CLOSE WINDOW

Gpb043.018: གནོད་སྦྱིན་གར་མཁན་མཆོག་གི་རྒྱུད
Wylie

། །།རྒྱ་གར་སྐད་དུ། ཡཀྴ་མུ་ཏྲ་ཏན་ཏྲ། བོད་སྐད་དུ། གནོད་སྦྱིན་གར་མཁན་མཆོག་གི་རྒྱུད། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།། མ་རུ་རྩེ་ལ་ཕྱག་འཚལ་ལོ། ། མ་རུ་རྩེ་མཆེད་བཞི་ལ་ཕྱག་འཚལ་ལོ།། བསེ་ཡི་ལྷ་མོ་བཞི་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་ཚོགས་ལ་ཕྱག་འཚལ་ལོ།། མ་རུ་རྩེ་ཡི་སྤྲུལ་པ་ལས།། སྐུ་ཡི་སྤྲུལ་པ་གཤིན་རྗེ་མ་རུ་རྩེ། ། གསུང་གི་སྤྲུལ་པ་སྲིན་པོ་མ་རུ་རྩེ།། ཐུགས་ཀྱིས་སྤྲུལ་པ་བདུད་པོ་མ་རུ་རྩེ།། ལས་ཀྱི་སྤྲུལ་པ་གནོད་སྦྱིན་མ་རུ་རྩེ།། སྲིད་པ་གསུམ་གྱི་དམག་སྡུད་ཅིང།། གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་མཛད།། བཙུན་མོ་སྲས་དང་བཅས་རྣམས་ཀྱི། ། འགལ་བྱེད་ཆམ་ལ་དབབ་འདོད་ན།། མ་རུ་རྩེ་ལ་བརྩོན་པས་སྒྲུབ།། བཛྲ་མ་བཞི་དར་ཆེན་མོ་བཞི།། ཤ་ཟའི་ཚོགས་དང་ཁྲག་འཐུང་ཚོགས།། གིང་དང་ལས་བྱེད་མང་པོ་ཀུན།། རང་རང་འཕྲིན་ལས་མཛད་པར་བྱུང། ། ལེའུ་དང་པོའོ།།།། འཕྲིན་ལས་མྱུར་དུ་ཇི་ལྟར་སྒྲུབ།། དང་པོ་རི་ཁྲོད་ངོས་ལ་བརྩམ།། བྱིན་བརླབས་དབང་གཟུགས་དམ་བརྡར་ནས།། རྫས་དང་ཡས་ཐགས་འཚོགས་པ་དང། ། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་ལ།། ཤར་དུ་དམ་རྫས་སྣ་ཚོགས་པ།། ལྷོར་ནི་སྐྱེར་པའི་ཧོམ་ཤིང་བཅིང།། ནུབ་ཏུ་སྤྲུལ་པའི་ཕུར་བུ་གཞག། བྱང་དུ་དབྱེ་བའི་སྒྲོ་དྲུག་གཞག། དབུས་སུ་དུག་གི་བླུག་གུ་གཞག། ཤོད་སྡེ་ཡས་ཐགས་འཚོགས་པར་གཞག། ལེའུ་གཉིས་པའོ།།།། དང་པོ་ཆོས་ཉིད་ཏིང་ངེ་འཛིན།། གཉིས་པ་ཁྱབ་པའི་ཏིང་ངེ་འཛིན།། གསུམ་པ་མཚོན་པའི་ཏིང་ངེ་འཛིན།། ཧཱུ~ཾ་ལས་ཀྱང་ཕྱག་མཚན་ཉིད་ལས་སྐུ་བསྐྱེད་པ། ། ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མ་ཏ་ཀ་མ་རུ་རྩེ་པ་ཏ་ཡེ་ཧཱུ~ཾ། བདག་ཉིད་མ་རུ་རྩེ་སྐུ་གསལ་བ་ཉིད་གྲུབ་པ་དང། མ་ཡི་འཕྲོ་འདུ་བྱིན་རླབས་ལས།། བཛྲ་མ་བཞི་གསལ་བར་སྒོམ།། ཛ་ཡི་འཕྲོ་འདུའི་བྱིན་རླབས་ལས། ། མ་རུ་རྩེ་བཞི་གསལ་བར་སྒོམ།། གཞན་ཡང་ཕོ་ཉའི་ཚོགས་ཀུན་ནི།། རང་རང་ཆ་ལུགས་གསལ་བར་བྱ།། ལེའུ་གསུམ་པའོ།།།། སྲོག་གི་སྙིང་པོ་དག་དྲང་ངོ།། ན་མོ་རཏྣ་ཏྲ་ཡ་ཡཱ། ཙ་ལ་ཙ་ལ་པྲ་ཙ་ལ། ཤྲཱི་ག་གམ་ནི་སྭཱཧཱ། ཁྲོ་དྲང་ངོ།། ལེའུ་བཞི་པའོ།།།། རྒྱུན་གྱི་སྙིང་པོ་ཐིམ་པ་དང།། བསྟོད་དང་སྤྱན་དྲང་མཆོད་པ་དབུལ།། འཁོར་ལ་འཕྲིན་ལས་བཅོལ་ཞིང་དགུག་པར་སྒོམ།། ལེའུ་ལྔ་པའོ། །།། དེ་དུས་དྲག་སྔགས་ཁྲི་ཁྲི་གདོན།། དང་པོ་ཡབ་ཡུམ་བསྐུལ་ཞིང་བརྡེག། གཉིས་པ་སྒྲོལ་བདག་བསྐུལ་ཞིང་བརྡེག། གསུམ་པ་ཁྲོ་བོ་སྐུལ་ཞིང་བརྡེག། བཞི་པ་ལྷ་མོ་བསྐུལ་ཞིང་བརྡེག། ལྔ་པ་དྲག་སྔགས་རངས་པ་ཡང། ། སྟོང་སྟོང་སྟོན་ཅིང་བརྡེག་པར་བྱ།། གཏོར་མས་མཆོད་ཅིང་འཕྲིན་ལས་བཅོལ།། ལེའུ་དྲུག་པའོ།།།། ད་ནི་གསད་ཁྲམ་དུས་སུ་བྱ།། མཎྜལ་གྲུ་གསུམ་བྱས་པ་ལ།། མོན་ཐོད་དབུས་སུ་གཞག་པར་བྱ། ། སྟེང་དུ་ཕུར་པ་བཅུ་གཅིག་གཞག། སྔོན་དམར་གྱིས་ནི་བཅིང་བར་བྱ།། ཕུར་བུའི་ཕྱོགས་བཞིར་གཟུངས་ཐག་བཞི།། མཎྜལ་ལྷོ་ནུབ་མཚམས་སུ་ཡང།། འབྲུབ་ཁུང་ཟུར་གསུམ་གཅིག་བྲུས་ལ། ། གསད་ཁྲམ་དཀྱིལ་འཁོར་རྭ་ལ་བྱ།། ར་བསྒྲལ་སོགས་པ་གཡས་པ་ལ།། དགྲ་བོའི་གཟུགས་བྲིས་སྙིང་ཁར་ནརི།། གཞན་ཡང་བདུད་ཆས་རྣམ་ལྔ་ལ།། གཟུགས་བྱས་གནས་ཀྱི་སྙིང་པོས་བསྐོར།། དེ་ནི་པགས་པའི་སྟེང་དུ་བཞག། ནུབ་མོ་མཆོད་པ་རྒྱུན་མི་གཅད།། ཉིན་མོ་ཕུར་བུ་གཟུངས་ཐག་ནས།། ཕྱོགས་བཞིར་སྔགས་པ་བཞིན་འཐེན་ནས།། བཻ་ཤ་ར་མ་ནེའི་སྔགས།། སྟོང་སྟོང་བཟླས་ཏེ་གྲངས་ནི་ཚང་བ་དང།། དེ་ནས་མ་རུ་རྩེའི་སྙིང་པོ་ཁྲི་བཟླས། ། ཨོཾ་མ་རུ་རྩེ་པ་ཏ་ཡེ་སྭཱཧཱ། ར་ཡི་སྙིང་པོ་ནི་མར་ངོ་ལ་བཟླས་པར་བྱའོ།། དེ་ནས་བསྙེན་པ་རྫོགས་པ་དང།། མོན་ཐོད་དུ་ཕུར་བུས་ལན་གསུམ་དུ་གདབ་པར་བྱའོ།། དེ་ནས་རྣལ་མ་རྣལ་ཏེ་གསོད་ལ་རྔམ། ། བཤོས་ལ་མར། དཔྲིས