CLOSE WINDOW

Gpb043.017: གཤིན་རྗེ་དམར་པོ་ཤན་པ་ལས་ཀྱི་རྒྱུད་ཅེས་བྱ་བ། སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས
Wylie

།།། རྒྱ་གར་སྐད་དུ། ཡ་མ་ར་ག་ཀར་མ་རུ་ཙ་ཏནྟྲ་ནཱ་མ། བཔད་སྐད་དུ། གཤིན་རྗེ་དམར་པོ་ཤན་པ་ལས་ཀྱི་རྒྱུད་ཅེས་བྱ་བ།། སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གནོད་སྦྱིན་དམར་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཚེ་སྲོག་བདག་པོ་དམར་པོ་མི་ཟན་སྐུ།། གནམ་ལྕགས་ཅན་གྱི་རི་བོ་མ་ཡའི་རྩེར། ། གནོད་སྦྱིན་སྲིན་པོ་བདུད་དང་གིང།། མ་མོ་བསེ་མོ་བྱེ་བ་འབུམ་ཕྲག་བསྐོར།། དྲེགས་པའི་རུ་མཚོན་ཕྱར་ཏེ་དམག་དཔུང་བསྡུས།། སྲིད་པ་གསུམ་གྱི་སེམས་ཅན་བླ་ཚེ་སྲོག།། ཉམས་པར་བྱེད་ཅིང་སྲོག་དབུགས་ཟས་སུ་ཟ། ། མི་སྦྱནན་རྔམ་སྐད་ང་རོ་འབྲུག་ལྟར་གྲོག།། རྡ་སྐད་མི་མཐུན་ད་ར་མོན་པའི་སྐད།། གད་མོ་རྒོད་ཅིང་སྐྱེ་འགྲོ་ཀུན་ཁམས་འཁྲུག།། རུ་མཚོན་དམར་པོ་བསེ་ཡི་རྒྱལ་མཚན་གྱིས།། གང་དུ་བསྡད་མ་ཨིསསིང་མ་ཨིསསིང་མ་ཨིསསིང་མ་ཨིསསིང་འགྱུར། ། སྤུ་གྲི་རེག་ཆོད་གསང་བ་རུ་མཚོན་དམར་པོའི་རྒྱུད་ལས། དུས་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་དགུ་པའོ།། །། གཤིན་རྗེ་དམར་པོའི་ཤན་པ་ལས་ཀྱི་རྒྱུད། སྤུ་གྲི་རེག་ཆོད་གསང་བ་རུ་མཚོན་དམར་པོའི་དྲག་སྔགས། ། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས།། བལ་ཡུལ་ཚ་བ་ཚ་ཤོད་ཀྱི།། མཆོད་རྟེན་དམར་པོར་སྦས་བྱུང་བ།། གཉིས་ལས་མངས་ན་ལྟ་འདྲེ་སྤངས།། བློ་ལ་ཟུང་ལ་ཟུར་ལ་དཔེ་ཡར་ཕྱིས།། དམ་མེད་སེར་སྣས་བཅིངས་བ་དང། སྐྱོན་ཅན་འོག་བྲུས་བྱེད་པ་ལ།། བསྟན་ན་ཆོས་འདི་ཐམས་ཅད་གཅོད།། སྤུ་གྲི་རིག་ཆོད་གསང་བའི་རྒྱུད་རྫོགས་སོོ།། །། རུ་མཚོན་དམར་པོའི་རྒྱུད་འདི་རྒྱ་གར་དྷ་ན་དྷ་ལས། ཡོན་ཏན་རྒྱ་མཚོ་ལ་བཅས་སུ་གཞག་གོ། ། །།རྒྱ་གར་སྐད་དུ། ཡཀྴ་མུ་ཏྲ་ཏན་ཏྲ། བོད་སྐད་དུ། གནོད་སྦྱིན་གར་མཁན་མཆོག་གི་རྒྱུད། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།། མ་རུ་རྩེ་ལ་ཕྱག་འཚལ་ལོ།

CLOSE WINDOW