་གྲིན་མུ་སྟི་གྲི་ན། ཀ་པའི་ཙ་ར་ཡ་ཧཱུ~ཾ་ཕཊ། རྡོ་རྗེ་ཐོ་བས་སོད་ལ་བསྲེག་ཅིང།། ཁུ་ཚུར་གྱིས་ཆོག་ཅིག། མཚོན་རྩེ་གསུམ་གྱིས་སོད་ལ་སྲེགས་གཏོགས་ཤིག། ར་ལ་བསྟིམས་ལ་དབྱེ་བའི་ཕྱག་རྒྱ་བྱས་ལ། ཨོཾ་བཛྲ་ར་པྲ་བེ་ཤ་ཕཊ། ཨོཾ་བཛྲ་ཨ་བེ་ཤ་ཡ་ཕཊ། ཨ་ཨ་ཨ་ཞེས་བརྗོད་པས། རང་ཉིད་དམིགས་པ་པོར་སྣང་བ་སྟེ། དེ་ནས་ར་ཡི་ལུས་པོ་ཁྲག་གིས་བྱུགས་ལ། ཚོན་སྐུད་སྣ་ལྔས་ཁབ་ཅིང། རྒྱུས་ཆེན་གྱིས་དམིགས་བཙེམ། གཏབ་ཡིག་བཏགས་ཏེ། དགྲ་ཡུལ་ལམ་ལ་མཐོན་པོར་བསྐྱལ་ལ་བཏང། མགར་བ་ཨ་ལག་ཕྱུང་བར་འགྱུར། ཟོར་བ་དམར་ནག་གི་རྒྱུད་ལས། གནོད་སྦྱིན་མ་རུ་ཙེ་རང་གི་སྒྲུབ་ཐབས་ཀྱི་ལེའུ་སྟེ་དྲུག་པའོ། །།། ཟོར་བ་དམར་ནག་གི་རྒྱུད་རྫོགས་སོ།།།།
CLOSE WINDOW