་ལ་ཆུམ། ཐུ་བིས་ཐུ། ལྕགས་ཀྱི་སྒྲ། ཧཱུ~ཾ་ཕཊ། མཱ་ར་ཡ། ཞེས་པ་ནི་གྲངས་ཀྱི་ཕུར་པ་ལ་བཟློས་ཤིང་བརྡེག་གོ། དེ་ནས་ལྕགས་ཀྱི་ཐོབས་བརྡུང།། དེ་ནས་སྟ་རེས་གཏུག་དེ་ནས་ལས་ཀྱི་རིམ་པ་དང་སྦྱར་རོ། ། ལེའུ་བདུན་པའོ།།།། མ་རུ་རྩེའི་འཕྲིན་ལས་ལས། དཀྱིལ་འཁོར་གྲུ་གསུམ་སྟེང་དུ་ནི།། རྟེན་ནི་གཏོར་མ་ལྔ་པ་ལ།། ར་དམར་པོ་དང་ཀྱི་དམར་ཁྲའི་ཤ་དང་ཁྲག་ལ། ། གཏོར་མ་མ་རུ་རྩེའི་བྱ།། སྲིན་པོ་མ་རུ་རྩེ་ལ་དཀར་པོ་གཉའ་ནག་གི་སྙིང་ཁྲག་ལ་གཏོར་མ་བྱ།། གཤིན་རྗེ་མ་རུ་རྩེ་ལར་ཁམ་པའི་སྙིང་ཁྲག་ལ་གཏོར་མ་བྱ།། བདུད་མ་རུ་རྩེ་ལ་ལུག་ནག་པོའི་ཁྲག་ལ་བྱའོ། ། གནོད་སྦྱིན་མ་རུ་རྩེ་བྱ་སྲི་བོའི་ཤ་ཁྲག་ལ་གཏོར་མ་བྱ་ཞིང་དབེན་བཅའ་འོ།། ལེའུ་བརྒྱད་པའོ།།།། གཅིག་ནི་བདེ་གཤེགས་སྤྲུལ་པ་ལ།། གཉིས་ནི་གིང་རང་གཤིན་རྗེ་ཡིན།། གཉིས་ནི་བདུད་དང་གནོད་སྦྱིན་ཡིན། ། ལྔ་པོ་འདི་བསྒྲུབས་རྣལ་འབྱོར་གྱིས།། འགལ་བྱེད་ཆེན་ལ་དབབ་འདོད་ན།། མ་རུ་ཙེ་ཉིད་གསལ་བར་སྒོམ།། རྒྱུན་སྔགས་ལ། ཨོཾ་ཤྲཱི་མཉྫུ་ཡ་མན་ཏ་ཀ་ཀུ་མ་ར་ཙ་ཀླུ་ལིང་ཀུན་སང་ཀུ་ཏ་ཀི་ཧཱུ~ཾ་ཕཊ། ཅེས་པ་ནི་རྟག་ཏུ་དྲང་པའོ། ། ལེའུ་དགུ་པའོ།།།། དེ་ལ་བསྐུལ་བ་དང་གདབ་པའི་དུས་ཆོད་ནི། འཇམ་དཔལ་མ་རུ་རྩེ་ནི་སྤྱི་ཡི་ལྷ་སྟེ། ཁམས་གསུམ་དབང་དུ་སྡུད་པའི་འདི་དྲག་ཏུ་བསྐུལ་ལོ།། གནོད་སྦྱིན་མ་རུ་ཙེ་རྒྱུ་བའི་དུས་ཚོད་ནི་ནམ་ཕྱེད་ན་ཡིན་ནོ། ། དེ་ཡི་དུས་སུ་བསྐུལ་ཞིང་སྙིང་པོ་ནས་གནོད་པ་འདའོ།། ཨོཾ་ཧྲིཥྟི་བི་ཀྲི་ཏཱ་ཆེ་གེ་མོའི་ལིང་ཙ་ལ་མ་ར་ཡ་ཛ། ཞེས་བརྡེག་གོ། སྤྱིར་ཡང་དྲིལ་ཏེ་བརྡེགས་པའི་སྔགས་ལ། ཨོཾ་ཤྲཱི་མཉྫུ་ཡ་སྙིང་མགོ་ཆོད། སྲོག་ལ་ཧུར། ཙིཏྟ་ཀུ་ལུང། ཙ་ཀྲ་རཾ། སོ་ཏྲི་ཁ། གཤམ་ཏྲོ་ཛ། ཞེས་བརྡེག་པར་བྱའོ།། གསང་བའི་ལེའུ་སྟེ་བཅུ་པའོ།།།། མ་རུ་ཙེ་ལ་ཕྱག་འཚལ་ལོ།། བསེ་མའི་ཚོགས་ལ་ཕྱག་འཚལ་ལོ། ། དང་པོ་ཡུམ་མ་ཧཱ་དེ་བ་སྟེ།། དཔལ་ལྡན་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ།། དེ་ཡི་དམ་ལ་བཏགས་པ་སྟེ།། སྲིད་གསུམ་ཟིལ་གྱིས་གནོན་པའི་ལྷ།། དེ་ནས་རིགས་ཀྱི་མགོན་པོ་སྟེ།། ཕྱག་ན་རྡོ་རྗེ་མཐུ་ཡི་བདག། དེ་ནས་ཆོས་སྐྱོང་བདག་པོ་སྟེ།། དེ་ནས་འཇམ་དཔལ་ཨརྱ་མ་རུ་ཙེ།། དེ་ནས་སྙིང་རྗེའི་བདག་པོ་སྟེ།། སྲིད་པར་འགྲོ་བ་རྣམས་ཀྱི་གཉེན་གཅིག་པོ།། དེ་ནས་གཤིན་རྗེའི་གཙོ་བོ་སྟེ།། གཤིན་རྗེའི་རྒྱལ་པོ་མ་རུ་ཙེ། ། དེ་ནས་ཕྱོགས་བཅུའི་བདག་པོ་སྟེ།། སྒྲོལ་གིང་ཆེན་པོ་མ་རུ་ཙེ།། དེ་ནས་དམག་དཔོན་གཙོ་བོ་སྟེ།། གནོད་སྦྱིན་དམར་པོ་གཤིན་རྗེ་གཤེད་ཀྱི་ལྷ།། དེ་ནས་རིག་སྔགས་བདག་པོ་སྟེ།། གསང་སྔགས་སྙིང་པོ་འདོན་པའི་བདག། ཨོཾ་ན་མ་རཏྣ་ཏྲ་ཡ་ཡཱ། ན་མ་བཻ་ཤྲ་མ་ནི་སྱེ། ན་མོ་མ་ཧཱ་ར་ཛ་སྱེ། ན་མོ་རཏྣ་ཀུ་པ་ར་སྱེ། ན་ཏ་ཀུ་པ་ར་ན་གུ་ཧ་ང་ཀ་ཏི་པ་ཏི། ཏ་པ་ན་ཀུ་པ་རན་སྱེ། མར་དྷ་མི་ཤ་མོ། ཨོ་ནུ་རུ་པ་སུ་རུ་པ། ན་ཏ་ཀུ་པ་ར་ཙིནྟྲ། ཀ་ན་ཙ་ཁཾ། ཨེ་མ་ཧ་ས། ཀ་ནན་ཏ་ནང་ཏ། ན་ཏ་ཀུ་པ་ར་ན། ཧེ་མ་ཀན་གུ་ཧེ་ཀ། ཀ་ཙ་ལ་ཀ་ཙ་ལ། པ་ཙ་པ་ཙ། པུ་ལུ་པུ་ལུ་སྭཱཧཱ། ཉིན་ཞག་རེ་ལ་ལན་སྟོང་སྟོང་བཟློས་ཤིང། སྟོན་པས་ལས་ཅི་ཡང་འགྲུབ་པར་བྱེད་པ། གནོད་སྦྱིན་གྱི་སྡེ་དཔོན་གྱིས་གསང་སྔགས་དང་རིག་སྔགས་གཉིས་གཟེར་འདེབས་ཤིང། གཉིས་མེད་སྒྲུབ་པར་བྱེད་པ་གཟུངས་སྔགས་འདི་སྟོན་ཅིང་སྤྱད་པས། དངོས་གྲུབ་ཐོབ་པའི་ལེའུ་བཅུ་གཅིག་པའོ། །།། དང་པོ་ཉན་ཐོས་དགྲ་བཅོམ་མ།། བར་དུ་སྲིད་པ་སྲོག་གི་བདག། ཐ་མ་ཆོས་སྐྱོང་བསྲུངས་མ་མཛད།། དང་པོ་བཛྲ་ཟོམ་ཤ་མ།། རི་རབ་རི་ཡི་ཟོམ་རྩེ་ནས།། མ་མོ་ནག་མོའི་གཙོ་མོ་མཛད། ། འཛམ་གླིང་སེམས་ཅན་ཐུགས་རྗེས་སྒྲོལ།། རྡོ་རྗེ་ཡ་བྱིན་མི་འདའ་དམ་ལ་གནས།། གཅུང་མོ་བཛྲ་ག་ཡང་གཞིག། ཤུན་གོན་རག་ཤའི་སྐད་ཆིངས་ཅན།། མ་མོ་དམར་མོའི་གཙོ་མོ་མཛད། ཁམས་གསུམ་སེམས་ཅན་ཐུགས་རྗེས་བསྒྲོལ། ། རྡོ་རྗེ་བསེ་སྦྱིན་མི་འདའ་དམ་ལ་གནས།། དེ་གཅུང་བཛྲ་དན་ཤ་མ།། སེར་མོ་གདོང་བཞི་ཚད་མེད་སྒྲོལ།། མི་འདའ་གཏན་གྱི་གྲོགས་མཛད་མ།། སེར་ནག་གཙོ་མཛད་སྲིད་གསུམ་ཐུགས་རྗེས་སྒྲོལ། ། རྡོ་རྗེ་རྩེ་བྱིན་མི་འདའ་དམ་ལ་གནས།། དེ་གཅུང་བཛྲ་ཕོར་ཐོགས་མ།། དབུ་གསུམ་བཞད་པས་གཤེགས་དགྱེས།། ལག་ན་ཕོར་ཐོགས་ཅུང་ཟད་མང་པོ་ཆེ།། ལྗང་ནག་གཙོ་མཛད་ཞེ་སྡང་ཐུགས་ཀྱིས་སྒྲོལ། ། རྡོ་རྗེ་ཕག་བྱིན་མི་འདའ་དམ་ལ་གནས།། ཨ་བྷི་ཙ་རྒྱའི་དུས་ལ་བབ།། ཨ་བི་ཙ་ར་མཐུ་མོ་ཆེ།། རྡོ་རྗེ་གཞོན་ནུའི་རིགས་འཛིན་མ།། སྲིད་པའི་ཕུར་བུའི་ལས་མཛད་མོ།། ངན་སྔགས་ཡོངས་ཀྱི་ཆ་འཛིན་མ། ། རྣལ་འབྱོར་ཡོངས་ལ་མཚན་རྟགས་སྟོན།། གྲུབ་པར་བྱེད་པའི་ལས་མཁན་མོ།། སྐུ་ནི་མི་སྟོན་དབྱིངས་ནས་ཆོ་འཕྲུལ་འགྱེད།། ཨ་ཙི་ཏ་ཨ་པ་ར་ཙི་ཏ། ཛ་ཡེ་བི་ཛ་ཡེ་སྭཱཧཱ། ཉིན་ཞག་རེ་རེ་ལ་ཁྲི་ཁྲི་སྟོན་ན་སིདྡྷི་ཐོབ་བོ། ། ལེའུ་བཅུ་གཉིས་པའོ།།།། འཇམ་དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ།། མ་རུ་ཙེ་ལ་ཕྱག་འཚལ་ལོ།། དང་པོ་དཀྱིལ་འཁོར་བྲིས་པ་དང།། རྫས་རྒོད་སྒོམ་པ་རྫོགས་པ་དང། ། ལིང་ག་ར་ལ་བཅའ་བ་འབྱུང།། དང་པོ་དགུག་པའི་ལས་ནི་བྱ།། ངེས་པར་ཁུགས་ནས་དབྱེ་བའི་ལས།། དང་པོ་དུག་ཆུ་བན་དྷ་གབ།། གཉིས་པ་བྱ་རོག་འུག་པའི་སྒྲོ།། གསུམ་པ་དུད་པ་རྣམ་པ་ལྔ།། དང་དུ་བླངས་པས་དབྱེ་བའི་སྔགས། ། ཨོཾ་ལང་ཀུ་ས་མ་རུ། ཧུ་ལུ་ལིང་མྱོས་ན། རྒལ་རྒ་གཟེར་ག་རྣ་ཡ། ཞེས་བཟླས་སོ།། གཉིས་པ་བྱ་རོག་འུག་པའི་སྒྲོ།། མ་མ་ཏྲག་རག་མཱ་ར་ཡ་ཕྱེ།། མ་མ་ཏྲག་རག་ཤ་རུ་ཏྲ་མཱ་ར་ཡ་ཕྱེ། ཏྲག་མཁའ་ལྡིང་མཱ་ར་ཡ་ཛ། ཏྲག་མཁས་ལྡིང་མཱ་ར་ཡ་ཁུག། གསུམ་པ་དུག་ཆུས་བྲན་པ་ནི། ཡ་མ་རཱ་ཛ་ཀླུ་ལིང་བྷ་སང་སང་ན། ཀུན་བྷ་སང་སང་ཀླུ་ལིང་སང་ཀུ་ཏྲ་ནན། ཡོ་ལྕགས་སང་ཀུ་ཏ་ནི་ཧཱུ~ཾ་ཕཊ། ཅེས་པས་ས་ས་ནི་འཚོ་བར་བྱེད་པའི་ལྷ་དང། བསྲུང་བའི་ལྷ་དང། འགོ་བའི་ལྷ་དང། སྐྱོབ་པའི་ལྷ་དང། ཕན་པའི་ལྷ་དང། དེ་རྣམས་དང་ཕྱེ་ཞིག་པའོ།། ལེའུ་བཅུ་གསུམ་པའོ།།།། ངེས་པར་ལྷ་དང་ཕྱེད་པ་དང། དྲག་པོའི་ངན་སྔགས་འདི་ཡིས་བསྒྲལ། ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་ཨེ་ཀ་ཛཱ་ཌི། དགྲ་བོའི་སྲོག་རྩ་མཱ་ར་ཡ། ཨོཾ་རྣལ་མ་རྣལ་ཏེ་གསོད་ལ་རྔམ་རྔམ། བཤོལ་ལ་མེར་མེར། དཔྲིས་ལ་ཆུམ་ཆུམ། ཐུ་བིས་ཐུ། ལྕེགས་ཀྱི་སྐྲ། དགྲ་བོའི་སྲོག་རྩ་མཱ་ར་ཡ། ཨོཾ་ཏྲི་ལིང་ཤང་ཀ་རུ། བྲི་ཟ་ཡགྴ་རྦད་ཕྱེད་མཁའ་དར། རུ་རུ་པྲ་པྲ། དུམ་དུམ་ཤིག་ཤིག། དགྲ་བོའི་སྲོག་རྩ་མ་ར་ཡ། ཨོཾ་ཧྲིཥྟཱིཿ་བི་ཀྲི་ཏ་མོན་ཏ། དགྲ་བོ་མ་ར་ཡཾ། ཨོཾ་ཧྲིཥྟཱིཿ་བི་ཀྲི་ཏཱ་མོན་ཏ་དགྲ་བོ་མ་ར་དུ། ཨོཾ་ཏིཥྟཿ་བི་ཀྲི་ཏཱ་མོན་ཏ་དགྲ་བོ་མ་ར་ནན། ཨོཾ་ཧྲིཥྟིཿ་བི་ཀྲི་ཏཱ་བོན་ཏ་དགྲ་བོ་མཱ་ར་ཡ། བོ་བོ་དགྲ་བོ་མར་ཡ་མ་ར་ཡཾ། མ་ར་དུ། མ་ར་ནན། ཛོ་ཏ་བ་ཀྲི་ཏ་དགྲ་བོ་སོད་སོད། ཡཾ་དུ་སྙིང་ཁྲག་དགྲ་བོ་མཱ་ར་ཡ། ཨོཾ་ནརི་ཤ་ཀུ་རུ། ཀྲི་ཤི་ཀུ་རུ། ཁ་སོབ་ཏྲི་རུ་ཡཾ། སེན་སེན་ཡཾ། དགྲ་བོའི་སྲོག་རྩ་མ་ར་ཡཾ། ནརི་མཱ་ར་ཡ། མ་ར་དུ། ཡ་མ་སྙིང། ཡ་ཡ་མ་ཁྲག། དགྲ་བོ་བཾ་རིལ། ཚལ་པ་དམ་པ་དུམ་བུ་ཧཱུ~ཾ་ཕཊ། ཨོཾ་མ་མམ་ལ་ཡཾ།། དགྲ་བོ་རྣོ་ཚེ་འགྲན་གཡས་ན་ཡཾ། མ་ཏི་ཏི་ཏ་རྦད་ན་ཡ་ཐུམ་རི་ལི་ལི། ཡགྴ་ནརི་ཡ་ཏི་སྟ་རྦད་ན་ཡ་ཐུམ་རི་ལི་རི། ཁ་ཆུང་ནི་སྟི་སྟ་རྦད་ན་ཐུམ་རི་ལི་ལི། སྙིང་ཁ་རག་དགྲ་བོ་ནརི་ཏི་སྟ་རྦད་ན་ཡ་ཐུམ་རི་ལི་ལི། ཞེས་བརྡེག་པར་བྱའོ།། ར་བསྒྲལ་ལ་སྙིང་གི་ནང་དུ་མཚན་བྱང་བཅུག་ལ་པགས་པའི་ཐོག་ཏུ་བཞག་ལ།། སྙིང་པོས་བྲབ་བོ། ཕུར་བས་གདབ་བོ།། ཤ་རུས་བཟའ་བའི་སྙིང་པོ་བཟླས།། བདུད་ཀྱི་སྙིང་པོ་བཟླས། ། བདུད་ཀྱི་སྙིང་པོས་ཁུགས་པར་གདབ་བོ།། མ་མོའི་དྲག་སྔགས་ཀྱང་བརྡེག་གོ། ལེའུ་བཅུ་བཞི་པའོ།།།། གཞུག་ཏུ་སྙིང་དང་མཚན་བྱང་མགོ་ཡི་ནང་དུ་བཙལ་ལ། ཚེར་ཐུན་བདུན་ལ་ཤ་ཟ་མ་བདུན་གྱི་སྙིང་པོ་བཟླས་ལ། བུ་ག་བདུན་དུ་བཙེམས་ལ་པགས་པའི་ནང་དུ་བསྐུམས་ལ་སྐུད་པས་བསྡམས་ཏེ། གནོད་སྦྱིན་རྒྱུ་བའི་སྲང་དུ་མནན་པ་བྱས་ན། མཐའ་རྩ་རྒྱུད་འཆད་དོ།། ལེའུ་བཅོ་ལྔ་པའོ།།།། ཟོར་ཐུན་དྲག་པོའི་འཕྲིན་ལས་ཀྱང། ། དུག་བླུག་ནག་པོའི་རྨེ་ཁྲག་ལ།། ཐུན་གྱི་སྙིང་པོ་ཁྲི་ཙམ་བཟླས།། གྲུབ་རྟགས་བྱུང་ན་འཕང་བར་བྱ།། ལེའུ་བཅུ་དྲུག་པའོ།།།། དྲག་པོ་ལས་ཀྱི་དུས་སུ་ནི།། ཤར་ལྷོར་ཧོམ་ཁུང་གྲུ་གསུམ་བྱ། ། སྐྱེར་པའི་ཧོམ་ཤིང་བརྩིག་བར་བྱ།། སྲེག་རྫས་ཅི་ཡང་རུང་བ་སྟེ། ཡཾ་ཤིང་ནག་པོ་མ་སའི་དུད་པ་ཚེར་ཐེའུ། རྨད་དུ་བྱུང་བའི་མཆོད་པ་རྣམ་པ་ལྔ། དུག་གི་གཏོར་མ་འཕྲིན་ལས་བཞིའི་ཕུར་པ་བཞི། སྲོག་གི་སྦུད་པ་བཞི། དེ་ལྟར་འཚོགས་པ་དང། སྡོད་དཀྱིལ་འཁོར་གསལ་བར་སྒོམ་ཞིང། ཨག་ནི་རཱ་ཛ་གསལ་བར་བསྐྱེད་ལ། ཨག་ནེའི་སྙིང་པོ་ནི། ཨོཾ་ཨག་ན་ཡེ་ཀབ་བྱ་ཛ། ཨོཾ་བཾ་ཛ་ལ་ཧ་ས་ཧཱུ~ཾ་ཕཊ། ཅེས་བརྗོད་དོ། ། གཞུང་དང་མཐུན་པའི་ཚིག་གིས་སྤྱན་དྲངས་ལ་མཆོད་པ་དབུལ་ལོ།། དེ་ནས་དཀྱིལ་འཁོར་གྱི་ལྷ་ཀུན་ལ་བསྟོད་ར་བཏང་ལ། བདུད་པྲ་མ་ཡའི་སྙིང་པོས་སྦྱིན་སྲེག་ཏུ་བྱའོ།། ལེའུ་བཅུ་བདུན་པའོ།།།། སྐུ་གཅིག་པ་ཞེས་བྱ་སྟེ། ། མ་རུ་ཙེལ་བརྩོན་པར་སྒྲུབ།། གང་ཞིག་ཉེས་བྱེད་གསད་འདོད་ན།། བསྲུང་བའི་ཚུལ་ཁྲིམས་ཐུབ་པ་དེས།། གནོད་སྦྱིན་སྡེ་དཔོན་བརྩོན་པར་བསྒྲུབ།། དཀྱིལ་འཁོར་གྲུ་གསུམ་ཨེ་དཀྱིལ་དུ། ། ཆེ་གེ་མོ་ཡི་ལིང་ག་གཞག། དམ་རྫས་འཚོགས་ནས་འདི་ལྟར་བྱ།། ཞག་གསུམ་བར་དུ་འདི་ལྟར་བྱ།། ཐེ་ཚོམ་མེད་པས་འདི་ལྟར་བྱ།། དང་པོ་སྔགས་པ་གཅེར་བུར་དབྱུང།། སྐྲ་བཅིངས་ཁ་གདངས་སྙིང་པོ་གདོན། ། རྒྱ་གར་གདུག་བའི་ངན་སྔགས་འདི།། དང་པོ་ཉིད་དུ་སྐུ་བསྐྱེད་པ།། ཨོཾ་ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་བེ་ཤ་ར་མ་ཡ་ནརི་ཧཱུ~ཾ། སྤྱན་དྲང་བ། ཛ་ཧཱུ~ཾ་བཾ་ཧོ། ཨེ་མ་ཧ་ས་ནན། ཀ་ནན་ཏ་ཀ་པར་སྱེ། ཛ་ཧཱུ~ཾ་བཾ་ཧོ། ས་མ་ཡཱ། དགུག་པ་ནི། ད་ཀུ་ད་ཀུ། པ་ར་མ་ནརི་ཛ། མཆོད་པ་ནི། ཨ་ནུ་རུ་པ་ཁའི། སུ་རུ་པ་ནི་ཁའི། ཀུ་པ་ར་ཙནྡྷ་ཁའི། རུ་ཀུ་པ་ར་མ་ཏ་ཁའི། སྟོང་སྟོང་ཙམ་བརྗོད་དོ།། མ་རུ་ཙེ་ཡི་ཕྱག་རྒྱ་ལས།། ལུས་ནི་སྒྲེན་མོ་དབྱུང་བར་བྱ། ། ཁྲག་གིས་བྱུག་ཅིང་ང་རོ་དབྱུང།། རྐང་པ་བརྐྱང་བསྐུམ་ཚུལ་དུ་བྱ།། ལག་པ་གནོད་སྦྱིན་གར་ལག་བྱ།། དེ་དུས་སྙིང་པོ་སྟོང་སྟོང་གནོན།། ཨོཾ་ཤྲཱི་མཉྫུ། ཨུ་ཙུས་མ། མ་མ་རྣལ་ཏེ་བྷྱོ། གཤིན་རྗེ་ནག་པོ་སྙིང་ཁྲག་ལ་ཚལ་པ་བྷྱོ། ཀུམ་ཀུཾ་ཏ་ཀི་ནརི་ཏ་ཀི་ནརི། ཧཾ་ཧཾ་མར་ཡ་ནརི་ཛ། རྟག་པར་བཟླས་སོ།། དེ་ནས་དགྲ་བོ་བསད་ན་སྙིང་པོ་འདི་བཟླས་སོ།། ཨོཾ་ཛ་ཨོཾ་ནརི་ཤ་ཀུ་རུ། དགྲ་བོ་ནརི་ཤ་ཀུ་རུ། ནརི་ཤ་ཀུ་ཁ་སོ་ཡ་མེ། སེན་སེན་ཡཾ་རུ་ཡཾ། ཡ་མ་སྙིང་ཡ་མ་ཁྲག། ཡ་མ་བཾ་རི་ལི་ལི་ཕཊ་རྦད། དགྲ་བོའི་སྙིང་ལ་མར་ཡ་དུ་གུག་ཙར་ལིང། དགྲ་བོ་གུག་ཙར་ཙར་ལིང། ཞེས་བཟླས་སོ།། གསད་པའི་སྙིང་པོ་ནི། དུན་དུན་མུག་པ་ཤང། ཧ་ལ་ཧ་ལ། ཙ་ལ་ཙ་ལ། པ་ཙ་པ་ཙ། ཧིམ་ཧིམ་རྦད་ན་རྦད་ན། རྦད་པུ་ལིང། རྦད་པུ་ལིང། མ་ཤ་ཡ། མཱ་ར་ཡ་མཱ་ར་ཡ། ཁྲི་ཁྲི་སྟོན་ཅིང་ལིང་ག་ལ་ན་ར་བྱའོ།། ཨོཾ་ཛོ་ཏ་བྲ་ཀྲི་ཏ་སོད་སོད། ཧཱུ~ཾ་ཧཱུ~ཾ། རུ་ཏ་རུ་ཏ། བོ་བོ་ཡང་ཡང། དགྲ་བོ་ནི་སོད་སོད། དེ་ནས་གཞུང་དང་མཐུན་པའི་བསྟོད་པ་བྱ། གདུང་ཞིང་བོད། འཕྲིན་ལས་ཟབ་ཏུ་གཉེར་གཏད། གཞུག་ཏུ་ལིང་ག་གཅིག་དང་གཏོར་མ་གཅིག་གཏང་རག་དུ་བཏང། ལིང་ག་གཅིག་སྦྱིན་སྲེག་བྱས་ལ་ཐལ་བ་སྨན་ཕུད་དུ་བླུག་ལ། ཕྱེད་བདེ་གཤེགས་མཆོད། ཕྱེད་ཉིད་རང་བཏུང་ངོ།། གནས་སྤར་བའི་དགོངས་པ་ཡང་བྱའོ།། ལེའུ་བཅོ་བརྒྱད་པའོ།།།། གནོད་སྦྱིན་ཟླ་གསང་དམར་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ། །།། རྒྱུད་འདི་ནི་དམར་པོ་སྲོག་གི་རྒྱུད་ཅེས་ཀྱང་བྱ། གནོད་སྦྱིན་གར་མཁན་གྱི་རྒྱུད་ཅེས་ཀྱང་བྱ། མ་རུ་ཙེ་གསུང་གི་རྒྱུད་ཅེས་ཀྱང་བྱ། གནོད་སྦྱིན་ཟླ་གསང་དམར་པོའི་དགྲ་བོའི་རྒྱུད་ཅེས་ཀྱང་བྱ། དོན་དམ་པར་དཔའ་བར་འགྲོ་བ་གར་མཁན་མཆོག་གི་རྒྱུད་ཕྲན་ལེའུ་མདོར་བསྡུས་པའོ།།།། བོད་སྐད་དུ། འཇམ་དཔལ་དམར་པོ་ཟོར་བ་དམར་ནག་གི་རྒྱུད་ཅེས་བྱ་བ།

CLOSE WINDOW